Chos dbyings mdzod (Longchenpa): Chapter 9 commentary (5)

From Rangjung Yeshe Wiki Texts
Chos dbyings mdzod (Longchenpa)Chos dbyings mdzod (Longchenpa): Chapter 9 commentary (5)
< Chos dbyings mdzod (Longchenpa)
Chos dbyings mdzod (Longchenpa)/Chapter 9 commentary (5)
Jump to navigation Jump to search
← Chapter 9 commentary (4)Chos dbyings mdzod: contentsChapter 9 commentary (6) →

Chapter 9, commentary · ཆོས་ཐམས་ཅད་བྱང་ཆུབ་ཀྱི་ཀློང་དུ་ལ་བཟླ་བར་བསྟན་པ
Pages 390–400 of the corrected base text (W22920 vol. 3), part 5 of 6.

Not in this part's tabs (the edition does not contain it, or its scan lacks these pages): Derge (sde dge par ma).
[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD84), gorn05 tibocr 2026: BDRC OCR on 338 pages, Mitra OCR on 144 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 400] སྟོང་རིག་གསལ་བའི་སྤྱོད་པ་ཡིན། །བཟང་དང་ངན་པའི་རྟོག་པ་རྣམས། །བསྒོམ་པ་ཆུ་བོའི་ཀློང་ཆེན་ཡིན། །ལོག་ལྟ་ཡང་དག་འདོད་པ་རྣམས། །

[p. 401] རྣལ་འབྱོར་རིས་མེད་ལྟ་བ་ཡིན། །རེ་དང་དོགས་པར་འཛིན་པ་ཀུན། །ཟང་མ་ཐལ་བྱུང་འབྲས་བུ་ཡིན། །ཞེས་པ་ཐོག་ཏུ་བབས་པའི་དུས་སོ། །རྟོགས་པ་དེ་དག་གི་རང་བཞིན་གསལ་བར་བཤད་པ་ནི། གནམ་ས་འདྲེ་ལྡོག་སྣང་བ་ཅིར་ཤར་ཡང་། །ཕྱལ་བ་ལྷུག་པ་གཞི་མེད་ཟང་ཀ་མ། །གཏད་མེད་ཟ་ཟི་བན་བུན་ཕྱལ་མ་ཕྱོལ། །རེ་དོགས་གཉིས་མེད་སྨྱོན་པའི་ངང་ཚུལ་ཅན། །ལྟ་སྒོམ་རིས་མེད་ཆེད་འཛིན་འདོད་བློ་ཞིག །ཞེ་འདོད་འཁྲིས་མེད་འདི་ཞེས་རྩོལ་སྒྲུབ་མེད། །དེ་ཅིའི་ཕྱིར་ཞེ་ན། དགོངས་པ་ཆོས་ཉིད་ལས་མ་གཡོས་པས་ཆོས་ཟད་མིང་མེད་དུ་གྲོལ་བའི་ཕྱིར། ཅིར་སྣང་རང་བྱུང་ཡེ་ཤེས་ཀྱི་རོལ་པར་མཐོང་བ་མེ་ལོང་དུ་བཞིན་གྱི་གཟུགས་བརྙན་ཤར་བ་ལྟར་རྟོགས་པས། ཕྱི་ཡུལ་དུ་མཐོང་བ་རིག་པའི་རོལ་པ་དེ་སྐྱེ་བ་མེད་པའི་སྟོང་གཟུགས་ཙམ་ལས། ཆོས་ཉིད་ནམ་མཁའ་ལྟར་དག་པས་རང་གི་རིག་པའི་ཆོས་ཉིད་དང་གཉིས་སུ་མེད་པར་མཐོང་སྟེ། ཅི་སྣང་ཡང་སྟོང་གཟུགས་རིག་པའི་རོལ་པ། ཅི་འགྱུས་ཀྱང་ཡེ་སངས་རྗེས་མེད། དུས་གསུམ་གྱི་ཆོས་ཉིད་དུ་མཉམ་པས་བྱར་མེད་བློ་འདས་ཆེན་པོར་གྲོལ་བའི་ཕྱིར་ན། བླང་དོར་གྱི་ཆོས་ཟད་པའི་དུས་ཞེས་བྱ་སྟེ། ཐལ་འགྱུར་ལས། དགོངས་པ་གཅིག་ལས་གཡོས་པ་མེད། །སྣང་བ་སྣང་བའི་ཐོག་གསལ་བས། །བཞིན་དང་མེ་ལོང་ལྟ་བུ་ལས། །གྲོལ་བ་དེ་དང་དེ་ཉིད་གྲོལ། །དེ་ལ་རང་བྱུང་སྟོང་ཡུལ་བས། །མཐོང་ཞེས་རིག་པ་ཐ་དད་མིན། །དེ་

[p. 402] ཉིད་རང་གི་ཐོག་ཏུ་གྲོལ། །གཅིག་ཤེས་པས་ནི་ཀུན་གྲོལ་ཕྱིར། །གཉིས་དང་གསུམ་གྱི་གྲངས་མཐའ་ཟད། །རྟོག་ཅིང་འཛིན་པའི་ཡུལ་མི་སྣང་། །འགྱུ་དང་འཛིན་པ་ཡེ་ནས་སྟོང་། །སྟོང་པའི་དགོངས་པ་གསལ་ རྫོགས་པས། །དུ་མའི་གྲངས་མཐའ་ཟད་པའོ། །ཞེས་སོ། །རྟོགས་པ་ཁོང་ནས་ཤར་བའི་རྣལ་འབྱོར་པ་གང་ཤར་འདེམ་ཀ་མེད་པར་ཆོས་ཉིད་དུ་གྲོལ་བར་བསྟན་པ་ནི། གང་བྱུང་བྱུང་ལ་གང་སྣང་སྣང་དུ་ཆུག །གང་ ཤར་ཤར་ལ་གང་ཡིན་ཡིན་དུ་ཆུག །གང་ཡང་ཡིན་ལ་གང་ཡང་མིན་དུ་ཆུག །འདི་ལ་རིག་པའི་སྟེང་ན་ཁྱད་པར་གང་ཡང་མེད་དེ། རིག་པ་གཅིག་གི་ངང་ནས་ཤར་བས་གཞི་ལ་བཟང་ངན་མེད་པ་དང་། ཤར་ཚད་རིག་པའི་ རྩལ་ལས་གཞན་མེད་པས་རྩལ་གྱི་ངོ་བོ་ལ་བཟང་ངན་མེད་པ་དང་། ཤར་བས་གྲོལ་ཟིན་པའི་ཕྱིར་མ་བཟུང་ན་རང་ཡལ་དུ་གོ་གཅིག་པས་ངོ་བོ་ལ་བཟང་ངན་མེད་པ་དང་། ཅི་ཤར་ཅི་སྣང་ནས་གཞི་ལ་མེད་པའི་སྣང་བ་ཡིན་པས་ སྟོང་ཟིན་ཏེ། གྲུབ་དོགས་པ་མེད་པས་སྨིག་རྒྱུའི་ཆུ་ལྟར་མེད་པ་གསལ་སྣང་ལ་བློས་གཟུང་བ་དགོས་པ་མེད་པའི་ཕྱིར། རྣལ་འབྱོར་པ་ལ་ཡུལ་སྣང་དང་བློ་རྟོག་གང་ཡང་སྤང་བླང་གི་འདེམ་ཀ་བྱར་མེད་དེ། གཞི་མེད་ཆོས་ ཟད་མིང་མེད་དུ་གོ་གཅིག་པའི་ཕྱིར། མཐའ་ལས་འདས་པ་ཞེས་ཐ་སྙད་དུ་བརྗོད་དེ། རིག་པ་རང་གྲོལ་ལས། སྣང་བ་དངོས་པོའི་ཆོས་ཀྱིས་སྟོང་། །སྟོང་པ་མཚན་མའི་ཆོས་ལས་འདས། །འདས་པ་ཉིད་ལ་བརྗོད་དུ་མེད། །

[p. 403] ཅེས་སོ། །གཏད་མེད་ཡོངས་གྲོལ་དུ་རྟོགས་པའི་རྣལ་འབྱོར་པ་ལ་ཀུན་སྤྱོད་ངེས་པ་མེད་ཅིང་། ཐ་མལ་རང་བབས་ཀྱི་སྣང་བར་སྤྱོད་པ་ནི། ཀུན་སྤྱོད་ངེས་མེད་རིག་པ་ཐོང་རྒལ་དང་། །ཆོས་དང་ཆོས་མིན་རྩིས་གཞི་འགའ་མེད་པས། །གཏད་མེད་ཟང་ཀ་གྲུབ་མཐའི་གཟེབ་ལས་འདས། །ཟ་འཆག་ཉལ་འདུག་ཉིན་ཞག་ཕྱམ་གདལ་བས། །རང་བཞིན་ཆོས་ཉིད་མཉམ་པའི་ངང་ཉིད་དོ། །མཆོད་པའི་ལྷ་མེད་བརྡུང་བའི་འདྲེ་ཡང་མེད། །བསྒོམ་པའི་ཆོས་མེད་ཐ་མལ་རང་གའི་ངང་། །མ་བཅོས་རྒྱལ་པོ་སྙེམས་མེད་ཕྱམ་གཅིག་པས། །ཕྱལ་བ་ལྷུག་པ་ཡན་པ་གཅིག་པུ་ཉིད། །མ་བྱས་ཡེ་ཟིན་རྩོལ་སྒྲུབ་བྲལ་པས་བདེ། །འདིར་ཆོས་དང་ལམ་ལ་གནས་པའི་གང་ཟག་རྣམས་ལ་ཐ་མལ་པ་ལས་ལོག་ནས་ཆོས་སྤྱོད་ཀྱི་བྱ་བ་བྲེལ་དོ་སྣ་ཚོགས་པས་ཉིན་མཚན་འདའ་བ་ཡིན་ན། ཐ་མལ་དུ་གནས་པས་ཅང་འགྲུབ་བམ། དེ་ལྟར་འཇིག་རྟེན་པ་དང་རྣལ་འབྱོར་པ་གཉིས་ཁྱད་མེད་དོ་སྙམ་པ་ལ་འདི་ལྟར་ཤེས་པར་བྱ་སྟེ། གཅིག་ནི་འཇིག་རྟེན་ཉིད་ལས་ཆོས་ལ་བློ་མ་སྦྱངས་པས། ཆོས་ཡིད་ལ་མེད་པའི་ཕྱིར་ཆོས་ཀྱི་བྱ་བྱེད་དང་བྲལ་བ་ཡིན་ལ། གཅིག་ནི་ཆོས་མ་བྱས་ཡེ་ཟིན་དུ་རྟོགས་པས་བློ་བདེ་སྟེ། ཆོས་ཟིན་ནས་ཆོས་བོར་ཆོས་ལས་འདས་པའི་ཕྱིར་ཆོས་ཀྱི་བྱ་བ་མེད་ཅིང་རང་བབས་ཐ་མལ་དུ་སྣང་བ་ཡིན་ནོ། །ཡང་འདི་ལྟར་འཇིག་རྟེན་པ་ནི་འཇིག་རྟེན་གྱིས་བྲེལ་ནས་སེམས་ལས་སུ་གྱུར་པ་ལས་རྣལ་འབྱོར་པ་ལ་དེ་མེད་པས་ཐ་མལ་འཇིག་རྟེན་པ་

[p. 404] དང་མཚུངས་པ་མ་ཡིན་པར་ཤེས་པར་བྱའོ། །གལ་ཏེ་མཚུངས་ན་ཐ་མལ་པ་འཁོར་བ་ལྟར། རྣལ་འབྱོར་པ་ཡང་འཁྲུལ་པར་ཐལ་བ་ལས། སྒོ་གསུམ་བྱ་བ་དང་བྲལ་བས་འཁྲུལ་པའི་ཆོས་མེད་པ་དང་། ཐ་མལ་དུ་སྣང་བ་ཟད་ཐལ་ དུ་སངས་པས་འཆིང་བ་མེད་དེ། ལས་དང་རྣམ་སྨིན་ལས་གྲོལ་བ་ནི། དཔེར་ན་གྲེས་མའི་ཐག་པ་མིར་ཚིག་པ་དེ་ཐག་པར་སྣང་ཡང་འཆིང་བའི་དོན་བྱེད་མི་ནུས་པ་དེ་མེས་ཚིག་པ་ལས་བྱུང་བ་ལྟར། རྣལ་འབྱོར་པའི་སེམས་ལ་ཟད་ ཐལ་བས་ཤེས་པ་དགག་སྒྲུབ་ཏུ་སྐྱེ་བར་སྣང་བ་དང་། ཟས་གོས་དང་ནོར་འཛིན་པ་ལྟར་སྣང་ཡང་གཞི་མེད་རྨི་ལམ་ལྟར་རྟོགས་ནས་མ་ཞེན་པའི་ཕྱིར་འཆིང་མི་ནུས་པ་ཡིན་ལ། འཇིག་རྟེན་པ་ལ་དེ་མེད་པས་ཞེན་པ་རང་མཚན་པས་སེམས་ བཅིངས་ཏེ་ཐག་པ་མེར་མ་ཚིག་པ་ལྟར་ནང་སེམས་དང་ཕྱི་སྣང་བ་ལ་དགག་སྒྲུབ་རང་གར་ཡོད་པས་འཆིང་བའོ། །དེའི་ཕྱིར་རྣལ་འབྱོར་གྱི་དབང་ཕྱུག་གི་ཞལ་སྔ་ནས། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང་། །རྟོགས་པར་གྱུར་ན་ཐམས་ ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་ཤེས་མི་འགྱུར། །ཞེས་པ་དང་། ཡང་རྗེས་སུ་གདམས་པ། སྣང་བས་མི་འཆིང་ཞེན་པས་འཆིང་། །ཞེན་པ་ཆོད་ཅིག་ནཱ་རོ་པ། །ཞེས་གསུངས་པ་ལྟ་བུའོ། །ཐ་མལ་པ་ལ་ལོག་རྟོག་ སྤང་བ་ནི། བསོད་ནམས་དང་སྐལ་པ་ཆུང་ཞིང་རྟོགས་པ་དང་ཆོས་ཆེན་པོ་ལ་བློ་ཁ་མ་ཕྱོགས་པ་དག་ན་རེ། གནས་ལུགས་རྟོགས་པའི་ངང་ནས་བྱ་བྱའི་ཆོས་སྤྱོད་བྱས་པས་ཆོག་མོད། དེའི་འབྲས་བུ་བདེ་བ་ཐོབ་པ་དེ་མི་འདོད་དམ་ཟེར་རོ། །

[p. 405] ལན་བཤད་པ། ཆོས་ཐམས་ཅད་རིག་ངོར་མཉམ་ཤར་ལ་བཟང་ངན་དུ་འབྱེད་པ་ཁྱེད་རང་དེ་ལྟར་གྱིས་ལ་རེ་མ་ཅིག །ངེད་ནི་རྨི་ལམ་སྣང་བའི་ཆོས་ལ་གཅིག་མི་སྤོང་། གཅིག་མི་ལེན། སྤོང་ལེན་དང་རྩོལ་སྒྲུབ་བྱེད་ན་རྣལ་འབྱོར་པ་དང་འགལ་ཏེ། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ནི། འབྲས་བུ་ལ་རེ་བ་མ་ཡིན་ལ། རྩོལ་སྒྲུབ་རྒྱུ་འབྲས་ལ་རེ་བ་འདིའི་སྣོད་མ་ཡིན་པས། ཐེག་དམན་བྱིས་པ་གྲོང་པའི་ཆོས་ལ་སྦྱར་པར་གསུངས་ཏེ། ཀུན་བྱེད་ལས། དེ་ལྟར་མ་རིག་རྩོལ་སྒྲུབ་བྱས་གྱུར་ན། །རྒྱུ་འབྲས་འདས་པའི་དོན་དང་འགལ་གྱུར་ནས། །བྱར་མེད་བདེ་ཆེན་དེ་དང་མི་འཕྲད་དེ། །རྩོལ་སྒྲུབ་ནད་ཀྱི་མ་རིག་དེས་ཟིན་འགྱུར། །དེ་བས་རྒྱུ་འབྲས་འདས་པའི་རྫོགས་ཆེན་ལ། །སྐལ་མེད་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས། །རྒྱུ་དང་འབྲས་བུའི་ཆོས་སུ་དཔྱད་པར་བྱ། །ཞེས་པས་ཁོ་བོ་ཅག་གིས་ལུང་ལས་འབྱུང་བས། ཁོ་བོ་ཅག་གི་ནི་ལུང་དང་འགལ་བར་མི་བྱེད་དོ། །ཡང་སྐལ་ཆུང་པོ་དེ་ན་རེ། ཐམས་ཅད་རིག་པར་མཉམ་པས་ཆེད་དུ་བྱར་མེད་པ་དང་བདེན་ན་བྱས་པས་འགྲུབ་ལ་མ་བྱས་ན་མི་འགྲུབ་པའི་ཕྱིར་བྱེད་དགོས་སོ་ཞེས་ཟེར་ན། སྨྲས་པ། མ་གྲུབ་ན་བསྒྲུབས་ཀྱང་མི་འགྲུབ། གྲུབ་ན་བསྒྲུབ་མི་དགོས། རྩོལ་སྒྲུབ་ཀུན་རྫོབ་པས་སེམས་ཉིད་དོན་དམ་ལ་ཅིར་ཡང་བྱར་མེད་པ་དང་། སེམས་ཉིད་ལ་ཆོས་སྐུ་གྲུབ་ཟིན་ལ། དེ་ཡང་བཞག་ན་མངོན་ལ། བྱས་ན་མི་འགྲུབ་པ་ཆུ་དངས་པའི་གཟུགས་བརྙན་རྙོག་ན་མི་མངོན་པ་ལྟ་བུ་

[p. 406] སྟེ། རྒྱུད་དེ་ཉིད་ལས། སངས་རྒྱས་བསྒྲུབས་པས་འགྲུབ་པ་མ་ཡིན་ཏེ། །མ་བཙལ་རང་བཞིན་གནས་པས་ལྷུན་གྱིས་གྲུབ། །མ་བཙལ་རང་བཞིན་གནས་ལ་མི་རྟོག་ཞོག །ཅེས་སོ། །དེའི་ཕྱིར་རྩོལ་སྒྲུབ་བྱང་ཆུབ་ཀྱི་ གེགས་ཡིན་ཏེ། འཇོག་དགོས་པ་གཟེངས་པ་ལྟར། སེམས་ཉིད་བྱར་མེད་ལ་བྱ་བཙལ་བྱས་པས་རྒྱུ་འབྲས་དང་གཞི་ལམ་འགལ་ནས་མི་འགྲུབ་པའི་སྐྱོན་དུ་ཆེ་སྟེ། ཀུན་བྱེད་ལས། བྱས་ཟིན་རྩོལ་སྒྲུབ་འདས་པ་མ་རིག་ནས། རྩོལ་སྒྲུབ་བྱ་བྱེད་བསྒོམས་ནས་གྲུབ་ལྟ་ན། །བྱང་ཆུབ་གེགས་སུ་དེ་ལས་ཆེ་བ་མེད། །ཅེས་སོ། །དེ་ལྟར་ཡིན་མོད་ཀྱི་ད་དུང་དེའི་སར་མ་སླེབ་པས་བྱེད་དགོས་སོ་ཞེ་ན། ལན་ནི། ཀྱེ་སྐལ་མེད་གཅིག་ནས་གཅིག་ཏུ་འགྲོར་ཡོད་ པ་མ་ཡིན། འགྲོར་མེད་པས་སླེབ་ཏུ་ཡོད་པ་མ་ཡིན། རང་ཡིན་ནས་རང་འཚོལ་བ་ལ་འགྲོ་བ་དང་འདྲ་བ་ཁྱོད་ནི་མ་ཚར་ཆེ་བ་ཞིག་སྟེ། ཁོ་བོ་ཅག་གི་ལུང་ལས་ཁྱོད་ལྟ་བུ་ཕྱི་རོལ་དུ་གྱུར་པས། ཤིན་ཏུ་སྨད་པའི་གནས་སུ་བསྟན་པ་ནི། རྒྱུད་དེ་ཉིད་ལས། བདེ་བ་འདོད་པས་བདེ་ལ་རྒྱབ་ཀྱིས་ཕྱོགས། །བདེ་བས་ཟིན་ཏེ་བདེ་བས་བདེ་བ་འཚོལ། །བྱང་ཆུབ་འཁྲུལ་པ་ཡི་རྔམས་ཆོས་ལ་ཟ། །འདི་ལྟའི་ཡུལ་ཅན་སངས་རྒྱས་མཐོང་བ་མིན། །ཞེས་སོ། །ཕྱི་ རབས་ཀྱང་འདི་ལྟ་བུའི་རིགས་ལ་གསང་བར་གདམས་པ། ཡང་རྒྱུད་དེ་ཉིད་ལས། དེ་ལ་ང་ཡི་རང་བཞིན་མ་མཐོང་ན། །ཀུན་བྱེད་ང་ཡི་ཐེག་པ་བསྟན་མི་བྱ། །རྫོགས་པ་ཆེན་པོའི་དོན་དང་སྐལ་མེད་པས། །རྒྱུ་འབྲས་ཐེག་པ་

[p. 407] དྲང་བའི་ལུང་ལ་གཟུད། །ང་ནི་ཡེ་ནས་སྤྱོད་ཡུལ་འདས་པ་འདི། །རྒྱུ་འབྲས་དགའ་བའི་སྐལ་བ་མེད་རྣམས་ལ། །བསྟན་ན་སྒྲོ་དང་སྐུར་པ་འོང་བའི་ཕྱིར། །བསྟན་ན་རང་གི་སེམས་ལ་སྐུར་བཏབ་པས། །དྲུག་ཏུ་སྐྱེ་ཞིང་གཏན་དུ་འཁོར་བར་གནས། །ཞེས་སོ། །དེ་ལྟར་ཆོས་ཀྱི་བྱ་བྱེད་བཀག་ནས། ཐ་མལ་རང་བབས་ཀྱི་ངང་ལ་སྤྱོད་ཀྱང་། ཆོས་ལ་རྩོལ་སྒྲུབ་བྱས་པ་རྣམས་དང་། རིག་པའི་ངོ་བོ་ལ་གཤིས་ཐོག་ནས་ཁྱད་མེད་པར་མ་ཟད། བྱ་བྱེད་ཐ་མལ་དང་། ཁོ་བོའི་ཆོས་བྱས་པ་གཉིས་མཚུངས་པར་ཡོད་དེ། རྣལ་འབྱོར་པའི་སྤྱོད་ལམ་ཐམས་ཅད་ཆོས་སུ་ཤར་ཟིན་པས། ཆོས་ཉིད་ཀྱི་རོལ་པར་ལྷུན་གྱིས་གྲུབ་སྟེ། མུ་ཏིག་ཕྲེང་བ་ལས། ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །བཟའ་དང་བཏུང་བ་བསྙེན་པ་ལ། །

[edit]
BDRC typed e-text UT22920_003_0001/0002 as downloaded (the base text was made from it).

སྟོང་རིགས་གསལ་བའི་སྤྱོད་པ་ཡིན། །བཟང་དང་ངན་པའི་རྟོག་པ་རྣམས། །བསྒོམ་པ་ཆུ་བོའི་ཀློང་ཆེན་ཡིན། །ལོག་ལྟ་ཡང་དག་འདོད་པ་རྣམས། །རྣལ་འབྱོར་རིས་མེད་ལྟ་བ་ཡིན། །རེ་དང་འདོགས་པར་འཛིན་པ་ཀུན། །ཟང་མ་ཐལ་བྱུང་འབྲས་བུ་ཡིན། །ཞེས་པ་ཐོག་ཏུ་བབས་པའི་དུས་སོ། །རྟོགས་པ་དེ་དག་གི་རང་བཞིན་གསལ་བར་བཤད་པ་ནི། གནམ་ས་འདྲེ་ལྡོག་སྣང་བ་ཅི་ཤར་ཡང༌། །ཕྱལ་བ་ལྷུག་པ་གཞི་མེད་ཟང་ཀ་མ། །གཏད་མེད་ཟ་ཟི་བན་བུན་ཕྱལ་མ་ཕྱོལ། །རེ་དོགས་གཉིས་མེད་སྨྱོན་པའི་ངང་ཚུལ་ཅན། །ལྟ་སྒོམ་རིས་མེད་ཆེད་འཛིན་འདོད་བློ་ཞིག །ཞེ་འདོད་འཁྲིས་མེད་འདི་ཞེས་རྩོལ་སྒྲུབ་མེད། །དེ་ཅིའི་ཕྱིར་ཞེ་ན། དགོངས་པ་ཆོས་ཉིད་ལས་མ་གཡོས་པས་ཆོས་ཟད་མིང་མེད་དུ་གྲོལ་བའི་ཕྱིར། ཅིར་སྣང་རང་བྱུང་ཡེ་ཤེས་ཀྱི་རོལ་པར་མཐོང་བ་མེ་ལོང་དུ་བཞིན་གྱི་གཟུགས་བརྙན་ཤར་བ་ལྟར་རྟོགས་པས། ཕྱི་ཡུལ་དུ་མཐོང་བའི་རིག་པའི་རོལ་པ་དེ་སྐྱེ་བ་མེད་པའི་སྟོང་གཟུགས་ཙམ་ལས། ཆོས་ཉིད་ནམ་མཁའ་ལྟར་དག་པས་རང་གི་རིག་པའི་ཆོས་ཉིད་དང་གཉིས་སུ་མེད་པར་མཐོང་སྟེ། ཅི་སྣང་ཡང་སྟོང་གཟུགས་རིག་པའི་རོལ་པ། ཅི་འགྱུས་ཀྱང་ཡེ་སངས་རྗེས་མེད། དུས་གསུམ་གྱི་ཆོས་ཉིད་དུ་མཉམ་པས་བྱར་མེད་བློ་འདས་ཆེན་པོར་གྲོལ་བའི་ཕྱིར་ན། བླང་དོར་གྱི་ཆོས་ཟད་པའི་དུས་ཞེས་བྱ་སྟེ། ཐལ་འགྱུར་ལས། དགོངས་པ་གཅིག་ལས་གཡོས་པ་མེད། །སྣང་བ་སྣང་བའི་ཐོག་གསལ་བས། །བཞིན་དང་མེ་ལོང་ལྟ་བུ་ལས། །གྲོལ་བ་དེ་དང་དེ་ཉིད་གྲོལ། །དེ་ལ་རང་བྱུང་སྟོང་ཡུལ་བས། །མཐོང་ཤེས་རིག་པ་ཐ་དད་མིན། །དེ་ཉིད་རང་གི་ཐོག་ཏུ་གྲོལ། །གཅིག་ཤེས་པས་ནི་ཀུན་གྲོལ་ཕྱིར། །གཉིས་དང་གསུམ་གྱི་གྲངས་མཐའ་ཟད། །རྟོག་ཅིང་འཛིན་པའི་ཡུལ་མི་སྣང༌། །འགྱུ་དང་འཛིན་པ་ཡེ་ནས་སྟོང༌། །སྟོང་པའི་དགོངས་པ་གསལ་རྫོགས་པས། །དུ་མའི་གྲང་མཐའ་ཟད་པའོ། །ཞེས་སོ། །རྟོགས་པ་ཁོང་ནས་ཤར་བའི་རྣལ་འབྱོར་པ་གང་ཤར་འདེམ་ཀ་མེད་པར་ཆོས་ཉིད་དུ་གྲོལ་བར་བསྟན་པ་ནི། གང་བྱུང་བྱུང་ལ་གང་སྣང་སྣང་དུ་ཆུག །གང་ཤར་ཤར་ལ་གང་ཡིན་ཡིན་དུ་ཆུག །གང་ཡང་ཡིན་ལ་གང་ཡང་མིན་དུ་ཆུག །འདི་ལ་རིག་པའི་སྟེང་ན་ཁྱད་པར་གང་ཡང་མེད་དེ། རིག་པ་གཅིག་གི་ངང་ནས་ཤར་བས་གཞི་ལ་བཟང་ངན་མེད་པ་དང༌། ཤར་ཚད་རིག་པའི་རྩལ་ལས་གཞན་མེད་པས་རྩལ་གྱི་ངོ་བོ་ལ་བཟང་ངན་མེད་པ་དང༌། ཤར་བས་གྲོལ་ཟིན་པའི་ཕྱིར་མ་བཟུང་ན་རང་ཡལ་དུ་གོ་གཅིག་པས་ངོ་བོ་ལ་བཟང་ངན་མེད་པ་དང༌། ཅི་ཤར་ཅི་སྣང་ནས་གཞི་ལ་མེད་པའི་སྣང་བ་ཡིན་པས་སྟོང་ཟིན་ཏེ། གྲུབ་དོགས་མེད་པས་སྨིག་རྒྱུའི་ཆུ་ལྟར་མེད་པ་གསལ་སྣང་ལ་བློས་གཟུང་བ་དགོས་པ་མེད་པའི་ཕྱིར། རྣལ་འབྱོར་པ་ལ་ཡུལ་སྣང་དང་བློ་རྟོག་གང་ཡང་སྤང་བླང་གི་འདེམ་ཀ་བྱར་མེད་དེ། གཞི་མེད་ཆོས་ཟད་མིང་མེད་དུ་གོ་གཅིག་པའི་ཕྱིར། མཐའ་ལས་འདས་པ་ཞེས་ཐ་སྙད་དུ་བརྗོད་དེ། རིག་པ་རང་གྲོལ་ལས། སྣང་བ་དངོས་པོའི་ཆོས་ཀྱིས་སྟོང༌། །སྟོང་པ་མཚན་མའི་ཆོས་ལས་འདས། །འདས་པ་ཉིད་ལ་བརྗོད་དུ་མེད། །ཅེས་སོ། །གཏད་མེད་ཡོངས་གྲོལ་དུ་རྟོགས་པའི་རྣལ་འབྱོར་པ་ལ་ཀུན་སྤྱོད་ངེས་པ་མེད་ཅིང༌། ཐ་མལ་རང་བབས་ཀྱི་སྣང་བར་སྤྱོད་པ་ནི། ཀུན་སྤྱོད་ངེས་མེད་རིག་པ་ཐོད་རྒལ་ངང༌། །ཆོས་དང་ཆོས་མིན་རྩིས་གཞི་འགའ་མེད་པས། །གཏད་མེད་ཟང་ཀ་གྲུབ་མཐའི་གཟེབ་ལས་འདས། །ཟ་འཆག་ཉལ་འདུག་ཉིན་ཞག་ཕྱམ་གདལ་བས། །རང་བཞིན་ཆོས་ཉིད་མཉམ་པའི་ངང་ཉིད་དོ། །མཆོད་པའི་ལྷ་མེད་བརྡུང་བའི་འདྲེ་ཡང་མེད། །བསྒོམ་པའི་ཆོས་མེད་ཐ་མལ་རང་གའི་ངང༌། །མ་བཅོས་རྒྱལ་པོ་སྙེམས་མེད་ཕྱམ་གཅིག་པས། །ཕྱལ་བ་ལྷུག་པ་ཡན་པ་གཅིག་པུ་ཉིད། །མ་བྱས་ཡེ་ཟིན་རྩོལ་སྒྲུབ་བྲལ་བས་བདེ། །འདིར་ཆོས་དང་ལམ་ལ་གནས་པའི་གང་ཟག་རྣམས་ལ་ཐ་མལ་བ་ལས་ལོག་ནས་ཆོས་སྤྱོད་ཀྱི་བྱ་བ་བྲེལ་དོ་སྣ་ཚོགས་པས་ཉིན་མཚན་འདའ་བ་ཡིན་ན། ཐ་མལ་དུ་གནས་པས་ཅང་འགྲུབ་བམ། དེ་ལྟར་འཇིག་རྟེན་པ་དང་རྣལ་འབྱོར་པ་གཉིས་ཁྱད་མེད་དོ་སྙམ་པ་ལ་འདི་ལྟར་ཤེས་པར་བྱ་སྟེ། གཅིག་ནི་འཇིག་རྟེན་ཉིད་ལས་ཆོས་ལ་བློ་མ་སྦྱངས་པས། ཆོས་ཡིད་ལ་མེད་པའི་ཕྱིར་ཆོས་ཀྱི་བྱ་བྱེད་དང་བྲལ་བ་ཡིན་ལ། གཅིག་ནི་ཆོས་མ་བྱས་ཡེ་ཟིན་དུ་རྟོགས་པས་བློ་བདེ་སྟེ། ཆོས་ཟིན་ནས་ཆོས་བོར་ཆོས་ལས་འདས་པའི་ཕྱིར་ཆོས་ཀྱི་བྱ་བ་མེད་ཅིང་རང་བབས་ཐ་མལ་དུ་སྣང་བ་ཡིན་ནོ། །ཡང་འདི་ལྟར་འཇིག་རྟེན་པ་ནི་འཇིག་རྟེན་གྱིས་བྲེལ་ནས་སེམས་ལས་སུ་གྱུར་པ་ལས་རྣལ་འབྱོར་པ་ལ་དེ་མེད་པས་ཐ་མལ་འཇིག་རྟེན་པ་དང་མཚུངས་པ་མ་ཡིན་པར་ཤེས་པར་བྱའོ། །གལ་ཏེ་མཚུངས་ན་ཐ་མལ་པ་འཁོར་བ་ལྟར། རྣལ་འབྱོར་པ་ཡང་འཁྲུལ་པར་ཐལ་བ་ལས། སྒོ་གསུམ་བྱ་བ་དང་བྲལ་བས་འཁྲུལ་པའི་ཆོས་མེད་པ་དང༌། ཐ་མལ་དུ་སྣང་བ་ཟང་ཐལ་དུ་སངས་པས་འཆིང་བར་མེད་དེ། ལས་དང་རྣམ་སྨིན་ལས་གྲོལ་བ་ནི། དཔེར་ན་གྲེས་མའི་ཐག་པ་མེར་ཚིག་པ་དེ་ཐག་པར་སྣང་ཡང་འཆིང་བའི་དོན་བྱེད་མི་ནུས་པ་དེ་མེས་ཚིག་པ་ལས་བྱུང་བ་ལྟར། རྣལ་འབྱོར་པའི་སེམས་ལ་ཟང་ཐལ་བས་ཤེས་པ་དགག་སྒྲུབ་ཏུ་སྐྱེ་བར་སྣང་བ་དང༌། ཟས་གོས་དང་ནོར་འཛིན་པ་ལྟར་སྣང་ཡང་གཞི་མེད་རྨི་ལམ་ལྟར་རྟོགས་ནས་མ་ཞེན་པའི་ཕྱིར་འཆིང་མི་ནུས་པ་ཡིན་ལ། འཇིག་རྟེན་པ་ལ་དེ་མེད་པས་ཞེན་པ་རང་མཚན་པས་སེམས་བཅིངས་ཏེ་ཐག་པ་མེར་ཚིག་པ་ལྟར་ནང་སེམས་དང་ཕྱི་སྣང་བ་ལ་དགག་སྒྲུབ་རང་གར་ཡོད་པས་འཆིང་བའོ། །དེའི་ཕྱིར་རྣལ་འབྱོར་གྱི་དབང་ཕྱུག་གི་ཞལ་སྔ་ནས། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང༌། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་གིས་སུས་ཀྱང་ཤེས་མི་འགྱུར། །ཞེས་པ་དང༌། ཡང་རྗེས་སུ་གདམས་པ། སྣང་བས་མི་འཆིང་ཞེན་པས་འཆིང༌། །ཞེན་པ་ཆོད་ཅིག་ནཱ་རོ་པ། །ཞེས་གསུངས་པ་ལྟ་བུའོ། །ཐ་མལ་པ་ལ་ལོག་རྟོག་སྤང་པ་ནི། བསོད་ནམས་དང་སྐལ་བ་ཆུང་ཞིང་རྟོགས་པ་དང་ཆོས་ཆེན་པོ་ལ་བློ་ཁ་མ་ཕྱོགས་པ་དག་ན་རེ། གནས་ལུགས་རྟོགས་པའི་ངང་ནས་བྱ་བྱའི་ཆོས་སྤྱོད་བྱས་པས་ཆོག་མོད། དེའི་འབྲས་བུ་བདེ་བ་ཐོབ་པ་དེ་མི་འདོད་དམ་ཟེར་རོ། །ལན་བཤད་པ། ཆོས་ཐམས་ཅད་རིག་ངོར་མཉམ་ཤར་ལ་བཟང་ངན་དུ་འབྱེད་པ་ཁྱེད་རང་དེ་ལྟར་གྱིས་ལ་རེམ་ཞིག །ངེད་ནི་རྨི་ལམ་སྣང་བའི་ཆོས་ལ་གཅིག་མི་སྤོང་གཅིག་མི་ལེན། སྤོང་ལེན་དང་རྩོལ་སྒྲུབ་བྱེད་ན་རྣལ་འབྱོར་པ་དང་འགལ་ཏེ། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ནི། འབྲས་བུ་ལ་རེ་བ་མ་ཡིན་ལ། རྩོལ་སྒྲུབ་རྒྱུ་འབྲས་ལ་རེ་བ་འདིའི་སྣོད་མ་ཡིན་པས། ཐེག་དམན་བྱིས་པ་གྲོང་པའི་ཆོས་ལ་སྦྱར་བར་གསུངས་ཏེ། ཀུན་བྱེད་ལས། དེ་ལྟར་མ་རིག་རྩོལ་སྒྲུབ་བྱས་གྱུར་ན། །རྒྱུ་འབྲས་འདས་པའི་དོན་དང་འགལ་གྱུར་ནས། །བྱར་མེད་བདེ་ཆེན་དེ་དང་མི་འཕྲད་དེ། །རྩོལ་སྒྲུབ་ནད་ཀྱི་མ་རིག་དེས་ཟིན་འགྱུར། །དེ་བས་རྒྱུ་འབྲས་འདས་པའི་རྫོགས་ཆེན་ལ། །སྐལ་མེད་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས། །རྒྱུ་དང་འབྲས་བུའི་ཆོས་སུ་དཔྱད་པར་བྱ། །ཞེས་པས་ཁོ་བོ་ཅག་གི་ལུང་ལས་འབྱུང་བས། ཁོ་བོ་ཅག་གི་ནི་ལུང་དང་འགལ་བར་མི་བྱེད་དོ། །ཡང་སྐལ་ཆུང་པོ་དེ་ན་རེ། ཐམས་ཅད་རིག་པར་མཉམ་པས་ཆེད་དུ་བྱར་མེད་པ་དང་བདེན་ན་བྱས་པས་འགྲུབ་ལ་མ་བྱས་ན་མི་འགྲུབ་པའི་ཕྱིར་བྱེད་དགོས་སོ་ཞེས་ཟེར་ན། སྨྲས་པ། མ་གྲུབ་ན་བསྒྲུབས་ཀྱང་མི་འགྲུབ། གྲུབ་ན་བསྒྲུབ་མི་དགོས། རྩོལ་སྒྲུབ་ཀུན་རྫོབ་པས་སེམས་ཉིད་དོན་དམ་ལ་ཅིར་ཡང་བྱར་མེད་པ་དང༌། སེམས་ཉིད་ལ་ཆོས་སྐུ་གྲུབ་ཟིན་ལ། དེ་ཡང་བཞག་ན་མངོན་ལ། བྱས་ན་མི་འགྲུབ་པ་ཆུ་དངས་པའི་གཟུགས་བརྙན་རྙོག་ན་མི་མངོན་པ་ལྟ་བུ་སྟེ། རྒྱུད་དེ་ཉིད་ལས། སངས་རྒྱས་བསྒྲུབས་པས་འགྲུབ་པ་མ་ཡིན་ཏེ། མ་བཙལ་རང་བཞིན་གནས་པས་ལྷུན་གྱིས་གྲུབ། །མ་བཙལ་རང་བཞིན་གནས་ལ་མི་རྟོག་ཞོག །ཅེས་སོ། །དེའི་ཕྱིར་རྩོལ་སྒྲུབ་བྱང་ཆུབ་ཀྱི་གེགས་ཡིན་ཏེ། འཇོག་དགོས་པ་གཟིངས་པ་ལྟར། སེམས་ཉིད་བྱར་མེད་ལ་བྱ་བཙལ་བྱས་པས་རྒྱུ་འབྲས་དང་གཞི་ལམ་འགལ་ནས་མི་འགྲུབ་པའི་སྐྱོན་དུ་ཆེ་སྟེ། ཀུན་བྱེད་ལས། བྱས་ཟིན་རྩོལ་སྒྲུབ་འདས་པ་མ་རིག་ནས། རྩོལ་སྒྲུབ་བྱ་བྱེད་བསྒོམས་ནས་གྲུབ་ལྟ་ན། །བྱང་ཆུབ་གེགས་སུ་དེ་ལས་ཆེ་བ་མེད། །ཅེས་སོ། །དེ་ལྟར་ཡིན་མོད་ཀྱི་ད་དུང་དེའི་སར་མ་སླེབ་པས་བྱེད་དགོས་སོ་ཞེ་ན། ལན་ནི། ཀྱེ་སྐལ་མེད་གཅིག་ནས་གཅིག་ཏུ་འགྲོར་ཡོད་པ་མ་ཡིན། འགྲོར་མེད་པས་སླེབ་ཏུ་ཡོད་པ་མ་ཡིན། རང་ཡིན་ནས་རང་འཚོལ་བ་ལ་འགྲོ་བ་དང་འདྲ་བ་ཁྱོད་ནི་མཚར་ཆེ་བ་ཞིག་སྟེ། ཁོ་བོ་ཅག་གི་ལུང་ལས་ཁྱོད་ལྟ་བུ་ཕྱི་རོལ་དུ་གྱུར་པས། ཤིན་ཏུ་སྨད་པའི་གནས་སུ་བསྟན་པ་ནི། རྒྱུད་དེ་ཉིད་ལས། བདེ་བ་འདོད་པས་བདེ་བ་རྒྱབ་ཀྱིས་ཕྱོགས། །བདེ་བས་ཟིན་ཏེ་བདེ་བས་བདེ་བ་འཚོལ། །བྱང་ཆུབ་འཁྲུལ་པ་ཡེ་རྔམས་ཆོས་ལ་ཟ། །འདི་ལྟའི་ཡུལ་ཅན་སངས་རྒྱས་མཐོང་བ་མིན། །ཞེས་སོ། །ཕྱི་རབས་ཀྱང་འདི་ལྟ་བུའི་རིགས་ལ་གསང་བར་གདམས་པ། ཡང་རྒྱུད་དེ་ཉིད་ལས། དེ་ལ་ང་ཡི་རང་བཞིན་མ་མཐོང་ན། །ཀུན་བྱེད་ང་ཡི་ཐེག་པ་བསྟན་མི་བྱ། །རྫོགས་པ་ཆེན་པོའི་དོན་དང་སྐལ་མེད་པས། །རྒྱུ་འབྲས་ཐེག་པ་དྲང་བའི་ལུང་ལ་གཟུང༌། །ང་ནི་ཡེ་ནས་སྤྱོད་ཡུལ་འདས་པ་འདི། །རྒྱུ་འབྲས་དགའ་བའི་སྐལ་བ་མེད་རྣམས་ལ། །བསྟན་ན་སྒྲོ་དང་སྐུར་པ་འོང་བའི་ཕྱིར། །བསྟན་ན་རང་གི་སེམས་ལ་སྐུར་བཏབ་པས། །དྲུག་ཏུ་སྐྱེ་ཞིང་གཏན་དུ་འཁོར་བར་གནས། །ཞེས་སོ། །དེ་ལྟར་ཆོས་ཀྱི་བྱ་བྱེད་བཀག་ནས། ཐ་མལ་རང་བབས་ཀྱི་ངང་ལ་སྤྱོད་ཀྱང༌། ཆོས་ལ་རྩོལ་སྒྲུབ་བྱས་པ་རྣམས་དང༌། རིག་པའི་ངོ་བོ་ལ་གཤིས་ཐོགས་ནས་ཁྱད་མེད་པར་མ་ཟད། བྱ་བྱེད་ཐ་མལ་དང༌། ཁོ་བོའི་ཆོས་བྱས་པ་གཉིས་མཚུངས་པར་ཡོད་དེ། རྣལ་འབྱོར་པའི་སྤྱོད་ལམ་ཐམས་ཅད་ཆོས་སུ་ཤར་ཟིན་པས། ཆོས་ཉིད་ཀྱི་རོལ་པར་ལྷུན་གྱིས་གྲུབ་སྟེ། མུ་ཏིག་ཕྲེང་བ་ལས། ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །བཟའ་དང་བཏུང་བ་བསྙེན་པ་ལ། །

[edit]
rywikitexts e-text of the Beijing 2009 edition (vol. 16), with its page numbers ༼N༽.

སྟོང་རིག་གསལ་བའི་སྤྱོད་པ་» «ཡིན། །བཟང་དང་ངན་པའི་རྟོག་པ་རྣམས། །བསྒོམ་པ་ཆུ་བོའི་ཀློང་ཆེན་ཡིན། །» «ལོག་ལྟ་ཡང་དག་འདོད་པ་རྣམས། །རྣལ་འབྱོར་རིས་མེད་ལྟ་བ་ཡིན། །རེ་དང་དོགས་པར་འཛིན་པ་ཀུན། །ཟང་མ་ཐལ་བྱུང་འབྲས་བུ་ཡིན། །ཞེས་པ་ཐོག་ཏུ་བབས་པའི་དུས་སོ། །རྟོགས་པ་དེ་དག་གི་རང་བཞིན་གསལ་བར་བཤད་པ་ནི། གནམ་ས་འདྲེ་ལྡོག་སྣང་བ་ཅི་ཤར་ཡང༌། །ཕྱལ་བ་ལྷུག་པ་གཞི་མེད་ཟང་ཀ་མ། །» «གཏད་མེད་ཟ་ཟི་བན་བུན་ཕྱལ་མ་ཕྱོལ། །རེ་དོགས་གཉིས་མེད་སྨྱོན་པའི་ངང་ཚུལ་ཅན། །ལྟ་སྒོམ་རིས་མེད་ཆེད་འཛིན་འདོད་བློ་ཞིག» «།ཞེ་འདོད་འཁྲིས་མེད་འདི་ཞེས་རྩོལ་སྒྲུབ་མེད། །དེ་ཅིའི་ཕྱིར་ཞེ་ན། དགོངས་པ་ཆོས་ཉིད་ལས་མ་གཡོས་པས་ཆོས་ཟད་མིང་མེད་དུ་གྲོལ་བའི་ཕྱིར། ཅིར་སྣང་རང་བྱུང་ཡེ་ཤེས་ཀྱི་རོལ་པར་མཐོང་བ་མེ་ལོང་དུ་བཞིན་གྱི་གཟུགས་བརྙན་ཤར་བ་ལྟར་རྟོགས་པས། ཕྱི་ཡུལ་དུ་མཐོང་བ་རིག་པའི་རོལ་པ་དེ་སྐྱེ་བ་མེད་པའི་སྟོང་གཟུགས་ཙམ་ལས། ཆོས་ཉིད་ནམ་མཁའ་ལྟར་དག་པས་རང་གི་རིག་པའི་ཆོས་ཉིད་དང་གཉིས་སུ་མེད་པར་མཐོང་སྟེ། ཅི་སྣང་ཡང་སྟོང་གཟུགས་རིག་པའི་རོལ་པ། ཅི་འགྱུས་ཀྱང་ཡེ་སངས་རྗེས་མེད། དུས་གསུམ་གྱི་ཆོས་ཉིད་དུ་མཉམ་པས་བྱར་མེད་བློ་འདས་ཆེན་པོར་གྲོལ་བའི་ཕྱིར་ན། བླང་དོར་གྱི་ཆོས་ཟད་པའི་དུས་ཞེས་བྱ་སྟེ། ཐལ་འགྱུར་ལས། དགོངས་པ་གཅིག་ལས་གཡོས་པ་མེད། །སྣང་བ་སྣང་བའི་ཐོག་གསལ་བས། །བཞིན་དང་མེ་ལོང་ལྟ་བུ་ལས། །གྲོལ་བ་དེ་དང་དེ་ཉིད་» «གྲོལ། །»«དེ་ལ་རང་བྱུང་«༼༡༽«སྟོང་ཡུལ་བས། །མཐོང་ཞེས་«༼༢༽«རིག་པ་ཐ་དད་མིན། །དེ་ཉིད་རང་གི་ཐོག་ཏུ་གྲོལ། །གཅིག་ཤེས་པས་ནི་ཀུན་གྲོལ་ཕྱིར། །» «གཉིས་དང་གསུམ་གྱི་གྲངས་མཐའ་ཟད། །རྟོག་ཅིང་འཛིན་པའི་ཡུལ་མི་སྣང༌། །» «འགྱུ་དང་འཛིན་པ་ཡེ་ནས་སྟོང༌། །སྟོང་པའི་དགོངས་པ་གསལ་རྫོགས་པས། །དུ་མའི་གྲངས་མཐའ་ཟད་པའོ། །ཞེས་སོ། །རྟོགས་པ་ཁོང་ནས་ཤར་བའི་རྣལ་འབྱོར་པ་གང་ཤར་འདེམ་ཀ་མེད་པར་ཆོས་ཉིད་དུ་གྲོལ་བར་བསྟན་པ་ནི། གང་བྱུང་བྱུང་ལ་གང་སྣང་སྣང་དུ་ཆུག» «།གང་ཤར་ཤར་ལ་གང་ཡིན་ཡིན་དུ་ཆུག» «།གང་ཡང་ཡིན་ལ་གང་ཡང་མིན་དུ་ཆུག» «།འདི་ལ་རིག་པའི་སྟེང་ན་ཁྱད་པར་གང་ཡང་མེད་དེ། རིག་པ་གཅིག་གི་ངང་ནས་ཤར་བས་གཞི་ལ་བཟང་ངན་མེད་པ་དང༌། ཤར་ཚད་རིག་པའི་རྩལ་ལས་གཞན་མེད་པས་རྩལ་གྱི་ངོ་བོ་ལ་བཟང་ངན་མེད་པ་དང༌། ཤར་བས་གྲོལ་ཟིན་པའི་ཕྱིར་མ་བཟུང་ན་རང་ཡལ་དུ་གོ་གཅིག་པས་ངོ་བོ་ལ་བཟང་ངན་མེད་པ་དང༌། ཅི་ཤར་ཅི་སྣང་ཡང་གཞི་ལ་མེད་པའི་སྣང་བ་ཡིན་པས་སྟོང་ཟིན་ཏེ། གྲུབ་བསལ་དོགས་པ་མེད་པས་སྨིག་རྒྱུའི་ཆུ་ལྟར་མེད་པ་གསལ་སྣང་ལ་བློས་གཟུང་བ་དགོས་པ་མེད་པའི་ཕྱིར། རྣལ་འབྱོར་པ་ལ་ཡུལ་སྣང་དང་བློ་རྟོག་གང་ཡང་སྤང་བླང་གི་འདེམ་ཀ་བྱར་མེད་དེ། གཞི་མེད་ཆོས་ཟད་མིང་མེད་དུ་གོ་གཅིག་པའི་ཕྱིར། མཐའ་ལས་འདས་པ་ཞེས་ཐ་སྙད་དུ་བརྗོད་དེ། རིག་པ་རང་གྲོལ་ལས། སྣང་བ་དངོས་པོའི་ཆོས་ཀྱིས་སྟོང༌། །སྟོང་པ་མཚན་མའི་ཆོས་ལས་འདས། །འདས་པ་ཉིད་ལ་བརྗོད་དུ་མེད། །ཅེས་སོ། །གཏད་མེད་ཡོངས་གྲོལ་དུ་རྟོགས་པའི་རྣལ་འབྱོར་པ་ལ་ཀུན་སྤྱོད་ངེས་པ་མེད་ཅིང༌། ཐ་མལ་རང་བབས་ཀྱི་སྣང་བར་སྤྱོད་པ་ནི། ཀུན་སྤྱོད་ངེས་མེད་རིག་པ་ཐོད་རྒལ་ངང༌། །» «ཆོས་དང་ཆོས་མིན་རྩིས་གཞི་འགའ་མེད་པས། །གཏད་མེད་ཟང་ཀ་གྲུབ་མཐའི་གཟེབ་ལས་འདས། །ཟ་འཆག་ཉལ་འདུག་ཉིན་ཞག་ཕྱམ་གདལ་བས། །རང་བཞིན་ཆོས་ཉིད་མཉམ་པའི་ངང་ཉིད་དོ། །མཆོད་པའི་ལྷ་མེད་བརྡུང་བའི་འདྲེ་ཡང་མེད། །བསྒོམ་པའི་ཆོས་མེད་ཐ་མལ་རང་གའི་ངང༌། །མ་བཅོས་རྒྱལ་པོ་སྙེམས་མེད་ཕྱམ་གཅིག་པས། །ཕྱལ་པ་ལྷུག་པ་ཡན་པ་གཅིག་པུ་ཉིད། །མ་བྱས་ཡེ་ཟིན་རྩོལ་སྒྲུབ་བྲལ་བས་བདེ། །འདིར་ཆོས་དང་ལམ་ལ་གནས་པའི་གང་ཟག་རྣམས་ལ་ཐ་མལ་པ་ལས་ལོག་ནས་ཆོས་སྤྱོད་ཀྱི་བྱ་བ་བྲེལ་དོ་སྣ་ཚོགས་པས་ཉིན་མཚན་འདའ་བ་ཡིན་ན། ཐ་མལ་དུ་གནས་པས་ཅང་འགྲུབ་བམ། དེ་ལྟར་ན་འཇིག་རྟེན་པ་དང་རྣལ་འབྱོར་པ་གཉིས་ཁྱད་མེད་དོ་སྙམ་པ་ལ་འདི་ལྟར་ཤེས་པར་བྱ་སྟེ། གཅིག་ནི་འཇིག་རྟེན་ཉིད་ལས་ཆོས་ལ་བློ་མ་སྦྱངས་པས། ཆོས་ཡིད་ལ་མེད་པའི་ཕྱིར་ཆོས་ཀྱི་བྱ་བྱེད་དང་བྲལ་བ་ཡིན་ལ། གཅིག་ནི་ཆོས་མ་བྱས་ཡེ་ཟིན་དུ་རྟོགས་པས་བློ་བདེ་སྟེ། ཆོས་ཟིན་ནས་ཆོས་བོར་ཆོས་ལས་འདས་པའི་ཕྱིར་ཆོས་ཀྱི་བྱ་བ་མེད་ཅིང་རང་བབས་ཐ་མལ་དུ་སྣང་བ་ཡིན་ནོ། །ཡང་འདི་ལྟར་འཇིག་རྟེན་པ་ནི་འཇིག་རྟེན་གྱིས་བྲེལ་ནས་སེམས་ལས་སུ་གྱུར་པ་ལས་རྣལ་འབྱོར་པ་ལ་དེ་མེད་པས་ཐ་མལ་འཇིག་རྟེན་པ་དང་མཚུངས་པ་མ་ཡིན་པར་ཤེས་པར་བྱའོ། །གལ་ཏེ་མཚུངས་ན་ཐ་མལ་པ་འཁོར་བ་ལྟར། རྣལ་འབྱོར་པ་ཡང་འཁྲུལ་པར་ཐལ་བ་ལས། སྒོ་གསུམ་བྱ་བ་དང་བྲལ་བས་འཁྲུལ་པའི་ཆོས་མེད་པ་དང༌། ཐ་མལ་དུ་སྣང་བ་ཟང་ཐལ་དུ་སངས་པས་འཆིང་བ་མེད་དེ། ལས་དང་རྣམ་སྨིན་ལས་གྲོལ་བ་ནི། དཔེར་ན་གྲེས་མའི་ཐག་པ་མེར་ཚིག་པ་དེ་ཐག་པར་སྣང་ཡང་འཆིང་བའི་དོན་བྱེད་མི་ནུས་པ་དེ་མེས་ཚིག་པ་ལས་བྱུང་བ་ལྟར། རྣལ་འབྱོར་པའི་སེམས་ལ་ཟང་ཐལ་བས་ཤེས་པ་དགག་སྒྲུབ་ཏུ་སྐྱེ་བར་སྣང་བ་དང༌། ཟས་གོས་དང་ནོར་འཛིན་པ་ལྟར་སྣང་ཡང་གཞི་མེད་རྨི་ལམ་ལྟར་རྟོགས་ནས་མ་ཞེན་པའི་ཕྱིར་འཆིང་མི་ནུས་པ་ཡིན་ལ། འཇིག་རྟེན་པ་ལ་དེ་མེད་པས་ཞེན་པ་རང་མཚན་པས་སེམས་བཅིངས་ཏེ་ཐག་པ་མེར་མ་ཚིག་པ་ལྟར་ནང་སེམས་དང་ཕྱི་སྣང་བ་ལ་དགག་སྒྲུབ་རང་གར་ཡོད་པས་འཆིང་བའོ། །དེའི་ཕྱིར་རྣལ་འབྱོར་གྱི་དབང་ཕྱུག་གི་ཞལ་སྔ་ནས། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང༌། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་ཤེས་མི་འགྱུར། །» «ཞེས་པ་དང༌། ཡང་རྗེས་སུ་གདམས་པ། སྣང་བས་མི་འཆིང་ཞེན་པས་འཆིང༌། །» «ཞེན་པ་ཆོད་ཅིག་ནཱ་རོ་པ། །ཞེས་གསུངས་པ་ལྟ་བུའོ། །ཐ་མལ་པ་ལ་ལོག་རྟོག་སྤང་བ་ནི། བསོད་ནམས་དང་སྐལ་པ་ཆུང་ཞིང་རྟོགས་པ་དང་ཆོས་ཆེན་པོ་ལ་བློ་ཁ་མ་ཕྱོགས་པ་དག་ན་རེ། གནས་ལུགས་རྟོགས་པའི་ངང་ནས་བྱ་བྱའི་ཆོས་སྤྱོད་བྱས་པས་ཆོག་མོད། དེའི་འབྲས་བུ་བདེ་བ་ཐོབ་པ་དེ་མི་འདོད་དམ་ཟེར་རོ། །» «ལན་བཤད་པ། ཆོས་ཐམས་ཅད་རིག་ངོར་མཉམ་ཤར་ལ་བཟང་ངན་དུ་འབྱེད་པ་ཁྱེད་རང་དེ་ལྟར་གྱིས་ལ་རེམ་ཞིག» «ངེད་ནི་རྨི་ལམ་སྣང་བའི་ཆོས་ལ་གཅིག་མི་སྤོང༌། གཅིག་མི་ལེན། སྤོང་ལེན་དང་རྩོལ་སྒྲུབ་བྱེད་ན་རྣལ་འབྱོར་པ་དང་འགལ་ཏེ། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ནི། འབྲས་བུ་ལ་རེ་བ་མ་ཡིན་ལ། རྩོལ་སྒྲུབ་རྒྱུ་འབྲས་ལ་རེ་བ་འདིའི་སྣོད་མ་ཡིན་པས། ཐེག་དམན་བྱིས་པ་དྲང་བའི་ཆོས་ལ་སྦྱར་བར་གསུངས་ཏེ། ཀུན་བྱེད་ལས། དེ་ལྟར་མ་རིག་རྩོལ་སྒྲུབ་བྱས་གྱུར་ན། །རྒྱུ་འབྲས་འདས་པའི་དོན་དང་འགལ་གྱུར་ནས། །བྱར་མེད་བདེ་ཆེན་དེ་དང་མི་འཕྲད་དེ། །རྩོལ་སྒྲུབ་ནད་ཀྱི་མ་རིག་དེས་ཟིན་འགྱུར། །དེ་བས་རྒྱུ་འབྲས་འདས་པའི་རྫོགས་ཆེན་ལ། །སྐལ་མེད་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས། །རྒྱུ་དང་འབྲས་བུའི་ཆོས་སུ་དཔྱད་པར་བྱ། །ཞེས་པས་ཁོ་བོ་ཅག་གིས་ལུང་ལས་འབྱུང་བས། ཁོ་བོ་ཅག་གི་ནི་ལུང་དང་འགལ་བར་མི་བྱེད་དོ། །ཡང་སྐལ་ཆུང་པོ་དེ་ན་རེ། ཐམས་ཅད་རིག་པར་མཉམ་པས་ཆེད་དུ་བྱར་མེད་པ་དང་བདེན་ན་བྱས་པས་འགྲུབ་ལ་མ་བྱས་ན་མི་འགྲུབ་པའི་ཕྱིར་བྱེད་དགོས་སོ་ཞེས་ཟེར་ན། སྨྲས་པ། མ་གྲུབ་ན་བསྒྲུབས་ཀྱང་མི་འགྲུབ། གྲུབ་ན་བསྒྲུབ་མི་དགོས། རྩོལ་སྒྲུབ་ཀུན་རྫོབ་པས་སེམས་ཉིད་དོན་དམ་ལ་ཅིར་ཡང་བྱར་མེད་པ་དང༌། སེམས་ཉིད་ལ་ཆོས་སྐུ་གྲུབ་ཟིན་ལ། དེ་ཡང་བཞག་ན་མངོན་ལ། བྱས་ན་མི་འགྲུབ་པ་ཆུ་དྭངས་པའི་གཟུགས་བརྙན་རྙོག་ན་མི་མངོན་པ་ལྟ་བུ་སྟེ། རྒྱུད་དེ་ཉིད་ལས། སངས་རྒྱས་བསྒྲུབས་པས་འགྲུབ་པ་མ་ཡིན་ཏེ། །མ་བཙལ་རང་བཞིན་གནས་པས་ལྷུན་གྱིས་གྲུབ། །མ་བཙལ་རང་བཞིན་གནས་ལ་མི་རྟོག་ཞོག» «།ཅེས་སོ། །» «དེའི་ཕྱིར་རྩོལ་སྒྲུབ་བྱང་ཆུབ་ཀྱི་གེགས་ཡིན་ཏེ། འཇོག་དགོས་པ་གཟེངས་«༼༡༽«པ་ལྟར། སེམས་ཉིད་བྱར་མེད་ལ་བྱ་བཙལ་བྱས་པས་རྒྱུ་འབྲས་དང་གཞི་ལམ་འགལ་ནས་མི་འགྲུབ་པའི་སྐྱོན་དུ་ཆེ་སྟེ། ཀུན་བྱེད་ལས། བྱས་ཟིན་རྩོལ་སྒྲུབ་འདས་པ་མ་རིག་ནས། །རྩོལ་སྒྲུབ་བྱ་བྱེད་བསྒོམས་ནས་གྲུབ་ལྟ་ན། །བྱང་ཆུབ་གེགས་སུ་དེ་ལས་ཆེ་བ་མེད། །ཅེས་སོ། །དེ་ལྟར་ཡིན་མོད་ཀྱི་ད་དུང་དེའི་སར་མ་སླེབ་པས་བྱེད་དགོས་སོ་ཞེ་ན། ལན་ནི། ཀྱེ་སྐལ་མེད་གཅིག་ནས་གཅིག་ཏུ་འགྲོར་ཡོད་པ་མ་ཡིན། འགྲོར་མེད་པས་སླེབ་ཏུ་ཡོད་པ་མ་ཡིན། རང་ཡིན་ནས་རང་འཚོལ་བ་ལ་འགྲོ་བ་དང་འདྲ་བ་ཁྱོད་ནི་མཚར་ཆེ་བ་ཞིག་སྟེ། ཁོ་བོ་ཅག་གི་ལུང་ལས་ཁྱོད་ལྟ་བུ་ཕྱི་རོལ་ཏུ་གྱུར་པས། ཤིན་ཏུ་སྨད་པའི་གནས་སུ་བསྟན་པ་ནི། རྒྱུད་དེ་ཉིད་ལས། བདེ་བ་འདོད་པས་བདེ་ལ་རྒྱབ་ཀྱིས་ཕྱོགས། །བདེ་བས་ཟིན་ཏེ་བདེ་བས་བདེ་བ་འཚོལ། །བྱང་ཆུབ་འཁྲུལ་པ་ཡེ་རྔམས་ཆོས་ལ་ཟ།«༼༢༽«། འདི་ལྟའི་ཡུལ་ཅན་སངས་རྒྱས་མཐོང་བ་མིན། །ཞེས་སོ། །ཕྱི་རབས་ཀྱང་འདི་ལྟ་བུའི་རིགས་ལ་གསང་བར་གདམས་པ། ཡང་རྒྱུད་དེ་ཉིད་ལས། དེ་ལ་ང་ཡི་རང་བཞིན་མ་མཐོང་ན། །ཀུན་བྱེད་ང་ཡི་ཐེག་པ་བསྟན་མི་བྱ། །རྫོགས་པ་ཆེན་པོའི་དོན་དང་སྐལ་མེད་པས། །རྒྱུ་འབྲས་ཐེག་པ་དྲང་བའི་ལམ་ལ་གཟུད། །ང་ནི་ཡེ་ནས་སྤྱོད་ཡུལ་འདས་པ་འད«ི༼༣༽«། །རྒྱུ་འབྲས་དགའ་བའི་སྐལ་པ་མེད་རྣམས་» «ལ། །བསྟན་ན་སྒྲོ་དང་སྐུར་པ་འོང་བའི་ཕྱིར། །བསྟན་ན་རང་གི་སེམས་ལ་སྐུར་བཏབ་པས། །དྲུག་ཏུ་སྐྱེ་ཞིང་གཏན་དུ་འཁོར་བར་གནས། །ཞེས་སོ། །དེ་ལྟར་ཆོས་ཀྱི་བྱ་བྱེད་བཀག་ནས། ཐ་མལ་རང་བབས་ཀྱི་ངང་ལ་སྤྱོད་ཀྱང༌། ཆོས་ལ་རྩོལ་སྒྲུབ་བྱས་པ་རྣམས་དང༌། རིག་པའི་ངོ་བོ་ལ་གཤིས་ཐོག་ནས་ཁྱད་མེད་པར་མ་ཟད། བྱ་བྱེད་ཐ་མལ་དང༌། ཁོ་བོའི་ཆོས་བྱས་པ་གཉིས་མཚུངས་པར་ཡོད་དེ། རྣལ་འབྱོར་པའི་སྤྱོད་ལམ་ཐམས་ཅད་ཆོས་སུ་ཤར་ཟིན་པས། ཆོས་ཉིད་ཀྱི་རོལ་པར་ལྷུན་གྱིས་གྲུབ་སྟེ། མུ་ཏིག་ཕྲེང་བ་ལས། ཕྱག་རྒྱ་ཆེན་པོ་མངོན་འདོད་» «པས། །བཟའ་དང་བཏུང་བ་བསྙེན་པ་ལ། །

[edit]
OCR of the BDRC scans (I2PD20601, I2PD20602), gorn05 tibocr 2026: BDRC OCR on 244 pages, Mitra OCR on 127 pages (the model with more recognisable syllables on each page).

[p. 142] སྟོང་རིག་གསལ་བའི་སྤྱོད་པ་ཡིན། །བཟང་དང་ངན་པའི་རྟོག་པ་རྣམས། །བསྒོམ་པ་ ཆུ་བོའི་ཀློང་ཆེན་ཡིན། །ལོག་ལྟ་ཡང་དག་འདོད་པ་རྣམས། །རྣལ་འབྱོར་རིས་མེད་ལྟ་བ་ཡིན། །རེ་དང་དོགས་པར་འཛིན་པ་ཀུན། །ཟང་མ་ཐལ་བྱུང་འབྲས་བུ་ཡིན། །ཞེས་པ་ཐོག་ཏུ་བབས་པའི་དུས་སོ། །རྟོགས་པ་དེ་དག་གི་རང་བཞིན་གསལ་བར་བཤད་པ་ ནི། གནམ་ས་འདྲེ་ལྡོག་སྣང་བ་ཅི་ཤར་ཡང་། །ཕྱལ་བ་ལྷུག་པ་གཞི་མེད་ཟང་ཀ་མ། །གཏད་མེད་ཟ་ཟི་བན་བུན་ཕྱལ་མ་ཕྱོལ། །རེ་དོགས་གཉིས་མེད་སྨྱོན་པའི་ངང་ཚུལ་ཅན། །ལྟ་སྒོམ་རིས་མེད་ཆེད་འཛིན་འདོད་བློ་ཞིག །ཞེ་འདོད་འཁྲིས་མེད་འདི་ཞེས་ རྩོལ་སྒྲུབ་མེད། །དེ་ཅིའི་ཕྱིར་ཞེ་ན། དགོངས་པ་ཆོས་ཉིད་ལས་མ་གཡོས་པས་ཆོས་ཟད་མིང་མེད་དུ་གྲོལ་བའི་ཕྱིར། ཅིར་སྣང་རང་བྱུང་ཡེ་ཤེས་ཀྱི་རོལ་པར་མཐོང་བ་མེ་ལོང་དུ་བཞིན་གྱི་གཟུགས་བརྙན་ཤེར་བ་ལྟར་རྟོགས་པས། ཕྱི་ཡུལ་དུ་མཐོང་བ་རིག་པའི་ རོལ་པ་དེ་སྐྱེ་བ་མེད་པའི་སྟོང་གཟུགས་ཙམ་ལས། ཆོས་ཉིད་ནམ་མཁའ་ལྟར་དག་པས་རང་གི་རིག་པའི་ཆོས་ཉིད་དང་གཉིས་སུ་མེད་པར་མཐོང་སྟེ། ཅི་སྣང་ཡང་སྟོང་གཟུགས་རིག་པའི་རོལ་པ། ཅི་འགྱུས་ཀྱང་ཡེ་སངས་རྗེས་མེད། དུས་གསུམ་གྱི་ཆོས་ཉིད་དུ་ མཉམ་པས་བྱར་མེད་བློ་འདས་ཆེན་པོར་གྲོལ་བའི་ཕྱིར་ན། བླང་དོར་གྱི་ཆོས་ཟད་པའི་དུས་ཞེས་བྱ་སྟེ། ཐལ་འགྱུར་ལས། དགོངས་པ་གཅིག་ལས་གཡོས་པ་མེད། །སྣང་བ་སྣང་བའི་ཐོག་གསལ་བས། །བཞིན་དང་མེ་ལོང་ལྟ་བུ་ལས། །གྲོལ་བ་དེ་དང་དེ་ ཉིད་གྲོལ། །ཤེས་པ་འགྱུ་བ་སྟོང་ཡུལ་བས། །མཐོང་ཤེས་རིག་པ་ཐ་དད་མིན། །དེ་ཉིད་རང་གི་ཐོག་ཏུ་གྲོལ། །གཅིག་ཤེས་པས་ནི་ཀུན་གྲོལ་ཕྱིར། །གཉིས་དང་གསུམ་གྱི་གྲངས་མཐའ་ཟད། །རྟོག་ཅིང་འཛིན་པའི་ཡུལ་མི་སྣང་། །འགྱུ་དང་འཛིན་པ་

[p. 143] ༄༅། །ཡེ་ནས་སྟོང་། །སྟོང་པའི་དགོངས་པ་གསལ་རྫོགས་པས། །དུ་མའི་གྲངས་མཐའ་ཟད་པའོ། །ཞེས་སོ། །རྟོགས་པ་ཁོང་ནས་ཤར་བའི་རྣལ་འབྱོར་པ་གང་ཤར་འདེམ་ཀ་མེད་པར་ཆོས་ཉིད་དུ་གྲོལ་བར་བསྟན་པ་ནི། གང་བྱུང་ བྱུང་ལ་གང་སྣང་སྣང་དུ་ཆུག །གང་ཤར་ཤར་ལ་གང་ཡིན་ཡིན་དུ་ཆུག །གང་ཡང་ཡིན་ལ་གང་ཡང་མིན་དུ་ཆུག །འདི་ལ་རིག་པའི་སྟེང་ན་ཁྱད་པར་གང་ཡང་མེད་དེ། རིག་པ་གཅིག་གི་ངང་ནས་ཤར་བས་གཞི་ལ་བཟང་ངན་མེད་པ་དང་། ཤར་ཚད་ རིག་པའི་རྩལ་ལས་གཞན་མེད་པས་རྩལ་གྱི་ངོ་བོ་ལ་བཟང་ངན་མེད་པ་དང་། ཤར་བས་གྲོལ་ཟིན་པའི་ཕྱིར་མ་བཟུང་ན་རང་ཡལ་དུ་གོ་གཅིག་པས་ངོ་བོ་ལ་བཟང་ངན་མེད་པ་དང་། ཅི་ཤར་ཅི་སྣང་ནས་གཞི་ལ་མེད་པའི་སྣང་བ་ཡིན་པས་སྟོང་ཟིན་ཏེ། གྲུབ་དོགས་ པ་མེད་པས་སྨིག་རྒྱུའི་ཆུ་ལྟར་མེད་པ་གསལ་སྣང་ལ་བློས་གཟུང་བ་དགོས་པ་མེད་པའི་ཕྱིར། རྣལ་འབྱོར་པ་ལ་ཡུལ་སྣང་དང་བློ་རྟོག་གང་ཡང་སྤང་བླང་གི་འདམ་ཀ་བྱར་མེད་དེ། གཞི་མེད་ཆོས་ཟད་མིང་མེད་དུ་གོ་གཅིག་པའི་ཕྱིར། མཐའ་ལས་འདས་པ་ ཞེས་ཐ་སྙད་དུ་བརྗོད་དེ། རིག་པ་རང་གྲོལ་ལས། སྣང་བ་དངོས་པོའི་ཆོས་ཀྱིས་སྟོང་། །སྟོང་པ་མཚན་མའི་ཆོས་ལས་འདས། །འདས་པ་ཉིད་ལ་བརྗོད་དུ་མེད། །ཅེས་སོ། །གཏད་མེད་ཡོངས་གྲོལ་དུ་རྟོགས་པའི་རྣལ་འབྱོར་པ་ལ་ཀུན་སྤྱོད་ངེས་པ་ མེད་ཅིང་། ཐ་མལ་རང་བབས་ཀྱི་སྣང་བར་སྤྱོད་པ་ནི། ཀུན་སྤྱོད་ངེས་མེད་རིག་པ་ཐོད་རྒལ་དང་། །ཆོས་དང་ཆོས་མིན་རྩིས་གཞི་འགའ་མེད་པས། །གཏད་མེད་ཟང་ཀ་གྲུབ་མཐའི་གཟེབ་ལས་འདས། །ཟ་འཆག་ཉལ་འདུག་ཉིན་ཞག་ཕྱམ་གདལ་བས། རང་ བཞིན་ཆོས་ཉིད་མཉམ་པའི་ངང་ཉིད་དོ། །མཆོད་པའི་ལྷ་མེད་བརྡུང་བའི་འདྲི་ཡང་མེད། །བསྒོམ་པའི་ཆོས་མེད་ཐ་མལ་རང་གཞི་དང་། །མ་བཅོས་རྒྱལ་པོ་སྙེམས་མེད་ཕྱམ་གཅིག་པས། །ཕྱལ་པ་ལྷུག་པ་ཡན་པ་གཅིག་པུ་ཉིད། །མ་བྱས་ཡེ་ཟིན་རྩོལ་

[p. 144] སྒྲུབ་བྲལ་བས་བདེ། །འདིར་ཆོས་དང་ལམ་ལ་གནས་པའི་གང་ཟག་རྣམས་ལ་ཐ་མལ་པ་ལས་ལོག་ནས་ཆོས་སྤྱོད་ཀྱི་བྱ་བ་བྲེལ་དོ་སྣ་ཚོགས་པས་ཉིན་མཚན་འདའ་བ་ཡིན་ན། ཐ་མལ་དུ་གནས་པས་ཅང་འགྲུབ་བམ། དེ་ལྟར་འཇིག་རྟེན་པ་དང་རྣལ་འབྱོར་པ་གཉིས་ཁྱད་མེད་དོ་སྙམ་པ་ལ་འདི་ལྟར་ཤེས་པར་བྱ་སྟེ། གཅིག་ནི་འཇིག་རྟེན་ཉིད་ལས་ཆོས་ལ་བློ་མ་སྦྱངས་པས། ཆོས་ཡིད་ལ་མེད་པའི་ཕྱིར་ཆོས་ཀྱི་བྱ་བྱེད་དང་བྲལ་བ་ཡིན་ལ། གཅིག་ནི་ཆོས་མ་བྱས་ཡེ་ཟིན་དུ་རྟོགས་པས་བློ་བདེ་སྟེ། ཆོས་ཟིན་ནས་ཆོས་བོར་ཆོས་ལས་འདས་པའི་ཕྱིར་ཆོས་ཀྱི་བྱ་བ་མེད་ཅིང་རང་བབས་ཐ་མལ་དུ་སྣང་བ་ཡིན་ནོ། །ཡང་འདི་ལྟར་འཇིག་རྟེན་པ་ནི་འཇིག་རྟེན་གྱིས་བྲེལ་ནས་སེམས་ལས་སུ་གྱུར་པ་ལས་རྣལ་འབྱོར་པ་ལ་དེ་མེད་པས་ཐ་མལ་འཇིག་རྟེན་པ་དང་མཚུངས་པ་མ་ཡིན་པར་ཤེས་པར་བྱའོ། །གལ་ཏེ་མཚུངས་ན་ཐ་མལ་པ་འཁོར་བ་ལྟར། རྣལ་འབྱོར་པ་ཡང་འཁྲུལ་པ་ཐལ་བ་ལས། སྒོ་གསུམ་བྱ་བ་དང་བྲལ་བས་འཁྲུལ་པའི་ཆོས་མེད་པ་དང་། ཐ་མལ་དུ་སྣང་བ་ཟང་ཐལ་དུ་སངས་པས་འཆིང་བར་མེད་དེ། ལས་དང་རྣམ་སྨིན་ལས་གྲོལ་བ་ནི། དཔེར་ན་གྲེས་མའི་ཐག་པ་མེར་ཚིག་པ་དེ་ཐག་པར་སྣང་ཡང་འཆིང་བའི་དོན་བྱེད་མི་ནུས་པ་དེ་མེས་ཚིག་པ་ལས་བྱུང་བ་ལྟར། རྣལ་འབྱོར་པའི་སེམས་ལ་ཟང་ཐལ་བས་ཤེས་པ་དགག་སྒྲུབ་ཏུ་སྐྱེ་བར་སྣང་བ་དང་། ཟས་གོས་དང་ནོར་འཛིན་པ་ལྟར་སྣང་ཡང་གཞི་མེད་རྨི་ལམ་ལྟར་རྟོགས་ནས་མ་ཞེན་པའི་ཕྱིར་འཆིང་མི་ནུས་པ་ཡིན་ལ། འཇིག་རྟེན་པ་ལ་དེ་མེད་པས་ཞེན་པ་རང་མཚན་པས་སེམས་བཅིངས་ཏེ་ཐག་པ་མེར་མ་ཚིག་པ་ལྟར་ནང་སེམས་དང་ཕྱི་སྣང་བ་ལ་དགག་སྒྲུབ་རང་གར་ཡོད་པས་འཆིང་བའོ། །དེའི་ཕྱིར་རྣལ་འབྱོར་གྱི་དབང་ཕྱུག་གི་ཞལ་སྔ་ནས། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང་། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་ཤེས་མི་འགྱུར། །ཞེས་པ་དང་། ཡང་རྗེས་སུ་གདམས་པ། སྣང་བས་མི་འཆིང་ཞེན་པས་

[p. 145] ༄༅། །འཆིང་། །ཞེན་པ་ཆོད་ཅིག་ནཱ་རོ་པ། །ཞེས་གསུངས་པ་ལྟ་བུའོ། །ཐ་མལ་པ་ལ་ལོག་རྟོག་སྤང་བ་ནི། བསོད་ནམས་དང་སྐལ་བ་ཆུང་ཞིང་རྟོགས་པ་དང་ཆོས་ཆེན་པོ་ལ་ཟློ་ཁ་མ་ཕྱོགས་པ་དག་ན་རེ། གནས་ལུགས་རྟོགས་པའི་ངང་ནས་ བྱ་བྱའི་ཆོས་སྤྱོད་བྱས་པས་ཆོག་མོད། དེའི་འབྲས་བུ་བདེ་བ་ཐོབ་པ་དེ་མི་འདོད་དམ་ཟེར་རོ། །ལན་བཤད་པ། ཆོས་ཐམས་ཅད་རིག་ངོར་མཉམ་ཤར་ལ་བཟང་ངན་དུ་འབྱེད་པ་ཁྱེད་རང་དེ་ལྟར་གྱིས་ལ་རེ་མ་ཅིག །ངེད་ནི་རྨི་ལམ་སྣང་བའི་ཆོས་ལ་གཅིག་མི་སྤོང་། ། གཅིག་མི་ལེན། སྤོང་ལེན་དང་རྩོལ་སྒྲུབ་བྱེད་ན་རྣལ་འབྱོར་པ་དང་འགལ་ཏེ། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ནི། འབྲས་བུ་ལ་རེ་བ་མ་ཡིན་ལ། རྩོལ་སྒྲུབ་རྒྱུ་འབྲས་ལ་རེ་བ་འདིའི་སྣོད་མ་ཡིན་པས། ཐེག་དམན་བྱིས་པ་གྲོང་པའི་ཆོས་ ལ་སྦྱར་བར་གསུངས་ཏེ། ཀུན་བྱེད་ལས། དེ་ལྟར་མ་རིག་རྩོལ་སྒྲུབ་བྱས་གྱུར་ན། །རྒྱུ་འབྲས་འདས་པའི་དོན་དང་འགལ་གྱུར་ནས། །བྱར་མེད་བདེ་ཆེན་དེ་དང་མི་འཕྲད་དེ། །རྩོལ་སྒྲུབ་ནད་ཀྱི་མ་རིག་དེས་ཟིན་འགྱུར། །དེ་བས་རྒྱུ་འབྲས་འདས་པའི་རྫོགས་ ཆེན་ལ། སྐལ་མེད་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས། །རྒྱུ་དང་འབྲས་བུའི་ཆོས་སུ་དཔྱད་པར་བྱ། །ཞེས་པས་ཁོ་བོ་ཅག་གི་ལུང་ལས་འབྱུང་བས། ཁོ་བོ་ཅག་གི་ནི་ལུང་དང་འགལ་བར་མི་བྱེད་དོ། །ཡང་སྐལ་ཆུང་པོ་དེ་ན་རེ། ཐམས་ཅད་རིག་པར་མཉམ་ པས་ཆེད་དུ་བྱར་མེད་པ་དང་བདེན་ན་བྱས་པས་འགྲུབ་ལ་མ་བྱས་ན་མི་འགྲུབ་པའི་ཕྱིར་བྱེད་དགོས་སོ་ཞེས་ཟེར་ན། སྨྲས་པ། མ་གྲུབ་ན་བསྒྲུབས་ཀྱང་མི་འགྲུབ། གྲུབ་ན་བསྒྲུབ་མི་དགོས། རྩོལ་སྒྲུབ་ཀུན་རྫོབ་པས་སེམས་ཉིད་དོན་དམ་ལ་ཅིར་ཡང་བྱར་མེད་པ་ དང་། སེམས་ཉིད་ལ་ཆོས་སྐུ་གྲུབ་ཟིན་ལ། དེ་ཡང་བཞག་ན་མངོན་ལ། བྱས་ན་མི་འགྲུབ་པ་ཆུ་དངས་པའི་གཟུགས་བརྙན་རྙོག་ན་མི་མངོན་པ་ལྟ་བུ་སྟེ། རྒྱུད་དེ་ཉིད་ལས། སངས་རྒྱས་བསྒྲུབས་པས་འགྲུབ་པ་མ་ཡིན་ཏེ། །མ་བཙལ་རང་བཞིན་གནས་པས་

[p. 146] ལྷུན་གྱིས་གྲུབ། །མ་བཙལ་རང་བཞིན་གནས་ལ་མི་རྟོག་ཞོག །ཅེས་སོ། །དེའི་ཕྱིར་རྩོལ་སྒྲུབ་བྱང་ཆུབ་ཀྱི་གེགས་ཡིན་ཏེ། འཇོག་དགོས་པ་གཟིངས་པ་ལྟར། སེམས་ཉིད་བྱར་མེད་ལ་བྱ་བཙལ་བྱས་པས་རྒྱུ་འབྲས་དང་གཞི་ལམ་འགལ་ནས་མི་འགྲུབ་པའི་ སྐྱོན་དུ་ཆེ་སྟེ། ཀུན་བྱེད་ལས། བྱས་ཟིན་རྩོལ་སྒྲུབ་འདས་པ་མ་རིག་ནས། །རྩོལ་སྒྲུབ་བྱ་བྱེད་བསྒོམས་ནས་གྲུབ་ལྟ་ན། །བྱང་ཆུབ་གེགས་སུ་དེ་ལས་ཆེ་བ་མེད། །ཅེས་སོ། །དེ་ལྟར་ཡིན་མོད་ཀྱི་ད་དུང་དེའི་སར་མ་སླེབ་པས་བྱེད་དགོས་སོ་ཞེ་ན། ལ་ན་ནི། ཀྱེ་སྐལ་མེད་གཅིག་ནས་གཅིག་ཏུ་འགྲོར་ཡོད་པ་མ་ཡིན། འགྲོར་མེད་པས་སླེབ་ཏུ་ཡོད་པ་མ་ཡིན། རང་ཡིན་ནས་རང་འཚོལ་བ་ལ་འགྲོ་བ་དང་འདྲ་བ་ཁྱོད་ནི་མཚར་ཆེ་བ་ཞིག་སྟེ། ཁོ་བོ་ཅག་གི་ལུང་ལས་ཁྱོད་ལྟ་བུ་ཕྱི་རོལ་དུ་གྱུར་པས། ཤིན་ཏུ་སྨད་ པའི་གནས་སུ་བསྟན་པ་ནི། རྒྱུད་དེ་ཉིད་ལས། བདེ་བ་འདོད་པས་བདེ་བ་རྒྱབ་ཀྱིས་ཕྱོགས། །བདེ་བས་ཟིན་ཏེ་བདེ་བས་བདེ་བ་འཚོལ། །བྱང་ཆུབ་འཁྲུལ་པ་ཡེ་རྔམས་ཆོས་ལ་ཟ། །འདི་ལྟའི་ཡུལ་ཅན་སངས་རྒྱས་མཐོང་བ་མིན། །ཞེས་སོ། ། ཕྱི་རབས་ཀྱང་འདི་ལྟ་བུའི་རིགས་ལ་གསང་བར་གདམས་པ། ཡང་རྒྱུད་དེ་ཉིད་ལས། དེ་ལ་ང་ཡི་རང་བཞིན་མ་མཐོང་ན། །ཀུན་བྱེད་ང་ཡི་ཐེག་པ་བསྟན་མི་བྱ། །རྫོགས་པ་ཆེན་པོའི་དོན་དང་སྐལ་མེད་པས། །རྒྱུ་འབྲས་ཐེག་པ་དྲང་བའི་ལུང་ལ་གཟུད། ། ང་ནི་ཡེ་ནས་སྤྱོད་ཡུལ་འདས་པ་འདི། །རྒྱུ་འབྲས་དགའ་བའི་སྐལ་བ་མེད་རྣམས་ལ། །བསྟན་ན་སྒྲོ་དང་སྐུར་པ་འོང་བའི་ཕྱིར། །བསྟན་ན་རང་གི་སེམས་ལ་སྐུར་བཏབ་པས། །དྲུག་ཏུ་སྐྱེ་ཞིང་གཏན་དུ་འཁོར་བར་གནས། །ཞེས་སོ། །དེ་ལྟར་ཆོས་ཀྱི་བྱ་ བྱེད་བཀག་ནས། ཐ་མལ་རང་བབས་ཀྱི་ངང་ལ་སྤྱོད་ཀྱང་། ཆོས་ལ་རྩོལ་སྒྲུབ་བྱས་པ་རྣམས་དང་། རིག་པའི་ངོ་བོ་ལ་གཤིས་ཐོག་ནས་ཁྱད་མེད་པར་མ་ཟད། བྱ་བྱེད་ཐ་མལ་དང་། ཁོ་བོའི་ཆོས་བྱས་པ་གཉིས་མཚུངས་པར་ཡོད་དེ། རྣལ་འབྱོར་པའི་

[p. 147] སྤྱོད་ལམ་ཐམས་ཅད་ཆོས་སུ་ཤར་ཟིན་པས། ཆོས་ཉིད་ཀྱི་རོལ་པར་ལྷུན་གྱིས་གྲུབ་སྟེ། མུ་ཏིག་ཕྲེང་བ་ལས། ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །བཟའ་དང་བཏུང་བ་བསྙེན་པ་ལ། །

[edit]
OCR of the BDRC scans (I3CN4267), gorn05 tibocr 2026: BDRC OCR on 226 pages, Mitra OCR on 175 pages (the model with more recognisable syllables on each page).

[p. 211] སྟོང་རིག་གསལ་བའི་སྤྱོད་པ་ ཡིན། །བཟང་དང་ངན་པའི་རྟོག་པ་རྣམས། །བསྒོམ་པ་ཆུ་བོའི་ཀློང་ཆེན་ཡིན། ། ལོག་ལྟ་ཡང་དག་འདོད་པ་རྣམས། །རྣལ་འབྱོར་རིས་མེད་ལྟ་བ་ཡིན། །རེ་དང་ དོགས་པར་འཛིན་པ་ཀུན། །ཟང་མ་ཐལ་བྱུང་འབྲས་བུ་ཡིན། །ཞེས་པ་ཐོག་ཏུ་ བབས་པའི་དུས་སོ། ། རྟོགས་པ་དེ་དག་གི་རང་བཞིན་གསལ་བར་བཤད་པ་ནི། གནམ་ས་འདྲེ་ལྡོག་སྣང་ བ་ཅི་ཤར་ཡང་། །ཕྱལ་བ་ལྷུག་པ་གཞི་མེད་ཟང་ཀ་མ། །གཏད་མེད་ཟ་ཟི་བན་ བུན་ཕྱལ་མ་ཕྱོལ། །རེ་དོགས་གཉིས་མེད་སྨྱོན་པའི་ངང་ཚུལ་ཅན། །ལྟ་སྒོམ་རིས་ མེད་ཆེད་འཛིན་འདོད་བློ་ཞིག །ཞེ་འདོད་འཁྲིས་མེད་འདི་ཞེས་རྩོལ་སྒྲུབ་མེད། ། དེ་ཅིའི་ཕྱིར་ཞེ་ན། དགོངས་པ་ཆོས་ཉིད་ལས་མ་གཡོས་པས་ཆོས་ཟད་མིང་མེད་དུ་ གྲོལ་བའི་ཕྱིར། ཅིར་སྣང་རང་བྱུང་ཡེ་ཤེས་ཀྱི་རོལ་པར་མཐོང་བ་མེ་ལོང་དུ་བཞིན་ གྱི་གཟུགས་བརྙན་ཤར་བ་ལྟར་རྟོགས་པས། ཕྱི་ཡུལ་དུ་མཐོང་བ་རིག་པའི་རོལ་པ་ དེ་སྐྱེ་བ་མེད་པའི་སྟོང་གཟུགས་ཙམ་ལས། ཆོས་ཉིད་ནམ་མཁའ་ལྟར་དག་པས་ རང་གི་རིག་པའི་ཆོས་ཉིད་དང་གཉིས་སུ་མེད་པར་མཐོང་སྟེ། ཅི་སྣང་ཡང་སྟོང་ གཟུགས་རིག་པའི་རོལ་པ། ཅི་འགྱུས་ཀྱང་ཡེ་སངས་རྗེས་མེད། དུས་གསུམ་གྱི་ ཆོས་ཉིད་དུ་མཉམ་པས་བྱར་མེད་བློ་འདས་ཆེན་པོར་གྲོལ་བའི་ཕྱིར་ན། བླང་དོར་ གྱི་ཆོས་ཟད་པའི་དུས་ཞེས་བྱ་སྟེ། ཐལ་འགྱུར་ལས། དགོངས་པ་གཅིག་ལས་

[p. 212] ༈ ལེའུ་དགུ་པ་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་དུ་ལ་བཟླ་བར་བསྟན་པ། གཡོས་པ་མེད། །སྣང་བ་སྣང་བའི་ཐོག་གསལ་བས། །བཞིན་དང་མེ་ལོང་ལྟ་བུ་ ལས། །གྲོལ་བ་དེ་དང་དེ་ཉིད་གྲོལ། །་་དེ་ལ་རང་བྱུང་༧སྟོང་ཡུལ་བས། ། མཐོང་ཞེས་༧རིག་པ་ཐ་དད་མིན། །དེ་ཉིད་རང་གི་ཐོག་ཏུ་གྲོལ། །གཅིག་ཤེས་ པས་ནི་ཀུན་གྲོལ་ཕྱིར། །གཉིས་དང་གསུམ་གྱི་གྲངས་མཐའ་ཟད། །རྟོག་ཅིང་ འཛིན་པའི་ཡུལ་མི་སྣང་། །འགྱུ་དང་འཛིན་པ་ཡེ་ནས་སྟོང་། །སྟོང་པའི་དགོངས་པ་ གསལ་རྫོགས་པས། །དུ་མའི་གྲངས་མཐའ་ཟད་པའོ། །ཞེས་སོ། །རྟོགས་པ་ཁོང་ ནས་ཤར་བའི་རྣལ་འབྱོར་པ་གང་ཤར་འདེམ་ཀ་མེད་པར་ཆོས་ཉིད་དུ་གྲོལ་བར་ བསྟན་པ་ནི། གང་བྱུང་བྱུང་ལ་གང་སྣང་སྣང་དུ་ཆུག །གང་ཤར་ཤར་ལ་གང་ཡིན་ ཡིན་དུ་ཆུག །གང་ཡང་ཡིན་ལ་གང་ཡང་མིན་དུ་ཆུག །འདི་ལ་རིག་པའི་སྟེང་ན་ ཁྱད་པར་གང་ཡང་མེད་དེ། རིག་པ་གཅིག་གི་ངང་ནས་ཤར་བས་གཞི་ལ་བཟང་ ངན་མེད་པ་དང་། ཤར་ཚད་རིག་པའི་རྩལ་ལས་གཞན་མེད་པས་རྩལ་གྱི་ངོ་བོ་ལ་ བཟང་ངན་མེད་པ་དང་། ཤར་བས་གྲོལ་ཟིན་པའི་ཕྱིར་མ་བཟུང་ན་རང་ཡལ་དུ་གོ་ གཅིག་པས་ངོ་བོ་ལ་བཟང་ངན་མེད་པ་དང་། ཅི་ཤར་ཅི་སྣང་ཡང་གཞི་ལ་མེད་ པའི་སྣང་བ་ཡིན་པས་སྟོང་ཟིན་ཏེ། གྲུབ་བསལ་དོགས་པ་མེད་པས་སྨིག་རྒྱུའི་ཆུ་ ལྟར་མེད་པ་གསལ་སྣང་ལ་བློས་གཟུང་བ་དགོས་པ་མེད་པའི་ཕྱིར། རྣལ་འབྱོར་པ་ ལ་ཡུལ་སྣང་དང་བློ་རྟོག་གང་ཡང་སྤང་བླང་གི་འདེམ་ཀ་བྱར་མེད་དེ། གཞི་མེད་ ཆོས་ཟད་མིང་མེད་དུ་གོ་གཅིག་པའི་ཕྱིར། མཐའ་ལས་འདས་པ་ཞེས་ཐ་སྙད་དུ་ བརྗོད་དེ། རིག་པ་རང་གྲོལ་ལས། སྣང་བ་དངོས་པོའི་ཆོས་ཀྱིས་སྟོང་། །སྟོང་པ་ མཚན་མའི་ཆོས་ལས་འདས། །འདས་པ་ཉིད་ལ་བརྗོད་དུ་མེད། །ཅེས་སོ། །གཏད་ མེད་ཡོངས་གྲོལ་དུ་རྟོགས་པའི་རྣལ་འབྱོར་པ་ལ་ཀུན་སྤྱོད་ངེས་པ་མེད་ཅིང་། ཐ་

[p. 213] ། ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། མལ་རང་བབས་ཀྱི་སྣང་བར་སྤྱོད་པ་ནི། ཀུན་སྤྱོད་ངེས་མེད་རིག་པ་ཐོད་རྒལ་ ངང་། །ཆོས་དང་ཆོས་མིན་རྩིས་གཞི་འགའ་མེད་པས། །གཏད་མེད་ཟང་ཀ་གྲུབ་ མཐའི་གཟེབ་ལས་འདས། །ཟ་འཆག་ཉལ་འདུག་ཉིན་ཞག་ཕྱམ་གདལ་བས། ། རང་བཞིན་ཆོས་ཉིད་མཉམ་པའི་ངང་ཉིད་དོ། །མཆོད་པའི་ལྷ་མེད་བརྡུང་བའི་འདྲེ་ ཡང་མེད། །བསྒོམ་པའི་ཆོས་མེད་ཐ་མལ་རང་གའི་ངང་། །མ་བཅོས་རྒྱལ་པོ་ སྙེམས་མེད་ཕྱམ་གཅིག་པས། །ཕྱལ་པ་ལྷུག་པ་ཡན་པ་གཅིག་པུ་ཉིད། །མ་བྱས་ཡེ་ ཟིན་རྩོལ་སྒྲུབ་བྲལ་བས་བདེ། །འདིར་ཆོས་དང་ལམ་ལ་གནས་པའི་གང་ཟག་ རྣམས་ལ་ཐ་མལ་པ་ལས་ལོག་ནས་ཆོས་སྤྱོད་ཀྱི་བྱ་བ་བྲེལ་དོ་སྣ་ཚོགས་པས་ཉིན་ མཚན་འདའ་བ་ཡིན་ན། ཐ་མལ་དུ་གནས་པས་ཅང་འགྲུབ་བམ། དེ་ལྟར་ན་ འཇིག་རྟེན་པ་དང་རྣལ་འབྱོར་པ་གཉིས་ཁྱད་མེད་དོ་སྙམ་པ་ལ་འདི་ལྟར་ཤེས་པར་ བྱ་སྟེ། གཅིག་ནི་འཇིག་རྟེན་ཉིད་ལས་ཆོས་ལ་བློ་མ་སྦྱངས་པས། ཆོས་ཡིད་ལ་ མེད་པའི་ཕྱིར་ཆོས་ཀྱི་བྱ་བྱེད་དང་བྲལ་བ་ཡིན་ལ། གཅིག་ནི་ཆོས་མ་བྱས་ཡེ་ཟིན་ དུ་རྟོགས་པས་བློ་བདེ་སྟེ། ཆོས་ཟིན་ནས་ཆོས་བོར་ཆོས་ལས་འདས་པའི་ཕྱིར་ཆོས་ ཀྱི་བྱ་བ་མེད་ཅིང་རང་བབས་ཐ་མལ་དུ་སྣང་བ་ཡིན་ནོ། །ཡང་འདི་ལྟར་འཇིག་ རྟེན་པ་ནི་འཇིག་རྟེན་གྱིས་བྲེལ་ནས་སེམས་ལས་སུ་གྱུར་པ་ལས་རྣལ་འབྱོར་པ་ལ་ དེ་མེད་པས་ཐ་མལ་འཇིག་རྟེན་པ་དང་མཚུངས་པ་མ་ཡིན་པར་ཤེས་པར་བྱའོ། ། གལ་ཏེ་མཚུངས་ན་ཐ་མལ་པ་འཁོར་བ་ལྟར། རྣལ་འབྱོར་པ་ཡང་འཁྲུལ་པར་ཐལ་ བ་ལས། སྒོ་གསུམ་བྱ་བ་དང་བྲལ་བས་འཁྲུལ་པའི་ཆོས་མེད་པ་དང་། ཐ་མལ་དུ་ སྣང་བ་ཟང་ཐལ་དུ་སངས་པས་འཆིང་བ་མེད་དེ། ལས་དང་རྣམ་སྨིན་ལས་གྲོལ་བ་ ནི༑ དཔེར་ན་གྲེས་མའི་ཐག་པ་མེར་ཚིག་པ་དེ་ཐག་པར་སྣང་ཡང་འཆིང་བའི་དོན་

[p. 214] ལེའུ་དགུ་པ་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་དུ་ལ་བཟླ་བར་བསྟན་པ། བྱེད་མི་ནུས་པ་དེ་མེས་ཚིག་པ་ལས་བྱུང་བ་ལྟར། རྣལ་འབྱོར་པའི་སེམས་ལ་ཟང་ ཐལ་བས་ཤེས་པ་དགག་སྒྲུབ་ཏུ་སྐྱེ་བར་སྣང་བ་དང་། ཟས་གོས་དང་ནོར་འཛིན་པ་ ལྟར་སྣང་ཡང་གཞི་མེད་རྨི་ལམ་ལྟར་རྟོགས་ནས་མ་ཞེན་པའི་ཕྱིར་འཆིང་མི་ནུས་པ་ ཡིན་ལ། འཇིག་རྟེན་པ་ལ་དེ་མེད་པས་ཞེན་པ་རང་མཚན་པས་སེམས་བཅིངས་ཏེ་ ཐག་པ་མེར་མ་ཚིག་པ་ལྟར་ནང་སེམས་དང་ཕྱི་སྣང་བ་ལ་དགག་སྒྲུབ་རང་གར་ ཡོད་པས་འཆིང་བའོ། །དེའི་ཕྱིར་རྣལ་འབྱོར་གྱི་དབང་ཕྱུག་གི་ཞལ་སྔ་ནས། གང་ ལ་ཞེན་པ་ཡོད་ན་དེ་ཡང་ཐོང་། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ ལས་གཞན་ཞིག་སུས་ཀྱང་ཤེས་མི་འགྱུར། །ཞེས་པ་དང་། ཡང་རྗེས་སུ་གདམས་ པ༑ སྣང་བས་མི་འཆིང་ཞེན་པས་འཆིང་། །ཞེན་པ་ཆོད་ཅིག་ནཱ་རོ་པ། །ཞེས་ གསུངས་པ་ལྟ་བུའོ། །ཐ་མལ་པ་ལ་ལོག་རྟོག་སྤང་བ་ནི། བསོད་ནམས་དང་སྐལ་ པ་ཆུང་ཞིང་རྟོགས་པ་དང་ཆོས་ཆེན་པོ་ལ་བློ་ཁ་མ་ཕྱོགས་པ་དག་ན་རེ། གནས་ ལུགས་རྟོགས་པའི་ངང་ནས་བྱ་བྱའི་ཆོས་སྤྱོད་བྱས་པས་ཆོག་མོད། དེའི་འབྲས་བུ་ བདེ་བ་ཐོབ་པ་དེ་མི་འདོད་དམ་ཟེར་རོ། །ལན་བཤད་པ། ཆོས་ཐམས་ཅད་རིག་ ངོར་མཉམ་ཤར་ལ་བཟང་ངན་དུ་འབྱེད་པ་ཁྱེད་རང་དེ་ལྟར་གྱིས་ལ་རེམ་ཞིག །ངེད་ ནི་རྨི་ལམ་སྣང་བའི་ཆོས་ལ་གཅིག་མི་སྤོང་། གཅིག་མི་ལེན། སྤོང་ལེན་དང་རྩོལ་ སྒྲུབ་བྱེད་ན་རྣལ་འབྱོར་པ་དང་འགལ་ཏེ། རང་བཞིན་རྫོགས་པ་ཆེན་པོའི་རྣལ་ འབྱོར་པ་ནི། འབྲས་བུ་ལ་རེ་བ་མ་ཡིན་ལ། རྩོལ་སྒྲུབ་རྒྱུ་འབྲས་ལ་རེ་བ་འདིའི་ སྣོད་མ་ཡིན་པས། ཐེག་དམན་བྱིས་པ་དྲང་བའི་ཆོས་ལ་སྦྱར་བར་གསུངས་ཏེ། ཀུན་བྱེད་ལས། དེ་ལྟར་མ་རིག་རྩོལ་སྒྲུབ་བྱས་གྱུར་ན། །རྒྱུ་འབྲས་འདས་པའི་ དོན་དང་འགལ་གྱུར་ནས། །བྱར་མེད་བདེ་ཆེན་དེ་དང་མི་འཕྲད་དེ། །རྩོལ་སྒྲུབ་

[p. 215] ༈ ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། ནད་ཀྱི་མ་རིག་དེས་ཟིན་འགྱུར། །དེ་བས་རྒྱུ་འབྲས་འདས་པའི་རྫོགས་ཆེན་ལ། ། སྐལ་མེད་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས། །རྒྱུ་དང་འབྲས་བུའི་ཆོས་སུ་དཔྱད་ པར་བྱ། །ཞེས་པས་ཁོ་བོ་ཅག་གིས་ལུང་ལས་འབྱུང་བས། ཁོ་བོ་ཅག་གི་ནི་ལུང་ དང་འགལ་བར་མི་བྱེད་དོ། །ཡང་སྐལ་ཆུང་པོ་དེ་ན་རེ། ཐམས་ཅད་རིག་པར་ མཉམ་པས་ཆེད་དུ་བྱར་མེད་པ་དང་བདེན་ན་བྱས་པས་འགྲུབ་ལ་མ་བྱས་ན་མི་ འགྲུབ་པའི་ཕྱིར་བྱེད་དགོས་སོ་ཞེས་ཟེར་ན། སྨྲས་པ། མ་གྲུབ་ན་བསྒྲུབས་ཀྱང་མི་ འགྲུབ། གྲུབ་ན་བསྒྲུབ་མི་དགོས། རྩོལ་སྒྲུབ་ཀུན་རྫོབ་པས་སེམས་ཉིད་དོན་དམ་ ལ་ཅིར་ཡང་བྱར་མེད་པ་དང་། སེམས་ཉིད་ལ་ཆོས་སྐུ་གྲུབ་ཟིན་ལ། དེ་ཡང་ བཞག་ན་མངོན་ལ། བྱས་ན་མི་འགྲུབ་པ་ཆུ་དྭངས་པའི་གཟུགས་བརྙན་རྙོག་ན་མི་ མངོན་པ་ལྟ་བུ་སྟེ། རྒྱུད་དེ་ཉིད་ལས། སངས་རྒྱས་བསྒྲུབས་པས་འགྲུབ་པ་མ་ཡིན་ ཏེ༑ ༑མ་བཙལ་རང་བཞིན་གནས་པས་ལྷུན་གྱིས་གྲུབ། །མ་བཙལ་རང་བཞིན་ གནས་ལ་མི་རྟོག་ཞོག །ཅེས་སོ། །དེའི་ཕྱིར་རྩོལ་སྒྲུབ་བྱང་ཆུབ་ཀྱི་གེགས་ཡིན་ཏེ། འཇོག་དགོས་པ་གཟེངས ༧པ་ལྟར། སེམས་ཉིད་བྱར་མེད་ལ་བྱ་བཙལ་བྱས་པས་ རྒྱུ་འབྲས་དང་གཞི་ལམ་འགལ་ནས་མི་འགྲུབ་པའི་སྐྱོན་དུ་ཆེ་སྟེ། ཀུན་བྱེད་ལས། བྱས་ཟིན་རྩོལ་སྒྲུབ་འདས་པ་མ་རིག་ནས། །རྩོལ་སྒྲུབ་བྱ་བྱེད་བསྒོམས་ནས་གྲུབ་ ལྟ་ན། །བྱང་ཆུབ་གེགས་སུ་དེ་ལས་ཆེ་བ་མེད། །ཅེས་སོ། །དེ་ལྟར་ཡིན་མོད་ཀྱི་ད་ དུང་དེའི་སར་མ་སླེབ་པས་བྱེད་དགོས་སོ་ཞེ་ན། ལན་ནི། ཀྱེ་སྐལ་མེད་གཅིག་ནས་ གཅིག་ཏུ་འགྲོར་ཡོད་པ་མ་ཡིན། འགྲོར་མེད་པས་སླེབ་ཏུ་ཡོད་པ་མ་ཡིན། རང་ ཡིན་ནས་རང་འཚོལ་བ་ལ་འགྲོ་བ་དང་འདྲ་བ་ཁྱོད་ནི་མཚར་ཆེ་བ་ཞིག་སྟེ། ཁོ་བོ་ ཅག་གི་ལུང་ལས་ཁྱོད་ལྟ་བུ་ཕྱི་རོལ་ཏུ་གྱུར་པས། ཤིན་ཏུ་སྨད་པའི་གནས་སུ་

[p. 216] ༈ ལེའུ་དགུ་པ་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་དུ་ལ་བཟླ་བར་བསྟན་པ། བསྟན་པ་ནི། རྒྱུད་དེ་ཉིད་ལས། བདེ་བ་འདོད་པས་བདེ་ལ་རྒྱབ་ཀྱིས་ཕྱོགས། ། བདེ་བས་ཟིན་ཏེ་བདེ་བས་བདེ་བ་འཚོལ། །བྱང་ཆུབ་འཁྲུལ་པ་ཡེ་རྔམས་ཆོས་ལ་ ཟ༧། །འདི་ལྟའི་ཡུལ་ཅན་སངས་རྒྱས་མཐོང་བ་མིན། །ཞེས་སོ། །ཕྱི་རབས་ཀྱང་ འདི་ལྟ་བུའི་རིགས་ལ་གསང་བར་གདམས་པ། ཡང་རྒྱུད་དེ་ཉིད་ལས། དེ་ལ་ང་ཡི་ རང་བཞིན་མ་མཐོང་ན། །ཀུན་བྱེད་ང་ཡི་ཐེག་པ་བསྟན་མི་བྱ། །རྫོགས་པ་ཆེན་ པོའི་དོན་དང་སྐལ་མེད་པས། །རྒྱུ་འབྲས་ཐེག་པ་དྲང་བའི་ལམ་ལ་གཟུད། །ང་ནི་ ཡེ་ནས་སྤྱོད་ཡུལ་འདས་པ་འདི༧། །རྒྱུ་འབྲས་དགའ་བའི་སྐལ་པ་མེད་རྣམས་ལ། ། བསྟན་ན་སྒྲོ་དང་སྐུར་པ་འོང་བའི་ཕྱིར། །བསྟན་ན་རང་གི་སེམས་ལ་སྐུར་བཏབ་ པས། །དྲུག་ཏུ་སྐྱེ་ཞིང་གཏན་དུ་འཁོར་བར་གནས། །ཞེས་སོ། །དེ་ལྟར་ཆོས་ཀྱི་བྱ་ བྱེད་བཀག་ནས། ཐ་མལ་རང་བབས་ཀྱི་ངང་ལ་སྤྱོད་ཀྱང་། ཆོས་ལ་རྩོལ་སྒྲུབ་ བྱས་པ་རྣམས་དང་། རིག་པའི་ངོ་བོ་ལ་གཤིས་ཐོག་ནས་ཁྱད་མེད་པར་མ་ཟད། བྱ་ བྱེད་ཐ་མལ་དང་། ཁོ་བོའི་ཆོས་བྱས་པ་གཉིས་མཚུངས་པར་ཡོད་དེ། རྣལ་འབྱོར་ པའི་སྤྱོད་ལམ་ཐམས་ཅད་ཆོས་སུ་ཤར་ཟིན་པས། ཆོས་ཉིད་ཀྱི་རོལ་པར་ལྷུན་ གྱིས་གྲུབ་སྟེ། མུ་ཏིག་ཕྲེང་བ་ལས། ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །བཟའ་ དང་བཏུང་བ་བསྙེན་པ་ལ། །

[edit]
OCR of the BDRC scans (I3CN14273), gorn05 tibocr 2026: BDRC OCR on 317 pages, Mitra OCR on 187 pages (the model with more recognisable syllables on each page).

[p. 251] སྟོང་རིག་གསལ་བའི་ སྤྱོད་པ་ཡིན། །བཟང་དང་ངན་པའི་རྟོག་པ་རྣམས། །བསྒོམ་པ་ཆུ་བོའི་ཀློང་ཆེན་ཡིན། །ལོག་ལྟ་ཡང་དག་འདོད་པ་རྣམས། །རྣལ་འབྱོར་རིས་མེད་ལྟ་བ་ཡིན། །དེ་དང་དོགས་པར་འཛིན་པ་ཀུན། །ཟང་མ་ཐལ་ བྱུང་འབྲས་བུ་ཡིན། །ཞེས་པ་ཐོག་ཏུ་བབས་པའི་དུས་སོ། །རྟོགས་པ་དེ་དག་གི་རང་བཞིན་གསལ་བར་བཤད་པ་ནི། གནམ་ས་འདྲེ་ལྡོག་སྣང་བ་ཅི་ཤར་ཡང་། །ཕྱལ་བ་ལྷུག་པ་གཞི་མེད་ཟང་ཀ་མ། ། གཏད་མེད་ཟ་ཟིབ་བན་བུན་ཕྱལ་མོ་ཕྱོལ། །རེ་དོགས་གཉིས་མེད་སྐྱོན་པའི་ངང་ཚུལ་ཅན། །ལྟ་སྒོམ་རིས་མེད་ཆེད་འཛིན་འདོད་བློ་ཞིག །ཞི་འདོད་འཁྲིས་མེད་འདི་ཞེས་རྩོལ་སྒྲུབ་མེད། །དེ་ཅིའི་ཕྱིར་ཞེ་ ན། དགོངས་པ་ཆོས་ཉིད་ལས་མ་གཡོས་པས་ཆོས་ཟད་མིང་མེད་དུ་གྲོལ་བའི་ཕྱིར། ཅིར་སྣང་རང་བྱུང་ཡེ་ཤེས་ཀྱི་རོལ་པར་མཐོང་བ་མེ་ལོང་དུ་བཞིན་གྱི་གཟུགས་བརྙན་ཤར་བ་ལྟར་རྟོགས་པས། ཕྱི་

[p. 252] ཡུལ་དུ་མཐོང་བ་རིག་པའི་རོལ་པ་དེ་སྐྱེ་བ་མེད་པའི་སྟོང་གཟུགས་ཙམ་ལས། ཆོས་ཉིད་ནམ་མཁའ་ལྟར་དག་པས་རང་གི་རིག་པའི་ཆོས་ཉིད་དང་གཉིས་སུ་མེད་པར་མཐོང་སྟེ། ཅི་སྣང་ཡང་སྟོང་གཟུགས་ རིག་པའི་རོལ་བ། ཅི་འགྱུས་ཀྱང་ཡེ་སངས་རྗེས་མེད། དུས་གསུམ་གྱི་ཆོས་ཉིད་དུ་མཉམ་པས་བྱར་མེད་བློ་འདས་ཆེན་པོར་གྲོལ་བའི་ཕྱིར་ན། བླང་དོར་གྱི་ཆོས་ཟད་པའི་དུས་ཞེས་བྱ་སྟེ། ཐལ་འགྱུར་་་ ལས། དགོངས་པ་གཅིག་ལས་གཡོས་པ་མེད། །སྣང་བ་སྣང་བའི་ཐོག་གསལ་བས། །བཞིན་དང་མེ་ལོང་ལྟ་བུ་ལས། །གྲོལ་བ་དེ་དང་དེ་ཉིད་གྲོལ། །ཤེས་པ་འགྱུ་བ་སྟོང་ཡལ་བས། །མཐོང་ཤེས་རིག་་་ པ་ཐ་དད་མིན། །དེ་ཉིད་རང་གི་ཐོག་ཏུ་གྲོལ། །གཅིག་ཤེས་པས་ནི་ཀུན་གྲོལ་ཕྱིར། །གཉིས་དང་གསུམ་གྱི་གྲངས་མཐའ་ཟད། །རྟོག་ཅིང་འཛིན་པའི་ཡུལ་མི་སྣང་། །འགྱུ་དང་འཛིན་པ་ཡེ་ནས་སྟོང་། ། སྟོང་པའི་དགོངས་པ་གསལ་རྫོགས་པས། །དུ་མའི་གྲངས་མཐའ་ཟད་པའོ། །ཞེས་སོ། །རྟོགས་པ་ཁོང་ནས་ཤར་བའི་རྣལ་འབྱོར་པ་གང་ཤར་འདེམ་ཀ་མེད་པར་ཆོས་ཉིད་དུ་གྲོལ་བར་བསྟན་པ་ནི། གང་ བྱུང་བྱུང་ལ་གང་སྣང་སྣང་དུ་ཆུག །གང་ཤར་ཤར་ལ་གང་ཡིན་ཡིན་དུ་ཆུག །གང་ཡང་ཡིན་ལ་གང་ཡང་མིན་དུ་ཆུག །འདི་ལ་རིག་པའི་སྟེང་ན་ཁྱད་པར་གང་ཡང་མེད་དེ། རིག་པ་གཅིག་གི་ངང་ནས་་་་

[p. 253] ༄༅། །མཁས་པ་ཡིས། ཤར་བས་གཞི་ལ་འཁོར་བ་ན་མེད་པ་དང་། ཤར་ཚད་དུ་དག་པ་རྩལ་ལས་གཞན་མེད་པས་རྩལ་གྱི་ངོ་བོ་ལ་བཟུང་ངན་མེད་པ་དང་། ཤར་བས་གྲོལ་ཟིན་པའི་ཕྱིར་མ་བཟུང་བ་ རང་ཡལ་དུ་གཅིག་པས་ངོ་བོ་ལ་བཟུང་ངན་མེད་པ་དང་། ཅི་ཤར་ཅིས་ངན་ས་གཞི་ལ་མེད་པའི་སྣང་བ་ཡིན་པས་སྣང་ཟིན་ཏོ། གྲུབ་དོགས་པ་མེད་པས་སྲོག་རྒྱུའི་ཆུ་ལྷང་མེད་པ་གསལ་སྣང་ལ་བློས་ གཟུང་བ་དགོས་པ་མེད་པའི་ཕྱིར། དེ་ལ་འབྱུང་བས་ཡལ་མང་དུ་མེད་པ་གང་ཡང་སྣང་བ་དེ་དག་འདི་ལ་ཁྱད་མེད་དེ། གཞི་མེད་ཆོས་ཟུང་མིང་མེད་དེ་གཅིག་པའི་ཕྱིར། མཐའ་འཁྲོས་པས་ ཞེས་པ་སྐད་དུ་བརྗོད་དེ། རིག་པ་རྙེད་གྲོལ་ལས། སྣང་བ་དེ་སའི་ཆོས་ཀྱིས་སྣང་། །སྣང་བ་མཚན་མའི་ཆོས་ལས་འདས། །འདས་པ་ཉིད་ལ་བརྗོད་དུ་མེད། །ཅེས་སོ། །གཏད་མེད་འོངས་གྲོལ་དུ་ རྟོགས་པའི་རྩལ་འབྱོར་བ་ལ་གནས། སའི་མིང་མིང་མེད་པའི་ཆོས། བྱེ་བ་ལ་སྣང་བ་བསམ་གྱི་སྣང་བར་སྣང་བ། གང་སྐད་ངོས་མེད་རིག་པ་ཐོངས་པ་དང་། ཆོས་དང་ཆོས་མཚུངས་པ། ཞི་འགའ་མེད་པས། གཏད་ མེད་ཟེར་ཀ་སྲིད་མཐའི་གཟུགས་ལས་འདས། བྱེ་འཆག་རྟ་བ་འདུག་རྟེན་ཞི་བྱ་མི་གདམ་པས། སྔ་བ་ནི་རྣམ་ཐར་སྟེང་མཉམ་པར་འཛིན་སྟེང་དག །མཆོད་པའི་ལྷ་མེད་བརྡུང་བའི་འདྲ་ཡང་མེད། །

[p. 254] བསྒོམ་པའི་ཆོས་མེད་ཐ་མལ་རང་གའི་ངང་། །མ་བཅོས་རྒྱལ་པོ་སྙིགས་མེད་ཕྱམ་གཅིག་པས། །ཕྱལ་པ་ལྷག་པ་ཡིན་པ་གཅིག་པུ་ཉིད། །མ་བྱས་ཡེ་ཟིན་རྩེ་ལ་སྒྲུབ་བལ་བས་བདེ། །འདིར་ཆོས་ དང་ལམ་ལ་གནས་པའི་གང་ཟག་རྣམས་ལ་ཐ་མལ་པ་ལས་ལོག་ནས་ཆོས་སྤྱོད་ཀྱི་བྱ་བ་བེལ་དེ་སྣ་ཚོགས་པས་ཉོན་མཚན་འདའ་བ་ཡིན་ན། ཐ་མལ་དུ་གནས་པས་ཅང་འགྲུབ་བམ། དེ་ལྟར་ འཇིག་རྟེན་པ་དང་རྣལ་འབྱོར་པ་གཉིས་ཁྱད་མེད་དོ་སྙམ་པ་ལ་འདི་ལྟར་ཤེས་པར་བྱ་སྟེ། གཅིག་ནི་འཇིག་རྟེན་ཉིད་ལས་ཆོས་ལ་བླ་མ་སྤངས་པས། ཆོས་ཡིད་ལ་མེད་པའི་ཕྱིར་ཆོས་ཀྱི་བྱ་ བྱེད་དང་བྲལ་བ་ཡིན་ལ། གཅིག་ནི་ཆོས་མ་བྱས་ཡེ་ཟིན་དུ་རྟོགས་པས་བློ་བདེ་སྟེ། ཆོས་ཟིན་ནས་ཆོས་བོར་ཆོས་ལས་འདས་པའི་ཕྱིར་ཆོས་ཀྱི་བྱ་བ་མེད་ཅིང་རང་བབས་ཐ་མལ་དུ་སྣང་ བ་ཡིན་ནོ། །ཡང་འདི་ལྟར་འཇིག་རྟེན་པ་ནི་འཇིག་རྟེན་གྱིས་བྲལ་ནས་སེམས་ལས་སུ་གྱུར་པ་ལས་རྣལ་འབྱོར་པ་ལ་དེ་མེད་པས་ཐ་མལ་འཇིག་རྟེན་པ་དང་མཚུངས་པ་མ་ཡིན་པར་ཤེས་ པར་བྱའོ། །གལ་ཏེ་མཚུངས་ན་ཐ་མལ་པ་འཁོར་བ་ལྟར། རྣལ་འབྱོར་པ་ཡང་འཁྲུལ་པ་ཐལ་བ་ལས། སྒོ་གསུམ་བྱ་བ་དང་བྲལ་བས་འཁྲུལ་པའི་ཆོས་མེད་པ་དང་། ཐ་མལ་དུ་སྣང་བ་

[p. 255] ༄༅། །མཆོད་པ་ལ་འཇུག་པ་མེད། ཟང་ཐལ་དུ་སངས་པས་འཆིང་བར་མེད་དེ། ལས་དང་རྣམ་སྨིན་ལས་གྲོལ་བ་ནི། དཔེར་ན་གྲེས་མའི་ཐག་པ་མེར་ཚིག་པ་དེ་ཐག་པར་སྣང་ཡང་འཆིང་བའི་དོན་ ཁྱོད་མི་ནུས་པ་དེ་མེས་ཚིག་པ་ལས་བྱུང་བ་ལྟར། རྣལ་འབྱོར་པའི་སེམས་ལ་ཟང་ཐལ་བས་ཤེས་པ་བདག་སྒྲུབ་ཏུ་སྐྱེ་བར་སྣང་བ་དང་། མ་གོས་དང་ནོར་འཛིན་པ་ལྟར་སྣང་ཡང་གཞི་མེད་ པའི་ལམ་ལྟར་རྟོགས་ནས་མ་ཞེན་པའི་ཕྱིར་འཆིང་མི་ནུས་པ་ཡིན་ལ། འཇིག་རྟེན་པ་ལྟ་དེ་མེད་པས་ཞེན་པ་མཚོན་པས་སེམས་བཅིངས་ཏེ་ཐག་པ་མེད་པ་མིག་པ་ལྟར་ནང་སེམས་དང་ཕྱི་ སྣང་བ་ལ་དགག་སྒྲུབ་རང་གར་ཡོད་པས་འཆིང་བའོ། །དེའི་ཕྱིར་རྣལ་འབྱོར་ཕྱེད་དང་ཕྱག་གི་ཞལ་སྔ་ནས། གཞལ་ཞེན་པ་ལ་དོན་དེ་ཡང་བྲོད་པ་ལྟར་རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། དེ་ ལས་གཞན་ཞིག་ལུས་ཀྱང་ཤེས་མི་འགྱུར། ཞེས་པ་དང་། ཡང་རྗེས་སུ་གང་མི་ཤེས་སོ། །སྒྲུབ་པའི་ཆོས་ཅི་ཡིན་པ་སྟེ་འཛུམ། ཞེན་པ་ཆོད་ཅིག་ནའོ་པ། ཞེས་གསུངས་པ་ལྟ་བུའོ། །ཐ་མལ་ པ་ལ་ལོག་རྟོག་སྤང་བ་ནི། བསོད་ནམས་དང་སྐལ་བ་ཆུང་ཞིང་རྟོགས་པ་དང་ཆོས་ཆེན་པོ་ལ་བློ་ཁ་ལ་ཕྱོགས་ལ་དག་ནས། གནས་ལུགས་རྟོགས་པའི་ངང་ནས་བྱ་བྱའི་ཆོས་སྤྱོད་བྱས་

[p. 256] པས་ཆོག་མོད། དེའི་འབྲས་བུ་བདེ་བ་ཐོབ་པ་དེ་མི་འདོད་དམ་ཟེར་རོ། །ལན་བཤད་པ། ཆོས་ཐམས་ཅད་རིག་ངོར་མཉམ་ཤར་ལ་བཟང་ངན་དུ་འབྱེད་པ་ཁྱེད་རང་དེ་ལྟར་གྱིས་ལ་རེམ་ཅིག །ངེད་ནི་རྨི་ ལམ་སྣང་བའི་ཆོས་ལ་གཅིག་མི་སྤོང་། །གཅིག་མི་ལེན། སྤོང་ལེན་དང་རྩོལ་སྒྲུབ་བྱེད་ན་རྣལ་འབྱོར་པ་དང་འགལ་ཏེ། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ནི། འབྲས་བུ་ལ་རེ་བ་མ་་་་་ ཡིན་ལ། རྩོལ་སྒྲུབ་རྒྱུ་འབྲས་ལ་རེ་བ་འདིའི་སྣོད་མ་ཡིན་པས། ཐེག་དམན་བྱིས་པ་དྲང་བའི་ཆོས་ལ་སྦྱར་བར་གསུངས་ཏེ། ཀུན་བྱེད་ལས། དེ་ལྟར་མ་རིག་རྩོལ་སྒྲུབ་བྱར་གྱུར་ན། །རྒྱུ་འབྲས་འདས་ པའི་དོན་དང་འགལ་གྱུར་ནས། །བྱར་མེད་བདེ་ཆེན་དེ་དང་མི་འཕྲད་དེ། །རྩོལ་སྒྲུབ་ནང་ཀྱི་མ་རིག་དེས་ཟིན་འགྱུར། །དེ་བས་རྒྱུ་འབྲས་འདས་པའི་རྫོགས་ཆེན་ལ། སྐལ་མེད་རྣམས་ཀྱི་སྤྱོད་ཡུལ་མ་་་་་ ཡིན་པས། །རྒྱུ་དང་འབྲས་བུའི་ཆོས་སུ་དཔྱད་པར་བྱ། །ཞེས་པས་ཁོ་བོ་ཅག་གི་ལུང་ལས་འབྱུང་བས། །ཁོ་བོ་ཅག་གི་ནི་ལུང་དང་འགལ་པར་མི་བྱེད་དོ། །ཡང་སྐལ་ཆུང་པོ་དེ་ན་རེ། ཐམས་ཅད་ རིག་པར་མཉམ་པས་ཆེད་དུ་བྱར་མེད་པ་དང་བདེན་ན་བྱས་པས་འགྲུབ་ལ་མ་བྱས་ན་མི་འགྲུབ་པའི་ཕྱིར་བྱེད་དགོས་སོ་ཞེས་ཟེར་ན། སྨྲས་པ། མ་གྲུབ་ན་བསྒྲུབས་ཀྱང་མི་འགྲུབ། གྲུབ་ན་བསྒྲུབ་མི་དགོས། རྩོལ་་་

[p. 257] ༄༅། །སྒྲུབ་ཀུན་རྫོབ་པས་སེམས་ཉིད་དོན་དམ་ལ་ཅིར་ཡང་བྱར་མེད་པ་དང་། སེམས་ཉིད་ལ་ཆོས་སྐུ་གྲུབ་ཟིན་ལ། དེ་ཡང་བཞག་ན་མངོན་ལ། བྱས་ན་མི་འགྲུབ་བ་ཆུ་དངས་ པའི་གཟུགས་བརྙན་རྙོག་ན་མི་མངོན་པ་ལྟ་བུ་སྟེ། རྒྱུད་དེ་ཉིད་ལས། སངས་རྒྱས་བསྒྲུབས་པས་འགྲུབ་པ་མ་ཡིན་ཏེ། །མ་བཙལ་རང་བཞིན་གནས་པས་ལྷུན་གྱིས་གྲུབ། །མ་བཙལ་རང་་་་ བཞིན་གནས་ལ་མི་རྟོག་ཞོག །ཅེས་སོ། །དེའི་ཕྱིར་རྩོལ་སྒྲུབ་བྱང་ཆུབ་ཀྱི་གེགས་ཡིན་ཏེ། འཇོག་དགོས་པ་གཟིངས་པ་ལྟར་། སེམས་ཉིད་བྱར་མེད་ལ་བྱ་བཙལ་བྱས་པས་རྒྱུ་འབྲས་དང་གཞི་ལམ་ འགལ་ནས་མི་འགྲུབ་པའི་སྐྱོན་དུ་ཆེ་སྟེ། ཀུན་བྱེད་ལས། བྱས་ཟིན་རྩོལ་སྒྲུབ་འདས་པ་མ་རིག་ནས། །རྩོལ་སྒྲུབ་བྱ་བྱེད་བསྒོམས་ནས་གྲུབ་ལྟ་ན། །བྱང་ཆུབ་གེགས་སུ་དེ་ལས་ཆེ་བ་མེད། ། ཅེས་སོ། །དེ་ལྟར་ཡིན་མོད་ཀྱི་ད་དུང་དེའི་སར་མ་སླེབ་པས་བྱེད་དགོས་སོ་ཞེ་ན། ལན་ནི། ཀྱེ་སྐལ་མོང་གཅིག་ནས་གཅིག་ཏུ་འགྲོར་ཡོད་པ་མ་ཡིན། འགྲོར་མེད་པས་སླེབ་ཏུ་ཡོད་པ་མ་ཡིན། རང་ཡིན་ནས་རང་འཚོལ་བ་ལ་འགྲོ་བ་དང་འདྲ་བ་ཁྱོད་ནི་མཚར་ཆེ་བ་ཞིག་སྟེ། ཁོ་བོ་ཅག་གི་ལུང་ལས་ཁྱོད་ལྟ་བུ་ཕྱི་རོལ་དུ་གྱུར་པས། ཤིན་ཏུ་སྨད་པའི་གནས་སུ་བསྟན་པ་ནི། རྒྱུད་དེ་ཉིད་ལས།

[p. 258] བདེ་བ་འདོད་པས་བདེ་བ་རྒྱབ་ཀྱིས་ཕྱོགས། །བདེ་བས་ཟིན་ཏེ་བདེ་བས་བདེ་བ་འཚོལ། །བྱང་ཆུབ་འཁྲུལ་པ་ཡེ་རྔམས་ཆོས་ལ་ཟ། །འདི་ལྟའི་ཡུལ་ཅན་སངས་རྒྱས་མཐོང་བ་མིན། །ཞེས་སོ། །ཕྱི་་་་་་ རབས་ཀྱང་འདི་ལྟ་བུའི་རིགས་ལ་གསང་བར་གདམས་པ། ཡང་རྒྱུད་དེ་ཉིད་ལས། དེ་ལ་ང་ཡི་རང་བཞིན་མ་མཐོང་ན། །ཀུན་བྱེད་ང་ཡི་ཐེག་པ་བསྟན་མི་བྱ། །རྫོགས་པ་ཆེན་པོའི་དོན་དང་སྐལ་མེད་པས།། རྒྱུ་འབྲས་ཐེག་པ་དྲང་བའི་ལུང་ལ་གཟུང། །ང་ནི་ཡེ་ནས་སྤྱོད་ཡུལ་འདས་པ་འདི། །རྒྱུ་འབྲས་དགའ་བའི་སྐལ་པ་མེད་རྣམས་ལ། །བསྟན་ན་སྒྲོ་དང་སྐུར་པ་འོང་བའི་ཕྱིར། །བསྟན་ན་རང་གི་སེམས ལ་སྐུར་བཏབ་བས། །དྲུག་ཏུ་སྐྱེ་ཞིང་གཏན་དུ་འཁོར་བར་གནས། །ཞེས་སོ། །དེ་ལྟར་ཆོས་ཀྱི་བྱེ་བྱེད་བཀག་ནས། ཐ་མལ་རང་བབས་ཀྱི་ངང་ལ་སྤྱོད་ཀྱང་། ཆོས་ལ་རྩོལ་སྒྲུབ་བྱས་པ་རྣམས་དང་། རིག་པའི་ངོ་བོ་ལ་གཤིས་ཐེག་ནས་ཁྱད་མེད་པར་མ་ཟད། བྱ་བྱེད་ཐ་མལ་དང་། ཁོ་བོའི་ཆོས་བྱས་པ་གཉིས་མཚུངས་པར་ཡོད་དེ། རྣལ་འབྱོར་པའི་སྤྱོད་ལམ་ཐམས་ཅད་ཆོས་སུ་ཤར་ཟིན་པས། ཆོས་ཉིད་ཀྱི་རོལ་པར་ལྷུན་གྱིས་གྲུབ་སྟེ། མུ་ཏིག་ཕྲེང་བ་ལས། ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །གཟའ་དང་བཏུང་བ་བསྙེན་པ་ལ། །

[edit]
OCR of the BDRC scans (I1CZ2729), gorn05 tibocr 2026: BDRC OCR on 290 pages, Mitra OCR on 133 pages (the model with more recognisable syllables on each page).

[p. 192] སྟོང་རིག་གསལ་བའི་སྤྱོད་པ་ཡིན། །བཟང་དང་ངན་པའི་རྟོག་པ་རྣམས། །བསྒོམ་བ་ཆུ་བོའི་ཀློང་ཆེན་ཡིན། །ལོག་ལྟ་ཡང་དག་འདོད་པ་རྣམས།།

[p. 193] རྣལ་འབྱོར་རིས་མེད་ལྟ་བ་ཡིན། །རེ་དང་དོགས་པར་འཛིན་པ་ཀུན། །ཟང་མ་ཐལ་བྱུང་འབྲས་བུ་ཡིན། །ཞེས་པ་ཐོག་ཏུ་བབས་པའི་དུས་སོ། །རྟོགས་པ་དེ་དག་གི་རང་བཞིན་གསལ་བར་བཤད་པ་ནི། །གནམ་ས་འདྲེ་ལྡོག་སྣང་བ་ཅིར་ཤར་ཡང་། །ཕྱལ་བ་ལྷུག་པ་གཞི་མེད་ཟང་ཀ་མ། །གཏད་མེད་ཟ་ཟི་བན་བུན་ཕྱལ་མ་ཕྱོལ། །རེ་དོགས་གཉིས་མེད་སྨྱོན་པའི་ངང་ཚུལ་ཅན། །ལྟ་སྒོམ་རིས་མེད་ཆེད་འཛིན་འདོད་བློ་ཞིག །ཞེ་འདོད་འཁྲིས་མེད་འདི་ཞེས་རྩོལ་སྒྲུབ་མེད། །དེ་ཅིའི་ཕྱིར་ཞེ་ན། དགོངས་པ་ཆོས་ཉིད་ལས་མ་གཡོས་པས་ཆོས་ཟད་མིང་མེད་དུ་གྲོལ་བའི་ཕྱིར། ཅིར་སྣང་རང་བྱུང་ཡེ་ཤེས་ཀྱི་རོལ་པར་མཐོང་བ་མེ་ལོང་དུ་བཞིན་གྱི་གཟུགས་བརྙན་ཤར་བ་ལྟར་རྟོགས་པས། ཕྱི་ཡུལ་དུ་མཐོང་བ་རིག་པའི་རོལ་པ་དེ་སྐྱེ་བ་མེད་པའི་སྟོང་གཟུགས་ཙམ་ལས། ཆོས་ཉིད་ནམ་མཁའ་ལྟར་དག་པས་རང་གི་རིག་པའི་ཆོས་ཉིད་དང་གཉིས་སུ་མེད་པར་མཐོང་སྟེ། ཅི་སྣང་ཡང་སྟོང་གཟུགས་རིག་པའི་རོལ་པ། ཅི་འགྱུས་ཀྱང་ཡེ་སངས་རྗེས་མེད། དུས་གསུམ་གྱི་ཆོས་ཉིད་དུ་མཉམ་པས་བྱར་མེད་བློ་འདས་ཆེན་པོར་གྲོལ་བའི་ཕྱིར་ན། བླང་དོར་གྱི་ཆོས་ཟད་པའི་དུས་ཞེས་བྱ་སྟེ། ཐལ་འགྱུར་ལས། དགོངས་པ་གཅིག་ལས་གཡོས་པ་མེད། །སྣང་བ་སྣང་བའི་ཐོག་གསལ་བས། །བཞིན་དང་མེ་ལོང་ལྟ་བུ་ལས། །གྲོལ་བ་དེ་དང་དེ་ཉིད་གྲོལ། །དེ་ལ་རང་བྱུང་སྟོང་ཡུལ་བས། །མཐོང་ཞེས་རིག་པ་ཐ་དད་མིན། །དེ་

[p. 194] ཉིད་རང་གི་ཐོག་ཏུ་གྲོལ། །གཅིག་ཤེས་པས་ནི་ཀུན་གྲོལ་ཕྱིར། །གཉིས་དང་གསུམ་གྱི་གྲངས་མཐའ་ཟད། །རྟོག་ཅིང་འཛིན་པའི་ཡུལ་མི་སྣང་། །འགྱུ་དང་འཛིན་པ་ཡེ་ནས་སྟོང་། །སྟོང་པའི་དགོངས་པ་གསལ་ རྫོགས་པས། །དུ་མའི་གྲངས་མཐའ་ཟད་པའོ། །ཞེས་སོ། །རྟོགས་པ་ཁོང་ནས་ཤར་བའི་རྣལ་འབྱོར་པ་གང་ཤར་འདེམ་ཀ་མེད་པར་ཆོས་ཉིད་དུ་གྲོལ་བར་བསྟན་པ་ནི། གང་བྱུང་བྱུང་ལ་གང་སྣང་སྣང་དུ་ཆུག །གང་ ཤར་ཤར་ལ་གང་ཡིན་ཡིན་དུ་ཆུག །གང་ཡང་ཡིན་ལ་གང་ཡང་མིན་དུ་ཆུག །འདི་ལ་རིག་པའི་སྟེང་ན་ཁྱད་པར་གང་ཡང་མེད་དེ། རིག་པ་གཅིག་གི་ངང་ནས་ཤར་བས་གཞི་ལ་བཟང་ངན་མེད་པ་དང་། ཤར་ཚད་རིག་པའི་ རྩལ་ལས་གཞན་མེད་པས་རྩལ་གྱི་ངོ་བོ་ལ་བཟང་ངན་མེད་པ་དང། ཤར་བས་གྲོལ་ཟིན་པའི་ཕྱིར་མ་བཟུང་ན་རང་ཡལ་དུ་གོ་གཅིག་པས་ངོ་བོ་ལ་བཟང་ངན་མེད་བ་དང་། ཅི་ཤར་ཅི་སྣང་ནས་གཞི་ལ་མེད་པའི་སྣང་བ་ཡིན་པས་ སྟོང་ཟིན་ཏེ། གྲུབ་དོགས་པ་མེད་པས་སྨིག་རྒྱུའི་ཆུ་ལྟར་མེད་པ་གསལ་སྣང་ལ་བློས་གཟུང་བ་དགོས་པ་མེད་པའི་ཕྱིར། རྣལ་འབྱོར་པ་ལ་ཡུལ་སྣང་དང་བློ་རྟོག་གང་ཡང་སྤང་བླང་གི་འདེམ་ཀ་བྱར་མེད་དེ། གཞི་མེད་ཆོས་ ཟད་མིང་མེད་དུ་གོ་གཅིག་པའི་ཕྱིར། མཐའ་ལས་འདས་པ་ཞེས་ཐ་སྙད་དུ་བརྗོད་དེ། རིག་པ་རང་གྲོལ་ལས། སྣང་བ་དངོས་པོའི་ཆོས་ཀྱིས་སྟོང་། །སྟོང་པ་མཚན་མའི་ཆོས་ལས་འདས། །འདས་པ་ཉིད་ལ་བརྗོད་དུ་མེད། །

[p. 195] ༄༅། །ཅེས་སོ། །གཏད་མེད་ཡོངས་གྲོལ་དུ་རྟོགས་པའི་རྣལ་འབྱོར་པ་ལ་ཀུན་སྤྱོད་ངེས་པ་མེད་ཅིང་། ཐ་མལ་རང་བབས་ཀྱི་སྣང་བར་སྤྱོད་པ་ནི། ཀུན་སྤྱོད་ངེས་མེད་རིག་པ་ཐོང་རྒལ་དང་། །ཆོས་དང་ཆོས་མིན་ རྩིས་གཞི་འགའ་མེད་པས། །གཏད་མེད་ཟང་ཀ་གྲུབ་མཐའི་གཟེབ་ལས་འདས། །ཟ་འཆག་ཉལ་འཇུག་ཉིན་ཞག་ཕྱམ་གདལ་བས། །རང་བཞིན་ཆོས་ཉིད་མཉམ་པའི་ངང་ཉིད་དོ། །མཆོད་པའི་ལྷ་མེད་བརྡུང་བའི་འདྲེ་ཡང་ མེད༑ །བསྒོམ་པའི་ཆོས་མེད་ཐ་མལ་རང་གའི་ངང་། །མ་བཅོས་རྒྱལ་པོ་སྙེམས་མེད་ཕྱམ་གཅིག་པས། །ཕྱལ་བ་ལྷུག་པ་ཡན་པ་གཅིག་པུ་ཉིད། །མ་བྱས་ཡེ་ཟིན་རྩོལ་སྒྲུབ་བྲལ་པས་བདེ། །འདིར་ཆོས་དང་ལམ་ལ་གནས་ པའི་གང་ཟག་རྣམས་ལ་ཐ་མལ་པ་ལས་ལོག་ནས་ཆོས་སྤྱོད་ཀྱི་བྱ་བ་བྲེལ་དོ་སྣ་ཚོགས་པས་ཉིན་མཚན་འདའ་བ་ཡིན་ན། ཐ་མལ་དུ་གནས་པས་ཅང་འགྲུབ་བམ། དེ་ལྟར་འཇིག་རྟེན་པ་དང་རྣལ་འབྱོར་པ་གཉིས་ཁྱད་མེད་དོ་སྙམ་པ་ ལ་འདི་ལྟར་ཤེས་པར་བྱ་སྟེ། གཅིག་ནི་འཇིག་རྟེན་ཉིད་ལས་ཆོས་ལ་བློ་མ་སྦྱངས་པས། ཆོས་ཡིད་ལ་མེད་པའི་ཕྱིར་ཆོས་ཀྱི་བྱ་བྱེད་དང་བྲལ་བ་ཡིན་ལ། གཅིག་ནི་ཆོས་མ་བྱས་ཡེ་ཟིན་དུ་རྟོགས་པས་བློ་བདེ་སྟེ། ཆོས་ཟིན་ནས་ ཆོས་བོར་ཆོས་ལས་འདས་པའི་ཕྱིར་ཆོས་ཀྱི་བྱ་བ་མེད་ཅིང་རང་བབས་ཐ་མལ་དུ་སྣང་བ་ཡིན་ནོ། །ཡང་འདི་ལྟར་འཇིག་རྟེན་པ་ནི་འཇིག་རྟེན་གྱིས་བྲེལ་ནས་སེམས་ལས་སུ་གྱུར་པ་ལས་རྣལ་འབྱོར་པ་ལ་དེ་མེད་པས་ཐ་མལ་འཇིག་རྟེན་པ་

[p. 196] དང་མཚུངས་པ་མ་ཡིན་པར་ཤེས་པར་བྱའོ། །གལ་ཏེ་མཚུངས་ན་ཐ་མལ་པ་འཁོར་བ་ལྟར། རྣལ་འབྱོར་པ་ཡང་འཁྲུལ་པར་ཐལ་བ་ལས། སྒོ་གསུམ་བྱ་བ་དང་བྲལ་བས་འཁྲུལ་པའི་ཆོས་མེད་པ་དང་། ཐ་མལ་དུ་སྣང་བ་ཟང་ཐལ་ལ་ དུ་སངས་པས་འཆིང་བ་མེད་དེ། ལས་དང་རྣམ་སྨིན་ལས་གྲོལ་བ་ནི། དཔེར་ན་གྲེས་མའི་ཐག་པ་མེར་ཚིག་པ་དེ་ཐག་པར་སྣང་ཡང་འཆིང་བའི་དོན་བྱེད་མི་ནུས་པ་དེ་མེས་ཚིག་པ་ལས་བྱུང་བ་ལྟར། རྣལ་འབྱོར་པའི་སེམས་ལ་ཟང་ ཐལ་བས་ཤེས་པ་དགག་སྒྲུབ་ཏུ་སྐྱེ་བར་སྣང་བ་དང་། ཟས་གོས་དང་ནོར་འཛིན་པ་ལྟར་སྣང་ཡང་གཞི་མེད་རྨི་ལམ་ལྟར་རྟོགས་ནས་མ་ཞེན་པའི་ཕྱིར་འཆིང་མི་ནུས་པ་ཡིན་ལ། འཇིག་རྟེན་པ་ལ་དེ་མེད་པས་ཞེན་པ་རང་མཚན་པས་སེམས་ བཅིངས་ཏེ་ཐག་པ་མེར་མ་ཚིག་པ་ལྟར་ནང་སེམས་དང་ཕྱི་སྣང་བ་ལ་དགག་སྒྲུབ་རང་གར་ཡོད་པས་འཆིང་བའོ། །དེའི་ཕྱིར་རྣལ་འབྱོར་གྱི་དབང་ཕྱུག་གི་ཞལ་སྔ་ནས། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང་། །རྟོགས་པར་གྱུར་ན་ཐམས་ ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་ཤེས་མི་འགྱུར། །ཞེས་པ་དང་། ཡང་རྗེས་སུ་གདམས་པ། སྣང་བས་མི་འཆིང་ཞེན་པས་འཆིང་། །ཞེན་པ་ཆོད་ཅིག་ནཱ་རོ་པ། །ཞེས་གསུངས་པ་ལྟ་བུའོ། །ཐ་མལ་པ་ལ་ལོག་རྟོག་ སྤང་བ་ནི། བསོད་ནམས་དང་སྐལ་པ་ཆུང་ཞིང་རྟོགས་པ་དང་ཆོས་ཆེན་པོ་ལ་བློ་ཁ་མ་ཕྱོགས་པ་དག་ན་རེ། གནས་ལུགས་རྟོགས་པའི་ངང་ནས་བྱ་བྱའི་ཆོས་སྤྱོད་བྱས་པས་ཆོག་མོད། དེའི་འབྲས་བུ་བདེ་བ་ཐོབ་པ་དེ་མི་འདོད་དམ་ཟེར་རོ།།

[p. 197] ༄༅། །ལན་བཤད་པ། ཆོས་ཐམས་ཅད་རིག་ངོར་མཉམ་ཤར་ལ་བཟང་ངན་དུ་འབྱེད་པ། ཁྱེད་རང་དེ་ལྟར་གྱིས་ལ་རེ་མ་ཅིག །དེ་ད་ནི་རྨི་ལམ་སྣང་པའི་ཆོས་ལ་གཅིག་མི་སྤོང་། གཅིག་མི་ལེན། སྤོང་ལེན་དང་རྩོལ་སྒྲུབ་ བྱེད་ན་རྣལ་འབྱོར་པ་དང་འགལ་ཏེ། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ནི། འབྲས་བུ་ལ་རེ་བ་མ་ཡིན་ལ། རྩོལ་སྒྲུབ་ཆུ་འབྲས་ལ་རེ་བ་འདིའི་སྣོད་མ་ཡིན་པས། ཐེག་དམན་བྱིས་པ་གྲོང་པའི་ཆོས་ལ་སྦྱར་པར་གསུངས་ཏེ། ཀུན་བྱེད་ལས། དེ་ལྟར་མ་རིག་རྩོལ་སྒྲུབ་བྱས་གྱུར་ན། །རྒྱུ་འབྲས་འདས་པའི་དོན་དང་འགལ་གྱུར་ནས། །བྱར་མེད་བདེ་ཆེན་དེ་དང་མི་འཕྲད་དེ། །རྩོལ་སྒྲུབ་ནད་ཀྱི་མ་རིག་དེས་ཟིན་འགྱུར། །དེ་བས་རྒྱུ་འབྲས་འདས་པའི་རྫོགས་ ཆེན་ལ། །སྐལ་མེད་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས། །རྒྱུ་དང་འབྲས་བུའི་ཆོས་སུ་དཔྱད་པར་བྱ། །ཞེས་པས་ཁོ་བོ་ཅག་གིས་ལུང་ལས་འབྱུང་བས། ཁོ་བོ་ཅག་གི་ནི་ལུང་དང་འགལ་བར་མི་བྱེད་དོ། །ཡང་སྐལ་ཆུང་པོ་དེ་ན་རེ། ཐམས་ཅད་རིག་པར་མཉམ་པས་ཆེད་དུ་བྱར་མེད་པ་དང་བདེན་ན་བྱས་པས་འགྲུབ་ལ་མ་བྱས་ན་མི་འགྲུབ་པའི་ཕྱིར་བྱེད་དགོས་སོ་ཞེས་ཟེར་ན། སྨྲས་པ། མ་གྲུབ་ན་བསྒྲུབས་ཀྱང་མི་འགྲུབ། གྲུབ་ན་བསྒྲུབ་མི་དགོས། རྩོལ་སྒྲུབ་ཀུན་རྫོབ་པས་སེམས་ཉིད་དོན་དམ་ལ་ཅིར་ཡང་བྱར་མེད་པ་དང་། སེམས་ཉིད་ལ་ཆོས་སྐུ་གྲུབ་ཟིན་ལ། དེ་ཡང་བཞག་ན་མངོན་ལ། བྱས་ན་མི་འགྲུབ་པ་ཆུ་དང་ས་པའི་གཟུགས་བརྙན་རྙོག་ན་མི་མངོན་པ་ལྟ་བུ་

[p. 198] སྟེ། རྒྱུད་དེ་ཉིད་ལས། སངས་རྒྱས་བསྒྲུབས་པས་འགྲུབ་པ་མ་ཡིན་ཏེ། །མ་བཙལ་རང་བཞིན་གནས་པས་ལྷུན་གྱིས་གྲུབ། །མ་བཙལ་རང་བཞིན་གནས་ལ་མི་རྟོག་ཞོག །ཅེས་སོ། །དེའི་ཕྱིར་རྩོལ་སྒྲུབ་བྱང་ཆུབ་ཀྱི་ གེགས་ཡིན་ཏེ། འཇོག་དགོས་པ་གཟེངས་པ་ལྟར། སེམས་ཉིད་བྱར་མེད་ལ་བྱ་བཙལ་བྱས་པས་རྒྱུ་འབྲས་དང་གཞི་ལམ་འགལ་ནས་མི་འགྲུབ་པའི་སྐྱོན་དུ་ཆེ་སྟེ། ཀུན་བྱེད་ལས། བྱས་ཟིན་རྩོལ་སྒྲུབ་འདས་པ་མ་རིག་ནས། རྩོལ་སྒྲུབ་བྱ་བྱེད་བསྒོམས་ནས་གྲུབ་ལྟ་ན། །བྱང་ཆུབ་གེགས་སུ་དེ་ལས་ཆེ་བ་མེད། །ཅེས་སོ། །དེ་ལྟར་ཡིན་མོད་ཀྱི་ད་དུང་དེའི་ས་རམ་སླེབ་པས་བྱེད་དགོས་སོ་ཞེ་ན། ལན་ནི། ཀྱེ་སྐལ་མེད་གཅིག་ནས་གཅིག་ཏུ་འགྲོར་ཡོད་ པ་མ་ཡིན། འགྲོར་མེད་པས་སླེབ་ཏུ་ཡོད་པ་མ་ཡིན། རང་ཡིན་ནས་རང་འཚོལ་བ་ལ་འགྲོ་བ་དང་འདྲ་བ་ཁྱོད་ནི་མཚར་ཆེ་བ་ཞིག་སྟེ། ཁོ་བོ་ཅག་གི་ལུང་ལས་ཁྱོད་ལྟ་བུ་ཕྱི་རོལ་དུ་གྱུར་པས། ཤིན་ཏུ་སྨད་པའི་གནས་སུ་བསྟན་པ་ནི། རྒྱུད་དེ་ཉིད་ལས། བདེ་བ་འདོད་པས་བདེ་ལ་རྒྱབ་ཀྱིས་ཕྱོགས། །བདེ་བས་ཟིན་ཏེ་བདེ་བས་བདེ་བ་འཚོལ། །བྱང་ཆུབ་འཁྲུལ་པ་ཡེ་རྔམས་ཆོས་ལ་ཟ། །འདི་ལྟའི་ཡུལ་ཅན་སངས་རྒྱས་མཐོང་བ་མིན། །ཞེས་སོ། །ཕྱི་ རབས་ཀྱང་འདི་ལྟ་བུའི་རིགས་ལ་གསང་བར་གདམས་པ། ཡང་རྒྱུད་དེ་ཉིད་ལས། དེ་ལ་ང་ཡི་རང་བཞིན་མ་མཐོང་ན། །ཀུན་བྱེད་ང་ཡི་ཐེག་པ་བསྟན་མི་བྱ། །རྫོགས་པ་ཆེན་པོའི་དོན་དང་སྐལ་མེད་པས། །རྒྱུ་འབྲས་ཐེག་པ་

[p. 199] ༄༅། །དྲང་བའི་ལུང་ལ་གཟུད། །ང་ནི་ཡེ་ནས་སྤྱོད་ཡུལ་འདས་པ་འདི། །རྒྱུ་འབྲས་དགའ་བའི་སྐལ་བ་མེད་རྣམས་ལ། །བསྟན་ན་སྒྲོ་དང་སྐུར་པ་འོང་བའི་ཕྱིར། །བསྟན་ན་རང་གི་སེམས་ལ་སྐུར་བཏབ་ པས། །དྲུག་ཏུ་སྐྱེ་ཞིང་གཏན་དུ་འཁོར་བར་གནས། །ཞེས་སོ། །དེ་ལྟར་ཆོས་ཀྱི་བྱ་བྱེད་བཀག་ནས། ཐ་མལ་རང་བབས་ཀྱི་ངང་ལ་སྤྱོད་ཀྱང་། ཆོས་ལ་རྩོལ་སྒྲུབ་བྱས་པ་རྣམས་དང་། རིག་པའི་ངོ་བོ་ལ་གཤིས་ཐོག་ནས་ ཁྱད་མེད་པར་མ་ཟད། བྱ་བྱེད་ཐ་མལ་དང་། ཁོ་བོའི་ཆོས་བྱས་པ་གཉིས་མཚུངས་པར་ཡོད་དེ། རྣལ་འབྱོར་པའི་སྤྱོད་ལམ་ཐམས་ཅད་ཆོས་སུ་ཤར་ཟིན་པས། ཆོས་ཉིད་ཀྱི་རོལ་པར་ལྷུན་གྱིས་གྲུབ་སྟེ། མུ་ཏིག་ཕྲེང་བ་ལས། ཕྱག་རྒྱ་ཆེན་པོ་མངོན་འདོད་པས། བཟའ་དང་བཏུང་བ་བསྙེན་པ་ལ། །

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 783 typing errors, November 2026), with the variants of the other editions under each page (35 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = root and commentary MW3CN3400; R = root and commentary MW3CN14271; C = commentary MW1CZ2550. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 390] གསལ་བའི་སྤྱོད་པ་ཡིན། །བཟང་དང་ངན་པའི་རྟོག་པ་རྣམས། །བསྒོམ་པ་ཆུ་བོའི་ཀློང་ཆེན་ཡིན། །ལོག་ལྟ་ཡང་དག་འདོད་པ་རྣམས། །རྣལ་འབྱོར་རིས་མེད་ལྟ་བ་ཡིན། །རེ་དང་དོགས་པར་འཛིན་པ་ཀུན། །ཟང་མ་ཐལ་བྱུང་འབྲས་བུ་ཡིན། །ཞེས་པ་ཐོག་ཏུ་བབས་པའི་དུས་སོ། །རྟོགས་པ་དེ་དག་གི་རང་བཞིན་གསལ་བར་བཤད་པ་ནི། གནམ་ས་འདྲེ་ལྡོག་སྣང་བ་ཅི་ཤར་ཡང༌། །ཕྱལ་བ་ལྷུག་པ་གཞི་མེད་ཟང་ཀ་མ། །གཏད་མེད་ཟ་ཟི་བན་བུན་ཕྱལ་མ་ཕྱོལ། །རེ་དོགས་གཉིས་མེད་སྨྱོན་པའི་ངང་ཚུལ་ཅན། །ལྟ་སྒོམ་རིས་མེད་ཆེད་འཛིན་འདོད་བློ་ཞིག །ཞེ་འདོད་འཁྲིས་མེད་འདི་ཞེས་རྩོལ་སྒྲུབ་མེད། །དེ་ཅིའི་ཕྱིར་ཞེ་ན། དགོངས་པ་ཆོས་ཉིད་ལས་མ་གཡོས་པས་ཆོས་ཟད་མིང་མེད་དུ་གྲོལ་བའི་ཕྱིར། ཅིར་སྣང་རང་བྱུང་ཡེ་ཤེས་ཀྱི་རོལ་པར་མཐོང་བ་མེ་ལོང་དུ་བཞིན་གྱི་གཟུགས་བརྙན་ཤར་བ་ལྟར་རྟོགས་

ཡིན་རེ་དང་དོགས་པར་འཛིན ] འདོགས W · ལྡོག་སྣང་བ་ཅི་ཤར་ཡང ] ཅིར A C

[p. 391] པས། ཕྱི་ཡུལ་དུ་མཐོང་བ་རིག་པའི་རོལ་པ་དེ་སྐྱེ་བ་མེད་པའི་སྟོང་གཟུགས་ཙམ་ལས། ཆོས་ཉིད་ནམ་མཁའ་ལྟར་དག་པས་རང་གི་རིག་པའི་ཆོས་ཉིད་དང་གཉིས་སུ་མེད་པར་མཐོང་སྟེ། ཅི་སྣང་ཡང་སྟོང་གཟུགས་རིག་པའི་རོལ་པ། ཅི་འགྱུས་ཀྱང་ཡེ་སངས་རྗེས་མེད། དུས་གསུམ་གྱི་ཆོས་ཉིད་དུ་མཉམ་པས་བྱར་མེད་བློ་འདས་ཆེན་པོར་གྲོལ་བའི་ཕྱིར་ན། བླང་དོར་གྱི་ཆོས་ཟད་པའི་དུས་ཞེས་བྱ་སྟེ། ཐལ་འགྱུར་ལས། དགོངས་པ་གཅིག་ལས་གཡོས་པ་མེད། །སྣང་བ་སྣང་བའི་ཐོག་གསལ་བས། །བཞིན་དང་མེ་ལོང་ལྟ་བུ་ལས། །གྲོལ་བ་དེ་དང་དེ་ཉིད་གྲོལ། །དེ་ལ་རང་བྱུང་སྟོང་ཡུལ་བས། །མཐོང་ཤེས་རིག་པ་ཐ་དད་མིན། །དེ་ཉིད་རང་གི་ཐོག་ཏུ་གྲོལ། །གཅིག་ཤེས་པས་ནི་ཀུན་གྲོལ་ཕྱིར། །གཉིས་དང་གསུམ་གྱི་གྲངས་མཐའ་ཟད། །རྟོག་ཅིང་འཛིན་པའི་ཡུལ་མི་སྣང༌། །འགྱུ་དང་

ཡུལ་དུ་མཐོང་བ་རིག་པའི ] བའི W · དེ་ཉིད་གྲོལ་དེ་ལ་རང་བྱུང་སྟོང་ཡུལ ] ཤེས་པ་འགྱུ་བ G R · ཡུལ་བས་མཐོང་ཤེས་རིག་པ ] ཞེས A P S C

[p. 392] འཛིན་པ་ཡེ་ནས་སྟོང༌། །སྟོང་པའི་དགོངས་པ་གསལ་རྫོགས་པས། །དུ་མའི་གྲངས་མཐའ་ཟད་པའོ། །ཞེས་སོ། །རྟོགས་པ་ཁོང་ནས་ཤར་བའི་རྣལ་འབྱོར་པ་གང་ཤར་འདེམ་ཀ་མེད་པར་ཆོས་ཉིད་དུ་གྲོལ་བར་བསྟན་པ་ནི། གང་བྱུང་བྱུང་ལ་གང་སྣང་སྣང་དུ་ཆུག །གང་ཤར་ཤར་ལ་གང་ཡིན་ཡིན་དུ་ཆུག །གང་ཡང་ཡིན་ལ་གང་ཡང་མིན་དུ་ཆུག །འདི་ལ་རིག་པའི་སྟེང་ན་ཁྱད་པར་གང་ཡང་མེད་དེ། རིག་པ་གཅིག་གི་ངང་ནས་ཤར་བས་གཞི་ལ་བཟང་ངན་མེད་པ་དང༌། ཤར་ཚད་རིག་པའི་རྩལ་ལས་གཞན་མེད་པས་རྩལ་གྱི་ངོ་བོ་ལ་བཟང་ངན་མེད་པ་དང༌། ཤར་བས་གྲོལ་ཟིན་པའི་ཕྱིར་མ་བཟུང་ན་རང་ཡལ་དུ་གོ་གཅིག་པས་ངོ་བོ་ལ་བཟང་ངན་མེད་པ་དང༌། ཅི་ཤར་ཅི་སྣང་ནས་གཞི་ལ་མེད་པའི་སྣང་བ་ཡིན་པས་སྟོང་ཟིན་ཏེ། གྲུབ་དོགས་པ་མེད་པས་སྨིག་རྒྱུའི་ཆུ་ལྟར་མེད་པ་གསལ་སྣང་ལ་བློས་གཟུང་བ་དགོས་

པས་དུ་མའི་གྲངས་མཐའ་ཟད ] གྲང W · ཤར་ཅི་སྣང་ནས་གཞི་ལ ] ཡང P S · ཟིན་ཏེ་གྲུབ་⁁་དོགས་པ ] བསལ P S · ཏེ་གྲུབ་དོགས་པ་མེད་པས ] om. W

[p. 393] པ་མེད་པའི་ཕྱིར། རྣལ་འབྱོར་པ་ལ་ཡུལ་སྣང་དང་བློ་རྟོག་གང་ཡང་སྤང་བླང་གི་འདེམ་ཀ་བྱར་མེད་དེ། གཞི་མེད་ཆོས་ཟད་མིང་མེད་དུ་གོ་གཅིག་པའི་ཕྱིར། མཐའ་ལས་འདས་པ་ཞེས་ཐ་སྙད་དུ་བརྗོད་དེ། རིག་པ་རང་གྲོལ་ལས། སྣང་བ་དངོས་པོའི་ཆོས་ཀྱིས་སྟོང༌། །སྟོང་པ་མཚན་མའི་ཆོས་ལས་འདས། །འདས་པ་ཉིད་ལ་བརྗོད་དུ་མེད། །ཅེས་སོ། །གཏད་མེད་ཡོངས་གྲོལ་དུ་རྟོགས་པའི་རྣལ་འབྱོར་པ་ལ་ཀུན་སྤྱོད་ངེས་པ་མེད་ཅིང༌། ཐ་མལ་རང་བབས་ཀྱི་སྣང་བར་སྤྱོད་པ་ནི། ཀུན་སྤྱོད་ངེས་མེད་རིག་པ་ཐོད་རྒལ་ངང༌། །ཆོས་དང་ཆོས་མིན་རྩིས་གཞི་འགའ་མེད་པས། །གཏད་མེད་ཟང་ཀ་གྲུབ་མཐའི་གཟེབ་ལས་འདས། །ཟ་འཆག་ཉལ་འདུག་ཉིན་ཞག་ཕྱམ་གདལ་བས། །རང་བཞིན་ཆོས་ཉིད་མཉམ་པའི་ངང་ཉིད་དོ། །མཆོད་པའི་ལྷ་མེད་བརྡུང་བའི་འདྲེ་ཡང་མེད། །བསྒོམ་པའི་ཆོས་མེད་ཐ་

མེད་རིག་པ་ཐོད་རྒལ་ངང ] ཐོང A C · པ་ཐོད་རྒལ་ངང་ཆོས་དང ] དང A G C

[p. 394] མལ་རང་གའི་ངང༌། །མ་བཅོས་རྒྱལ་པོ་སྙེམས་མེད་ཕྱམ་གཅིག་པས། །ཕྱལ་བ་ལྷུག་པ་ཡན་པ་གཅིག་པུ་ཉིད། །མ་བྱས་ཡེ་ཟིན་རྩོལ་སྒྲུབ་བྲལ་བས་བདེ། །འདིར་ཆོས་དང་ལམ་ལ་གནས་པའི་གང་ཟག་རྣམས་ལ་ཐ་མལ་བ་ལས་ལོག་ནས་ཆོས་སྤྱོད་ཀྱི་བྱ་བ་བྲེལ་དོ་སྣ་ཚོགས་པས་ཉིན་མཚན་འདའ་བ་ཡིན་ན། ཐ་མལ་དུ་གནས་པས་ཅང་འགྲུབ་བམ། དེ་ལྟར་འཇིག་རྟེན་པ་དང་རྣལ་འབྱོར་པ་གཉིས་ཁྱད་མེད་དོ་སྙམ་པ་ལ་འདི་ལྟར་ཤེས་པར་བྱ་སྟེ། གཅིག་ནི་འཇིག་རྟེན་ཉིད་ལས་ཆོས་ལ་བློ་མ་སྦྱངས་པས། ཆོས་ཡིད་ལ་མེད་པའི་ཕྱིར་ཆོས་ཀྱི་བྱ་བྱེད་དང་བྲལ་བ་ཡིན་ལ། གཅིག་ནི་ཆོས་མ་བྱས་ཡེ་ཟིན་དུ་རྟོགས་པས་བློ་བདེ་སྟེ། ཆོས་ཟིན་ནས་ཆོས་བོར་ཆོས་ལས་འདས་པའི་ཕྱིར་ཆོས་ཀྱི་བྱ་བ་མེད་ཅིང་རང་བབས་ཐ་མལ་དུ་སྣང་བ་ཡིན་ནོ། །ཡང་འདི་ལྟར་འཇིག་རྟེན་པ་ནི་འཇིག་རྟེན་གྱིས་བྲེལ་ནས་སེམས་ལས་སུ་

གཅིག་པས་ཕྱལ་བ་ལྷུག་པ ] པ P G S · རྩོལ་སྒྲུབ་བྲལ་བས་བདེ་འདིར ] པས A C · ལ་ཐ་མལ་བ་ལས་ལོག ] པ A P G S R C · བམ་དེ་ལྟར་⁁་འཇིག་རྟེན ] ན P S

[p. 395] གྱུར་པ་ལས་རྣལ་འབྱོར་པ་ལ་དེ་མེད་པས་ཐ་མལ་འཇིག་རྟེན་པ་དང་མཚུངས་པ་མ་ཡིན་པར་ཤེས་པར་བྱའོ། །གལ་ཏེ་མཚུངས་ན་ཐ་མལ་པ་འཁོར་བ་ལྟར། རྣལ་འབྱོར་པ་ཡང་འཁྲུལ་པར་ཐལ་བ་ལས། སྒོ་གསུམ་བྱ་བ་དང་བྲལ་བས་འཁྲུལ་པའི་ཆོས་མེད་པ་དང༌། ཐ་མལ་དུ་སྣང་བ་ཟང་ཐལ་དུ་སངས་པས་འཆིང་བར་མེད་དེ། ལས་དང་རྣམ་སྨིན་ལས་གྲོལ་བ་ནི། དཔེར་ན་གྲེས་མའི་ཐག་པ་མེར་ཚིག་པ་དེ་ཐག་པར་སྣང་ཡང་འཆིང་བའི་དོན་བྱེད་མི་ནུས་པ་དེ་མེས་ཚིག་པ་ལས་བྱུང་བ་ལྟར། རྣལ་འབྱོར་པའི་སེམས་ལ་ཟང་ཐལ་བས་ཤེས་པ་དགག་སྒྲུབ་ཏུ་སྐྱེ་བར་སྣང་བ་དང༌། ཟས་གོས་དང་ནོར་འཛིན་པ་ལྟར་སྣང་ཡང་གཞི་མེད་རྨི་ལམ་ལྟར་རྟོགས་ནས་མ་ཞེན་པའི་ཕྱིར་འཆིང་མི་ནུས་པ་ཡིན་ལ། འཇིག་རྟེན་པ་ལ་དེ་མེད་པས་ཞེན་པ་རང་མཚན་པས་སེམས་བཅིངས་ཏེ་ཐག་པ་མེར་མ་ཚིག་པ་ལྟར་ནང་སེམས་

པ་ཡང་འཁྲུལ་པར་ཐལ་བ ] པ G R · སངས་པས་འཆིང་བར་མེད་དེ ] བ A P S C · ཐག་པ་མེར་མ་ཚིག་པ ] om. W

[p. 396] དང་ཕྱི་སྣང་བ་ལ་དགག་སྒྲུབ་རང་གར་ཡོད་པས་འཆིང་བའོ། །དེའི་ཕྱིར་རྣལ་འབྱོར་གྱི་དབང་ཕྱུག་གི་ཞལ་སྔ་ནས། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང༌། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་ཤེས་མི་འགྱུར། །ཞེས་པ་དང༌། ཡང་རྗེས་སུ་གདམས་པ། སྣང་བས་མི་འཆིང་ཞེན་པས་འཆིང༌། །ཞེན་པ་ཆོད་ཅིག་ནཱ་རོ་པ། །ཞེས་གསུངས་པ་ལྟ་བུའོ། །ཐ་མལ་པ་ལ་ལོག་རྟོག་སྤང་བ་ནི། བསོད་ནམས་དང་སྐལ་བ་ཆུང་ཞིང་རྟོགས་པ་དང་ཆོས་ཆེན་པོ་ལ་བློ་ཁ་མ་ཕྱོགས་པ་དག་ན་རེ། གནས་ལུགས་རྟོགས་པའི་ངང་ནས་བྱ་བྱའི་ཆོས་སྤྱོད་བྱས་པས་ཆོག་མོད། དེའི་འབྲས་བུ་བདེ་བ་ཐོབ་པ་དེ་མི་འདོད་དམ་ཟེར་རོ། །ལན་བཤད་པ། ཆོས་ཐམས་ཅད་རིག་ངོར་མཉམ་ཤར་ལ་བཟང་ངན་དུ་འབྱེད་པ་ཁྱེད་རང་དེ་ལྟར་གྱིས་ལ་རེམ་ཅིག །ངེད་ནི་རྨི་ལམ་སྣང་བའི་ཆོས་ལ་གཅིག་མི་སྤོང་

དེ་ལས་གཞན་ཞིག་སུས་ཀྱང ] གིས W · ལོག་རྟོག་སྤང་བ་ནི་བསོད ] པ W · ནམས་དང་སྐལ་བ་ཆུང་ཞིང ] པ A P S C · ལྟར་གྱིས་ལ་རེམ་ཅིག་ངེད ] རེ་མ A G C · གྱིས་ལ་རེམ་ཅིག་ངེད་ནི ] ཞིག W P S

[p. 397] གཅིག་མི་ལེན། སྤོང་ལེན་དང་རྩོལ་སྒྲུབ་བྱེད་ན་རྣལ་འབྱོར་པ་དང་འགལ་ཏེ། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ནི། འབྲས་བུ་ལ་རེ་བ་མ་ཡིན་ལ། རྩོལ་སྒྲུབ་རྒྱུ་འབྲས་ལ་རེ་བ་འདིའི་སྣོད་མ་ཡིན་པས། ཐེག་དམན་བྱིས་པ་གྲོང་པའི་ཆོས་ལ་སྦྱར་བར་གསུངས་ཏེ། ཀུན་བྱེད་ལས། དེ་ལྟར་མ་རིག་རྩོལ་སྒྲུབ་བྱས་གྱུར་ན། །རྒྱུ་འབྲས་འདས་པའི་དོན་དང་འགལ་གྱུར་ནས། །བྱར་མེད་བདེ་ཆེན་དེ་དང་མི་འཕྲད་དེ། །རྩོལ་སྒྲུབ་ནད་ཀྱི་མ་རིག་དེས་ཟིན་འགྱུར། །དེ་བས་རྒྱུ་འབྲས་འདས་པའི་རྫོགས་ཆེན་ལ། །སྐལ་མེད་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས། །རྒྱུ་དང་འབྲས་བུའི་ཆོས་སུ་དཔྱད་པར་བྱ། །ཞེས་པས་ཁོ་བོ་ཅག་གི་ལུང་ལས་འབྱུང་བས། ཁོ་བོ་ཅག་གི་ནི་ལུང་དང་འགལ་བར་མི་བྱེད་དོ། །ཡང་སྐལ་ཆུང་པོ་དེ་ན་རེ། ཐམས་ཅད་རིག་པར་མཉམ་པས་ཆེད་དུ་བྱར་མེད་པ་དང་བདེན་ན་བྱས་

དམན་བྱིས་པ་གྲོང་པའི་ཆོས་ལ ] དྲང་བའི P S R · ཆོས་ལ་སྦྱར་བར་གསུངས་ཏེ ] པར A C · ཁོ་བོ་ཅག་གི་ལུང་ལས ] གིས A P S C

[p. 398] པས་འགྲུབ་ལ་མ་བྱས་ན་མི་འགྲུབ་པའི་ཕྱིར་བྱེད་དགོས་སོ་ཞེས་ཟེར་ན། སྨྲས་པ། མ་གྲུབ་ན་བསྒྲུབས་ཀྱང་མི་འགྲུབ། གྲུབ་ན་བསྒྲུབ་མི་དགོས། རྩོལ་སྒྲུབ་ཀུན་རྫོབ་པས་སེམས་ཉིད་དོན་དམ་ལ་ཅིར་ཡང་བྱར་མེད་པ་དང༌། སེམས་ཉིད་ལ་ཆོས་སྐུ་གྲུབ་ཟིན་ལ། དེ་ཡང་བཞག་ན་མངོན་ལ། བྱས་ན་མི་འགྲུབ་པ་ཆུ་དངས་པའི་གཟུགས་བརྙན་རྙོག་ན་མི་མངོན་པ་ལྟ་བུ་སྟེ། རྒྱུད་དེ་ཉིད་ལས། སངས་རྒྱས་བསྒྲུབས་པས་འགྲུབ་པ་མ་ཡིན་ཏེ། མ་བཙལ་རང་བཞིན་གནས་པས་ལྷུན་གྱིས་གྲུབ། །མ་བཙལ་རང་བཞིན་གནས་ལ་མི་རྟོག་ཞོག །ཅེས་སོ། །དེའི་ཕྱིར་རྩོལ་སྒྲུབ་བྱང་ཆུབ་ཀྱི་གེགས་ཡིན་ཏེ། འཇོག་དགོས་པ་གཟིངས་པ་ལྟར། སེམས་ཉིད་བྱར་མེད་ལ་བྱ་བཙལ་བྱས་པས་རྒྱུ་འབྲས་དང་གཞི་ལམ་འགལ་ནས་མི་འགྲུབ་པའི་སྐྱོན་དུ་ཆེ་སྟེ། ཀུན་བྱེད་ལས། བྱས་ཟིན་རྩོལ་སྒྲུབ་འདས་པ་མ་རིག་ནས། རྩོལ་སྒྲུབ་བྱ་

འགྲུབ་པ་ཆུ་དངས་པའི་གཟུགས ] དྭངས P S · འཇོག་དགོས་པ་གཟིངས་པ་ལྟར ] གཟེངས A P S C

[p. 399] བྱེད་བསྒོམས་ནས་གྲུབ་ལྟ་ན། །བྱང་ཆུབ་གེགས་སུ་དེ་ལས་ཆེ་བ་མེད། །ཅེས་སོ། །དེ་ལྟར་ཡིན་མོད་ཀྱི་ད་དུང་དེའི་སར་མ་སླེབ་པས་བྱེད་དགོས་སོ་ཞེ་ན། ལན་ནི། ཀྱེ་སྐལ་མེད་གཅིག་ནས་གཅིག་ཏུ་འགྲོར་ཡོད་པ་མ་ཡིན། འགྲོར་མེད་པས་སླེབ་ཏུ་ཡོད་པ་མ་ཡིན། རང་ཡིན་ནས་རང་འཚོལ་བ་ལ་འགྲོ་བ་དང་འདྲ་བ་ཁྱོད་ནི་མཚར་ཆེ་བ་ཞིག་སྟེ། ཁོ་བོ་ཅག་གི་ལུང་ལས་ཁྱོད་ལྟ་བུ་ཕྱི་རོལ་དུ་གྱུར་པས། ཤིན་ཏུ་སྨད་པའི་གནས་སུ་བསྟན་པ་ནི། རྒྱུད་དེ་ཉིད་ལས། བདེ་བ་འདོད་པས་བདེ་བ་རྒྱབ་ཀྱིས་ཕྱོགས། །བདེ་བས་ཟིན་ཏེ་བདེ་བས་བདེ་བ་འཚོལ། །བྱང་ཆུབ་འཁྲུལ་པ་ཡེ་རྔམས་ཆོས་ལ་ཟ། །འདི་ལྟའི་ཡུལ་ཅན་སངས་རྒྱས་མཐོང་བ་མིན། །ཞེས་སོ། །ཕྱི་རབས་ཀྱང་འདི་ལྟ་བུའི་རིགས་ལ་གསང་བར་གདམས་པ། ཡང་རྒྱུད་དེ་ཉིད་ལས། དེ་ལ་ང་ཡི་རང་བཞིན་མ་མཐོང་ན། །ཀུན་བྱེད་

བུ་ཕྱི་རོལ་དུ་གྱུར་པས ] ཏུ P S · འདོད་པས་བདེ་བ་རྒྱབ་ཀྱིས ] ལ A P S C

[p. 400] ང་ཡི་ཐེག་པ་བསྟན་མི་བྱ། །རྫོགས་པ་ཆེན་པོའི་དོན་དང་སྐལ་མེད་པས། །རྒྱུ་འབྲས་ཐེག་པ་དྲང་བའི་ལུང་ལ་གཟུང༌། །ང་ནི་ཡེ་ནས་སྤྱོད་ཡུལ་འདས་པ་འདི། །རྒྱུ་འབྲས་དགའ་བའི་སྐལ་བ་མེད་རྣམས་ལ། །བསྟན་ན་སྒྲོ་དང་སྐུར་པ་འོང་བའི་ཕྱིར། །བསྟན་ན་རང་གི་སེམས་ལ་སྐུར་བཏབ་པས། །དྲུག་ཏུ་སྐྱེ་ཞིང་གཏན་དུ་འཁོར་བར་གནས། །ཞེས་སོ། །དེ་ལྟར་ཆོས་ཀྱི་བྱ་བྱེད་བཀག་ནས། ཐ་མལ་རང་བབས་ཀྱི་ངང་ལ་སྤྱོད་ཀྱང༌། ཆོས་ལ་རྩོལ་སྒྲུབ་བྱས་པ་རྣམས་དང༌། རིག་པའི་ངོ་བོ་ལ་གཤིས་ཐོག་ནས་ཁྱད་མེད་པར་མ་ཟད། བྱ་བྱེད་ཐ་མལ་དང༌། ཁོ་བོའི་ཆོས་བྱས་པ་གཉིས་མཚུངས་པར་ཡོད་དེ། རྣལ་འབྱོར་པའི་སྤྱོད་ལམ་ཐམས་ཅད་ཆོས་སུ་ཤར་ཟིན་པས། ཆོས་ཉིད་ཀྱི་རོལ་པར་ལྷུན་གྱིས་གྲུབ་སྟེ། མུ་ཏིག་ཕྲེང་བ་ལས། ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །བཟའ་དང་བཏུང་བ་བསྙེན་པ་ལ། །ཉལ་དང་

པ་དྲང་བའི་ལུང་ལ་གཟུང ] ལམ P S · བའི་ལུང་ལ་གཟུང་ང་ནི ] གཟུད A P G S C · ཡུལ་འདས་པ་འདི་རྒྱུ་འབྲས ] འད་ི P · དགའ་བའི་སྐལ་བ་མེད་རྣམས ] པ P S R · བོ་ལ་གཤིས་ཐོག་ནས་ཁྱད ] ཐོགས W
[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the chapter's own divisions; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The complete outline of the work is on the contents page.
1 Decisive resolution that nondual awakened mind is the expanse of space beyond the intellect གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཉིད་མཁའ་ཀློང་བློ་ལས་འདས་པར་ལ་བཟླ་བ [p. 343] topical
1.11 Resolving in great nonaction with regard to phenomena through realization vast and equal to space རྟོགས་པ་མཁའ་མཉམ་ཡངས་པས་ཆོས་ལ་བྱར་མེད་ཆེན་པོར་ལ་བཟླ་བ [p. 381] topical
1.11.6 Clear explanation of the nature of these realizations རྟོགས་པ་དེ་དག་གི་རང་བཞིན་གསལ་བར་བཤད་པ [p. 390] topical
Root verse: whatever appears is wide open, groundless and unalloyed, without hope or fear and without biased view or meditation. Because intent never stirs from the nature of phenomena, appearances are seen as empty forms, the display of awareness, like reflections in a mirror; accepting and rejecting are exhausted (Reverberation of Sound).
1.11.7 For yogins in whom realization has dawned, whatever arises is free in the nature of phenomena without choosing རྟོགས་པ་ཁོང་ནས་ཤར་བའི་རྣལ་འབྱོར་པ་གང་ཤར་འདེམ་ཀ་མེད་པར་ཆོས་ཉིད་དུ་གྲོལ་བ [p. 392] topical
Root verse: let whatever occurs, appears or arises be as it is. Since everything arises from one awareness as its dynamic energy, is free on arising and is groundless like a mirage, there is no good or bad and nothing to adopt or abandon; this is termed beyond extremes.
1.11.8 Yogins who realize total freedom have no fixed conduct and act as ordinary and naturally settled གཏད་མེད་ཡོངས་གྲོལ་དུ་རྟོགས་པའི་རྣལ་འབྱོར་པ་ལ་ཀུན་སྤྱོད་ངེས་པ་མེད་ཅིང་ཐ་མལ་རང་བབས་ཀྱི་སྣང་བར་སྤྱོད་པ [p. 393] topical
Yogins who realize total freedom have no fixed conduct and remain in the ordinary state. They differ from worldlings because their appearances, free of clinging, cannot bind. Advocates of effortful practice for a fruit are answered and are to be guided by the causal vehicles. All of the yogin's everyday activity arises as Dharma.
1.11.8.1 The yogin is not the same as an ordinary worldly person རྣལ་འབྱོར་པ་ཐ་མལ་འཇིག་རྟེན་པ་དང་མཚུངས་པ་མ་ཡིན་པ [p. 394] topical
To the doubt that a yogin remaining ordinary is no different from a worldly person: the worldling never trained in Dharma, whereas the yogin has passed beyond it; like a burnt grass rope, the yogin's appearances cannot bind since there is no clinging. Quotes the Lord of Yogins to Nāropa: clinging binds, not appearances.
1.11.8.2 Dispelling misconceptions regarding the ordinary ཐ་མལ་པ་ལ་ལོག་རྟོག་སྤང་བ [p. 396] topical
Replies to those of little fortune who urge effortful Dharma practice for its fruit: effort and hope in cause and effect contradict the Great Perfection, what is already accomplished needs no accomplishing, effort obstructs awakening, and there is nowhere to go. Citing the All-Creating King, such people are to be led by causal vehicles and the teaching kept secret.
1.11.8.3 All of a yogin's everyday conduct arises as Dharma རྣལ་འབྱོར་པའི་སྤྱོད་ལམ་ཐམས་ཅད་ཆོས་སུ་ཤར་བ [p. 400] topical
Though acting within the ordinary state, the yogin's conduct equals Dharma practice, since all activity is spontaneously the display of the nature of phenomena. Long citations from the Pearl Garland (eating as approach, body as vase, etc.) and the All-Creating King (afflictions and sense pleasures as ornaments of basic space).
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 390] Is the conduct of lucid, empty awareness.
Conceptual thoughts of good and bad
Are meditation, the great expanse of a river.
Wrong views and assertions of what is authentic
Are the view of yoga, free of bias.[167]Note 167 · p. 390 · rnal 'byor ris med lta ba: the text has rnal 'byor, "yoga", not rnal 'byor pa; Gemini 4 Neon, Dharmamitra and Claude Fable 5.2 have "the yogin's view".
All grasping in hope and in fear
Is the fruition, utterly transparent.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Klong chen rab byams gsung 'bum/volume 019 459 (a parallel: ཚིག་དོན་རིན་པོ་ཆེའི་མཛོད), 90 % of the words.
[168]Note 168 · p. 390 · zang ma thal byung 'bras bu: "the fruition, utterly transparent"; Dharmamitra's "fruition directly breaking through into" imports thal lo from the prose.

This is the time when these words have come directly home.[169]Note 169 · p. 390 · zhes pa thog tu babs pa'i dus so: "the time when these words have come directly home" (so GPT-6.2 Astra, Gemini 4 Neon, Claude Fable 5.2); Dharmamitra's "when it directly descends upon you" drops zhes pa.

1.11.6 Clear explanation of the nature of these realizations རྟོགས་པ་དེ་དག་གི་རང་བཞིན་གསལ་བར་བཤད་པ1.11.6 Clear explanation of the nature of these realizations (topical division)
Root verse: whatever appears is wide open, groundless and unalloyed, without hope or fear and without biased view or meditation. Because intent never stirs from the nature of phenomena, appearances are seen as empty forms, the display of awareness, like reflections in a mirror; accepting and rejecting are exhausted (Reverberation of Sound).

The nature of these realizations is clearly explained:

Sky and earth may mingle and overturn,[171]Note 171 · p. 390 · gnam sa 'dre ldog: taken as concessive ("sky and earth may mingle and overturn, yet…"), with all drafts. yet whatever appearances arise[170]Note 170 · p. 390 · Root verse, snang ba ci shar yang: Adzom reads cir shar yang ("however appearances arise"); the text's ci ("whatever appearances arise") is kept, and the difference is slight.
Are wide open, loose, groundless, unalloyed,
With nothing to fix upon—indistinct, evanescent, sprawling wide open.
With neither hope nor fear, one has the manner of a madman.
With no bias as to view and meditation, the wanting intellect with its deliberate grasping has fallen apart.
With no attachment to heartfelt wants, there is no effort and striving toward any "this."

Why is that? Because, enlightened intent not having stirred from the nature of phenomena, there is freedom in the exhaustion of phenomena, where there are no names. Whatever appears is seen as the display of self-arisen primordial wisdom, and this is realized to be like the reflection of a face arising in a mirror,[172]Note 172 · p. 390 · The last sentence breaks off at rtogs (-pas on the next page); the English stops at a comma, leaving the causal "so that / since" to the next part.

[p. 391] so that the display of awareness seen as outer objects is no more than unborn empty forms and, the nature of phenomena being pure like space, is seen to be nondual with the nature of phenomena of one's own awareness. Whatever appears is empty form, the display of awareness; whatever moves is primordially cleared away without a trace. Since there is equality in the nature of phenomena of the three times, there is freedom in the great state beyond the intellect, where there is nothing to be done. That is why this is called "the time when the phenomena of accepting and rejecting are exhausted." The Reverberation of Sound says:

There is no stirring from the single enlightened intent.[177]Note 177 · p. 391 · dgongs pa is "enlightened intent" per glossary, against GPT-6.2 Astra's "realization"; grol ba is "freedom", against Dharmamitra's "liberation"; ye shes and rol pa follow the glossary, against Dharmamitra's "timeless awareness" and "play".
Since appearances are lucid right upon appearing,
As with a face and a mirror,
In freedom, that and that itself are free.[175]Note 175 · p. 391 · grol ba de dang de nyid grol is terse. Gemini 4 Neon has "freed right as each very thing", GPT-6.2 Astra "each is free in and of itself", Dharmamitra "Liberation is that". I keep the literal "that and that itself are free" (so Claude Fable 5.2), which preserves the pairing of face and mirror, appearance and awareness.
Since, in this, the object is self-arisen and empty,[176]Note 176 · p. 391 · rang byung stong yul bas: the syntax is uncertain. I read "the object is self-arisen and empty" (Claude Fable 5.2, Dharmamitra) rather than "the self-arisen has an empty object-field" (Gemini 4 Neon).
Seeing, knowing and awareness are not different.[174]Note 174 · p. 391 · mthong shes rig pa: Adzom reads mthong zhes rig pa ("what is called seeing is not different from awareness"). I follow the e-text, shes ("seeing, knowing and awareness"), as all drafts do; the variant may be an OCR slip.
That itself is free right upon itself.
Because by knowing one, all is free,
The limits of number, two and three, are exhausted.
No object to be conceived and grasped appears.[173]Note 173 · p. 391 · Dharmamitra begins by retranslating the last sentences of the previous part; these are omitted. Dharmamitra also sets the prose "Whatever appears… whatever stirs…" as verse, though it is commentary.

[p. 392] Movement and grasping are primordially empty.
Since the enlightened intent of emptiness (stong pa) is lucid and perfect,
The limits of number, the many, are exhausted.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra)
Identification: high confidence
The quoted words are in Ngb-pt-0056-vol-01-text (the text itself), 83 % of the words.

1.11.7 For yogins in whom realization has dawned, whatever arises is free in the nature of phenomena without choosing རྟོགས་པ་ཁོང་ནས་ཤར་བའི་རྣལ་འབྱོར་པ་གང་ཤར་འདེམ་ཀ་མེད་པར་ཆོས་ཉིད་དུ་གྲོལ་བ1.11.7 For yogins in whom realization has dawned, whatever arises is free in the nature of phenomena without choosing (topical division)
Root verse: let whatever occurs, appears or arises be as it is. Since everything arises from one awareness as its dynamic energy, is free on arising and is groundless like a mirage, there is no good or bad and nothing to adopt or abandon; this is termed beyond extremes.

That for yogins in whom realization has dawned from within, whatever arises is free in the nature of phenomena, with no picking and choosing, is taught:

Whatever occurs, let it occur; whatever appears, let it appear.
Whatever arises, let it arise; whatever is, let it be.
Let it be anything at all, and let it be nothing at all.

In this there is no distinction whatsoever at the level of awareness. For since everything arises from within the state of the one awareness, there is no good or bad in the ground; since all that arises is nothing other than the dynamic energy of awareness, there is no good or bad in the essence of that dynamic energy; since it is already free by arising, it is all alike in vanishing of itself[178]Note 178 · p. 392 · go gcig pa means "of one standing, alike" (Claude Fable 5.2, Gemini 4 Neon, GPT-6.2 Astra), not "understood to be identical" (Dharmamitra). if it is not grasped, and so there is no good or bad in its essence; and since whatever arises and whatever appears is, from the moment it does so, an appearance that does not exist in the ground, it is already empty—there being no fear that it might prove to be established, there is no need for the intellect to grasp[179]Note 179 · p. 392 · The two clauses ending in …pa'i phyir are read as reasons for the statements before them (…med de / … phyir), as the paragraph break in the e-text suggests; Gemini 4 Neon does this for the second. Claude Fable 5.2, GPT-6.2 Astra and Dharmamitra attach them to what follows. The sense is little affected. at the lucid appearance of what does not exist (med pa gsal snang), which is like the water of a mirage.

[p. 393] For yogins there is no picking and choosing to be done, no abandoning or adopting, with regard to any appearance of objects or any thought of the intellect, because all are alike as the groundless exhaustion of phenomena, where there are no names. This is expressed in conventional designation as "beyond extremes." The Natural Freedom of Awareness says:

Appearances are empty of the phenomena of substantial entities.[180]Note 180 · p. 393 · dngos po'i chos / mtshan ma'i chos: chos is kept as "phenomena" per glossary (Claude Fable 5.2, Gemini 4 Neon), against "properties" (GPT-6.2 Astra) and "attributes" (Dharmamitra). 'das pa here is "beyond", not nirvāṇa.
Emptiness is beyond the phenomena of marks.
Of that very beyond there is nothing to be said.Rig pa rang grolQuotation (named in the text: རིག་པ་རང་གྲོལ་ལས)
རིག་པ་རང་གྲོལ་ཆེན་པོ་ཐམས་ཅད་གྲོལ་བའི་རྒྱུད, rig pa rang grol chen po thams cad grol ba'i rgyud, The Self-Liberated Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0053-vol-01-text (the text itself), 100 % of the words.

1.11.8 Yogins who realize total freedom have no fixed conduct and act as ordinary and naturally settled གཏད་མེད་ཡོངས་གྲོལ་དུ་རྟོགས་པའི་རྣལ་འབྱོར་པ་ལ་ཀུན་སྤྱོད་ངེས་པ་མེད་ཅིང་ཐ་མལ་རང་བབས་ཀྱི་སྣང་བར་སྤྱོད་པ1.11.8 Yogins who realize total freedom have no fixed conduct and act as ordinary and naturally settled (topical division)
Yogins who realize total freedom have no fixed conduct and remain in the ordinary state. They differ from worldlings because their appearances, free of clinging, cannot bind. Advocates of effortful practice for a fruit are answered and are to be guided by the causal vehicles. All of the yogin's everyday activity arises as Dharma.

For yogins who have realized total freedom (yongs grol) with nothing to fix upon, there is no fixed conduct, and they act in a manner that appears ordinary and naturally settled:[181]Note 181 · p. 393 · tha mal rang babs kyi snang bar spyod pa: read as "act in a manner that appears ordinary and naturally settled" (so Claude Fable 5.2), in light of rang babs tha mal du snang ba on p. 394. Gemini 4 Neon, GPT-6.2 Astra and Dharmamitra have "act within/among ordinary appearances".

Conduct is not fixed: the state of awareness in its direct crossing.
Since there is no basis at all for reckoning Dharma and non-Dharma,
With nothing to fix upon, unalloyed,[182]Note 182 · p. 393 · zang ka is "unalloyed" per glossary, against Gemini 4 Neon "unimpeded", GPT-6.2 Astra "wide open" and Dharmamitra "transparent openness". thod rgal is "direct crossing" per glossary; here it describes awareness's unconstrained state, not the practice. it is beyond the cage of philosophical tenets.
Since eating, walking, lying down and sitting extend evenly through day and night,
This is by nature the very state of equality, the nature of phenomena.
There are no gods to worship, nor any demons to strike.
There is no Dharma to meditate upon:

[p. 394] the state of the ordinary, just as it is.
Since the uncontrived king, without conceit, is single evenness,
There is only this: wide open, loose, unrestrained.
Nothing done, primordially attained (ye zin): free of effort and striving, it is ease.

1.11.8.1 The yogin is not the same as an ordinary worldly person རྣལ་འབྱོར་པ་ཐ་མལ་འཇིག་རྟེན་པ་དང་མཚུངས་པ་མ་ཡིན་པ1.11.8.1 The yogin is not the same as an ordinary worldly person (topical division)
To the doubt that a yogin remaining ordinary is no different from a worldly person: the worldling never trained in Dharma, whereas the yogin has passed beyond it; like a burnt grass rope, the yogin's appearances cannot bind since there is no clinging. Quotes the Lord of Yogins to Nāropa: clinging binds, not appearances.

Here someone might think: "Those who abide in the Dharma and on the path turn away from the ordinary and pass their days and nights in all manner of busy activities of Dharma practice. Is anything at all accomplished, then, by remaining ordinary? In that case there would be no difference between a worldly person and a yogin."

To this, the following should be understood. The one has trained the intellect in nothing but the world itself,[185]Note 185 · p. 394 · 'jig rten nyid las: read as "nothing but the world itself" (Gemini 4 Neon, GPT-6.2 Astra); Claude Fable 5.2's "knowing only the world" and Dharmamitra's "merely worldly" are looser. not in the Dharma, and so, having no thought of the Dharma, is without the doings of Dharma.[184]Note 184 · p. 394 · chos kyi bya byed is rendered "the doings of Dharma", not the glossary's "action and agent"; the plain sense is activity, parallel to chos kyi bya ba below. The other, having realized the Dharma to be something not done but primordially attained,[183]Note 183 · p. 394 · chos ma byas ye zin in the commentary: chos is the Dharma, as the next phrase chos zin nas chos bor chos las 'das pa shows (Claude Fable 5.2, Gemini 4 Neon, GPT-6.2 Astra), not "phenomena" (Dharmamitra). zin is "attained", echoing ye zin. has an intellect at ease; having attained the Dharma, dropped the Dharma and passed beyond the Dharma, that one has no Dharma activity and appears naturally settled and ordinary.

Moreover, it is like this: the worldly person, kept busy by the world, has a mind that[186]Note 186 · p. 394 · The last sentence breaks off at sems las su and is completed in the next part; Dharmamitra omits it.

[p. 395] has turned into karma,[187]Note 187 · p. 395 · The complement of གྱུར་པ་ stands in the Tibetan of the previous part, which this part does not show. "Has turned into karma" follows Claude Fable 5.2, Dharmamitra and GPT-6.2 Astra, which point to ལས་སུ་གྱུར་པ་; this fits the "freedom from karma and karmic ripening" that follows. Gemini 4 Neon's "becomes so" leaves it blank. whereas the yogin has none of that; so it should be understood that the yogin is not the same as an ordinary worldly person. If they were the same, it would follow that, just as the ordinary person circles in saṃsāra, the yogin too would be deluded. But that is not the case:

Since the three doors (sgo gsum) are free of action, there are no phenomena of delusion, and since what appears as ordinary has cleared into unobstructed transparency, there is nothing to bind. As for this freedom from karma and karmic ripening (rnam smin): a rope of plaited grass[188]Note 188 · p. 395 · གྲེས་མའི་ཐག་པ་: གྲེས་མ་ is a grass used for rope (Gemini 4 Neon: "iris grass"). I render it generically as "a rope of plaited grass", with Claude Fable 5.2. that has been burnt in a fire still appears as a rope, yet it cannot perform the function of binding, and that comes from its having been burnt by the fire. In the same way, since there is unobstructed transparency in the yogin's mind, although cognition appears to arise as negation and affirmation,[189]Note 189 · p. 395 · ཤེས་པ་དགག་སྒྲུབ་ཏུ་སྐྱེ་བར་སྣང་བ་: "cognition appears to arise as negation and affirmation" (Claude Fable 5.2, Gemini 4 Neon). Dharmamitra's "appearances of consciousness arising" misconstrues the syntax and leaves the sentence broken. and although the yogin appears to hold on to food, clothing and wealth, these are realized to be groundless, like a dream, and there is no clinging; therefore they cannot bind. The worldly person has none of that, and so the mind is bound by clinging that has its specific characteristics (rang mtshan) intact;[190]Note 190 · p. 395 · ཞེན་པ་རང་མཚན་པ་: rendered with the glossary term as clinging "that has its specific characteristics intact", i.e. real, full-fledged clinging (Claude Fable 5.2 "full-fledged", Dharmamitra and Gemini 4 Neon "concrete"). GPT-6.2 Astra's "attachment that takes things to be real" is an interpretation. as with a rope that has not been burnt by fire, there is bondage, because negation and affirmation toward the mind within

[p. 396] and appearances without are present unchecked. Therefore it is as the Lord of Yogins has said:

Whatever you cling to, let go of that as well.
Once it is realized, everything is that;
No one will come to know anything other than that.Do haQuotation (named in the text: རྣལ་འབྱོར་གྱི་དབང་ཕྱུག་གི་ཞལ་སྔ་ནས)
དོ་ཧ་མཛོད་ཀྱི་གླུ, do ha mdzod kyi glu, Saraha's Treasury of Dohā Songs (Dohākoṣagīti), by Saraha · shastra; Tengyur; Toh 2224
Identification: medium confidence (Saraha's sayings are cited under several names; one line belongs to his Queen Dohā (Mi zad pa'i gter mdzod).)
The quoted words are in དོ་ཧ་མཛོད་ཀྱི་གླུ་བཞུགས་སོ། ། (the text itself), 78 % of the words.

And again, in the instruction:[191]Note 191 · p. 396 · ཡང་རྗེས་སུ་གདམས་པ་: kept neutral as "in the instruction", without "his". The text does not say that both quotations come from the same master (the first is known from Saraha's dohās, the second as Tilopa's words to Nāropa).

Appearances do not bind; clinging binds.
Cut through clinging, Nāropa!Tai lo paQuotation (not named in the text: ཡང་རྗེས་སུ་གདམས་པ)
ཏཻ་ལོ་པའི་གདམས་པ, tai lo pa'i gdams pa, Tilopa's instruction to Nāropa, by Tilopa · person
Identification: medium confidence (A well-known saying of Tilopa addressed to Nāropa.)
The quoted words are in Klong chen rab byams gsung 'bum/volume 021 480 (a parallel), 100 % of the words.

It is just as these words declare.

1.11.8.2 Dispelling misconceptions regarding the ordinary ཐ་མལ་པ་ལ་ལོག་རྟོག་སྤང་བ1.11.8.2 Dispelling misconceptions regarding the ordinary (topical division)
Replies to those of little fortune who urge effortful Dharma practice for its fruit: effort and hope in cause and effect contradict the Great Perfection, what is already accomplished needs no accomplishing, effort obstructs awakening, and there is nowhere to go. Citing the All-Creating King, such people are to be led by causal vehicles and the teaching kept secret.

As for dispelling misconceptions regarding the ordinary:[192]Note 192 · p. 396 · ཐ་མལ་པ་ལ་ལོག་རྟོག་སྤང་བ་: with ལ་ I read "misconceptions regarding the ordinary" (Dharmamitra, Gemini 4 Neon), the yogin's ordinariness just discussed. Claude Fable 5.2 and GPT-6.2 Astra have "of ordinary people", which would expect a genitive. those of little merit (bsod nams) and fortune, whose intellect has not turned toward realization and the great Dharma, say: "Surely it is all right to perform, from within the state of realization of the natural state, the Dharma practices that are to be done. Do you not want that attainment of happiness which is their fruition?"

The reply is this. All phenomena arise equally in the face of awareness; you who divide them into good and bad, do just that yourselves, and exert yourselves at it! As for us, among phenomena that are dream appearances we neither abandon one

[p. 397] nor adopt another. To engage in abandoning and adopting, and in effort and striving, would contradict being a yogin. A yogin of the natural Great Perfection is not one who hopes for a fruition, and one who places hope in effort and striving[193]Note 193 · p. 397 · རྩོལ་སྒྲུབ་རྒྱུ་འབྲས་ལ་རེ་བ་: "one who places hope in effort and striving and in cause and effect" (Claude Fable 5.2, Gemini 4 Neon). Dharmamitra's "hope for effort, achievement, cause, and effect" misreads the phrase. GPT-6.2 Astra's "conventional" for ཀུན་རྫོབ་ on p. 398 goes against the glossary ("relative"). and in cause and effect is not a vessel for this; it is therefore taught that such a person is to be assigned to the Dharma of the lesser vehicle, of the childish, of village folk. From the All-Creating King:

If, unaware that it is so,[194]Note 194 · p. 397 · མ་རིག་ in the first verse line is verbal, "unaware that it is so" (Claude Fable 5.2, Gemini 4 Neon, GPT-6.2 Astra), not Dharmamitra's "the ignorance of effort". In the fourth line it is the noun "unawareness", per the glossary, rather than "ignorance". one engages in effort and striving,
One comes into conflict with the meaning beyond cause and effect
And does not meet with that great bliss of nonaction;
One is seized by that unawareness, the sickness of effort and striving.
Therefore, since the Great Perfection beyond cause and effect
Is not the domain of those without fortune,
They should investigate[195]Note 195 · p. 397 · དཔྱད་པར་བྱ་: I keep "investigate", with the text. Gemini 4 Neon's "practice" presupposes སྤྱད་. within the Dharma of cause and effect.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Gnas lugs rin po che'i mdzod/Chapter 1/Commentary (a parallel: གནས་ལུགས་རིན་པོའི་ཆེའི་མཛོད), 63 % of the words.

Since this is what is found in our scripture,[196]Note 196 · p. 397 · ཁོ་བོ་ཅག་གི་ལུང་ / Adzom གིས་: I follow གི་ ("our scripture"). Adzom's instrumental would give "since it is found in scripture, as we have shown", with little change in sense.

we for our part do not act in contradiction to scripture.

Again, that person of little fortune may say: "Granted it is true that,[197]Note 197 · p. 397 · བྱར་མེད་པ་དང་བདེན་ན་: དང་ is odd here (perhaps for དག་ or དེ་). I translate the evident concessive sense, "Granted it is true that…". since everything is equal in awareness, there is nothing to be done deliberately; still, since by doing

[p. 398] there is accomplishment, and without doing there is no accomplishment, one must act."

To this I say: If it is not accomplished, it will not be accomplished even by striving to accomplish it; if it is accomplished, there is no need to accomplish it. Since effort and striving are relative, there is nothing whatsoever they can do to mind itself, the ultimate; and in mind itself dharmakāya is already accomplished. Moreover, it is evident if left as it is and is not accomplished if acted upon, just as a reflection in limpid water is not evident when the water is stirred up. From that same tantra:

Buddhahood is not accomplished by striving to accomplish it;
Unsought, abiding naturally, it is spontaneously present (lhun gyis grub).
Without seeking, rest without thought in what abides naturally.Kun byedQuotation (the text says: the same source: རྒྱུད་དེ་ཉིད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 77 % of the words.

Therefore effort and striving are an obstacle to awakening. As with ruffling what needs to be left to settle,[198]Note 198 · p. 398 · འཇོག་དགོས་པ་གཟིངས་པ་ལྟར་ / Adzom གཟེངས་པ་: I follow the text, taking གཟིངས་པ་ as "ruffling, disturbing" what must be left alone (Dharmamitra, Gemini 4 Neon, GPT-6.2 Astra). This continues the image of stirred water and suits the argument that effort is only an obstacle. Adzom's གཟེངས་པ་ would give "like raising up what must be set down", much the same point. Claude Fable 5.2's "like a raft, they must be left behind" (གཟིངས་ as raft) would grant effort a provisional use, which the passage denies, and strains the syntax. to do and to seek with regard to mind itself, in which there is nothing to be done, sets cause and effect, and ground and path, in contradiction, and so it is a grave fault, that of nonaccomplishment. From the All-Creating King:

Unaware of what is already done and beyond effort and striving,
If one holds that it is accomplished by meditating with the action and agent of effort and striving,[199]Note 199 · p. 398 · The last verse breaks off in the Tibetan in the middle of བྱ་བྱེད་ ("action and agent"). I have completed its second line from the next page, since English word order requires it. The next part should begin with the third line (བྱང་ཆུབ་གེགས་སུ་དེ་ལས་ཆེ་བ་མེད།).

[p. 399] There is no greater obstacle to awakening than that.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 100 % of the words.
[200]Note 200 · p. 399 · The opening words of the page (byed bsgoms nas grub lta na) were already rendered at the end of the previous part, so the translation begins with the last line of the quotation. Gemini 4 Neon, GPT-6.2 Astra, Claude Fable 5.2 translated them again.

Suppose it is said, "That may well be so, but since I have not yet arrived at that level, I do need to act." The reply is this: O unfortunate one, there is no going from one place to another. Since there is no going, there is no arriving. You, who are like someone who is already himself and yet goes off in search of himself, are quite a marvel! Since one like you stands outside our scriptures,[201]Note 201 · p. 399 · kho bo cag gi lung las khyod lta bu phyi rol du gyur pas: read with Gemini 4 Neon and Dharmamitra as "outside our scriptures" (lung las phyi rol du gyur pa). GPT-6.2 Astra and Claude Fable 5.2 take lung las with bstan pa ("in our scriptures those like you are shown to be outsiders"), which is also possible. you are shown to be an object of the utmost censure. From that same tantra:

Desiring bliss, they turn their backs on bliss.
Already held by bliss, with bliss they search for bliss.
Deluded about awakening, ever ravenous, they feed upon the Dharma.[202]Note 202 · p. 399 · ye rngams chos la za: obscure. I take ye as an intensifier ("ever, utterly") and rngams as ravenous craving, hence "ever ravenous, they feed upon the Dharma", close to Gemini 4 Neon, GPT-6.2 Astra, Claude Fable 5.2. Dharmamitra's "primordial awe consumes phenomena" does not fit the context. Ye is not rendered "primordial" here because it is adverbial. Chos is taken as the Dharma that is striven at, in line with the surrounding argument.
A subject such as this does not see buddhahood.Kun byedQuotation (the text says: the same source: རྒྱུད་དེ་ཉིད་ལས)

The quoted words were not found among the texts on this wiki.

As for the counsel that later generations, too, should keep this secret from those of such a kind, again from that same tantra:

If therein they do not see my nature,

[p. 400] My vehicle, the all-creating one's, is not to be taught.
Since they lack the fortune for the meaning of the Great Perfection,
Lead them into the scriptures of provisional meaning,[203]Note 203 · p. 400 · drang ba'i lung la gzung (e-text) / gzud (Adzom): I follow Adzom's gzud, "lead them into", which gives the better sense and syntax with la. The e-text's gzung would give "hold [them] to the scriptures of provisional meaning" (so Gemini 4 Neon, GPT-6.2 Astra, Claude Fable 5.2). Dharmamitra's "guided by" loosely matches gzud. the vehicles of cause and effect.
This—that I am primordially beyond the domain of experience—
If taught to the unfortunate who delight in cause and effect,
Will bring about superimposition and denial; and so,
If it is taught, through having denied their own mind
They will be born among the six classes of beings and remain forever in saṃsāra.Kun byedQuotation (the text says: the same source: ཡང་རྒྱུད་དེ་ཉིད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 87 % of the words.

1.11.8.3 All of a yogin's everyday conduct arises as Dharma རྣལ་འབྱོར་པའི་སྤྱོད་ལམ་ཐམས་ཅད་ཆོས་སུ་ཤར་བ1.11.8.3 All of a yogin's everyday conduct arises as Dharma (topical division)
Though acting within the ordinary state, the yogin's conduct equals Dharma practice, since all activity is spontaneously the display of the nature of phenomena. Long citations from the Pearl Garland (eating as approach, body as vase, etc.) and the All-Creating King (afflictions and sense pleasures as ornaments of basic space).

Thus, even though one has put a stop to the action and agent[205]Note 205 · p. 400 · chos kyi bya byed bkag nas … spyod kyang: taken as one concessive clause about the yogin who has stopped deliberate Dharma activity, with Claude Fable 5.2 and Dharmamitra. Gemini 4 Neon reads bkag nas as the author's refutation of the foregoing, which is possible. of Dharma and acts within the ordinary, naturally settled state, not only is there no difference, on the level of fundamental nature, in the essence of awareness between oneself and those who have applied effort and striving to the Dharma; ordinary action and agent and my practising of the Dharma,[204]Note 204 · p. 400 · kho bo'i chos byas pa: "my practising of the Dharma" with GPT-6.2 Astra, Claude Fable 5.2, Dharmamitra. Gemini 4 Neon's "their performance of Dharma" misreads the pronoun. the two, are equal. For since all of a yogin's everyday conduct has already arisen as Dharma, it is spontaneously present as the display of the nature of phenomena. From the Pearl Garland:

For one who longs for mahāmudrā (phyag rgya chen po),
Eating and drinking are the approach (bsnyen pa);
Lying down and

Translation notes
  • 167. [p. 390] rnal 'byor ris med lta ba: the text has rnal 'byor, "yoga", not rnal 'byor pa; Gemini 4 Neon, Dharmamitra and Claude Fable 5.2 have "the yogin's view".
  • 168. [p. 390] zang ma thal byung 'bras bu: "the fruition, utterly transparent"; Dharmamitra's "fruition directly breaking through into" imports thal lo from the prose.
  • 169. [p. 390] zhes pa thog tu babs pa'i dus so: "the time when these words have come directly home" (so GPT-6.2 Astra, Gemini 4 Neon, Claude Fable 5.2); Dharmamitra's "when it directly descends upon you" drops zhes pa.
  • 170. [p. 390] Root verse, snang ba ci shar yang: Adzom reads cir shar yang ("however appearances arise"); the text's ci ("whatever appearances arise") is kept, and the difference is slight.
  • 171. [p. 390] gnam sa 'dre ldog: taken as concessive ("sky and earth may mingle and overturn, yet…"), with all drafts.
  • 172. [p. 390] The last sentence breaks off at rtogs (-pas on the next page); the English stops at a comma, leaving the causal "so that / since" to the next part.
  • 173. [p. 391] Dharmamitra begins by retranslating the last sentences of the previous part; these are omitted. Dharmamitra also sets the prose "Whatever appears… whatever stirs…" as verse, though it is commentary.
  • 174. [p. 391] mthong shes rig pa: Adzom reads mthong zhes rig pa ("what is called seeing is not different from awareness"). I follow the e-text, shes ("seeing, knowing and awareness"), as all drafts do; the variant may be an OCR slip.
  • 175. [p. 391] grol ba de dang de nyid grol is terse. Gemini 4 Neon has "freed right as each very thing", GPT-6.2 Astra "each is free in and of itself", Dharmamitra "Liberation is that". I keep the literal "that and that itself are free" (so Claude Fable 5.2), which preserves the pairing of face and mirror, appearance and awareness.
  • 176. [p. 391] rang byung stong yul bas: the syntax is uncertain. I read "the object is self-arisen and empty" (Claude Fable 5.2, Dharmamitra) rather than "the self-arisen has an empty object-field" (Gemini 4 Neon).
  • 177. [p. 391] dgongs pa is "enlightened intent" per glossary, against GPT-6.2 Astra's "realization"; grol ba is "freedom", against Dharmamitra's "liberation"; ye shes and rol pa follow the glossary, against Dharmamitra's "timeless awareness" and "play".
  • 178. [p. 392] go gcig pa means "of one standing, alike" (Claude Fable 5.2, Gemini 4 Neon, GPT-6.2 Astra), not "understood to be identical" (Dharmamitra).
  • 179. [p. 392] The two clauses ending in …pa'i phyir are read as reasons for the statements before them (…med de / … phyir), as the paragraph break in the e-text suggests; Gemini 4 Neon does this for the second. Claude Fable 5.2, GPT-6.2 Astra and Dharmamitra attach them to what follows. The sense is little affected.
  • 180. [p. 393] dngos po'i chos / mtshan ma'i chos: chos is kept as "phenomena" per glossary (Claude Fable 5.2, Gemini 4 Neon), against "properties" (GPT-6.2 Astra) and "attributes" (Dharmamitra). 'das pa here is "beyond", not nirvāṇa.
  • 181. [p. 393] tha mal rang babs kyi snang bar spyod pa: read as "act in a manner that appears ordinary and naturally settled" (so Claude Fable 5.2), in light of rang babs tha mal du snang ba on p. 394. Gemini 4 Neon, GPT-6.2 Astra and Dharmamitra have "act within/among ordinary appearances".
  • 182. [p. 393] zang ka is "unalloyed" per glossary, against Gemini 4 Neon "unimpeded", GPT-6.2 Astra "wide open" and Dharmamitra "transparent openness". thod rgal is "direct crossing" per glossary; here it describes awareness's unconstrained state, not the practice.
  • 183. [p. 394] chos ma byas ye zin in the commentary: chos is the Dharma, as the next phrase chos zin nas chos bor chos las 'das pa shows (Claude Fable 5.2, Gemini 4 Neon, GPT-6.2 Astra), not "phenomena" (Dharmamitra). zin is "attained", echoing ye zin.
  • 184. [p. 394] chos kyi bya byed is rendered "the doings of Dharma", not the glossary's "action and agent"; the plain sense is activity, parallel to chos kyi bya ba below.
  • 185. [p. 394] 'jig rten nyid las: read as "nothing but the world itself" (Gemini 4 Neon, GPT-6.2 Astra); Claude Fable 5.2's "knowing only the world" and Dharmamitra's "merely worldly" are looser.
  • 186. [p. 394] The last sentence breaks off at sems las su and is completed in the next part; Dharmamitra omits it.
  • 187. [p. 395] The complement of གྱུར་པ་ stands in the Tibetan of the previous part, which this part does not show. "Has turned into karma" follows Claude Fable 5.2, Dharmamitra and GPT-6.2 Astra, which point to ལས་སུ་གྱུར་པ་; this fits the "freedom from karma and karmic ripening" that follows. Gemini 4 Neon's "becomes so" leaves it blank.
  • 188. [p. 395] གྲེས་མའི་ཐག་པ་: གྲེས་མ་ is a grass used for rope (Gemini 4 Neon: "iris grass"). I render it generically as "a rope of plaited grass", with Claude Fable 5.2.
  • 189. [p. 395] ཤེས་པ་དགག་སྒྲུབ་ཏུ་སྐྱེ་བར་སྣང་བ་: "cognition appears to arise as negation and affirmation" (Claude Fable 5.2, Gemini 4 Neon). Dharmamitra's "appearances of consciousness arising" misconstrues the syntax and leaves the sentence broken.
  • 190. [p. 395] ཞེན་པ་རང་མཚན་པ་: rendered with the glossary term as clinging "that has its specific characteristics intact", i.e. real, full-fledged clinging (Claude Fable 5.2 "full-fledged", Dharmamitra and Gemini 4 Neon "concrete"). GPT-6.2 Astra's "attachment that takes things to be real" is an interpretation.
  • 191. [p. 396] ཡང་རྗེས་སུ་གདམས་པ་: kept neutral as "in the instruction", without "his". The text does not say that both quotations come from the same master (the first is known from Saraha's dohās, the second as Tilopa's words to Nāropa).
  • 192. [p. 396] ཐ་མལ་པ་ལ་ལོག་རྟོག་སྤང་བ་: with ལ་ I read "misconceptions regarding the ordinary" (Dharmamitra, Gemini 4 Neon), the yogin's ordinariness just discussed. Claude Fable 5.2 and GPT-6.2 Astra have "of ordinary people", which would expect a genitive.
  • 193. [p. 397] རྩོལ་སྒྲུབ་རྒྱུ་འབྲས་ལ་རེ་བ་: "one who places hope in effort and striving and in cause and effect" (Claude Fable 5.2, Gemini 4 Neon). Dharmamitra's "hope for effort, achievement, cause, and effect" misreads the phrase. GPT-6.2 Astra's "conventional" for ཀུན་རྫོབ་ on p. 398 goes against the glossary ("relative").
  • 194. [p. 397] མ་རིག་ in the first verse line is verbal, "unaware that it is so" (Claude Fable 5.2, Gemini 4 Neon, GPT-6.2 Astra), not Dharmamitra's "the ignorance of effort". In the fourth line it is the noun "unawareness", per the glossary, rather than "ignorance".
  • 195. [p. 397] དཔྱད་པར་བྱ་: I keep "investigate", with the text. Gemini 4 Neon's "practice" presupposes སྤྱད་.
  • 196. [p. 397] ཁོ་བོ་ཅག་གི་ལུང་ / Adzom གིས་: I follow གི་ ("our scripture"). Adzom's instrumental would give "since it is found in scripture, as we have shown", with little change in sense.
  • 197. [p. 397] བྱར་མེད་པ་དང་བདེན་ན་: དང་ is odd here (perhaps for དག་ or དེ་). I translate the evident concessive sense, "Granted it is true that…".
  • 198. [p. 398] འཇོག་དགོས་པ་གཟིངས་པ་ལྟར་ / Adzom གཟེངས་པ་: I follow the text, taking གཟིངས་པ་ as "ruffling, disturbing" what must be left alone (Dharmamitra, Gemini 4 Neon, GPT-6.2 Astra). This continues the image of stirred water and suits the argument that effort is only an obstacle. Adzom's གཟེངས་པ་ would give "like raising up what must be set down", much the same point. Claude Fable 5.2's "like a raft, they must be left behind" (གཟིངས་ as raft) would grant effort a provisional use, which the passage denies, and strains the syntax.
  • 199. [p. 398] The last verse breaks off in the Tibetan in the middle of བྱ་བྱེད་ ("action and agent"). I have completed its second line from the next page, since English word order requires it. The next part should begin with the third line (བྱང་ཆུབ་གེགས་སུ་དེ་ལས་ཆེ་བ་མེད།).
  • 200. [p. 399] The opening words of the page (byed bsgoms nas grub lta na) were already rendered at the end of the previous part, so the translation begins with the last line of the quotation. Gemini 4 Neon, GPT-6.2 Astra, Claude Fable 5.2 translated them again.
  • 201. [p. 399] kho bo cag gi lung las khyod lta bu phyi rol du gyur pas: read with Gemini 4 Neon and Dharmamitra as "outside our scriptures" (lung las phyi rol du gyur pa). GPT-6.2 Astra and Claude Fable 5.2 take lung las with bstan pa ("in our scriptures those like you are shown to be outsiders"), which is also possible.
  • 202. [p. 399] ye rngams chos la za: obscure. I take ye as an intensifier ("ever, utterly") and rngams as ravenous craving, hence "ever ravenous, they feed upon the Dharma", close to Gemini 4 Neon, GPT-6.2 Astra, Claude Fable 5.2. Dharmamitra's "primordial awe consumes phenomena" does not fit the context. Ye is not rendered "primordial" here because it is adverbial. Chos is taken as the Dharma that is striven at, in line with the surrounding argument.
  • 203. [p. 400] drang ba'i lung la gzung (e-text) / gzud (Adzom): I follow Adzom's gzud, "lead them into", which gives the better sense and syntax with la. The e-text's gzung would give "hold [them] to the scriptures of provisional meaning" (so Gemini 4 Neon, GPT-6.2 Astra, Claude Fable 5.2). Dharmamitra's "guided by" loosely matches gzud.
  • 204. [p. 400] kho bo'i chos byas pa: "my practising of the Dharma" with GPT-6.2 Astra, Claude Fable 5.2, Dharmamitra. Gemini 4 Neon's "their performance of Dharma" misreads the pronoun.
  • 205. [p. 400] chos kyi bya byed bkag nas … spyod kyang: taken as one concessive clause about the yogin who has stopped deliberate Dharma activity, with Claude Fable 5.2 and Dharmamitra. Gemini 4 Neon reads bkag nas as the author's refutation of the foregoing, which is possible.
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the commentary announces and opens), gold the quotations, red the words of the root verses (or of a quotation) that the commentary quotes to explain them, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program, the root verses by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Root verses being explainedAuthor's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 390]
གསལ་བའི་སྤྱོད་པ་ཡིན།
།བཟང་དང་ངན་པའི་རྟོག་པ་རྣམས།
།བསྒོམ་པ་ཆུ་བོའི་ཀློང་ཆེན་ཡིན།
།ལོག་ལྟ་ཡང་དག་འདོད་པ་རྣམས།
།རྣལ་འབྱོར་རིས་མེད་ལྟ་བ་ཡིན།
།རེ་དང་དོགས་པར་འཛིན་པ་ཀུན།
།ཟང་མ་ཐལ་བྱུང་འབྲས་བུ་ཡིན།
།ཞེས་པ་ཐོག་ཏུ་བབས་པའི་དུས་སོ། །རྟོགས་པ་དེ་དག་གི་རང་བཞིན་གསལ་བར་བཤད་པ་ནི། གནམ་ས་འདྲེ་ལྡོག་སྣང་བ་ཅི་ཤར་ཡང༌། །ཕྱལ་བ་ལྷུག་པ་གཞི་མེད་ཟང་ཀ་མ། །གཏད་མེད་ཟ་ཟི་བན་བུན་ཕྱལ་མ་ཕྱོལ། །རེ་དོགས་གཉིས་མེད་སྨྱོན་པའི་ངང་ཚུལ་ཅན། །ལྟ་སྒོམ་རིས་མེད་ཆེད་འཛིན་འདོད་བློ་ཞིག །ཞེ་འདོད་འཁྲིས་མེད་འདི་ཞེས་རྩོལ་སྒྲུབ་མེད། །དེ་ཅིའི་ཕྱིར་ཞེ་ན། དགོངས་པ་ཆོས་ཉིད་ལས་མ་གཡོས་པས་ཆོས་ཟད་མིང་མེད་དུ་གྲོལ་བའི་ཕྱིར། ཅིར་སྣང་རང་བྱུང་ཡེ་ཤེས་ཀྱི་རོལ་པར་མཐོང་བ་མེ་ལོང་དུ་བཞིན་གྱི་གཟུགས་བརྙན་ཤར་བ་ལྟར་རྟོགས་

Is the conduct of lucid, empty awareness.
Conceptual thoughts of good and bad
Are meditation, the great expanse of a river.
Wrong views and assertions of what is authentic
Are the view of yoga, free of bias.[167]Note 167 · p. 390 · rnal 'byor ris med lta ba: the text has rnal 'byor, "yoga", not rnal 'byor pa; Gemini 4 Neon, Dharmamitra and Claude Fable 5.2 have "the yogin's view".
All grasping in hope and in fear
Is the fruition, utterly transparent.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Klong chen rab byams gsung 'bum/volume 019 459 (a parallel: ཚིག་དོན་རིན་པོ་ཆེའི་མཛོད), 90 % of the words.
[168]Note 168 · p. 390 · zang ma thal byung 'bras bu: "the fruition, utterly transparent"; Dharmamitra's "fruition directly breaking through into" imports thal lo from the prose.

This is the time when these words have come directly home.[169]Note 169 · p. 390 · zhes pa thog tu babs pa'i dus so: "the time when these words have come directly home" (so GPT-6.2 Astra, Gemini 4 Neon, Claude Fable 5.2); Dharmamitra's "when it directly descends upon you" drops zhes pa.

1.11.6 Clear explanation of the nature of these realizations རྟོགས་པ་དེ་དག་གི་རང་བཞིན་གསལ་བར་བཤད་པ1.11.6 Clear explanation of the nature of these realizations (topical division)
Root verse: whatever appears is wide open, groundless and unalloyed, without hope or fear and without biased view or meditation. Because intent never stirs from the nature of phenomena, appearances are seen as empty forms, the display of awareness, like reflections in a mirror; accepting and rejecting are exhausted (Reverberation of Sound).

The nature of these realizations is clearly explained:

Sky and earth may mingle and overturn,[171]Note 171 · p. 390 · gnam sa 'dre ldog: taken as concessive ("sky and earth may mingle and overturn, yet…"), with all drafts. yet whatever appearances arise[170]Note 170 · p. 390 · Root verse, snang ba ci shar yang: Adzom reads cir shar yang ("however appearances arise"); the text's ci ("whatever appearances arise") is kept, and the difference is slight.
Are wide open, loose, groundless, unalloyed,
With nothing to fix upon—indistinct, evanescent, sprawling wide open.
With neither hope nor fear, one has the manner of a madman.
With no bias as to view and meditation, the wanting intellect with its deliberate grasping has fallen apart.
With no attachment to heartfelt wants, there is no effort and striving toward any "this."

Why is that? Because, enlightened intent not having stirred from the nature of phenomena, there is freedom in the exhaustion of phenomena, where there are no names. Whatever appears is seen as the display of self-arisen primordial wisdom, and this is realized to be like the reflection of a face arising in a mirror,[172]Note 172 · p. 390 · The last sentence breaks off at rtogs (-pas on the next page); the English stops at a comma, leaving the causal "so that / since" to the next part.

[p. 391]
པས། ཕྱི་ཡུལ་དུ་མཐོང་བ་རིག་པའི་རོལ་པ་དེ་སྐྱེ་བ་མེད་པའི་སྟོང་གཟུགས་ཙམ་ལས། ཆོས་ཉིད་ནམ་མཁའ་ལྟར་དག་པས་རང་གི་རིག་པའི་ཆོས་ཉིད་དང་གཉིས་སུ་མེད་པར་མཐོང་སྟེ། ཅི་སྣང་ཡང་སྟོང་གཟུགས་རིག་པའི་རོལ་པ། ཅི་འགྱུས་ཀྱང་ཡེ་སངས་རྗེས་མེད། དུས་གསུམ་གྱི་ཆོས་ཉིད་དུ་མཉམ་པས་བྱར་མེད་བློ་འདས་ཆེན་པོར་གྲོལ་བའི་ཕྱིར་ན། བླང་དོར་གྱི་ཆོས་ཟད་པའི་དུས་ཞེས་བྱ་སྟེ། ཐལ་འགྱུར་ལས། དགོངས་པ་གཅིག་ལས་གཡོས་པ་མེད།
།སྣང་བ་སྣང་བའི་ཐོག་གསལ་བས།
།བཞིན་དང་མེ་ལོང་ལྟ་བུ་ལས།
།གྲོལ་བ་དེ་དང་དེ་ཉིད་གྲོལ།
།དེ་ལ་རང་བྱུང་སྟོང་ཡུལ་བས།
།མཐོང་ཤེས་རིག་པ་ཐ་དད་མིན།
།དེ་ཉིད་རང་གི་ཐོག་ཏུ་གྲོལ།
།གཅིག་ཤེས་པས་ནི་ཀུན་གྲོལ་ཕྱིར།
།གཉིས་དང་གསུམ་གྱི་གྲངས་མཐའ་ཟད།
།རྟོག་ཅིང་འཛིན་པའི་ཡུལ་མི་སྣང༌།
།འགྱུ་དང་

so that the display of awareness seen as outer objects is no more than unborn empty forms and, the nature of phenomena being pure like space, is seen to be nondual with the nature of phenomena of one's own awareness. Whatever appears is empty form, the display of awareness; whatever moves is primordially cleared away without a trace. Since there is equality in the nature of phenomena of the three times, there is freedom in the great state beyond the intellect, where there is nothing to be done. That is why this is called "the time when the phenomena of accepting and rejecting are exhausted." The Reverberation of Sound says:

There is no stirring from the single enlightened intent.[177]Note 177 · p. 391 · dgongs pa is "enlightened intent" per glossary, against GPT-6.2 Astra's "realization"; grol ba is "freedom", against Dharmamitra's "liberation"; ye shes and rol pa follow the glossary, against Dharmamitra's "timeless awareness" and "play".
Since appearances are lucid right upon appearing,
As with a face and a mirror,
In freedom, that and that itself are free.[175]Note 175 · p. 391 · grol ba de dang de nyid grol is terse. Gemini 4 Neon has "freed right as each very thing", GPT-6.2 Astra "each is free in and of itself", Dharmamitra "Liberation is that". I keep the literal "that and that itself are free" (so Claude Fable 5.2), which preserves the pairing of face and mirror, appearance and awareness.
Since, in this, the object is self-arisen and empty,[176]Note 176 · p. 391 · rang byung stong yul bas: the syntax is uncertain. I read "the object is self-arisen and empty" (Claude Fable 5.2, Dharmamitra) rather than "the self-arisen has an empty object-field" (Gemini 4 Neon).
Seeing, knowing and awareness are not different.[174]Note 174 · p. 391 · mthong shes rig pa: Adzom reads mthong zhes rig pa ("what is called seeing is not different from awareness"). I follow the e-text, shes ("seeing, knowing and awareness"), as all drafts do; the variant may be an OCR slip.
That itself is free right upon itself.
Because by knowing one, all is free,
The limits of number, two and three, are exhausted.
No object to be conceived and grasped appears.[173]Note 173 · p. 391 · Dharmamitra begins by retranslating the last sentences of the previous part; these are omitted. Dharmamitra also sets the prose "Whatever appears… whatever stirs…" as verse, though it is commentary.

[p. 392]
འཛིན་པ་ཡེ་ནས་སྟོང༌།
།སྟོང་པའི་དགོངས་པ་གསལ་རྫོགས་པས།
།དུ་མའི་གྲངས་མཐའ་ཟད་པའོ།
།ཞེས་སོ། །རྟོགས་པ་ཁོང་ནས་ཤར་བའི་རྣལ་འབྱོར་པ་གང་ཤར་འདེམ་ཀ་མེད་པར་ཆོས་ཉིད་དུ་གྲོལ་བར་བསྟན་པ་ནི། གང་བྱུང་བྱུང་ལ་གང་སྣང་སྣང་དུ་ཆུག །གང་ཤར་ཤར་ལ་གང་ཡིན་ཡིན་དུ་ཆུག །གང་ཡང་ཡིན་ལ་གང་ཡང་མིན་དུ་ཆུག །འདི་ལ་རིག་པའི་སྟེང་ན་ཁྱད་པར་གང་ཡང་མེད་དེ། རིག་པ་གཅིག་གི་ངང་ནས་ཤར་བས་གཞི་ལ་བཟང་ངན་མེད་པ་དང༌། ཤར་ཚད་རིག་པའི་རྩལ་ལས་གཞན་མེད་པས་རྩལ་གྱི་ངོ་བོ་ལ་བཟང་ངན་མེད་པ་དང༌། ཤར་བས་གྲོལ་ཟིན་པའི་ཕྱིར་མ་བཟུང་ན་རང་ཡལ་དུ་གོ་གཅིག་པས་ངོ་བོ་ལ་བཟང་ངན་མེད་པ་དང༌། ཅི་ཤར་ཅི་སྣང་ནས་གཞི་ལ་མེད་པའི་སྣང་བ་ཡིན་པས་སྟོང་ཟིན་ཏེ། གྲུབ་དོགས་པ་མེད་པས་སྨིག་རྒྱུའི་ཆུ་ལྟར་མེད་པ་གསལ་སྣང་ལ་བློས་གཟུང་བ་དགོས་

Movement and grasping are primordially empty.
Since the enlightened intent of emptiness (stong pa) is lucid and perfect,
The limits of number, the many, are exhausted.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra)
Identification: high confidence
The quoted words are in Ngb-pt-0056-vol-01-text (the text itself), 83 % of the words.

1.11.7 For yogins in whom realization has dawned, whatever arises is free in the nature of phenomena without choosing རྟོགས་པ་ཁོང་ནས་ཤར་བའི་རྣལ་འབྱོར་པ་གང་ཤར་འདེམ་ཀ་མེད་པར་ཆོས་ཉིད་དུ་གྲོལ་བ1.11.7 For yogins in whom realization has dawned, whatever arises is free in the nature of phenomena without choosing (topical division)
Root verse: let whatever occurs, appears or arises be as it is. Since everything arises from one awareness as its dynamic energy, is free on arising and is groundless like a mirage, there is no good or bad and nothing to adopt or abandon; this is termed beyond extremes.

That for yogins in whom realization has dawned from within, whatever arises is free in the nature of phenomena, with no picking and choosing, is taught:

Whatever occurs, let it occur; whatever appears, let it appear.
Whatever arises, let it arise; whatever is, let it be.
Let it be anything at all, and let it be nothing at all.

In this there is no distinction whatsoever at the level of awareness. For since everything arises from within the state of the one awareness, there is no good or bad in the ground; since all that arises is nothing other than the dynamic energy of awareness, there is no good or bad in the essence of that dynamic energy; since it is already free by arising, it is all alike in vanishing of itself[178]Note 178 · p. 392 · go gcig pa means "of one standing, alike" (Claude Fable 5.2, Gemini 4 Neon, GPT-6.2 Astra), not "understood to be identical" (Dharmamitra). if it is not grasped, and so there is no good or bad in its essence; and since whatever arises and whatever appears is, from the moment it does so, an appearance that does not exist in the ground, it is already empty—there being no fear that it might prove to be established, there is no need for the intellect to grasp[179]Note 179 · p. 392 · The two clauses ending in …pa'i phyir are read as reasons for the statements before them (…med de / … phyir), as the paragraph break in the e-text suggests; Gemini 4 Neon does this for the second. Claude Fable 5.2, GPT-6.2 Astra and Dharmamitra attach them to what follows. The sense is little affected. at the lucid appearance of what does not exist (med pa gsal snang), which is like the water of a mirage.

[p. 393]
པ་མེད་པའི་ཕྱིར། རྣལ་འབྱོར་པ་ལ་ཡུལ་སྣང་དང་བློ་རྟོག་གང་ཡང་སྤང་བླང་གི་འདེམ་ཀ་བྱར་མེད་དེ། གཞི་མེད་ཆོས་ཟད་མིང་མེད་དུ་གོ་གཅིག་པའི་ཕྱིར། མཐའ་ལས་འདས་པ་ཞེས་ཐ་སྙད་དུ་བརྗོད་དེ། རིག་པ་རང་གྲོལ་ལས། སྣང་བ་དངོས་པོའི་ཆོས་ཀྱིས་སྟོང༌།
།སྟོང་པ་མཚན་མའི་ཆོས་ལས་འདས།
།འདས་པ་ཉིད་ལ་བརྗོད་དུ་མེད།
།ཅེས་སོ། །གཏད་མེད་ཡོངས་གྲོལ་དུ་རྟོགས་པའི་རྣལ་འབྱོར་པ་ལ་ཀུན་སྤྱོད་ངེས་པ་མེད་ཅིང༌། ཐ་མལ་རང་བབས་ཀྱི་སྣང་བར་སྤྱོད་པ་ནི། ཀུན་སྤྱོད་ངེས་མེད་རིག་པ་ཐོད་རྒལ་ངང༌། །ཆོས་དང་ཆོས་མིན་རྩིས་གཞི་འགའ་མེད་པས།
།གཏད་མེད་ཟང་ཀ་གྲུབ་མཐའི་གཟེབ་ལས་འདས།
།ཟ་འཆག་ཉལ་འདུག་ཉིན་ཞག་ཕྱམ་གདལ་བས།
།རང་བཞིན་ཆོས་ཉིད་མཉམ་པའི་ངང་ཉིད་དོ།
།མཆོད་པའི་ལྷ་མེད་བརྡུང་བའི་འདྲེ་ཡང་མེད།
།བསྒོམ་པའི་ཆོས་མེད་ཐ་

For yogins there is no picking and choosing to be done, no abandoning or adopting, with regard to any appearance of objects or any thought of the intellect, because all are alike as the groundless exhaustion of phenomena, where there are no names. This is expressed in conventional designation as "beyond extremes." The Natural Freedom of Awareness says:

Appearances are empty of the phenomena of substantial entities.[180]Note 180 · p. 393 · dngos po'i chos / mtshan ma'i chos: chos is kept as "phenomena" per glossary (Claude Fable 5.2, Gemini 4 Neon), against "properties" (GPT-6.2 Astra) and "attributes" (Dharmamitra). 'das pa here is "beyond", not nirvāṇa.
Emptiness is beyond the phenomena of marks.
Of that very beyond there is nothing to be said.Rig pa rang grolQuotation (named in the text: རིག་པ་རང་གྲོལ་ལས)
རིག་པ་རང་གྲོལ་ཆེན་པོ་ཐམས་ཅད་གྲོལ་བའི་རྒྱུད, rig pa rang grol chen po thams cad grol ba'i rgyud, The Self-Liberated Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0053-vol-01-text (the text itself), 100 % of the words.

1.11.8 Yogins who realize total freedom have no fixed conduct and act as ordinary and naturally settled གཏད་མེད་ཡོངས་གྲོལ་དུ་རྟོགས་པའི་རྣལ་འབྱོར་པ་ལ་ཀུན་སྤྱོད་ངེས་པ་མེད་ཅིང་ཐ་མལ་རང་བབས་ཀྱི་སྣང་བར་སྤྱོད་པ1.11.8 Yogins who realize total freedom have no fixed conduct and act as ordinary and naturally settled (topical division)
Yogins who realize total freedom have no fixed conduct and remain in the ordinary state. They differ from worldlings because their appearances, free of clinging, cannot bind. Advocates of effortful practice for a fruit are answered and are to be guided by the causal vehicles. All of the yogin's everyday activity arises as Dharma.

For yogins who have realized total freedom (yongs grol) with nothing to fix upon, there is no fixed conduct, and they act in a manner that appears ordinary and naturally settled:[181]Note 181 · p. 393 · tha mal rang babs kyi snang bar spyod pa: read as "act in a manner that appears ordinary and naturally settled" (so Claude Fable 5.2), in light of rang babs tha mal du snang ba on p. 394. Gemini 4 Neon, GPT-6.2 Astra and Dharmamitra have "act within/among ordinary appearances".

Conduct is not fixed: the state of awareness in its direct crossing.
Since there is no basis at all for reckoning Dharma and non-Dharma,
With nothing to fix upon, unalloyed,[182]Note 182 · p. 393 · zang ka is "unalloyed" per glossary, against Gemini 4 Neon "unimpeded", GPT-6.2 Astra "wide open" and Dharmamitra "transparent openness". thod rgal is "direct crossing" per glossary; here it describes awareness's unconstrained state, not the practice. it is beyond the cage of philosophical tenets.
Since eating, walking, lying down and sitting extend evenly through day and night,
This is by nature the very state of equality, the nature of phenomena.
There are no gods to worship, nor any demons to strike.
There is no Dharma to meditate upon:

[p. 394]
མལ་རང་གའི་ངང༌། །མ་བཅོས་རྒྱལ་པོ་སྙེམས་མེད་ཕྱམ་གཅིག་པས། །ཕྱལ་བ་ལྷུག་པ་ཡན་པ་གཅིག་པུ་ཉིད། །མ་བྱས་ཡེ་ཟིན་རྩོལ་སྒྲུབ་བྲལ་བས་བདེ། །འདིར་ཆོས་དང་ལམ་ལ་གནས་པའི་གང་ཟག་རྣམས་ལ་ཐ་མལ་བ་ལས་ལོག་ནས་ཆོས་སྤྱོད་ཀྱི་བྱ་བ་བྲེལ་དོ་སྣ་ཚོགས་པས་ཉིན་མཚན་འདའ་བ་ཡིན་ན། ཐ་མལ་དུ་གནས་པས་ཅང་འགྲུབ་བམ། དེ་ལྟར་འཇིག་རྟེན་པ་དང་རྣལ་འབྱོར་པ་གཉིས་ཁྱད་མེད་དོ་སྙམ་པ་ལ་འདི་ལྟར་ཤེས་པར་བྱ་སྟེ། གཅིག་ནི་འཇིག་རྟེན་ཉིད་ལས་ཆོས་ལ་བློ་མ་སྦྱངས་པས། ཆོས་ཡིད་ལ་མེད་པའི་ཕྱིར་ཆོས་ཀྱི་བྱ་བྱེད་དང་བྲལ་བ་ཡིན་ལ། གཅིག་ནི་ཆོས་མ་བྱས་ཡེ་ཟིན་དུ་རྟོགས་པས་བློ་བདེ་སྟེ། ཆོས་ཟིན་ནས་ཆོས་བོར་ཆོས་ལས་འདས་པའི་ཕྱིར་ཆོས་ཀྱི་བྱ་བ་མེད་ཅིང་རང་བབས་ཐ་མལ་དུ་སྣང་བ་ཡིན་ནོ། །ཡང་འདི་ལྟར་འཇིག་རྟེན་པ་ནི་འཇིག་རྟེན་གྱིས་བྲེལ་ནས་སེམས་ལས་སུ་

the state of the ordinary, just as it is.
Since the uncontrived king, without conceit, is single evenness,
There is only this: wide open, loose, unrestrained.
Nothing done, primordially attained (ye zin): free of effort and striving, it is ease.

1.11.8.1 The yogin is not the same as an ordinary worldly person རྣལ་འབྱོར་པ་ཐ་མལ་འཇིག་རྟེན་པ་དང་མཚུངས་པ་མ་ཡིན་པ1.11.8.1 The yogin is not the same as an ordinary worldly person (topical division)
To the doubt that a yogin remaining ordinary is no different from a worldly person: the worldling never trained in Dharma, whereas the yogin has passed beyond it; like a burnt grass rope, the yogin's appearances cannot bind since there is no clinging. Quotes the Lord of Yogins to Nāropa: clinging binds, not appearances.

Here someone might think: "Those who abide in the Dharma and on the path turn away from the ordinary and pass their days and nights in all manner of busy activities of Dharma practice. Is anything at all accomplished, then, by remaining ordinary? In that case there would be no difference between a worldly person and a yogin."

To this, the following should be understood. The one has trained the intellect in nothing but the world itself,[185]Note 185 · p. 394 · 'jig rten nyid las: read as "nothing but the world itself" (Gemini 4 Neon, GPT-6.2 Astra); Claude Fable 5.2's "knowing only the world" and Dharmamitra's "merely worldly" are looser. not in the Dharma, and so, having no thought of the Dharma, is without the doings of Dharma.[184]Note 184 · p. 394 · chos kyi bya byed is rendered "the doings of Dharma", not the glossary's "action and agent"; the plain sense is activity, parallel to chos kyi bya ba below. The other, having realized the Dharma to be something not done but primordially attained,[183]Note 183 · p. 394 · chos ma byas ye zin in the commentary: chos is the Dharma, as the next phrase chos zin nas chos bor chos las 'das pa shows (Claude Fable 5.2, Gemini 4 Neon, GPT-6.2 Astra), not "phenomena" (Dharmamitra). zin is "attained", echoing ye zin. has an intellect at ease; having attained the Dharma, dropped the Dharma and passed beyond the Dharma, that one has no Dharma activity and appears naturally settled and ordinary.

Moreover, it is like this: the worldly person, kept busy by the world, has a mind that[186]Note 186 · p. 394 · The last sentence breaks off at sems las su and is completed in the next part; Dharmamitra omits it.

[p. 395]
གྱུར་པ་ལས་རྣལ་འབྱོར་པ་ལ་དེ་མེད་པས་ཐ་མལ་འཇིག་རྟེན་པ་དང་མཚུངས་པ་མ་ཡིན་པར་ཤེས་པར་བྱའོ། །གལ་ཏེ་མཚུངས་ན་ཐ་མལ་པ་འཁོར་བ་ལྟར། རྣལ་འབྱོར་པ་ཡང་འཁྲུལ་པར་ཐལ་བ་ལས། སྒོ་གསུམ་བྱ་བ་དང་བྲལ་བས་འཁྲུལ་པའི་ཆོས་མེད་པ་དང༌། ཐ་མལ་དུ་སྣང་བ་ཟང་ཐལ་དུ་སངས་པས་འཆིང་བར་མེད་དེ། ལས་དང་རྣམ་སྨིན་ལས་གྲོལ་བ་ནི། དཔེར་ན་གྲེས་མའི་ཐག་པ་མེར་ཚིག་པ་དེ་ཐག་པར་སྣང་ཡང་འཆིང་བའི་དོན་བྱེད་མི་ནུས་པ་དེ་མེས་ཚིག་པ་ལས་བྱུང་བ་ལྟར། རྣལ་འབྱོར་པའི་སེམས་ལ་ཟང་ཐལ་བས་ཤེས་པ་དགག་སྒྲུབ་ཏུ་སྐྱེ་བར་སྣང་བ་དང༌། ཟས་གོས་དང་ནོར་འཛིན་པ་ལྟར་སྣང་ཡང་གཞི་མེད་རྨི་ལམ་ལྟར་རྟོགས་ནས་མ་ཞེན་པའི་ཕྱིར་འཆིང་མི་ནུས་པ་ཡིན་ལ། འཇིག་རྟེན་པ་ལ་དེ་མེད་པས་ཞེན་པ་རང་མཚན་པས་སེམས་བཅིངས་ཏེ་ཐག་པ་མེར་མ་ཚིག་པ་ལྟར་ནང་སེམས་

has turned into karma,[187]Note 187 · p. 395 · The complement of གྱུར་པ་ stands in the Tibetan of the previous part, which this part does not show. "Has turned into karma" follows Claude Fable 5.2, Dharmamitra and GPT-6.2 Astra, which point to ལས་སུ་གྱུར་པ་; this fits the "freedom from karma and karmic ripening" that follows. Gemini 4 Neon's "becomes so" leaves it blank. whereas the yogin has none of that; so it should be understood that the yogin is not the same as an ordinary worldly person. If they were the same, it would follow that, just as the ordinary person circles in saṃsāra, the yogin too would be deluded. But that is not the case:

Since the three doors (sgo gsum) are free of action, there are no phenomena of delusion, and since what appears as ordinary has cleared into unobstructed transparency, there is nothing to bind. As for this freedom from karma and karmic ripening (rnam smin): a rope of plaited grass[188]Note 188 · p. 395 · གྲེས་མའི་ཐག་པ་: གྲེས་མ་ is a grass used for rope (Gemini 4 Neon: "iris grass"). I render it generically as "a rope of plaited grass", with Claude Fable 5.2. that has been burnt in a fire still appears as a rope, yet it cannot perform the function of binding, and that comes from its having been burnt by the fire. In the same way, since there is unobstructed transparency in the yogin's mind, although cognition appears to arise as negation and affirmation,[189]Note 189 · p. 395 · ཤེས་པ་དགག་སྒྲུབ་ཏུ་སྐྱེ་བར་སྣང་བ་: "cognition appears to arise as negation and affirmation" (Claude Fable 5.2, Gemini 4 Neon). Dharmamitra's "appearances of consciousness arising" misconstrues the syntax and leaves the sentence broken. and although the yogin appears to hold on to food, clothing and wealth, these are realized to be groundless, like a dream, and there is no clinging; therefore they cannot bind. The worldly person has none of that, and so the mind is bound by clinging that has its specific characteristics (rang mtshan) intact;[190]Note 190 · p. 395 · ཞེན་པ་རང་མཚན་པ་: rendered with the glossary term as clinging "that has its specific characteristics intact", i.e. real, full-fledged clinging (Claude Fable 5.2 "full-fledged", Dharmamitra and Gemini 4 Neon "concrete"). GPT-6.2 Astra's "attachment that takes things to be real" is an interpretation. as with a rope that has not been burnt by fire, there is bondage, because negation and affirmation toward the mind within

[p. 396]
དང་ཕྱི་སྣང་བ་ལ་དགག་སྒྲུབ་རང་གར་ཡོད་པས་འཆིང་བའོ། །དེའི་ཕྱིར་རྣལ་འབྱོར་གྱི་དབང་ཕྱུག་གི་ཞལ་སྔ་ནས། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང༌།
།རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ།
།དེ་ལས་གཞན་ཞིག་སུས་ཀྱང་ཤེས་མི་འགྱུར།
།ཞེས་པ་དང༌། ཡང་རྗེས་སུ་གདམས་པ། སྣང་བས་མི་འཆིང་ཞེན་པས་འཆིང༌།
།ཞེན་པ་ཆོད་ཅིག་ནཱ་རོ་པ།
།ཞེས་གསུངས་པ་ལྟ་བུའོ། །ཐ་མལ་པ་ལ་ལོག་རྟོག་སྤང་བ་ནི། བསོད་ནམས་དང་སྐལ་བ་ཆུང་ཞིང་རྟོགས་པ་དང་ཆོས་ཆེན་པོ་ལ་བློ་ཁ་མ་ཕྱོགས་པ་དག་ན་རེ། གནས་ལུགས་རྟོགས་པའི་ངང་ནས་བྱ་བྱའི་ཆོས་སྤྱོད་བྱས་པས་ཆོག་མོད། དེའི་འབྲས་བུ་བདེ་བ་ཐོབ་པ་དེ་མི་འདོད་དམ་ཟེར་རོ། །ལན་བཤད་པ། ཆོས་ཐམས་ཅད་རིག་ངོར་མཉམ་ཤར་ལ་བཟང་ངན་དུ་འབྱེད་པ་ཁྱེད་རང་དེ་ལྟར་གྱིས་ལ་རེམ་ཅིག །ངེད་ནི་རྨི་ལམ་སྣང་བའི་ཆོས་ལ་གཅིག་མི་སྤོང་

and appearances without are present unchecked. Therefore it is as the Lord of Yogins has said:

Whatever you cling to, let go of that as well.
Once it is realized, everything is that;
No one will come to know anything other than that.Do haQuotation (named in the text: རྣལ་འབྱོར་གྱི་དབང་ཕྱུག་གི་ཞལ་སྔ་ནས)
དོ་ཧ་མཛོད་ཀྱི་གླུ, do ha mdzod kyi glu, Saraha's Treasury of Dohā Songs (Dohākoṣagīti), by Saraha · shastra; Tengyur; Toh 2224
Identification: medium confidence (Saraha's sayings are cited under several names; one line belongs to his Queen Dohā (Mi zad pa'i gter mdzod).)
The quoted words are in དོ་ཧ་མཛོད་ཀྱི་གླུ་བཞུགས་སོ། ། (the text itself), 78 % of the words.

And again, in the instruction:[191]Note 191 · p. 396 · ཡང་རྗེས་སུ་གདམས་པ་: kept neutral as "in the instruction", without "his". The text does not say that both quotations come from the same master (the first is known from Saraha's dohās, the second as Tilopa's words to Nāropa).

Appearances do not bind; clinging binds.
Cut through clinging, Nāropa!Tai lo paQuotation (not named in the text: ཡང་རྗེས་སུ་གདམས་པ)
ཏཻ་ལོ་པའི་གདམས་པ, tai lo pa'i gdams pa, Tilopa's instruction to Nāropa, by Tilopa · person
Identification: medium confidence (A well-known saying of Tilopa addressed to Nāropa.)
The quoted words are in Klong chen rab byams gsung 'bum/volume 021 480 (a parallel), 100 % of the words.

It is just as these words declare.

1.11.8.2 Dispelling misconceptions regarding the ordinary ཐ་མལ་པ་ལ་ལོག་རྟོག་སྤང་བ1.11.8.2 Dispelling misconceptions regarding the ordinary (topical division)
Replies to those of little fortune who urge effortful Dharma practice for its fruit: effort and hope in cause and effect contradict the Great Perfection, what is already accomplished needs no accomplishing, effort obstructs awakening, and there is nowhere to go. Citing the All-Creating King, such people are to be led by causal vehicles and the teaching kept secret.

As for dispelling misconceptions regarding the ordinary:[192]Note 192 · p. 396 · ཐ་མལ་པ་ལ་ལོག་རྟོག་སྤང་བ་: with ལ་ I read "misconceptions regarding the ordinary" (Dharmamitra, Gemini 4 Neon), the yogin's ordinariness just discussed. Claude Fable 5.2 and GPT-6.2 Astra have "of ordinary people", which would expect a genitive. those of little merit (bsod nams) and fortune, whose intellect has not turned toward realization and the great Dharma, say: "Surely it is all right to perform, from within the state of realization of the natural state, the Dharma practices that are to be done. Do you not want that attainment of happiness which is their fruition?"

The reply is this. All phenomena arise equally in the face of awareness; you who divide them into good and bad, do just that yourselves, and exert yourselves at it! As for us, among phenomena that are dream appearances we neither abandon one

[p. 397]
གཅིག་མི་ལེན། སྤོང་ལེན་དང་རྩོལ་སྒྲུབ་བྱེད་ན་རྣལ་འབྱོར་པ་དང་འགལ་ཏེ། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ནི། འབྲས་བུ་ལ་རེ་བ་མ་ཡིན་ལ། རྩོལ་སྒྲུབ་རྒྱུ་འབྲས་ལ་རེ་བ་འདིའི་སྣོད་མ་ཡིན་པས། ཐེག་དམན་བྱིས་པ་གྲོང་པའི་ཆོས་ལ་སྦྱར་བར་གསུངས་ཏེ། ཀུན་བྱེད་ལས། དེ་ལྟར་མ་རིག་རྩོལ་སྒྲུབ་བྱས་གྱུར་ན།
།རྒྱུ་འབྲས་འདས་པའི་དོན་དང་འགལ་གྱུར་ནས།
།བྱར་མེད་བདེ་ཆེན་དེ་དང་མི་འཕྲད་དེ།
།རྩོལ་སྒྲུབ་ནད་ཀྱི་མ་རིག་དེས་ཟིན་འགྱུར།
།དེ་བས་རྒྱུ་འབྲས་འདས་པའི་རྫོགས་ཆེན་ལ།
།སྐལ་མེད་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས།
།རྒྱུ་དང་འབྲས་བུའི་ཆོས་སུ་དཔྱད་པར་བྱ།
།ཞེས་པས་ཁོ་བོ་ཅག་གི་ལུང་ལས་འབྱུང་བས། ཁོ་བོ་ཅག་གི་ནི་ལུང་དང་འགལ་བར་མི་བྱེད་དོ། །ཡང་སྐལ་ཆུང་པོ་དེ་ན་རེ། ཐམས་ཅད་རིག་པར་མཉམ་པས་ཆེད་དུ་བྱར་མེད་པ་དང་བདེན་ན་བྱས་

nor adopt another. To engage in abandoning and adopting, and in effort and striving, would contradict being a yogin. A yogin of the natural Great Perfection is not one who hopes for a fruition, and one who places hope in effort and striving[193]Note 193 · p. 397 · རྩོལ་སྒྲུབ་རྒྱུ་འབྲས་ལ་རེ་བ་: "one who places hope in effort and striving and in cause and effect" (Claude Fable 5.2, Gemini 4 Neon). Dharmamitra's "hope for effort, achievement, cause, and effect" misreads the phrase. GPT-6.2 Astra's "conventional" for ཀུན་རྫོབ་ on p. 398 goes against the glossary ("relative"). and in cause and effect is not a vessel for this; it is therefore taught that such a person is to be assigned to the Dharma of the lesser vehicle, of the childish, of village folk. From the All-Creating King:

If, unaware that it is so,[194]Note 194 · p. 397 · མ་རིག་ in the first verse line is verbal, "unaware that it is so" (Claude Fable 5.2, Gemini 4 Neon, GPT-6.2 Astra), not Dharmamitra's "the ignorance of effort". In the fourth line it is the noun "unawareness", per the glossary, rather than "ignorance". one engages in effort and striving,
One comes into conflict with the meaning beyond cause and effect
And does not meet with that great bliss of nonaction;
One is seized by that unawareness, the sickness of effort and striving.
Therefore, since the Great Perfection beyond cause and effect
Is not the domain of those without fortune,
They should investigate[195]Note 195 · p. 397 · དཔྱད་པར་བྱ་: I keep "investigate", with the text. Gemini 4 Neon's "practice" presupposes སྤྱད་. within the Dharma of cause and effect.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Gnas lugs rin po che'i mdzod/Chapter 1/Commentary (a parallel: གནས་ལུགས་རིན་པོའི་ཆེའི་མཛོད), 63 % of the words.

Since this is what is found in our scripture,[196]Note 196 · p. 397 · ཁོ་བོ་ཅག་གི་ལུང་ / Adzom གིས་: I follow གི་ ("our scripture"). Adzom's instrumental would give "since it is found in scripture, as we have shown", with little change in sense.

we for our part do not act in contradiction to scripture.

Again, that person of little fortune may say: "Granted it is true that,[197]Note 197 · p. 397 · བྱར་མེད་པ་དང་བདེན་ན་: དང་ is odd here (perhaps for དག་ or དེ་). I translate the evident concessive sense, "Granted it is true that…". since everything is equal in awareness, there is nothing to be done deliberately; still, since by doing

[p. 398]
པས་འགྲུབ་ལ་མ་བྱས་ན་མི་འགྲུབ་པའི་ཕྱིར་བྱེད་དགོས་སོ་ཞེས་ཟེར་ན། སྨྲས་པ། མ་གྲུབ་ན་བསྒྲུབས་ཀྱང་མི་འགྲུབ། གྲུབ་ན་བསྒྲུབ་མི་དགོས། རྩོལ་སྒྲུབ་ཀུན་རྫོབ་པས་སེམས་ཉིད་དོན་དམ་ལ་ཅིར་ཡང་བྱར་མེད་པ་དང༌། སེམས་ཉིད་ལ་ཆོས་སྐུ་གྲུབ་ཟིན་ལ། དེ་ཡང་བཞག་ན་མངོན་ལ། བྱས་ན་མི་འགྲུབ་པ་ཆུ་དངས་པའི་གཟུགས་བརྙན་རྙོག་ན་མི་མངོན་པ་ལྟ་བུ་སྟེ། རྒྱུད་དེ་ཉིད་ལས། སངས་རྒྱས་བསྒྲུབས་པས་འགྲུབ་པ་མ་ཡིན་ཏེ།
མ་བཙལ་རང་བཞིན་གནས་པས་ལྷུན་གྱིས་གྲུབ།
།མ་བཙལ་རང་བཞིན་གནས་ལ་མི་རྟོག་ཞོག
།ཅེས་སོ། །དེའི་ཕྱིར་རྩོལ་སྒྲུབ་བྱང་ཆུབ་ཀྱི་གེགས་ཡིན་ཏེ། འཇོག་དགོས་པ་གཟིངས་པ་ལྟར། སེམས་ཉིད་བྱར་མེད་ལ་བྱ་བཙལ་བྱས་པས་རྒྱུ་འབྲས་དང་གཞི་ལམ་འགལ་ནས་མི་འགྲུབ་པའི་སྐྱོན་དུ་ཆེ་སྟེ། ཀུན་བྱེད་ལས། བྱས་ཟིན་རྩོལ་སྒྲུབ་འདས་པ་མ་རིག་ནས།
རྩོལ་སྒྲུབ་བྱ་

there is accomplishment, and without doing there is no accomplishment, one must act."

To this I say: If it is not accomplished, it will not be accomplished even by striving to accomplish it; if it is accomplished, there is no need to accomplish it. Since effort and striving are relative, there is nothing whatsoever they can do to mind itself, the ultimate; and in mind itself dharmakāya is already accomplished. Moreover, it is evident if left as it is and is not accomplished if acted upon, just as a reflection in limpid water is not evident when the water is stirred up. From that same tantra:

Buddhahood is not accomplished by striving to accomplish it;
Unsought, abiding naturally, it is spontaneously present (lhun gyis grub).
Without seeking, rest without thought in what abides naturally.Kun byedQuotation (the text says: the same source: རྒྱུད་དེ་ཉིད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 77 % of the words.

Therefore effort and striving are an obstacle to awakening. As with ruffling what needs to be left to settle,[198]Note 198 · p. 398 · འཇོག་དགོས་པ་གཟིངས་པ་ལྟར་ / Adzom གཟེངས་པ་: I follow the text, taking གཟིངས་པ་ as "ruffling, disturbing" what must be left alone (Dharmamitra, Gemini 4 Neon, GPT-6.2 Astra). This continues the image of stirred water and suits the argument that effort is only an obstacle. Adzom's གཟེངས་པ་ would give "like raising up what must be set down", much the same point. Claude Fable 5.2's "like a raft, they must be left behind" (གཟིངས་ as raft) would grant effort a provisional use, which the passage denies, and strains the syntax. to do and to seek with regard to mind itself, in which there is nothing to be done, sets cause and effect, and ground and path, in contradiction, and so it is a grave fault, that of nonaccomplishment. From the All-Creating King:

Unaware of what is already done and beyond effort and striving,
If one holds that it is accomplished by meditating with the action and agent of effort and striving,[199]Note 199 · p. 398 · The last verse breaks off in the Tibetan in the middle of བྱ་བྱེད་ ("action and agent"). I have completed its second line from the next page, since English word order requires it. The next part should begin with the third line (བྱང་ཆུབ་གེགས་སུ་དེ་ལས་ཆེ་བ་མེད།).

[p. 399]
བྱེད་བསྒོམས་ནས་གྲུབ་ལྟ་ན།
།བྱང་ཆུབ་གེགས་སུ་དེ་ལས་ཆེ་བ་མེད།
།ཅེས་སོ། །དེ་ལྟར་ཡིན་མོད་ཀྱི་ད་དུང་དེའི་སར་མ་སླེབ་པས་བྱེད་དགོས་སོ་ཞེ་ན། ལན་ནི། ཀྱེ་སྐལ་མེད་གཅིག་ནས་གཅིག་ཏུ་འགྲོར་ཡོད་པ་མ་ཡིན། འགྲོར་མེད་པས་སླེབ་ཏུ་ཡོད་པ་མ་ཡིན། རང་ཡིན་ནས་རང་འཚོལ་བ་ལ་འགྲོ་བ་དང་འདྲ་བ་ཁྱོད་ནི་མཚར་ཆེ་བ་ཞིག་སྟེ། ཁོ་བོ་ཅག་གི་ལུང་ལས་ཁྱོད་ལྟ་བུ་ཕྱི་རོལ་དུ་གྱུར་པས། ཤིན་ཏུ་སྨད་པའི་གནས་སུ་བསྟན་པ་ནི། རྒྱུད་དེ་ཉིད་ལས། བདེ་བ་འདོད་པས་བདེ་བ་རྒྱབ་ཀྱིས་ཕྱོགས།
།བདེ་བས་ཟིན་ཏེ་བདེ་བས་བདེ་བ་འཚོལ།
།བྱང་ཆུབ་འཁྲུལ་པ་ཡེ་རྔམས་ཆོས་ལ་ཟ།
།འདི་ལྟའི་ཡུལ་ཅན་སངས་རྒྱས་མཐོང་བ་མིན།
།ཞེས་སོ། །ཕྱི་རབས་ཀྱང་འདི་ལྟ་བུའི་རིགས་ལ་གསང་བར་གདམས་པ། ཡང་རྒྱུད་དེ་ཉིད་ལས། དེ་ལ་ང་ཡི་རང་བཞིན་མ་མཐོང་ན།
།ཀུན་བྱེད་

There is no greater obstacle to awakening than that.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 100 % of the words.
[200]Note 200 · p. 399 · The opening words of the page (byed bsgoms nas grub lta na) were already rendered at the end of the previous part, so the translation begins with the last line of the quotation. Gemini 4 Neon, GPT-6.2 Astra, Claude Fable 5.2 translated them again.

Suppose it is said, "That may well be so, but since I have not yet arrived at that level, I do need to act." The reply is this: O unfortunate one, there is no going from one place to another. Since there is no going, there is no arriving. You, who are like someone who is already himself and yet goes off in search of himself, are quite a marvel! Since one like you stands outside our scriptures,[201]Note 201 · p. 399 · kho bo cag gi lung las khyod lta bu phyi rol du gyur pas: read with Gemini 4 Neon and Dharmamitra as "outside our scriptures" (lung las phyi rol du gyur pa). GPT-6.2 Astra and Claude Fable 5.2 take lung las with bstan pa ("in our scriptures those like you are shown to be outsiders"), which is also possible. you are shown to be an object of the utmost censure. From that same tantra:

Desiring bliss, they turn their backs on bliss.
Already held by bliss, with bliss they search for bliss.
Deluded about awakening, ever ravenous, they feed upon the Dharma.[202]Note 202 · p. 399 · ye rngams chos la za: obscure. I take ye as an intensifier ("ever, utterly") and rngams as ravenous craving, hence "ever ravenous, they feed upon the Dharma", close to Gemini 4 Neon, GPT-6.2 Astra, Claude Fable 5.2. Dharmamitra's "primordial awe consumes phenomena" does not fit the context. Ye is not rendered "primordial" here because it is adverbial. Chos is taken as the Dharma that is striven at, in line with the surrounding argument.
A subject such as this does not see buddhahood.Kun byedQuotation (the text says: the same source: རྒྱུད་དེ་ཉིད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words were not found among the texts on this wiki.

As for the counsel that later generations, too, should keep this secret from those of such a kind, again from that same tantra:

If therein they do not see my nature,

[p. 400]
ང་ཡི་ཐེག་པ་བསྟན་མི་བྱ།
།རྫོགས་པ་ཆེན་པོའི་དོན་དང་སྐལ་མེད་པས།
།རྒྱུ་འབྲས་ཐེག་པ་དྲང་བའི་ལུང་ལ་གཟུང༌།
།ང་ནི་ཡེ་ནས་སྤྱོད་ཡུལ་འདས་པ་འདི།
།རྒྱུ་འབྲས་དགའ་བའི་སྐལ་བ་མེད་རྣམས་ལ།
།བསྟན་ན་སྒྲོ་དང་སྐུར་པ་འོང་བའི་ཕྱིར།
།བསྟན་ན་རང་གི་སེམས་ལ་སྐུར་བཏབ་པས།
།དྲུག་ཏུ་སྐྱེ་ཞིང་གཏན་དུ་འཁོར་བར་གནས།
།ཞེས་སོ། །དེ་ལྟར་ཆོས་ཀྱི་བྱ་བྱེད་བཀག་ནས། ཐ་མལ་རང་བབས་ཀྱི་ངང་ལ་སྤྱོད་ཀྱང༌། ཆོས་ལ་རྩོལ་སྒྲུབ་བྱས་པ་རྣམས་དང༌། རིག་པའི་ངོ་བོ་ལ་གཤིས་ཐོག་ནས་ཁྱད་མེད་པར་མ་ཟད། བྱ་བྱེད་ཐ་མལ་དང༌། ཁོ་བོའི་ཆོས་བྱས་པ་གཉིས་མཚུངས་པར་ཡོད་དེ། རྣལ་འབྱོར་པའི་སྤྱོད་ལམ་ཐམས་ཅད་ཆོས་སུ་ཤར་ཟིན་པས། ཆོས་ཉིད་ཀྱི་རོལ་པར་ལྷུན་གྱིས་གྲུབ་སྟེ། མུ་ཏིག་ཕྲེང་བ་ལས། ཕྱག་རྒྱ་ཆེན་པོ་མངོན་འདོད་པས།
།བཟའ་དང་བཏུང་བ་བསྙེན་པ་ལ།
།ཉལ་དང་

My vehicle, the all-creating one's, is not to be taught.
Since they lack the fortune for the meaning of the Great Perfection,
Lead them into the scriptures of provisional meaning,[203]Note 203 · p. 400 · drang ba'i lung la gzung (e-text) / gzud (Adzom): I follow Adzom's gzud, "lead them into", which gives the better sense and syntax with la. The e-text's gzung would give "hold [them] to the scriptures of provisional meaning" (so Gemini 4 Neon, GPT-6.2 Astra, Claude Fable 5.2). Dharmamitra's "guided by" loosely matches gzud. the vehicles of cause and effect.
This—that I am primordially beyond the domain of experience—
If taught to the unfortunate who delight in cause and effect,
Will bring about superimposition and denial; and so,
If it is taught, through having denied their own mind
They will be born among the six classes of beings and remain forever in saṃsāra.Kun byedQuotation (the text says: the same source: ཡང་རྒྱུད་དེ་ཉིད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 87 % of the words.

1.11.8.3 All of a yogin's everyday conduct arises as Dharma རྣལ་འབྱོར་པའི་སྤྱོད་ལམ་ཐམས་ཅད་ཆོས་སུ་ཤར་བ1.11.8.3 All of a yogin's everyday conduct arises as Dharma (topical division)
Though acting within the ordinary state, the yogin's conduct equals Dharma practice, since all activity is spontaneously the display of the nature of phenomena. Long citations from the Pearl Garland (eating as approach, body as vase, etc.) and the All-Creating King (afflictions and sense pleasures as ornaments of basic space).

Thus, even though one has put a stop to the action and agent[205]Note 205 · p. 400 · chos kyi bya byed bkag nas … spyod kyang: taken as one concessive clause about the yogin who has stopped deliberate Dharma activity, with Claude Fable 5.2 and Dharmamitra. Gemini 4 Neon reads bkag nas as the author's refutation of the foregoing, which is possible. of Dharma and acts within the ordinary, naturally settled state, not only is there no difference, on the level of fundamental nature, in the essence of awareness between oneself and those who have applied effort and striving to the Dharma; ordinary action and agent and my practising of the Dharma,[204]Note 204 · p. 400 · kho bo'i chos byas pa: "my practising of the Dharma" with GPT-6.2 Astra, Claude Fable 5.2, Dharmamitra. Gemini 4 Neon's "their performance of Dharma" misreads the pronoun. the two, are equal. For since all of a yogin's everyday conduct has already arisen as Dharma, it is spontaneously present as the display of the nature of phenomena. From the Pearl Garland:

For one who longs for mahāmudrā (phyag rgya chen po),
Eating and drinking are the approach (bsnyen pa);
Lying down and

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 10 quotations, 9 found on this wiki.
# p. Tibetan English Source On this wiki
1 391 དགོངས་པ་གཅིག་ལས་གཡོས་པ་མེད། །སྣང་བ་ … གསལ་རྫོགས་པས། །དུ་མའི་གྲངས་མཐའ་ཟད་པའོ། There is no stirring from the single enlightened intent. … perfect, The limits of number, the many, are exhausted. named: ཐལ་འགྱུར་ལས
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra) high
Ngb-pt-0056-vol-01-text (the text itself), 83 %
2 393 སྣང་བ་དངོས་པོའི་ཆོས་ཀྱིས་སྟོང༌། །སྟོང་པ་མཚན་མའི་ཆོས་ལས་འདས། །འདས་པ་ཉིད་ལ་བརྗོད་དུ་མེད། Appearances are empty of the phenomena of substantial entities. … that very beyond there is nothing to be said. named: རིག་པ་རང་གྲོལ་ལས
རིག་པ་རང་གྲོལ་ཆེན་པོ་ཐམས་ཅད་གྲོལ་བའི་རྒྱུད, rig pa rang grol chen po thams cad grol ba'i rgyud, The Self-Liberated Awareness · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0053-vol-01-text (the text itself), 100 %
3 396 གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང༌། ། … དེ་ལས་གཞན་ཞིག་སུས་ཀྱང་ཤེས་མི་འགྱུར། Whatever you cling to, let go of that as … one will come to know anything other than that. named: རྣལ་འབྱོར་གྱི་དབང་ཕྱུག་གི་ཞལ་སྔ་ནས
དོ་ཧ་མཛོད་ཀྱི་གླུ, do ha mdzod kyi glu, Saraha's Treasury of Dohā Songs (Dohākoṣagīti), by Saraha · shastra; Tengyur; Toh 2224 medium
དོ་ཧ་མཛོད་ཀྱི་གླུ་བཞུགས་སོ། ། (the text itself), 78 %
4 396 སྣང་བས་མི་འཆིང་ཞེན་པས་འཆིང༌། །ཞེན་པ་ཆོད་ཅིག་ནཱ་རོ་པ། Appearances do not bind; clinging binds. Cut through clinging, Nāropa! not named: ཡང་རྗེས་སུ་གདམས་པ
ཏཻ་ལོ་པའི་གདམས་པ, tai lo pa'i gdams pa, Tilopa's instruction to Nāropa, by Tilopa · person medium
parallel: Klong chen rab byams gsung 'bum/volume 021 480, 100 %
5 397 དེ་ལྟར་མ་རིག་རྩོལ་སྒྲུབ་བྱས་གྱུར་ན། ། … རྒྱུ་དང་འབྲས་བུའི་ཆོས་སུ་དཔྱད་པར་བྱ། If, unaware that it is so, one engages in … should investigate within the Dharma of cause and effect. named: ཀུན་བྱེད་ལས
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
parallel: གནས་ལུགས་རིན་པོའི་ཆེའི་མཛོད, 63 %
6 398 སངས་རྒྱས་བསྒྲུབས་པས་འགྲུབ་པ་མ་ཡིན་ཏེ། … མ་བཙལ་རང་བཞིན་གནས་ལ་མི་རྟོག་ཞོག Buddhahood is not accomplished by striving to accomplish it; … Without seeking, rest without thought in what abides naturally. “the same”: རྒྱུད་དེ་ཉིད་ལས
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
Ngb-pt-0104-vol-02-text (the text itself), 77 %
7 398 བྱས་ཟིན་རྩོལ་སྒྲུབ་འདས་པ་མ་རིག་ནས། … བྱང་ཆུབ་གེགས་སུ་དེ་ལས་ཆེ་བ་མེད། Unaware of what is already done and beyond effort … There is no greater obstacle to awakening than that. named: ཀུན་བྱེད་ལས
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
Ngb-pt-0104-vol-02-text (the text itself), 100 %
8 399 བདེ་བ་འདོད་པས་བདེ་བ་རྒྱབ་ཀྱིས་ཕྱོགས། ། … འདི་ལྟའི་ཡུལ་ཅན་སངས་རྒྱས་མཐོང་བ་མིན། Desiring bliss, they turn their backs on bliss. Already … A subject such as this does not see buddhahood. “the same”: རྒྱུད་དེ་ཉིད་ལས
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
not found
9 399 དེ་ལ་ང་ཡི་རང་བཞིན་མ་མཐོང་ན། ། … དྲུག་ཏུ་སྐྱེ་ཞིང་གཏན་དུ་འཁོར་བར་གནས། If therein they do not see my nature, My … six classes of beings and remain forever in saṃsāra. “the same”: ཡང་རྒྱུད་དེ་ཉིད་ལས
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
Ngb-pt-0104-vol-02-text (the text itself), 87 %
10 400 ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །བཟའ་དང་ … གོམས་པའི་གནད། །ཚོགས་དྲུག་མ་འགགས་རྟོགས་པའོ། For one who longs for mahāmudrā (phyag rgya chen … six collections of consciousness (tshogs drug), unceasing, are realization. named: མུ་ཏིག་ཕྲེང་བ་ལས
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras high
parallel: ཚིག་དོན་རིན་པོ་ཆེའི་མཛོད, 82 %