Chos dbyings mdzod (Longchenpa): Chapter 9 root verses

From Rangjung Yeshe Wiki Texts
Chos dbyings mdzod (Longchenpa)Chos dbyings mdzod (Longchenpa): Chapter 9 root verses
< Chos dbyings mdzod (Longchenpa)
Revision as of 10:49, 24 November 2026 by Eric (talk | contribs) (Chos dbyings mdzod study edition (root verses and Lung gi gter mdzod): ten editions, critical edition, translation, bilingual text, outline and quotations)
(diff) ← Older revision | Latest revision (diff) | Newer revision → (diff)

Chos dbyings mdzod (Longchenpa)/Chapter 9 root verses
Jump to navigation Jump to search
← Chapter 8 commentary (4)Chos dbyings mdzod: contentsChapter 9 commentary (1) →

Chapter 9, root verses · ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་དུ་ལ་བཟླ་བར་བསྟན་པའི
Pages 41–48 of the corrected base text (W22920 vol. 3).

[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD84), gorn05 tibocr 2026: BDRC OCR on 338 pages, Mitra OCR on 144 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 181] རང་བཞིན་ཡངས་པ་ཆེན་པོའི་ཀློང་གཅིག་ལ། །མཁའ་མཉམ་བྱང་ཆུབ་སེམས་ཀྱི་གནམ་གཟེར་ནི། །གནད་དུ་དྲིལ་ཏེ་བཅུད་དུ་ཕྱུང་བ་ནི། །ཆེ་བའི་ཆེ་བ་ཀུན་བཟངས་ཡངས་པའི་ཐུགས། །རང་གི་ངོ་བོས་སྤྱི་རྒྱ་རླབས་ཀྱིས་བཅད། །ཀློང་ཆེན་གཅིག་ལ་རྟོགས་དང་མ་རྟོགས་དང་། །གྲོལ་དང་མ་གྲོལ་གཉིས་མེད་མཉམ་པ་ཆེ། །སྒོ་ངའི་ནང་ནས་འདབ་གཤོག་རྒྱས་པའི་བྱ། །རྒྱ་དང་བྲལ་བས་ནམ་མཁའི་ཀློང་ན་གནས། །ཀླུ་རྣམས་ཟིལ་གནོན་གཡང་ས་ཤུགས་ཀྱིས་ཆོད། །ཐེག་པའི་ཡང་རྩེ་རྡོ་རྗེ་སྙིང་པོ་ཡང་། །ཇི་བཞིན་རྟོགས་པའི་རྣལ་འབྱོར་སྐལ་བ་ཅན། །ཐེག་དམན་ཟིལ་གནོན་འཁོར་བའི་གཡང་ས་ཆོད། །ཀུན་གྲོལ་མཉམ་པ་ཆེན་པོར་གནས་པ་དེ། །རྒྱུ་འབྲས་རྩོལ་སྒྲུབ་ཅན་ལ་མི་རིགས་ཀྱང་། །ཐེག་མཆོག་མི་གཡོ་མཉམ་པའི་དོན་ལ་འཐད། །ཐམས་ཅད་བདེ་ཆེན་མཁའ་མཉམ་ཆོས་སྐུའི་ཀློང་། །ཆོས་སྐུའི་ཀློང་དུ་མ་གྲོལ་འགའ་ཡང་མེད། །ཆོས་ཉིད་རང་བཞེངས་རྡོ་རྗེ་སྙིང་པོའི་སྐུ། །བག་ཆགས་ལུས་ལ་སྙིང་

[p. 182] བོའི་རྩལ་རྫོགས་ཏེ། །སྐྱེ་ཤི་བར་དོ་སྲིད་པའི་ལུས་བོར་ནས། །རིག་པ་གཅིག་པུ་ཀུན་ཏུ་དབྱེར་མེད་ཅིང་། །ལྷུན་གྲུབ་ས་ལ་རྒྱལ་པོའི་སྲིད་ཟིན་ནས། །རྒྱ་ཆད་མེད་པར་སྤྲུལ་པ་འབྱུང་བ་དང་། །ཐོགས་པ་མེད་པར་ཀུན་ལ་འཇུག་པ་ནི། །བྱར་མེད་རླུང་ཞོན་རྣལ་འབྱོར་སྤྱོད་ཡུལ་ཏེ། །དམན་པའི་ཐེག་པ་ཀུན་ལ་མི་རིགས་ཀྱང་། །ཨ་ཏིས་རིགས་པར་སྟོན་པ་འབྲས་བུའི་གནད། །སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་འབྱུང་བ་ལ། །རྒྱུ་འབྲས་མཚན་མར་འཛིན་པ་འཁྲུལ་པའི་བློ། །ཨ་ཏིས་རྒྱུ་རྐྱེན་མེད་པར་བསྟན་པ་ནི། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །སངས་རྒྱས་སེམས་ཅན་དགོངས་སྤྱོད་དབྱེར་མེད་ལ། །འཁོར་འདས་གཉིས་སུ་འཛིན་པ་འཁྲུལ་པའི་ཀློང་། །ཨ་ཏིས་གཉིས་སུ་མེད་པར་བསྟན་པ་དེས། །འོག་མ་རྣམས་ལ་མི་རི་གས་རིགས་པའི་གནད། །རྟོགས་དང་མ་རྟོགས་མེད་པར་གྲོལ་བ་ལ། །རྟོགས་ནས་གྲོལ་བར་འདོད་པ་ཉམས་པའི་དགྲ། །ཨ་ཏིས་མཉམ་ཉིད་གཅིག་ཏུ་བསྟན་པ་དེ། །འོག་མ་རྣམས་ལ་མི་རིས་རིགས་པའི་གནད། །མཚོན་བྱེད་ཐབས་ཀྱི་ཁྱད་པར་མ་བསྟེན་པར། །བརྗོད་མེད་རྟོགས་པར་མི་འདོད་བླུན་པོའི་བློ། །ཨ་ཏིས་དོན་དམ་དབྱེར་མེད་བསྟན་པ་དེ། །འོག་མ་རྣ་མས་ལ་མི་རིགས་རིགས་པའིགནད། །རྫོགས་ཆེན་ཡེ་བདལ་གཏིང་མཐའ་མེད་པ་ལ། །ཐུག་པ་མེད་ཅེས་ཟེར་བ་བླུན་པོའི་བློ། །ཨ་ཏི་ས་མུ་མེད་ཆིག་ཆོད་བསྟན་པ་དེ། །འོག་མའི་བློ་ཡུལ་མི་རིགས་རིགས་

[p. 183] ༄༅། །བའི་གནད། །ཐིག་ལེ་གཅིག་ལ་རྒྱུ་མཚན་གོ་བཟློག་པས། །འབྲས་བུ་རེ་དོགས་ཆོད་དེ་མཁའ་དང་མཉམ། །ཡངས་སོ་ཚེའི་མཁའ་མཉམ་རྒྱལ་བའི་ཐུགས། །སྤངས་ཐོབ་མེད་དེ་ཐིག་ལེ་གཅིག་གི་ཀློང་། ། ཡེ་ནས་གྲོལ་ལ་རྟོགས་དང་མ་རྟོགས་མེད། །རྣལ་འབྱོར་མཁའ་མཉམ་བྱ་བྲལ་ལམ་དུ་བདེ། །ཡེ་སངས་རྒྱས་པའི་རིག་པ་ཡུལ་མེད་འདི། །འཁོར་བར་མི་འཁྱམ་འཁྲུལ་གཞི་ཀུན་ལས་འདས། །སུ་ཡང་མ་འཁྲུལ་ འཁྲུལ་པའི་གནས་མེད་དེ། །ཐམས་ཅད་ཆོས་དབྱིངས་ཀློང་གསལ་གཅིག་གི་དང་། །སྔ་ཕྱི་རིག་མེད་མཁའ་མཉམ་ཡངས་པ་ཉིད། །ཡེ་བབས་ལྷུན་གྲུབ་འཁོར་བ་གདོད་ནས་དག །གྲོལ་བར་མི་འཇུག་མྱ་ངན་འདས་མི་ལེན། ། མི་འགྱུར་ཀློང་ཆེན་འཁོར་འདས་ཡོད་མ་མྱོང་། །འདི་ལ་སྤངས་ཐོབ་རེ་དོགས་མི་དམིགས་ཤིང་། །གདོད་ནས་བྱང་ཆུབ་གཞི་ཀློང་ཡངས་པ་ཆེ། །ཐམས་ཅད་མིང་ཙམ་དོན་ལ་མཚོན་བརྗོད་འདས། །གྲོལ་དང་འཁྲུལ་མེད་ འཁོར་འདས་ལ་ཟླས་པས། །སུ་ཡང་མ་རྩོལ་ཁ་ཅེས་བསྒྱུར་མ་བྱེད་ཅིག །ཡངས་དག་མཐོ་དམན་མེད་པའི་རིག་པ་ལ། །རྒྱ་ཆད་ཕྱོགས་ལྷུང་མེད་ཀྱི་དམིགས་གཏད་ཤོར། །བྱ་བྱེད་འགྲོ་འོང་མེད་པའི་རིག་པ་ལ། །དུས་ དང་གཉེན་པོ་མིང་ཀྱི་འཛིན་རྩོལ་ཞོག །ཆེད་དུ་དམིགས་པ་ཡོད་ན་འཆིང་པའི་རྒྱུ། །གང་ལའང་གཏད་འཛིན་མང་ཆད་ཕྱམ་ལ་ཐོང་། །ཆོས་ཀུན་ཡེ་ནས་གྲོལ་རུང་མ་གྲོལ་རུང་། །གནས་ལུགས་རང་བཞིན་དག་རུང་མ་དག་

[p. 184] རུང་། །སེམས་ཉིད་སྤྲོས་དང་བྲལ་རུང་མ་བྲལ་རུང་། །གཉུག་མའི་གཤིས་ལ་གྲུབ་རུང་མ་གྲུབ་རུང་། །འཁོར་འདས་རང་བཞིན་གཉིས་རུང་མི་གཉིས་རུང་། །བསམ་བརྗོད་ཀུན་ལས་འདས་རུང་མ་འདས་རུང་། །དགག་སྒྲུབ་འཁྲུལ་པ་ཞིག་རུང་མ་ཞིག་རུང་། །རྟོགས་པའི་ལྟ་བ་རྟོགས་རུང་མ་རྟོགས་རུང་། །ཆོས་ཉིད་དོན་ལ་བསྒོམས་རུང་མ་བསྒོམས་རུང་། །བླང་དོར་མེད་པས་དཔྱད་རུང་མ་དཔྱད་རུང་། །གནས་ལུགས་འབྲས་བུ་གྲུབ་རུང་མ་གྲུབ་རུང་། ས་དང་ལམ་རྣམས་བགྲོད་རུང་མ་བགྲོད་རུང་། །སྒྲིབ་པ་ཀུན་དང་བྲལ་རུང་མ་བྲལ་རུང། །བསྐྱེད་རྫོགས་ཆོས་ཉིད་རྫོགས་རུང་མ་རྫོགས་རུང་། །ཐར་པའི་འབྲས་བུ་ཐོབ་རུང་མ་ཐོབ་རུང་། །འགྲོ་དྲུག་འཁོར་བར་འཁྱམས་རུང་མ་འཁྱམས་རུང་། །རང་བཞིན་ལྷུན་གྱིས་གྲུབ་རུང་མ་གྲུབ་རུང་། རྟག་ཆད་གཉིས་འཛིན་བཅིངས་རུང་མ་བཅིངས་རུང་། །ཆོས་ཉིད་དགོངས་པར་སླེབ་རུང་མ་སླེབ་རུང་། །གོང་མའི་རྗེས་སུ་སྙོགས་རུང་མ་སྙོགས་རུང་། །གནམ་ས་འདྲེ་ལྡོག་སྣང་བ་ཅི་ཤར་ཡང་། །ཕྱལ་པ་ལྷུག་པ་གཞི་མེད་ཟང་ཀ་མ། །གཏད་མེད་ཟང་ཟིང་བན་བུན་ཆལ་མ་ཆོལ། །རེ་དོགས་གཉིས་མེད་སྨྱོན་པའི་ངང་ཚུལ་ཅན། །ལྟ་སྒོམ་རིས་མེད་ཆེད་འཛིན་འདོད་བློ་ཞིག །ཞེ་འདོད་འཁྲིས་མེད་འདི་ཞེས་རྩོལ་སྒྲུབ་མེད། །གང་བྱུང་བྱུང་ལ་གང་སྣང་སྣང་དུ་ཆུག །གང་ཤར་ཤར་ལ་གང་ཡིན་ཡིན་དུ་ཆུག །གང་ཡང་ཡིན་ལ་གང་ཡང་མིན་དུ་ཆུག །ཀུན་སྤྱོད་ངེས་

[p. 185] མེད་རིག་པ་ཐོད་རྒལ་དང་། །ཆོས་དང་ཆོས་མིན་རྩིས་གཞི་འགའ་མེད་པས། །གཏད་མེད་ཟང་ཀ་གྲུབ་མཐའི་གཟེབ་ལས་འདས། །ཟ་འཆག་ཉལ་འདུག་ཉིན་ཞག་ཕྱམ་གདལ་བས། །རང་བཞིན་ཆོས་ཉིད་མཉམ་པའི་ངང་ཉིད་དེ། །མཆོད་པའི་ལྷ་མེད་བརྡུང་བའི་འདྲེ་ཡང་མེད། །སྒོམ་པའི་ཆོས་མེད་ཐ་མལ་ངང་དགའི་ངང་། །མ་བཅོས་རྒྱལ་པོ་སྙེམས་མེད་ཕྱམ་གཅིག་པས། །ཕྱལ་པ་ལྷུག་པ་ལྷུན་གྲུབ་གཅིག་པུ་ཉིད། །མ་བྱས་ཡེ་ཟིན་རྩོལ་སྒྲུབ་བྲལ་བས་བདེ། །ལྟ་བའི་གཞི་མེད་སྒོམ་པའི་ངང་མེད་ལ། །སྤྱད་པའི་ཆོས་མེད་བསྒྲུབ་འདོད་འགྲས་བུ་མེད། །ཐམས་ཅད་རིས་མེད་མཉམ་པར་ཕྱམ་འདས་པས། །བྱ་བ་རྩོལ་མ་དགོས་ཡངས་དོག་མེད་པར་བདེ། །སྨོན་པ་མེད་པས་སྒྲུབ་བློའི་ཆོས་ཟད་དེ། །སྤང་བྱ་མེད་པས་གཉེན་པོའི་འཆིང་ཞེན་འདས། །གང་ཡིན་ཀུན་ཡིན་ཡིན་མིན་འགའ་མེད་པས། །གང་སྣང་གང་ཤར་འདེད་མ་ཀ་མེད་པར་གྲོལ། །མ་གྲོལ་ཡེ་གྲོལ་རང་གྲོལ་ཆོས་མེད་པས། །ཕྱམ་གཅིག་གཏད་མེད་ལ་བཟླའི་ཆོས་ལས་འདས། །ཀློང་ཡངས་ཀློང་ཡངས་ཀློང་ཆེན་ཡངས་པའི་ངང་། །ཀློང་ཆེན་རབ་འབྱམས་ཀློང་གསལ་ཀློང་འབྲུག་པས། །ཀློང་གཅིག་གཉིས་མེད་བདེ་ཀློང་འཁྱིལ་པ་ནི། །སྣ་ཚོགས་རང་གྲོལ་ཆོས་ཉིད་ཟད་སར་ཕྱིན། །མི་འགྱུར་ལྷུན་གྲུབ་འདུན་མ་ལེགས་པའི་རྩེ། །བདག་གཞན་རྗེས་སུ་འཇུག་པའི་འགྲོ་རྣམས་ཀྱང་། །འདི་བཞིན་ཡེ་འབྱམས་ཀློང་ཆེན་གཅིག་ཏུ་དྲིལ། །ཀུན་བཟང་ས་

[p. 186] ལ་གཏན་སྲིད་ཟིན་པ་ཡིན། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། །ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་དུ་ལ་བཟླ་བར་བསྟན་པའི་ལེའུ་སྟེ་དགུ་པའོ།། །།

[edit]
BDRC typed e-text UT22920_003_0001/0002 as downloaded (the base text was made from it).

རང་བཞིན་ཡངས་པ་ཆེན་པོའི་ཀློང་གཅིག་ལ། །མཁའ་མཉམ་བྱང་ཆུབ་སེམས་ཀྱི་གནམ་གཟེར་ནི། །གནད་དུ་དྲིལ་ཏེ་བཅུད་དུ་ཕྱུང་བ་ནི། །ཆེ་བའི་ཆེ་བ་ཀུན་བཟང་ཡངས་པའི་ཐུགས། །རང་གི་ངོ་བོས་སྤྱི་རྒྱ་རླབས་ཀྱིས་བཅད། །ཀློང་ཆེན་གཅིག་ལ་རྟོགས་དང་མ་རྟོགས་དང༌། །གྲོལ་དང་མ་གྲོལ་གཉིས་མེད་མཉམ་པ་ཆེ། །སྒོ་ངའི་ནང་ནས་འདབ་གཤོག་རྒྱས་པའི་བྱ། །རྒྱ་དང་བྲལ་ནས་ནམ་མཁའི་ཀློང་ན་གནས། །ཀླུ་རྣམས་ཟིལ་གནོན་གཡང་ས་ཤུགས་ཀྱིས་ཆོད། །ཐེག་པའི་ཡང་རྩེ་རྡོ་རྗེ་སྙིང་པོ་ཡང༌། །ཇི་བཞིན་རྟོགས་པའི་རྣལ་འབྱོར་སྐལ་བ་ཅན། །ཐེག་དམན་ཟིལ་གནོན་འཁོར་བའི་གཡང་ས་ཆོད། །ཀུན་གྲོལ་མཉམ་པ་ཆེན་པོར་གནས་པ་དེ། །རྒྱུ་འབྲས་རྩོལ་སྒྲུབ་ཅན་ལ་མི་རིགས་ཀྱང༌། །ཐེག་མཆོག་མི་གཡོ་མཉམ་པའི་དོན་ལ་འཐད། །ཐམས་ཅད་བདེ་ཆེན་མཁའ་མཉམ་ཆོས་སྐུའི་ཀློང༌། །ཆོས་སྐུའི་ཀློང་དུ་མ་གྲོལ་འགའ་ཡང་མེད། །ཆོས་ཉིད་རང་བཞེངས་རྡོ་རྗེ་སྙིང་པོའི་སྐུ། །བག་ཆགས་ལུས་ལ་སྙིང་པོའི་རྩལ་རྫོགས་ཏེ། །སྐྱེ་ཤི་བར་དོ་སྲིད་པའི་ལུས་བོར་ནས། །རིག་པ་གཅིག་པུ་ཀུན་དང་དབྱེར་མེད་ཅིང༌། །ལྷུན་གྲུབ་ས་ལ་རྒྱལ་བའི་སྲིད་ཟིན་ནས། །རྒྱུ་ཆད་མེད་པར་སྤྲུལ་པ་འབྱུང་བ་དང༌། །ཐོགས་པ་མེད་པར་ཀུན་ལ་འཇུག་པ་ནི། །བྱར་མེད་རླུང་ཞོན་རྣལ་འབྱོར་སྤྱོད་ཡུལ་ཏེ། །དམན་པའི་ཐེག་པ་ཀུན་ལ་མི་རིགས་ཀྱང༌། །ཨ་ཏིས་རིག་པར་སྟོན་པ་འབྲས་བུའི་གནད། །སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་འབྱུང་བ་ལ། །རྒྱུ་འབྲས་མཚན་མར་འཛིན་པ་འཁྲུལ་པའི་བློ། །ཨ་ཏིས་རྒྱུ་རྐྱེན་མེད་པར་བསྟན་པ་ནི། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །སངས་རྒྱས་སེམས་ཅན་དགོངས་སྤྱོད་དབྱེར་མེད་ལ། །འཁོར་འདས་གཉིས་སུ་འཛིན་པ་འཁྲུལ་པའི་ཀློང༌། །ཨ་ཏིས་གཉིས་སུ་མེད་པར་བསྟན་པ་དེས། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །རྟོགས་དང་མ་རྟོགས་མེད་པར་གྲོལ་བ་ལ། །རྟོགས་ནས་གྲོལ་བར་འདོད་པ་ཉམས་པའི་དགྲ། །ཨ་ཏིས་མཉམ་ཉིད་གཅིག་ཏུ་བསྟན་པ་དེ། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །མཚོན་བྱེད་ཐབས་ཀྱི་ཁྱད་པར་མ་བསྟེན་པར། །བརྗོད་མེད་རྟོགས་པར་མི་འདོད་བླུན་པོའི་བློ། །ཨ་ཏིས་དོན་དམ་དབྱེར་མེད་བསྟན་པ་དེ། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །རྫོགས་ཆེན་ཡེ་གདལ་གཏིང་མཐའ་མེད་པ་ལ། །ཐུགས་པ་མེད་ཅེས་ཟེར་བ་བླུན་པོའི་ཀློང༌། །ཨ་ཏི་མུ་མེད་ཆིག་ཆོད་བསྟན་པ་དེ། །འོག་མའི་བློ་ཡུལ་མི་རིགས་རིགས་པའི་གནད། །ཐིག་ལེ་གཅིག་ལ་རྒྱུ་མཚན་གོ་བཟློག་པས། །འབྲས་བུ་རེ་དོགས་ཆོད་དེ་མཁའ་དང་མཉམ། །ཡངས་སོ་ཆེའོ་མཁའ་མཉམ་རྒྱལ་བའི་ཐུགས། །སྤངས་ཐོབ་མེད་དེ་ཐིག་ལེ་གཅིག་གི་ཀློང༌། །ཡེ་ནས་གྲོལ་ལོ་རྟོགས་དང་མ་རྟོགས་མེད། །རྣལ་འབྱོར་མཁའ་མཉམ་བྱ་བྲལ་ལམ་དུ་བདེ། །ཡེ་སངས་རྒྱས་པའི་རིག་པ་ཡུལ་མེད་འདི། །འཁོར་བར་མི་འཁྱམ་འཁྲུལ་གཞི་ཀུན་ལས་འདས། །སུ་ཡང་མ་འཁྲུལ་འཁྲུལ་པའི་གནས་མེད་དེ། །ཐམས་ཅད་ཆོས་དབྱིངས་ཀློང་གསལ་གཅིག་གི་ངང༌། །སྔ་ཕྱིར་རིས་མེད་མཁའ་མཉམ་ཡངས་པ་ཉིད། །ཡེ་བབས་ལྷུན་གྲུབ་འཁོར་བ་གདོད་ནས་དག །གྲོལ་བར་མི་འཇུག་མྱ་ངན་འདས་མི་ལེན། །མི་འགྱུར་ཀློང་ཆེན་འཁོར་འདས་ཡོད་མ་མྱོང༌། །འདི་ལ་སྤངས་ཐོབ་རེ་དོགས་མི་དམིགས་ཤིང༌། །གདོད་ནས་བྱང་ཆུབ་གཞི་ཀློང་ཡངས་པ་ཆེ། །ཐམས་ཅད་མིང་ཙམ་དོན་ལ་མཚོན་བརྗོད་འདས། །གྲོལ་དང་འཁྲུལ་མེད་འཁོར་འདས་ལ་ཟློས་པས། །སུ་ཡང་མ་རྩོལ་བཅོས་བསྒྱུར་མ་བྱེད་ཅིག །ཡངས་དོག་མཐོ་དམན་མེད་པའི་རིག་པ་ལ། །རྒྱ་ཆད་ཕྱོགས་ལྷུང་མེད་ཀྱིས་དམིགས་གཏད་ཤོལ། །བྱ་བྱེད་འགྲོ་འོང་མེད་པའི་རིག་པ་ལ། །དུས་དང་གཉེན་པོ་མེད་ཀྱིས་འཛིན་རྩོལ་ཞོག །ཆེད་དུ་དམིགས་པ་ཡོད་ན་འཆིང་བའི་རྒྱུ། །གང་ལའང་གཏད་འཛིན་མ་འཆའ་ཕྱམ་ལ་ཐོང༌། །ཆོས་ཀུན་ཡེ་ནས་གྲོལ་རུང་མ་གྲོལ་རུང༌། །གནས་ལུགས་རང་བཞིན་དག་རུང་མ་དག་རུང༌། །སེམས་ཉིད་སྤྲོས་དང་བྲལ་རུང་མ་བྲལ་རུང༌། །གཉུག་མའི་གཤིས་ལ་གྲུབ་རུང་མ་གྲུབ་རུང༌། །འཁོར་འདས་རང་བཞིན་གཉིས་རུང་མི་གཉིས་རུང༌། །བསམ་བརྗོད་ཀུན་ལས་འདས་རུང་མ་འདས་རུང༌། །དགག་སྒྲུབ་འཁྲུལ་པ་ཞིག་རུང་མ་ཞིག་རུང༌། །རྟོགས་པའི་ལྟ་བ་རྟོགས་རུང་མ་རྟོགས་རུང༌། །ཆོས་ཉིད་དོན་ལ་བསྒོམས་རུང་མ་བསྒོམས་རུང༌། །བླང་དོར་མེད་པས་སྤྱད་རུང་མ་སྤྱད་རུང༌། །གནས་ལུགས་འབྲས་བུ་གྲུབ་རུང་མ་གྲུབ་རུང༌། །ས་དང་ལམ་རྣམས་བགྲོད་རུང་མ་བགྲོད་རུང༌། །སྒྲིབ་པ་ཀུན་དང་བྲལ་རུང་མ་བྲལ་རུང༌། །བསྐྱེད་རྫོགས་ཆོས་ཉིད་རྫོགས་རུང་མ་རྫོགས་རུང༌། །ཐར་པའི་འབྲས་བུ་ཐོབ་རུང་མ་ཐོབ་རུང༌། །འགྲོ་དྲུག་འཁོར་བར་འཁྱམས་རུང་མ་འཁྱམས་རུང༌། །རང་བཞིན་ལྷུན་གྱིས་གྲུབ་རུང་མ་གྲུབ་རུང༌། །རྟག་ཆད་གཉིས་འཛིན་བཅིངས་རུང་མ་བཅིངས་རུང༌། །ཆོས་ཉིད་དགོངས་པར་སླེབ་རུང་མ་སླེབ་རུང༌། །གོང་མའི་རྗེས་སུ་སྙོགས་རུང་མ་སྙོགས་རུང༌། །གནམ་ས་འདྲེན་ལྡོག་སྣང་བ་ཅི་ཤར་ཡང༌། །ཕྱལ་བ་ལྷུག་པ་གཞི་མེད་ཟང་ཀ་མ། །གཏད་མེད་ཟང་ཟིང་བདུན་བུན་ཆལ་མ་ཆོལ། རེ་དོགས་གཉིས་མེད་སྨྱོན་པའི་ངང་ཚུལ་ཅན། །ལྟ་སྒོམ་རིས་མེད་ཆེད་འཛིན་འདོད་བློ་ཞིག །ཞེ་འདོད་འཁྲིས་མེད་འདི་ཞེས་རྩོལ་སྒྲུབ་མེད། །གང་བྱུང་བྱུང་ལ་གང་སྣང་སྣང་དུ་ཆུག །གང་ཤར་ཤར་ལ་གང་ཡིན་ཡིན་དུ་ཆུག །གང་ཡང་ཡིན་ལ་གང་ཡང་མིན་དུ་ཆུག །ཀུན་སྤྱོད་ངེས་མེད་རིག་པ་ཐོད་རྒལ་ངང༌། །ཆོས་དང་ཆོས་མིན་རྩིས་གཞི་འགའ་མེད་པས། །གཏད་མེད་ཟང་ཀ་གྲུབ་མཐའི་གཟེབ་ལས་འདས། །ཟ་འཆག་ཉལ་འདུག་ཉིན་ཞག་ཕྱམ་གདལ་བས། །རང་བཞིན་ཆོས་ཉིད་མཉམ་པའི་ངང་ཉིད་དེ། །མཆོད་པའི་ལྷ་མེད་བརྡུང་བའི་འདྲེ་ཡང་མེད། །སྒོམ་པའི་ཆོས་མེད་ཐ་མལ་རང་དགའི་ངང༌། །མ་བཅོས་རྒྱལ་པོ་སྙེམས་མེད་ཕྱམ་གཅིག་པས། །ཕྱལ་བ་ལྷུག་པ་ལྷུན་གྲུབ་གཅིག་པུ་ཉིད། །མ་བྱས་ཡེ་ཟིན་རྩོལ་སྒྲུབ་བྲལ་བས་བདེ། །ལྟ་བའི་གཞི་མེ་སྒོམ་པའི་ངང་མེད་ལ། །སྤྱད་པའི་ཆོས་མེད་བསྒྲུབ་འདོད་འབྲས་བུ་མེད། །ཐམས་ཅད་རིས་མེད་མཉམ་པར་ཕྱམ་གདལ་བས། །བྱ་རྩོལ་མ་དགོས་ཡངས་དོག་མེད་པར་བདེ། །སྨོན་པ་མེད་པས་སྒྲུབ་བློའི་ཆོས་ཟད་དེ། །སྤང་བྱ་མེད་པས་གཉེན་པོའི་འཆིང་ཞེན་འདས། །གང་ཡིན་ཀུན་ཡིན་ཡིན་མིན་འགའ་མེད་པས། །གང་སྣང་གང་ཤར་འདེམ་ཀ་མེད་པར་གྲོལ། །མ་གྲོལ་མི་འགྲོལ་རང་གྲོལ་ཆོས་མེད་པས། །ཕྱམ་གཅིག་གཏད་མེད་ལ་བཟླའི་ཆོས་ལས་འདས། །ཀློང་ཡངས་ཀློང་ཡངས་ཀློང་ཆེན་ཡངས་པའི་ངང༌། །ཀློང་ཆེན་རབ་འབྱམས་ཀློང་གསལ་ཀློང་འབྱམས་པས། །ཀློང་གཅིག་གཉིས་མེད་བདེ་ཀློང་འཁྱིལ་པ་ནི། །སྣ་ཚོགས་རང་གྲོལ་ཆོས་ཉིད་ཟད་སར་ཕྱིན། །མི་འགྱུར་ལྷུན་གྲུབ་འདུན་མ་ལེགས་པའི་རྩེ། །བདག་གཞན་རྗེས་སུ་འཇུག་པའི་འགྲོ་རྣམས་ཀྱང༌། །འདི་བཞིན་ཡེ་འབྱམས་ཀློང་ཆེན་གཅིག་ཏུ་དྲིལ། །ཀུན་བཟང་ས་ལ་གཏན་སྲིད་ཟིན་པ་ཡིན། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། །ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་དུ་ལ་བཟླ་བར་བསྟན་པའི་ལེའུ་སྟེ་དགུ་པའོ།། ༈ །།

[edit]
rywikitexts e-text of the Beijing 2009 edition (vol. 16), with its page numbers ༼N༽.

རང་བཞིན་ཡངས་པ་ཆེན་པོའི་ཀློང་གཅིག་ལ། །མཁའ་མཉམ་བྱང་ཆུབ་སེམས་ཀྱི་གནམ་གཟེར་ནི། །གནད་དུ་དྲིལ་ཏེ་བཅུད་དུ་ཕྱུང་བ་ནི། །ཆེ་བའི་ཆེ་བ་ཀུན་བཟང་ཡངས་པའི་ཐུགས། །རང་གི་ངོ་བོས་སྤྱི་རྒྱ་རླབས་ཀྱིས་བཅད། །ཀློང་ཆེན་གཅིག་ལ་རྟོགས་དང་མ་རྟོགས་དང༌། །གྲོལ་དང་མ་གྲོལ་གཉིས་མེད་མཉམ་པ་ཆེ། །སྒོ་ངའི་ནང་ནས་འདབ་གཤོག་རྒྱས་པའི་བྱ། །རྒྱ་དང་བྲལ་བས་ནམ་མཁའི་ཀློང་ན་གནས། །ཀླུ་རྣམས་ཟིལ་གནོན་གཡང་ས་ཤུགས་ཀྱིས་ཆོད། །ཐེག་པའི་ཡང་རྩེ་རྡོ་རྗེ་སྙིང་པོ་ཡང༌། །ཇི་བཞིན་རྟོགས་པའི་རྣལ་འབྱོར་སྐལ་བ་ཅན། །» «ཐེག་དམན་ཟིལ་གནོན་འཁོར་བའི་གཡང་ས་ཆོད། །ཀུན་གྲོལ་མཉམ་པ་ཆེན་པོར་གནས་པ་དེ། །རྒྱུ་འབྲས་རྩོལ་སྒྲུབ་ཅན་ལ་མི་རིགས་ཀྱང༌། །ཐེག་མཆོག་མི་གཡོ་མཉམ་པའི་དོན་ལ་འཐད། །ཐམས་ཅད་བདེ་ཆེན་མཁའ་མཉམ་ཆོས་སྐུའི་ཀློང༌། །ཆོས་སྐུའི་ཀློང་དུ་མ་གྲོལ་འགའ་ཡང་མེད། །ཆོས་ཉིད་རང་བཞེངས་རྡོ་རྗེ་སྙིང་པོའི་སྐུ། །བག་ཆགས་ལུས་ལ་སྙིང་པོའི་རྩལ་རྫོགས་ཏེ། །སྐྱེ་ཤི་བར་དོ་སྲིད་པའི་ལུས་བོར་ནས། །རིག་པ་གཅིག་པུ་ཀུན་དང་དབྱེར་མེད་ཅིང༌། །ལྷུན་གྲུབ་ས་ལ་རྒྱལ་པོ་«༼༡༽«སྲིད་ཟིན་ནས། །རྒྱ་ཆད་མེད་པར་སྤྲུལ་པ་འབྱུང་བ་དང༌། །ཐོགས་པ་མེད་པར་ཀུན་ལ་འཇུག་པ་ནི། །བྱར་མེད་རླུང་ཞོན་རྣལ་འབྱོར་སྤྱོད་ཡུལ་ཏེ། །» «དམན་པའི་ཐེག་པ་ཀུན་ལ་མི་རིགས་ཀྱང༌། །ཨ་ཏིས་རིག་པར་སྟོན་པ་འབྲས་བུའི་གནད། སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་འབྱུང་བ་ལ། །རྒྱུ་འབྲས་མཚན་མར་འཛིན་པ་འཁྲུལ་པའི་བློ། །ཨ་ཏིས་རྒྱུ་རྐྱེན་མེད་པར་བསྟན་པ་ནི། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །སངས་རྒྱས་སེམས་ཅན་དགོངས་སྤྱོད་དབྱེར་མེད་» «ལ། །འཁོར་འདས་གཉིས་སུ་འཛིན་པ་འཁྲུལ་པའི་བློ། །ཨ་ཏིས་གཉིས་སུ་མེད་པར་བསྟན་པ་དེས། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །རྟོགས་དང་མ་རྟོགས་མེད་པར་གྲོལ་བ་ལ། །རྟོགས་ནས་གྲོལ་བར་འདོད་པ་ཉམས་པའི་དགྲ། །ཨ་ཏིས་མཉམ་ཉིད་གཅིག་ཏུ་བསྟན་པ་དེ། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །མཚོན་བྱེད་ཐབས་ཀྱི་ཁྱད་པར་མ་བསྟེན་པར། །བརྗོད་མེད་རྟོགས་པར་མི་འདོད་བླུན་པོའི་བློ། །ཨ་ཏིས་དོན་དམ་དབྱེར་མེད་བསྟན་པ་» «དེ། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །རྫོགས་ཆེན་ཡེ་གདལ་གཏིང་མཐའ་མེད་པ་ལ། །ཐུག་པ་མེད་ཅེས་ཟེར་བ་བླུན་པོའི་བློ། ཨ་ཏིས་མུ་མེད་ཆིག་ཆོད་བསྟན་པ་དེ། །འོག་མའི་བློ་ཡུལ་མི་རིགས་རིགས་པའི་གནད། །ཐིག་ལེ་གཅིག་ལ་རྒྱུ་མཚན་གོ་བཟློག་པས། །འབྲས་བུ་རེ་དོགས་ཆོད་དེ་མཁའ་དང་མཉམ༌། །ཡངས་སོ་ཆེའོ་མཁའ་མཉམ་རྒྱལ་བའི་ཐུགས། །སྤངས་ཐོབ་མེད་དེ་ཐིག་ལེ་གཅིག་གི་ཀློང༌། །ཡེ་ནས་གྲོལ་ལོ་རྟོགས་དང་མ་རྟོགས་མེད། །རྣལ་འབྱོར་མཁའ་མཉམ་བྱ་བྲལ་ལམ་དུ་བདེ། །ཡེ་སངས་རྒྱས་པའི་རིག་པ་ཡུལ་མེད་འདི། །འཁོར་བར་མི་འཁྱམ་འཁྲུལ་གཞི་ཀུན་ལས་འདས། །སུ་ཡང་མ་འཁྲུལ་འཁྲུལ་པའི་གནས་མེད་དེ། །ཐམས་ཅད་ཆོས་དབྱིངས་ཀློང་གསལ་གཅིག་གི་ངང༌། །སྔ་ཕྱི་རིས་མེད་མཁའ་མཉམ་ཡངས་པ་ཉིད། །ཡེ་བབས་ལྷུན་གྲུབ་འཁོར་བ་གདོད་ནས་དག» «།གྲོལ་བར་མི་འཇུག་མྱ་ངན་འདས་མི་ལེན། །མི་འགྱུར་ཀློང་ཆེན་འཁོར་འདས་ཡོད་མ་མྱོང༌། །འདི་ལ་སྤངས་ཐོབ་རེ་དོགས་མི་དམིགས་» «ཤིང༌། །གདོད་ནས་བྱང་ཆུབ་གཞི་ཀློང་ཡངས་པ་ཆེ། །ཐམས་ཅད་མིང་ཙམ་དོན་» «ལ་མཚོན་བརྗོད་འདས། །གྲོལ་དང་འཁྲུལ་མེད་འཁོར་འདས་ལ་ཟློས་པས། །སུ་ཡང་མ་རྩོལ་བཅོས་བསྒྱུར་མ་བྱེད་ཅིག» «།ཡངས་དོག་མཐོ་དམན་མེད་པའི་རིག་པ་ལ། །རྒྱ་ཆད་ཕྱོགས་ལྷུང་མེད་ཀྱིས་དམིགས་གཏད་ཤོལ། །བྱ་བྱེད་འགྲོ་འོང་མེད་པའི་རིག་པ་ལ། །དུས་དང་གཉེན་པོ་མེད་ཀྱིས་འཛིན་རྩོལ་ཞོག» «།ཆེད་དུ་དམིགས་པ་ཡོད་ན་འཆིང་བའི་རྒྱུ། །གང་ལའང་གཏད་འཛིན་མ་འཆའ་ཕྱམ་ལ་ཐོང༌། །ཆོས་ཀུན་ཡེ་ནས་གྲོལ་རུང་མ་གྲོལ་རུང༌། །གནས་ལུགས་རང་བཞིན་དག་རུང་མ་དག་རུང༌། །སེམས་ཉིད་སྤྲོས་དང་བྲལ་རུང་མ་བྲལ་རུང༌། །གཉུག་མའི་གཤིས་ལ་གྲུབ་རུང་མ་གྲུབ་རུང༌། །འཁོར་འདས་རང་བཞིན་གཉིས་རུང་མི་གཉིས་རུང༌། །» «བསམ་བརྗོད་ཀུན་ལས་འདས་རུང་མ་འདས་རུང༌། །དགག་སྒྲུབ་འཁྲུལ་པ་ཞིག་རུང་མ་ཞིག་རུང༌། །རྟོགས་པའི་ལྟ་བ་རྟོགས་རུང་མ་རྟོགས་» «རུང༌། །ཆོས་ཉིད་དོན་ལ་བསྒོམས་རུང་མ་བསྒོམས་རུང༌། །བླང་དོར་མེད་པས་སྤྱད་རུང་མ་སྤྱད་རུང༌། །གནས་ལུགས་འབྲས་བུ་གྲུབ་རུང་མ་གྲུབ་རུང༌། །ས་དང་ལམ་རྣམས་བགྲོད་རུང་མ་བགྲོད་རུང༌། །སྒྲིབ་པ་ཀུན་དང་བྲལ་རུང་མ་བྲལ་» «རུང༌། །བསྐྱེད་རྫོགས་ཆོས་ཉིད་རྫོགས་རུང་མ་རྫོགས་རུང༌། །ཐར་པའི་འབྲས་བུ་ཐོབ་རུང་མ་ཐོབ་རུང༌། །འགྲོ་དྲུག་འཁོར་བར་འཁྱམས་རུང་མ་འཁྱམས་» «རུང༌། །རང་བཞིན་ལྷུན་གྱིས་གྲུབ་རུང་མ་གྲུབ་རུང༌། །རྟག་ཆད་གཉིས་འཛིན་བཅིངས་རུང་མ་བཅིངས་རུང༌། །ཆོས་ཉིད་དགོངས་པར་སླེབ་རུང་མ་སླེབ་རུང༌། །» «གོང་མའི་རྗེས་སུ་སྙོགས་རུང་མ་སྙོགས་རུང༌། །གནམ་ས་འདྲེ་ལྡོག་སྣང་བ་ཅི་ཤར་ཡང༌། །ཕྱལ་བ་ལྷུག་པ་གཞི་མེད་ཟང་ཀ་མ། །གཏད་མེད་ཟང་ཟིང་བན་བུན་ཆལ་མ་ཆོལ། །རེ་དོགས་གཉིས་མེད་སྨྱོན་པའི་ངང་ཚུལ་ཅན། །ལྟ་སྒོམ་རིས་མེད་ཆེད་འཛིན་འདོད་བློ་ཞིག» «།ཞེ་འདོད་འཁྲིས་མེད་འདི་ཞེས་རྩོལ་སྒྲུབ་མེད། །གང་བྱུང་བྱུང་ལ་གང་སྣང་སྣང་དུ་ཆུག» «།གང་ཤར་ཤར་ལ་གང་ཡིན་ཡིན་དུ་ཆུག» «།གང་ཡང་ཡིན་ལ་གང་ཡང་མིན་དུ་ཆུག» «།ཀུན་སྤྱོད་ངེས་མེད་རིག་པ་ཐོད་རྒལ་» «ངང༌། །ཆོས་དང་ཆོས་མིན་རྩིས་གཞི་འགའ་མེད་པས། །གཏད་མེད་ཟང་ཀ་གྲུབ་མཐའི་གཟེབ་ལས་འདས། །ཟ་འཆག་ཉལ་འདུག་ཉིན་ཞག་ཕྱམ་གདལ་བས། །» «རང་བཞིན་ཆོས་ཉིད་མཉམ་པའི་ངང་ཉིད་དེ། །མཆོད་པའི་ལྷ་མེད་བརྡུང་བའི་འདྲེ་ཡང་མེད། །སྒོམ་པའི་ཆོས་མེད་ཐ་མལ་རང་དགའི་ངང༌། །མ་བཅོས་རྒྱལ་པོ་སྙེམས་མེད་ཕྱམ་གཅིག་པས། །ཕྱལ་བ་ལྷུག་པ་»«ལྷུན་གྲུབ་«༼༡༽«གཅིག་པུ་» «ཉིད། །མ་བྱས་ཡེ་ཟིན་རྩོལ་སྒྱུབ་བྲལ་བས་བདེ། །ལྟ་བའི་གཞི་མེད་སྒོམ་པའི་ངང་མེད་ལ། །སྤྱད་པའི་ཆོས་མེད་བསྒྲུབ་འདོད་འབྲས་བུ་མེད། །ཐམས་ཅད་རིས་མེད་མཉམ་པར་ཕྱམ་»«འདས་པ«༼༢༽«། །» «བྱ་རྩོལ་མ་དགོས་ཡངས་དོག་མེད་པར་བདེ། །སྨོན་པ་མེད་པས་སྒྲུབ་བློའི་ཆོས་ཟད་དེ། །སྤང་བྱ་མེད་པས་གཉེན་པོའི་འཆིང་ཞེན་འདས། །གང་ཡིན་ཀུན་ཡིན་ཡིན་མིན་འགའ་མེད་པས། །གང་སྣང་གང་ཤར་འདེམ་ཀ་མེད་པར་གྲོལ། །མ་གྲོལ་ཡེ་གྲོལ་རང་གྲོལ་ཆོས་མེད་པས། །» «ཕྱམ་གཅིག་གཏད་མེད་ལ་བཟླའི་ཆོས་ལས་འདས། །ཀློང་ཡངས་ཀློང་ཡངས་ཀློང་ཆེན་ཡངས་པའི་ངང༌། །ཀློང་ཆེན་རབ་འབྱམས་ཀློང་གསལ་ཀློང་འབྱམས་པས། །» «ཀློང་གཅིག་གཉིས་མེད་བདེ་ཀློང་འཁྱིལ་པ་ནི། །སྣ་ཚོགས་རང་གྲོལ་ཆོས་ཉིད་ཟད་སར་ཕྱིན། །མི་འགྱུར་ལྷུན་གྲུབ་འདུན་མ་ལེགས་པའི་རྩེ། །བདག་བཞིན་རྗེས་སུ་འཇུག་པའི་འགྲོ་རྣམས་ཀྱང༌། །» «འདི་བཞིན་ཡེ་འབྱམས་ཀློང་ཆེན་གཅིག་ཏུ་དྲིལ། །ཀུན་བཟང་ས་ལ་གཏན་སྲིད་ཟིན་པ་ཡིན། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་དུ་ལ་བཟླ་བར་བསྟན་པའི་ལེའུ་སྟེ་དགུ་པའོ།། » «།།

[edit]
OCR of the BDRC scans (I1CZ5001), gorn05 tibocr 2026: BDRC OCR on 236 pages, Mitra OCR on 78 pages (the model with more recognisable syllables on each page).

[p. 744] རང་བཞིན་ཡངས་པ་ཆེན་པོའི་ཀློང་གཅིག་ལ། ། མཁའ་མཉམ་བྱང་ཆུབ་སེམས་ཀྱི་གནམ་གཟེར་ནི། །གནད་དུ་དྲིལ་ཏེ་བཅུད་དུ་ཕྱུང་བ་ནི། །ཆེ་བའི་ཆེ་བ་ཀུན་བཟང་ཡངས་པའི་ཐུགས། །རང་གི་ངོ་བོས་སྤྱི་རྒྱ་རླབས་ཀྱིས་བཅད། །ཀློང་ཆེན་གཅིག་ལ་རྟོགས་དང་མ་རྟོགས་ དང་། །གྲོལ་དང་མ་གྲོལ་གཉིས་མེད་མཉམ་པ་ཆེ། །སྒོ་ངའི་ནང་ནས་འདབ་གཤོག་རྒྱས་པའི་བྱ། །རྒྱ་དང་བྲལ་བས་ནམ་མཁའི་ཀློང་ན་གནས། །ཀླུ་རྣམས་ཟིལ་གནོན་གཡང་ས་ཤུགས་ཀྱིས་ཆོད། །ཐེག་པའི་ཡང་རྩེ་

[p. 745] ༄༅། །རྡོ་རྗེ་སྙིང་པོ་ཡང་། །ཇི་བཞིན་རྟོགས་པའི་རྣལ་འབྱོར་སྐལ་བ་ཅན། །ཐེག་དམན་ཟིལ་གནོན་འཁོར་བའི་གཡང་ས་ཆོད། །ཀུན་གྲོལ་མཉམ་པ་ཆེན་པོར་གནས་པ་དེ། །རྒྱུ་འབྲས་རྩོལ་སྒྲུབ་ཅན་ལ་མི་ རིགས་ཀྱང་། །ཐེག་མཆོག་མི་གཡོ་མཉམ་པའི་དོན་ལ་འཐད། །ཐམས་ཅད་བདེ་ཆེན་མཁའ་མཉམ་ཆོས་སྐུའི་ཀློང་། །ཆོས་སྐུའི་ཀློང་དུ་མ་གྲོལ་འགའ་ཡང་མེད། །ཆོས་ཉིད་རང་བཞེངས་རྡོ་རྗེ་སྙིང་པོའི་སྐུ། །བག་ཆགས་ ལུས་ལ་སྙིང་པོའི་རྩལ་རྫོགས་ཏེ། །སྐྱེ་ཤི་བར་དོ་སྲིད་པའི་ལུས་བོར་ནས། །རིག་པ་གཅིག་པུ་ཀུན་དང་དབྱེར་མེད་ཅིང་། །ལྷུན་གྲུབ་ས་ལ་རྒྱལ་བའི་སྲིད་ཟིན་ནས། །རྒྱ་ཆད་མེད་པར་སྤྲུལ་པ་འབྱུང་བ་དང་། །ཐོགས་པ་ མེད་པར་ཀུན་ལ་འཇུག་པ་ནི། །བྱར་མེད་རླུང་ཞོན་རྣལ་འབྱོར་སྤྱོད་ཡུལ་ཏེ། །དམན་པའི་ཐེག་པ་ཀུན་ལ་མི་རིགས་ཀྱང་། །ཨ་ཏིས་རིག་པ་སྟོན་པ་འབྲས་བུའི་གནད། །སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་འབྱུང་བ་ལ། །རྒྱུ་འབྲས་ མཚན་མར་འཛིན་པ་འཁྲུལ་པའི་བློ། །ཨ་ཏིས་རྒྱུ་རྐྱེན་མེད་པར་བསྟན་པ་སྟེ། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །སངས་རྒྱས་སེམས་ཅན་དགོངས་སྤྱོད་དབྱེར་མེད་ལ། །འཁོར་འདས་གཉིས་སུ་འཛིན་ པ་འཁྲུལ་པའི་ཀློང་། །ཨ་ཏིས་གཉིས་སུ་མེད་པར་བསྟན་པ་དེས། །འོག་མ་རྣམས་ལ་མི་རིས་རིགས་པའི་གནད། །རྟོགས་དང་མ་རྟོགས་མེད་པར་གྲོལ་བ་ལ། །རྟོགས་ནས་གྲོལ་བར་འདོད་པ་ཉམས་པའི་དགྲ།

[p. 746] ཨ་ཏིས་མཉམ་ཉིད་གཅིག་ཏུ་བསྟན་པ་དེ། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །མཚོན་བྱེད་ཐབས་ཀྱི་ཁྱད་པར་མ་བསྟེན་པར། །བརྗོད་མེད་རྟོགས་པར་མི་འདོད་བླུན་པོའི་བློ། །ཨ་ཏིས་དོན་དམ་དབྱེར་མེད་བསྟན་པ་ དེ། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །རྫོགས་ཆེན་ཡེ་གདལ་གཏིང་མཐའ་མེད་པ་ལ། །ཐུག་པ་མེད་ཅེས་ཟེར་བ་བླུན་པོའི་གློང་། །ཨ་ཏི་མུ་མེད་ཚིག་ཆེད་བསྟན་པ་དེ། །འོག་མའི་བློ་ཡུལ་མི་རིགས་ རིགས་པའི་གནད། །ཐིག་ལེ་གཅིག་ལ་རྒྱུ་མཚན་གོ་བཟློག་པས། །འབྲས་བུ་རེ་དོགས་ཆོད་དེ་མཁའ་དང་མཉམ། །ཡངས་སོ་ཚེའི་མཁའ་མཉམ་རྒྱལ་བའི་ཐུགས། །སྤངས་ཐོབ་མེད་དེ་ཐིག་ལེ་གཅིག་གི་ཀློང་། །ཡེ་ནས་ གྲོལ་ལོ་རྟོགས་དང་མ་རྟོགས་མེད། །རྣལ་འབྱོར་མཁའ་མཉམ་བྱ་བྲལ་ལམ་དུ་བདེ། །ཡེ་སངས་རྒྱས་པའི་རིག་པ་ཡུལ་མེད་འདི། །འཁོར་བར་མི་འཁྱམ་འཁྲུལ་གཞི་ཀུན་ལས་འདས། །སུ་ཡང་མ་འཁྲུལ་འཁྲུལ་ པའི་གནས་མེད་དེ། །ཐམས་ཅད་ཆོས་དབྱིངས་ཀློང་གསལ་གཅིག་གི་ངང་། །སྔ་ཕྱི་རིས་མེད་མཁའ་མཉམ་ཡངས་པ་ཉིད། །ཡེ་བབས་ལྷུན་གྲུབ་འཁོར་བ་གདོད་ནས་དག །གྲོལ་བར་མི་འཇུག་མྱ་ངན་འདས་མི་ལེན། ། མི་འགྱུར་ཀློང་ཆེན་འཁོར་འདས་ཡོད་མ་མྱོང་། །འདི་དང་སྤངས་ཐོབ་རེ་དོགས་མི་དམིགས་ཤིང་། །གདོད་ནས་བྱང་ཆུབ་གཞི་ཀློང་ཡངས་པ་ཆེ། །ཐམས་ཅད་མིང་ཙམ་དོན་ལ་མཚོན་བརྗོད་འདས། །གྲོལ་དང་འཁྲུལ་

[p. 747] ༄༅། །མེད་འཁོར་འདས་ལ་ཟློས་པས། །སུ་ཡང་མ་རྩོལ་བཅོས་བསྒྱུར་མ་བྱེད་ཅིག །ཡངས་དོག་མཐོ་དམན་མེད་པའི་རིག་པ་ལ། །རྒྱ་ཆད་ཕྱོགས་ལྷུང་མེད་ཀྱིས་དམིགས་གཏད་ཤོལ། ། བྱ་བྱེད་འགྲོ་འོང་མེད་པའི་རིག་པ་ལ། །དུས་དང་གཉེན་པོ་མེད་ཀྱིས་འཛིན་རྩོལ་ཞོག །ཆེད་དུ་དམིགས་པ་ཡོད་ན་འཆིང་བའི་རྒྱུ། །གང་ལའང་གཏད་འཛིན་མ་འཆའ་ཕྱམ་ལ་ཐོང་། །ཆོས་ཀུན་ཡེ་ནས་གྲོལ་རུང་ མ་གྲོལ་རུང་། །གནས་ལུགས་རང་བཞིན་དག་རུང་མ་དག་རུང་། །སེམས་ཉིད་སྤྲོས་དང་བྲལ་རུང་མ་བྲལ་རུང་། །གཉུག་མའི་གཤིས་ལ་གྲུབ་རུང་མ་གྲུབ་རུང་། །འཁོར་འདས་རང་བཞིན་གཉིས་རུང་གཉིས་མ་རུང་། ། བསམ་བརྗོད་ཀུན་ལས་འདས་རུང་མ་འདས་རུང་། །དགག་སྒྲུབ་འཁྲུལ་པ་ཞིག་རུང་མ་ཞིག་རུང་། །རྟོགས་པའི་ལྟ་བ་རྟོགས་རུང་མ་རྟོགས་རུང་། །ཆོས་ཉིད་དོན་ལ་བསྒོམས་རུང་མ་བསྒོམས་རུང་། །བླང་དོར་མེད་པས་ སྤྱད་རུང་མ་སྤྱད་རུང་། །གནས་ལུགས་འབྲས་བུ་གྲུབ་རུང་མ་གྲུབ་རུང་། ས་དང་ལམ་རྣམས་བགྲོད་རུང་མ་བགྲོད་རུང་། །སྒྲིབ་པ་ཀུན་དང་བྲལ་རུང་མ་བྲལ་རུང། །བསྐྱེད་རྫོགས་ཆོས་ཉིད་རྫོགས་རུང་མ་རྫོགས་རུང་། ། ཐར་པའི་འབྲས་བུ་ཐོབ་རུང་མ་ཐོབ་རུང་། །འགྲོ་དྲུག་འཁོར་བར་འཁྱམས་རུང་མ་འཁྱམས་རུང་། །རང་བཞིན་ལྷུན་གྱིས་གྲུབ་རུང་མ་གྲུབ་རུང་།། རྟག་ཆད་གཉིས་འཛིན་བཅིངས་རུང་མ་བཅིངས་རུང་། །ཆོས་ཉིད་དགོངས་

[p. 748] པར་སླེབ་རུང་མ་སླེབ་རུང་། །གོང་མའི་རྗེས་སུ་སྙོགས་རུང་མ་སྙོགས་རུང་། །གནམ་ས་འདྲེ་ལྡོག་སྣང་བ་ཅི་ཤར་ཡང་། །ཕྱལ་པ་ལྷུག་པ་གཞི་མེད་ཟང་ཀ་མ། །གཏད་མེད་ཟང་ཟིང་བན་བུན་ཆལ་མ་ཚོལ། །རེ་དོགས་གཉིས་ མེད་སྨྱོན་པའི་ངང་ཚུལ་ཅན། །ལྟ་སྒོམ་རིས་མེད་ཆེད་འཛིན་འདོད་བློ་ཞིག །ཞེ་འདོད་འཁྲིས་མེད་འདི་ཞེས་རྩོལ་སྒྲུབ་མེད། །གང་བྱུང་བྱུང་ལ་གང་སྣང་སྣང་དུ་ཆུག །གང་ཤར་ཤར་ལ་གང་ཡིན་ཡིན་དུ་ཆུག །གང་ ཡང་ཡིན་ལ་གང་ཡང་མིན་དུ་ཆུག །ཀུན་སྤྱོད་ངེས་མེད་རིག་པ་ཐོད་རྒལ་དང་། །ཆོས་དང་ཆོས་མིན་རྩིས་གཞི་འགའ་མེད་པས། །གཏད་མེད་ཟང་ཀ་གྲུབ་མཐའི་གཟེབ་ལས་འདས། །ཟ་འཆག་ཉལ་འདུག་ཉིན་ཞག་ཕྱམ་ གདལ་བས། །རང་བཞིན་ཆོས་ཉིད་མཉམ་པའི་ངང་ཉིད་དེ། །མཆོད་པའི་ལྷ་མེད་བརྡུང་བའི་འདྲེ་ཡང་མེད། །སྒོམ་པའི་ཆོས་མེད་ཐ་མལ་རང་དག་གི་ངང་། །མ་བཅོས་རྒྱལ་པོ་སྙེམས་མེད་ཕྱམ་གཅིག་པས། །ཕྱལ་པ་ལྷུག་པ་ ལྷུན་གྲུབ་གཅིག་པུ་ཉིད། །མ་བྱས་ཡེ་ཟིན་རྩོལ་སྒྲུབ་བྲལ་བས་བདེ། །ལྟ་བའི་གཞི་མེད་སྒོམ་པའི་ངང་མེད་ལ། །སྤྱད་པའི་ཆོས་མེད་བསྒྲུབ་བྱའི་འབྲས་བུ་མེད། །ཐམས་ཅད་རིས་མེད་མཉམ་པར་ཕྱམ་གདལ་བས། །བྱ་ རྩོལ་མ་དགོས་ཡངས་དོག་མེད་པར་བདེ། །སྨོན་པ་མེད་པས་སྒྲུབ་བློའི་ཆོས་ཟད་དེ། །སྤང་བྱ་མེད་པས་གཉེན་པོའི་འཆིང་ཞེན་འདས། །གང་ཡིན་ཀུན་ཡིན་ཡིན་མིན་འགའ་མེད་པས། །གང་སྣང་གང་ཤར་འདེམ་ཀ་

[p. 749] ༄༅། །མེད་པར་གྲོལ། །མ་གྲོལ་ཡེ་གྲོལ་རང་གྲོལ་ཆོས་མེད་པས། །ཕྱམ་གཅིག་གཏད་མེད་ལ་བཟླའི་ཆོས་ལས་འདས། །ཀློང་ཡངས་ཀློང་ཡངས་ཀློང་ཆེན་ཡངས་པའི་ངང་། །ཀློང་ཆེན་རབ་འབྱམས་ཀློང་ གསལ་ཀློང་འབྱམས་པས། །ཀློང་གཅིག་གཉིས་མེད་བདེ་ཀློང་འཁྱིལ་བ་ནི། །སྣ་ཚོགས་རང་གྲོལ་ཆོས་ཉིད་ཟད་སར་ཕྱིན། །མི་འགྱུར་ལྷུན་གྲུབ་འདུན་མ་ལེགས་པའི་རྩེ། །བདག་གཞན་རྗེས་སུ་འཇུག་པའི་འགྲོ་རྣམས་ ཀྱང་། །འདི་བཞིན་ཡེ་འབྱམས་ཀློང་ཆེན་གཅིག་ཏུ་དྲིལ། །ཀུན་བཟངས་ལ་གཏན་སྲིད་ཟིན་པ་ཡིན། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། །ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་དུ་ལ་བཟླ་བར་བསྟན་པའི་ལེའུ་སྟེ་ དགུ་པའོ།། །།

[edit]
OCR of the BDRC scans (I2PD20601, I2PD20602), gorn05 tibocr 2026: BDRC OCR on 244 pages, Mitra OCR on 127 pages (the model with more recognisable syllables on each page).

[p. 676] རང་བཞིན་ཡངས་པ་ཆེན་པོའི་ཀློང་གཅིག་ལ། །མཁའ་མཉམ་བྱང་ཆུབ་སེམས་ཀྱི་གནམ་གཟེར་ནི། །གནད་དུ་དྲིལ་ཏེ་བཅུད་དུ་ཕྱུང་བ་ནི། །ཆེ་བའི་ཆེ་བ་ཀུན་བཟང་ཡངས་པའི་ཐུགས། །རང་གི་ངོ་བོས་སྤྱི་རྒྱ་རླབས་ཀྱིས་བཅད། །ཀློང་ཆེན་གཅིག་ལ་རྟོགས་དང་མ་རྟོགས་དང་། །གྲོལ་དང་མ་གྲོལ་གཉིས་མེད་མཉམ་པ་ཆེ། །སྒོ་ངའི་ནང་ནས་འདབ་གཤོག་རྒྱས་པའི་བྱ། །རྒྱ་དང་བྲལ་བས་ནམ་མཁའི་ཀློང་ན་གནས། །ཀླུ་རྣམས་ཟིལ་གནོན་གཡངས་ཤུགས་ཀྱིས་ཆོད། །ཐེག་པའི་ཡང་རྩེ་རྡོ་རྗེ་སྙིང་པོ་ཡང་། །ཇི་བཞིན་རྟོགས་པའི་རྣལ་འབྱོར་སྐལ་བ་ཅན། །ཐེག་དམན་ཟིལ་གནོན་འཁོར་བའི་གཡང་ས་ཆོད། །ཀུན་གྲོལ་མཉམ་པ་ཆེན་པོར་གནས་པ་དེ། །རྒྱུ་འབྲས་རྩོལ་སྒྲུབ་ཅན་ལ་མི་རིགས་ཀྱང་། །ཐེག་མཆོག་མི་གཡོ་མཉམ་པའི་དོན་ལ་འཐད། །ཐམས་ཅད་བདེ་ཆེན་མཁའ་མཉམ་ཆོས་སྐུའི་ཀློང་། །ཆོས་སྐུའི་ཀློང་དུ་མ་

[p. 677] གྲོལ་འགའ་ཡང་མེད། །ཆོས་ཉིད་རང་བཞེངས་རྡོ་རྗེ་སྙིང་པོའི་སྐུ། །བག་ཆགས་ལུས་ལ་སྙིང་པོའི་རྩལ་རྫོགས་ཏེ། །སྐྱེ་ཤི་བར་དོ་སྲིད་པའི་ལུས་བོར་ནས། །རིག་པ་གཅིག་པུ་ཀུན་དང་དབྱེར་མེད་ཅིང་། །ལྷུན་གྲུབ་ས་ལ་རྒྱལ་བའི་ སྲིད་ཟིན་ནས། །རྒྱ་ཆད་མེད་པར་སྤྲུལ་པ་འབྱུང་བ་དང་། །ཐོགས་པ་མེད་པར་ཀུན་ལ་འཇུག་པ་ནི། །བྱར་མེད་རླུང་ཞོན་རྣལ་འབྱོར་སྤྱོད་ཡུལ་ཏེ། །དམན་པའི་ཐེག་པ་ཀུན་ལ་མི་རིགས་ཀྱང་། །ཨ་ཏིས་རིག་པ་སྟོན་པ་འབྲས་བུའི་གནད། །སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་ འབྱུང་བ་ལ། །རྒྱུ་འབྲས་མཚན་མར་འཛིན་པ་འཁྲུལ་པའི་བློ། །ཨ་ཏིས་རྒྱུ་རྐྱེན་མེད་པར་བསྟན་པ་སྟེ། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །སངས་རྒྱས་སེམས་ཅན་དགོངས་སྤྱོད་དབྱེར་མེད་ལ། །འཁོར་འདས་གཉིས་སུ་འཛིན་པ་འཁྲུལ་པའི་ཀློང་། ། ཨ་ཏིས་གཉིས་སུ་མེད་པར་བསྟན་པ་དེས། །འོག་མ་རྣམས་ལ་མི་རི་གས་རིགས་པའི་གནད། །རྟོགས་དང་མ་རྟོགས་མེད་པར་གྲོལ་བ་ལ། །རྟོགས་ནས་གྲོལ་བར་འདོད་པ་ཉམས་པའི་དགྲ། །ཨ་ཏིས་མཉམ་ཉིད་གཅིག་ཏུ་བསྟན་པ་དེ། །འོག་མ་རྣམས་ལ་མི་རིས་ རིགས་པའི་གནད། །མཚོན་བྱེད་ཐབས་ཀྱི་ཁྱད་པར་མ་བསྟེན་པར། །བརྗོད་མེད་རྟོགས་པར་མི་འདོད་བླུན་པོའི་བློ། །ཨ་ཏིས་དོན་དམ་དབྱེར་མེད་བསྟན་པ་དེ། །འོག་མ་རྣས་ལ་མི་རིགས་རིགས་པའི་བནད། །རྫོགས་ཆེན་ཡེ་གདལ་གཏིང་མཐའ་མེད་པ་ལ། །ཐུག་ པ་མེད་ཅེས་ཟེར་བ་བླུན་པོའི་ཀློང་། །ཨ་ཏི་མུ་མེད་ཆིག་ཆོད་བསྟན་པ་དེ། །འོག་མའི་བློ་ཡུལ་མི་རིགས་རིགས་པའི་གནང་། །ཐིག་ལེ་གཅིག་ལ་རྒྱུ་མཚན་གོ་བཟློག་པས། །འབྲས་བུ་རེ་དོགས་ཆོད་དེ་མཁའ་དང་མཉམ། །ཡངས་སོ་ཆེའོ་མཁའ་མཉམ་རྒྱལ་བའི་ ཐུགས། །སྤངས་ཐོབ་མེད་དེ་ཐིག་ལེ་གཅིག་གི་ཀློང་། །ཡེ་ནས་གྲོལ་ལོ་རྟོགས་དང་མ་རྟོགས་མེད། །རྣལ་འབྱོར་མཁའ་མཉམ་བྱ་བྲལ་ལམ་དུ་བདེ། །ཡེ་སངས་རྒྱས་པའི་རིག་པ་ཡུལ་མེད་འདི། །འཁོར་བར་མི་འཁྱམ་འཁྲུལ་གཞི་ཀུན་ལས་འདས། །སུ་

[p. 678] ཡང་མ་འཁྲུལ་འཁྲུལ་པའི་གནས་མེད་དེ། །ཐམས་ཅད་ཆོས་དབྱིངས་ཀློང་གསལ་གཅིག་གི་ངང་། །སྔ་ཕྱི་རིས་མེད་མཁའ་མཉམ་ཡངས་པ་ཉིད། །ཡེ་བབས་ལྷུན་གྲུབ་འཁོར་བ་གདོད་ནས་དག །གྲོལ་བར་མི་འཇུག་མྱ་ངན་འདས་མ་ལེན། །མི་འགྱུར་ཀློང་ཆེན་འཁོར་འདས་ཡོད་མ་མྱོང་། །འདི་ལ་སྤངས་ཐོབ་རེ་དོགས་མི་དམིགས་ཤིང་། །གདོད་ནས་བྱང་ཆུབ་གཞི་ཀློང་ཡངས་པ་ཆེ། །ཐམས་ཅད་མིང་ཙམ་དོན་ལ་མཚོན་བརྗོད་འདས། །གྲོལ་དང་འཁྲུལ་མེད་འཁོར་འདས་ལ་ཟློས་པས། །སུ་ཡང་མ་རྩོལ་བཅོས་བསྒྱུར་མ་བྱེད་ཅིག །ཡངས་དོག་མཐོ་དམན་མེད་པའི་རིག་པ་ལ། །རྒྱ་ཆད་ཕྱོགས་ལྷུང་མེད་ཀྱིས་དམིགས་གཏད་ཤོལ། །བྱ་བྱེད་འགྲོ་འོང་མེད་པའི་རིག་པ་ལ། །དུས་དང་གཉེན་པོ་མེད་ཀྱིས་འཛིན་རྩོལ་ཞོག །ཆེད་དུ་དམིགས་པ་ཡོད་ན་འཆིང་བའི་རྒྱུ། །གང་ལའང་གཏད་འཛིན་མ་འཆའ་ཕྱམ་ལ་ཐོང་། །ཆོས་ཀུན་ཡེ་ནས་གྲོལ་རུང་མ་གྲོལ་རུང་། །གནས་ལུགས་རང་བཞིན་དག་རུང་མ་དག་རུང་། །སེམས་ཉིད་སྤྲོས་དང་བྲལ་རུང་མ་བྲལ་རུང་། །གཉུག་མའི་གཤིས་ལ་གྲུབ་རུང་མ་གྲུབ་རུང་། །འཁོར་འདས་རང་བཞིན་གཉིས་རུང་གཉིས་མ་རུང་། །བསམ་བརྗོད་ཀུན་ལས་འདས་རུང་མ་འདས་རུང་། །དགག་སྒྲུབ་འཁྲུལ་པ་ཞིག་རུང་མ་ཞིག་རུང་། །རྟོགས་པའི་ལྟ་བ་རྟོགས་རུང་མ་རྟོགས་རུང་། །ཆོས་ཉིད་དོན་ལ་བསྒོམས་རུང་མ་བསྒོམས་རུང་། །བླང་དོར་མེད་པས་སྤྱད་རུང་མ་སྤྱད་རུང་། །གནས་ལུགས་འབྲས་བུ་གྲུབ་རུང་མ་གྲུབ་རུང་། ས་དང་ལམ་རྣམས་བགྲོད་རུང་མ་བགྲོད་རུང་། །སྒྲིབ་པ་ཀུན་དང་བྲལ་རུང་མ་བྲལ་རུང། །བསྐྱེད་རྫོགས་ཆོས་ཉིད་རྫོགས་རུང་མ་རྫོགས་རུང་། །ཐར་པའི་འབྲས་བུ་ཐོབ་རུང་མ་ཐོབ་རུང་། །འགྲོ་དྲུག་འཁོར་བར་འཁྱམས་རུང་མ་འཁྱམས་རུང་། །རང་བཞིན་ལྷུན་གྱིས་གྲུབ་རུང་མ་གྲུབ་རུང་། རྟག་ཆད་གཉིས་འཛིན་བཅིངས་རུང་མ་བཅིངས་རུང་། །ཆོས་ཉིད་དགོངས་པར་སླེབ་རུང་མ་སླེབ་རུང་། །གོང་མའི་རྗེས་སུ་སྙོགས་རུང་མ་སྙོགས་རུང་། །གནམ་ས་

[p. 679] འདྲེ་ལྡོག་སྣང་བ་ཅི་ཤར་ཡང་། །ཕྱལ་པ་ལྷུག་པ་གཞི་མེད་ཟང་ཀ་མ། །གཏད་མེད་ཟང་ཟིང་ཕན་བུན་ཆ་ལ་མ་ཚོལ། །རེ་དོགས་གཉིས་མེད་སྨྱོན་པའི་ངང་ཚུལ་ཅན། །ལྟ་སྒོམ་རིས་མེད་ཆེད་འཛིན་འདོད་བློ་ཞིག །ཞེ་འདོད་འཁྲིས་མེད་འདི་ཞེས་རྩོལ་སྒྲུབ་མེད། །གང་བྱུང་བྱུང་ལ་གང་སྣང་སྣང་དུ་ཆུག །གང་ཤར་ཤར་ལ་གང་ཡིན་ཡིན་དུ་ཆུག །གང་ཡང་ཡིན་ལ་གང་ཡང་མིན་དུ་ཆུག །ཀུན་སྤྱོད་ངེས་མེད་རིག་པ་ཐོད་རྒལ་དང་། །ཆོས་དང་ཆོས་མིན་རྩིས་གཞི་འགའ་མེད་པས། །གཏད་མེད་ཟང་ཀ་གྲུབ་མཐའི་གཟེབ་ལས་འདས། །ཟ་འཆག་ཉལ་འདུག་ཉིན་ཞག་ཕྱམ་གདལ་བས། །རང་བཞིན་ཆོས་ཉིད་མཉམ་པའི་ངང་ཉིད་དེ། །མཆོད་པའི་ལྷ་མེད་བརྡུང་བའི་འདྲེ་ཡང་མེད། །སྒོམ་པའི་ཆོས་མེད་ཐ་མལ་རང་དགའི་ངང་། །མ་བཅོས་རྒྱལ་པོ་སྙེམས་མེད་ཕྱམ་གཅིག་པས། །ཕྱལ་པ་ལྷུག་པ་ལྷུན་གྲུབ་གཅིག་པུ་ཉིད། །མ་བྱས་ཡེ་ཟིན་རྩོལ་སྒྲུབ་བྲལ་བས་བདེ། །ལྟ་བའི་གཞི་མེད་སྒོམ་པའི་ངང་མེད་ལ། །སྤྱད་པའི་ཆོས་མེད་བསྒྲུབ་འདོད་འབྲས་བུ་མེད། །ཐམས་ཅད་རིས་མེད་མཉམ་པར་ཕྱམ་གདལ་བས། །བྱ་རྩོལ་མ་དགོས་ཡངས་དོག་མེད་པར་བདེ། །སྨོན་པ་མེད་པས་སྒྲུབ་བློའི་ཆོས་ཟད་དེ། །སྤང་བྱ་མེད་པས་གཉེན་པོའི་འཆིང་ཞེན་འདས། །གང་ཡིན་ཀུན་ཡིན་ཡིན་མིན་འགའ་མེད་པས། །གང་སྣང་གང་ཤར་འདེམ་ཀ་མེད་པར་གྲོལ། །མ་གྲོལ་ཡེ་གྲོལ་རང་གྲོལ་ཆོས་མེད་པས། །ཕྱམ་གཅིག་གཏད་མེད་ལ་བཟླའི་ཆོས་ལས་འདས། །ཀློང་ཡངས་ཀློང་ཡངས་ཀློང་ཆེན་ཡངས་པའི་ངང་། །ཀློང་ཆེན་རབ་འབྱམས་ཀློང་གསལ་ཀློང་འབྱམས་པས། །ཀློང་གཅིག་གཉིས་མེད་བདེ་ཀློང་འཁྲིལ་པ་ནི། །སྣ་ཚོགས་རང་གྲོལ་ཆོས་ཉིད་ཟད་སར་ཕྱིན། །མི་འགྱུར་ལྷུན་གྲུབ་འདུན་མ་ལེགས་པའི་རྩེ། །བདག་གཞན་རྗེས་སུ་འཇུག་པའི་འགྲོ་རྣམས་ཀྱང་། །འདི་བཞིན་ཡེ་འབྱམས་ཀློང་ཆེན་གཅིག་ཏུ་དྲིལ། །ཀུན་བཟང་ས་ལ་གཏན་སྲིད་ཟིན་པ་ཡིན། །

[p. 680] ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་དུ་ལ་བཟླ་བར་བསྟན་པའི་ལེའུ་སྟེ་དགུ་པའོ།། །།

[edit]
OCR of the BDRC scans (I3CN4267), gorn05 tibocr 2026: BDRC OCR on 226 pages, Mitra OCR on 175 pages (the model with more recognisable syllables on each page).

[p. 37] རང་བཞིན་ཡངས་པ་ཆེན་པོའི་ཀློང་གཅིག་ལ། །མཁའ་མཉམ་བྱང་ཆུབ་སེམས་ཀྱི་ གནམ་གཟེར་ནི། །གནད་དུ་དྲིལ་ཏེ་བཅུད་དུ་ཕྱུང་བ་ནི། །ཆེ་བའི་ཆེ་བ་ཀུན་བཟང་ ཡངས་པའི་ཐུགས། །རང་གི་ངོ་བོས་སྤྱི་རྒྱ་རླབས་ཀྱིས་བཅད། །ཀློང་ཆེན་གཅིག་ ལ་རྟོགས་དང་མ་རྟོགས་དང་། །གྲོལ་དང་མ་གྲོལ་གཉིས་མེད་མཉམ་པ་ཆེ། །སྒོ་ ངའི་ནང་ནས་འདབ་གཤོག་རྒྱས་པའི་བྱ། །རྒྱ་དང་བྲལ་བས་ནམ་མཁའི་ཀློང་ན་

[p. 38] ཆོས་དབྱིངས་རིན་པོ་ཆེའི་མཛོད། གནས། །ཀླུ་རྣམས་ཟིལ་གནོན་གཡང་ས་ཤུགས་ཀྱིས་ཆོད། །ཐེག་པའི་ཡང་རྩེ་རྡོ་རྗེ་ སྙིང་པོ་ཡང་། །ཇི་བཞིན་རྟོགས་པའི་རྣལ་འབྱོར་སྐལ་བ་ཅན། །ཐེག་དམན་ཟིལ་ གནོན་འཁོར་བའི་གཡང་ས་ཆོད། །ཀུན་གྲོལ་མཉམ་པ་ཆེན་པོར་གནས་པ་དེ། ། རྒྱུ་འབྲས་རྩོལ་སྒྲུབ་ཅན་ལ་མི་རིགས་ཀྱང་། །ཐེག་མཆོག་མི་གཡོ་མཉམ་པའི་དོན་ ལ་འཐད། །ཐམས་ཅད་བདེ་ཆེན་མཁའ་མཉམ་ཆོས་སྐུའི་ཀློང་། །ཆོས་སྐུའི་ཀློང་དུ་ མ་གྲོལ་འགའ་ཡང་མེད། །ཆོས་ཉིད་རང་བཞེངས་རྡོ་རྗེ་སྙིང་པོའི་སྐུ། །བག་ཆགས་ ལུས་ལ་སྙིང་པོའི་རྩལ་རྫོགས་ཏེ། །སྐྱེ་ཤི་བར་དོ་སྲིད་པའི་ལུས་བོར་ནས། །རིག་ པ་གཅིག་པུ་ཀུན་དང་དབྱེར་མེད་ཅིང་། །ལྷུན་གྲུབ་ས་ལ་རྒྱལ་པོ་༧སྲིད་ཟིན་ནས། ། རྒྱ་ཆད་མེད་པར་སྤྲུལ་པ་འབྱུང་བ་དང་། །ཐོགས་པ་མེད་པར་ཀུན་ལ་འཇུག་པ་ནི། ། བྱར་མེད་རླུང་ཞོན་རྣལ་འབྱོར་སྤྱོད་ཡུལ་ཏེ། །དམན་པའི་ཐེག་པ་ཀུན་ལ་མི་རིགས་ ཀྱང་། །ཨ་ཏིས་རིག་པར་སྟོན་པ་འབྲས་བུའི་གནད། སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་ འབྱུང་བ་ལ། །རྒྱུ་འབྲས་མཚན་མར་འཛིན་པ་འཁྲུལ་པའི་བློ། །ཨ་ཏིས་རྒྱུ་རྐྱེན་ མེད་པར་བསྟན་པ་ནི། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །སངས་ རྒྱས་སེམས་ཅན་དགོངས་སྤྱོད་དབྱེར་མེད་ལ། །འཁོར་འདས་གཉིས་སུ་འཛིན་ པ་འཁྲུལ་པའི་བློ། །ཨ་ཏིས་གཉིས་སུ་མེད་པར་བསྟན་པ་དེས། །འོག་མ་རྣམས་ལ་ མི་རིགས་རིགས་པའི་གནད། །རྟོགས་དང་མ་རྟོགས་མེད་པར་གྲོལ་བ་ལ། ། རྟོགས་ནས་གྲོལ་བར་འདོད་པ་ཉམས་པའི་དགྲ། །ཨ་ཏིས་མཉམ་ཉིད་གཅིག་ཏུ་ བསྟན་པ་དེ། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །མཚོན་བྱེད་ཐབས་ ཀྱི་ཁྱད་པར་མ་བསྟེན་པར། །བརྗོད་མེད་རྟོགས་པར་མི་འདོད་བླུན་པོའི་བློ། །ཨ་ ཏིས་དོན་དམ་དབྱེར་མེད་བསྟན་པ་དེ། །འོག་མ་རྣམས་ལ་མི་རིགས་རིགས་པའི་

[p. 39] །ཆོས་དབྱིངས་མཛོད་ཀྱི་རྩ་བ། གནད། །རྫོགས་ཆེན་ཡེ་གདལ་གཏིང་མཐའ་མེད་པ་ལ། །ཐུག་པ་མེད་ཅེས་ཟེར་ བ་བླུན་པོའི་བློ། ཨ་ཏིས་མུ་མེད་ཚིག་ཆོད་བསྟན་པ་དེ། །འོག་མའི་བློ་ཡུལ་མི་ རིགས་རིགས་པའི་གནད། །ཐིག་ལེ་གཅིག་ལ་རྒྱུ་མཚན་གོ་བཟློག་པས། །འབྲས་ བུ་རེ་དོགས་ཆོད་དེ་མཁའ་དང་མཉམ་། །ཡངས་སོ་ཆེའོ་མཁའ་མཉམ་རྒྱལ་བའི་ ཐུགས། །སྤངས་ཐོབ་མེད་དེ་ཐིག་ལེ་གཅིག་གི་ཀློང་། །ཡེ་ནས་གྲོལ་ལོ་རྟོགས་དང་ མ་རྟོགས་མེད། །རྣལ་འབྱོར་མཁའ་མཉམ་བྱ་བྲལ་ལམ་དུ་བདེ། །ཡེ་སངས་ རྒྱས་པའི་རིག་པ་ཡུལ་མེད་འདི། །འཁོར་བར་མི་འཁྱམ་འཁྲུལ་གཞི་ཀུན་ལས་ འདས། །སུ་ཡང་མ་འཁྲུལ་འཁྲུལ་པའི་གནས་མེད་དེ། །ཐམས་ཅད་ཆོས་དབྱིངས་ ཀློང་གསལ་གཅིག་གི་ངང་། །སྔ་ཕྱི་རིས་མེད་མཁའ་མཉམ་ཡངས་པ་ཉིད། །ཡེ་ བབས་ལྷུན་གྲུབ་འཁོར་བ་གདོད་ནས་དག །གྲོལ་བར་མི་འཇུག་མྱ་ངན་འདས་མི་ ལེན། །མི་འགྱུར་ཀློང་ཆེན་འཁོར་འདས་ཡོད་མ་མྱོང་། །འདི་ལ་སྤངས་ཐོབ་རེ་ དོགས་མི་དམིགས་ཤིང་། །གདོད་ནས་བྱང་ཆུབ་གཞི་ཀློང་ཡངས་པ་ཆེ། །ཐམས་ ཅད་མིང་ཙམ་དོན་ལ་མཚོན་བརྗོད་འདས། །གྲོལ་དང་འཁྲུལ་མེད་འཁོར་འདས་ ལ་ཟློས་པས། །སུ་ཡང་མ་རྩོལ་བཅོས་བསྒྱུར་མ་བྱེད་ཅིག །ཡངས་དོག་མཐོ་དམན་ མེད་པའི་རིག་པ་ལ། །རྒྱ་ཆད་ཕྱོགས་ལྷུང་མེད་ཀྱིས་དམིགས་གཏད་ཤོལ། །བྱ་ བྱེད་འགྲོ་འོང་མེད་པའི་རིག་པ་ལ། །དུས་དང་གཉེན་པོ་མེད་ཀྱིས་འཛིན་རྩོལ་ཞོག ། ཆེད་དུ་དམིགས་པ་ཡོད་ན་འཆིང་བའི་རྒྱུ། །གང་ལའང་གཏད་འཛིན་མ་འཆའ་ཕྱམ་ ལ་ཐོང་། །ཆོས་ཀུན་ཡེ་ནས་གྲོལ་རུང་མ་གྲོལ་རུང་། །གནས་ལུགས་རང་ བཞིན་དག་རུང་མ་དག་རུང་། །སེམས་ཉིད་སྤྲོས་དང་བྲལ་རུང་མ་བྲལ་རུང་། ། གཉུག་མའི་གཤིས་ལ་གྲུབ་རུང་མ་གྲུབ་རུང་། །འཁོར་འདས་རང་བཞིན་གཉིས་

[p. 40] ཆོས་དབྱིངས་རིན་པོ་ཆེའི་མཛོད། རུང་མི་གཉིས་རུང་། །བསམ་བརྗོད་ཀུན་ལས་འདས་རུང་མ་འདས་རུང་། །དགག་ སྒྲུབ་འཁྲུལ་པ་ཞིག་རུང་མ་ཞིག་རུང་། །རྟོགས་པའི་ལྟ་བ་རྟོགས་རུང་མ་རྟོགས་རུང་། ། ཆོས་ཉིད་དོན་ལ་བསྒོམས་རུང་མ་བསྒོམས་རུང་། །བླང་དོར་མེད་པས་སྤྱད་རུང་མ་ སྤྱད་རུང་། །གནས་ལུགས་འབྲས་བུ་གྲུབ་རུང་མ་གྲུབ་རུང་། །ས་དང་ལམ་རྣམས་ བགྲོད་རུང་མ་བགྲོད་རུང་། །སྒྲིབ་པ་ཀུན་དང་བྲལ་རུང་མ་བྲལ་རུང་། །བསྐྱེད་ རྫོགས་ཆོས་ཉིད་རྫོགས་རུང་མ་རྫོགས་རུང་། །ཐར་པའི་འབྲས་བུ་ཐོབ་རུང་མ་ཐོབ་ རུང་། །འགྲོ་དྲུག་འཁོར་བར་འཁྱམས་རུང་མ་འཁྱམས་རུང་། །རང་བཞིན་ལྷུན་ གྱིས་གྲུབ་རུང་མ་གྲུབ་རུང་། །རྟག་ཆད་གཉིས་འཛིན་བཅིངས་རུང་མ་བཅིངས་ རུང་། །ཆོས་ཉིད་དགོངས་པར་སླེབ་རུང་མ་སླེབ་རུང་། །གོང་མའི་རྗེས་སུ་སྙོགས་ རུང་མ་སྙོགས་རུང་། །གནམ་ས་འདྲེ་ལྡོག་སྣང་བ་ཅི་ཤར་ཡང་། །ཕྱལ་བ་ལྷུག་པ་ གཞི་མེད་ཟང་ཀ་མ། །གཏད་མེད་ཟང་ཟིང་བན་བུན་ཆལ་མ་ཆོལ། །རེ་དོགས་ གཉིས་མེད་སྨྱོན་པའི་ངང་ཚུལ་ཅན། །ལྟ་སྒོམ་རིས་མེད་ཆེད་འཛིན་འདོད་བློ་ཞིག ། ཞེ་འདོད་འཁྲིས་མེད་འདི་ཞེས་རྩོལ་སྒྲུབ་མེད། །གང་བྱུང་བྱུང་ལ་གང་སྣང་སྣང་དུ་ ཆུག །གང་ཤར་ཤར་ལ་གང་ཡིན་ཡིན་དུ་ཆུག །གང་ཡང་ཡིན་ལ་གང་ཡང་མིན་དུ་ ཆུག །ཀུན་སྤྱོད་ངེས་མེད་རིག་པ་ཐོད་རྒལ་ངང་། །ཆོས་དང་ཆོས་མིན་རྩིས་གཞི་ འགའ་མེད་པས། །གཏད་མེད་ཟང་ཀ་གྲུབ་མཐའི་གཟེབ་ལས་འདས། །ཟ་འཆག་ ཉལ་འདུག་ཉིན་ཞག་ཕྱམ་གདལ་བས། །རང་བཞིན་ཆོས་ཉིད་མཉམ་པའི་ངང་ཉིད་ དེ༑ ༑མཆོད་པའི་ལྷ་མེད་བརྡུང་བའི་འདྲེ་ཡང་མེད། །སྒོམ་པའི་ཆོས་མེད་ཐ་མལ་ རང་དགའི་ངང་། །མ་བཅོས་རྒྱལ་པོ་སྙེམས་མེད་ཕྱམ་གཅིག་པས། །ཕྱལ་བ་ལྷུག་ པ་་་ལྷུན་གྲུབ་གཅིག་པུ་ཉིད། །མ་བྱས་ཡེ་ཟིན་རྩོལ་སྒྲུབ་བྲལ་བས་བདེ། །ལྟ་

[p. 41] ༈ ཆོས་དབྱིངས་མཛོད་ཀྱི་རྩ་བ། བའི་གཞི་མེད་སྒོམ་པའི་ངང་མེད་ལ། །སྤྱད་པའི་ཆོས་མེད་བསྒྲུབ་འདོད་འབྲས་བུ་ མེད། །ཐམས་ཅད་རིས་མེད་མཉམ་པར་ཕྱམ་འདས་པ ༧། །བྱ་རྩོལ་མ་དགོས་ ཡངས་དོག་མེད་པར་བདེ། །སྨོན་པ་མེད་པས་སྒྲུབ་བློའི་ཆོས་ཟད་དེ། །སྤང་བྱ་མེད་ པས་གཉེན་པོའི་འཆིང་ཞེན་འདས། །གང་ཡིན་ཀུན་ཡིན་ཡིན་མིན་འགའ་མེད་པས། ། གང་སྣང་གང་ཤར་འདེམ་ཀ་མེད་པར་གྲོལ། །མ་གྲོལ་ཡེ་གྲོལ་རང་གྲོལ་ཆོས་མེད་ པས། །ཕྱམ་གཅིག་གཏད་མེད་ལ་བཟླའི་ཆོས་ལས་འདས། །ཀློང་ཡངས་ཀློང་ ཡངས་ཀློང་ཆེན་ཡངས་པའི་ངང་། །ཀློང་ཆེན་རབ་འབྱམས་ཀློང་གསལ་ཀློང་ འབྱམས་པས། །ཀློང་གཅིག་གཉིས་མེད་བདེ་ཀློང་འཁྱིལ་པ་ནི། །སྣ་ཚོགས་རང་ གྲོལ་ཆོས་ཉིད་ཟད་སར་ཕྱིན། །མི་འགྱུར་ལྷུན་གྲུབ་འདུན་མ་ལེགས་པའི་རྩེ། ། བདག་བཞིན་རྗེས་སུ་འཇུག་པའི་འགྲོ་རྣམས་ཀྱང་། །འདི་བཞིན་ཡེ་འབྱམས་ཀློང་ ཆེན་གཅིག་ཏུ་དྲིལ། །ཀུན་བཟང་ས་ལ་གཏན་སྲིད་ཟིན་པ་ཡིན། །ཆོས་དབྱིངས་ རིན་པོ་ཆེའི་མཛོད་ལས། ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་དུ་ལ་བཟླ་བར་ བསྟན་པའི་ལེའུ་སྟེ་དགུ་པའོ།། །།

[edit]
OCR of the BDRC scans (I3CN14273), gorn05 tibocr 2026: BDRC OCR on 317 pages, Mitra OCR on 187 pages (the model with more recognisable syllables on each page).

[p. 24] རང་བཞིན་ཡངས་པ་ཆེན་པོའི་ཀློང་གཅིག་ལ། ། མཁའ་མཉམ་བྱང་ཆུབ་སེམས་ཀྱི་གནམ་གཟེར་ནི། །གནད་དུ་དྲིལ་ཏེ་བཅུད་དུ་ཕྱུང་བ་ནི། །ཆེ་བའི་ཆེ་བ་ཀུན་བཟང་ཡངས་པའི་ཐུགས། །རང་གི་ངོ་བོས་སྤྱི་རྒྱལ་རླབས་ཀྱིས་བཅད། །ཀློང་ཆེན་གཅིག་ལ་རྟོགས་དང་མ་རྟོགས་ དང་། །གྲོལ་དང་མ་གྲོལ་གཉིས་མེད་མཉམ་པ་ཆེ། །སྒོ་ངའི་ནང་ནས་འདབ་གཤོག་རྒྱས་པའི་བྱ། །རྒྱ་དང་བྲལ་བས་ནམ་མཁའི་ཀློང་ན་གནས། །ཀླུ་རྣམས་ཟིལ་གནོན་གཡང་ས་ཤུགས་ཀྱིས་ཆོད། །ཐེག་པའི་ཡང་རྩེ་

[p. 25] ༄༅། །རྡོ་རྗེ་སྙིང་པོ་ཡང་། །དྲི་བཞིན་རྟོགས་པའི་རྣལ་འབྱོར་སྐལ་བ་ཅན། །ཐེག་དམན་ཟིལ་གནོན་འཁོར་བའི་གཡང་ས་ཆོད། །ཀུན་གྲོལ་མཉམ་པ་ཆེན་པོར་གནས་པ་དེ། །རྒྱུ་འབྲས་རྩོལ་སྒྲུབ་ཅན་ལ་མི་ རིགས་ཀྱང་། །ཐེག་མཆོག་མི་གཡོ་མཉམ་པའི་དོན་ལ་འཐད། །ཐམས་ཅད་བདེ་ཆེན་མཁའ་མཉམ་ཆོས་སྐུའི་ཀློང་། །ཆོས་སྐུའི་ཀློང་དུ་མ་གྲོལ་འགའ་ཡང་མེད། །ཆོས་ཉིད་རང་བཞེངས་རྡོ་རྗེ་སྙིང་པོའི་སྐུ། །བག་ཆགས་ ལུས་ལ་སྙིང་པོའི་རྩེ་ལ་རྫོགས་ཏེ། །སྐྱེ་ཤི་བར་དོ་སྲིད་པའི་ལུས་ཡོད་ནས། །རིག་པ་གཅིག་པུ་ཀུན་དང་དབྱེར་མེད་ཅིང་། །ལྷུན་གྲུབ་ས་ལ་རྒྱལ་བའི་སྲིད་ཟིན་ནས། །རྒྱ་ཆད་མེད་པར་སྤྲུལ་པ་འབྱུང་བ་དང་། །ཐོགས་པ་ མེད་པར་ཀུན་ལ་འཇུག་པ་ནི། །ཁྱད་མེད་རླུང་ཞོན་གྱིས་འཕྱོ་བ་སྤྱོད་ཡུལ་ཏེ། །དམན་པའི་ཐེག་པ་ཀུན་ལ་མི་རིགས་ཀྱང་། །ཨ་ཏིས་རིག་པ་སྟོན་པ་འབྲས་བུའི་གནད། །སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་འབྱུང་བ་ལ། །རྒྱུ་འབྲས་ མཚན་མར་འཛིན་པ་འཁྲུལ་པའི་བློ། །ཨ་ཏིས་རྒྱུ་རྐྱེན་མེད་པར་བསྟན་པ་སྟེ། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །སངས་རྒྱས་སེམས་ཅན་དགོངས་སྤྱོད་དབྱེར་མེད་ལ། །འཁོར་འདས་གཉིས་སུ་འཛིན་ པ་འཁྲུལ་པའི་ཀློང་། །ཨ་ཏིས་གཉིས་སུ་མེད་པར་བསྟན་པ་དེས། །འོག་མ་རྣམས་ལ་མི་རིས་རིགས་པའི་གནད། །རྟོགས་དང་མ་རྟོགས་མེད་པར་གྲོལ་བ་ལ། །རྟོགས་ནས་གྲོལ་བར་འདོད་པ་ཉམས་པའི་དགྲ།

[p. 26] ཨ་ཏིས་མཉམ་ཉིད་གཅིག་ཏུ་བསྟན་པ་དེ། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །མཚོན་བྱེད་ཐབས་ཀྱི་ཁྱད་པར་མ་བསྟེན་པར། །བརྗོད་མེད་རྟོགས་པར་མི་འདོད་བླུན་པོའི་བློ། །ཨ་ཏིས་དོན་དམ་དབྱེར་མེད་བསྟན་པ་ དེ༑ ༑འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །རྫོགས་ཆེན་ཡེ་གདལ་གཏིང་མཐའ་མེད་པ་ལ། །ཐུག་པ་མེད་ཅེས་ཟེར་བ་བླུན་པོའི་ཀློང་། །ཨ་ཏི་མུ་མེད་ཚིག་ཆོད་བསྟན་པ་དེ། །འོག་མའི་བློ་ཡུལ་མི་རིགས་ རིགས་པའི་གནད། །ཐིག་ལེ་གཅིག་ལ་རྒྱུ་མཚན་གོ་བཟློག་པས། །འབྲས་བུ་རེ་དོགས་ཆོད་དེ་མཁའ་དང་མཉམ། །ཡངས་སོ་ཚེའི་མཁའ་མཉམ་རྒྱལ་བའི་ཐུགས། །སྤངས་ཐོབ་མེད་དེ་ཐིག་ལེ་གཅིག་གི་ཀློང་། །ཡེ་ནས་ གྲོལ་ལོ་རྟོགས་དང་མ་རྟོགས་མེད། །རྣལ་འབྱོར་མཁའ་མཉམ་བྱ་བྲལ་ལམ་དུ་བདེ། །ཡེ་སངས་རྒྱས་པའི་རིག་པ་ཡུལ་མེད་འདི། །འཁོར་བར་མི་འཁྱམ་འཁྲུལ་གཞི་ཀུན་ལས་འདས། །སུ་ཡང་མ་འཁྲུལ་འཁྲུལ་ པའི་གནས་མེད་དེ། །ཐམས་ཅད་ཆོས་དབྱིངས་ཀློང་གསལ་གཅིག་གི་ངང་། །སྡེ་ཕྱི་རིས་མེད་མཁའ་མཉམ་ཡངས་པ་ཉིད། །ཡེ་འདས་ལྷུན་གྲུབ་འཁོར་བ་གདོད་ནས་དག །གྲོལ་བར་མི་འཇུག་མྱ་ངན་འདས་མི་ལེན། ། མི་འགྱུར་ཀློང་ཆེན་འཁོར་འདས་ཡོད་མ་མྱོང་། །འདི་དང་སྤངས་ཐོབ་རེ་དོགས་མི་དམིགས་ཤིང་། །གདོད་ནས་བྱང་ཆུབ་གཞི་ཀློང་ཡངས་པ་ཆེ། །ཐམས་ཅད་མིང་ཙམ་དོན་ལ་མཚོན་བརྗོད་འདས། །གྲོལ་དང་འཁྲུལ་

[p. 27] ༄༅། །མེད་འཁོར་འདས་ལ་ཟློས་པས། །སུ་ཡང་མ་རྩོལ་བཅོས་བསྒྱུར་མ་བྱེད་ཅིག །ཡངས་དོག་མཐོ་དམན་མེད་པའི་རིག་པ་ལ། །རྒྱ་ཆད་ཕྱོགས་ལྷུང་མེད་ཀྱིས་དམིགས་གཏད་ཤོལ། ། བྱ་བྱེད་འགྲོ་འོང་མེད་པའི་རིག་པ་ལ། །དུས་དང་གཉེན་པོ་མེད་ཀྱིས་འཛིན་རྩོལ་ཞོག །ཆེད་དུ་དམིགས་པ་ཡོད་ན་འཆིང་བའི་རྒྱུ། །གཞིལ་འང་གཏིང་འཛིན་མ་འཆའ་བྱ་མ་ལ་ཐོང་། །ཆོས་ཀུན་ཡེ་ནས་གྲོལ་རུང་ མ་གྲོལ་རུང་། །གནས་ལུགས་རང་བཞིན་དག་རུང་མ་དག་རུང་། །སེམས་ཉིད་སྤྲོས་དང་གྲལ་རུང་མ་བྲལ་རུང་། །གཉུག་མའི་གཤིས་ལ་གྲུབ་རུང་མ་གྲུབ་རུང་། །འཁོར་འདས་རང་བཞིན་གཉིས་རུང་གཉིས་མ་རུང་། ། བསམ་བརྗོད་ཀུན་ལས་འདས་རུང་མ་འདས་རུང་། །དགག་སྒྲུབ་འཁྲུལ་པ་ཞིག་རུང་མ་ཞིག་རུང་། །རྙོགས་པའི་ལྟ་བ་རྟོགས་རུང་མ་རྟོགས་རུང་། །ཆོས་ཉིད་དོན་ལ་བསྒོམས་རུང་མ་བསྒོམས་རུང་། །བླང་དོར་མེད་པས་ སྤྱད་རུང་མ་སྤྱད་རུང་། །གནས་ལུགས་འབྲས་བུ་གྲུབ་རུང་མ་གྲུབ་རུང་། །ས་དང་ལམ་རྣམས་བགྲོད་རུང་མ་བགྲོད་རུང་། །སྒྲིབ་པ་ཀུན་དང་བྲལ་རུང་མ་བྲལ་རུང་། །བསྐྱེད་རྫོགས་ཆོས་ཉིད་རྫོགས་རུང་མ་རྫོགས་རུང་། ། ཐར་པའི་འབྲས་བུ་ཐོབ་རུང་མ་ཐོབ་རུང་། །འགྲོ་དྲུག་འཁོར་བར་འཁྱམས་རུང་མ་འཁྱམས་རུང་། །རང་བཞིན་ལྷུན་གྱིས་གྲུབ་རུང་མ་གྲུབ་རུང་། །རྟག་ཆད་གཉིས་འཛིན་བཅིངས་རུང་མ་བཅིངས་རུང་། །ཆོས་ཉིད་དགོངས་

[p. 28] པར་སླེབ་རུང་མ་སླེབ་རུང་། །གོང་མའི་རྗེས་སུ་སྙོགས་རུང་མ་སྙོགས་རུང་། །གཞམ་ས་འདྲེ་ལྡོག་སྣང་བ་ཅི་ཤར་ཡང་། །ཕྱལ་པ་ལྷུག་པ་གཞི་མེད་ཟང་ཀ་མ། །གཏད་མེད་ཟང་ཟིང་བན་བུན་ཆལ་མ་ཚོལ། །རེ་དོགས་གཉིས་ མེད་སྨྱོན་པའི་ངང་ཚུལ་ཅན། །ལྟ་སྒོམ་རིས་མེད་ཆེད་འཛིན་འདོད་བློ་ཞིག། ཞེ་འདོད་འཁྲིས་མེད་འདི་ཞེས་རྩོལ་སྒྲུབ་མེད། །གང་བྱུང་བྱུང་ལ་གང་སྣང་སྣང་དུ་ཆུག། གང་ཤར་ཤར་ལ་གང་ཡིན་ཡིན་དུ་ཆུག། གང་ ཡང་ཡིན་ལ་གང་ཡང་མིན་དུ་ཆུག །ཀུན་སྤྱོད་ངེས་མེད་རིག་པ་ཐོད་རྒལ་དང་། །ཆོས་དང་ཆོས་མིན་རྩིས་གཞི་འགའ་མེད་པས། །གཏད་མེད་ཟང་ཀ་གྲུབ་མཐའི་གཟེབ་ལས་འདས། །ཟ་འཆག་ཉལ་འདུག་ཉིན་ཞག་ཕྱམ་ གདལ་བས། །རང་བཞིན་ཆོས་ཉིད་མཉམ་པའི་ངང་ཉིད་དེ། །མཆོད་པའི་ལྷ་མེད་བརྡུང་བའི་འདྲེ་ཡང་མེད། །སྒོམ་པའི་ཆོས་མེད་ཐ་མལ་རང་དགའི་ངང་། །མ་བཅོས་རྒྱལ་པོ་སྙེམས་མེད་ཕྱམ་གཅིག་པས། །ཕྱལ་པ་ལྷུག་པ་ ལྷུན་གྲུབ་གཅིག་པུ་ཉིད། །མ་བྱས་ཡེ་ཟིན་རྩོལ་སྒྲུབ་བྲལ་བས་བདེ། །ལྟ་བའི་གཞི་མེད་སྒོམ་པའི་ངང་མེད་ལ། །སྤྱད་པའི་ཆོས་མེད་བསྒྲུབ་བྱའི་འབྲས་བུ་མེད། །ཐམས་ཅད་རིས་མེད་མཉམ་པར་ཕྱམ་གདལ་བས། །བྱ་ རྩོལ་མ་དགོས་ཡངས་དོག་མེད་པར་བདེ། །སྨོན་པ་མེད་པས་སྒྲུབ་བློའི་ཆོས་ཟད་དེ། །སྤང་བྱ་མེད་པས་གཉེན་པོའི་འཆིང་ཞེན་འདས། །གང་ཡིན་ཀུན་ཡིན་ཡིན་མིན་འགའ་མེད་པས། །གང་སྣང་གང་ཤར་འདེམ་ཀ་

[p. 29] ༄༅། །མེད་པར་གྲོལ། །མ་གྲོལ་ཡེ་གྲོལ་རང་གྲོལ་ཆོས་མེད་པས། །ཕྱམ་གཅིག་གཏང་མེད་ལ་བཟླའི་ཆོས་ལས་འདས། །གློང་ཡངས་གློང་ཡངས་གློང་ཆེན་ཡངས་པའི་ངང་། །གློང་ཆེན་རང་འབྱམས་གློང་ གསལ་གློང་འབྱམས་པས། །གློང་གཅིག་གཉིས་མེད་བའི་གློང་འཁྱིལ་བ་ནི། །སྣ་ཚོགས་རང་གྲོལ་ཆོས་ཉིད་ཟད་སར་ཕྱིན། །མི་འགྱུར་ལྷུན་གྲུབ་འདུན་མ་ལེགས་པའི་རྩེ། །བདག་གཞན་རྗེས་སུ་འཇུག་པའི་འགྲོ་རྣམས་ ཀྱང་། །འདི་བཞིན་ཡེ་འབྱམས་གློང་ཆེན་གཅིག་ཏུ་དྲིལ། །ཀུན་བཟངས་ལ་གཏང་སྲིད་ཟིན་པ་ཡིན། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། །ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་གློང་དུ་ལ་བཟླ་བར་བསྟན་པའི་ལེའུ་སྟེ་ དགུ་པའོ།། །།

[edit]
OCR of the BDRC scans (I00EGS1017028), gorn05 tibocr 2026: BDRC OCR on 90 pages, Mitra OCR on 19 pages (the model with more recognisable syllables on each page).

[p. 43] རང་བཞིན་ཡངས་པ་ཆེན་པོའི་ཀློང་གཅིག་ལ། །མཁའ་མཉམ་བྱང་ཆུབ་སེམས་ཀྱི་གནམ་གཟེར་ ནི། །གནད་དུ་དྲིལ་ཏེ་བཅུད་དུ་ཕྱུང་བ་ནི། །ཆེ་བའི་ཆེ་བ་ཀུན་བཟང་ཡངས་པའི་ཐུགས། །རང་གི་ངོ་བོས་སྤྱི་རྒྱ་རླབས་ཀྱིས་་་་་ བཅད། །ཀློང་ཆེན་གཅིག་ལ་རྟོགས་དང་མ་རྟོགས་དང་། །གྲོལ་དང་མ་གྲོལ་གཉིས་མེད་མཉམ་པ་ཆེ། །སྒོ་ངའི་ནང་ནས་་་་་ འདབ་གཤོག་རྒྱས་པའི་བྱ། །རྒྱ་དང་བྲལ་བས་ནམ་མཁའི་ཀློང་ན་གནས། །ཀླུ་རྣམས་ཟིལ་གནོན་གཡང་ས་ཤུགས་ཀྱིས་

[p. 44] ཆོད། །ཐེག་པའི་ཡང་རྩེ་རྡོ་རྗེ་སྙིང་པོ་ཡང་། །ཇི་བཞིན་རྟོགས་པའི་རྣལ་འབྱོར་སྐལ་བ་ཅན། །ཐེག་དམན་ཟིལ་གནོན་འཁོར་ བའི་གཡང་ས་ཆོད། །ཀུན་གྲོལ་མཉམ་པ་ཆེན་པོར་གནས་པ་དེ། །རྒྱུ་འབྲས་རྩོལ་སྒྲུབ་ཅན་ལ་མི་རིགས་ཀྱང་། །ཐེག་མཆོག་མི་ གཡོ་མཉམ་པའི་དོན་ལ་འཐད། །ཐམས་ཅད་བདེ་ཆེན་མཁའ་མཉམ་ཆོས་སྐུའི་ཀློང་། །ཆོས་སྐུའི་ཀློང་དུ་མ་གྲོལ་འགའ་ཡང་ མེད། །ཆོས་ཉིད་རང་བཞེངས་རྡོ་རྗེ་སྙིང་པོའི་སྐུ། །བག་ཆགས་ལུས་ལ་སྙིང་པོའི་རྩལ་རྫོགས་ཏེ། །སྐྱེ་ཤི་བར་དོ་སྲིད་པའི་ལས་ བོར་ནས། །རིག་པ་གཅིག་པུ་ཀུན་དང་དབྱེར་མེད་ཅིང་། །ལྷུན་གྲུབ་ས་ལ་རྒྱལ་བའི་སྲིད་ཟིན་ནས། །རྒྱ་ཆད་མེད་པར་སྤྲུལ་པ་ འབྱུང་བ་དང་། །ཐོགས་པ་མེད་པར་ཀུན་ལ་འཇུག་པ་ནི། །བྱར་མེད་རླུང་ཞོན་རྣལ་འབྱོར་སྤྱོད་ཡུལ་ཏེ། །དམན་པའི་ཐེག་པ་

[p. 45] །ཀུན་ལ་མི་རིགས་ཀྱང་། །ཨ་ཏིས་རིག་པར་སྟོན་པ་འབྲས་བུའི་གནད། །སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་འབྱུང་ བ་ལ། །རྒྱུ་འབྲས་མཚན་མར་འཛིན་པ་འཁྲུལ་པའི་བློ། །ཨ་ཏིས་རྒྱུ་རྐྱེན་མེད་པར་བསྟན་པ་སྟེ། །འོག་མ་རྣམས་ལ་མི་རིགས་ རིགས་པའི་གནད། །སངས་རྒྱས་སེམས་ཅན་དགོངས་སྤྱོད་དབྱེར་མེད་ལ། །འཁོར་འདས་གཉིས་སུ་འཛིན་པ་འཁྲུལ་པའི་ ཀློང་། །ཨ་ཏིས་གཉིས་སུ་མེད་པར་བསྟན་པ་དེ། །འོག་མ་རྣམས་ལ་མི་རིས་རིགས་པའི་གནད། །རྟོགས་དང་མ་རྟོགས་ མེད་པར་གྲོལ་བ་ལ། །རྟོགས་ནས་གྲོལ་བར་འདོད་པ་ཉམས་པའི་དགྲ། །ཨ་ཏིས་མཉམ་ཉིད་གཅིག་ཏུ་བསྟན་པ་དེ། །འོག་མ་ རྣམས་ལ་མི་རིགས་རིགས་པའི་གནད། །མཚོན་བྱེད་ཐབས་ཀྱི་ཁྱད་པར་མ་བསྟེན་པར། །བརྗོད་མེད་རྟོགས་པར་མི་འདོད་

[p. 46] བླུན་པོའི་བློ། །ཨ་ཏིས་དོན་དམ་དབྱེར་མེད་བསྟན་པ་དེ། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །རྫོགས་ཆེན་ཡེ་ གདལ་གཏིང་མཐའ་མེད་པ་ལ། །ཐུག་པ་མེད་ཅེས་ཟེར་བ་བླུན་པོའི་ཀློང་། །ཨ་ཏི་མུ་མེད་ཚིག་ཆོད་བསྟན་པ་དེ། །འོག་མའི་བླ་ ཡུལ་མི་རིགས་རིགས་པའི་གདན། །ཐིག་ལེ་གཅིག་ལ་རྒྱུ་མཚན་གོ་བཟློག་པས། །འབྲས་བུ་རེ་དོགས་ཆོད་ངེས་མཁའ་དང་ མཉམ། །ཡངས་སོ་ཆེའོ་མཁའ་མཉམ་རྒྱལ་བའི་ཐུགས། །སྤངས་ཐོབ་མེད་དེ་ཐིག་ལེ་གཅིག་གི་ཀློང་། །ཡེ་ནས་གྲོལ་ལོ་ རྟོགས་དང་མ་རྟོགས་མེད། །རྣལ་འབྱོར་མཁའ་མཉམ་བྱ་བྲལ་ལམ་དུ་བདེ། །ཡེ་སངས་རྒྱས་པའི་རིག་པ་ཡུལ་མེད་འདི། ། འཁོར་བར་མི་འཁྱམས་འཁྲུལ་གཞི་ཀུན་ལས་འདས། །སུ་ཡང་མ་འཁྲུལ་འཁྲུལ་པའི་གནས་མེད་དེ། །ཐམས་ཅད་ཆོས་

[p. 47] ༄༅། །དབྱིངས་ཀློང་གསལ་གཅིག་གི་ངང་། །སྔ་ཕྱི་རིས་མེད་མཁའ་མཉམ་ཡངས་པ་ཉིད། །ཡེ་བབས་ལྷུན་གྲུབ་ འཁོར་བ་གདོད་ནས་དག །གྲོལ་བར་མི་འཇུག་མྱ་ངན་འདས་མི་ལེན། །མི་འགྱུར་ཀློང་ཆེན་འཁོར་འདས་ཡོད་མ་མྱོང་། །འདི་ཡང་ སྤངས་ཐོབ་རེ་དོགས་མི་དམིགས་ཤིང་། །གདོད་ནས་བྱང་ཆུབ་གཞི་ཀློང་ཡངས་པ་ཆེ། །ཐམས་ཅད་མིང་ཙམ་དོན་ལ་མཚོན་ བརྗོད་འདས། །གྲོལ་དང་འཁྲུལ་མེད་འཁོར་འདས་ལ་ཟློས་པས། །སུ་ཡང་མ་རྩོལ་བཅོས་བསྒྱུར་མ་བྱེད་ཅིག །ཡངས་དོག་ མཐོ་དམན་མེད་པའི་རིག་པ་ལ། །རྒྱ་ཆད་ཕྱོགས་ལྷུང་མེད་ཀྱིས་དམིགས་གཏད་ཤོལ། །བྱ་བྱེད་འགྲོ་འོང་མེད་པའི་རིག་པ་ལ། ། དུས་དང་གཉེན་པོ་མེད་ཀྱིས་འཛིན་རྩོལ་ཞོག །ཆེད་དུ་དམིགས་པ་ཡོད་ན་འཆིང་བའི་རྒྱུ། །གང་ལའང་གཏད་འཛིན་མ་འཆའ་

[p. 48] ཕྱམ་ལ་ཐོང་། །ཆོས་ཀུན་ཡེ་ནས་གྲོལ་རུང་མ་གྲོལ་རུང་། །གནས་ལུགས་རང་བཞིན་དག་རུང་མ་དག་རུང་། །སེམས་ཉིད་སྤྲོས་ དང་བྲལ་རུང་མ་བྲལ་རུང་། །གཉུག་མའི་གཤིས་ལ་གྲུབ་རུང་མ་གྲུབ་རུང་། །འཁོར་འདས་རང་བཞིན་གཉིས་རུང་མ་གཉིས་ རུང་། །བསམ་བརྗོད་ཀུན་ལས་འདས་རུང་མ་འདས་རུང་། །དགག་སྒྲུབ་འཁྲུལ་པ་ཞིག་རུང་མ་ཞིག་རུང་། །རྟོགས་པའི་ལྟ་བ་ རྟོགས་རུང་མ་རྟོགས་རུང་། །ཆོས་ཉིད་དོན་ལ་བསྒོམས་རུང་མ་བསྒོམས་རུང་། །བླང་དོར་མེད་པས་སྤྱད་རུང་མ་སྤྱད་རུང་། ། གནས་ལུགས་འབྲས་བུ་གྲུབ་རུང་མ་གྲུབ་རུང་།ས་དང་ལམ་རྣམས་བགྲོད་རུང་མ་བགྲོད་རུང་། །སྒྲིབ་པ་ཀུན་དང་བྲལ་རུང་ མ་བྲལ་རུང་། །བསྐྱེད་རྫོགས་ཆོས་ཉིད་རྫོགས་རུང་མ་རྫོགས་རུང་། །ཐར་པའི་འབྲས་བུ་ཐོབ་རུང་མ་ཐོབ་རུང་། །འགྲོ་དྲུག་

[p. 49] ༄༅། །འཁོར་བར་འཁྱམས་རུང་མ་འཁྱམས་རུང་། །རང་བཞིན་ལྷུན་གྱིས་གྲུབ་རུང་མ་གྲུབ་རུང་། །རྟག་ཆད་་་་ གཉིས་འཛིན་བཅིངས་རུང་མ་བཅིངས་རུང་། །ཆོས་ཉིད་དགོངས་པར་སླེབ་རུང་མ་སླེབ་རུང་། །གོང་མའི་རྗེས་སུ་སྙོགས་རུང་མ་་་་ སྙོགས་རུང་། །གནམ་ས་འདྲེ་ལྡོག་སྣང་བ་ཅི་ཤར་ཡང་། །ཕྱལ་བ་ལྷུག་པ་གཞི་མེད་ཟང་ཀ་མ། །གཏད་མེད་ཟང་ཟིང་བན་བུན་་་་ ཆལ་མ་ཆོལ། །རེ་དོགས་གཉིས་མེད་སྨྱོན་པའི་ངང་ཚུལ་ཅན། །ལྟ་སྒོམ་རིས་མེད་ཆད་འཛིན་འདོད་བློ་ཞིག །ཞེ་འདོད་འཁྲིས་ མེད་འདི་ཞེས་རྩོལ་སྒྲུབ་མེད། །གང་བྱུང་བྱུང་ལ་གང་སྣང་སྣང་དུ་ཆུག །གང་ཤར་ཤར་ལ་གང་ཡིན་ཡིན་དུ་ཆུག །གང་ཡང་་ ཡིན་ལ་གང་ཡང་མིན་དུ་ཆུག །ཀུན་སྤྱོད་ངེས་མེད་རིག་པ་ཐོད་རྒལ་ངང་། །ཆོས་དང་ཆོས་མིན་རྩིས་གཞི་འགའ་མེད་་་་་་

[p. 50] པས། །གཏད་མེད་ཟང་ཀ་གྲུབ་མཐའི་གཟེབ་ལས་འདས། །ཟ་འཆག་ཉལ་འདུག་ཉིན་ཞག་ཕྱམ་གདལ་བས། །རང་བཞིན་ཆོས་ ཉིད་མཉམ་པའི་ངང་ཉིད་དེ། །མཆོད་པའི་ལྷ་མེད་བརྡུང་བའི་འདྲེ་ཡང་མེད། །སྒོམ་པའི་ཆོས་མེད་ཐ་མལ་རང་དགའི་ངང་། །མ་ བཅོས་རྒྱལ་པོ་སྙེམས་མེད་ཕྱམ་གཅིག་པས། །ཕྱལ་པ་ལྷུག་པ་ལྷུན་གྲུབ་གཅིག་པུ་ཉིད། །མ་བྱས་ཡེ་ཟིན་རྩོལ་སྒྲུབ་བྲལ་བས་ བདེ། །ལྟ་བའི་གཞི་མེད་སྒོམ་པའི་ངང་མེད་ལ། །སྤྱད་པའི་ཆོས་མེད་བསྒྲུབ་བྱའི་འབྲས་བུ་མེད། །ཐམས་ཅད་རེས་མེད་ མཉམ་པར་ཕྱམ་གདལ་བས། །བྱ་རྩོལ་མི་དགོས་ཡངས་དོག་མེད་པར་བདེ། །སྨོན་པ་མེད་པས་སྒྲུབ་བློའི་ཆོས་ཟད་དེ། །སྤང་ བྱ་མེད་པས་གཉེན་པོའི་འཆིང་ཞེན་འདས། །གང་ཡིན་ཀུན་ཡིན་མིན་མིན་འགའ་མེད་པས། །གང་སྣང་གང་ཤར་འདེམ་ཀ་

[p. 51] ༄༅། །མེད་པར་གྲོལ། །མ་གྲོལ་ཡེ་གྲོལ་རང་གྲོལ་ཆོས་མེད་པས། །ཕྱམ་གཅིག་གཏད་མེད་ལ་བཟླའི་ཆོས་ལས་་ འདས། །ཀློང་ཡངས་ཀློང་ཡངས་ཀློང་ཆེན་ཡངས་པའི་ངང་། །ཀློང་ཆེན་རབ་འབྱམས་ཀློང་གསལ་ཀློང་འབྱམས་པས། །ཀློང་གཅིག་་་་་་ གཉིས་མེད་བདེ་ཀློང་འཁྱིལ་བ་ནི། །སྣ་ཚོགས་རང་གྲོལ་ཆོས་ཉིད་ཟད་སར་ཕྱིན། །མི་འགྱུར་ལྷུན་གྲུབ་འདུན་མ་ལེགས་པའི་་་་ རྩེ། །བདག་གཞན་རྗེས་སུ་འཇུག་པའི་འགྲོ་རྣམས་ཀྱང་། །འདི་བཞིན་ཡེ་འབྱམས་ཀློང་ཆེན་གཅིག་ཏུ་དྲིལ། །ཀུན་བཟང་ས་ལ་ གཏན་སྲིད་ཟིན་པ་ཡིན། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་དུ་ལ་བཟླ་བར་བསྟན་ པའི་ལེའུ་སྟེ་དགུ་པའོ།། །།

[edit]
OCR of the BDRC scans (I1KG3201), gorn05 tibocr 2026: BDRC OCR on 77 pages, Mitra OCR on 12 pages (the model with more recognisable syllables on each page).

[p. 41] རང་བཞིན་ཡངས་པ་ཆེན་པོའི་ཀློང་གཅིག་ལ། །མཁའ་མཉམ་བྱང་ཆུབ་སེམས་ཀྱི་གནམ་གཟེར་ ནི། །གནད་དུ་དྲིལ་ཏེ་བཅུད་དུ་ཕྱུང་བ་ནི། །ཆེ་བའི་ཆེ་བ་ཀུན་བཟང་ཡངས་པའི་ཐུགས། །རང་གི་ངོ་བོས་སྤྱི་རྒྱ་རླབས་ཀྱིས་་་་་ བཅད། །ཀློང་ཆེན་གཅིག་ལ་རྟོགས་དང་མ་རྟོགས་དང་། །གྲོལ་དང་མ་གྲོལ་གཉིས་མེད་མཉམ་པ་ཆེ། །སྒོ་ངའི་ནང་ནས་་་་་ འདབ་གཤོག་རྒྱས་པའི་བྱ། །རྒྱ་དང་བྲལ་བས་ནམ་མཁའི་ཀློང་ན་གནས། །ཀླུ་རྣམས་ཟིལ་གནོན་གཡང་ས་ཤུགས་ཀྱིས་

[p. 42] ཆོད། །ཐེག་པའི་ཡང་རྩེ་རྡོ་རྗེ་སྙིང་པོ་ཡང་། །ཇི་བཞིན་རྟོགས་པའི་རྣལ་འབྱོར་སྐལ་བ་ཅན། །ཐེག་དམན་ཟིལ་གནོན་འཁོར་ བའི་གཡང་ས་ཆོད། །ཀུན་གྲོལ་མཉམ་པ་ཆེན་པོར་གནས་པ་དེ། །རྒྱུ་འབྲས་རྩོལ་སྒྲུབ་ཅན་ལ་མི་རིགས་ཀྱང་། །ཐེག་མཆོག་མི་ གཡོ་མཉམ་པའི་དོན་ལ་འཐད། །ཐམས་ཅད་བདེ་ཆེན་མཁའ་མཉམ་ཆོས་སྐུའི་ཀློང་། །ཆོས་སྐུའི་ཀློང་དུ་མ་གྲོལ་འགའ་ཡང་ མེད། །ཆོས་ཉིད་རང་བཞེངས་རྡོ་རྗེ་སྙིང་པོའི་སྐུ། །བག་ཆགས་ལུས་ལ་སྙིང་པོའི་རྩལ་རྫོགས་ཏེ། །སྐྱེ་ཤི་བར་དོ་སྲིད་པའི་ལས་ བོར་ནས། །རིག་པ་གཅིག་པུ་ཀུན་དང་དབྱེར་མེད་ཅིང་། །ལྷུན་གྲུབ་ས་ལ་རྒྱལ་བའི་སྲིད་ཟིན་ནས། །རྒྱ་ཆད་མེད་པར་སྤྲུལ་པ་ འབྱུང་བ་དང་། །ཐོགས་པ་མེད་པར་ཀུན་ལ་འཇུག་པ་ནི། །བྱར་མེད་རླུང་ཞོན་རྣལ་འབྱོར་སྤྱོད་ཡུལ་ཏེ། །དམན་པའི་ཐེག་པ་

[p. 43] ༄༅། །ཀུན་ལ་མི་རིགས་ཀྱང་། །ཨ་ཏིས་རིག་པར་སྟོན་པ་འབྲས་བུའི་གནད། །སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་འབྱུང་ བ་ལ། །རྒྱུ་འབྲས་མཚན་མར་འཛིན་པ་འཁྲུལ་པའི་བློ། །ཨ་ཏིས་རྒྱུ་རྐྱེན་མེད་པར་བསྟན་པ་སྟེ། །འོག་མ་རྣམས་ལ་མི་རིགས་ རིགས་པའི་གནད། །སངས་རྒྱས་སེམས་ཅན་དགོངས་སྤྱོད་དབྱེར་མེད་ལ། །འཁོར་འདས་གཉིས་སུ་འཛིན་པ་འཁྲུལ་པའི་ ཀློང་། །ཨ་ཏིས་གཉིས་སུ་མེད་པར་བསྟན་པ་དེ། །འོག་མ་རྣམས་ལ་མི་རིས་རིགས་པའི་གནད། །རྟོགས་དང་མ་རྟོགས་ མེད་པར་གྲོལ་བ་ལ། །རྟོགས་ནས་གྲོལ་བར་འདོད་པ་ཉམས་པའི་དགྲ། །ཨ་ཏིས་མཉམ་ཉིད་གཅིག་ཏུ་བསྟན་པ་དེ། །འོག་མ་ རྣམས་ལ་མི་རིགས་རིགས་པའི་གནད། །མཚོན་བྱེད་ཐབས་ཀྱི་ཁྱད་པར་མ་བསྟེན་པར། །བརྗོད་མེད་རྟོགས་པར་མི་འདོད་

[p. 44] བླུན་པོའི་བློ། །ཨ་ཏིས་དོན་དམ་དབྱེར་མེད་བསྟན་པ་དེ། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །རྫོགས་ཆེན་ཡེ་ གདལ་གཏིང་མཐའ་མེད་པ་ལ། །ཐུག་པ་མེད་ཅེས་ཟེར་བ་བླུན་པོའི་ཀློང་། །ཨ་ཏི་མུ་མེད་ཚིག་ཆོད་བསྟན་པ་དེ། །འོག་མའི་བླ་ ཡུལ་མི་རིགས་རིགས་པའི་གནང་། །ཐིག་ལེ་གཅིག་ལ་རྒྱུ་མཚན་གོ་བཟློག་པས། །འབྲས་བུ་རེ་དོགས་ཆོད་དེས་མཁའ་དང་ མཉམ། །ཡངས་སོ་ཆེའོ་མཁའ་མཉམ་རྒྱལ་བའི་ཐུགས། །སྤངས་ཐོབ་མེད་དེ་ཐིག་ལེ་གཅིག་གི་ཀློང་། །ཡེ་ནས་གྲོལ་ལོ་ རྟོགས་དང་མ་རྟོགས་མེད། །རྣལ་འབྱོར་མཁའ་མཉམ་བྱ་བྲལ་ལམ་དུ་བདེ། །ཡེ་སངས་རྒྱས་པའི་རིག་པ་ཡུལ་མེད་འདི། ། འཁོར་བར་མི་འཁྱམས་འཁྲུལ་གཞི་ཀུན་ལས་འདས། །སུ་ཡང་མ་འཁྲུལ་འཁྲུལ་པའི་གནས་མེད་དེ། །ཐམས་ཅད་ཆོས་

[p. 45] ༄༅། །དབྱིངས་ཀློང་གསལ་གཅིག་གི་ངང་། །སྔ་ཕྱི་རིས་མེད་མཁའ་མཉམ་ཡངས་པ་ཉིད། །ཡེ་བབས་ལྷུན་གྲུབ་ འཁོར་བ་གདོད་ནས་དག །གྲོལ་བར་མི་འཇུག་མྱ་ངན་འདས་མི་ལེན། །མི་འགྱུར་ཀློང་ཆེན་འཁོར་འདས་ཡོད་མ་མྱོང་། །འདི་ཡང་ སྤངས་ཐོབ་རེ་དོགས་མི་དམིགས་ཤིང་། །གདོད་ནས་བྱང་ཆུབ་གཞི་ཀློང་ཡངས་པ་ཆེ། །ཐམས་ཅད་མིང་ཙམ་དོན་ལ་མཚོན་ བརྗོད་འདས། །གྲོལ་དང་འཁྲུལ་མེད་འཁོར་འདས་ལ་ཟློས་པས། །སུ་ཡང་མ་རྩོལ་བཅོས་བསྒྱུར་མ་བྱེད་ཅིག །ཡངས་དོག་ མཐོ་དམན་མེད་པའི་རིག་པ་ལ། །རྒྱ་ཆད་ཕྱོགས་ལྷུང་མེད་ཀྱིས་དམིགས་གཏད་ཤོལ། །བྱ་བྱེད་འགྲོ་འོང་མེད་པའི་རིག་པ་ལ། ། དུས་དང་གཉེན་པོ་མེད་ཀྱིས་འཛིན་རྩོལ་ཞོག །ཆེད་དུ་དམིགས་པ་ཡོད་ན་འཆིང་བའི་རྒྱུ། །གང་ལའང་གཏད་འཛིན་མ་འཆའ་

[p. 46] ཕྱམ་ལ་ཐོང་། །ཆོས་ཀུན་ཡེ་ནས་གྲོལ་རུང་མ་གྲོལ་རུང་། །གནས་ལུགས་རང་བཞིན་དག་རུང་མ་དག་རུང་། །སེམས་ཉིད་སྤྲོས་ དང་བྲལ་རུང་མ་བྲལ་རུང་། །གཉུག་མའི་གཤིས་ལ་གྲུབ་རུང་མ་གྲུབ་རུང་། །འཁོར་འདས་རང་བཞིན་གཉིས་རུང་མ་གཉིས་ རུང་། །བསམ་བརྗོད་ཀུན་ལས་འདས་རུང་མ་འདས་རུང་། །དགག་སྒྲུབ་འཁྲུལ་པ་ཞིག་རུང་མ་ཞིག་རུང་། །རྟོགས་པའི་ལྟ་བ་ རྟོགས་རུང་མ་རྟོགས་རུང་། །ཆོས་ཉིད་དོན་ལ་བསྒོམས་རུང་མ་བསྒོམས་རུང་། །བླང་དོར་མེད་པས་སྤྱད་རུང་མ་སྤྱད་རུང་། ། གནས་ལུགས་འབྲས་བུ་གྲུབ་རུང་མ་གྲུབ་རུང་།ས་དང་ལམ་རྣམས་བགྲོད་རུང་མ་བགྲོད་རུང་། །སྒྲིབ་པ་ཀུན་དང་བྲལ་རུང་ མ་བྲལ་རུང་། །བསྐྱེད་རྫོགས་ཆོས་ཉིད་རྫོགས་རུང་མ་རྫོགས་རུང་། །ཐར་པའི་འབྲས་བུ་ཐོབ་རུང་མ་ཐོབ་རུང་། །འགྲོ་དྲུག་

[p. 47] འཁོར་བར་འཁྱམས་རུང་མ་འཁྱམས་རུང་། །རང་བཞིན་ལྷུན་གྱིས་གྲུབ་རུང་མ་གྲུབ་རུང་། །རྟག་ཆད་ གཉིས་འཛིན་བཅིངས་རུང་མ་བཅིངས་རུང་། །ཆོས་ཉིད་དགོངས་པར་སླེབ་རུང་མ་སླེབ་རུང་། །གོང་མའི་རྗེས་སུ་སྙོགས་རུང་མ་ སྙོགས་རུང་། །གནམ་ས་འདྲེ་ལྡོག་སྣང་བ་ཅི་ཤར་ཡང་། །ཕྱལ་བ་ལྷུག་པ་གཞི་མེད་ཟང་ཀ་མ། །གཏད་མེད་ཟང་ཟིང་བན་བུན་ ཆལ་མ་ཆོལ། །རེ་དོགས་གཉིས་མེད་སྨྱོན་པའི་ངང་ཚུལ་ཅན། །ལྟ་སྒོམ་རིས་མེད་ཆད་འཛིན་འདོད་བློ་ཞིག །ཞེ་འདོད་འཁྲིས་ མེད་འདི་ཞེས་རྩོལ་སྒྲུབ་མེད། །གང་བྱུང་བྱུང་ལ་གང་སྣང་སྣང་དུ་ཆུག །གང་ཤར་ཤར་ལ་གང་ཡིན་ཡིན་དུ་ཆུག །གང་ཡང་ ཡིན་ལ་གང་ཡང་མིན་དུ་ཆུག །ཀུན་སྤྱོད་ངེས་མེད་རིག་པ་ཐོད་རྒལ་ངང་། །ཆོས་དང་ཆོས་མིན་རྩིས་གཞི་འགའ་མེད་

[p. 48] པས། །གཏད་མེད་ཟང་ཀ་གྲུབ་མཐའི་གཟེབ་ལས་འདས། །ཟ་འཆག་ཉལ་འདུག་ཉིན་ཞག་ཕྱམ་གདལ་བས། །རང་བཞིན་ཆོས་ ཉིད་མཉམ་པའི་ངང་ཉིད་དེ། །མཆོད་པའི་ལྷ་མེད་བརྡུང་བའི་འདྲེ་ཡང་མེད། །སྒོམ་པའི་ཆོས་མེད་ཐ་མལ་རང་དགའི་ངང་། །མ་ བཅོས་རྒྱལ་པོ་སྙེམས་མེད་ཕྱམ་གཅིག་པས། །ཕྱལ་པ་ལྷུག་པ་ལྷུན་གྲུབ་གཅིག་པུ་ཉིད། །མ་བྱས་ཡེ་ཟིན་རྩོལ་སྒྲུབ་བྲལ་བས་ བདེ། །ལྟ་བའི་གཞི་མེད་སྒོམ་པའི་ངང་མེད་ལ། །སྤྱད་པའི་ཆོས་མེད་བསྒྲུབ་བྱའི་འབྲས་བུ་མེད། །ཐམས་ཅད་རིས་མེད་ མཉམ་པར་ཕྱམ་གདལ་བས། །བྱ་རྩོལ་མི་དགོས་ཡངས་དོག་མེད་པར་བདེ། །སྨོན་པ་མེད་པས་སྒྲུབ་བློའི་ཆོས་ཟད་དེ། །སྤང་ བྱ་མེད་པས་གཉེན་པོའི་འཆིང་ཞེན་འདས། །གང་ཡིན་ཀུན་ཡིན་མིན་མིན་འགའ་མེད་པས། །གང་སྣང་གང་ཤར་འདེམ་ཀ་

[p. 49] ༄༅། །མེད་པར་གྲོལ། །མ་གྲོལ་ཡེ་གྲོལ་རང་གྲོལ་ཆོས་མེད་པས། །ཕྱམ་གཅིག་གཏད་མེད་ལ་བཟླའི་ཆོས་ལས་་ འདས། །ཀློང་ཡངས་ཀློང་ཡངས་ཀློང་ཆེན་ཡངས་པའི་ངང་། །ཀློང་ཆེན་རབ་འབྱམས་ཀློང་གསལ་ཀློང་འབྱམས་པས། །ཀློང་གཅིག་་་་་་ གཉིས་མེད་བདེ་ཀློང་འཁྱིལ་བ་ནི། །སྣ་ཚོགས་རང་གྲོལ་ཆོས་ཉིད་ཟད་སར་ཕྱིན། །མི་འགྱུར་ལྷུན་གྲུབ་འདུན་མ་ལེགས་པའི་་་་་ རྩེ། །བདག་གཞན་རྗེས་སུ་འཇུག་པའི་འགྲོ་རྣམས་ཀྱང་། །འདི་བཞིན་ཡེ་འབྱམས་ཀློང་ཆེན་གཅིག་ཏུ་དྲིལ། །ཀུན་བཟང་ས་ལ་ གཏན་སྲིད་ཟིན་པ་ཡིན། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་དུ་ལ་བཟླ་བར་བསྟན་ པའི་ལེའུ་སྟེ་དགུ་པའོ།། །།

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 783 typing errors, November 2026), with the variants of the other editions under each page (42 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = root and commentary MW3CN3400; R = root and commentary MW3CN14271; M = root MW12639; T = root MW1KG3168. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 41] རང་བཞིན་ཡངས་པ་ཆེན་པོའི་ཀློང་གཅིག་ལ། །མཁའ་མཉམ་བྱང་ཆུབ་སེམས་ཀྱི་གནམ་གཟེར་ནི། །གནད་དུ་དྲིལ་ཏེ་བཅུད་དུ་ཕྱུང་བ་ནི། །ཆེ་བའི་ཆེ་བ་ཀུན་བཟང་ཡངས་པའི་ཐུགས། །རང་གི་ངོ་བོས་སྤྱི་རྒྱ་རླབས་ཀྱིས་བཅད། །ཀློང་ཆེན་གཅིག་ལ་རྟོགས་དང་མ་རྟོགས་དང༌། །གྲོལ་དང་མ་གྲོལ་གཉིས་མེད་མཉམ་པ་ཆེ། །སྒོ་ངའི་ནང་ནས་འདབ་གཤོག་རྒྱས་པའི་བྱ། །རྒྱ་དང་བྲལ་བས་ནམ་མཁའི་ཀློང་ན་གནས། །ཀླུ་རྣམས་ཟིལ་གནོན་གཡང་ས་ཤུགས་ཀྱིས་ཆོད། །ཐེག་པའི་ཡང་རྩེ་རྡོ་རྗེ་སྙིང་པོ་ཡང༌། །ཇི་བཞིན་རྟོགས་པའི་རྣལ་འབྱོར་སྐལ་བ་ཅན། །ཐེག་དམན་ཟིལ་གནོན་འཁོར་བའི་གཡང་ས་ཆོད། །ཀུན་གྲོལ་མཉམ་པ་ཆེན་པོར་གནས་པ་དེ། །རྒྱུ་འབྲས་རྩོལ་སྒྲུབ་ཅན་ལ་

རྒྱ་དང་བྲལ་བས་ནམ་མཁའི ] ནས W

[p. 42] མི་རིགས་ཀྱང༌། །ཐེག་མཆོག་མི་གཡོ་མཉམ་པའི་དོན་ལ་འཐད། །ཐམས་ཅད་བདེ་ཆེན་མཁའ་མཉམ་ཆོས་སྐུའི་ཀློང༌། །ཆོས་སྐུའི་ཀློང་དུ་མ་གྲོལ་འགའ་ཡང་མེད། །ཆོས་ཉིད་རང་བཞེངས་རྡོ་རྗེ་སྙིང་པོའི་སྐུ། །བག་ཆགས་ལུས་ལ་སྙིང་པོའི་རྩལ་རྫོགས་ཏེ། །སྐྱེ་ཤི་བར་དོ་སྲིད་པའི་ལུས་བོར་ནས། །རིག་པ་གཅིག་པུ་ཀུན་དང་དབྱེར་མེད་ཅིང༌། །ལྷུན་གྲུབ་ས་ལ་རྒྱལ་བའི་སྲིད་ཟིན་ནས། །རྒྱ་ཆད་མེད་པར་སྤྲུལ་པ་འབྱུང་བ་དང༌། །ཐོགས་པ་མེད་པར་ཀུན་ལ་འཇུག་པ་ནི། །བྱར་མེད་རླུང་ཞོན་རྣལ་འབྱོར་སྤྱོད་ཡུལ་ཏེ། །དམན་པའི་ཐེག་པ་ཀུན་ལ་མི་རིགས་ཀྱང༌། །ཨ་ཏིས་རིག་པར་སྟོན་པ་འབྲས་བུའི་གནད། །སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་འབྱུང་བ་ལ། །རྒྱུ་འབྲས་མཚན་མར་འཛིན་པ་འཁྲུལ་པའི་བློ། །ཨ་ཏིས་རྒྱུ་རྐྱེན་མེད་པར་བསྟན་པ་ནི། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །སངས་རྒྱས་སེམས་ཅན་

དོ་སྲིད་པའི་ལུས་བོར་ནས ] ལས M T · ས་ལ་རྒྱལ་བའི་སྲིད་ཟིན ] པོ P S · སྲིད་ཟིན་ནས་རྒྱ་ཆད་མེད ] རྒྱུ W · ཨ་ཏིས་རིག་པར་སྟོན་པ ] པ D G R · པར་བསྟན་པ་ནི་འོག་མ ] སྟེ D G R M T

[p. 43] དགོངས་སྤྱོད་དབྱེར་མེད་ལ། །འཁོར་འདས་གཉིས་སུ་འཛིན་པ་འཁྲུལ་པའི་ཀློང༌། །ཨ་ཏིས་གཉིས་སུ་མེད་པར་བསྟན་པ་དེས། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །རྟོགས་དང་མ་རྟོགས་མེད་པར་གྲོལ་བ་ལ། །རྟོགས་ནས་གྲོལ་བར་འདོད་པ་ཉམས་པའི་དགྲ། །ཨ་ཏིས་མཉམ་ཉིད་གཅིག་ཏུ་བསྟན་པ་དེ། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །མཚོན་བྱེད་ཐབས་ཀྱི་ཁྱད་པར་མ་བསྟེན་པར། །བརྗོད་མེད་རྟོགས་པར་མི་འདོད་བླུན་པོའི་བློ། །ཨ་ཏིས་དོན་དམ་དབྱེར་མེད་བསྟན་པ་དེ། །འོག་མ་རྣམས་ལ་མི་རིགས་རིགས་པའི་གནད། །རྫོགས་ཆེན་ཡེ་གདལ་གཏིང་མཐའ་མེད་པ་ལ། །ཐུག་པ་མེད་ཅེས་ཟེར་བ་བླུན་པོའི་ཀློང༌། །ཨ་ཏི་མུ་མེད་ཆིག་ཆོད་བསྟན་པ་དེ། །འོག་མའི་བློ་ཡུལ་མི་རིགས་རིགས་པའི་གནད། །ཐིག་ལེ་གཅིག་ལ་རྒྱུ་མཚན་གོ་བཟློག་པས། །འབྲས་བུ་རེ་

པ་འཁྲུལ་པའི་ཀློང་ཨ་ཏིས ] བློ P S · པར་བསྟན་པ་དེས་འོག་མ ] དེ M T · རྣམས་ལ་མི་རིགས་རིགས་པའི ] རི་གས A G · རྣམས་ལ་མི་རིགས་རིགས་པའི ] རིས D R M T · རྣམས་ལ་མི་རིགས་རིགས་པའི ] རིས A G · མེད་པ་ལ་ཐུག་པ་མེད ] ཐུགས W · བ་བླུན་པོའི་ཀློང་ཨ་ཏི ] བློ A P S · པོའི་ཀློང་ཨ་ཏི་མུ་མེད ] ཏིས P S · ཏི་མུ་མེད་ཆིག་ཆོད་བསྟན ] ཚིག S R M T · དེ་འོག་མའི་བློ་ཡུལ་མི ] བླ M T · རིགས་རིགས་པའི་གནད་ཐིག་ལེ ] གནང G T

[p. 44] དོགས་ཆོད་དེ་མཁའ་དང་མཉམ། །ཡངས་སོ་ཆེའོ་མཁའ་མཉམ་རྒྱལ་བའི་ཐུགས། །སྤངས་ཐོབ་མེད་དེ་ཐིག་ལེ་གཅིག་གི་ཀློང༌། །ཡེ་ནས་གྲོལ་ལོ་རྟོགས་དང་མ་རྟོགས་མེད། །རྣལ་འབྱོར་མཁའ་མཉམ་བྱ་བྲལ་ལམ་དུ་བདེ། །ཡེ་སངས་རྒྱས་པའི་རིག་པ་ཡུལ་མེད་འདི། །འཁོར་བར་མི་འཁྱམ་འཁྲུལ་གཞི་ཀུན་ལས་འདས། །སུ་ཡང་མ་འཁྲུལ་འཁྲུལ་པའི་གནས་མེད་དེ། །ཐམས་ཅད་ཆོས་དབྱིངས་ཀློང་གསལ་གཅིག་གི་ངང༌། །སྔ་ཕྱི་རིས་མེད་མཁའ་མཉམ་ཡངས་པ་ཉིད། །ཡེ་བབས་ལྷུན་གྲུབ་འཁོར་བ་གདོད་ནས་དག །གྲོལ་བར་མི་འཇུག་མྱ་ངན་འདས་མི་ལེན། །མི་འགྱུར་ཀློང་ཆེན་འཁོར་འདས་ཡོད་མ་མྱོང༌། །འདི་ལ་སྤངས་ཐོབ་རེ་དོགས་མི་དམིགས་ཤིང༌། །གདོད་ནས་བྱང་ཆུབ་གཞི་ཀློང་ཡངས་པ་ཆེ། །ཐམས་ཅད་མིང་ཙམ་དོན་ལ་མཚོན་བརྗོད་འདས། །གྲོལ་དང་འཁྲུལ་མེད་འཁོར་འདས་ལ་ཟློས་

མཉམ་ཡངས་སོ་ཆེའོ་མཁའ་མཉམ ] ཚེའི A D R · འཁོར་བར་མི་འཁྱམ་འཁྲུལ་གཞི ] འཁྱམས M T · གི་ངང་སྔ་ཕྱི་རིས་མེད ] ཕྱིར W · མ་མྱོང་འདི་ལ་སྤངས་ཐོབ ] དང D R · མ་མྱོང་འདི་ལ་སྤངས་ཐོབ ] ཡང M T

[p. 45] པས། །སུ་ཡང་མ་རྩོལ་བཅོས་བསྒྱུར་མ་བྱེད་ཅིག །ཡངས་དོག་མཐོ་དམན་མེད་པའི་རིག་པ་ལ། །རྒྱ་ཆད་ཕྱོགས་ལྷུང་མེད་ཀྱིས་དམིགས་གཏད་ཤོལ། །བྱ་བྱེད་འགྲོ་འོང་མེད་པའི་རིག་པ་ལ། །དུས་དང་གཉེན་པོ་མེད་ཀྱིས་འཛིན་རྩོལ་ཞོག །ཆེད་དུ་དམིགས་པ་ཡོད་ན་འཆིང་བའི་རྒྱུ། །གང་ལའང་གཏད་འཛིན་མ་འཆའ་ཕྱམ་ལ་ཐོང༌། །ཆོས་ཀུན་ཡེ་ནས་གྲོལ་རུང་མ་གྲོལ་རུང༌། །གནས་ལུགས་རང་བཞིན་དག་རུང་མ་དག་རུང༌། །སེམས་ཉིད་སྤྲོས་དང་བྲལ་རུང་མ་བྲལ་རུང༌། །གཉུག་མའི་གཤིས་ལ་གྲུབ་རུང་མ་གྲུབ་རུང༌། །འཁོར་འདས་རང་བཞིན་གཉིས་རུང་མི་གཉིས་རུང༌། །བསམ་བརྗོད་ཀུན་ལས་འདས་རུང་མ་འདས་རུང༌། །དགག་སྒྲུབ་འཁྲུལ་པ་ཞིག་རུང་མ་ཞིག་རུང༌། །རྟོགས་པའི་ལྟ་བ་རྟོགས་རུང་མ་རྟོགས་རུང༌། །ཆོས་ཉིད་དོན་ལ་བསྒོམས་རུང་མ་བསྒོམས་རུང༌། །བླང་དོར་མེད་པས་

བཞིན་གཉིས་རུང་མི་གཉིས་རུང ] om. D G R · བཞིན་གཉིས་རུང་མི་གཉིས་རུང ] མ M T · རུང་མི་གཉིས་⁁་རུང་བསམ ] མ D G R

[p. 46] སྤྱད་རུང་མ་སྤྱད་རུང༌། །གནས་ལུགས་འབྲས་བུ་གྲུབ་རུང་མ་གྲུབ་རུང༌། །ས་དང་ལམ་རྣམས་བགྲོད་རུང་མ་བགྲོད་རུང༌། །སྒྲིབ་པ་ཀུན་དང་བྲལ་རུང་མ་བྲལ་རུང༌། །བསྐྱེད་རྫོགས་ཆོས་ཉིད་རྫོགས་རུང་མ་རྫོགས་རུང༌། །ཐར་པའི་འབྲས་བུ་ཐོབ་རུང་མ་ཐོབ་རུང༌། །འགྲོ་དྲུག་འཁོར་བར་འཁྱམས་རུང་མ་འཁྱམས་རུང༌། །རང་བཞིན་ལྷུན་གྱིས་གྲུབ་རུང་མ་གྲུབ་རུང༌། །རྟག་ཆད་གཉིས་འཛིན་བཅིངས་རུང་མ་བཅིངས་རུང༌། །ཆོས་ཉིད་དགོངས་པར་སླེབ་རུང་མ་སླེབ་རུང༌། །གོང་མའི་རྗེས་སུ་སྙོགས་རུང་མ་སྙོགས་རུང༌། །གནམ་ས་འདྲེ་ལྡོག་སྣང་བ་ཅི་ཤར་ཡང༌། །ཕྱལ་བ་ལྷུག་པ་གཞི་མེད་ཟང་ཀ་མ། །གཏད་མེད་ཟང་ཟིང་བན་བུན་ཆལ་མ་ཆོལ། རེ་དོགས་གཉིས་མེད་སྨྱོན་པའི་ངང་ཚུལ་ཅན། །ལྟ་སྒོམ་རིས་མེད་ཆེད་འཛིན་འདོད་བློ་ཞིག །ཞེ་འདོད་འཁྲིས་མེད་འདི་ཞེས་རྩོལ་སྒྲུབ་མེད། །གང་བྱུང་བྱུང་ལ་གང་སྣང་སྣང་དུ་

རུང་གནམ་ས་འདྲེ་ལྡོག་སྣང ] འདྲེན W · ཤར་ཡང་ཕྱལ་བ་ལྷུག་པ ] པ A D G R · མེད་ཟང་ཟིང་བན་བུན་ཆལ ] བདུན W · བུན་ཆལ་མ་ཆོལ་རེ་དོགས ] ཚོལ D G R · སྒོམ་རིས་མེད་ཆེད་འཛིན་འདོད ] ཆད M T

[p. 47] ཆུག །གང་ཤར་ཤར་ལ་གང་ཡིན་ཡིན་དུ་ཆུག །གང་ཡང་ཡིན་ལ་གང་ཡང་མིན་དུ་ཆུག །ཀུན་སྤྱོད་ངེས་མེད་རིག་པ་ཐོད་རྒལ་ངང༌། །ཆོས་དང་ཆོས་མིན་རྩིས་གཞི་འགའ་མེད་པས། །གཏད་མེད་ཟང་ཀ་གྲུབ་མཐའི་གཟེབ་ལས་འདས། །ཟ་འཆག་ཉལ་འདུག་ཉིན་ཞག་ཕྱམ་གདལ་བས། །རང་བཞིན་ཆོས་ཉིད་མཉམ་པའི་ངང་ཉིད་དེ། །མཆོད་པའི་ལྷ་མེད་བརྡུང་བའི་འདྲེ་ཡང་མེད། །སྒོམ་པའི་ཆོས་མེད་ཐ་མལ་རང་དགའི་ངང༌། །མ་བཅོས་རྒྱལ་པོ་སྙེམས་མེད་ཕྱམ་གཅིག་པས། །ཕྱལ་བ་ལྷུག་པ་ལྷུན་གྲུབ་གཅིག་པུ་ཉིད། །མ་བྱས་ཡེ་ཟིན་རྩོལ་སྒྲུབ་བྲལ་བས་བདེ། །ལྟ་བའི་གཞི་མེད་སྒོམ་པའི་ངང་མེད་ལ། །སྤྱད་པའི་ཆོས་མེད་བསྒྲུབ་འདོད་འབྲས་བུ་མེད། །ཐམས་ཅད་རིས་མེད་མཉམ་པར་ཕྱམ་གདལ་བས། །བྱ་རྩོལ་མ་དགོས་ཡངས་དོག་མེད་པར་བདེ། །སྨོན་པ་མེད་པས་སྒྲུབ་བློའི་ཆོས་

པ་ཐོད་རྒལ་ངང་ཆོས་དང ] དང A D G R · གཅིག་པས་ཕྱལ་བ་ལྷུག་པ ] པ A D G R M T · ཡེ་ཟིན་རྩོལ་སྒྲུབ་བྲལ་བས ] སྒྱུབ P · ལྟ་བའི་གཞི་མེད་སྒོམ་པའི ] མེ W · ཆོས་མེད་བསྒྲུབ་འདོད་འབྲས་བུ ] བྱའི D R M T · མཉམ་པར་ཕྱམ་གདལ་བས་བྱ་རྩོལ ] འདས་པ P S · བས་བྱ་རྩོལ་མ་དགོས་ཡངས ] མི M T

[p. 48] ཟད་དེ། །སྤང་བྱ་མེད་པས་གཉེན་པོའི་འཆིང་ཞེན་འདས། །གང་ཡིན་ཀུན་ཡིན་ཡིན་མིན་འགའ་མེད་པས། །གང་སྣང་གང་ཤར་འདེམ་ཀ་མེད་པར་གྲོལ། །མ་གྲོལ་མི་འགྲོལ་རང་གྲོལ་ཆོས་མེད་པས། །ཕྱམ་གཅིག་གཏད་མེད་ལ་བཟླའི་ཆོས་ལས་འདས། །ཀློང་ཡངས་ཀློང་ཡངས་ཀློང་ཆེན་ཡངས་པའི་ངང༌། །ཀློང་ཆེན་རབ་འབྱམས་ཀློང་གསལ་ཀློང་འབྱམས་པས། །ཀློང་གཅིག་གཉིས་མེད་བདེ་ཀློང་འཁྱིལ་པ་ནི། །སྣ་ཚོགས་རང་གྲོལ་ཆོས་ཉིད་ཟད་སར་ཕྱིན། །མི་འགྱུར་ལྷུན་གྲུབ་འདུན་མ་ལེགས་པའི་རྩེ། །བདག་གཞན་རྗེས་སུ་འཇུག་པའི་འགྲོ་རྣམས་ཀྱང༌། །འདི་བཞིན་ཡེ་འབྱམས་ཀློང་ཆེན་གཅིག་ཏུ་དྲིལ། །ཀུན་བཟང་ས་ལ་གཏན་སྲིད་ཟིན་པ་ཡིན། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། །ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་དུ་ལ་བཟླ་བར་བསྟན་པའི་ལེའུ་སྟེ་དགུ་པའོ།། ༈ །།

ཡིན་ཀུན་ཡིན་ཡིན་མིན་འགའ ] མིན M T · གྲོལ་མ་གྲོལ་མི་འགྲོལ་རང་གྲོལ ] ཡེ་གྲོལ A P D G S R M T · བདེ་ཀློང་འཁྱིལ་པ་ནི་སྣ ] བ D R M T · པའི་རྩེ་བདག་གཞན་རྗེས་སུ ] བཞིན P S · ཏུ་དྲིལ་ཀུན་བཟང་ས་ལ་གཏན ] བཟངས D R
[edit]
The root verses of chapter 9 in the published translation: Padmakara Translation Group, The Precious Treasury of the Dharmadhatu, with Khangsar Tenpa'i Wangchuk's commentary (Shambhala, 2025), pp. 373–430. The same translation, with Khangsar's commentary, is on Chos dbyings mdzod 'bru 'grel (Khangsar).

1. In the one expanse,
By nature a supreme immensity,
Is found the “nail” of the enlightened mind,
Commensurate with space itself.
Focus on its vital point and strip it to its essence.
It is the greatest of the great,
The vast mind of Samantabhadra,
By whose nature all is gathered
In the surge of its immense horizon.
And in this single vast expanse,
Realization and the lack of it,
Freedom and the lack of it
Are all a nondual great equality.

2. A garuda with its wings full grown
While still within the egg
Glides in the vault of heaven as soon as it is hatched.
It soars with mastery above the vast abyss
And overwhelms the nāgas.
Yogis graced by fortune
Realize perfectly the vajra essence,
Peak of all the vehicles.
They overwhelm the lower vehicles
And soar above samsara’s vast abyss.

3. The openness and freedom of all things,
Their great state of equality,
Is unacceptable to those who strive
According to the law of cause and fruit.
But it makes sense to those who understand
The meaning of unwavering equality,
Expounded in the supreme vehicle.

4. Everything is supreme bliss,
The vast expanse of spacelike dharmakāya.
And in that vast expanse of dharmakāya,
There is nothing that’s not free and open.
The self-arisen kāya of the vajra essence
Is the very nature of phenomena.
When in the yogis’ bodies
(The product of habitual tendencies)
This essence has been mastered,
And when their bodies of existence
Are relinquished in the bardo states of life or death,
These yogis are inseparably united
With the single sole awareness,
Attaining thus the kingdom
Of the level of spontaneous presence.
Their emanations without limit then pour forth
And labor for all beings unimpeded.
This is the domain of yogis
Who are “carried without effort on the wind.”
This makes no sense to those upon the lower vehicles.
Only Ati rightly sets it forth.
It is the crucial point of the result.

5. The display of birth occurs within the unborn state,
But the deluded mind ascribes to it
The character of causes and results.
The Ati teachings say that it is free of causes and conditions.
Though unacceptable to those who practice lower vehicles,
This is correct and is a crucial point.

6. The state of buddhas and the state of beings
Are indivisible.
To apprehend them differently
In terms of two realities, samsara and nirvana,
Is the attitude of the deluded mind.
The Atiyoga teaching that they are not two,
Though unacceptable to those who practice lower vehicles,
Is correct and is a crucial point.

7. Whether or not you realize it,
All is the state of openness and freedom.
To think that this arises through your realization
Is an enemy that hinders you.
Ati says that realization and the lack of realization
Are a single state of evenness.
Though unacceptable to those who practice lower vehicles,
This is correct and is a crucial point.

8. To claim that the inexpressible cannot be realized
Without special methods that reveal it
Is but the attitude of fools.
The Ati teachings show
That it is never separate from the ultimate.
Though unacceptable to those who practice lower vehicles,
This is correct and is a crucial point.

9. To say the state of great perfection—
Limitless, unfathomable,
All-pervading from the very first— cannot be reached
Is but the attitude of fools.
The Atiyoga teaching that it is both sharp and limitless,
Though not acceptable to those who practice lower vehicles,
Is correct and is a crucial point.

10. Because within the one sole sphere
The order is reversed,
There is no hope or fear regarding the result.
For there is just a vast expanse commensurate with space.
It is a great abyss, the mind of the Victorious Ones,
Immense as space itself.
There is nothing to reject and nothing to accomplish.
There is but the vast immensity, the one sole sphere,
Which, being free and open from the first,
Transcends both realization and the lack of it.
Upon this spacelike path devoid of action,
Yogis are at ease.

11. Primordially the state of buddhahood,
Awareness is devoid of all objective reference.
It does not wander in samsara;
It transcends the whole foundation of delusion.
No one is there who has been,
And no one is there who can be, deluded.
All things are the dharmadhātu’s single, luminous expanse.
They are not different in the past or future.
They are a skylike vast expanse
Primordially uncontrived, spontaneously present.
Samsara from the very first is pure.

12. Do not opt for freedom or embrace nirvana.
In the changeless vast expanse,
There has never been samsara or nirvana
To be rejected or adopted, to be feared or hoped for.
They are the vast immensity
Of enlightenment’s primordial ground.
They are but names and are, in truth,
Beyond both indication and description.
Clearly certain that samsara does not mean delusion,
That nirvana is not freedom,
Let no one strive, let no one change or alter anything.

13. Awareness without breadth or height
Is without limits, falls to no extreme.
And so hold back from aiming at it.
Awareness, free of agent and of action,
Free of coming and of going,
Entails no lapse of time, no remedy.
Therefore do not cling to it or strive.
If there is deliberate focus,
This will be the cause of bondage.
Therefore do not grasp at anything,
But let it go in evenness.

14a. It makes no difference if phenomena
Are or are not free and open from the very first.
It makes no difference if the fundamental nature
Is or is not pure intrinsically.
It makes no difference if the mind itself
Is or is not free of all elaboration.
It makes no difference if, within the nature uncontrived,
There is or is not anything existent.

14b. It makes no difference if by nature samsara and nirvana
Are or are not a duality.
It makes no difference whether thoughts and words
Are or are not passed beyond.
It makes no difference if delusions of negation or assertion
Do or do not fall apart.
It makes no difference if the view that should be realized
Is or is not recognized.

14c. It makes no difference
If you do or do not meditate upon the dharmatā.
It makes no difference whether you examine it or not—
It is not something you can take or else reject.
It makes no difference whether you attain or not
The fundamental nature, the result.
It makes no difference whether you progress or not
Upon the grounds and paths.

14d. It makes no difference whether you are free or not
Of all your obscurations.
It makes no difference whether or not the dharmatā
Is gained through the generation and perfection stages.
It makes no difference whether you achieve or not
The fruit of liberation.
It makes no difference whether or not
You wander in the six migrations of samsara.

14e. It makes no difference whether or not
Your nature is spontaneously present.
It makes no difference whether or not
You’re bound by dualistic clinging to permanence or to annihilation.
It makes no difference whether or not
You reach the realization of the dharmatā.
It makes no difference whether or not
You follow in the footsteps of the masters of the past.

15. No matter what may happen,
Though earth and heaven be upturned,
You experience nothing but the bare and open state
Of groundless openness, relaxed and even.
All things are unstable, hazy, evanescent,
nebulous—
And like a lunatic you act without duality of hope and fear.
View and meditation— all are merged without division.
The asserting, purpose-driven mind collapses.
You are no longer trammeled by ambition,
There are no goals that you now strive to gain.

16. All that happens you allow to happen.
Whatever may appear, you allow it to appear.
Whatever may arise, you allow it to arise.
Whatever there may be, you allow it to exist.
If there’s anything at all, you let it be;
And if there’s nothing, you allow it not to be.

17. Unpredictable is your behavior
For awareness is preeminent.
You take no account of virtue or nonvirtue,
For you are in a bare and open state
Beyond the snare of philosophic doctrines.
Eating, walking, lying down, or sitting— by day and night,
You’re in a state of all-pervading evenness,
Equality, the dharmatā.
No deities to worship, no spirits to drive out,
No Dharma to be meditated—
This is the simple, ordinary state.
You, a sovereign free of all contrivance and pretension,
Are in an all-embracing evenness.
Relaxing in equality, you now have found
The one and only state spontaneously present,
Not now achieved, because primordially accomplished.
How pleasant to be free of striving and exertion!

18. The view has no foundation and there is no meditation.
There is no action, no result to be achieved.
Since all are thus encompassed by the undivided equal state,
There is no need to strive.
Bliss lies in freedom from the wide and narrow.

19. When there is no wishing,
The notion of achievement ceases.
When there’s nothing to abandon,
You go beyond the bondage of relying on an antidote.
All there is, whatever it may be,
Does not exist, nor does it not exist.
Whatever is perceived, no matter what arises,
All inescapably subsides.

20. There is nothing that’s not free and open,
Free and open from the first, and of itself.
When certainty is reached
That all things, all together, are insubstantial,
They pass beyond the status of phenomena.

21. Within the vast expanse, the vast expanse,
Within the great and vast expanse,
I, Longchen Rabjam, am immersed in the expanse,
The great abyss of luminosity.
I dwell within the one, nondual immensity—
Immensity of bliss.
I, Natsok Rangdröl, have attained the dharmatā,
The state of the exhaustion of phenomena,
Unchanging, present of itself,
The summit of all perfect aspiration.

22. All you who follow after me
Bring everything together thus
In one immense, primordial, all-enveloping expanse.
And surely you will gain Samantabhadra’s everlasting realm.

[edit]
The divisions of the commentary (Lung gi gter mdzod) that explain the root verses on these pages, with the divisions above them (in grey): the root verses have no outline of their own; each verse line was found by program in the commentary of the same chapter. Headings and summaries: AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. Each entry links to the part of the commentary where its section begins.
1 Decisive resolution that nondual awakened mind is the expanse of space beyond the intellect གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཉིད་མཁའ་ཀློང་བློ་ལས་འདས་པར་ལ་བཟླ་བ root p. 41 · commentary p. 343 topical
Resolves all phenomena into awareness, the naked, transparent dharmakāya. Through a sequence of resolutions it shows awareness to be beyond causes, realization, technique and extremes, with saṃsāra and nirvāṇa nondual and delusion nameless. It culminates in great nonaction, conduct without fixed rules, the four modes of freedom, and a pervasiveness beyond even resolution.
1.1 Resolving the root of all phenomena into awareness ཆོས་ཐམས་ཅད་ཀྱི་རྩ་བ་རིག་པར་ལ་བཟླ་བ root p. 41 · commentary p. 344 topical
Explains the verse: impartial, naked awareness identified in direct immediacy is the transparent dharmakāya, the ultimate point of resolution, citing the Mirror of the Heart of Vajrasattva. Criticises merely professing the completion stage as unborn and inexpressible without recognising it, citing Natural Arising.
1.2 Showing that awareness is beyond causes and conditions རིག་པ་རྒྱུ་རྐྱེན་ལས་འདས་པར་བསྟན་པ root p. 42 · commentary p. 366 topical
Root verse and commentary: display arising unceasingly from the unborn essence, untenable for causal vehicles, is tenable in Ati, like space's magical display. Supported by the All-Creating King: awakened mind is spontaneously present and need not be sought through the ten natures.
1.3 Resolving that saṃsāra and nirvāṇa, inseparable in awareness, are the great perfection in equality འཁོར་འདས་རིག་པའི་ངང་དུ་དབྱེར་མེད་མཉམ་རྫོགས་ཆེན་པོར་ལ་བཟླ་བ root p. 43 · commentary p. 367 topical
Like dream saṃsāra and nirvāṇa being one in the mind, saṃsāra and nirvāṇa are one in awareness, beyond abandoning and adopting, hope and fear; cited from the Perfect Dynamic Energy.
1.4 Resolving that there is neither realization nor nonrealization རྟོགས་མ་རྟོགས་མེད་པར་ལ་བཟླ་བ root p. 43 · commentary p. 368 topical
All phenomena are primordially free, so realization or direct introduction does not free them; awareness is equality, beyond view and meditation, and 'realization' is a conventional, even deluded, notion. Supported by the Great Garuḍa and the Reverberation of Sound.
1.5 Resolving that there is no reliance on the key points of skillful means and wisdom ཐབས་ཤེས་ཀྱི་གནད་ལ་མི་བརྟེན་པར་ལ་བཟླ་བ root p. 43 · commentary p. 370 topical
Against lower vehicles requiring channels, winds, vital essences or the two accumulations, Ati realizes awareness directly and nakedly, since one is never separate from it; the Great Garuḍa shows how contrived techniques bind.
1.6 Resolving that it is beyond "inconceivable" and "limitless" བསམ་འདས་མཐའ་མེད་ལས་འདས་པར་ལ་བཟླ་བ root p. 43 · commentary p. 371 topical
Rejects the view of lower vehicles and some Mind and Space Class adherents that the Great Perfection is a boundless emptiness beyond awareness; here awareness is singly decisive and naked, seen by distinguishing ordinary mind from primordial wisdom. Cites the Mirror of Samantabhadra's Mind.
1.7 Resolving that awareness, the sole sphere, is the naked dharmakāya རིག་པ་ཐིག་ལེ་ཉག་གཅིག་ཆོས་སྐུ་རྗེན་པར་ལ་བཟླ་བ root p. 43 · commentary p. 372 topical
Tracing the dependent origination of saṃsāra and nirvāṇa back to its source, awareness the sole sphere, ends hope for buddhahood and fear of saṃsāra; awareness, like space, is resolved as spontaneous vastness and Samantabhadra's intent. Cites the Mirror of Samantabhadra's Mind.
1.8 Resolving delusion as the great namelessness འཁྲུལ་པ་མིང་མེད་ཆེན་པོར་ལ་བཟླ་བ root p. 44 · commentary p. 375 topical
As dreams never leave sleep and sleep never leaves awareness, no one has ever fallen into saṃsāra; saṃsāra is primordially pure, so there is no cause, appearance or subject of delusion in any time. Cites the Great Garuḍa and Pearl Garland.
1.9 Resolving saṃsāra and nirvāṇa as nondual འཁོར་འདས་གཉིས་སུ་མེད་པར་ལ་བཟླ་བ root p. 44 · commentary p. 376 topical
In self-knowing awareness, pure like space, there is no bondage nor freedom, so saṃsāra and nirvāṇa are both pure and beyond existence and nonexistence, leaving no effort, hope or fear. Cites Without Letters.
1.10 Resolving in the great vast expanse of freedom from extremes མཐའ་གྲོལ་ཀློང་ཡངས་ཆེན་པོར་ལ་བཟླ་བ root p. 45 · commentary p. 378 topical
Awareness lacks restriction, time, antidote, agent, view, meditation and fruition, and is beyond the ten natures; fixed reference points are to be abandoned. A long citation from the All-Creating King declares that it decisively resolves all phenomena.
1.11 Resolving in great nonaction with regard to phenomena through realization vast and equal to space རྟོགས་པ་མཁའ་མཉམ་ཡངས་པས་ཆོས་ལ་བྱར་མེད་ཆེན་པོར་ལ་བཟླ་བ [p. 381] topical
1.11.1 Resolving in the great exhaustion of phenomena beyond the intellect, the fundamental nature having become manifest གཤིས་མངོན་དུ་གྱུར་པས་ཆོས་ཟད་བློ་འདས་ཆེན་པོར་ལ་བཟླ་བ root p. 45 · commentary p. 381 topical
Whether phenomena are free, pure or elaborated or not, one's awareness is groundless and naked, phenomena exhausted. Cites the Pearl Garland.
1.11.2 Resolving in the great ease of mind and inner spaciousness, through realization beyond hope and fear རེ་དོགས་བློ་འདས་སུ་རྟོགས་པས་བློ་བདེ་ཁོང་ཡངས་ཆེན་པོར་ལ་བཟླ་བ root p. 45 · commentary p. 382 topical
In present awareness there is nothing to be done, so it cannot be contrived by any Dharma. Cites the Natural Freedom of Awareness and the Pearl Garland.
1.11.3 Resolving in transcendence of the intellect's reference points, thoughts, projection and withdrawal ཡིད་ལ་བྱར་མེད་ཡེ་ཟད་ཆེན་པོར་རྟོགས་པས་བློའི་དམིགས་བསམ་སྤྲོ་བསྡུ་ལས་འདས་པར་ལ་བཟླ་བ root p. 45 · commentary p. 383 topical
Whether meditated, analyzed, accomplished or traversed or not, awareness is empty and clear, so no phenomenon is to be fixed upon. Cites Without Letters and the All-Creating King.
1.11.4 Resolving that there is nothing to be free of and nothing to attain, through realizing awareness as unobscured རིག་པ་སྒྲིབ་མེད་ཟང་ཀར་རྟོགས་པས་བྲལ་ཐོབ་མེད་པར་ལ་བཟླ་བ root p. 46 · commentary p. 384 topical
Awareness has no abandoning, attaining, freedom or delusion, so without hope or fear one neither practises generation and completion nor purifies obscurations; the mind is at ease in nonaction. Cites the Pearl Garland.
1.11.5 Resolving in being naturally unconfined, with no regard for anything, through realizing phenomena exhausted and free of bounds ཆོས་ཟད་རྒྱ་གྲོལ་ཕྱམ་གདལ་དུ་རྟོགས་པས་གང་ལ་ཡང་རྩིས་མེད་རང་ཡན་དུ་ལ་བཟླ་བ root p. 46 · commentary p. 386 topical
Extended refrains declare that nothing makes a difference for awareness: cognition passes straight through into unbiased, traceless openness, not to be caged by view, meditation or the nature of phenomena, reaching the vast expanse free from extremes; continues with a Pearl Garland citation.
1.11.6 Clear explanation of the nature of these realizations རྟོགས་པ་དེ་དག་གི་རང་བཞིན་གསལ་བར་བཤད་པ root p. 46 · commentary p. 390 topical
Root verse: whatever appears is wide open, groundless and unalloyed, without hope or fear and without biased view or meditation. Because intent never stirs from the nature of phenomena, appearances are seen as empty forms, the display of awareness, like reflections in a mirror; accepting and rejecting are exhausted (Reverberation of Sound).
1.11.7 For yogins in whom realization has dawned, whatever arises is free in the nature of phenomena without choosing རྟོགས་པ་ཁོང་ནས་ཤར་བའི་རྣལ་འབྱོར་པ་གང་ཤར་འདེམ་ཀ་མེད་པར་ཆོས་ཉིད་དུ་གྲོལ་བ root p. 46 · commentary p. 392 topical
Root verse: let whatever occurs, appears or arises be as it is. Since everything arises from one awareness as its dynamic energy, is free on arising and is groundless like a mirage, there is no good or bad and nothing to adopt or abandon; this is termed beyond extremes.
1.11.8 Yogins who realize total freedom have no fixed conduct and act as ordinary and naturally settled གཏད་མེད་ཡོངས་གྲོལ་དུ་རྟོགས་པའི་རྣལ་འབྱོར་པ་ལ་ཀུན་སྤྱོད་ངེས་པ་མེད་ཅིང་ཐ་མལ་རང་བབས་ཀྱི་སྣང་བར་སྤྱོད་པ root p. 47 · commentary p. 393 topical
Yogins who realize total freedom have no fixed conduct and remain in the ordinary state. They differ from worldlings because their appearances, free of clinging, cannot bind. Advocates of effortful practice for a fruit are answered and are to be guided by the causal vehicles. All of the yogin's everyday activity arises as Dharma.
1.11.10 Showing it to be the great spaciousness in which all is free ཀུན་གྲོལ་ཡངས་པ་ཆེན་པོར་བསྟན་པ root p. 47 · commentary p. 403 topical
With nothing wished for or abandoned, whatever appears is free without choosing. This is shown through the four modes of freedom: naked, instantaneous, groundless and self-empty. The yogin's confidence in primordial, self, naked and total freedom removes any need for effort or antidotes.
1.12 Final conclusion in the pervasiveness equal to space, where there are no phenomena ཆོས་མེད་མཁའ་མཉམ་གདལ་བར་ཕུ་ཐག་བཅད་པ root p. 48 · commentary p. 407 topical
Root verse: with no phenomena unfree, primordially free or naturally free, single evenness is beyond even decisive resolution. There is nothing to resolve, nowhere to resolve it and no one resolving, hence no endpoint (Natural Freedom of Awareness, All-Creating King).
2 Summarizing the meaning in the enlightened intent in which the aim is accomplished without anything being done མ་བྱས་དོན་གྲུབ་ཀྱི་དགོངས་པར་དོན་བསྡུ་བ root p. 48 · commentary p. 408 topical
Concluding verse on the vast expanse: outer, inner and secret expanses abide unmade; Longchen Rabjam declares he has realized saṃsāra and nirvāṇa nondual in one expanse of awareness, reaching the level where the nature of phenomena is exhausted, the pinnacle of purpose. Supported by the Heap of Jewels and Six Expanses.
3 Counsel for the fortunate who follow just as I have done བདག་ཇི་ལྟ་བ་བཞིན་དུ་རྗེས་སུ་འཇུག་པའི་སྐལ་ལྡན་ལ་གདམས་པ root p. 48 · commentary p. 410 topical
Root verse: followers who gather all into the one great expanse seize the level of Samantabhadra. Students of future generations are urged to study scriptures, pith instructions and his writings, thereby finding buddhahood within (All-Creating King, Six Expanses).
5 Chapter colophon ལེའུ་དགུ་པའི་འགྲེལ་པ root p. 48 · commentary p. 412 topical
Colophon identifying this as the commentary on the ninth chapter of the Treasury of the Basic Space of Phenomena, showing that all phenomena are decisively resolved in the expanse of awakening.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 41] In the single expanse (klong), by nature (rang bzhin) a great vastness,
the sky-nail (gnam gzer)[1]Note 1 · p. 41 · gnam gzer: rendered "sky-nail" as in the glossary and Claude Fable 5.2, keeping the image. GPT-6.2 Astra's "thunderbolt" and Gemini 4 Neon's "linchpin" lose it. of awakened mind (byang chub sems), equal to space,
gathered into its key point (gnad) and drawn out as the quintessence,
is the greatest of the great, the vast enlightened mind (thugs) of Samantabhadra (kun bzang).
By its own essence (ngo bo) it decides the whole in one great sweep.[2]Note 2 · p. 41 · spyi rgya rlabs kyis bcad: read as the idiom rlabs kyis gcod, "to decide in one sweep", with spyi rgya as the overall scope. This is close to Claude Fable 5.2 and GPT-6.2 Astra. Gemini 4 Neon and Dharmamitra take rgya as "confines" that are cut through or transcended. That is possible given rgya dang bral in the next image, but it fits bcad with rlabs kyis less well.
In the single great expanse (klong chen), realization (rtogs pa) and nonrealization,
freedom (grol ba) and nonfreedom,[3]Note 3 · p. 41 · and throughout: grol ba is "freedom / free" per the glossary. GPT-6.2 Astra, Gemini 4 Neon and Dharmamitra have "liberation". are nondual (gnyis med): great equality (mnyam pa chen po).

The bird whose wings have fully grown within the egg,
once free of its confines, abides in the expanse of the sky;
it overawes the nāgas and crosses the abyss by its own force.
So too with the vajra heart essence (rdo rje snying po), the very summit of the vehicles (theg pa):
the fortunate yogin (rnal 'byor) who realizes it just as it is
overawes the lesser vehicles and crosses the abyss of saṃsāra ('khor ba).

That abiding in great equality, where all is free,
for those given to cause and effect (rgyu 'bras), effort and striving (rtsol sgrub),[4]Note 4 · p. 41 · The last line of the page ends in "la" and its predicate, "mi rigs kyang", stands on p. 42. The English is divided the same way.

[p. 42] is untenable,
yet it holds good in the meaning of the supreme vehicle, unwavering equality.
Everything is great bliss (bde chen), the expanse of dharmakāya (chos sku), equal to space;
in the expanse of dharmakāya there is nothing whatever that is not free.

The nature of phenomena (chos nyid), arisen of itself, is the kāya (sku) of the vajra heart essence.
Within the body of habitual tendencies (bag chags) the dynamic energy (rtsal) of the heart essence is perfected,
and once the body of conditioned existence (srid pa), of birth, death and the intermediate state, is cast off,
awareness (rig pa) alone is inseparable from all;[5]Note 5 · p. 42 · kun dang dbyer med: Adzom reads kun tu dbyer med, "indivisible in every respect". I keep the e-text, "inseparable from all".
and, the kingdom of the victorious ones[6]Note 6 · p. 42 · rgyal ba'i srid: Adzom reads rgyal po'i srid, "the kingdom of a king". I keep the e-text, "the kingdom of the victorious ones". having been seized on the level (sa) of spontaneous presence[7]Note 7 · p. 42 · lhun grub sa: sa is "level" per the glossary, as in Claude Fable 5.2 and Dharmamitra. GPT-6.2 Astra and Gemini 4 Neon have "ground", which is reserved for gzhi. (lhun grub),
emanations (sprul pa) arise without restriction
and enter into all without obstruction.
This is the domain of the yogin who rides the wind of nonaction (byar med).
Though it is untenable for all the lesser vehicles,
that Ati shows it to be tenable[8]Note 8 · p. 42 · A tis rig par ston pa: I adopt Adzom's rigs par, "shows it to be tenable". It answers mi rigs kyang in the preceding line and matches the refrain mi rigs rigs pa'i gnad. Gemini 4 Neon and Claude Fable 5.2 already translate this way. GPT-6.2 Astra and Dharmamitra follow the e-text rig par, "shows it as awareness". is the key point of the fruition ('bras bu).

Where the magical display (cho 'phrul) of birth arises in the unborn (skye med),
to grasp at marks (mtshan ma) of cause and effect[9]Note 9 · p. 42 · rgyu 'bras mtshan mar 'dzin pa: "grasp at marks of cause and effect". Dharmamitra's "causes, effects, and characteristics" makes mtshan ma a third item, and Claude Fable 5.2 omits it. is the intellect (blo) of delusion ('khrul pa).
Ati's teaching that there are no causes or conditions
is the key point of what is tenable, though untenable for those below.

Whereas buddhas (sangs rgyas) and sentient beings

[p. 43] are inseparable in enlightened intent (dgongs pa) and conduct (spyod pa),[11]Note 11 · p. 43 · dgongs spyod: "enlightened intent and conduct", as in Gemini 4 Neon, Claude Fable 5.2 and Dharmamitra. GPT-6.2 Astra has "mind and conduct".
to grasp at saṃsāra and nirvāṇa ('khor 'das) as two is the expanse of delusion.
Ati's teaching that they are nondual[10]Note 10 · p. 43 · bstan pa des: the instrumental des is read as de, as in the parallel stanzas.
is the key point of what is tenable, though untenable for those below.

Whereas there is freedom without realization or nonrealization,
to hold that one is freed upon having realized is an enemy that brings ruin.[12]Note 12 · p. 43 · nyams pa'i dgra: nyams pa is taken as "ruin, deterioration", as in GPT-6.2 Astra, Gemini 4 Neon and Claude Fable 5.2. Dharmamitra's "enemy of genuine experience" reads nyams as meditative experience, which the form nyams pa does not support.
Ati's teaching of the one equality (mnyam nyid)
is the key point of what is tenable, though untenable for those below.

To deny that the inexpressible is realized
without relying on particular skillful means (thabs) that illustrate it is the intellect of a fool.
Ati's teaching that the ultimate (don dam) is indivisible[13]Note 13 · p. 43 · don dam dbyer med: "the ultimate is indivisible", as in GPT-6.2 Astra and Claude Fable 5.2. Dharmamitra's "indivisibility from the ultimate truth" adds a relation that is not in the text.
is the key point of what is tenable, though untenable for those below.

Of the Great Perfection (rdzogs chen), primordially all-pervading, without bottom or limit,
to say "It never arrives at an end"[14]Note 14 · p. 43 · thug pa med: taken as the lower vehicles' objection that the teaching reaches no end point, which mu med chig chod then answers. GPT-6.2 Astra's "therefore it cannot be reached" adds a causal link. Dharmamitra's "unfathomable" would make the objection say the same as gting mtha' med pa. is the expanse of fools.
Ati's teaching that the boundless is singly decisive (chig chod)
is the key point of what is tenable, though untenable within the scope of the lower intellects.

In the single sphere (thig le gcig),[16]Note 16 · p. 43 · thig le gcig: "the single sphere". Dharmamitra gives "single unique sphere" with the Wylie thig le nyag gcig, which is not in the text. since the reasoning is turned around,[15]Note 15 · p. 43 · rgyu mtshan go bzlog: rgyu mtshan is "reason, rationale": what is untenable below is tenable here, summing up the preceding refrains. Claude Fable 5.2 is similar. GPT-6.2 Astra's "logic of causation" and Dharmamitra's "causal characteristics" are less likely.
as to fruition, hope

[p. 44] and fear (re dogs) are cut through: it is equal to space.
Vast! Great! The enlightened mind of the victorious ones, equal to space.
Nothing is abandoned or attained: the expanse of the single sphere.
Primordially free (ye nas grol ba)![17]Note 17 · p. 44 · ye nas grol lo: Adzom reads grol la, "in primordial freedom there is neither realization nor nonrealization". I keep the exclamatory lo, parallel to yangs so che'o. There is neither realization nor nonrealization.
The yogin, equal to space, is at ease on the path (lam) that is free of action (bya bral).

This awareness, primordially awakened as buddhahood and without object (yul),
does not wander in saṃsāra; it is beyond every ground of delusion.
No one at all has been deluded; there is no place of delusion.
Everything is the state (ngang) of the one lucid (gsal ba) expanse,[18]Note 18 · p. 44 · klong gsal: gsal is "lucid" per the glossary. GPT-6.2 Astra, Gemini 4 Neon and Dharmamitra have "luminous", which is reserved for 'od gsal. the basic space of phenomena (chos dbyings).
Without division into earlier and later, it is vastness itself, equal to space.
Primordially settled and spontaneously present, saṃsāra is originally pure (gdod nas dag pa).

There is no entering into freedom, no taking up of nirvāṇa (mya ngan 'das pa).
In the unchanging great expanse, saṃsāra and nirvāṇa have never existed.
Here abandoning and attaining, hope and fear, are not observed;
awakening (byang chub) from the very origin, the expanse of the ground (gzhi) is a great vastness.
Everything is a mere name; in truth it is beyond illustration and expression.
Since saṃsāra and nirvāṇa, with neither freedom nor delusion, are decisively resolved (la zlos),[19]Note 19 · p. 44 · The final line is completed with the pas that begins the next page ("Since … are decisively resolved,"). The next part continues from "su yang ma rtsol". GPT-6.2 Astra and Claude Fable 5.2 make the line an imperative, but zlos pas gives the reason for the injunctions that follow.

[p. 45] let no one make any effort;[20]Note 20 · p. 45 · The opening པས is already rendered at the end of the previous part ("Since … are decisively resolved"), so this part begins with the main clause. do not contrive or alter anything!
In awareness, which has no wide or narrow, no high or low,
there is no restriction and no partiality (phyogs lhung), so set aside fixed reference points (dmigs gtad).[21]Note 21 · p. 45 · Adzom reads ཀྱི་དམིགས་གཏད་ཤོར ("the fixed reference point … is lost") for ཀྱིས་དམིགས་གཏད་ཤོལ. I follow the text: the imperative "set aside" parallels མེད་ཀྱིས་འཛིན་རྩོལ་ཞོག in the next couplet.
In awareness, which has no action and agent (bya byed), no going or coming,
there is no time and no antidote (gnyen po), so lay down grasping and effort.
If a reference point (dmigs pa) is deliberately held, that is a cause of bondage.
Do not set up fixated grasping (gtad 'dzin) toward anything at all; let go into evenness.

Whether all phenomena (chos) are primordially free or not free,
whether the natural state (gnas lugs) is pure by nature or not pure,
whether mind itself (sems nyid) is free of conceptual elaboration (spros pa) or not free of it,
whether anything is established in the genuine fundamental nature (gshis) or not established,
whether saṃsāra and nirvāṇa are by nature two or not two,
whether all thought and expression are transcended or not transcended,
whether the delusion of negation and affirmation (dgag sgrub) has collapsed or not collapsed,
whether the view (lta ba) of realization is realized or not realized,
whether the meaning of the nature of phenomena is meditated upon or not meditated upon,
whether, with no accepting and rejecting (blang dor),

[p. 46] conduct is engaged in or not engaged in,[22]Note 22 · p. 46 · Adzom reads དཔྱད་རུང་མ་དཔྱད་རུང ("whether examined or not") for སྤྱད་རུང་མ་སྤྱད་རུང. I follow the text, as all drafts do: the lines run view, meditation, conduct, fruition.
whether the fruition, the natural state,[23]Note 23 · p. 46 · གནས་ལུགས་འབྲས་བུ: GPT-6.2 Astra, Gemini 4 Neon, Dharmamitra read "the fruition of the natural state". With Claude Fable 5.2 I take it as apposition ("the fruition, the natural state"), since there is no genitive and the natural state is itself the fruition here. is accomplished or not accomplished,
whether the levels and paths are traversed or not traversed,
whether one is free of all obscurations (sgrib pa) or not free of them,
whether generation and completion (bskyed rdzogs) are perfected as the nature of phenomena[24]Note 24 · p. 46 · བསྐྱེད་རྫོགས་ཆོས་ཉིད་རྫོགས: Gemini 4 Neon and Dharmamitra make chos nyid a genitive of generation and completion, GPT-6.2 Astra a locative. With Claude Fable 5.2 I read "perfected as the nature of phenomena". or not perfected,
whether the fruition of liberation (thar pa) is attained or not attained,
whether the six classes of beings ('gro drug) wander in saṃsāra[25]Note 25 · p. 46 · འགྲོ་དྲུག་འཁོར་བར་འཁྱམས: GPT-6.2 Astra, Gemini 4 Neon and Claude Fable 5.2 supply "one" as subject. With Dharmamitra I take the six classes of beings as the subject, which is the plain syntax. or do not wander,
whether the nature is spontaneously present or not so present,
whether one is bound by the dualistic grasping of eternalism and nihilism (rtag chad) or not bound,
whether the enlightened intent of the nature of phenomena[26]Note 26 · p. 46 · དགོངས་པ: GPT-6.2 Astra and Dharmamitra have "realization", which the glossary reserves for rtogs pa. I use "enlightened intent" with Claude Fable 5.2. is reached or not reached,
whether one follows in the footsteps of the masters of the past or does not follow—
though sky and earth be confounded and overturned, whatever appearances (snang ba) arise,
there is wide openness (phyal ba), unconstrained, groundless (gzhi med), unalloyed (zang ka);
with nothing to fix upon (gtad med): haphazard, hazy, helter-skelter;[27]Note 27 · p. 46 · ཟང་ཟིང་བན་བུན་ཆལ་མ་ཆོལ: these are expressive reduplications with no exact equivalents. GPT-6.2 Astra takes them as an outer scene ("amid the bustle…"). I take them, with Gemini 4 Neon and Claude Fable 5.2, as describing the unfixed state itself.
with neither hope nor fear, in the manner of a madman;
with no bias as to view and meditation (lta sgom), the wishful intellect that deliberately grasps has collapsed.

With no attachment of inner wanting, there is no effort and striving toward anything called "this."
Whatever occurs, let it occur; whatever appears,

[p. 47] let it appear.
Whatever arises, let it arise; whatever is, let it be.
Let it be anything at all; let it be nothing at all.[28]Note 28 · p. 47 · གང་ཡང་མིན་དུ་ཆུག: Dharmamitra has "let it be whatever it is not". With GPT-6.2 Astra, Gemini 4 Neon and Claude Fable 5.2 I read gang yang min as "nothing at all".
All conduct is indeterminate, within the state of awareness's direct crossing (thod rgal).[29]Note 29 · p. 47 · ཐོད་རྒལ: GPT-6.2 Astra and Claude Fable 5.2 render it as a leap. I keep the glossary's "direct crossing", though the sense here is awareness passing beyond all fixed sequence rather than the practice of that name.
Since there is no basis whatsoever for reckoning what is Dharma and what is not Dharma,
with nothing to fix upon, unalloyed, one is beyond the cage of philosophical tenets (grub mtha').
Since eating, walking, lying down and sitting, day and night, extend evenly (phyam gdal),
this is by nature the very state of equality (mnyam pa), the nature of phenomena.
There is no deity to worship, nor any demon to strike down;
there is no phenomenon to meditate upon: the ordinary state, left to itself.
Since the uncontrived (ma bcos) king, without conceit, is a single evenness (phyam gcig),
wide open and unconstrained, there is spontaneous presence alone.
Not made, primordially attained (ye zin), free of effort and striving: there is ease.[30]Note 30 · p. 47 · བདེ (twice): Gemini 4 Neon has "how blissful", Dharmamitra "content" and "bliss". I use "ease" with GPT-6.2 Astra and Claude Fable 5.2, consistent with the previous part.
There is no ground of view and no state of meditation,
no phenomenon to enact as conduct, and no fruition one wishes to accomplish.
Since everything, without bias, extends evenly in equality,[31]Note 31 · p. 47 · Adzom reads ཕྱམ་འདས་པས་བྱ་བ་རྩོལ for ཕྱམ་གདལ་བས་བྱ་རྩོལ ("since all has passed beyond, evenly"). I follow the text: the variant makes the next line ten syllables, and phyam gdal recurs just above.
action and effort (bya rtsol) are not needed; with no wide or narrow, there is ease.
Since there is no aspiration, the phenomena of the striving intellect

[p. 48] are exhausted;
since there is nothing to be abandoned, the binding clinging to antidotes is transcended.
Whatever is, is everything; since there is no "is" or "is not" at all,
whatever appears, whatever arises, is free, with nothing to choose.
Since there is no phenomenon that is unfreed, that will not be freed,[32]Note 32 · p. 48 · མ་གྲོལ་མི་འགྲོལ་རང་གྲོལ་ཆོས་མེད་པས: GPT-6.2 Astra makes three separate statements ("Nothing has been freed, nothing is being freed…"). With Gemini 4 Neon, Dharmamitra, Claude Fable 5.2 I take all three as modifiers of chos, governed by the single med pas. or that is naturally free (rang grol),
single evenness, with nothing to fix upon, is beyond any phenomenon to be decisively resolved (la bzla).

Vast expanse, vast expanse: the state of the vastness of the great expanse.
Since the great expanse is utterly infinite, a lucid expanse, an infinite expanse,
the one expanse, nondual, the swirling expanse of bliss,
with variety naturally free, has reached the level of exhaustion (zad sa) in the nature of phenomena:[33]Note 33 · p. 48 · ཆོས་ཉིད་ཟད་སར: Dharmamitra's "where phenomena are exhausted" drops nyid. I keep the nature of phenomena and the glossary's "level of exhaustion". The compound allows both "exhaustion in" and "exhaustion of" the nature of phenomena.
unchanging, spontaneously present, the summit of excellent purpose.
I and others, the beings who follow after,[34]Note 34 · p. 48 · བདག་གཞན་…ཟིན་པ་ཡིན: Dharmamitra turns this into a wish ("May all beings…") and omits "I and others". The Tibetan is declarative, as in GPT-6.2 Astra, Gemini 4 Neon and Claude Fable 5.2. as well,
gathered just so into the single great expanse, primordially infinite (ye 'byams),
have seized the everlasting domain (gtan srid) on the level of Samantabhadra.

From The Precious Treasury of the Basic Space of Phenomena (Chos dbyings rin po che'i mdzod), this is the ninth chapter, showing that all phenomena are decisively resolved in the expanse of awakened mind.

Translation notes
  • 1. [p. 41] gnam gzer: rendered "sky-nail" as in the glossary and Claude Fable 5.2, keeping the image. GPT-6.2 Astra's "thunderbolt" and Gemini 4 Neon's "linchpin" lose it.
  • 2. [p. 41] spyi rgya rlabs kyis bcad: read as the idiom rlabs kyis gcod, "to decide in one sweep", with spyi rgya as the overall scope. This is close to Claude Fable 5.2 and GPT-6.2 Astra. Gemini 4 Neon and Dharmamitra take rgya as "confines" that are cut through or transcended. That is possible given rgya dang bral in the next image, but it fits bcad with rlabs kyis less well.
  • 3. [p. 41] and throughout: grol ba is "freedom / free" per the glossary. GPT-6.2 Astra, Gemini 4 Neon and Dharmamitra have "liberation".
  • 4. [p. 41] The last line of the page ends in "la" and its predicate, "mi rigs kyang", stands on p. 42. The English is divided the same way.
  • 5. [p. 42] kun dang dbyer med: Adzom reads kun tu dbyer med, "indivisible in every respect". I keep the e-text, "inseparable from all".
  • 6. [p. 42] rgyal ba'i srid: Adzom reads rgyal po'i srid, "the kingdom of a king". I keep the e-text, "the kingdom of the victorious ones".
  • 7. [p. 42] lhun grub sa: sa is "level" per the glossary, as in Claude Fable 5.2 and Dharmamitra. GPT-6.2 Astra and Gemini 4 Neon have "ground", which is reserved for gzhi.
  • 8. [p. 42] A tis rig par ston pa: I adopt Adzom's rigs par, "shows it to be tenable". It answers mi rigs kyang in the preceding line and matches the refrain mi rigs rigs pa'i gnad. Gemini 4 Neon and Claude Fable 5.2 already translate this way. GPT-6.2 Astra and Dharmamitra follow the e-text rig par, "shows it as awareness".
  • 9. [p. 42] rgyu 'bras mtshan mar 'dzin pa: "grasp at marks of cause and effect". Dharmamitra's "causes, effects, and characteristics" makes mtshan ma a third item, and Claude Fable 5.2 omits it.
  • 10. [p. 43] bstan pa des: the instrumental des is read as de, as in the parallel stanzas.
  • 11. [p. 43] dgongs spyod: "enlightened intent and conduct", as in Gemini 4 Neon, Claude Fable 5.2 and Dharmamitra. GPT-6.2 Astra has "mind and conduct".
  • 12. [p. 43] nyams pa'i dgra: nyams pa is taken as "ruin, deterioration", as in GPT-6.2 Astra, Gemini 4 Neon and Claude Fable 5.2. Dharmamitra's "enemy of genuine experience" reads nyams as meditative experience, which the form nyams pa does not support.
  • 13. [p. 43] don dam dbyer med: "the ultimate is indivisible", as in GPT-6.2 Astra and Claude Fable 5.2. Dharmamitra's "indivisibility from the ultimate truth" adds a relation that is not in the text.
  • 14. [p. 43] thug pa med: taken as the lower vehicles' objection that the teaching reaches no end point, which mu med chig chod then answers. GPT-6.2 Astra's "therefore it cannot be reached" adds a causal link. Dharmamitra's "unfathomable" would make the objection say the same as gting mtha' med pa.
  • 15. [p. 43] rgyu mtshan go bzlog: rgyu mtshan is "reason, rationale": what is untenable below is tenable here, summing up the preceding refrains. Claude Fable 5.2 is similar. GPT-6.2 Astra's "logic of causation" and Dharmamitra's "causal characteristics" are less likely.
  • 16. [p. 43] thig le gcig: "the single sphere". Dharmamitra gives "single unique sphere" with the Wylie thig le nyag gcig, which is not in the text.
  • 17. [p. 44] ye nas grol lo: Adzom reads grol la, "in primordial freedom there is neither realization nor nonrealization". I keep the exclamatory lo, parallel to yangs so che'o.
  • 18. [p. 44] klong gsal: gsal is "lucid" per the glossary. GPT-6.2 Astra, Gemini 4 Neon and Dharmamitra have "luminous", which is reserved for 'od gsal.
  • 19. [p. 44] The final line is completed with the pas that begins the next page ("Since … are decisively resolved,"). The next part continues from "su yang ma rtsol". GPT-6.2 Astra and Claude Fable 5.2 make the line an imperative, but zlos pas gives the reason for the injunctions that follow.
  • 20. [p. 45] The opening པས is already rendered at the end of the previous part ("Since … are decisively resolved"), so this part begins with the main clause.
  • 21. [p. 45] Adzom reads ཀྱི་དམིགས་གཏད་ཤོར ("the fixed reference point … is lost") for ཀྱིས་དམིགས་གཏད་ཤོལ. I follow the text: the imperative "set aside" parallels མེད་ཀྱིས་འཛིན་རྩོལ་ཞོག in the next couplet.
  • 22. [p. 46] Adzom reads དཔྱད་རུང་མ་དཔྱད་རུང ("whether examined or not") for སྤྱད་རུང་མ་སྤྱད་རུང. I follow the text, as all drafts do: the lines run view, meditation, conduct, fruition.
  • 23. [p. 46] གནས་ལུགས་འབྲས་བུ: GPT-6.2 Astra, Gemini 4 Neon, Dharmamitra read "the fruition of the natural state". With Claude Fable 5.2 I take it as apposition ("the fruition, the natural state"), since there is no genitive and the natural state is itself the fruition here.
  • 24. [p. 46] བསྐྱེད་རྫོགས་ཆོས་ཉིད་རྫོགས: Gemini 4 Neon and Dharmamitra make chos nyid a genitive of generation and completion, GPT-6.2 Astra a locative. With Claude Fable 5.2 I read "perfected as the nature of phenomena".
  • 25. [p. 46] འགྲོ་དྲུག་འཁོར་བར་འཁྱམས: GPT-6.2 Astra, Gemini 4 Neon and Claude Fable 5.2 supply "one" as subject. With Dharmamitra I take the six classes of beings as the subject, which is the plain syntax.
  • 26. [p. 46] དགོངས་པ: GPT-6.2 Astra and Dharmamitra have "realization", which the glossary reserves for rtogs pa. I use "enlightened intent" with Claude Fable 5.2.
  • 27. [p. 46] ཟང་ཟིང་བན་བུན་ཆལ་མ་ཆོལ: these are expressive reduplications with no exact equivalents. GPT-6.2 Astra takes them as an outer scene ("amid the bustle…"). I take them, with Gemini 4 Neon and Claude Fable 5.2, as describing the unfixed state itself.
  • 28. [p. 47] གང་ཡང་མིན་དུ་ཆུག: Dharmamitra has "let it be whatever it is not". With GPT-6.2 Astra, Gemini 4 Neon and Claude Fable 5.2 I read gang yang min as "nothing at all".
  • 29. [p. 47] ཐོད་རྒལ: GPT-6.2 Astra and Claude Fable 5.2 render it as a leap. I keep the glossary's "direct crossing", though the sense here is awareness passing beyond all fixed sequence rather than the practice of that name.
  • 30. [p. 47] བདེ (twice): Gemini 4 Neon has "how blissful", Dharmamitra "content" and "bliss". I use "ease" with GPT-6.2 Astra and Claude Fable 5.2, consistent with the previous part.
  • 31. [p. 47] Adzom reads ཕྱམ་འདས་པས་བྱ་བ་རྩོལ for ཕྱམ་གདལ་བས་བྱ་རྩོལ ("since all has passed beyond, evenly"). I follow the text: the variant makes the next line ten syllables, and phyam gdal recurs just above.
  • 32. [p. 48] མ་གྲོལ་མི་འགྲོལ་རང་གྲོལ་ཆོས་མེད་པས: GPT-6.2 Astra makes three separate statements ("Nothing has been freed, nothing is being freed…"). With Gemini 4 Neon, Dharmamitra, Claude Fable 5.2 I take all three as modifiers of chos, governed by the single med pas.
  • 33. [p. 48] ཆོས་ཉིད་ཟད་སར: Dharmamitra's "where phenomena are exhausted" drops nyid. I keep the nature of phenomena and the glossary's "level of exhaustion". The compound allows both "exhaustion in" and "exhaustion of" the nature of phenomena.
  • 34. [p. 48] བདག་གཞན་…ཟིན་པ་ཡིན: Dharmamitra turns this into a wish ("May all beings…") and omits "I and others". The Tibetan is declarative, as in GPT-6.2 Astra, Gemini 4 Neon and Claude Fable 5.2.
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the commentary announces and opens), gold the quotations, red the words of the root verses (or of a quotation) that the commentary quotes to explain them, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program, the root verses by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Root verses being explainedAuthor's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 41]
རང་བཞིན་ཡངས་པ་ཆེན་པོའི་ཀློང་གཅིག་ལ། །མཁའ་མཉམ་བྱང་ཆུབ་སེམས་ཀྱི་གནམ་གཟེར་ནི།
།གནད་དུ་དྲིལ་ཏེ་བཅུད་དུ་ཕྱུང་བ་ནི།
།ཆེ་བའི་ཆེ་བ་ཀུན་བཟང་ཡངས་པའི་ཐུགས།
།རང་གི་ངོ་བོས་སྤྱི་རྒྱ་རླབས་ཀྱིས་བཅད།
།ཀློང་ཆེན་གཅིག་ལ་རྟོགས་དང་མ་རྟོགས་དང༌།
།གྲོལ་དང་མ་གྲོལ་གཉིས་མེད་མཉམ་པ་ཆེ།
།སྒོ་ངའི་ནང་ནས་འདབ་གཤོག་རྒྱས་པའི་བྱ།
།རྒྱ་དང་བྲལ་བས་ནམ་མཁའི་ཀློང་ན་གནས།
།ཀླུ་རྣམས་ཟིལ་གནོན་གཡང་ས་ཤུགས་ཀྱིས་ཆོད།
།ཐེག་པའི་ཡང་རྩེ་རྡོ་རྗེ་སྙིང་པོ་ཡང༌།
།ཇི་བཞིན་རྟོགས་པའི་རྣལ་འབྱོར་སྐལ་བ་ཅན།
།ཐེག་དམན་ཟིལ་གནོན་འཁོར་བའི་གཡང་ས་ཆོད།
།ཀུན་གྲོལ་མཉམ་པ་ཆེན་པོར་གནས་པ་དེ།
།རྒྱུ་འབྲས་རྩོལ་སྒྲུབ་ཅན་ལ་

In the single expanse (klong), by nature (rang bzhin) a great vastness,
the sky-nail (gnam gzer)[1]Note 1 · p. 41 · gnam gzer: rendered "sky-nail" as in the glossary and Claude Fable 5.2, keeping the image. GPT-6.2 Astra's "thunderbolt" and Gemini 4 Neon's "linchpin" lose it. of awakened mind (byang chub sems), equal to space,
gathered into its key point (gnad) and drawn out as the quintessence,
is the greatest of the great, the vast enlightened mind (thugs) of Samantabhadra (kun bzang).
By its own essence (ngo bo) it decides the whole in one great sweep.[2]Note 2 · p. 41 · spyi rgya rlabs kyis bcad: read as the idiom rlabs kyis gcod, "to decide in one sweep", with spyi rgya as the overall scope. This is close to Claude Fable 5.2 and GPT-6.2 Astra. Gemini 4 Neon and Dharmamitra take rgya as "confines" that are cut through or transcended. That is possible given rgya dang bral in the next image, but it fits bcad with rlabs kyis less well.
In the single great expanse (klong chen), realization (rtogs pa) and nonrealization,
freedom (grol ba) and nonfreedom,[3]Note 3 · p. 41 · and throughout: grol ba is "freedom / free" per the glossary. GPT-6.2 Astra, Gemini 4 Neon and Dharmamitra have "liberation". are nondual (gnyis med): great equality (mnyam pa chen po).

The bird whose wings have fully grown within the egg,
once free of its confines, abides in the expanse of the sky;
it overawes the nāgas and crosses the abyss by its own force.
So too with the vajra heart essence (rdo rje snying po), the very summit of the vehicles (theg pa):
the fortunate yogin (rnal 'byor) who realizes it just as it is
overawes the lesser vehicles and crosses the abyss of saṃsāra ('khor ba).

That abiding in great equality, where all is free,
for those given to cause and effect (rgyu 'bras), effort and striving (rtsol sgrub),[4]Note 4 · p. 41 · The last line of the page ends in "la" and its predicate, "mi rigs kyang", stands on p. 42. The English is divided the same way.

[p. 42]
མི་རིགས་ཀྱང༌། །ཐེག་མཆོག་མི་གཡོ་མཉམ་པའི་དོན་ལ་འཐད།
།ཐམས་ཅད་བདེ་ཆེན་མཁའ་མཉམ་ཆོས་སྐུའི་ཀློང༌།
།ཆོས་སྐུའི་ཀློང་དུ་མ་གྲོལ་འགའ་ཡང་མེད།
།ཆོས་ཉིད་རང་བཞེངས་རྡོ་རྗེ་སྙིང་པོའི་སྐུ།
།བག་ཆགས་ལུས་ལ་སྙིང་པོའི་རྩལ་རྫོགས་ཏེ།
།སྐྱེ་ཤི་བར་དོ་སྲིད་པའི་ལུས་བོར་ནས།
།རིག་པ་གཅིག་པུ་ཀུན་དང་དབྱེར་མེད་ཅིང༌།
།ལྷུན་གྲུབ་ས་ལ་རྒྱལ་བའི་སྲིད་ཟིན་ནས།
།རྒྱ་ཆད་མེད་པར་སྤྲུལ་པ་འབྱུང་བ་དང༌།
།ཐོགས་པ་མེད་པར་ཀུན་ལ་འཇུག་པ་ནི།
།བྱར་མེད་རླུང་ཞོན་རྣལ་འབྱོར་སྤྱོད་ཡུལ་ཏེ།
།དམན་པའི་ཐེག་པ་ཀུན་ལ་མི་རིགས་ཀྱང༌།
།ཨ་ཏིས་རིག་པར་སྟོན་པ་འབྲས་བུའི་གནད།
།སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་འབྱུང་བ་ལ།
།རྒྱུ་འབྲས་མཚན་མར་འཛིན་པ་འཁྲུལ་པའི་བློ།
།ཨ་ཏིས་རྒྱུ་རྐྱེན་མེད་པར་བསྟན་པ་ནི།
།འོག་མ་རྣམས་ལ་མི་རིགས་རིགས་པའི་གནད།
།སངས་རྒྱས་སེམས་ཅན་

is untenable,
yet it holds good in the meaning of the supreme vehicle, unwavering equality.
Everything is great bliss (bde chen), the expanse of dharmakāya (chos sku), equal to space;
in the expanse of dharmakāya there is nothing whatever that is not free.

The nature of phenomena (chos nyid), arisen of itself, is the kāya (sku) of the vajra heart essence.
Within the body of habitual tendencies (bag chags) the dynamic energy (rtsal) of the heart essence is perfected,
and once the body of conditioned existence (srid pa), of birth, death and the intermediate state, is cast off,
awareness (rig pa) alone is inseparable from all;[5]Note 5 · p. 42 · kun dang dbyer med: Adzom reads kun tu dbyer med, "indivisible in every respect". I keep the e-text, "inseparable from all".
and, the kingdom of the victorious ones[6]Note 6 · p. 42 · rgyal ba'i srid: Adzom reads rgyal po'i srid, "the kingdom of a king". I keep the e-text, "the kingdom of the victorious ones". having been seized on the level (sa) of spontaneous presence[7]Note 7 · p. 42 · lhun grub sa: sa is "level" per the glossary, as in Claude Fable 5.2 and Dharmamitra. GPT-6.2 Astra and Gemini 4 Neon have "ground", which is reserved for gzhi. (lhun grub),
emanations (sprul pa) arise without restriction
and enter into all without obstruction.
This is the domain of the yogin who rides the wind of nonaction (byar med).
Though it is untenable for all the lesser vehicles,
that Ati shows it to be tenable[8]Note 8 · p. 42 · A tis rig par ston pa: I adopt Adzom's rigs par, "shows it to be tenable". It answers mi rigs kyang in the preceding line and matches the refrain mi rigs rigs pa'i gnad. Gemini 4 Neon and Claude Fable 5.2 already translate this way. GPT-6.2 Astra and Dharmamitra follow the e-text rig par, "shows it as awareness". is the key point of the fruition ('bras bu).

Where the magical display (cho 'phrul) of birth arises in the unborn (skye med),
to grasp at marks (mtshan ma) of cause and effect[9]Note 9 · p. 42 · rgyu 'bras mtshan mar 'dzin pa: "grasp at marks of cause and effect". Dharmamitra's "causes, effects, and characteristics" makes mtshan ma a third item, and Claude Fable 5.2 omits it. is the intellect (blo) of delusion ('khrul pa).
Ati's teaching that there are no causes or conditions
is the key point of what is tenable, though untenable for those below.

Whereas buddhas (sangs rgyas) and sentient beings

[p. 43]
དགོངས་སྤྱོད་དབྱེར་མེད་ལ། །འཁོར་འདས་གཉིས་སུ་འཛིན་པ་འཁྲུལ་པའི་ཀློང༌།
།ཨ་ཏིས་གཉིས་སུ་མེད་པར་བསྟན་པ་དེས།
།འོག་མ་རྣམས་ལ་མི་རིགས་རིགས་པའི་གནད།
།རྟོགས་དང་མ་རྟོགས་མེད་པར་གྲོལ་བ་ལ།
།རྟོགས་ནས་གྲོལ་བར་འདོད་པ་ཉམས་པའི་དགྲ།
།ཨ་ཏིས་མཉམ་ཉིད་གཅིག་ཏུ་བསྟན་པ་དེ།
།འོག་མ་རྣམས་ལ་མི་རིགས་རིགས་པའི་གནད།
།མཚོན་བྱེད་ཐབས་ཀྱི་ཁྱད་པར་མ་བསྟེན་པར།
།བརྗོད་མེད་རྟོགས་པར་མི་འདོད་བླུན་པོའི་བློ།
།ཨ་ཏིས་དོན་དམ་དབྱེར་མེད་བསྟན་པ་དེ།
།འོག་མ་རྣམས་ལ་མི་རིགས་རིགས་པའི་གནད།
།རྫོགས་ཆེན་ཡེ་གདལ་གཏིང་མཐའ་མེད་པ་ལ།
།ཐུག་པ་མེད་ཅེས་ཟེར་བ་བླུན་པོའི་ཀློང༌།
།ཨ་ཏི་མུ་མེད་ཆིག་ཆོད་བསྟན་པ་དེ།
།འོག་མའི་བློ་ཡུལ་མི་རིགས་རིགས་པའི་གནད།
།ཐིག་ལེ་གཅིག་ལ་རྒྱུ་མཚན་གོ་བཟློག་པས།
།འབྲས་བུ་རེ་

are inseparable in enlightened intent (dgongs pa) and conduct (spyod pa),[11]Note 11 · p. 43 · dgongs spyod: "enlightened intent and conduct", as in Gemini 4 Neon, Claude Fable 5.2 and Dharmamitra. GPT-6.2 Astra has "mind and conduct".
to grasp at saṃsāra and nirvāṇa ('khor 'das) as two is the expanse of delusion.
Ati's teaching that they are nondual[10]Note 10 · p. 43 · bstan pa des: the instrumental des is read as de, as in the parallel stanzas.
is the key point of what is tenable, though untenable for those below.

Whereas there is freedom without realization or nonrealization,
to hold that one is freed upon having realized is an enemy that brings ruin.[12]Note 12 · p. 43 · nyams pa'i dgra: nyams pa is taken as "ruin, deterioration", as in GPT-6.2 Astra, Gemini 4 Neon and Claude Fable 5.2. Dharmamitra's "enemy of genuine experience" reads nyams as meditative experience, which the form nyams pa does not support.
Ati's teaching of the one equality (mnyam nyid)
is the key point of what is tenable, though untenable for those below.

To deny that the inexpressible is realized
without relying on particular skillful means (thabs) that illustrate it is the intellect of a fool.
Ati's teaching that the ultimate (don dam) is indivisible[13]Note 13 · p. 43 · don dam dbyer med: "the ultimate is indivisible", as in GPT-6.2 Astra and Claude Fable 5.2. Dharmamitra's "indivisibility from the ultimate truth" adds a relation that is not in the text.
is the key point of what is tenable, though untenable for those below.

Of the Great Perfection (rdzogs chen), primordially all-pervading, without bottom or limit,
to say "It never arrives at an end"[14]Note 14 · p. 43 · thug pa med: taken as the lower vehicles' objection that the teaching reaches no end point, which mu med chig chod then answers. GPT-6.2 Astra's "therefore it cannot be reached" adds a causal link. Dharmamitra's "unfathomable" would make the objection say the same as gting mtha' med pa. is the expanse of fools.
Ati's teaching that the boundless is singly decisive (chig chod)
is the key point of what is tenable, though untenable within the scope of the lower intellects.

In the single sphere (thig le gcig),[16]Note 16 · p. 43 · thig le gcig: "the single sphere". Dharmamitra gives "single unique sphere" with the Wylie thig le nyag gcig, which is not in the text. since the reasoning is turned around,[15]Note 15 · p. 43 · rgyu mtshan go bzlog: rgyu mtshan is "reason, rationale": what is untenable below is tenable here, summing up the preceding refrains. Claude Fable 5.2 is similar. GPT-6.2 Astra's "logic of causation" and Dharmamitra's "causal characteristics" are less likely.
as to fruition, hope

[p. 44]
དོགས་ཆོད་དེ་མཁའ་དང་མཉམ། །ཡངས་སོ་ཆེའོ་མཁའ་མཉམ་རྒྱལ་བའི་ཐུགས། །སྤངས་ཐོབ་མེད་དེ་ཐིག་ལེ་གཅིག་གི་ཀློང༌།
།ཡེ་ནས་གྲོལ་ལོ་རྟོགས་དང་མ་རྟོགས་མེད།
།རྣལ་འབྱོར་མཁའ་མཉམ་བྱ་བྲལ་ལམ་དུ་བདེ།
།ཡེ་སངས་རྒྱས་པའི་རིག་པ་ཡུལ་མེད་འདི།
།འཁོར་བར་མི་འཁྱམ་འཁྲུལ་གཞི་ཀུན་ལས་འདས།
།སུ་ཡང་མ་འཁྲུལ་འཁྲུལ་པའི་གནས་མེད་དེ།
།ཐམས་ཅད་ཆོས་དབྱིངས་ཀློང་གསལ་གཅིག་གི་ངང༌།
།སྔ་ཕྱི་རིས་མེད་མཁའ་མཉམ་ཡངས་པ་ཉིད།
།ཡེ་བབས་ལྷུན་གྲུབ་འཁོར་བ་གདོད་ནས་དག །གྲོལ་བར་མི་འཇུག་མྱ་ངན་འདས་མི་ལེན། །མི་འགྱུར་ཀློང་ཆེན་འཁོར་འདས་ཡོད་མ་མྱོང༌།
།འདི་ལ་སྤངས་ཐོབ་རེ་དོགས་མི་དམིགས་ཤིང༌།
།གདོད་ནས་བྱང་ཆུབ་གཞི་ཀློང་ཡངས་པ་ཆེ།
།ཐམས་ཅད་མིང་ཙམ་དོན་ལ་མཚོན་བརྗོད་འདས།
།གྲོལ་དང་འཁྲུལ་མེད་འཁོར་འདས་ལ་ཟློས་

and fear (re dogs) are cut through: it is equal to space.
Vast! Great! The enlightened mind of the victorious ones, equal to space.
Nothing is abandoned or attained: the expanse of the single sphere.
Primordially free (ye nas grol ba)![17]Note 17 · p. 44 · ye nas grol lo: Adzom reads grol la, "in primordial freedom there is neither realization nor nonrealization". I keep the exclamatory lo, parallel to yangs so che'o. There is neither realization nor nonrealization.
The yogin, equal to space, is at ease on the path (lam) that is free of action (bya bral).

This awareness, primordially awakened as buddhahood and without object (yul),
does not wander in saṃsāra; it is beyond every ground of delusion.
No one at all has been deluded; there is no place of delusion.
Everything is the state (ngang) of the one lucid (gsal ba) expanse,[18]Note 18 · p. 44 · klong gsal: gsal is "lucid" per the glossary. GPT-6.2 Astra, Gemini 4 Neon and Dharmamitra have "luminous", which is reserved for 'od gsal. the basic space of phenomena (chos dbyings).
Without division into earlier and later, it is vastness itself, equal to space.
Primordially settled and spontaneously present, saṃsāra is originally pure (gdod nas dag pa).

There is no entering into freedom, no taking up of nirvāṇa (mya ngan 'das pa).
In the unchanging great expanse, saṃsāra and nirvāṇa have never existed.
Here abandoning and attaining, hope and fear, are not observed;
awakening (byang chub) from the very origin, the expanse of the ground (gzhi) is a great vastness.
Everything is a mere name; in truth it is beyond illustration and expression.
Since saṃsāra and nirvāṇa, with neither freedom nor delusion, are decisively resolved (la zlos),[19]Note 19 · p. 44 · The final line is completed with the pas that begins the next page ("Since … are decisively resolved,"). The next part continues from "su yang ma rtsol". GPT-6.2 Astra and Claude Fable 5.2 make the line an imperative, but zlos pas gives the reason for the injunctions that follow.

[p. 45]
པས། །སུ་ཡང་མ་རྩོལ་བཅོས་བསྒྱུར་མ་བྱེད་ཅིག །ཡངས་དོག་མཐོ་དམན་མེད་པའི་རིག་པ་ལ། །རྒྱ་ཆད་ཕྱོགས་ལྷུང་མེད་ཀྱིས་དམིགས་གཏད་ཤོལ། །བྱ་བྱེད་འགྲོ་འོང་མེད་པའི་རིག་པ་ལ། །དུས་དང་གཉེན་པོ་མེད་ཀྱིས་འཛིན་རྩོལ་ཞོག །ཆེད་དུ་དམིགས་པ་ཡོད་ན་འཆིང་བའི་རྒྱུ། །གང་ལའང་གཏད་འཛིན་མ་འཆའ་ཕྱམ་ལ་ཐོང༌།
།ཆོས་ཀུན་ཡེ་ནས་གྲོལ་རུང་མ་གྲོལ་རུང༌།
།གནས་ལུགས་རང་བཞིན་དག་རུང་མ་དག་རུང༌།
།སེམས་ཉིད་སྤྲོས་དང་བྲལ་རུང་མ་བྲལ་རུང༌།
།གཉུག་མའི་གཤིས་ལ་གྲུབ་རུང་མ་གྲུབ་རུང༌།
།འཁོར་འདས་རང་བཞིན་གཉིས་རུང་མི་གཉིས་རུང༌།
།བསམ་བརྗོད་ཀུན་ལས་འདས་རུང་མ་འདས་རུང༌།
།དགག་སྒྲུབ་འཁྲུལ་པ་ཞིག་རུང་མ་ཞིག་རུང༌།
།རྟོགས་པའི་ལྟ་བ་རྟོགས་རུང་མ་རྟོགས་རུང༌།
།ཆོས་ཉིད་དོན་ལ་བསྒོམས་རུང་མ་བསྒོམས་རུང༌།
།བླང་དོར་མེད་པས་

let no one make any effort;[20]Note 20 · p. 45 · The opening པས is already rendered at the end of the previous part ("Since … are decisively resolved"), so this part begins with the main clause. do not contrive or alter anything!
In awareness, which has no wide or narrow, no high or low,
there is no restriction and no partiality (phyogs lhung), so set aside fixed reference points (dmigs gtad).[21]Note 21 · p. 45 · Adzom reads ཀྱི་དམིགས་གཏད་ཤོར ("the fixed reference point … is lost") for ཀྱིས་དམིགས་གཏད་ཤོལ. I follow the text: the imperative "set aside" parallels མེད་ཀྱིས་འཛིན་རྩོལ་ཞོག in the next couplet.
In awareness, which has no action and agent (bya byed), no going or coming,
there is no time and no antidote (gnyen po), so lay down grasping and effort.
If a reference point (dmigs pa) is deliberately held, that is a cause of bondage.
Do not set up fixated grasping (gtad 'dzin) toward anything at all; let go into evenness.

Whether all phenomena (chos) are primordially free or not free,
whether the natural state (gnas lugs) is pure by nature or not pure,
whether mind itself (sems nyid) is free of conceptual elaboration (spros pa) or not free of it,
whether anything is established in the genuine fundamental nature (gshis) or not established,
whether saṃsāra and nirvāṇa are by nature two or not two,
whether all thought and expression are transcended or not transcended,
whether the delusion of negation and affirmation (dgag sgrub) has collapsed or not collapsed,
whether the view (lta ba) of realization is realized or not realized,
whether the meaning of the nature of phenomena is meditated upon or not meditated upon,
whether, with no accepting and rejecting (blang dor),

[p. 46]
སྤྱད་རུང་མ་སྤྱད་རུང༌། །གནས་ལུགས་འབྲས་བུ་གྲུབ་རུང་མ་གྲུབ་རུང༌།
།ས་དང་ལམ་རྣམས་བགྲོད་རུང་མ་བགྲོད་རུང༌།
།སྒྲིབ་པ་ཀུན་དང་བྲལ་རུང་མ་བྲལ་རུང༌།
།བསྐྱེད་རྫོགས་ཆོས་ཉིད་རྫོགས་རུང་མ་རྫོགས་རུང༌།
།ཐར་པའི་འབྲས་བུ་ཐོབ་རུང་མ་ཐོབ་རུང༌།
།འགྲོ་དྲུག་འཁོར་བར་འཁྱམས་རུང་མ་འཁྱམས་རུང༌།
།རང་བཞིན་ལྷུན་གྱིས་གྲུབ་རུང་མ་གྲུབ་རུང༌།
།རྟག་ཆད་གཉིས་འཛིན་བཅིངས་རུང་མ་བཅིངས་རུང༌།
།ཆོས་ཉིད་དགོངས་པར་སླེབ་རུང་མ་སླེབ་རུང༌།
།གོང་མའི་རྗེས་སུ་སྙོགས་རུང་མ་སྙོགས་རུང༌།
།གནམ་ས་འདྲེ་ལྡོག་སྣང་བ་ཅི་ཤར་ཡང༌།
།ཕྱལ་བ་ལྷུག་པ་གཞི་མེད་ཟང་ཀ་མ།
།གཏད་མེད་ཟང་ཟིང་བན་བུན་ཆལ་མ་ཆོལ། རེ་དོགས་གཉིས་མེད་སྨྱོན་པའི་ངང་ཚུལ་ཅན། །ལྟ་སྒོམ་རིས་མེད་ཆེད་འཛིན་འདོད་བློ་ཞིག །ཞེ་འདོད་འཁྲིས་མེད་འདི་ཞེས་རྩོལ་སྒྲུབ་མེད། །གང་བྱུང་བྱུང་ལ་གང་སྣང་སྣང་དུ་

conduct is engaged in or not engaged in,[22]Note 22 · p. 46 · Adzom reads དཔྱད་རུང་མ་དཔྱད་རུང ("whether examined or not") for སྤྱད་རུང་མ་སྤྱད་རུང. I follow the text, as all drafts do: the lines run view, meditation, conduct, fruition.
whether the fruition, the natural state,[23]Note 23 · p. 46 · གནས་ལུགས་འབྲས་བུ: GPT-6.2 Astra, Gemini 4 Neon, Dharmamitra read "the fruition of the natural state". With Claude Fable 5.2 I take it as apposition ("the fruition, the natural state"), since there is no genitive and the natural state is itself the fruition here. is accomplished or not accomplished,
whether the levels and paths are traversed or not traversed,
whether one is free of all obscurations (sgrib pa) or not free of them,
whether generation and completion (bskyed rdzogs) are perfected as the nature of phenomena[24]Note 24 · p. 46 · བསྐྱེད་རྫོགས་ཆོས་ཉིད་རྫོགས: Gemini 4 Neon and Dharmamitra make chos nyid a genitive of generation and completion, GPT-6.2 Astra a locative. With Claude Fable 5.2 I read "perfected as the nature of phenomena". or not perfected,
whether the fruition of liberation (thar pa) is attained or not attained,
whether the six classes of beings ('gro drug) wander in saṃsāra[25]Note 25 · p. 46 · འགྲོ་དྲུག་འཁོར་བར་འཁྱམས: GPT-6.2 Astra, Gemini 4 Neon and Claude Fable 5.2 supply "one" as subject. With Dharmamitra I take the six classes of beings as the subject, which is the plain syntax. or do not wander,
whether the nature is spontaneously present or not so present,
whether one is bound by the dualistic grasping of eternalism and nihilism (rtag chad) or not bound,
whether the enlightened intent of the nature of phenomena[26]Note 26 · p. 46 · དགོངས་པ: GPT-6.2 Astra and Dharmamitra have "realization", which the glossary reserves for rtogs pa. I use "enlightened intent" with Claude Fable 5.2. is reached or not reached,
whether one follows in the footsteps of the masters of the past or does not follow—
though sky and earth be confounded and overturned, whatever appearances (snang ba) arise,
there is wide openness (phyal ba), unconstrained, groundless (gzhi med), unalloyed (zang ka);
with nothing to fix upon (gtad med): haphazard, hazy, helter-skelter;[27]Note 27 · p. 46 · ཟང་ཟིང་བན་བུན་ཆལ་མ་ཆོལ: these are expressive reduplications with no exact equivalents. GPT-6.2 Astra takes them as an outer scene ("amid the bustle…"). I take them, with Gemini 4 Neon and Claude Fable 5.2, as describing the unfixed state itself.
with neither hope nor fear, in the manner of a madman;
with no bias as to view and meditation (lta sgom), the wishful intellect that deliberately grasps has collapsed.

With no attachment of inner wanting, there is no effort and striving toward anything called "this."
Whatever occurs, let it occur; whatever appears,

[p. 47]
ཆུག །གང་ཤར་ཤར་ལ་གང་ཡིན་ཡིན་དུ་ཆུག །གང་ཡང་ཡིན་ལ་གང་ཡང་མིན་དུ་ཆུག །ཀུན་སྤྱོད་ངེས་མེད་རིག་པ་ཐོད་རྒལ་ངང༌། །ཆོས་དང་ཆོས་མིན་རྩིས་གཞི་འགའ་མེད་པས།
།གཏད་མེད་ཟང་ཀ་གྲུབ་མཐའི་གཟེབ་ལས་འདས།
།ཟ་འཆག་ཉལ་འདུག་ཉིན་ཞག་ཕྱམ་གདལ་བས།
།རང་བཞིན་ཆོས་ཉིད་མཉམ་པའི་ངང་ཉིད་དེ།
།མཆོད་པའི་ལྷ་མེད་བརྡུང་བའི་འདྲེ་ཡང་མེད།
།སྒོམ་པའི་ཆོས་མེད་ཐ་མལ་རང་དགའི་ངང༌།
།མ་བཅོས་རྒྱལ་པོ་སྙེམས་མེད་ཕྱམ་གཅིག་པས།
།ཕྱལ་བ་ལྷུག་པ་ལྷུན་གྲུབ་གཅིག་པུ་ཉིད།
།མ་བྱས་ཡེ་ཟིན་རྩོལ་སྒྲུབ་བྲལ་བས་བདེ།
།ལྟ་བའི་གཞི་མེད་སྒོམ་པའི་ངང་མེད་ལ།
།སྤྱད་པའི་ཆོས་མེད་བསྒྲུབ་འདོད་འབྲས་བུ་མེད།
།ཐམས་ཅད་རིས་མེད་མཉམ་པར་ཕྱམ་གདལ་བས།
།བྱ་རྩོལ་མ་དགོས་ཡངས་དོག་མེད་པར་བདེ།
།སྨོན་པ་མེད་པས་སྒྲུབ་བློའི་ཆོས་

let it appear.
Whatever arises, let it arise; whatever is, let it be.
Let it be anything at all; let it be nothing at all.[28]Note 28 · p. 47 · གང་ཡང་མིན་དུ་ཆུག: Dharmamitra has "let it be whatever it is not". With GPT-6.2 Astra, Gemini 4 Neon and Claude Fable 5.2 I read gang yang min as "nothing at all".
All conduct is indeterminate, within the state of awareness's direct crossing (thod rgal).[29]Note 29 · p. 47 · ཐོད་རྒལ: GPT-6.2 Astra and Claude Fable 5.2 render it as a leap. I keep the glossary's "direct crossing", though the sense here is awareness passing beyond all fixed sequence rather than the practice of that name.
Since there is no basis whatsoever for reckoning what is Dharma and what is not Dharma,
with nothing to fix upon, unalloyed, one is beyond the cage of philosophical tenets (grub mtha').
Since eating, walking, lying down and sitting, day and night, extend evenly (phyam gdal),
this is by nature the very state of equality (mnyam pa), the nature of phenomena.
There is no deity to worship, nor any demon to strike down;
there is no phenomenon to meditate upon: the ordinary state, left to itself.
Since the uncontrived (ma bcos) king, without conceit, is a single evenness (phyam gcig),
wide open and unconstrained, there is spontaneous presence alone.
Not made, primordially attained (ye zin), free of effort and striving: there is ease.[30]Note 30 · p. 47 · བདེ (twice): Gemini 4 Neon has "how blissful", Dharmamitra "content" and "bliss". I use "ease" with GPT-6.2 Astra and Claude Fable 5.2, consistent with the previous part.
There is no ground of view and no state of meditation,
no phenomenon to enact as conduct, and no fruition one wishes to accomplish.
Since everything, without bias, extends evenly in equality,[31]Note 31 · p. 47 · Adzom reads ཕྱམ་འདས་པས་བྱ་བ་རྩོལ for ཕྱམ་གདལ་བས་བྱ་རྩོལ ("since all has passed beyond, evenly"). I follow the text: the variant makes the next line ten syllables, and phyam gdal recurs just above.
action and effort (bya rtsol) are not needed; with no wide or narrow, there is ease.
Since there is no aspiration, the phenomena of the striving intellect

[p. 48]
ཟད་དེ། །སྤང་བྱ་མེད་པས་གཉེན་པོའི་འཆིང་ཞེན་འདས།
།གང་ཡིན་ཀུན་ཡིན་ཡིན་མིན་འགའ་མེད་པས།
།གང་སྣང་གང་ཤར་འདེམ་ཀ་མེད་པར་གྲོལ།
།མ་གྲོལ་མི་འགྲོལ་རང་གྲོལ་ཆོས་མེད་པས།
།ཕྱམ་གཅིག་གཏད་མེད་ལ་བཟླའི་ཆོས་ལས་འདས།
།ཀློང་ཡངས་ཀློང་ཡངས་ཀློང་ཆེན་ཡངས་པའི་ངང༌།
།ཀློང་ཆེན་རབ་འབྱམས་ཀློང་གསལ་ཀློང་འབྱམས་པས།
།ཀློང་གཅིག་གཉིས་མེད་བདེ་ཀློང་འཁྱིལ་པ་ནི།
།སྣ་ཚོགས་རང་གྲོལ་ཆོས་ཉིད་ཟད་སར་ཕྱིན།
།མི་འགྱུར་ལྷུན་གྲུབ་འདུན་མ་ལེགས་པའི་རྩེ།
།བདག་གཞན་རྗེས་སུ་འཇུག་པའི་འགྲོ་རྣམས་ཀྱང༌།
།འདི་བཞིན་ཡེ་འབྱམས་ཀློང་ཆེན་གཅིག་ཏུ་དྲིལ།
།ཀུན་བཟང་ས་ལ་གཏན་སྲིད་ཟིན་པ་ཡིན།
།ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། །ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་དུ་ལ་བཟླ་བར་བསྟན་པའི་ལེའུ་སྟེ་དགུ་པའོ།། ༈ །།

are exhausted;
since there is nothing to be abandoned, the binding clinging to antidotes is transcended.
Whatever is, is everything; since there is no "is" or "is not" at all,
whatever appears, whatever arises, is free, with nothing to choose.
Since there is no phenomenon that is unfreed, that will not be freed,[32]Note 32 · p. 48 · མ་གྲོལ་མི་འགྲོལ་རང་གྲོལ་ཆོས་མེད་པས: GPT-6.2 Astra makes three separate statements ("Nothing has been freed, nothing is being freed…"). With Gemini 4 Neon, Dharmamitra, Claude Fable 5.2 I take all three as modifiers of chos, governed by the single med pas. or that is naturally free (rang grol),
single evenness, with nothing to fix upon, is beyond any phenomenon to be decisively resolved (la bzla).

Vast expanse, vast expanse: the state of the vastness of the great expanse.
Since the great expanse is utterly infinite, a lucid expanse, an infinite expanse,
the one expanse, nondual, the swirling expanse of bliss,
with variety naturally free, has reached the level of exhaustion (zad sa) in the nature of phenomena:[33]Note 33 · p. 48 · ཆོས་ཉིད་ཟད་སར: Dharmamitra's "where phenomena are exhausted" drops nyid. I keep the nature of phenomena and the glossary's "level of exhaustion". The compound allows both "exhaustion in" and "exhaustion of" the nature of phenomena.
unchanging, spontaneously present, the summit of excellent purpose.
I and others, the beings who follow after,[34]Note 34 · p. 48 · བདག་གཞན་…ཟིན་པ་ཡིན: Dharmamitra turns this into a wish ("May all beings…") and omits "I and others". The Tibetan is declarative, as in GPT-6.2 Astra, Gemini 4 Neon and Claude Fable 5.2. as well,
gathered just so into the single great expanse, primordially infinite (ye 'byams),
have seized the everlasting domain (gtan srid) on the level of Samantabhadra.

From The Precious Treasury of the Basic Space of Phenomena (Chos dbyings rin po che'i mdzod), this is the ninth chapter, showing that all phenomena are decisively resolved in the expanse of awakened mind.