Chos dbyings mdzod (Longchenpa): Chapter 8 commentary (4)

From Rangjung Yeshe Wiki Texts
Chos dbyings mdzod (Longchenpa)Chos dbyings mdzod (Longchenpa): Chapter 8 commentary (4)
< Chos dbyings mdzod (Longchenpa)
Chos dbyings mdzod (Longchenpa)/Chapter 8 commentary (4)
Jump to navigation Jump to search
← Chapter 8 commentary (3)Chos dbyings mdzod: contentsChapter 9 root verses →

Chapter 8, commentary · བྱང་ཆུབ་ཀྱི་སེམས་ལ་གཉིས་སུ་མེད་པར་བསྟན་པ
Pages 334–343 of the corrected base text (W22920 vol. 3), part 4 of 4.

Not in this part's tabs (the edition does not contain it, or its scan lacks these pages): Derge (sde dge par ma).
[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD84), gorn05 tibocr 2026: BDRC OCR on 338 pages, Mitra OCR on 144 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 365] ཡིད་ལ་དྲན་པ་ངག་ཏུ་འབྱུང་བས་ཚོར་བ་རགས་པར་མངོན་ཡང་།

[p. 366] རྣལ་འབྱོར་པ་དེ་ལ་ཟང་མ་ཐལ་བྱུང་དུ་སོང་བས་ནམ་མཁའ་ལ་རྫས་མི་ཆགས་པ་ལྟར་སྐྱོན་དང་དྲི་མས་མ་གོས་ཤིང་། དགེ་སྡིག་གི་མཐའ་ལས་འདས་པས་འཆིང་གྲོལ་མེད་པ་སྟེ། མུ་ཏིག་ཕྲེང་བ་ལས། ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡིན་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་འཕྲད་པས་སྤྲུལ་སྐུར་བྱུང་། །རྟོགས་སུ་ཡོད་པས་ཐབས་སུ་བྱུང་། །བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །བཅུད་དུ་དྲིལ་བས་རིག་པ་གསལ། །ཞེས་པ་དང་། ཀློང་དྲུག་པ་ལས། ཐོག་བབས་ཆེན་པོའི་སེམས་ཉིད་ལ། །སྣང་བ་ཐད་ཀ་རང་སར་དག །ཡིན་པར་སྣང་བའི་སེམས་ཉིད་ལ། །བརྫུན་གྱི་ཚིག་རྣམས་རང་སར་དག །མིད་པར་སྣང་བའི་སེམས་ཉིད་པ། །མ་བྱིན་ལེན་པ་རང་སར་དག །ཡིན་དང་མིན་པའི་སེམས་ཉིད་ལ། །མི་ཚངས་སྤྱད་པར་ང་སར་དག །འཆལ་བ་མེད་པའི་སེམས་ཉིད་ལ། །ངག་འཁྱལ་རྣམས་ནི་རང་སར་དག །ཡུལ་ལ་སྣང་བའི་སེམས་ཉིད་ལ། ཕྲ་མའི་ཚིག་རྣམས་རང་སར་དག། འགྱུ་བར་སྣང་བའི་སེམས་ཉིད་ལ་འདོད་ལོག་རྣམས་ནི་རང་སར་དག། ཀ་ནས་དག་པའི་སེམས་ཉིད་ལ། སྲོག་གཅོད་པ་ཡང་རང་སར་དག །རྐྱེན་དུ་སྣང་བའི་སེམས་ཉིད་ལ། བརྣབ་སེམས་རྣམས་ནི་རང་སར་དག འབྲས་བུར་སྣང་བའི་སེམས་ཉིད་ལ།གནོད་སེམས་

[p. 367] རྣམས་ནི་རང་སར་དག །སྒྲ་རུ་སྣང་བའི་སེམས་ཉིད་ལ། །ཆགས་པ་རྣམས་ནི་རང་སར་དག །གཟུགས་སུ་སྣང་བའི་སེམས་ཉིད་ལ། འཛིན་པའི་ཆ་རྣམས་རང་སར་དག །དྲི་རུ་སྣང་བའི་སེམས་ཉིད་ལ་། །ཤེས་པའི་ཆ་རྣམས་རང་སར་དང་། །རོ་ཉིད་སྣང་བའི་སེམས་ཉིད་ལ། སྤྱོད་བྱེད་ཤེས་པ་རང་སར་དག །རེག་ཏུ་སྣང་བའི་སེམས་ཉིད་ལ། རེག་བྱའི་ཤེས་པ་རང་སར་དག །ཆོས་སུ་སྣང་བའི་སེམས་ཉིད་ལྟ། །སྤྱི་དང་རང་འཛིན་རང་སར་དག །བདག་ཏུ་སྣང་བའི་སེམས་ཉིད་པ། །ཞེན་པའི་བློ་རྣམས་རང་སར་དག །བདག་མེད་སྣང་བའི་སེམས་ཉིད་ལ།། ཆ་དང་བྲལ་བ་རང་སར་དག །ཅེས་སོ། །བརྩོས་མ་ལྟར་སྣང་བའི་འདྲ་གཞི་སྤངས་པ་ནི། །རང་བྱུང་དང་ནས་མཉམ་ཉིད་མ་རྟོགས་པར། །གཉིས་མེད་ཉིད་ཅེས་ཚིག་ལ་མངོན་ཞེན་ནས། །ཅི་ཡང་མིད་མིགས་ཡིད་དཔྱོད་གདེང་འཆའ་བ། །ལོག་རྟོག་ཉིད་དེ་མ་རིག་མུན་པའི་ཀློང་། །གང་དག་རིག་པ་རྗེན་པར་ནི་མ་རྟོགས། སྐྱེ་མེད་ནམ་མཁའ་ལྟར་དགེ་སྡིག་གི་མཐའ་ལས་འདས་སོ་སྙམ་ནས། དོན་དམ་སྟོན་པའི་ཚིག་རླབས་པོ་ཆེ་རྣམས་རང་ཉམས་དང་མི་སྦྱོར་བར་ཐད་དྲང་དུ་སྨྲ་ཞིང་། ཀུན་སྤྱོད་རྩིང་ལ་ཡིད་དཔྱོད་ལ་གདེང་དུ་འཆའ་བ་དེ་དག་ནི་ལོག་རྟོག་བཅོས་མའི་གང་ཟག་རྣལ་འབྱོར་བར་འཆོས་པ་ཞེས་བྱ་སྟེ། ཕལ་ཆེར་བདུད་ཀྱིས་བསླུས་པར་རིག་པར་བྱ་སྟེ། དེ་ལ་འཁོར་ལ་སོགས་པ་འདུ་བ་མང་ཡང་

[p. 368] ལོག་པར་འགྲོ་བའི་ལམ་ལ་འདྲེན་པས་ན། དེས་རང་ཉིད་དེ་ལྟར་སོང་བ་མ་ཚོར་བར་ངེས་པས། ཡང་དག་པའི་ལམ་དུ་འགྲོ་བར་འདོད་པས་ནི་འཁོར་ལ་སོགས་པའི་ཚོགས་པ་སྤངས་ལ། ཡང་དག་པའི་བླ་མ་བརྟེན་ནས་གཅིག་པུ་ཆོས་ཉིད་ཀྱི་དོན་ཉམས་སུ་ལེན་པར་བྱས་ན། དེ་ལས་བཟློག་པར་འགྱུར་ཏེ། རིག་པ་རང་ཤར་ལས། དེ་ཡང་མེད་པར་འདི་ལྟར་བྱུང་ན། ཁ་ཚིག་ལ་དཔྱོད་ཅིང་གཏིང་མ་རྟོགས་པའི་རྟགས་ཡིན་ནོ། །ཡང་སྨྱོན་པ་ལྟ་བུས་བྱུང་ན་བར་ཆོད་ཀྱི་བདུད་བྱུང་བ་ཡིན་པས། ཚོགས་རྒྱ་ཆེན་པོ་བཏང་ལ་ཉམས་སུ་བླང་ངོ་ཞེས་གསུངས་སོ། །དེང་སང་ནི་འདི་ལྟ་བུ་ཤིན་ཏུ་མང་ངོ་། །ད་ནི་མཉམ་རྫོགས་གཞི་ཀློང་ཡངས་པར་སྐལ་བཟང་རྣམས་ཀྱིས་རང་ངོ་རྟོགས་པར་གདམས་པ་ནི། དེ་ཕྱིར་རང་བྱུང་འཕོ་འགྱུར་མེད་པ་ལ། །བསམ་རྫོགས་རྒྱལ་པོ་གཉིས་སུ་མེད་པར་སྦྱང་། །ཁམས་གསུམ་ཡོངས་གྲོལ་འཁོར་འདས་གཉིས་མེད་དོན། །རང་བཞིན་ཁོང་ནས་རང་ཤར་ཆོས་སྐུའི་རྫོང་། །མཁའ་ལྟར་རྣམ་དག་དཔེ་ལས་འདས་པ་འབྱུང་། །ཆོས་ཉིད་དང་སེམས་ཉིད་དབྱེར་མེད་པ་དེ་བཞིན་དུ་རང་ཉམས་ལ་གོམས་ཤིང་སྦྱངས་སྟོབས་ཀྱིས་ཁོང་ནས་རྟོགས་པ་ནམ་མཁའ་ལྟ་བུ་རང་ཤར་བ་ནི་ཆོས་སྐུ་རྡོ་རྗེའི་རྫོང་འཆོས་པས། མཐའ་བྲལ་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པ་ནི། ངོ་བོ་མཐའ་གྲོལ་ཆོས་སྐུ། རྟོག་པ་རང་གྲོལ་རྒྱུད་ཆེན། འབྲས་བུ་རང་སངས་རྣམ་དག་དང་གསུམ་དུ་འབྱུང་བར་

[p. 369] ངེས་ཏེ། རིམ་པ་བཞིན་ལུང་དང་སྦྱར་བ་ནི། ཐལ་འགྱུར་ལས། བྱ་བ་མེད་པས་གྲོལ་བ་མེད། །བྱུང་བ་མེད་པས་གནས་པ་མེད། །འགྲོ་བ་མེད་པས་འོང་འཁོར་ཟད། །བྱས་བྱུང་གཅིག་དང་གཉིས་མེད་པའོ། །ཐ་སྙད་འཁྲུལ་པ་ཙམ་དུའང་མེད། །ཡོད་མེད་ལས་ཀྱི་འཇུག་པས་སྟོང་། །ཡེ་ནས་འབྲས་བུ་བློ་བྲལ་ཉིད། །སྨྲ་བསམ་བརྗོད་པ་ཀུན་འདས་པའོ། །ཞེས་དང་། མུ་ཏིག་ཕྲེང་བ་ལས། རང་ལས་བྱུང་བས་གྲོལ་ཞེས་བྱ། །གནས་པ་ཡིན་པས་ཁྱབ་ཅེས་བྱ། །མཚན་མ་མེད་པས་སྟོང་ཞེས་བྱ། །ནུབ་པ་མེད་པས་ཤར་ཞེས་བྱ། །གདོས་བཅས་མིན་པས་ཟང་ཐལ་ལོ། །གྲོལ་བར་གནས་པས་ལོག་ཅེས་བྱ། །སྣ་ཚོགས་སྣང་བས་གདངས་ཞེས་བྱ། །གཉིས་སུ་མེད་པས་གཅིག་པུ་ཉིད། །ཐམས་ཅད་བསྐྱེད་པས་རྒྱུ་ཞེས་བྱ། །མ་ལུས་རྫོགས་པས་འབྲས་བུ་ཉིད། །དམིགས་པ་དག་པས་ལམ་ཞེས་བྱ། །འཁྲུལ་པ་ཟད་པས་ལུང་ཡང་ཡིན། །རང་ལ་གནས་པས་རྒྱུད་ཅེས་བྱ། །མཚོན་དུ་ཡོད་པས་མན་ངག་ཡིན། །གྲངས་ལས་ལོག་པས་རྩིས་ཞེས་བྱ། །ཞེས་པ་དང་། ཀློང་དྲུག་པ་ལས། དམིགས་པར་སྣང་བའི་སེམས་ཉིད་ལ། །དམིགས་བྱེད་ཆ་རྣམས་རང་སར་དག །བློ་ཚོགས་སྣང་བའི་སེམས་ཉིད་ལ། ཚོར་བ་རྣམས་ནི་རང་སར་དག །ཡིད་དུ་སྣང་བའི་སེམས་ཉིད་ལ། དཔྱོད་བྱེད་ཆ་རྣམས་རང་སར་དད། །གཟུགས་སུ་སྣང་བའི་སེམས་ཉིད་ལ། འབྱུང་བ་

[p. 370] འདུས་པ་རང་སར་དག །རྣམ་ཤེས་སྣང་བའི་སེམས་ཉིད་ལ། །རྒྱུ་རྐྱེན་རྣམས་ནི་རང་སར་དག །ཚོར་བ་སྣང་བའི་སེམས་ཉིད་ལ། ཉམས་མྱོང་རྣམས་ནི་རང་སར་དག འདུ་ཤེས་སྣང་བའི་སེམས་ཉིད་པ། །གཟུང་འཛིན་ཆ་རྣམས་རང་སར་དག །འདུ་བྱེད་སྣང་བའི་སེམས་ཉིད་ལ། ཉོན་མོངས་གྲངས་རྣམས་རང་སར་དག །རྟོག་འཛིན་སྣང་བའི་སེམས་ཉིད་ལ། དྲན་པའི་གཟུང་རྣམས་རང་སར་དག །ཅེས་སོ། །ད་ནི་འཛིན་ཞེན་མེད་པའི་རྟོགས་པ་ནམ་མཁའ་ཀློང་ཡངས་སུ་དོན་གྱི་སྙིང་པོ་གཅིག་ཏུ་བསྡུ་བ་ནི། འདི་དང་འདི་ཞེས་སོ་སོར་ཞེན་པའི་བར། །གཉིས་སུ་གནས་པས་རང་གཞན་འཁྲུལ་པའི་གཟེབ། །གང་ཚེ་འདི་ཞེས་ཐ་དད་རིས་མེད་ཅིང་། །ཐམས་ཅད་ཕྱམ་མཉམ་དམིགས་གཏད་མེད་པ་ན། །གཉིས་མེད་རྟོགས་ཞེས་རྡོ་རྗེ་སེམས་དཔས་གསུངས། །གང་ཞིག་རིག་པ་ཆོས་སྐུའི་དོན་རྟོགས་པ་དང་། མ་རྟོགས་པའི་ཚད་ནི་འཛིན་ཞེན་གྱི་ཆ་རིག་པ་ལ་ཡོད་པ་དང་མེད་པས་ཕྱེ་བ་སྟེ། ནམ་མཁའ་དག་པ་དང་མ་དག་པ་སྤྲིན་དང་ཁུ་རླངས་ཡོད་མེད་ཀྱིས་ཕྱེ་བ་བཞིན་ནོ། །འདིར་ཡང་རྣལ་འབྱོར་པ་གང་ཞིག་རང་གི་ལྟ་སྒོམ་ལ་སོགས་པ་ལ་ཞེན་པའམ། སྤང་གཉེན་བླང་དོར་གྱི་རིས་སུ་འཛིན་རིང་ལ་གཉིས་སུ་མེད་པའི་རྟོགས་པ་རྒྱུད་ལ་མེད་པར་ངེས་ཏེ། གཉིས་བཅས་རང་མཚན་ལ་ཞེན་པ་དང་མ་བྲལ་བའི་ཕྱིར་རོ། །དེ་ཁོ་ན་ཉིད་ཀྱི་དོན་ལ་དངོས་གྲུབ་བརྙེས་པའི་དཔལ་མགོན་བླ་མ་དམ་པ་ཆོས་ཀྱི་རྗེ་ཀུ་མཱ་རཱ་ཙའི་ཞལ་སྔ་

[p. 371] ༄༅། །ནས༑ གནས་ལུགས་རྟོགས་སམ་མ་རྟོགས་ཞེན་པ་དང་བྲལ་བ་དང་མ་བྲལ་བས་ཤེས་ཞེས་གསུངས་པ་བཞིན་ནོ། །དེ་བཞིན་དུ་དོ་ཧ་ལས་ཀྱང་། ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང་། ། ནམ་ཡང་སྡུག་བསྔལ་འབའ་ཞིག་བསྐྱེད་པར་ཟད། །ཅེས་གསུངས་པ་བཞིན་ནོ། །གང་ལ་ཞེན་འཛིན་དང་བླང་དོར་ལ་བློས་གཏིང་ཚུགས་པའི་མཐའ་མི་འཆའ་ཞིང་ཆོས་དང་ཆོས་མ་ཡིན་པ་འབྱེད་པར་མཁས་ཀྱང་ རང་གཞན་གྱི་གྲུབ་མཐའ་དང་ལྟ་སྒོམ་སྤྱོད་འབྲས་ལ་འཛིན་པ་རྡུལ་ཆ་ཙམ་ཡང་མེད་ན། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཞེས་རྡོ་རྗེ་སེམས་དཔས་གསུངས་ཏེ། ནོར་བུ་ཐུབ་ཀོད་ལས། སྟོང་པ་ཆེན་པོ་ ཆོས་ཀྱི་སྐུ། །བརྡ་དང་དམིགས་པས་མཚོན་དུ་མེད། །རྒྱུ་དང་རྐྱེན་མེད་རང་རིག་པ། །སྟོང་དང་མི་སྟོང་མཐའ་ལས་འདས། །ཞེས་པ་དང་། ཐལ་འགྱུར་ལས། དམ་པའི་དོན་ནི་བློ་བྲལ་ནས། །དབང་པོ་ཞིག་ཅར་ གྲོལ་བ་ན། །མངོན་སུམ་མཐོང་བའི་གནད་ཀྱིས་ནི། །རང་གི་གྲུབ་པའི་མཐའ་ཞིག་ནས། །གང་ལ་ཞེན་དང་འཛིན་མེད་པར། །ཡང་དག་ཆོས་ཉིད་རོ་མྱངས་ནས། །ཁམས་གསུམ་ལྡོག་པའི་རྟེན་མེད་པར། །མཁའ་ ལ་མཁའ་ཉིད་ཐིམ་པ་ལྟར། །རྣལ་འབྱོར་མཆོག་ཀྱང་དེ་བཞིན་ནོ། །ཞེས་གསུངས་སོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་ཀྱི་སེམས་ལ་གཉིས་སུ་མེད་པར་བསྟན་པ་སྟེ། ཞི་བུ་བརྒྱད་པའི་

[p. 372] འགྲེལ་པའོ།། །།

[edit]
BDRC typed e-text UT22920_003_0001/0002 as downloaded (the base text was made from it).

ཡིད་ལ་དྲན་པ་དག་ཏུ་འབྱུང་བས་ཚོར་བ་རགས་པར་མངོན་ཡང༌། རྣལ་འབྱོར་པ་དེ་ལ་ཟང་མ་ཐལ་བྱུང་དུ་སོང་བས་ནམ་མཁའ་ལ་རྫས་མི་ཆགས་པ་ལྟར། སྐྱོན་དང་དྲི་མས་མ་གོས་ཤིང༌། །དགེ་སྡིག་གི་མཐའ་ལས་འདས་པས་འཆིང་གྲོལ་མེད་པ་སྟེ། མུ་ཏིག་ཕྲེང་བ་ལས། ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡིན་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་འཕྲད་པས་སྤྲུལ་སྐུར་བྱུང༌། །རྟོགས་སུ་ཡོད་པས་ཐབས་སུ་བྱུང༌། །བསམ་འདས་ཡིན་པས་དྲན་པས་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །བཅུད་དུ་དྲིལ་བས་རིག་པ་གསལ། །ཞེས་པ་དང༌། ཀློང་དྲུག་པ་ལས། ཐོག་བབས་ཆེན་པོའི་སེམས་ཉིད་ལ། །སྣང་བ་ཐད་ཀ་རང་སར་དག །ཡིན་པར་སྣང་བའི་སེམས་ཉིད་ལ། །བརྫུན་གྱི་ཚིག་རྣམས་རང་སར་དག །མེད་པར་སྣང་བའི་སེམས་ཉིད་ལ། །མ་བྱིན་ལེན་པར་རང་སར་དག །ཡིན་དང་མིན་པའི་སེམས་ཉིད་ལ། །མི་ཚངས་སྤྱད་པ་རང་སར་དག །འཆལ་བ་མེད་པའི་སེམས་ཉིད་ལ། །ངག་འཁྱལ་རྣམས་ནི་རང་སར་དག །ཡུལ་ལ་སྣང་བའི་སེམས་ཉིད་ལ། །ཕྲ་མའི་ཚིག་རྣམས་རང་སར་དག །འགྱུ་བར་སྣང་བའི་སེམས་ཉིད་ལ། །འདོད་ལོག་རྣམས་ནི་རང་སར་དག །ཀ་ནས་དག་པའི་སེམས་ཉིད་ལ། །སྲོག་གཅོད་པ་ཡང་རང་སར་དག །རྐྱེན་དུ་སྣང་བའི་སེམས་ཉིད་ལ། །བརྣབ་སེམས་རྣམས་ནི་རང་སར་དག །འབྲས་བུར་སྣང་བའི་སེམས་ཉིད་ལ། །གནོད་སེམས་རྣམས་ནི་རང་སར་དག །སྒྲ་རུ་སྣང་བའི་སེམས་ཉིད་ལ། །གྲགས་པ་རྣམས་ནི་རང་སར་དག །གཟུགས་སུ་སྣང་བའི་སེམས་ཉིད་ལ། །འཛིན་པའི་ཆ་རྣམས་རང་སར་དག །དྲི་རུ་སྣང་བའི་སེམས་ཉིད་ལ། །ཤེས་པའི་ཆ་རྣམས་རང་སར་དག །རོ་ཉིད་སྣང་བའི་སེམས་ཉིད་ལ། །མྱོང་བྱེད་ཤེས་པ་རང་སར་དག །རེག་ཏུ་སྣང་བའི་སེམས་ཉིད་ལ། །རེག་བྱའི་སེམས་པ་རང་སར་དག །ཆོས་སུ་སྣང་བའི་སེམས་ཉིད་ལ། །སྤྱི་དང་རང་འཛིན་རང་སར་དག །བདག་ཏུ་སྣང་བའི་སེམས་ཉིད་ལ། །ཞེན་པའི་བློ་རྣམས་རང་སར་དག །བདག་མེད་སྣང་བའི་སེམས་ཉིད་ལ། །ཆ་དང་བྲལ་བ་རང་སར་དག །ཅེས་སོ། །བཅོས་མ་ལྟར་སྣང་བའི་འདྲ་གཞི་སྤངས་པ་ནི། །རང་བྱུང་ངང་ནས་མཉམ་ཉིད་མ་རྟོགས་པར། །གཉིས་མེད་ཉིད་ཅེས་ཚིག་ལ་མངོན་ཞེན་ནས། །ཅི་ཡང་མི་དམིགས་ཡིད་དཔྱོད་གདེང་འཆའ་བ། །ལོག་རྟོག་ཉིད་དེ་མ་རིག་མུན་པའི་ཀློང༌། །གང་དག་རིག་པ་རྗེན་པར་ནི་མ་རྟོགས། །སྐྱེ་མེད་ནམ་མཁའ་ལྟར་དགེ་སྡིག་གི་མཐའ་ལས་འདས་སོ་སྙམ་ནས། དོན་དམ་སྟོན་པའི་ཚིག་རླབས་པོ་ཆེ་རྣམས་རང་ཉམས་དང་མི་སྦྱོར་བར་ཐད་དྲང་དུ་སྨྲ་ཞིང༌། ཀུན་སྤྱོད་རྩིང་ལ་ཡིད་དཔྱོད་ལ་གདེང་དུ་འཆའ་བ་དེ་དག་ནི་ལོག་རྟོག་བཅོས་མའི་གང་ཟག་རྣལ་འབྱོར་པར་འཆོས་པ་ཞེས་བྱ་སྟེ། ཕལ་ཆེར་བདུད་ཀྱིས་བསླུས་པར་རིག་པར་བྱ་སྟེ། དེ་ལ་འཁོར་ལ་སོགས་པ་འདུ་བ་མང་ཡང་ལོག་པར་འགྲོ་བའི་ལམ་ལ་འདྲེན་པས་ན། དེས་རང་ཉིད་དེ་ལྟར་སོང་བ་མ་ཚོར་བར་ངེས་པས། ཡང་དག་པའི་ལམ་དུ་འགྲོ་བར་འདོད་པས་ནི་འཁོར་ལ་སོགས་པའི་ཚོགས་པ་སྤངས་ལ། ཡང་དག་པའི་བླ་མ་བསྟེན་ནས་གཅིག་པུ་ཆོས་ཉིད་ཀྱི་དོན་ཉམས་སུ་ལེན་པར་བྱས་ན། དེ་ལས་བཟློག་པར་འགྱུར་ཏེ། རིག་པ་རང་ཤར་ལས། དེ་ཡང་མེད་པར་འདི་ལྟར་བྱུང་ན། ཁ་ཚིག་ལ་དཔྱོད་ཅིང་གཏིང་མ་རྟོགས་པའི་རྟགས་ཡིན་ནོ། །ཡང་སྨྱོན་པ་ལྟ་བུར་བྱུང་ན་བར་ཆོད་ཀྱི་བདུད་བྱུང་བ་ཡིན་པས། ཚོགས་རྒྱ་ཆེན་པོ་བཏང་ལ་ཉམས་སུ་བླང་ངོ་ཞེས་གསུངས་སོ། །དེང་སང་ནི་འདི་ལྟ་བུ་ཤིན་ཏུ་མང་ངོ༌། །ད་ནི་མཉམ་རྫོགས་གཞི་ཀློང་ཡངས་པར་སྐལ་བཟང་རྣམས་ཀྱི་རང་ངོ་རྟོགས་པར་གདམས་པ་ནི། །དེ་ཕྱིར་རང་བྱུང་འཕོ་འགྱུར་མེད་པ་ལ། །བསམ་རྫོགས་རྒྱལ་པོ་གཉིས་སུ་མེད་པར་སྦྱང༌། །ཁམས་གསུམ་ཡོངས་གྲོལ་འཁོར་འདས་གཉིས་མེད་དོན། །རང་བཞིན་ཁོང་ནས་རང་ཤར་ཆོས་སྐུའི་རྫོང༌། །མཁའ་ལྟར་རྣམ་དག་དཔེ་ལས་འདས་པ་འབྱུང༌། །ཆོས་ཉིད་དང་སེམས་ཉིད་དབྱེར་མེད་པ་དེ་བཞིན་དུ་རང་ཉམས་ལ་གོམས་ཤིང་སྦྱངས་སྟོབས་ཀྱིས་ཁོང་ནས་རྟོགས་པ་ནམ་མཁའ་ལྟ་བུ་རང་ཤར་བ་ནི་ཆོས་སྐུ་རྡོ་རྗེའི་རྫོང་འཆོས་པས། མཐའ་བྲལ་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པ་ནི། ངོ་བོ་མཐའ་གྲོལ་ཆོས་སྐུ། རྟོག་པ་རང་གྲོལ་རྒྱུ་ཆེན། འབྲས་བུ་རང་སངས་རྣམ་དག་དང་གསུམ་དུ་འབྱུང་བར་ངེས་ཏེ། རིམ་པ་བཞིན་ལུང་དང་སྦྱར་བ་ནི། ཐལ་འགྱུར་ལས། བྱ་བ་མེད་པས་གྲོལ་བ་ལ། །བྱུང་བ་མེད་པས་གནས་པ་མེད། །འགྲོ་བ་མེད་པས་འོང་འཁོར་ཟད། །བྱས་བྱུང་གཅིག་དང་གཉིས་མེད་པའོ། །ཐ་སྙད་འཁྲུལ་པ་ཙམ་དུའང་མེད། །ཡོད་མེད་ལས་ཀྱི་འཇུག་པས་སྟོང༌། །ཡེ་ནས་རང་བྱུང་བློ་བྲལ་ཉིད། །སྒྲ་བསམ་བརྗོད་པ་ཀུན་འདས་པའོ། །ཞེས་དང༌། མུ་ཏིག་ཕྲེང་བ་ལས། རང་ལས་བྱུང་བས་གྲོལ་ཞེས་བྱ། །གནས་པ་ཡིན་པས་ཁྱབ་ཅེས་བྱ། །མཚན་མ་མེད་པས་སྟོང་ཞེས་བྱ། །ནུབ་པ་མེད་པས་ཤར་ཞེས་བྱ། །གདོས་བཅས་མིན་པས་ཟང་ཐལ་ལོ། །གྲོལ་བར་གནས་པས་ལོག་ཅེས་བྱ། །སྣ་ཚོགས་སྣང་བས་གདངས་ཞེས་བྱ། །གཉིས་སུ་མེད་པས་གཅིག་པུ་ཉིད། །ཐམས་ཅད་བསྐྱེད་པས་རྒྱུ་ཞེས་བྱ། །མ་ལུས་རྫོགས་པས་འབྲས་བུ་ཉིད། །དམིགས་པ་དག་པས་ལམ་ཞེས་བྱ། །འཁྲུལ་པ་ཟད་པས་ལུང་ཡང་ཡིན། །རང་ལ་གནས་པས་རྒྱུད་ཅེས་བྱ། །མཚོན་དུ་ཡོད་པས་མན་ངག་ཡིན། །གྲངས་ལས་ལོག་པས་རྩིས་ཞེས་བྱ། །ཞེས་པ་དང༌། ཀློང་དྲུག་པ་ལས། དམིགས་པར་སྣང་བའི་སེམས་ཉིད་ལ། དམིགས་བྱེད་ཆ་རྣམས་རང་སར་དག །བློ་ཚོགས་སྣང་བའི་སེམས་ཉིད་ལ། །ཚོར་བ་རྣམས་ནི་རང་སར་དག །ཡིད་དུ་སྣང་བའི་སེམས་ཉིད་ལ། །དཔྱོད་བྱེད་ཆ་རྣམས་རང་སར་དག །གཟུགས་སུ་སྣང་བའི་སེམས་ཉིད་ལ། །འབྱུང་བ་འདུས་པ་རང་སར་དག །རྣམ་ཤེས་སྣང་བའི་སེམས་ཉིད་ལ། །རྒྱུ་རྐྱེན་རྣམས་ནི་རང་སར་དག །ཚོར་བ་སྣང་བའི་སེམས་ཉིད་ལ། །ཉམས་མྱོང་རྣམས་ནི་རང་སར་དག །འདུ་ཤེས་སྣང་བའི་སེམས་ཉིད་ལ། །གཟུང་འཛིན་ཆ་རྣམས་རང་སར་དག །འདུ་བྱེད་སྣང་བའི་སེམས་ཉིད་ལ། །ཉོན་མོངས་གྲངས་རྣམས་རང་སར་དག །རྟོག་འཛིན་སྣང་བའི་སེམས་ཉིད་ལ། །དྲན་པའི་གཟུང་རྣམས་རང་སར་དག །ཅེས་སོ། །ད་ནི་འཛིན་ཞེན་མེད་པའི་རྟོགས་པ་ནམ་མཁའ་ཀློང་ཡངས་སུ་དོན་གྱི་སྙིང་པོ་གཅིག་ཏུ་བསྡུ་བ་ནི། འདི་དང་འདི་ཞེས་སོ་སོར་ཞེན་པའི་བར། །གཉིས་སུ་གནས་པས་རང་གཞན་འཁྲུལ་པའི་གཟེབ། །གང་ཚེ་འདི་ཞེས་ཐ་དད་རིས་མེད་ཅིང༌། །ཐམས་ཅད་ཕྱམ་མཉམ་དམིགས་གཏད་མེད་པ་ན། །གཉིས་མེད་རྟོགས་ཞེས་རྡོ་རྗེ་སེམས་དཔས་གསུངས། །གང་ཞིག་རིག་པ་ཆོས་སྐུའི་དོན་རྟོགས་པ་དང༌། མ་རྟོགས་པའི་ཚད་ནི་འཛིན་ཞེན་གྱི་ཆ་རིག་པ་ལ་ཡོད་པ་དང་མེད་པས་ཕྱེ་བ་སྟེ། ནམ་མཁའ་དག་པ་དང་མ་དག་པ་སྤྲིན་དང་ཁུ་རླངས་ཡོད་མེད་ཀྱིས་ཕྱེ་བ་བཞིན་ནོ། །འདིར་ཡང་རྣལ་འབྱོར་པ་གང་ཞིག་རང་གི་ལྟ་སྒོམ་ལ་སོགས་པ་ལ་ཞེན་པའམ། སྤང་གཉེན་བླང་དོར་གྱི་རིས་སུ་འཛིན་རིང་ལ་གཉིས་སུ་མེད་པའི་རྟོགས་པ་རྒྱུད་ལ་མེད་པར་ངེས་ཏེ། གཉིས་བཅས་རང་མཚན་ལ་ཞེན་པ་དང་མ་བྲལ་བའི་ཕྱིར་རོ། །དེ་ཁོ་ན་ཉིད་ཀྱི་དོན་ལ་དངོས་གྲུབ་བརྙེས་པའི་དཔལ་མགོན་བླ་མ་དམ་པ་ཆོས་ཀྱི་རྗེ་ཀུ་མཱ་རཱ་ཙའི་ཞལ་སྔ་ནས། གནས་ལུགས་རྟོགས་སམ་མ་རྟོགས་ཞེན་པ་དང་བྲལ་བ་དང་མ་བྲལ་བས་ཤེས་ཞེས་གསུངས་པ་བཞིན་ནོ། །དེ་བཞིན་དུ་དོ་ཧ་ལས་ཀྱང༌། ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང༌། །ནམ་ཡང་སྡུག་བསྔལ་འབའ་ཞིག་བསྐྱེད་པར་ཟད། །ཅེས་གསུངས་པ་བཞིན་ནོ། །གང་ལ་ཞེན་འཛིན་དང་བླང་དོར་ལ་བློས་གཏིང་ཚུགས་པའི་མཐའ་མི་འཆའ་ཞིང་ཆོས་དང་ཆོས་མ་ཡིན་པ་འབྱེད་པར་མཁས་ཀྱང་རང་གཞན་གྱི་གྲུབ་མཐའ་དང་ལྟ་སྒོམ་སྤྱོད་འབྲས་ལ་འཛིན་པ་རྡུལ་ཆ་ཙམ་ཡང་མེད་ན། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཞེས་རྡོ་རྗེ་སེམས་དཔས་གསུངས་ཏེ། ནོར་བུ་ཕྲ་བཀོད་ལས། སྟོང་པ་ཆེན་པོ་ཆོས་ཀྱི་སྐུ། །བརྡ་དང་དམིགས་པས་མཚོན་དུ་མེད། །རྒྱུ་དང་རྐྱེན་མེད་རང་རིག་པ། །སྟོང་དང་མི་སྟོང་མཐའ་ལས་འདས། །ཞེས་པ་དང༌། ཐལ་འགྱུར་ལས། དམ་པའི་དོན་ནི་བློ་བྲལ་ནས། །དབང་པོ་ཅིག་ཅར་གྲོལ་བ་ན། །མངོན་སུམ་མཐོང་བའི་གནད་ཀྱིས་ནི། །རང་གི་གྲུབ་པའི་མཐའ་ཞིག་ནས། །གང་ལ་ཞེན་དང་འཛིན་མེད་པར། །ཡང་དག་ཆོས་ཉིད་རོ་མྱངས་ནས། །ཁམས་གསུམ་ལྡོག་པའི་རྟེན་མེད་པར། །མཁའ་ལ་མཁའ་ཉིད་ཐིམ་པ་ལྟར། །རྣལ་འབྱོར་མཆོག་ཀྱང་དེ་བཞིན་ནོ། །ཞེས་གསུངས་སོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་ཀྱི་སེམས་ལ་གཉིས་སུ་མེད་པར་བསྟན་པ་སྟེ། ལེའུ་བརྒྱད་པའི་འགྲེལ་པའོ།། ༈ །།

[edit]
rywikitexts e-text of the Beijing 2009 edition (vol. 16), with its page numbers ༼N༽.

ཡིད་ལ་དྲན་པ་ངག་ཏུ་འབྱུང་བས་ཚོར་བ་རགས་པར་མངོན་ཡང༌། རྣལ་འབྱོར་པ་དེ་ལ་ཟང་མ་ཐལ་བྱུང་དུ་སོང་བས་ནམ་མཁའ་ལ་རྫས་མི་ཆགས་པ་ལྟར་སྐྱོན་དང་དྲི་མས་མ་གོས་ཤིང༌། དགེ་སྡིག་གི་མཐའ་ལས་འདས་པས་འཆིང་གྲོལ་མེད་པ་སྟེ། མུ་ཏིག་ཕྲེང་བ་ལས། ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡིན་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་འཕྲད་པས་སྤྲུལ་སྐུར་བྱུང༌། །རྟོགས་སུ་ཡོད་པས་ཐབས་སུ་བྱུང༌། །བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །བཅུད་དུ་དྲིལ་བས་རིག་པ་གསལ། །ཞེས་པ་དང༌། ཀློང་དྲུག་པ་ལས། ཐོག་བབས་ཆེན་པོའི་སེམས་ཉིད་ལ། །སྣང་བ་ཐད་ཀ་«༼༡༽«རང་སར་དག» «།ཡིན་པར་སྣང་བའི་སེམས་ཉིད་ལ། །བརྫུན་གྱི་ཚིག་རྣམས་རང་སར་དག» «།མིན་པར་སྣང་བའི་སེམས་ཉིད་ལ། །མ་བྱིན་ལེན་པ་རང་སར་དག» «།ཡིན་དང་མིན་པའི་སེམས་ཉིད་ལ། །མི་ཚངས་སྤྱད་པ་རང་སར་དག» «།འཆལ་བ་མེད་པའི་སེམས་ཉིད་ལ། །ངག་འཁྱལ་རྣམས་ནི་རང་སར་དག» «།ཡུལ་ལ་སྣང་བའི་སེམས་ཉིད་ལ། །ཕྲ་མའི་ཚིག་རྣམས་རང་སར་དག» «།འགྱུ་བར་སྣང་བའི་སེམས་ཉིད་ལ། །འདོད་ལོག་རྣམས་ནི་རང་སར་དག» «།ཀ་ནས་དག་པའི་སེམས་ཉིད་ལ། །སྲོག་གཅོད་པ་ཡང་རང་སར་ དག» «།རྐྱེན་དུ་སྣང་བའི་སེམས་ཉིད་ལ། །བརྣབ་སེམས་རྣམས་ནི་རང་སར་ དག» «།འབྲས་བུར་སྣང་བའི་སེམས་ཉིད་ལ། །གནོད་སེམས་རྣམས་ནི་རང་སར་དག» «།སྒྲ་རུ་སྣང་བའི་སེམས་ཉིད་ལ། །གྲག་པ་རྣམས་ནི་རང་སར་དག» «། གཟུགས་སུ་སྣང་བའི་སེམས་ཉིད་ལ། །འཛིན་པའི་ཆ་རྣམས་རང་སར་དག» «།དྲི་རུ་སྣང་བའི་སེམས་ཉིད་ལ། །ཤེས་པའི་ཆ་རྣམས་རང་སར་དག» «།རོ་ཉིད་སྣང་བའི་སེམས་ཉིད་ལ། །མྱོང་བྱེད་ཤེས་པ་རང་སར་དག» «།རེག་ཏུ་སྣང་བའི་སེམས་ཉིད་ལ། །རེག་བྱའི་ཤེས་པ་རང་སར་དག» «།ཆོས་སུ་སྣང་བའི་སེམས་ཉིད་ལ། །སྤྱི་དང་རང་འཛིན་«༼༡༽«རང་སར་དག» «།བདག་ཏུ་སྣང་བའི་སེམས་ཉིད་ལ། །ཞེན་པའི་བློ་རྣམས་རང་སར་དག» «།བདག་མེད་སྣང་བའི་སེམས་ཉིད་ལ། །ཆ་«༼༢༽«དང་བྲལ་བ་རང་སར་དག» «།ཅེས་སོ། །བཅོས་མ་ལྟར་སྣང་བའི་«༼༣༽«འདྲ་གཞི་སྤང་བ་ནི། རང་བྱུང་ངང་ནས་མཉམ་ཉིད་མ་རྟོགས་པར། །གཉིས་མེད་ཉིད་ཅེས་ཚིག་ལ་མངོན་ཞེན་ནས། །ཅི་ཡང་མི་དམིགས་ཡིད་དཔྱོད་གདེང་འཆའ་བ། །ལོག་རྟོག་ཉིད་དེ་མ་རིག་མུན་པའི་ཀློང༌། །གང་དག་རིག་པ་རྗེན་པར་ནི་མ་རྟོགས། སྐྱེ་མེད་ནམ་མཁའ་ལྟར་དགེ་སྡིག་གི་མཐའ་ལས་འདས་སོ་སྙམ་ནས། དོན་དམ་སྟོན་པའི་ཚིག་རླབས་པོ་ཆེ་རྣམས་རང་ཉམས་དང་མི་སྦྱོར་བར་ཐད་དྲང་དུ་སྨྲ་ཞིང༌། ཀུན་སྤྱོད་རྩིང་ལ་ཡིད་དཔྱོད་ལ་གདེང་དུ་འཆའ་བ་དེ་དག་ནི་ལོག་རྟོག་བཅོས་མའི་གང་ཟག་རྣལ་འབྱོར་པར་འཆོས་པ་ཞེས་བྱ་སྟེ། ཕལ་ཆེར་བདུད་ཀྱིས་བསླུས་པར་རིག་པར་བྱ་སྟེ། དེ་ལ་འཁོར་ལ་སོགས་པ་འདུ་བ་མང་ཡང་ལོག་པར་འགྲོ་བའི་ལམ་ལ་འདྲེན་པས་ན། དེས་རང་ཉིད་དེ་ལྟར་སོང་བ་མ་ཚོར་བར་ངེས་པས། ཡང་དག་པའི་ལམ་དུ་འགྲོ་བར་འདོད་པས་ནི་འཁོར་ལ་སོགས་པའི་ཚོགས་པ་སྤངས་ལ། ཡང་དག་པའི་བླ་མ་བསྟེན་ནས་གཅིག་པུ་ཆོས་ཉིད་ཀྱི་དོན་ཉམས་སུ་ལེན་པར་བྱས་ན། དེ་ལས་བཟློག་པར་འགྱུར་ཏེ། རིག་པ་རང་ཤར་ལས། དེ་ཡང་མེད་པར་འདི་ལྟར་བྱུང་ན། ཁ་ཚིག་ལ་དཔྱོད་ཅིང་གཏིང་མ་རྟོགས་པའི་རྟགས་ཡིན་ནོ། །ཡང་སྨྱོན་པ་ལྟ་བུར་བྱུང་ན་བར་ཆོད་ཀྱི་བདུད་བྱུང་བ་ཡིན་པས། ཚོགས་«༼༤༽«རྒྱ་ཆེན་པོ་བཏང་ལ་ཉམས་སུ་བླང་ངོ་ཞེས་གསུངས་སོ། །དེང་སང་ནི་འདི་ལྟ་བུ་ཤིན་ཏུ་མང་ངོ༌། །ད་ནི་མཉམ་རྫོགས་གཞི་ཀློང་ཡངས་པར་སྐལ་བཟང་རྣམས་ཀྱིས་རང་ངོ་རྟོགས་པར་གདམས་པ་ནི། དེ་ཕྱིར་རང་བྱུང་འཕོ་འགྱུར་མེད་པ་ལ། །བསམ་རྫོགས་རྒྱལ་པོ་གཉིས་སུ་མེད་པར་སྦྱང༌། །ཁམས་གསུམ་ཡོངས་གྲོལ་འཁོར་འདས་གཉིས་མེད་དོན། །རང་བཞིན་ཁོང་ནས་རང་ཤར་ཆོས་སྐུའི་རྫོང༌། །མཁའ་ལྟར་རྣམ་དག་དཔེ་ལས་འདས་པ་འབྱུང༌། །ཆོས་ཉིད་དང་སེམས་ཉིད་དབྱེར་མེད་པ་དེ་བཞིན་དུ་«༼༡༽«རང་ཉམས་ལ་གོམས་ཤིང་སྦྱངས་སྟོབས་ཀྱིས་ཁོང་ནས་རྟོགས་པ་ནམ་མཁའ་ལྟ་བུ་རང་ཤར་བ་ནི་ཆོས་སྐུ་རྡོ་རྗེའི་རྫོང་འཆོས་པས། མཐའ་བྲལ་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པ་ནི། ངོ་བོ་མཐའ་གྲོལ་ཆོས་སྐུ། རྟོག་པ་རང་གྲོལ་རྒྱུད་ཆེན། འབྲས་བུ་རང་སངས་རྣམ་དག་དང་གསུམ་དུ་འབྱུང་བར་ངེས་ཏེ། རིམ་པ་བཞིན་ལུང་དང་སྦྱར་བ་ནི། ཐལ་འགྱུར་ལས། བྱ་བ་མེད་པས་གྲོལ་བ་མེད། །བྱུང་བ་མེད་པས་གནས་པ་མེད། །»«འགྲོ་བ་མེད་པས་འོང་འཁོར་ཟད། །བྱས་བྱུང་གཅིག་དང་གཉིས་མེད་པའོ། །«༼༢༽«ཐ་སྙད་འཁྲུལ་པ་ཙམ་དུའང་མེད། །ཡོད་མེད་ལས་ཀྱི་འཇུག་པ་ སྟོང༌། །ཡེ་ནས་»«འབྲས་བུ་«༼༣༽«བློ་བྲལ་ཉིད། །སྨྲ་བསམ་བརྗོད་པ་ཀུན་འདས་པའོ། །ཞེས་དང༌། མུ་ཏིག་ཕྲེང་བ་ལས། རང་ལས་བྱུང་བས་གྲོལ་ཞེས་བྱ། ། གནས་པ་ཡིན་པས་ཁྱབ་ཅེས་བྱ། །མཚན་མ་མེད་པས་སྟོང་ཞེས་བྱ། །ནུབ་པ་མེད་པས་ཤར་ཞེས་བྱ། །གདོས་བཅས་མིན་པས་ཟང་ཐལ་ལོ། །གྲོལ་བར་གནས་པས་ལོག་ཅེས་བྱ། །སྣ་ཚོགས་སྣང་བས་གདངས་ཞེས་བྱ། །གཉིས་སུ་མེད་པས་གཅིག་པུ་ཉིད། །ཐམས་ཅད་བསྐྱེད་པས་རྒྱུ་ཞེས་བྱ། །མ་ལུས་རྫོགས་པས་འབྲས་བུ་ཉིད། །དམིགས་པ་དག་པས་ལམ་ཞེས་བྱ། །འཁྲུལ་པ་ཟད་པས་ལུང་ཡང་ ཡིན། །རང་ལ་གནས་པས་རྒྱུད་ཅེས་བྱ། །མཚོན་དུ་ཡོད་པས་མན་ངག་ཡིན། ། གྲངས་ལས་ལོག་པས་རྩིས་ཞེས་བྱ། །ཞེས་པ་དང༌། ཀློང་དྲུག་པ་ལས། དམིགས་པར་སྣང་བའི་སེམས་ཉིད་ལ། །དམིགས་བྱེད་ཆ་རྣམས་རང་སར་དག» «།བློ་ཚོགས་སྣང་བའི་སེམས་ཉིད་ལ། །ཚོར་བ་རྣམས་ནི་རང་སར་དག» «།» «ཡིད་དུ་སྣང་བའི་སེམས་ཉིད་ལ། །དཔྱོད་བྱེད་ཆ་རྣམས་རང་སར་དག» «།» «གཟུགས་སུ་སྣང་བའི་སེམས་ཉིད་ལ། །འབྱུང་བ་འདུས་པ་རང་སར་དག» «།» «རྣམ་ཤེས་སྣང་བའི་སེམས་ཉིད་ལ། །»«རྒྱུ་རྐྱེན་རྣམས་ནི་རང་སར་དག» «།ཚོར་བ་སྣང་བའི་སེམས་ཉིད་ ལ། །ཉམས་མྱོང་རྣམས་ནི་རང་སར་དག» «།འདུ་ཤེས་སྣང་བའི་སེམས་ཉིད་ ལ། །གཟུང་འཛིན་ཆ་རྣམས་རང་སར་དག» «།འདུ་བྱེད་སྣང་བའི་སེམས་ཉིད་ ལ། །«༼༡༽«ཉོན་མོངས་གྲངས་རྣམས་རང་སར་དག» «།རྟོག་འཛིན་སྣང་བའི་སེམས་ཉིད་ལ། །དྲན་པའི་གཟུང་རྣམས་རང་སར་དག» «།ཅེས་སོ། །ད་ནི་འཛིན་ཞེན་མེད་པའི་རྟོགས་པ་ནམ་མཁའ་ཀློང་ཡངས་སུ་དོན་གྱི་སྙིང་པོ་གཅིག་ཏུ་བསྡུ་བ་ནི། འདི་དང་འདི་ཞེས་སོ་སོར་ཞེན་པའི་བར། །གཉིས་སུ་གནས་པས་རང་གཞན་འཁྲུལ་པའི་གཟེབ། །གང་ཚེ་འདི་ཞེས་ཐ་དད་རིས་མེད་ཅིང༌། །ཐམས་ཅད་ཕྱམ་མཉམ་དམིགས་གཏད་མེད་པ་ན། །གཉིས་མེད་རྟོགས་ཞེས་རྡོ་རྗེ་སེམས་དཔས་གསུངས། །གང་ཞིག་རིག་པ་ཆོས་སྐུའི་དོན་རྟོགས་པ་དང༌། མ་རྟོགས་པའི་ཚད་ནི་འཛིན་ཞེན་གྱི་ཆ་རིག་པ་ལ་ཡོད་པ་དང་མེད་པས་ཕྱེ་བ་སྟེ། ནམ་མཁའ་དག་པ་དང་མ་དག་པ་སྤྲིན་དང་ཁུ་རླངས་ཡོད་མེད་ཀྱིས་ཕྱེ་བ་བཞིན་ནོ། །འདིར་ཡང་རྣལ་འབྱོར་པ་གང་ཞིག་རང་གི་ལྟ་སྒོམ་ལ་སོགས་པ་ལ་ཞེན་པའམ། སྤང་གཉེན་བླང་དོར་གྱི་རིས་སུ་འཛིན་རིང་ལ་གཉིས་སུ་མེད་པའི་རྟོགས་པ་རྒྱུད་ལ་མེད་པར་ངེས་ཏེ། གཉིས་བཅས་རང་མཚན་ལ་ཞེན་པ་དང་མ་བྲལ་བའི་ཕྱིར་རོ། །དེ་ཁོ་ན་ཉིད་ཀྱི་དོན་ལ་དངོས་གྲུབ་བརྙེས་པའི་དཔལ་མགོན་བླ་མ་དམ་པ་ཆོས་ཀྱི་རྗེ་ཀུ་མཱ་རཱ་ཙའི་ཞལ་སྔ་ནས། གནས་ལུགས་རྟོགས་སམ་མ་རྟོགས་ཞེན་པ་དང་བྲལ་བ་དང་མ་བྲལ་བས་ཤེས་ཞེས་གསུངས་པ་བཞིན་ནོ། །དེ་བཞིན་དུ་དོ་ཧ་ལས་ཀྱང༌། ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང༌། །ནམ་ཡང་སྡུག་བསྔལ་འབའ་ཞིག་བསྐྱེད་པར་ཟད། །ཅེས་གསུངས་པ་བཞིན་ནོ། །གང་ལ་ཞེན་འཛིན་དང་བླང་དོར་ལ་བློས་གཏིང་ཚུགས་པའི་མཐའ་མི་འཆའ་ཞིང་ཆོས་དང་ཆོས་མ་ཡིན་པ་འབྱེད་པར་མཁས་ཀྱང་རང་གཞན་གྱི་གྲུབ་མཐའ་དང་ལྟ་སྒོམ་སྤྱོད་འབྲས་ལ་འཛིན་པ་རྡུལ་ཆ་ཙམ་ཡང་མེད་ན། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཞེས་རྡོ་རྗེ་སེམས་དཔས་གསུངས་ཏེ། ནོར་བུ་ཕྲ་བཀོད་ལས། སྟོང་པ་ཆེན་པོ་ཆོས་ཀྱི་སྐུ། ། བརྡ་དང་དམིགས་པས་མཚོན་དུ་མེད། །རྒྱུ་དང་རྐྱེན་མེད་རང་རིག་པ། །སྟོང་དང་མི་སྟོང་མཐའ་ལས་འདས། །ཞེས་པ་དང༌། ཐལ་འགྱུར་ལས། དམ་པའི་དོན་ནི་བློ་བྲལ་ནས། །དབང་པོ་ཅིག་ཅར་གྲོལ་བ་ན། །»«མངོན་སུམ་མཐོང་བའི་གནད་ཀྱིས་ནི༌། །«༼༡༽«རང་གི་གྲུབ་པའི་མཐའ་ཞིག་ནས། །གང་ལ་ཞེན་དང་འཛིན་མེད་པར། །ཡང་དག་ཆོས་ཉིད་རོ་མྱངས་«༼༢༽» «ནས། ཁམས་གསུམ་ལྡོག་པའི་རྟེན་མེད་པར། །མཁའ་ལ་མཁའ་ཉིད་ཐིམ་པ་ལྟར། །རྣལ་འབྱོར་མཆོག་ཀྱང་དེ་བཞིན་ནོ། །ཞེས་གསུངས་སོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་ཀྱི་སེམས་ལ་གཉིས་སུ་མེད་པར་བསྟན་པ་སྟེ། ལེའུ་བརྒྱད་པའི་འགྲེལ་པའོ།། » «།།

[edit]
OCR of the BDRC scans (I2PD20601, I2PD20602), gorn05 tibocr 2026: BDRC OCR on 244 pages, Mitra OCR on 127 pages (the model with more recognisable syllables on each page).

[p. 116] ཡིད་ལ་དྲན་པ་ངག་ཏུ་འབྱུང་བས་ཚོར་བ་རགས་པར་མངོན་ཡང་། རྣལ་འབྱོར་པ་དེ་ལ་ཟང་མ་ཐལ་བྱུང་དུ་སོང་བས་ནམ་མཁའ་ལ་རྫས་མི་ཆགས་པ་ལྟར། སྐྱོན་དང་དྲི་མས་མ་གོས་ཤིང་། དགེ་སྡིག་གི་མཐའ་ལས་འདས་པས་འཆིང་གྲོལ་མེད་པ་སྟེ། མུ་ཏིག་ཕྲེང་བ་ལས། ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡིན་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་འཕྲད་པས་སྤྲུལ་སྐུར་བྱུང་། །རྟོགས་སུ་ཡོད་པས་ཐབས་སུ་བྱུང་། །བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །བཅུད་དུ་དྲིལ་བས་རིག་པ་གསལ། །ཞེས་པ་དང་། ཀློང་དྲུག་པ་ལས། ཐོག་བབས་ཆེན་པོའི་སེམས་ཉིད་ལ། །སྣང་བ་ཐད་ཀ་རང་སར་དག །ཡིན་པར་སྣང་བའི་སེམས་ཉིད་ལ། །བརྫུན་གྱི་ཚིག་རྣམས་རང་སར་དག །མེད་པར་སྣང་བའི་སེམས་ཉིད་དང་། །མ་བྱིན་ལེན་པ་རང་སར་དག །ཡིན་དང་མིན་པའི་སེམས་ཉིད་ལ། །མི་ཚངས་སྤྱད་པ་རང་སར་དག །འཆལ་བ་མེད་པའི་སེམས་ཉིད་ལ། །ངག་འཁྱལ་རྣམས་ནི་རང་སར་དག །ཡུལ་ལ་སྣང་བའི་སེམས་ཉིད་ལ།། །།ཕྲ་མའི་ཚིག་རྣམས་རང་སར་དག། །འགྱུ་བར་སྣང་བའི་སེམས་ཉིད་ལ་འདོད་ལོག་རྣམས་ནི་རང་སར་དག། །ཀ་ནས་དག་པའི་སེམས་ཉིད་ལ། །སྲོག་གཅོད་པ་ཡང་རང་སར་དག །རྐྱེན་དུ་སྣང་བའི་སེམས་

[p. 117] ༄༅། །ཉིད་ལ། །བརྣབ་སེམས་རྣམས་ནི་རང་སར་དག །འབྲས་བུར་སྣང་བའི་སེམས་ཉིད་ལ། །གནོད་སེམས་རྣམས་ནི་རང་སར་དག །སྒྲ་རུ་སྣང་བའི་སེམས་ཉིད་ལ། །གྲག་པ་རྣམས་ནི་རང་སར་དག །གཟུགས་སུ་སྣང་ བའི་སེམས་ཉིད་ལ། །འཛིན་པའི་ཆ་རྣམས་རང་སར་དག །དྲི་རུ་སྣང་བའི་སེམས་ཉིད་ལ། །ཤེས་པའི་ཆ་རྣམས་རང་སར་དག །རོ་ཉིད་སྣང་བའི་སེམས་ཉིད་ལ། །མྱོང་བྱེད་ཤེས་པ་རང་སར་དག །རེག་ཏུ་སྣང་བའི་སེམས་ཉིད་ལ། ། རེག་བྱའི་ཤེས་པ་རང་སར་དག །ཆོས་སུ་སྣང་བའི་སེམས་ཉིད་ལ། །སྤྱི་དང་རང་འཛིན་རང་སར་དག །བདག་ཏུ་སྣང་བའི་སེམས་ཉིད་ལ། །ཞེན་པའི་བློ་རྣམས་རང་སར་དག །བདག་མེད་སྣང་བའི་སེམས་ཉིད་ལ། །ཆ་དང་བྲལ་བ་རང་སར་ དག །ཅེས་སོ། །བཅོས་མ་ལྟར་སྣང་བའི་འདྲ་བཞི་སྤང་བ་ནི། རང་བྱུང་དང་ནས་མཉམ་ཉིད་མ་རྟོགས་པར། །གཉིས་མེད་ཉིད་ཅེས་ཚིག་ལ་མངོན་ཞེན་ནས། །ཅི་ཡང་མི་དམིགས་ཡིད་དཔྱོད་གདེང་འཆའ་བ། །ལོག་རྟོག་ཉིད་དེ་མ་རིག་མུན་པའི་ ཀློང་། །གང་དག་རིག་པ་རྗེན་པར་ནི་མ་རྟོགས། སྤྱི་མེད་ནམ་མཁའ་ལྟར་དགེ་སྡིག་གི་མཐའ་ལས་འདས་སོ་སྙམ་ནས། དོན་དམ་སྟོན་པའི་ཚིག་རླབས་པོ་ཆེ་རྣམས་རང་ཉམས་དང་མི་སྦྱོར་བར་ཐད་དྲང་དུ་སྨྲ་ཞིང་། ཀུན་སྤྱོད་ཅིང་ལ་ཡིད་དཔྱོད་ལ་གདེང་དུ་ འཆའ་བ་དེ་དག་ནི་ལོག་རྟོག་བཅོས་མའི་གང་ཟག་རྣལ་འབྱོར་པར་འཆོས་པ་ཞེས་བྱ་སྟེ། ཕལ་ཆེར་བདུད་ཀྱིས་བསླུས་པར་རིག་པར་བྱ་སྟེ། དེ་ལ་འཁོར་ལ་སོགས་པ་འདུ་བ་མང་ཡང་ལོག་པར་འགྲོ་བའི་ལམ་ལ་འདྲེན་པས་ན། དེས་རང་ཉིད་དེ་ལྟར་སོང་ བ་མ་ཚོར་བར་ངེས་པས། ཡང་དག་པའི་ལམ་དུ་འགྲོ་བར་འདོད་པས་ན་འཁོར་ལ་སོགས་པའི་ཆོ་གས་པ་སྤངས་ལ། ཡང་དག་པའི་བླ་མ་ལ་སྟེ་ནན་ས་གཅིག་པུ་ཆོས་ཉིད་ཀྱི་དོན་ཉམས་སུ་ལེན་པར་བྱས་ན། དེ་ལས་བཟློག་པར་འགྱུར་ཏེ། རིག་པ་རང་

[p. 118] ཤར་ལས། དེ་ཡང་མེད་པར་འདི་ལྟར་བྱུང་ན། ཁ་ཚིག་ལ་དཔྱོད་ཅིང་གཏིང་མ་རྟོགས་པའི་རྟགས་ཡིན་ནོ། །ཡང་སྨྱོན་པ་ལྟ་བུར་བྱུང་ན་བར་ཆོད་ཀྱི་བདུད་བྱུང་བ་ཡིན་པས། ཚོགས་རྒྱ་ཆེན་པོ་བཏང་ལ་ཉམས་སུ་བླང་ངོ་ཞེས་གསུངས་སོ། །དིང་སང་ ནི་འདི་ལྟ་བུ་ཤིན་ཏུ་མང་ངོ་། །ད་ནི་མཉམ་རྫོགས་གཞི་ཀློང་ཡངས་པར་སྐལ་བཟང་རྣམས་ཀྱི་རང་ངོ་རྟོགས་པར་གདམས་པ་ནི། དེ་ཕྱིར་རང་བྱུང་འཕོ་འགྱུར་མེད་པ་ལ། །བསམ་རྫོགས་རྒྱལ་པོ་གཉིས་སུ་མེད་པར་སྦྱང་། །ཁམས་གསུམ་ཡོངས་གྲོལ་ འཁོར་འདས་གཉིས་མེད་དོན། །རང་བཞིན་ཁོང་ནས་རང་ཤར་ཆོས་སྐུའི་རྫོང་། །མཁའ་ལྟར་རྣམ་དག་དཔེ་ལས་འདས་པ་འབྱུང་། །ཆོས་ཉིད་དང་སེམས་ཉིད་དབྱེར་མེད་པ་དེ་བཞིན་དུ་རང་ཉམས་ལ་གོམས་ཤིང་སྦྱངས་སྟོངས་ཀྱིས་ཁོང་ནས་རྟོགས་པ་ནམ་ མཁའ་ལྟ་བུ་རང་ཤར་བ་ནི་ཆོས་སྐུ་རྡོ་རྗེའི་རྫོང་འཆོས་པས། མཐའ་བྲལ་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པ་ནི། ངོ་བོ་མཐའ་གྲོལ་ཆོས་སྐུ། རྟོག་པ་རང་གྲོལ་རྒྱུད་ཆེན། འབྲས་བུ་རང་སངས་རྣམ་དག་དང་གསུམ་དུ་འབྱུང་བར་ངེས་ཏེ། རིམ་པ་བཞིན་ ལུང་དང་སྦྱར་བ་ནི། ཐལ་འགྱུར་ལས། བྱ་བ་མེད་པས་གྲོལ་བ་ལ། །བྱུང་བ་མེད་པས་གནས་པ་མེད། །ཐ་སྙད་འཁྲུལ་པ་ཙམ་དུའང་མེད། །ཡོད་མེད་ལས་ཀྱིས་འཇུག་པ་སྟོང་། །ཡེ་ནས་རང་བྱུང་བློ་བྲལ་ཉིད། །སྨྲ་བསམ་བརྗོད་པ་ཀུན་འདིས་ པའོ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། རང་ལས་བྱུང་བས་གྲོལ་ཞེས་བྱ། །གནས་པ་ཡིན་པས་ཁྱབ་ཅེས་བྱ། །མཚན་མ་མེད་པས་སྟོང་ཞེས་བྱ། །ནུབ་པ་མེད་པས་ཤར་ཞེས་བྱ། །གདོས་བཅས་མིན་པས་ཟད་ཐལ་ལོ། །གྲོལ་བར་ གནས་པས་ལོག་ཅེས་བྱ། །སྣ་ཚོགས་སྣང་བས་གདངས་ཞེས་བྱ། །གཉིས་སུ་མེད་པས་གཅིག་པུ་ཉིད། །ཐམས་ཅད་བསྐྱེད་པས་རྒྱུ་ཞེས་བྱ། །མ་ལུས་རྫོགས་པས་འབྲས་བུ་ཉིད། །དམིགས་པ་དག་པས་ལམ་ཞེས་བྱ། །འཁྲུལ་པ་ཟད་པས་ལུང་ཡང་

[p. 119] ཡིན། །རང་ལ་གནས་པས་རྒྱུད་ཅེས་བྱ། །མཚོན་དུ་ཡོད་པས་མན་ངག་ཡིན། །གྲངས་ལས་ལོག་པས་རྩིས་ཞེས་བྱ། །ཞེས་པ་དང་། ཀློང་དྲུག་པ་ལས། དམིགས་པར་སྣང་བའི་སེམས་ཉིད་ལ། །དམིགས་བྱེད་ཆ་རྣམས་རང་སར་དག །བློ་ཚོགས་སྣང་བའི་སེམས་ཉིད་ལ། ཚོར་བ་རྣམས་ནི་རང་སར་དག །ཡིད་དུ་སྣང་བའི་སེམས་ཉིད་ལ། དཔྱོད་བྱེད་ཆ་རྣམས་རང་སར་དབ། །གཟུགས་སུ་སྣང་བའི་སེམས་ཉིད་ལ།འབྱུང་བ་འདུས་པ་རང་སར་དག །རྣམ་ཤེས་སྣང་བའི་སེམས་ཉིད་ལ་། །ཉོན་མོངས་གྲངས་རྣམས་རང་སར་དག །རྟོག་འཛིན་སྣང་བའི་སེམས་ཉིད་ལ།དྲན་པའི་གཟུང་རྣམས་རང་སར་དག །ཅེས་སོ། །ད་ནི་འཛིན་ཞེན་མེད་པའི་རྟོགས་པ་ནམ་མཁའ་ཀློང་ཡངས་སུ་དོན་གྱི་སྙིང་པོ་གཅིག་ཏུ་བསྡུ་བ་ནི། འདི་དང་འདི་ཞེས་སོ་སོར་ཞེན་པའི་བར། །གཉིས་སུ་གནས་པས་རང་གཞན་འཁྲུལ་པའི་གཟེབ། །གང་ཚེ་འདི་ཞེས་ཐ་དད་རིས་མེད་ཅིང་། །ཐམས་ཅད་ཕྱམ་མཉམ་དམིགས་གཏད་མེད་པ་ན། །གཉིས་མེད་རྟོགས་ཞེས་རྡོ་རྗེ་སེམས་དཔས་གསུངས། །གང་ཞིག་རིག་པ་ཆོས་སྐུའི་དོན་རྟོགས་པ་དང་། མ་རྟོགས་པའི་ཚད་ནི་འཛིན་ཞེན་གྱི་ཆ་རིག་པ་ལ་ཡོད་པ་དང་མེད་པས་ཕྱེ་བ་སྟེ། ནམ་མཁའ་དག་པ་དང་མ་དག་པ་སྤྲིན་དང་ཁུ་རླངས་ཡོད་མེད་ཀྱིས་ཕྱེ་བ་བཞིན་ནོ། །འདིར་ཡང་རྣལ་འབྱོར་པ་གང་ཞིག་རང་གི་ལྟ་སྒོམ་ལ་སོགས་པ་ལ་ཞེན་པའམ། སྤང་གཉེན་བླང་དོར་གྱི་རིས་སུ་འཛིན་རིང་ལ་གཉིས་སུ་མེད་པའི་རྟོགས་པ་རྒྱུད་ལ་མེད་པར་ངེས་ཏེ། གཉིས་བཅས་རང་མཚན་ལ་ཞེན་པ་དང་མ་བྲལ་བའི་ཕྱིར་རོ། །དེ་ཁོ་ན་ཉིད་ཀྱི་དོན་ལ་དངོས་གྲུབ་བརྙེས་པའི་དཔལ་མགོན་བླ་མ་དམ་པ་ཆོས་ཀྱི་རྗེ་ཀུ་མཱ་རཱ་ཙའི་ཞལ་སྔ་ནས། གནས་ལུགས་རྟོགས་སམ་མ་རྟོགས་ཞེན་པ་དང་བྲལ་བ་དང་མ་བྲལ་བས་ཤེས་ཞེས་གསུངས་པ་བཞིན་ནོ། །དེ་བཞིན་དུ་དོ་ཧ་ལས་ཀྱང་། ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང་། །ནམ་

[p. 120] ཡང་སྡུག་བསྔལ་འབའ་ཞིག་བསྐྱེད་པར་ཟད། །ཅེས་གསུངས་པ་བཞིན་ནོ། །གང་ལ་ཞེན་འཛིན་དང་བླང་དོར་ལ་བློས་གཏིང་ཚུགས་པའི་མཐའ་མི་འཆའ་ཞིང་ཆོས་དང་ཆོས་མ་ཡིན་པ་འབྱེད་པར་མཁས་ཀྱང་རང་གཞན་གྱི་གྲུབ་མཐའ་དང་ལྟ་སྒོམ་སྤྱོད་འབྲས་ལ་འཛིན་པ་རྡུལ་ཆ་ཙམ་ཡང་མེད་ན། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཞེས་རྡོ་རྗེ་སེམས་དཔས་གསུངས་ཏེ། ནོར་བུ་འཕྲ་བཀོད་ལས། སྟོང་པ་ཆེན་པོ་ཆོས་ཀྱི་སྐུ། །བརྡ་དང་དམིགས་པས་མཚོན་དུ་མེད། །རྒྱུ་དང་རྐྱེན་མེད་རང་རིག་པ། །སྟོང་དང་མི་སྟོང་མཐའ་ལས་འདས། །ཞེས་པ་དང་། ཐལ་འགྱུར་ལས། དམ་པའི་དོན་ནི་བློ་བྲལ་ནས། །དབང་པོ་ཅིག་ཅར་གྲོལ་བ་ན། །རང་གི་གྲུབ་པའི་མཐའ་ཞིག་ནས། །གང་ལ་ཞེན་དང་འཛིན་མེད་པར། །ཡང་དག་ཆོས་ཉིད་རོ་མྱོང་ནས། །ཁམས་གསུམ་བཟློག་པའི་རྟེན་མེད་པར། །མཁའ་ལ་མཁའ་ཉིད་ཐིམ་པ་ལྟར། །རྣལ་འབྱོར་མཆོག་ཀྱང་དེ་བཞིན་ནོ། །ཞེས་གསུངས་སོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་ཀྱི་སེམས་ལ་གཉིས་སུ་མེད་པར་བསྟན་པ་སྟེ། ལེའུ་བརྒྱད་པའི་འགྲེལ་པའོ།། །།

[edit]
OCR of the BDRC scans (I3CN4267), gorn05 tibocr 2026: BDRC OCR on 226 pages, Mitra OCR on 175 pages (the model with more recognisable syllables on each page).

[p. 183] ངག་ཏུ་འབྱུང་བས་ཚོར་བ་རགས་པར་མངོན་ཡང་། རྣལ་འབྱོར་པ་དེ་ལ་ཟང་མ་ ཐལ་བྱུང་དུ་སོང་བས་ནམ་མཁའ་ལ་རྫས་མི་ཆགས་པ་ལྟར་སྐྱོན་དང་དྲི་མས་མ་ གོས་ཤིང་། དགེ་སྡིག་གི་མཐའ་ལས་འདས་པས་འཆིང་གྲོལ་མེད་པ་སྟེ། མུ་ཏིག་ ཕྲེང་བ་ལས། ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡིན་པས་མུན་ པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་ རྒྱས། །མ་བུ་འཕྲད་པས་སྤྲུལ་སྐུར་བྱུང་། །རྟོགས་སུ་ཡོད་པས་ཐབས་སུ་བྱུང་། ། བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། ། བཅུད་དུ་དྲིལ་བས་རིག་པ་གསལ། །ཞེས་པ་དང་། ཀློང་དྲུག་པ་ལས། ཐོག་བབས་ ཆེན་པོའི་སེམས་ཉིད་ལ། །སྣང་བ་ཐད་ཀ་རང་སར་དག །ཡིན་པར་སྣང་བའི་ སེམས་ཉིད་ལ། །བརྫུན་གྱི་ཚིག་རྣམས་རང་སར་དག །མིན་པར་སྣང་བའི་སེམས་ ཉིད་ལ། །མ་བྱིན་ལེན་པ་རང་སར་དག །ཡིན་དང་མིན་པའི་སེམས་ཉིད་ལ། །མི་ ཚངས་སྤྱད་པ་རང་སར་དག །འཆལ་བ་མེད་པའི་སེམས་ཉིད་ལ། །ངག་འཁྱལ་ རྣམས་ནི་རང་སར་དག །ཡུལ་ལ་སྣང་བའི་སེམས་ཉིད་ལ། །ཕྲ་མའི་ཚིག་རྣམས་ རང་སར་དག །འགྱུ་བར་སྣང་བའི་སེམས་ཉིད་ལ། འདོད་ལོག་རྣམས་ནི་རང་ སར་དག །ཀ་ནས་དག་པའི་སེམས་ཉིད་ལ། །སྲོག་གཅོད་པ་ཡང་རང་སར་དག ། རྐྱེན་དུ་སྣང་བའི་སེམས་ཉིད་ལ། བརྣབ་སེམས་རྣམས་ནི་རང་སར་དག །འབྲས་ བུར་སྣང་བའི་སེམས་ཉིད་ལ།།གནོད་སེམས་རྣམས་ནི་རང་སར་པ་དག །སྒྲ་རུ་སྣང་ བའི་སེམས་ཉིད་ལ། །གྲག་པ་རྣམས་ནི་རང་སར་དག།གཟུགས་སུ་སྣང་བའི་ སེམས་ཉིད་ལ་། །འཛིན་པའི་ཆ་རྣམས་རང་སར་དག །དྲི་རུ་སྣང་བའི་སེམས་ཉིད་

[p. 184] ། ལེའུ་བརྒྱད་པ་བྱང་ཆུབ་ཀྱི་སེམས་ལ་གཉིས་སུ་མེད་པར་བསྟན་པ། ལ༑ ༑ཤེས་པའི་ཆ་རྣམས་རང་སར་དག །རོ་ཉིད་སྣང་བའི་སེམས་ཉིད་ལ། །མྱོང་ བྱེད་ཤེས་པ་རང་སར་དག །རེག་ཏུ་སྣང་བའི་སེམས་ཉིད་ལ། །རེག་བྱའི་ཤེས་པ་ རང་སར་དག །ཆོས་སུ་སྣང་བའི་སེམས་ཉིད་ལ། །སྤྱི་དང་རང་འཛིན་྾་རང་སར་ དག །བདག་ཏུ་སྣང་བའི་སེམས་ཉིད་ལ། །ཞེན་པའི་བློ་རྣམས་རང་སར་དག ། བདག་མེད་སྣང་བའི་སེམས་ཉིད་ལ། །ཆ་྾་དང་བྲལ་བ་རང་སར་དག །ཅེས་སོ། ། བཅོས་མ་ལྟར་སྣང་བའི་྾་འདྲ་གཞི་སྤང་བ་ནི། རང་བྱུང་ངང་ནས་མཉམ་ཉིད་མ་ རྟོགས་པར། །གཉིས་མེད་ཉིད་ཅེས་ཚིག་ལ་མངོན་ཞེན་ནས། །ཅི་ཡང་མི་དམིགས་ ཡིད་དཔྱོད་གདེང་འཆའ་བ། །ལོག་རྟོག་ཉིད་དེ་མ་རིག་མུན་པའི་ཀློང་། །གང་དག་ རིག་པ་རྗེན་པར་ནི་མ་རྟོགས། སྐྱེ་མེད་ནམ་མཁའ་ལྟར་དགེ་སྡིག་གི་མཐའ་ལས་ འདས་སོ་སྙམ་ནས། དོན་དམ་སྟོན་པའི་ཚིག་རླབས་པོ་ཆེ་རྣམས་རང་ཉམས་དང་ མི་སྦྱོར་བར་ཐད་དྲང་དུ་སྨྲ་ཞིང་། ཀུན་སྤྱོད་རྩིང་ལ་ཡིད་དཔྱོད་ལ་གདེང་དུ་འཆའ་ བ་དེ་དག་ནི་ལོག་རྟོག་བཅོས་མའི་གང་ཟག་རྣལ་འབྱོར་པར་འཆོས་པ་ཞེས་བྱ་སྟེ། ཕལ་ཆེར་བདུད་ཀྱིས་བསླུས་པར་རིག་པར་བྱ་སྟེ། དེ་ལ་འཁོར་ལ་སོགས་པ་འདུ་ བ་མང་ཡང་ལོག་པར་འགྲོ་བའི་ལམ་ལ་འདྲེན་པས་ན། དེས་རང་ཉིད་དེ་ལྟར་སོང་ བ་མ་ཚོར་བར་ངེས་པས། ཡང་དག་པའི་ལམ་དུ་འགྲོ་བར་འདོད་པས་ནི་འཁོར་ལ་ སོགས་པའི་ཚོགས་པ་སྤངས་ལ། ཡང་དག་པའི་བླ་མ་བསྟེན་ནས་གཅིག་པུ་ཆོས་ ཉིད་ཀྱི་དོན་ཉམས་སུ་ལེན་པར་བྱས་ན། དེ་ལས་བཟློག་པར་འགྱུར་ཏེ། རིག་པ་ རང་ཤར་ལས། དེ་ཡང་མེད་པར་འདི་ལྟར་བྱུང་ན། ཁ་ཚིག་ལ་དཔྱོད་ཅིང་གཏིང་ མ་རྟོགས་པའི་རྟགས་ཡིན་ནོ། །ཡང་སྨྱོན་པ་ལྟ་བུར་བྱུང་ན་བར་ཆོད་ཀྱི་བདུད་བྱུང་ བ་ཡིན་པས། ཚོགས་྾་རྒྱ་ཆེན་པོ་བཏང་ལ་ཉམས་སུ་བླང་ངོ་ཞེས་གསུངས་སོ། །

[p. 185] ༈ ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། དེང་སང་ནི་འདི་ལྟ་བུ་ཤིན་ཏུ་མང་ངོ་། །ད་ནི་མཉམ་རྫོགས་གཞི་ཀློང་ཡངས་པར་ སྐལ་བཟང་རྣམས་ཀྱིས་རང་ངོ་རྟོགས་པར་གདམས་པ་ནི། དེ་ཕྱིར་རང་བྱུང་འཕོ་ འགྱུར་མེད་པ་ལ། །བསམ་རྫོགས་རྒྱལ་པོ་གཉིས་སུ་མེད་པར་སྦྱང་། །ཁམས་ གསུམ་ཡོངས་གྲོལ་འཁོར་འདས་གཉིས་མེད་དོན། །རང་བཞིན་ཁོང་ནས་རང་ ཤར་ཆོས་སྐུའི་རྫོང་། །མཁའ་ལྟར་རྣམ་དག་དཔེ་ལས་འདས་པ་འབྱུང་། །ཆོས་ ཉིད་དང་སེམས་ཉིད་དབྱེར་མེད་པ་དེ་བཞིན་དུ ༧་རང་ཉམས་ལ་གོམས་ཤིང་ སྦྱངས་སྟོབས་ཀྱིས་ཁོང་ནས་རྟོགས་པ་ནམ་མཁའ་ལྟ་བུ་རང་ཤར་བ་ནི་ཆོས་སྐུ་རྡོ་ རྗེའི་རྫོང་འཆོས་པས། མཐའ་བྲལ་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པ་ནི། ངོ་བོ་མཐའ་གྲོལ་ཆོས་སྐུ། རྟོག་པ་རང་གྲོལ་རྒྱུད་ཆེན། འབྲས་བུ་རང་སངས་རྣམ་དག་དང་གསུམ་དུ་འབྱུང་ བར་ངེས་ཏེ། རིམ་པ་བཞིན་ལུང་དང་སྦྱར་བ་ནི། ཐལ་འགྱུར་ལས། བྱ་བ་མེད་ པས་གྲོལ་བ་མེད། །བྱུང་བ་མེད་པས་གནས་པ་མེད། །྾འགྲོ་བ་མེད་པས་འོང་ འཁོར་ཟད། །བྱས་བྱུང་གཅིག་དང་གཉིས་མེད་པའོ། ། ༧་ཐ་སྙད་འཁྲུལ་པ་ཙམ་ དུའང་མེད། །ཡོད་མེད་ལས་ཀྱི་འཇུག་པ་སྟོང་། །ཡེ་ནས ༧་འབྲས་བུ ༧་བློ་བྲལ་ ཉིད། །སྨྲ་བསམ་བརྗོད་པ་ཀུན་འདས་པའོ། །ཞེས་དང་། མུ་ཏིག་ཕྲེང་བ་ལས། རང་ལས་བྱུང་བས་གྲོལ་ཞེས་བྱ། །གནས་པ་ཡིན་པས་ཁྱབ་ཅེས་བྱ། །མཚན་མ་ མེད་པས་སྟོང་ཞེས་བྱ། །ནུབ་པ་མེད་པས་ཤར་ཞེས་བྱ། །གདོས་བཅས་མིན་པས་ ཟང་ཐལ་ལོ། །གྲོལ་བར་གནས་པས་ལོག་ཅེས་བྱ། །སྣ་ཚོགས་སྣང་བས་གདངས་ ཞེས་བྱ། །གཉིས་སུ་མེད་པས་གཅིག་པུ་ཉིད། །ཐམས་ཅད་བསྐྱེད་པས་རྒྱུ་ཞེས་བྱ། ། མ་ལུས་རྫོགས་པས་འབྲས་བུ་ཉིད། །དམིགས་པ་དག་པས་ལམ་ཞེས་བྱ། །འཁྲུལ་

[p. 186] ། ལེའུ་བརྒྱད་པ་བྱང་ཆུབ་ཀྱི་སེམས་ལ་གཉིས་སུ་མེད་པར་བསྟན་པ། པ་ཟད་པས་ལུང་ཡང་ཡིན། །རང་ལ་གནས་པས་རྒྱུད་ཅེས་བྱ། །མཚོན་དུ་ཡོད་ པས་མན་ངག་ཡིན། །གྲངས་ལས་ལོག་པས་རྩིས་ཞེས་བྱ། །ཞེས་པ་དང་། ཀློང་ དྲུག་པ་ལས། དམིགས་པར་སྣང་བའི་སེམས་ཉིད་ལ། །དམིགས་བྱེད་ཆ་རྣམས་ རང་སར་དག །བློ་ཚོགས་སྣང་བའི་སེམས་ཉིད་ལ། །ཚོར་བ་རྣམས་ནི་རང་སར་ དག །ཡིད་དུ་སྣང་བའི་སེམས་ཉིད་ལ། །དཔྱོད་བྱེད་ཆ་རྣམས་རང་སར་དག ། གཟུགས་སུ་སྣང་བའི་སེམས་ཉིད་ལ། །འབྱུང་བ་འདུས་པ་རང་སར་དག །རྣམ་ ཤེས་སྣང་བའི་སེམས་ཉིད་ལ། །་་རྒྱུ་རྐྱེན་རྣམས་ནི་རང་སར་དག །ཚོར་བ་སྣང་ བའི་སེམས་ཉིད་ལ། །ཉམས་མྱོང་རྣམས་ནི་རང་སར་དག །འདུ་ཤེས་སྣང་བའི་ སེམས་ཉིད་ལ། །གཟུང་འཛིན་ཆ་རྣམས་རང་སར་དག །འདུ་བྱེད་སྣང་བའི་སེམས་ ཉིད་ལ། །༡ཉོན་མོངས་གྲངས་རྣམས་རང་སར་དག །རྟོག་འཛིན་སྣང་བའི་སེམས་ ཉིད་ལ། །དྲན་པའི་གཟུང་རྣམས་རང་སར་དག །ཅེས་སོ། ། ད་ནི་འཛིན་ཞེན་མེད་པའི་རྟོགས་པ་ནམ་མཁའ་ཀློང་ཡངས་སུ་དོན་གྱི་སྙིང་པོ་ གཅིག་ཏུ་བསྡུ་བ་ནི། འདི་དང་འདི་ཞེས་སོ་སོར་ཞེན་པའི་བར། །གཉིས་སུ་གནས་ པས་རང་གཞན་འཁྲུལ་པའི་གཟེབ། །གང་ཚེ་འདི་ཞེས་ཐ་དད་རིས་མེད་ཅིང་། ། ཐམས་ཅད་ཕྱམ་མཉམ་དམིགས་གཏད་མེད་པ་ན། །གཉིས་མེད་རྟོགས་ཞེས་རྡོ་རྗེ་ སེམས་དཔས་གསུངས། །གང་ཞིག་རིག་པ་ཆོས་སྐུའི་དོན་རྟོགས་པ་དང་། མ་ རྟོགས་པའི་ཚད་ནི་འཛིན་ཞེན་གྱི་ཆ་རིག་པ་ལ་ཡོད་པ་དང་མེད་པས་ཕྱེ་བ་སྟེ། ནམ་མཁའ་དག་པ་དང་མ་དག་པ་སྤྲིན་དང་ཁུ་རླངས་ཡོད་མེད་ཀྱིས་ཕྱེ་བ་བཞིན་ནོ། ། འདིར་ཡང་རྣལ་འབྱོར་པ་གང་ཞིག་རང་གི་ལྟ་སྒོམ་ལ་སོགས་པ་ལ་ཞེན་པའམ། སྤང་གཉེན་བླང་དོར་གྱི་རིས་སུ་འཛིན་རིང་ལ་གཉིས་སུ་མེད་པའི་རྟོགས་པ་རྒྱུད་

[p. 187] ། ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། ལ་མེད་པར་ངེས་ཏེ། གཉིས་བཅས་རང་མཚན་ལ་ཞེན་པ་དང་མ་བྲལ་བའི་ཕྱིར་རོ། ། དེ་ཁོ་ན་ཉིད་ཀྱི་དོན་ལ་དངོས་གྲུབ་བརྙེས་པའི་དཔལ་མགོན་བླ་མ་དམ་པ་ཆོས་ཀྱི་ རྗེ་ཀུ་མཱ་རཱ་ཙའི་ཞལ་སྔ་ནས། གནས་ལུགས་རྟོགས་སམ་མ་རྟོགས་ཞེན་པ་དང་ བྲལ་བ་དང་མ་བྲལ་བས་ཤེས་ཞེས་གསུངས་པ་བཞིན་ནོ། །དེ་བཞིན་དུ་དོ་ཧ་ལས་ ཀྱང་། ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང་། །ནམ་ཡང་སྡུག་བསྔལ་འབའ་ཞིག་ བསྐྱེད་པར་ཟད། །ཅེས་གསུངས་པ་བཞིན་ནོ། །གང་ལ་ཞེན་འཛིན་དང་བླང་དོར་ ལ་བློས་གཏིང་ཚུགས་པའི་མཐའ་མི་འཆའ་ཞིང་ཆོས་དང་ཆོས་མ་ཡིན་པ་འབྱེད་ པར་མཁས་ཀྱང་རང་གཞན་གྱི་གྲུབ་མཐའ་དང་ལྟ་སྒོམ་སྤྱོད་འབྲས་ལ་འཛིན་པ་ རྡུལ་ཆ་ཙམ་ཡང་མེད་ན། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཞེས་རྡོ་རྗེ་ སེམས་དཔས་གསུངས་ཏེ། ནོར་བུ་ཕྲ་བཀོད་ལས། སྟོང་པ་ཆེན་པོ་ཆོས་ཀྱི་སྐུ། ། བརྡ་དང་དམིགས་པས་མཚོན་དུ་མེད། །རྒྱུ་དང་རྐྱེན་མེད་རང་རིག་པ། །སྟོང་དང་ མི་སྟོང་མཐའ་ལས་འདས། །ཞེས་པ་དང་། ཐལ་འགྱུར་ལས། དམ་པའི་དོན་ནི་བློ་ བྲལ་ནས། །དབང་པོ་ཅིག་ཅར་གྲོལ་བ་ན། །མངོན་སུམ་མཐོང་བའི་གནད་ ཀྱིས་ནི་། །༧རང་གི་གྲུབ་པའི་མཐའ་ཞིག་ནས། །གང་ལ་ཞེན་དང་འཛིན་མེད་ པར། །ཡང་དག་ཆོས་ཉིད་རོ་མྱངས་༧ནས། །ཁམས་གསུམ་ལྡོག་པའི་རྟེན་མེད་ པར། །མཁའ་ལ་མཁའ་ཉིད་ཐིམ་པ་ལྟར། །རྣལ་འབྱོར་མཆོག་ཀྱང་དེ་བཞིན་ནོ། ། ཞེས་གསུངས་སོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་ཀྱི་སེམས་ལ་ གཉིས་སུ་མེད་པར་བསྟན་པ་སྟེ། ལེའུ་བརྒྱད་པའི་འགྲེལ་པའོ།། །།

[edit]
OCR of the BDRC scans (I3CN14273), gorn05 tibocr 2026: BDRC OCR on 317 pages, Mitra OCR on 187 pages (the model with more recognisable syllables on each page).

[p. 213] ཡིད་ལ་དྲན་པ་ངག་ཏུ་འབྱུང་བས་ཆོད་པ་ཤགས་པར་མངོན་པ་དང་། རྣལ་འབྱོར་པ་དེ་ལ་སྲང་མཐའ་བྱུང་དུ་སོང་བས་ནམ་མཁའ་ལ་རྫས་ མི་ཆགས་པ་ལྟར། སྔོན་དང་དྲི་མས་མ་གོས་ཤིང་། དགེ་སྡིག་གི་མཐའ་ལས་འདས་པས་འཆིང་གྲོལ་མེད་པ་སྟེ། སུ་ཏིག་ཁྲིད་པ་ལས། ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ ཤར་ཡིན་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ཡོངས་སྐུར་རྒྱས། །མ་བུ་འཕྲད་པས་སྤྲུལ་སྐུར་བྱུང་། །རྟོགས་སུ་ཡོད་པས་ཐབས་སུ་བྱུང་། །བསམ་ འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །བཅུད་དུ་དྲིལ་བས་རིག་པ་གསལ། །ཞེས་པ་དང་། ཀློང་དྲུག་པ་ལས། ཐོག་བབས་ཆེན་པོའི་སེམས་ཉིད་ལ། །སྣང་བ་ཐང་

[p. 214] ཀ་རང་སར་དག །ཡིན་པར་སྣང་བའི་སེམས་ཉིད་ལ། །བརྫུན་གྱི་ཚིག་རྣམས་རང་སར་དག །མེད་པར་སྣང་བའི་སེམས་ཉིད་ ལ། །མ་བྱིན་ལེན་པ་རང་སར་དག །ཡིན་དང་མིན་པའི་སེམས་ཉིད་ལ། །མི་ཚངས་སྤྱད་པ་རང་སར དག །འཆལ་བ་མེད་པའི་སེམས་ཉིད་ལ། །དགའ་ཕྱལ་རྣམས་ནི་རང་སར་དག །ཡུལ་ལ་སྣང་བའི་སེམས་ཉིད་ལ།།ཕྲ་མའི་ཚིག་རྣམས་རང་སར་དག།འགྱུ་བར་སྣང་བའི་སེམས་ཉིད་ལ་། །འདོད་ལོག་རྣམས་ནི རང་སར་དག །ཀ་ནས་དག་པའི་སེམས་ཉིད་ལ། །སྲོག་གཅོད་པ་ཡང་རང་སར་དག །རྐྱེན་དུ་སྣང་བའི་སེམས་ཉིད་ལ།བརྣམ་སེམས་རྣམས་ནི་རང་སར་དག།འབྲས་བུར་སྣང་བའི་སེམས་ཉིད་ལ གནོད་སེམས་རྣམས་ནི་རང་སར་ དག།སྒྲ་རུ་སྣང་བའི་སེམས་ཉིད་ལ།གྲག་པ་རྣམས་ནི་རང་སར་དག་།གཟུགས་སུ་སྣང་བའི་སེམས་ཉིད་ལ།འཛིན་པའི་ཆ་རྣམས་རང་སར་དག་།དྲི་རུ་སྣང་བའི་་་་ སེམས་ཉིད་ལ། །ཤེས་པའི་ཆ་རྣམས་རང་སར་ དག།རོ་ཉིད་སྣང་བའི་སེམས་ཉིད་ལ། །མྱོང་བྱེད་ཤེས་པ་རང་སར་དག །རེག་ཏུ་སྣང་བའི་སེམས་ཉིད་ ལ། །རོག་བྱའི་ཤེས་པ་རང་སར་དག །ཆོས་སུ སྣང་བའི་སེམས་ཉིད་ལ།སྤྱི་དང་རང་འཛིན་རང་སར་དག །བདག་ཏུ་སྣང་བའི་སེམས་ཉིད་ལ།ཞེན་པའི་བློ་རྣམས་རང་སར་དག །བདག་མེད་སྣང་བའི་སེམས་ཉིད་ལ ། །ཆ་དང་བྲལ་བ་རང་སར

[p. 215] ༄༅། །དག །ཅེས་སོ། །བཅོས་མ་ལྟར་སྣང་བའི་འདྲ་བཞི་སྤང་བ་ནི། རང་བྱུང་ངང་ནས་མཉམ་ཉིད་མ་རྟོགས་པར། །གཉིས་མེད་ཉིད་ཅེས་ཚིག་ལ་མངོན་ཞེན་ནས། །ཅི་ཡང་ མི་དམིགས་ཡིད་དཔྱོད་གདེང་འཆའ་བ། །ལོག་རྟོག་ཉིད་དེ་མི་རིག་མུན་པའི་ཀློང་། །གང་དག་རིག་པ་རྗེན་པར་ནི་མ་རྟོགས། །སྐྱེ་མེད་ནམ་མཁའ་ལྟར་དགེ་སྡིག་གི་མཐའ་ལས་འདས་སོ་སྙམ་ ནས། །དོན་དམ་སྟོན་པའི་ཚིག་རླབས་པོ་ཆེ་རྣམས་རང་ཉམས་དང་མི་སྦྱོར་བར་ཐང་དྲང་དུ་སྨྲ་ཞིང་། ཀུན་སྤྱོད་རྩིང་ལ་ཡིད་དཔྱོད་ལ་གདེང་དུ་འཚལ་བ་དེ་དག་ནི་ལག་རྟོག་བཅོས་མའི་གང་ཟག་རྣལ་ འབྱོར་པར་འཆོས་པ་ཞེས་བྱ་སྟེ། ཕལ་ཆེར་བདུད་ཀྱིས་བསླུས་པར་ཅིག་པར་བྱ་སྟེ། །དེ་ལ་འཁོར་ལ་སོགས་པ་འདུ་བ་མང་ཡང་ལོག་པར་འགྲོ་བའི་ལམ་ལ་འདྲེན་པས་ན། དེས་རང་ཉིད་དེ་ལྟར་ སོང་བ་མ་ཚོར་པར་ངེས་པས། ཡང་དག་པའི་ལམ་དུ་འགྲོ་བར་འདོད། མ་ན་འཁོར་ལ་སོགས་པའི་ཚོགས་པ་སྤང་ལ། ཡང་དག་པའི་བླ་མ་བསྟེན་ནས་གཅིག་པུ་ཆོས་ཉིད་ཀྱི་དོན་ ཉམས་སུ་ལེན་པར་བྱས་ན། དེ་ལས་བཟློག་པར་འགྱུར་ཏེ། རིག་པ་རང་ཤར་ལས། དེ་ཡང་མེད་པར་འདི་ལྟར་བྱུང་ན། ཁ་ཚིག་ལ་དཔྱོད་ཅིང་གཏིང་མ་རྟོགས་པའི་རྟགས་ཡིན་ནོ། །ཡང་སྨྱོན་

[p. 216] པ་ལྟ་བུར་བྱུང་ན་བར་ཆོད་ཀྱི་བདུད་བྱུང་བ་ཡིན་པས། ཚོགས་རྒྱ་ཆེན་པོ་བཏང་ལ་ཉམས་སུ་བླང་ངོ་ཞེས་གསུངས་སོ། །དིང་སང་ནི་འདི་ལྟ་བུ་ཤིན་ཏུ་མང་ངོ་། །ད་ནི་མཉམ་རྫོགས་གཞི་ཀློང་ཡངས་པར་སྐལ་བཟང་ རྣམས་ཀྱི་རང་ངོ་རྟོགས་པར་གདམས་པ་ནི། དེ་ཕྱིར་རང་བྱུང་འཕོ་འགྱུར་མེད་པ་ལ། །བསམ་རྫོགས་རྒྱལ་པོ་གཉིས་སུ་མེད་པར་སྦྱང་། །ཁམས་གསུམ་ཡོངས་གྲོལ་འཁོར་འདས་གཉིས་མེད་དོན། །རང་ བཞིན་ཁོང་ནས་རང་ཤར་ཆོས་སྐུའི་རྫོང་། །མཁའ་ལྟར་རྣམ་དག་དཔེ་ལས་འདས་པ་འབྱུང་། །ཆོས་ཉིད་དང་སེམས་ཉིད་དབྱེར་མེད་པ་དེ་བཞིན་དུ་རང་ཉམས་ལ་གོམས་ཤིང་སྦྱངས་སྟོངས་ཀྱིས་ཁོང་ནས་རྟོགས་པ་ ནམ་མཁའ་ལྟར་བུ་རང་ཤར་པ་ནི་ཆོས་སྐུ་རྡོ་རྗེའི་རྫོང་འཆོས་པས། མཐའ་བྲལ་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པ་ནི། ངོ་བོ་མཐའ་གྲོལ་ཆོས་སྐུ། རྟོག་པ་རང་གྲོལ་རྒྱུད་ཆེན། འབྲས་བུ་རང་སངས་ རྣམ་དག་དང་གསུམ་དུ་འབྱུང་བར་ངེས་ཏེ། རིམ་པ་བཞིན་ལུང་དང་སྦྱར་བ་ནི། ཐལ་འགྱུར་ལས། བྱ་བ་མེད་པས་གྲོལ་བ་ལ། །བྱུང་བ་མེད་པས་གནས་པ་མེད། །ཐ་སྙད་འཁྲུལ་པ་ཙམ་དུའང་མེད། ། ཡོད་མེད་ལས་ཀྱིས་འཇུག་པ་སྟོང་། །ཡེ་ནས་རང་བྱུང་བློ་བྲལ་ཉིད། །སྨྲ་བསམ་བརྗོད་པ་ཀུན་འདས་པའོ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། རང་ལས་བྱུང་བས་གྲོལ་ཞེས་བྱ། །གནས་པ་ཡིན་པས་ཁྱབ་

[p. 217] ༄༅། །ཅེས་བྱ། །མཚན་མ་མེད་པས་སྟོང་ཞེས་བྱ། །ནུབ་པ་མེད་པས་ཤར་ཞེས་བྱ། །གདོས་བཅས་མིན་པས་ཟང་ཐལ་ལོ། །གྲོལ་བར་གནས་པས་ལོག་ཅེས་བྱ། །སྣ་ཚོགས་སྣང་བར་ གདངས་ཞེས་བྱ། །གཉིས་སུ་མེད་པས་གཅིག་པུ་ཉིད། །ཐམས་ཅད་བསྐྱེད་པས་རྒྱུ་ཞེས་བྱ། །མ་ལུས་རྫོགས་པས་འབྲས་བུ་ཉིད། །དམིགས་པ་དག་པས་ལམ་ཞེས་བྱ། །འཁྲུལ་པ་ཟད་པས་ལུང་ཡང་ཡིན།། རང་ལ་གནས་པས་རྒྱུད་ཅེས་བྱ། །མཚོན་དུ་ཡོད་པས་མན་ངག་ཡིན། །གྲངས་ལས་ལོག་པས་རྩིས་ཞེས་བྱ། །ཞེས་པ་དང་། ཀློང་དྲུག་པ་ལས། དམིགས་པར་སྣང་བའི་སེམས་ཉིད་ལ། །དམིགས་བྱེད་ ཆ་རྣམས་རང་སར་དག །བློ་ཚོགས་སྣང་བའི་སེམས་ཉིད་ལ།།ཚོར་བ་རྣམས་ནི་རང་སར་དག །ཡིད་དུ་སྣང་བའི་སེམས་ཉིད་ལ། དབྱེད་བྱེད་ཆ་རྣམས་རང་སར་དག །གཟུགས་སུ་སྣང་བའི་སེམས་ ཉིད་ལ། །འབྱུང་བ་འདུས་པ་རང་སར་དག །རྣམ་ཤེས་སྣང་བའི་སེམས་ཉིད་ལ་། །ཉོན་མོངས་གྲངས་རྣམས་རང་སར་དག །རྟོག་འཛིན་སྣང་བའི་སེམས་ཉིད་ལ།དྲན་པའི་གཟུང་རྣམས་རང་སར་ དག །ཅེས་སོ། །ད་ནི་འཛིན་ཞེན་མེད་པའི་རྟོགས་པ་ནམ་མཁའ་ཀློང་ཡངས་སུ་དོན་གྱི་སྙིང་པོ་གཅིག་ཏུ་བསྡུ་བ་ནི། འདི་དང་འདི་ཞེས་སོ་སོར་ཞེན་པའི་བར། །གཉིས་སུ་གནས་པས་རང་གཞན་འཁྲུལ་

[p. 218] པའི་གཟེབ། །གང་ཚེ་འདི་ཞེས་ཐ་དད་རིས་མེད་ཅིང་། །ཐམས་ཅད་ཕྱམ་མཉམ་དམིགས་གཏད་མེད་པ་ན། །གཉིས་མེད་རྟོགས་ཞེས་རྡོ་རྗེ་སེམས་དཔས་གསུངས། །གང་ཞིག་རིག་པ་ཆོས་སྐུའི་དོན་རྟོགས་པ་དང་། །མ རྟོགས་པའི་ཚད་ནི་འཛིན་ཞེན་གྱི་ཆ་རིག་པ་ལ་ཡོད་པ་དང་མེད་པས་ཕྱེ་བ་སྟེ། ནམ་མཁའ་དག་པ་དང་མ་དག་པ་སྤྲིན་དང་བུ་རླངས་ཡོད་མེད་ཀྱིས་ཕྱེ་བ་བཞིན་ནོ། །འདིར་ཡང་རྣལ་འབྱོར་པ་གང་ཞིག་རང་གི་ ལྟ་སྒོམ་ལ་སོགས་པ་ལ་ཞེན་པའམ། སྤང་གཉེན་བླང་དོར་གྱི་རིས་སུ་འཛིན་རིང་ལ་གཉིས་སུ་མེད་པའི་རྟོགས་པ་རྒྱུད་ལ་མེད་པར་ངེས་ཏེ། གཉིས་བཅས་རང་མཚན་ལ་ཞེན་པ་དང་མ་བྲལ་བའི་ཕྱིར་རོ། ། དེ་ཁོ་ན་ཉིད་ཀྱི་དོན་ལ་དངོས་གྲུབ་བརྙེས་པའི་དཔལ་མགོན་བླ་མ་དམ་པ་ཆོས་ཀྱི་རྗེ་ཀུ་མཱ་རཱ་ཙའི་ཞལ་སྔ་ནས། གནས་ལུགས་རྟོགས་སམ་མ་རྟོགས་ཞེན་པ་དང་བྲལ་བ་དང་མ་བྲལ་བས་ཤེས་ཞེས་་་་་་ གསུངས་པ་བཞིན་ནོ། །དེ་བཞིན་དུ་དོ་ཧ་ལས་ཀྱང་། ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང་། །ནམ་ཡང་སྡུག་བསྔལ་འབའ་ཞིག་བསྐྱེད་པར་ཟད། །ཅེས་གསུངས་པ་བཞིན་ནོ། །གང་ལ་ཞེན་འཛིན་དང་བླང་ དོར་ལ་བློས་གཏིང་ཚུགས་པའི་མཐའ་མི་འཆའ་ཞིང་ཆོས་དང་ཆོས་མ་ཡིན་པ་འབྱེད་པར་མཁས་ཀྱང་རང་གཞན་གྱི་གྲུབ་མཐའ་དང་ལྟ་སྒོམ་སྤྱོད་འབྲས་ལ་འཛིན་པ་རྡུལ་ཆ་ཙམ་ཡང་མེད་ན། རང་

[p. 219] ༄༅། །བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཞེས་རྡོ་རྗེ་སེམས་དཔས་གསུངས་ཏེ། ནོར་བུ་འཕྲ་བཀོད་ལས། སྟོང་པ་ཆེན་པོ་ཆོས་ཀྱི་སྐུ། །བརྡ་དང་དམིགས་པས་ མཚོན་དུ་མེད། །རྒྱུ་དང་རྐྱེན་མེད་རང་རིག་པ། །སྟོང་དང་མི་སྟོང་མཐའ་ལས་འདས། །ཞེས་པ་དང་། ཐལ་འགྱུར་ལས། དམ་པའི་དོན་ནི་བློ་བྲལ་ནས། །དབང་པོ་ཅིག་ཅར་གྲོལ་བ་ན། །རང་གི་གྲུབ་པའི་ མཐའ་ཞིག་ནས། །གང་ལ་ཞེན་དང་འཛིན་མེད་པར། །ཡང་དག་ཆོས་ཉིད་རོ་མྱོང་ནས། །ཁམས་གསུམ་བཟློག་པའི་རྟེན་མེད་པར། །མཁའ་ལ་མཁའ་ཉིད་ཐིམ་པ་ལྟར། །རྣལ་འབྱོར་མཆོག་ ཀྱང་དེ་བཞིན་ནོ། །ཞེས་གསུངས་སོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། །བྱང་ཆུབ་ཀྱི་སེམས་ལ་གཉིས་སུ་མེད་པར་བསྟན་པ་སྟེ། ལེའུ་བརྒྱད་པའི་འགྲེལ་པའོ།། །།

[edit]
OCR of the BDRC scans (I1CZ2729), gorn05 tibocr 2026: BDRC OCR on 290 pages, Mitra OCR on 133 pages (the model with more recognisable syllables on each page).

[p. 157] ཡིད་ལ་དྲན་པ་ངག་ཏུ་འབྱུང་བས་ཚོར་བ་རགས་པར་མངོན་ཡང་།

[p. 158] རྣལ་འབྱོར་པ་དེ་ལ་ཟང་མ་ཐལ་བྱུང་དུ་སོང་བས་ནམ་མཁའ་ལ་རྫས་མི་ཆགས་པ་ལྟར་སྐྱོན་དང་དྲི་མས་མ་གོས་ཤིང་། དགེ་སྡིག་གི་མཐའ་ལས་འདས་པས་འཆི་དགྲོལ་མེད་པ་སྟེ། མུ་ཏིག་ཕྲེང་བ་ལས། ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡིན་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་འཕྲད་པས་སྤྲུལ་སྐུར་བྱུང་། །རྟོགས་སུ་ཡོད་པས་ཐབས་སུ་བྱུང་། །བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །བཅུད་དུ་དྲིལ་བས་རིག་པ་གསལ། །ཞེས་པ་དང་། ཀློང་དྲུག་པ་ལས། ཐོག་བབས་ཆེན་པོའི་སེམས་ཉིད་ལ། །སྣང་བ་ཐད་ཀ་རང་སར་དག །ཡིན་པར་སྣང་བའི་སེམས་ཉིད་ལ། །བརྫུན་གྱི་ཚིག་རྣམས་རང་སར་དག །མིད་པར་སྣང་བའི་སེམས་ཉིད་དང་། །མ་བྱིན་ལེན་པ་རང་སར་དག །ཡིན་དང་མིན་པའི་སེམས་ཉིད་ལ། །མི་ཚངས་སྤྱད་པ་རང་སར་དག །འཆལ་བ་མེད་པའི་སེམས་ཉིད་ལ། །ངག་འཁྱལ་རྣམས་ནི་རང་སར་དག །ཡུལ་ལ་སྣང་བའི་སེམས་ཉིད་ལ། ཕྲ་མའི་ཚིག་རྣམས་རང་སར་དག། འགྱུ་བར་སྣང་བའི་སེམས་ཉིད་ལ་འདོད་ལོག་རྣམས་ནི་རང་སར་དག། ཀ་ནས་དག་པའི་སེམས་ཉིད་ལ། སྲོག་གཅོད་པ་ཡང་རང་སར་དག །རྐྱེན་དུ་སྣང་བའི་སེམས་ཉིད་ལ། བརྣབ་སེམས་རྣམས་ནི་རང་སར་དག འབྲས་བུར་སྣང་བའི་སེམས་ཉིད་ལ།གནོད་སེམས་

[p. 159] རྣམས་ནི་རང་སར་དག །སྒྲ་རུ་སྣང་བའི་སེམས་ཉིད་ལ། །གྲགས་པ་རྣམས་ནི་རང་སར་དག །གཟུགས་སུ་སྣང་བའི་སེམས་ཉིད་ལ། འཛིན་པའི་ཆ་རྣམས་རང་སར་དག །དྲི་རུ་སྣང་བའི་སེམས་ཉིད་ལ་། །ཤེས་པའི་ཆ་རྣམས་རང་སར་བདག །རོ་ཉིད་སྣང་བའི་སེམས་ཉིད་ལ། ཁྱོད་བྱེད་ཤེས་པ་རང་སར་དག །རེག་ཏུ་སྣང་བའི་སེམས་ཉིད་ལ། རེག་བྱའི་ཤེས་པ་རང་སར་དག །ཆོས་སུ་སྣང་བའི་སེམས་ཉིད་བདག་ཏུ་སྣང་བའི་སེམས་ཉིད། །སྤྱི་དང་རང་འཛིན་རང་སར་དག །བདག་ཏུ་སྣང་བའི་སེམས་ཉི་ད་ལ། །ཞེན་པའི་བློ་རྣམས་རང་སར་དག །བདག་མེད་སྣང་བའི་སེམས་ཉིད་ལ།། ཆ་དང་བྲལ་བ་རང་སར་དག །ཅེས་སོ། །བཅོས་མ་ལྟར་སྣང་བའི་འདྲ་གཞི་སྤངས་བ་ནི། །རང་བྱུང་དང་ནས་མཉམ་ཉིད་མ་རྟོགས་པར། །གཉིས་མེད་ཉིད་ཅེས་ཚིག་ལ་མངོན་ཞེན་ནས། །ཅི་ཡང་མི་དམིགས་ཡིད་དཔྱོད་གདེང་འཆའ་བ། །ལོག་རྟོག་ཉིད་དེ་མ་རིག་མུན་པའི་ཀློང་། །གང་དག་རིག་པ་རྗེན་པར་ནི་མ་རྟོགས། སྐྱེ་མེད་ནམ་མཁའ་ལྟར་དགེ་སྡིག་གི་མཐའ་ལས་འདས་སོ་སྙམ་ནས། དོན་དམ་སྟོན་པའི་ཚིག་རླབས་པོ་ཆེ་རྣམས་རང་ཉམས་དང་མི་སྦྱོར་བར་ཐད་དྲང་དུ་སྨྲ་ཞིང་། ཀུན་སྤྱོད་རྩིང་ལ་ཡིད་དཔྱོད་ལ་གདེང་དུ་འཆའ་བ་དེ་དག་ནི་ལོག་རྟོག་བཅོས་མའི་གང་ཟག་རྣལ་འབྱོར་བར་འཆོས་པ་ཞེས་བྱ་སྟེ། ཕལ་ཆེར་བདུད་ཀྱིས་བསླུས་པར་རིག་པར་བྱ་སྟེ། དེ་ལ་འཁོར་ལ་སོགས་པ་འདུ་བ་མང་ཡང་

[p. 160] ལོག་པར་འགྲོ་བའི་ལམ་ལ་འདྲེན་པས་ན། དེས་རང་ཉིད་དེ་ལྟར་སོང་བ་མ་ཚོར་བར་ངེས་པས། ཡང་དག་པའི་ལམ་དུ་འགྲོ་བར་འདོད་པས་ནི་འཁོར་ལ་སོགས་པའི་ཚོགས་པ་སྤངས་ལ། ཡང་དག་པའི་བླ་མ་བརྟེན་ནས་གཅིག་པུ་ཆོས་ཉིད་ཀྱི་དོན་ཉམས་སུ་ལེན་པར་བྱས་ན། དེ་ལས་བཟློག་པར་འགྱུར་ཏེ། རིག་པ་རང་ཤར་ལས། དེ་ཡང་མེད་པར་འདི་ལྟར་བྱུང་ན། ཁ་ཚིག་ལ་དཔྱོད་ཅིང་གཏིང་མ་རྟོགས་པའི་རྟགས་ཡིན་ནོ། །ཡང་སྨྱོན་པ་ལྟ་བུས་བྱུང་ན་བར་ཆོད་ཀྱི་བདུད་བྱུང་བ་ཡིན་པས། ཚོགས་རྒྱ་ཆེན་པོ་བཏང་ལ་ཉམས་སུ་བླང་ངོ་ཞེས་གསུངས་སོ། །དེང་སང་ནི་འདི་ལྟ་བུ་ཤིན་ཏུ་མང་ངོ་། །ད་ནི་མཉམ་རྫོགས་གཞི་ཀློང་ཡངས་པར་སྐལ་བཟང་རྣམས་ཀྱིས་རང་ངོ་རྟོགས་པར་གདམས་པ་ནི། དེ་ཕྱིར་རང་བྱུང་འཕོ་འགྱུར་མེད་པ་ལ། །བསམ་རྫོགས་རྒྱལ་པོ་གཉིས་སུ་མེད་པར་སྦྱང་། །ཁམས་གསུམ་ཡོངས་གྲོལ་འཁོར་འདས་གཉིས་མེད་དོན། །རང་བཞིན་ཁོང་ནས་རང་ཤར་ཆོས་སྐུའི་རྫོང་། །མཁའ་ལྟར་རྣམ་དག་དཔེ་ལས་འདས་པ་འབྱུང་། །ཆོས་ཉིད་དང་སེམས་ཉིད་དབྱེར་མེད་པ་དེ་བཞིན་དུ་རང་ཉམས་ལ་གོམས་ཤིང་སྦྱངས་སྟོབས་ཀྱིས་ཁོང་ནས་རྟོགས་པ་ནམ་མཁའ་ལྟ་བུ་རང་ཤར་བ་ནི་ཆོས་སྐུ་རྡོ་རྗེའི་རྫོང་འཆོས་པས། མཐའ་བྲལ་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པ་ནི། ངོ་བོ་མཐའ་གྲོལ་ཆོས་སྐུ། རྟོག་པ་རང་གྲོལ་རྒྱུད་ཆེན། འབྲས་བུ་རང་སངས་རྣམ་དག་དང་གསུམ་དུ་འབྱུང་བར་

[p. 161] ༄༅། །དེས་ཏེ། རིམ་པ་བཞིན་ལུང་དང་སྦྱར་བ་ནི། ཐལ་འགྱུར་ལས། བྱ་བ་མེད་པས་གྲོལ་བ་མེད། །བྱུང་བ་མེད་པས་གནས་པ་མེད། །འགྲོ་བ་མེད་པས་འོང་འཁོར་ཟད། །བྱས་བྱུང་གཅིག་དང་ གཉིས་མེད་པའོ། །ཐ་སྙད་འཁྲུལ་བ་ཙམ་དུའང་མེད། །ཡོད་མེད་ལས་ཀྱི་འཇུག་པས་སྟོང་། །ཡེ་ནས་འབྲས་བུ་བློ་བྲལ་ཉིད། །སྨྲ་བསམ་བརྗོད་པ་ཀུན་འདས་པའོ། །ཞེས་དང་། མུ་ཏིག་ཕྲེང་བ་ལས། རང་ལས་བྱུང་བས་ གྲོལ་ཞེས་བྱ། །གནས་པ་ཡིན་པས་ཁྱབ་ཅེས་བྱ། །མཚན་མ་མེད་པས་སྟོང་ཞེས་བྱ། །ནུབ་པ་མེད་པས་ཤར་ཞེས་བྱ། །གདོས་བཅས་མིན་པས་ཟང་ཐལ་ལོ། །གྲོལ་བར་གནས་པས་ལོག་ཅེས་བྱ། །སྣ་ཚོགས་སྣང་བས་ གདངས་ཞེས་བྱ། །གཉིས་སུ་མེད་པས་གཅིག་པུ་ཉིད། །ཐམས་ཅད་བསྐྱེད་པས་རྒྱུ་ཞེས་བྱ། །མ་ལུས་རྫོགས་པས་འབྲས་བུ་ཉིད། །དམིགས་པ་དག་པས་ལམ་ཞེས་བྱ། །འཁྲུལ་པ་ཟད་པས་ལུང་ཡང་ཡིན། །གང་ ལ་གནས་པས་རྒྱུད་ཅེས་བྱ། །མཚོན་དུ་ཡོད་པས་མན་ངག་ཡིན། །གྲངས་ལས་ལོག་པས་རྩིས་ཞེས་བྱ། །ཞེས་པ་དང་། ཀློང་དྲུག་པ་ལས། དམིགས་པར་སྣང་བའི་སེམས་ཉིད་ལ། །དམིགས་བྱེད་ཆགས་པ་ རང་སར་དག །བློ་ཚོགས་སྣང་བའི་སེམས་ཉིད་ལ། །ཚོར་བ་རྣམས་ནི་རང་སར་དག །ཡིད་དུ་སྣང་བའི་སེམས་ཉིད་ལ། །དཔྱོད་བྱེད་ཆ་རྣམས་རང་སར་དག །གཟུགས་སུ་སྣང་བའི་སེམས་ཉིད་ལ། །འབྱུང་བ་

[p. 162] འདུས་པ་རང་སར་དག །རྣམ་ཤེས་སྣང་བའི་སེམས་ཉིད་ལ། །རྒྱུ་རྐྱེན་རྣམས་ནི་རང་སར་དག །ཚོར་བ་སྣང་བའི་སེམས་ཉིད་ལ། །ཉམས་མྱོང་རྣམས་ནི་རང་སར་དག །འདུ་ཤེས་སྣང་བའི་སེམས་ཉིད་ལ། །གཟུང་འཛིན་ ཆ་རྣམས་རང་སར་དག །འདུ་བྱེད་སྣང་བའི་སེམས་ཉིད་ལ། །ཉོན་མོངས་གྲངས་རྣམས་རང་སར་དག །རྟོག་འཛིན་སྣང་བའི་སེམས་ཉིད་ལ། །དྲན་པའི་གཟུང་རྣམས་རང་སར་དག །ཅེས་སོ། །ད་ནི་འཛིན་ཞེན་མེད་པའི་ རྟོགས་པ་ནམ་མཁའ་ཀློང་ཡངས་སུ་དོན་གྱི་སྙིང་པོ་གཅིག་ཏུ་བསྡུ་བ་ནི། འདི་དང་འདི་ཞེས་སོ་སོར་ཞེན་པའི་བར། །གཉིས་སུ་གནས་པས་རང་གཞན་འཁྲུལ་པའི་གཟེབ། །གང་ཚེ་འདི་ཞེས་ཐ་དད་རིས་མེད་ཅིང་། །ཐ་སྦ་ ཅད་ཕྱམ་མཉམ་དམིགས་གཏད་མེད་པ་ན། །གཉིས་མེད་རྟོགས་ཞེས་རྡོ་རྗེ་སེམས་དཔས་གསུངས། །གང་ཞིག་རིག་པ་ཆོས་སྐུའི་དོན་རྟོགས་པ་དང་། མ་རྟོགས་པའི་ཚད་ནི་འཛིན་ཞེན་གྱི་ཆ་རིག་པ་ལ་ཡོད་པ་དང་མེད་པས་ ཕྱེ་བ་སྟེ། ནམ་མཁའ་དག་པ་དང་མ་དག་པ་སྤྲིན་དང་ཁུ་རླངས་ཡོད་མེད་ཀྱིས་ཕྱེ་བ་བཞིན་ནོ། །འདིར་ཡང་རྣལ་འབྱོར་པ་གང་ཞིག་རང་གི་ལྟ་སྒོམ་ལ་སོགས་པ་ལ་ཞེན་པའམ། སྤང་གཉེན་བླང་དོར་གྱི་རིས་སུ་འཛིན་རིང་ལ་ གཉིས་སུ་མེད་པའི་རྟོགས་པ་རྒྱུད་ལ་མེད་པར་ངེས་ཏེ། གཉིས་བཅས་རང་མཚན་ལ་ཞེན་པ་དང་མ་བྲལ་བའི་ཕྱིར་རོ། །དེ་ཁོ་ན་ཉིད་ཀྱི་དོན་ལ་དངོས་གྲུབ་བརྙེས་པའི་དཔལ་མགོན་བླ་མ་དམ་པ་ཆོས་ཀྱི་རྗེ་ཀུ་མཱ་རཱ་ཙའི་ཞལ་སྔ་

[p. 163] ༄༅། །ནས༑ གནས་ལུགས་རྟོགས་སམ་མ་རྟོགས་ཞེན་པ་དང་བྲལ་བ་དང་མ་བྲལ་བས་ཤེས་ཞེས་གསུངས་པ་བཞིན་ནོ། །དེ་བཞིན་དུ་དོ་ཧ་ལས་ཀྱང་། ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང་། གནས་ ནམ་ཡང་སྡུག་བསྔལ་འབའ་ཞིག་བསྐྱེད་པར་ཟད། །ཅེས་གསུངས་པ་བཞིན་ནོ། །གང་ལ་ཞེན་འཛིན་དང་བླང་དོར་ལ་བློས་གཏིང་ཚུགས་པའི་མཐའ་མི་འཆའ་ཞིང་ཆོས་དང་ཆོས་མ་ཡིན་པ་འབྱེད་པར་མཁས་པར་ རང་གཞན་གྱི་གྲུབ་མཐའ་དང་ལྟ་སྒོམ་སྤྱོད་འབྲས་ལ་འཛིན་པ་རྡུལ་ཆ་ཙམ་ཡང་མེད་ན། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཞེས་རྡོ་རྗེ་སེམས་དཔས་གསུངས་ཏེ། ནོར་བུ་ཐོབ་ཀོད་ལས། སྟོང་པ་ཆེན་པོ་ ཆོས་ཀྱི་སྐུ། །བརྡ་དང་དམིགས་པས་མཚོན་དུ་མེད། །རྒྱུ་དང་རྐྱེན་མེད་རང་རིག་པ། །སྟོང་དང་མི་སྟོང་མཐའ་ལས་འདས། །ཞེས་པ་དང་། ཐལ་འགྱུར་ལས། དམ་པའི་དོན་ནི་བློ་བྲལ་ནས། །དབང་པོ་ཞིག་ཅར་ གྲོལ་བ་ན། །མངོན་སུམ་མཐོང་བའི་གནད་ཀྱིས་ནི། །རང་གི་གྲུབ་པའི་མཐའ་ཞིག་ནས། །གང་ལ་ཞེན་དང་འཛིན་མེད་པར། །ཡང་དག་ཆོས་ཉིད་རོ་མྱངས་ནས། །ཁམས་གསུམ་ལྡོག་པའི་རྟེན་མེད་པ། །མཁའ་ ལ་མཁའ་ཉིད་ཐིམ་པ་ལྟར། །རྣལ་འབྱོར་མཆོག་ཀྱང་དེ་བཞིན་ནོ། །ཞེས་གསུངས་སོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་ཀྱི་སེམས་ལ་གཉིས་སུ་མེད་པར་བསྟན་པ་སྟེ། ལྟ་བུ་བརྒྱད་པའི་

[p. 164] འགྲེལ་པའོ།། །།

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 783 typing errors, November 2026), with the variants of the other editions under each page (29 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = root and commentary MW3CN3400; R = root and commentary MW3CN14271; C = commentary MW1CZ2550. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 334] ཡང༌། རྣལ་འབྱོར་པ་དེ་ལ་ཟང་མ་ཐལ་བྱུང་དུ་སོང་བས་ནམ་མཁའ་ལ་རྫས་མི་ཆགས་པ་ལྟར། སྐྱོན་དང་དྲི་མས་མ་གོས་ཤིང༌། །དགེ་སྡིག་གི་མཐའ་ལས་འདས་པས་འཆིང་གྲོལ་མེད་པ་སྟེ། མུ་ཏིག་ཕྲེང་བ་ལས། ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡིན་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་འཕྲད་པས་སྤྲུལ་སྐུར་བྱུང༌། །རྟོགས་སུ་ཡོད་པས་ཐབས་སུ་བྱུང༌། །བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །བཅུད་དུ་དྲིལ་བས་རིག་པ་གསལ། །ཞེས་པ་དང༌། ཀློང་དྲུག་པ་ལས། ཐོག་བབས་ཆེན་པོའི་སེམས་ཉིད་ལ། །སྣང་བ་ཐད་ཀ་རང་སར་དག །ཡིན་པར་སྣང་བའི་སེམས་ཉིད་ལ། །བརྫུན་གྱི་ཚིག་རྣམས་རང་སར་དག །མེད་པར་སྣང་བའི་སེམས་ཉིད་ལ། །མ་བྱིན་ལེན་པ་རང་སར་དག །

ཡིན་པས་དྲན་པ་སངས་རྟག ] པས W · རང་སར་དག་མེད་པར་སྣང ] མིད A C · རང་སར་དག་མེད་པར་སྣང ] མིན P S · བའི་སེམས་ཉིད་ལ་མ་བྱིན ] དང G C · མ་བྱིན་ལེན་པ་རང་སར ] པར W

[p. 335] ཡིན་དང་མིན་པའི་སེམས་ཉིད་ལ། །མི་ཚངས་སྤྱད་པ་རང་སར་དག །འཆལ་བ་མེད་པའི་སེམས་ཉིད་ལ། །ངག་འཁྱལ་རྣམས་ནི་རང་སར་དག །ཡུལ་ལ་སྣང་བའི་སེམས་ཉིད་ལ། །ཕྲ་མའི་ཚིག་རྣམས་རང་སར་དག །འགྱུ་བར་སྣང་བའི་སེམས་ཉིད་ལ། །འདོད་ལོག་རྣམས་ནི་རང་སར་དག །ཀ་ནས་དག་པའི་སེམས་ཉིད་ལ། །སྲོག་གཅོད་པ་ཡང་རང་སར་དག །རྐྱེན་དུ་སྣང་བའི་སེམས་ཉིད་ལ། །བརྣབ་སེམས་རྣམས་ནི་རང་སར་དག །འབྲས་བུར་སྣང་བའི་སེམས་ཉིད་ལ། །གནོད་སེམས་རྣམས་ནི་རང་སར་དག །སྒྲ་རུ་སྣང་བའི་སེམས་ཉིད་ལ། །གྲགས་པ་རྣམས་ནི་རང་སར་དག །གཟུགས་སུ་སྣང་བའི་སེམས་ཉིད་ལ། །འཛིན་པའི་ཆ་རྣམས་རང་སར་དག །དྲི་རུ་སྣང་བའི་སེམས་ཉིད་ལ། །ཤེས་པའི་ཆ་རྣམས་རང་སར་དག །རོ་ཉིད་སྣང་བའི་སེམས་ཉིད་ལ། །མྱོང་བྱེད་ཤེས་པ་རང་སར་

སེམས་ཉིད་ལ་གྲགས་པ་རྣམས ] གྲག P G S R

[p. 336] དག །རེག་ཏུ་སྣང་བའི་སེམས་ཉིད་ལ། །རེག་བྱའི་ཤེས་པ་རང་སར་དག །ཆོས་སུ་སྣང་བའི་སེམས་ཉིད་ལ། །སྤྱི་དང་རང་འཛིན་རང་སར་དག །བདག་ཏུ་སྣང་བའི་སེམས་ཉིད་ལ། །ཞེན་པའི་བློ་རྣམས་རང་སར་དག །བདག་མེད་སྣང་བའི་སེམས་ཉིད་ལ། །ཆ་དང་བྲལ་བ་རང་སར་དག །ཅེས་སོ། །བཅོས་མ་ལྟར་སྣང་བའི་འདྲ་གཞི་སྤངས་པ་ནི། །རང་བྱུང་ངང་ནས་མཉམ་ཉིད་མ་རྟོགས་པར། །གཉིས་མེད་ཉིད་ཅེས་ཚིག་ལ་མངོན་ཞེན་ནས། །ཅི་ཡང་མི་དམིགས་ཡིད་དཔྱོད་གདེང་འཆའ་བ། །ལོག་རྟོག་ཉིད་དེ་མ་རིག་མུན་པའི་ཀློང༌། །གང་དག་རིག་པ་རྗེན་པར་ནི་མ་རྟོགས། །སྐྱེ་མེད་ནམ་མཁའ་ལྟར་དགེ་སྡིག་གི་མཐའ་ལས་འདས་སོ་སྙམ་ནས། དོན་དམ་སྟོན་པའི་ཚིག་རླབས་པོ་ཆེ་རྣམས་རང་ཉམས་དང་མི་སྦྱོར་བར་ཐད་དྲང་དུ་སྨྲ་ཞིང༌། ཀུན་སྤྱོད་རྩིང་ལ་ཡིད་དཔྱོད་ལ་གདེང་དུ་འཆའ་བ་དེ་དག་ནི་ལོག་རྟོག་

ལ་རེག་བྱའི་ཤེས་པ་རང ] སེམས W · སྣང་བའི་འདྲ་གཞི་སྤངས་པ་ནི་རང ] བཞི་སྤང་བ G R · བའི་འདྲ་གཞི་སྤངས་པ་ནི་རང ] སྤང་བ P S · ནི་རང་བྱུང་ངང་ནས་མཉམ ] དང A G C

[p. 337] བཅོས་མའི་གང་ཟག་རྣལ་འབྱོར་པར་འཆོས་པ་ཞེས་བྱ་སྟེ། ཕལ་ཆེར་བདུད་ཀྱིས་བསླུས་པར་རིག་པར་བྱ་སྟེ། དེ་ལ་འཁོར་ལ་སོགས་པ་འདུ་བ་མང་ཡང་ལོག་པར་འགྲོ་བའི་ལམ་ལ་འདྲེན་པས་ན། དེས་རང་ཉིད་དེ་ལྟར་སོང་བ་མཚོར་བར་ངེས་པས། ཡང་དག་པའི་ལམ་དུ་འགྲོ་བར་འདོད་པས་ནི་འཁོར་ལ་སོགས་པའི་ཚོགས་པ་སྤངས་ལ། ཡང་དག་པའི་བླ་མ་བསྟེན་ནས་གཅིག་པུ་ཆོས་ཉིད་ཀྱི་དོན་ཉམས་སུ་ལེན་པར་བྱས་ན། དེ་ལས་བཟློག་པར་འགྱུར་ཏེ། རིག་པ་རང་ཤར་ལས། དེ་ཡང་མེད་པར་འདི་ལྟར་བྱུང་ན། ཁ་ཚིག་ལ་དཔྱོད་ཅིང་གཏིང་མ་རྟོགས་པའི་རྟགས་ཡིན་ནོ། །ཡང་སྨྱོན་པ་ལྟ་བུར་བྱུང་ན་བར་ཆོད་ཀྱི་བདུད་བྱུང་བ་ཡིན་པས། ཚོགས་རྒྱ་ཆེན་པོ་བཏང་ལ་ཉམས་སུ་བླང་ངོ་ཞེས་གསུངས་སོ། །དེང་སང་ནི་འདི་ལྟ་བུ་ཤིན་ཏུ་མང་ངོ༌། །ད་ནི་མཉམ་རྫོགས་གཞི་ཀློང་ཡངས་པར་སྐལ་བཟང་

ཟག་རྣལ་འབྱོར་པར་འཆོས་པ ] བར A C · ལྟར་སོང་བ་མཚོར་བར་ངེས ] མ་ཚོར A W P G S C · པའི་བླ་མ་བསྟེན་ནས་གཅིག ] བརྟེན A C · སྨྱོན་པ་ལྟ་བུར་བྱུང་ན ] བུས A C · ཞེས་གསུངས་སོ་དེང་སང་ནི ] དིང G R

[p. 338] རྣམས་ཀྱིས་རང་ངོ་རྟོགས་པར་གདམས་པ་ནི། །དེ་ཕྱིར་རང་བྱུང་འཕོ་འགྱུར་མེད་པ་ལ། །བསམ་རྫོགས་རྒྱལ་པོ་གཉིས་སུ་མེད་པར་སྦྱང༌། །ཁམས་གསུམ་ཡོངས་གྲོལ་འཁོར་འདས་གཉིས་མེད་དོན། །རང་བཞིན་ཁོང་ནས་རང་ཤར་ཆོས་སྐུའི་རྫོང༌། །མཁའ་ལྟར་རྣམ་དག་དཔེ་ལས་འདས་པ་འབྱུང༌། །ཆོས་ཉིད་དང་སེམས་ཉིད་དབྱེར་མེད་པ་དེ་བཞིན་དུ་རང་ཉམས་ལ་གོམས་ཤིང་སྦྱངས་སྟོབས་ཀྱིས་ཁོང་ནས་རྟོགས་པ་ནམ་མཁའ་ལྟ་བུ་རང་ཤར་བ་ནི་ཆོས་སྐུ་རྡོ་རྗེའི་རྫོང་འཆོས་པས། མཐའ་བྲལ་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པ་ནི། ངོ་བོ་མཐའ་གྲོལ་ཆོས་སྐུ། རྟོག་པ་རང་གྲོལ་རྒྱུད་ཆེན། འབྲས་བུ་རང་སངས་རྣམ་དག་དང་གསུམ་དུ་འབྱུང་བར་ངེས་ཏེ། རིམ་པ་བཞིན་ལུང་དང་སྦྱར་བ་ནི། ཐལ་འགྱུར་ལས། བྱ་བ་མེད་པས་གྲོལ་བ་ལ། །བྱུང་བ་མེད་པས་གནས་པ་མེད། །འགྲོ་བ་མེད་པས་འོང་འཁོར་ཟད། །བྱས་

སྐལ་བཟང་རྣམས་ཀྱིས་རང་ངོ ] ཀྱི W G R · གོམས་ཤིང་སྦྱངས་སྟོབས་ཀྱིས་ཁོང ] སྟོངས G R · པ་རང་གྲོལ་རྒྱུད་ཆེན་འབྲས ] རྒྱུ W · པས་གྲོལ་བ་ལ་བྱུང་བ ] མེད A P S C

[p. 339] བྱུང་གཅིག་དང་གཉིས་མེད་པའོ། །ཐ་སྙད་འཁྲུལ་པ་ཙམ་དུའང་མེད། །ཡོད་མེད་ལས་ཀྱི་འཇུག་པས་སྟོང༌། །ཡེ་ནས་རང་བྱུང་བློ་བྲལ་ཉིད། །སྨྲ་བསམ་བརྗོད་པ་ཀུན་འདས་པའོ། །ཞེས་དང༌། མུ་ཏིག་ཕྲེང་བ་ལས། རང་ལས་བྱུང་བས་གྲོལ་ཞེས་བྱ། །གནས་པ་ཡིན་པས་ཁྱབ་ཅེས་བྱ། །མཚན་མ་མེད་པས་སྟོང་ཞེས་བྱ། །ནུབ་པ་མེད་པས་ཤར་ཞེས་བྱ། །གདོས་བཅས་མིན་པས་ཟང་ཐལ་ལོ། །གྲོལ་བར་གནས་པས་ལོག་ཅེས་བྱ། །སྣ་ཚོགས་སྣང་བས་གདངས་ཞེས་བྱ། །གཉིས་སུ་མེད་པས་གཅིག་པུ་ཉིད། །ཐམས་ཅད་བསྐྱེད་པས་རྒྱུ་ཞེས་བྱ། །མ་ལུས་རྫོགས་པས་འབྲས་བུ་ཉིད། །དམིགས་པ་དག་པས་ལམ་ཞེས་བྱ། །འཁྲུལ་པ་ཟད་པས་ལུང་ཡང་ཡིན། །རང་ལ་གནས་པས་རྒྱུད་ཅེས་བྱ། །མཚོན་དུ་ཡོད་པས་མན་ངག་ཡིན། །གྲངས་ལས་ལོག་པས་རྩིས་ཞེས་བྱ། །ཞེས་པ་དང༌།

ཡོད་མེད་ལས་ཀྱི་འཇུག་པས ] ཀྱིས G R · ལས་ཀྱི་འཇུག་པས་སྟོང་ཡེ ] པ P G S R · སྟོང་ཡེ་ནས་རང་བྱུང་བློ་བྲལ ] འབྲས་བུ A P S C · བློ་བྲལ་ཉིད་སྨྲ་བསམ་བརྗོད ] སྒྲ W · འདས་པའོ་ཞེས་⁁་དང་མུ ] པ G R

[p. 340] ཀློང་དྲུག་པ་ལས། དམིགས་པར་སྣང་བའི་སེམས་ཉིད་ལ། དམིགས་བྱེད་ཆ་རྣམས་རང་སར་དག །བློ་ཚོགས་སྣང་བའི་སེམས་ཉིད་ལ། །ཚོར་བ་རྣམས་ནི་རང་སར་དག །ཡིད་དུ་སྣང་བའི་སེམས་ཉིད་ལ། །དཔྱོད་བྱེད་ཆ་རྣམས་རང་སར་དག །གཟུགས་སུ་སྣང་བའི་སེམས་ཉིད་ལ། །འབྱུང་བ་འདུས་པ་རང་སར་དག །རྣམ་ཤེས་སྣང་བའི་སེམས་ཉིད་ལ། །རྒྱུ་རྐྱེན་རྣམས་ནི་རང་སར་དག །ཚོར་བ་སྣང་བའི་སེམས་ཉིད་ལ། །ཉམས་མྱོང་རྣམས་ནི་རང་སར་དག །འདུ་ཤེས་སྣང་བའི་སེམས་ཉིད་ལ། །གཟུང་འཛིན་ཆ་རྣམས་རང་སར་དག །འདུ་བྱེད་སྣང་བའི་སེམས་ཉིད་ལ། །ཉོན་མོངས་གྲངས་རྣམས་རང་སར་དག །རྟོག་འཛིན་སྣང་བའི་སེམས་ཉིད་ལ། །དྲན་པའི་གཟུང་རྣམས་རང་སར་དག །ཅེས་སོ། །ད་ནི་འཛིན་ཞེན་མེད་པའི་རྟོགས་པ་ནམ་མཁའ་ཀློང་ཡངས་སུ་དོན་གྱི་སྙིང་པོ་གཅིག་ཏུ་བསྡུ་བ་ནི། འདི་

[p. 341] དང་འདི་ཞེས་སོ་སོར་ཞེན་པའི་བར། །གཉིས་སུ་གནས་པས་རང་གཞན་འཁྲུལ་པའི་གཟེབ། །གང་ཚེ་འདི་ཞེས་ཐ་དད་རིས་མེད་ཅིང༌། །ཐམས་ཅད་ཕྱམ་མཉམ་དམིགས་གཏད་མེད་པ་ན། །གཉིས་མེད་རྟོགས་ཞེས་རྡོ་རྗེ་སེམས་དཔས་གསུངས། །གང་ཞིག་རིག་པ་ཆོས་སྐུའི་དོན་རྟོགས་པ་དང༌། མ་རྟོགས་པའི་ཚད་ནི་འཛིན་ཞེན་གྱི་ཆ་རིག་པ་ལ་ཡོད་པ་དང་མེད་པས་ཕྱེ་བ་སྟེ། ནམ་མཁའ་དག་པ་དང་མ་དག་པ་སྤྲིན་དང་ཁུ་རླངས་ཡོད་མེད་ཀྱིས་ཕྱེ་བ་བཞིན་ནོ། །འདིར་ཡང་རྣལ་འབྱོར་པ་གང་ཞིག་རང་གི་ལྟ་སྒོམ་ལ་སོགས་པ་ལ་ཞེན་པའམ། སྤང་གཉེན་བླང་དོར་གྱི་རིས་སུ་འཛིན་རིང་ལ་གཉིས་སུ་མེད་པའི་རྟོགས་པ་རྒྱུད་ལ་མེད་པར་ངེས་ཏེ། གཉིས་བཅས་རང་མཚན་ལ་ཞེན་པ་དང་མ་བྲལ་བའི་ཕྱིར་རོ། །དེ་ཁོ་ན་ཉིད་ཀྱི་དོན་ལ་དངོས་གྲུབ་བརྙེས་པའི་དཔལ་མགོན་བླ་མ་དམ་པ་ཆོས་ཀྱི་རྗེ་ཀུ་མཱ་རཱ་ཙའི་ཞལ་སྔ་

[p. 342] ནས། གནས་ལུགས་རྟོགས་སམ་མ་རྟོགས་ཞེན་པ་དང་བྲལ་བ་དང་མ་བྲལ་བས་ཤེས་ཞེས་གསུངས་པ་བཞིན་ནོ། །དེ་བཞིན་དུ་དོ་ཧ་ལས་ཀྱང༌། ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང༌། །ནམ་ཡང་སྡུག་བསྔལ་འབའ་ཞིག་བསྐྱེད་པར་ཟད། །ཅེས་གསུངས་པ་བཞིན་ནོ། །གང་ལ་ཞེན་འཛིན་དང་བླང་དོར་ལ་བློས་གཏིང་ཚུགས་པའི་མཐའ་མི་འཆའ་ཞིང་ཆོས་དང་ཆོས་མ་ཡིན་པ་འབྱེད་པར་མཁས་ཀྱང་རང་གཞན་གྱི་གྲུབ་མཐའ་དང་ལྟ་སྒོམ་སྤྱོད་འབྲས་ལ་འཛིན་པ་རྡུལ་ཆ་ཙམ་ཡང་མེད་ན། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཞེས་རྡོ་རྗེ་སེམས་དཔས་གསུངས་ཏེ། ནོར་བུ་ཕྲ་བཀོད་ལས། སྟོང་པ་ཆེན་པོ་ཆོས་ཀྱི་སྐུ། །བརྡ་དང་དམིགས་པས་མཚོན་དུ་མེད། །རྒྱུ་དང་རྐྱེན་མེད་རང་རིག་པ། །སྟོང་དང་མི་སྟོང་མཐའ་ལས་འདས། །ཞེས་པ་དང༌། ཐལ་འགྱུར་ལས། དམ་པའི་དོན་ནི་བློ་བྲལ་ནས། །དབང་པོ་ཅིག་

ཏེ་ནོར་བུ་ཕྲ་བཀོད་ལས ] འཕྲ G R · ནས་དབང་པོ་ཅིག་ཅར་གྲོལ ] ཞིག A C

[p. 343] ཅར་གྲོལ་བ་ན། །མངོན་སུམ་མཐོང་བའི་གནད་ཀྱིས་ནི། །རང་གི་གྲུབ་པའི་མཐའ་ཞིག་ནས། །གང་ལ་ཞེན་དང་འཛིན་མེད་པར། །ཡང་དག་ཆོས་ཉིད་རོ་མྱངས་ནས། །ཁམས་གསུམ་ལྡོག་པའི་རྟེན་མེད་པར། །མཁའ་ལ་མཁའ་ཉིད་ཐིམ་པ་ལྟར། །རྣལ་འབྱོར་མཆོག་ཀྱང་དེ་བཞིན་ནོ། །ཞེས་གསུངས་སོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་ཀྱི་སེམས་ལ་གཉིས་སུ་མེད་པར་བསྟན་པ་སྟེ། ལེའུ་བརྒྱད་པའི་འགྲེལ་པའོ།། ༈ །།

གྲོལ་བ་ན་མངོན་སུམ་མཐོང་བའི་གནད་ཀྱིས་ནི་རང་གི ] om. G R · ཆོས་ཉིད་རོ་མྱངས་ནས་ཁམས ] མྱོང G R · ནས་ཁམས་གསུམ་ལྡོག་པའི་རྟེན ] བཟློག G R
[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the chapter's own divisions; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The complete outline of the work is on the contents page.
8 Rejecting the counterfeit likeness, a contrived semblance བཅོས་མ་ལྟར་སྣང་བའི་འདྲ་གཞི་སྤངས་པ [p. 336] topical
Those who cling to the words of nonduality and rely on speculation, speaking of the ultimate without experience and acting coarsely, are counterfeit yogins deceived by māra; one should abandon such gatherings, rely on an authentic guru and practise in solitude, as Naturally Arising Awareness advises.
9 Counsel that the fortunate realize their own face within the vast expanse of the ground མཉམ་རྫོགས་གཞི་ཀློང་ཡངས་པར་སྐལ་བཟང་རྣམས་ཀྱིས་རང་ངོ་རྟོགས་པར་གདམས་པ [p. 337] topical
Training in the changeless self-arisen builds the vajra fortress of dharmakāya, whose spontaneous presence comes about as three: essence as dharmakāya, self-freed thought as great continuum, and fruition as utter purity. Quotations from the Reverberation of Sound, Pearl Garland and Six Expanses support each aspect in order.
9.1 Spontaneous presence coming about as three ལྷུན་གྱིས་གྲུབ་པ་གསུམ་དུ་འབྱུང་བ [p. 338] topical
Familiarity with the inseparability of the nature of phenomena and mind itself makes space-like realization arise, building the vajra fortress of dharmakāya, which comes about as essence (dharmakāya), self-freed thought (great continuum) and fruition (utter purity).
9.2 Connecting these in order with scripture རིམ་པ་བཞིན་ལུང་དང་སྦྱར་བ [p. 338] topical
Quotations from the Reverberation of Sound, the Pearl Garland and the Six Expanses supporting, in order, the three aspects of spontaneous presence.
10 Gathering the heart essence of the meaning into one within realization free of grasping and clinging འཛིན་ཞེན་མེད་པའི་རྟོགས་པ་ནམ་མཁའ་ཀློང་ཡངས་སུ་དོན་གྱི་སྙིང་པོ་གཅིག་ཏུ་བསྡུ་བ [p. 340] topical
Clinging to 'this' and 'that' keeps one in duality, whereas evenness without reference point is nondual realization. Realization is measured by the absence of grasping and clinging, and the true yogin of the natural Great Perfection holds no grasping at tenets or at view, meditation, conduct and fruition.
10.1 The measure of having realized or not རྟོགས་པ་དང་མ་རྟོགས་པའི་ཚད [p. 341] topical
Realization is measured by the presence or absence of grasping and clinging in awareness, like clouds in the sky; a yogin clinging to his view or to accepting and rejecting lacks nondual realization, as Kumārāja and the Dohā confirm.
10.2 The yogin of the natural Great Perfection རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ [p. 342] topical
One who, though skilled in distinguishing Dharma, has no particle of grasping at tenets or at view, meditation, conduct and fruition is a yogin of the natural Great Perfection; supported by the Inlaid Jewels and the Reverberation of Sound.
11 Colophon of the commentary on the eighth chapter ལེའུ་བརྒྱད་པའི་འགྲེལ་པ [p. 343] topical
Chapter colophon identifying this as the commentary on the eighth chapter of the Treasury, showing that in awakened mind there is no duality.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 334] Yet for that yogin they have become utterly transparent, passing straight through.[112]Note 112 · p. 334 · zang ma thal byung: "utterly transparent, passing straight through", per the glossary for zang ma thal; Claude Fable 5.2's "(zang thal)" drops the intensified form. And so, just as no substance clings to space, he is unstained by faults and stains, and since he has passed beyond the extremes of virtue and wrongdoing, there is neither bondage nor freedom. The Pearl Garland says:

Since it pervades all, arising from another has ceased.
Since it is natural arising (rang shar), darkness is cleared away.
Since it is the heart essence (snying po), it pervades as dharmakāya.
Since it appears lucidly, it unfolds as saṃbhogakāya (longs sku).
Since mother and child meet, it emerges as nirmāṇakāya (sprul sku).
Since it can be realized, it emerges as skillful means (thabs).
Since it is beyond thought, recollection is cleared away.
Since there is neither eternalism nor nihilism (rtag chad), philosophical tenets are perfected.[113]Note 113 · p. 334 · grub mtha' rdzogs: "philosophical tenets are perfected" (Dharmamitra; Gemini 4 Neon/Claude Fable 5.2 "completed"), keeping rdzogs as "perfect". GPT-6.2 Astra's "come to an end" is a possible sense but not adopted.
Since it is condensed into the quintessence, awareness is lucid.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in ཚིག་དོན་རིན་པོ་ཆེའི་མཛོད། (a parallel: ཚིག་དོན་རིན་པོ་ཆེའི་མཛོད), 83 % of the words.

And the Six Expanses says:

In mind itself, the great direct descent,
appearances, just as they directly are, are pure in their own place.
In mind itself, appearing as what is so,
words of falsehood are pure in their own place.
In mind itself, appearing as nonexistent,
taking what is not given is pure in its own place.

[p. 335] In mind itself, which is so and is not so,
unchaste conduct is pure in its own place.
In mind itself, free of all disorder,
idle chatter is pure in its own place.
In mind itself, appearing as objects,[114]Note 114 · p. 335 · ཡུལ་ལ་སྣང་བ: the particle is ལ, not the དུ/རུ of the parallel lines ("appearing in objects" is possible); rendered "appearing as objects" with all the drafts, on the pattern of the series.
divisive words are pure in their own place.
In mind itself, appearing as movement,
wrongful desires[115]Note 115 · p. 335 · འདོད་ལོག་རྣམས: Dharmamitra and Claude Fable 5.2 have "sexual misconduct", the usual sense of 'dod log; Gemini 4 Neon and GPT-6.2 Astra have "wrongful/wayward desires". Since unchaste conduct (mi tshangs spyad pa) is already named, and the term is plural and paired with "movement", it may stand for wrong views (log par 'dod pa); I keep the literal "wrongful desires". are pure in their own place.
In mind itself, pure from the very beginning,
even the taking of life is pure in its own place.
In mind itself, appearing as conditions,
covetous thoughts are pure in their own place.
In mind itself, appearing as effects ('bras bu),[116]Note 116 · p. 335 · འབྲས་བུར་སྣང་བ: rendered "effects", not the glossary's "fruition" (GPT-6.2 Astra), because it is paired with "conditions" in the preceding couplet, a causal context; "fruition" is used for 'bras bu on p. 338.
malicious thoughts are pure in their own place.
In mind itself, appearing as sound,
all that resounds is pure in its own place.
In mind itself, appearing as form,
the aspects of grasping are pure in their own place.
In mind itself, appearing as smell,
the aspects of cognition are pure in their own place.
In mind itself, appearing as taste itself,
the cognition that experiences is pure in its own place.

[p. 336] In mind itself, appearing as touch,
the cognition of the tangible is pure in its own place.
In mind itself, appearing as phenomena,
grasping at the general and the specific is pure in its own place.
In mind itself, appearing as a self,
the clinging intellect is pure in its own place.
In mind itself, appearing as the absence of self,
the partless is pure in its own place.Klong drug paQuotation (named in the text: ཀློང་དྲུག་པ་ལས)
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Expanses · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0062-vol-01-text (the text itself), 83 % of the words.

So it says.

8 Rejecting the counterfeit likeness, a contrived semblance བཅོས་མ་ལྟར་སྣང་བའི་འདྲ་གཞི་སྤངས་པ8 Rejecting the counterfeit likeness, a contrived semblance (topical division)
Those who cling to the words of nonduality and rely on speculation, speaking of the ultimate without experience and acting coarsely, are counterfeit yogins deceived by māra; one should abandon such gatherings, rely on an authentic guru and practise in solitude, as Naturally Arising Awareness advises.

Rejecting the counterfeit likeness, a contrived semblance:

Without realizing equality (mnyam nyid) within the self-arisen (rang byung) state,
to cling overtly to the words "nonduality itself"
and place one's confidence (gdeng) in the mental speculation (yid dpyod) that there is no reference point at all
is mistaken thought itself, the expanse of the darkness of unawareness.

There are those who have not realized awareness in its nakedness, yet think,[118]Note 118 · p. 336 · མ་རྟོགས། is read as མ་རྟོགས་པར ("not having realized … yet think"). "Unborn (skye med), like space, it is beyond the extremes of virtue and wrongdoing."[117]Note 117 · p. 336 · དགེ་སྡིག་གི་མཐའ་ལས་འདས་སོ: GPT-6.2 Astra has "I am beyond"; the Tibetan has no first person, and the subject is the unborn (awareness), as in Gemini 4 Neon, Dharmamitra, Claude Fable 5.2. They speak straight out the mighty words that teach the ultimate without joining them to their own experience (rang nyams), their conduct is coarse, and they place their confidence in mental speculation.

[p. 337] These are called "counterfeit persons of mistaken thought who pose as yogins."

It should be understood that for the most part they have been deceived by māra (bdud). Although many gather around such a person, as a retinue and so forth, he leads them onto a path that goes astray, and so he is certain to sense that he himself has gone that way.[119]Note 119 · p. 337 · མཚོར་བར་ངེས་པས: read as tshor ba, "to sense, notice", with དེས as agent: he is certain to sense that he himself has gone that way (Claude Fable 5.2). Gemini 4 Neon's "that certainly indicates" is also possible. Dharmamitra's "unaware" supplies a negation that is not in the text, and GPT-6.2 Astra's "the foremost" seems to read gtso. Therefore, if one who wishes to travel the authentic path abandons the gatherings of a retinue and so forth, relies on an authentic guru (bla ma), and practices the meaning of the nature of phenomena in solitude, he will turn back from that. Naturally Arising Awareness says:

"Moreover, if it turns out like this in the absence of that, it is a sign of examining mouthed words without having realized the depths. Again, if one becomes like a madman, the māra of obstacles has arisen, so offer a vast feast gathering (tshogs)[120]Note 120 · p. 337 · ཚོགས་རྒྱ་ཆེན་པོ་བཏང་ལ: Dharmamitra and GPT-6.2 Astra take this as "offer a vast feast"; Gemini 4 Neon and Claude Fable 5.2 as "give up the large gathering". tshogs gtong ba is the standard idiom for offering a feast, the usual remedy for obstacles, so I follow Dharmamitra and GPT-6.2 Astra. Longchenpa's own gloss (tshogs pa spangs, "abandon the gatherings") may nonetheless reflect the other reading. and practice."Rang sharQuotation (named in the text: རིག་པ་རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in ཚིག་དོན་རིན་པོ་ཆེའི་མཛོད། (a parallel: ཚིག་དོན་རིན་པོ་ཆེའི་མཛོད), 76 % of the words.

So it is taught.[121]Note 121 · p. 337 · ཞེས་གསུངས་སོ ("So it is taught") is omitted in Gemini 4 Neon, Claude Fable 5.2 and GPT-6.2 Astra; restored. GPT-6.2 Astra also omits ཅེས་སོ on p. 336. Nowadays those of this kind are very numerous.

9 Counsel that the fortunate realize their own face within the vast expanse of the ground མཉམ་རྫོགས་གཞི་ཀློང་ཡངས་པར་སྐལ་བཟང་རྣམས་ཀྱིས་རང་ངོ་རྟོགས་པར་གདམས་པ9 Counsel that the fortunate realize their own face within the vast expanse of the ground (topical division)
Training in the changeless self-arisen builds the vajra fortress of dharmakāya, whose spontaneous presence comes about as three: essence as dharmakāya, self-freed thought as great continuum, and fruition as utter purity. Quotations from the Reverberation of Sound, Pearl Garland and Six Expanses support each aspect in order.

Now, the counsel that the fortunate

[p. 338] should realize their own face[124]Note 124 · p. 338 · རང་ངོ་རྟོགས་པར: the glossary renderings "their own face" and "realize" are used, against the drafts' "own nature/essence" and "recognize". within the vast expanse of the ground, equal and perfect:

Therefore, in the self-arisen, without transition or change,
train, without duality, in the king who perfects every wish.[122]Note 122 · p. 338 · བསམ་རྫོགས་རྒྱལ་པོ: Gemini 4 Neon has "king of perfected contemplation" and Dharmamitra "King of Perfected Thought"; I follow Claude Fable 5.2 and GPT-6.2 Astra, taking bsam as wishes (the king who fulfils all that is wished), an epithet of awareness. གཉིས་སུ་མེད་པར is taken adverbially with སྦྱང ("train without duality").
The three realms totally free, the meaning of the nonduality of saṃsāra and nirvāṇa:
the fortress (rdzong) of dharmakāya, arising naturally from within, by its very nature,
comes forth utterly pure like space, beyond all analogy (dpe).

9.1 Spontaneous presence coming about as three ལྷུན་གྱིས་གྲུབ་པ་གསུམ་དུ་འབྱུང་བ9.1 Spontaneous presence coming about as three (topical division)
Familiarity with the inseparability of the nature of phenomena and mind itself makes space-like realization arise, building the vajra fortress of dharmakāya, which comes about as essence (dharmakāya), self-freed thought (great continuum) and fruition (utter purity).

When one grows familiar, in one's own experience, with the nature of phenomena and mind itself as inseparable, just as they are, then by the power of that training a realization like space arises naturally from within. Since this builds the vajra fortress of dharmakāya, spontaneous presence (lhun gyis grub pa) as the Great Perfection free of extremes is certain to come about as three: the essence, freedom from extremes, dharmakāya; conceptual thought, naturally free, the great continuum (rgyud chen);[123]Note 123 · p. 338 · རྒྱུད་ཆེན: rendered "great continuum" with all the drafts, not the glossary's "tantra", since it names the unbroken continuity in which thoughts are naturally free. and the fruition, naturally cleared, utter purity.

9.2 Connecting these in order with scripture རིམ་པ་བཞིན་ལུང་དང་སྦྱར་བ9.2 Connecting these in order with scripture (topical division)
Quotations from the Reverberation of Sound, the Pearl Garland and the Six Expanses supporting, in order, the three aspects of spontaneous presence.

To connect these in order with scripture, the Reverberation of Sound says:

In freedom, since there is nothing to be done,[125]Note 125 · p. 338 · གྲོལ་བ་ལ: Adzom reads གྲོལ་བ་མེད ("Since there is nothing to be done, there is no freedom"), which matches the "since no X, no Y" pattern of the following lines. Both readings make sense; I keep the e-text's ལ ("In freedom, since there is nothing to be done").
there is no arising, and so no abiding.
Since there is no going, coming and circling are exhausted.[126]Note 126 · p. 338 · The verse line beginning བྱས་ (completed on the next page as བྱས་བྱུང་གཅིག་དང་གཉིས་མེད་པའོ) is left for the next part; Gemini 4 Neon and GPT-6.2 Astra begin it here.

[p. 339] Of the made and the arisen[127]Note 127 · p. 339 · The first syllable of the opening line stands on the previous page and is not in the Tibetan of this part (…byung gcig dang gnyis med pa'o). I read byas byung, "the made and the arisen," as Dharmamitra and GPT-6.2 Astra do; Gemini 4 Neon's "…arisen" would also allow rang byung. To be checked against p. 338. there is neither one nor two.
It does not exist even as the mere delusion[129]Note 129 · p. 339 · tha snyad 'khrul pa tsam du'ang med: GPT-6.2 Astra's "not so much as the delusion of a designation" drops the existential sense; I follow Claude Fable 5.2, Gemini 4 Neon, Dharmamitra, "does not exist even as…". of conventional designation.
It is empty of the workings of karma, of existence and nonexistence.
Primordially self-arisen, it is itself free of the intellect,[128]Note 128 · p. 339 · ye nas rang byung blo bral nyid: Adzom reads ye nas 'bras bu ("primordially the fruition, free of the intellect"), which would suit the third of the three topics the quotations illustrate. I keep rang byung, the reading of the e-text, since the variant is not clearly better.
beyond all speech, thought and expression.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra)
Identification: high confidence
The quoted words are in Ngb-pt-0056-vol-01-text (the text itself), 67 % of the words.

And the Garland of Pearls says:

Since it arises from itself,[130]Note 130 · p. 339 · grol and 'khrul pa in the Garland of Pearls: Gemini 4 Neon and Dharmamitra have "liberated" and Claude Fable 5.2 and Dharmamitra "confusion"; the glossary requires "free" and "delusion". mtshan ma is "marks", not "characteristics" (Claude Fable 5.2, Gemini 4 Neon, Dharmamitra). it is called "free."
Since it abides, it is called "pervasive."
Since it has no marks, it is called "empty."
Since it never sets, it is called "risen."
Since it is not corporeal, it is unobstructed transparency.
Since it abides in freedom, it is called "turned away."[131]Note 131 · p. 339 · log (twice): "turned away" with Claude Fable 5.2, Gemini 4 Neon, Dharmamitra. GPT-6.2 Astra's "returned" and "eludes" lose the repetition of the same word.
Since it appears as variety, it is called "radiance" (gdangs).
Since it is nondual, it is the one alone.
Since it gives rise to everything, it is called "cause."
Since everything without exception is complete, it is the fruition itself.
Since reference points are pure, it is called "path" (lam).
Since delusion is exhausted, it is also scripture (lung).
Since it abides in oneself, it is called "tantra" (rgyud).
Since it can be pointed out, it is pith instruction (man ngag).
Since it has turned away from number, it is called "reckoning."Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in ཚིག་དོན་རིན་པོ་ཆེའི་མཛོད། (a parallel: ཚིག་དོན་རིན་པོ་ཆེའི་མཛོད), 81 % of the words.

[p. 340] And the Six Expanses says:

In mind itself, appearing as reference points,
the aspects that do the referring are pure in their own place.
In mind itself, appearing as the gatherings of the intellect,[132]Note 132 · p. 340 · blo tshogs: Gemini 4 Neon's "host of conceptual thoughts" takes blo as rtog pa; I keep "the gatherings of the intellect" (Claude Fable 5.2, Dharmamitra). tshor ba is "feeling(s)" in both couplets, where Claude Fable 5.2 varies with "sensations". rang sar dag is "pure in their own place"; Dharmamitra's "purified" suggests a process.
feelings are pure in their own place.
In mind itself, appearing as the mental faculty,
the aspects that analyze are pure in their own place.
In mind itself, appearing as form,
the gathered elements are pure in their own place.
In mind itself, appearing as consciousness,
causes and conditions are pure in their own place.
In mind itself, appearing as feeling,
experiences (nyams myong) are pure in their own place.
In mind itself, appearing as perception,
the aspects of perceived and perceiver are pure in their own place.
In mind itself, appearing as formations,
the afflictions (nyon mongs), in all their number, are pure in their own place.
In mind itself, appearing as conceptual grasping,
the objects perceived by recollection are pure in their own place.Klong drug paQuotation (named in the text: ཀློང་དྲུག་པ་ལས)
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Expanses · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0062-vol-01-text (the text itself), 87 % of the words.

10 Gathering the heart essence of the meaning into one within realization free of grasping and clinging འཛིན་ཞེན་མེད་པའི་རྟོགས་པ་ནམ་མཁའ་ཀློང་ཡངས་སུ་དོན་གྱི་སྙིང་པོ་གཅིག་ཏུ་བསྡུ་བ10 Gathering the heart essence of the meaning into one within realization free of grasping and clinging (topical division)
Clinging to 'this' and 'that' keeps one in duality, whereas evenness without reference point is nondual realization. Realization is measured by the absence of grasping and clinging, and the true yogin of the natural Great Perfection holds no grasping at tenets or at view, meditation, conduct and fruition.

Now, to gather the heart essence of the meaning into one within the realization free of grasping and clinging ('dzin zhen), the vast expanse of space:[133]Note 133 · p. 340 · 'dzin zhen med pa'i rtogs pa nam mkha' klong yangs su: GPT-6.2 Astra construes this as "the sky of realization". I take nam mkha' klong yangs in apposition to the realization (the realization that is a vast expanse of space), close to Claude Fable 5.2, Gemini 4 Neon, Dharmamitra.

[p. 341] As long as one clings to "this" and "that" as separate,[134]Note 134 · p. 341 · 'di dang 'di: literally "this and this" (Claude Fable 5.2); rendered idiomatically as "this" and "that" with Gemini 4 Neon, Dharmamitra, GPT-6.2 Astra.
one stays in duality, in the cage of the delusion of self and other.
When there is no division into distinct things called "this,"
and all is evenly equal (phyam mnyam), with no fixed reference point,
"nonduality is realized": so Vajrasattva has said.

10.1 The measure of having realized or not རྟོགས་པ་དང་མ་རྟོགས་པའི་ཚད10.1 The measure of having realized or not (topical division)
Realization is measured by the presence or absence of grasping and clinging in awareness, like clouds in the sky; a yogin clinging to his view or to accepting and rejecting lacks nondual realization, as Kumārāja and the Dohā confirm.

The measure of whether someone has or has not realized the meaning of awareness, dharmakāya, is determined by whether or not any aspect of grasping and clinging is present in awareness, just as a sky that is clear and one that is not are distinguished by the absence or presence of clouds and mist. Here too, for as long as any yogin clings to his own view, meditation and so forth, or holds to divisions of what is to be abandoned and its antidote, of accepting and rejecting, it is certain that the realization of nonduality is not present in his mindstream, because he has not parted from clinging to dualistic, specifically characterized things.[135]Note 135 · p. 341 · gnyis bcas rang mtshan la zhen pa: GPT-6.2 Astra's "dualistic fixation on the distinguishing marks of things" loses rang mtshan as a term; I follow Gemini 4 Neon and Dharmamitra. This is just as the glorious protector, the holy guru, the lord of Dharma Kumārāja,[137]Note 137 · p. 341 · ku mā rā tsa: the Tibetan contraction of Kumārarāja (gZhon nu rgyal po), given in its usual form Kumārāja. who attained siddhi (dngos grub) in the meaning of reality itself,[136]Note 136 · p. 341 · de kho na nyid: "reality itself" by the glossary, not "suchness" (Claude Fable 5.2, Dharmamitra, GPT-6.2 Astra). GPT-6.2 Astra's "siddhi in the realization of" adds a word; the text has don, "meaning". has said:

[p. 342] "Whether the natural state (gnas lugs) has been realized or not is known by whether one is free of clinging or not."Ku mA rA tsaQuotation (named in the text: ཆོས་ཀྱི་རྗེ་ཀུ་མཱ་རཱ་ཙའི་ཞལ་སྔ)
ཀུ་མཱ་རཱ་ཙ, ku mA rA tsa, Oral saying of Kumārādza, by Kumārādza · person; other
Identification: high confidence (Rigdzin Kumārādza was Longchenpa's root teacher; the saying is oral instruction.)
The quoted words were not found among the texts on this wiki.

Likewise, it is just as the Dohā says:

Even a splinter[138]Note 138 · p. 342 · zug rngu: "splinter" (Gemini 4 Neon, GPT-6.2 Astra), the standard sense (śalya), rather than "thorn of pain" (Claude Fable 5.2) or "piercing pain" (Dharmamitra). no bigger than a sesame husk
will only ever bring about suffering and nothing else.Do haQuotation (named in the text: དོ་ཧ་ལས)
དོ་ཧ་མཛོད་ཀྱི་གླུ, do ha mdzod kyi glu, Saraha's Treasury of Dohā Songs (Dohākoṣagīti), by Saraha · shastra; Tengyur; Toh 2224
Identification: medium confidence (Saraha's sayings are cited under several names; one line belongs to his Queen Dohā (Mi zad pa'i gter mdzod).)
The quoted words are in དོ་ཧ་མཛོད་ཀྱི་གླུ་བཞུགས་སོ། ། (the text itself), 79 % of the words.

10.2 The yogin of the natural Great Perfection རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ10.2 The yogin of the natural Great Perfection (topical division)
One who, though skilled in distinguishing Dharma, has no particle of grasping at tenets or at view, meditation, conduct and fruition is a yogin of the natural Great Perfection; supported by the Inlaid Jewels and the Reverberation of Sound.

One who takes up no position in which the intellect has become deeply entrenched[139]Note 139 · p. 342 · blos gting tshugs pa'i mtha' mi 'cha': taken as "takes up no position in which the intellect is deeply entrenched" (Claude Fable 5.2, GPT-6.2 Astra). Gemini 4 Neon and Dharmamitra make blo the agent of "establishing an extreme", which strains the syntax. in clinging and grasping and in accepting and rejecting, and who, though skilled in distinguishing what is Dharma from what is not Dharma, has not so much as a particle of grasping at his own or others' philosophical tenets (grub mtha'), or at view, meditation, conduct and fruition (lta sgom spyod 'bras): such a one is "a yogin of the natural Great Perfection," Vajrasattva has said. The Array of Inlaid Jewels says:

Great emptiness (stong pa chen po), dharmakāya,
cannot be indicated by symbols or reference points.
Self-knowing awareness (rang rig pa), without cause or condition,
is beyond the extremes of empty and not empty.Nor bu phra bkodQuotation (named in the text: ནོར་བུ་ཕྲ་བཀོད་ལས)
ནོར་བུ་ཕྲ་བཀོད་རང་གི་དོན་ཐམས་ཅད་གསལ་བར་བྱེད་པའི་རྒྱུད, nor bu phra bkod rang gi don thams cad gsal bar byed pa'i rgyud, The Inlaid Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

And the Reverberation of Sound says:

With the sublime meaning free of the intellect,
when the faculties are freed all at once,[140]Note 140 · p. 342 · The part breaks off inside the second line of the Reverberation of Sound quotation (dbang po cig / car grol ba na). I have completed that line from the following page; the next part should begin with mngon sum mthong ba'i gnad kyis ni.

[p. 343] through the key point of seeing directly,
one's own philosophical tenets collapse;[145]Note 145 · p. 343 · rang gi grub pa'i mtha': Claude Fable 5.2 has "philosophical position" in the singular; the glossary's "philosophical tenets" is kept.
without clinging to or grasping at anything,
one tastes the genuine nature of phenomena,[144]Note 144 · p. 343 · chos nyid: Dharmamitra and Gemini 4 Neon have "reality", which the glossary reserves for de kho na nyid; corrected to "nature of phenomena". zhen: Dharmamitra and Claude Fable 5.2 have "fixation"; corrected to "clinging".
and, with no basis for turning back to the three realms,[142]Note 142 · p. 343 · ldog pa in khams gsum ldog pa'i rten med par means "turning back" to the three realms, not the glossary's technical sense "distinguishing aspect". All drafts agree.
just as space itself dissolves into space,
so it is, too, with the supreme yogin.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra)
Identification: high confidence
The quoted words are in Ngb-pt-0056-vol-01-text (the text itself), 68 % of the words.
[143]Note 143 · p. 343 · rnal 'byor mchog: GPT-6.2 Astra reads "supreme yoga", while Dharmamitra, Gemini 4 Neon and Claude Fable 5.2 read "supreme yogin". I take it as verse shorthand for rnal 'byor pa, since the simile of space dissolving into space describes the practitioner, and Longchenpa cites the verse to illustrate "a yogin of the natural Great Perfection".

Thus it is said.

11 Colophon of the commentary on the eighth chapter ལེའུ་བརྒྱད་པའི་འགྲེལ་པ11 Colophon of the commentary on the eighth chapter (topical division)
Chapter colophon identifying this as the commentary on the eighth chapter of the Treasury, showing that in awakened mind there is no duality.

From The Precious Treasury of the Basic Space of Phenomena (chos dbyings rin po che'i mdzod), this is the commentary on the eighth chapter, which shows that in awakened mind (byang chub kyi sems) there is no duality.[141]Note 141 · p. 343 · The page opens mid-word (cig / car grol ba na). That line, "when the faculties are freed all at once," was already rendered at the end of the previous part, so it is not repeated here. Dharmamitra and GPT-6.2 Astra translate it again, and Dharmamitra has "simultaneously liberated" where the glossary requires "freed" for grol ba.

Translation notes
  • 112. [p. 334] zang ma thal byung: "utterly transparent, passing straight through", per the glossary for zang ma thal; Claude Fable 5.2's "(zang thal)" drops the intensified form.
  • 113. [p. 334] grub mtha' rdzogs: "philosophical tenets are perfected" (Dharmamitra; Gemini 4 Neon/Claude Fable 5.2 "completed"), keeping rdzogs as "perfect". GPT-6.2 Astra's "come to an end" is a possible sense but not adopted.
  • 114. [p. 335] ཡུལ་ལ་སྣང་བ: the particle is ལ, not the དུ/རུ of the parallel lines ("appearing in objects" is possible); rendered "appearing as objects" with all the drafts, on the pattern of the series.
  • 115. [p. 335] འདོད་ལོག་རྣམས: Dharmamitra and Claude Fable 5.2 have "sexual misconduct", the usual sense of 'dod log; Gemini 4 Neon and GPT-6.2 Astra have "wrongful/wayward desires". Since unchaste conduct (mi tshangs spyad pa) is already named, and the term is plural and paired with "movement", it may stand for wrong views (log par 'dod pa); I keep the literal "wrongful desires".
  • 116. [p. 335] འབྲས་བུར་སྣང་བ: rendered "effects", not the glossary's "fruition" (GPT-6.2 Astra), because it is paired with "conditions" in the preceding couplet, a causal context; "fruition" is used for 'bras bu on p. 338.
  • 117. [p. 336] དགེ་སྡིག་གི་མཐའ་ལས་འདས་སོ: GPT-6.2 Astra has "I am beyond"; the Tibetan has no first person, and the subject is the unborn (awareness), as in Gemini 4 Neon, Dharmamitra, Claude Fable 5.2.
  • 118. [p. 336] མ་རྟོགས། is read as མ་རྟོགས་པར ("not having realized … yet think").
  • 119. [p. 337] མཚོར་བར་ངེས་པས: read as tshor ba, "to sense, notice", with དེས as agent: he is certain to sense that he himself has gone that way (Claude Fable 5.2). Gemini 4 Neon's "that certainly indicates" is also possible. Dharmamitra's "unaware" supplies a negation that is not in the text, and GPT-6.2 Astra's "the foremost" seems to read gtso.
  • 120. [p. 337] ཚོགས་རྒྱ་ཆེན་པོ་བཏང་ལ: Dharmamitra and GPT-6.2 Astra take this as "offer a vast feast"; Gemini 4 Neon and Claude Fable 5.2 as "give up the large gathering". tshogs gtong ba is the standard idiom for offering a feast, the usual remedy for obstacles, so I follow Dharmamitra and GPT-6.2 Astra. Longchenpa's own gloss (tshogs pa spangs, "abandon the gatherings") may nonetheless reflect the other reading.
  • 121. [p. 337] ཞེས་གསུངས་སོ ("So it is taught") is omitted in Gemini 4 Neon, Claude Fable 5.2 and GPT-6.2 Astra; restored. GPT-6.2 Astra also omits ཅེས་སོ on p. 336.
  • 122. [p. 338] བསམ་རྫོགས་རྒྱལ་པོ: Gemini 4 Neon has "king of perfected contemplation" and Dharmamitra "King of Perfected Thought"; I follow Claude Fable 5.2 and GPT-6.2 Astra, taking bsam as wishes (the king who fulfils all that is wished), an epithet of awareness. གཉིས་སུ་མེད་པར is taken adverbially with སྦྱང ("train without duality").
  • 123. [p. 338] རྒྱུད་ཆེན: rendered "great continuum" with all the drafts, not the glossary's "tantra", since it names the unbroken continuity in which thoughts are naturally free.
  • 124. [p. 338] རང་ངོ་རྟོགས་པར: the glossary renderings "their own face" and "realize" are used, against the drafts' "own nature/essence" and "recognize".
  • 125. [p. 338] གྲོལ་བ་ལ: Adzom reads གྲོལ་བ་མེད ("Since there is nothing to be done, there is no freedom"), which matches the "since no X, no Y" pattern of the following lines. Both readings make sense; I keep the e-text's ལ ("In freedom, since there is nothing to be done").
  • 126. [p. 338] The verse line beginning བྱས་ (completed on the next page as བྱས་བྱུང་གཅིག་དང་གཉིས་མེད་པའོ) is left for the next part; Gemini 4 Neon and GPT-6.2 Astra begin it here.
  • 127. [p. 339] The first syllable of the opening line stands on the previous page and is not in the Tibetan of this part (…byung gcig dang gnyis med pa'o). I read byas byung, "the made and the arisen," as Dharmamitra and GPT-6.2 Astra do; Gemini 4 Neon's "…arisen" would also allow rang byung. To be checked against p. 338.
  • 128. [p. 339] ye nas rang byung blo bral nyid: Adzom reads ye nas 'bras bu ("primordially the fruition, free of the intellect"), which would suit the third of the three topics the quotations illustrate. I keep rang byung, the reading of the e-text, since the variant is not clearly better.
  • 129. [p. 339] tha snyad 'khrul pa tsam du'ang med: GPT-6.2 Astra's "not so much as the delusion of a designation" drops the existential sense; I follow Claude Fable 5.2, Gemini 4 Neon, Dharmamitra, "does not exist even as…".
  • 130. [p. 339] grol and 'khrul pa in the Garland of Pearls: Gemini 4 Neon and Dharmamitra have "liberated" and Claude Fable 5.2 and Dharmamitra "confusion"; the glossary requires "free" and "delusion". mtshan ma is "marks", not "characteristics" (Claude Fable 5.2, Gemini 4 Neon, Dharmamitra).
  • 131. [p. 339] log (twice): "turned away" with Claude Fable 5.2, Gemini 4 Neon, Dharmamitra. GPT-6.2 Astra's "returned" and "eludes" lose the repetition of the same word.
  • 132. [p. 340] blo tshogs: Gemini 4 Neon's "host of conceptual thoughts" takes blo as rtog pa; I keep "the gatherings of the intellect" (Claude Fable 5.2, Dharmamitra). tshor ba is "feeling(s)" in both couplets, where Claude Fable 5.2 varies with "sensations". rang sar dag is "pure in their own place"; Dharmamitra's "purified" suggests a process.
  • 133. [p. 340] 'dzin zhen med pa'i rtogs pa nam mkha' klong yangs su: GPT-6.2 Astra construes this as "the sky of realization". I take nam mkha' klong yangs in apposition to the realization (the realization that is a vast expanse of space), close to Claude Fable 5.2, Gemini 4 Neon, Dharmamitra.
  • 134. [p. 341] 'di dang 'di: literally "this and this" (Claude Fable 5.2); rendered idiomatically as "this" and "that" with Gemini 4 Neon, Dharmamitra, GPT-6.2 Astra.
  • 135. [p. 341] gnyis bcas rang mtshan la zhen pa: GPT-6.2 Astra's "dualistic fixation on the distinguishing marks of things" loses rang mtshan as a term; I follow Gemini 4 Neon and Dharmamitra.
  • 136. [p. 341] de kho na nyid: "reality itself" by the glossary, not "suchness" (Claude Fable 5.2, Dharmamitra, GPT-6.2 Astra). GPT-6.2 Astra's "siddhi in the realization of" adds a word; the text has don, "meaning".
  • 137. [p. 341] ku mā rā tsa: the Tibetan contraction of Kumārarāja (gZhon nu rgyal po), given in its usual form Kumārāja.
  • 138. [p. 342] zug rngu: "splinter" (Gemini 4 Neon, GPT-6.2 Astra), the standard sense (śalya), rather than "thorn of pain" (Claude Fable 5.2) or "piercing pain" (Dharmamitra).
  • 139. [p. 342] blos gting tshugs pa'i mtha' mi 'cha': taken as "takes up no position in which the intellect is deeply entrenched" (Claude Fable 5.2, GPT-6.2 Astra). Gemini 4 Neon and Dharmamitra make blo the agent of "establishing an extreme", which strains the syntax.
  • 140. [p. 342] The part breaks off inside the second line of the Reverberation of Sound quotation (dbang po cig / car grol ba na). I have completed that line from the following page; the next part should begin with mngon sum mthong ba'i gnad kyis ni.
  • 141. [p. 343] The page opens mid-word (cig / car grol ba na). That line, "when the faculties are freed all at once," was already rendered at the end of the previous part, so it is not repeated here. Dharmamitra and GPT-6.2 Astra translate it again, and Dharmamitra has "simultaneously liberated" where the glossary requires "freed" for grol ba.
  • 142. [p. 343] ldog pa in khams gsum ldog pa'i rten med par means "turning back" to the three realms, not the glossary's technical sense "distinguishing aspect". All drafts agree.
  • 143. [p. 343] rnal 'byor mchog: GPT-6.2 Astra reads "supreme yoga", while Dharmamitra, Gemini 4 Neon and Claude Fable 5.2 read "supreme yogin". I take it as verse shorthand for rnal 'byor pa, since the simile of space dissolving into space describes the practitioner, and Longchenpa cites the verse to illustrate "a yogin of the natural Great Perfection".
  • 144. [p. 343] chos nyid: Dharmamitra and Gemini 4 Neon have "reality", which the glossary reserves for de kho na nyid; corrected to "nature of phenomena". zhen: Dharmamitra and Claude Fable 5.2 have "fixation"; corrected to "clinging".
  • 145. [p. 343] rang gi grub pa'i mtha': Claude Fable 5.2 has "philosophical position" in the singular; the glossary's "philosophical tenets" is kept.
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the commentary announces and opens), gold the quotations, red the words of the root verses (or of a quotation) that the commentary quotes to explain them, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program, the root verses by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Root verses being explainedAuthor's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 334]
ཡང༌། རྣལ་འབྱོར་པ་དེ་ལ་ཟང་མ་ཐལ་བྱུང་དུ་སོང་བས་ནམ་མཁའ་ལ་རྫས་མི་ཆགས་པ་ལྟར། སྐྱོན་དང་དྲི་མས་མ་གོས་ཤིང༌། །དགེ་སྡིག་གི་མཐའ་ལས་འདས་པས་འཆིང་གྲོལ་མེད་པ་སྟེ། མུ་ཏིག་ཕྲེང་བ་ལས། ཡོངས་ལ་ཁྱབ་པས་གཞན་བྱུང་འགགས།
།རང་ཤར་ཡིན་པས་མུན་པ་སངས།
།སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ།
།གསལ་བར་སྣང་བས་ལོངས་སྐུར་རྒྱས།
།མ་བུ་འཕྲད་པས་སྤྲུལ་སྐུར་བྱུང༌།
།རྟོགས་སུ་ཡོད་པས་ཐབས་སུ་བྱུང༌།
།བསམ་འདས་ཡིན་པས་དྲན་པ་སངས།
།རྟག་ཆད་མེད་པས་གྲུབ་མཐའ་རྫོགས།
།བཅུད་དུ་དྲིལ་བས་རིག་པ་གསལ།
།ཞེས་པ་དང༌། ཀློང་དྲུག་པ་ལས། ཐོག་བབས་ཆེན་པོའི་སེམས་ཉིད་ལ།
།སྣང་བ་ཐད་ཀ་རང་སར་དག །ཡིན་པར་སྣང་བའི་སེམས་ཉིད་ལ།
།བརྫུན་གྱི་ཚིག་རྣམས་རང་སར་དག །མེད་པར་སྣང་བའི་སེམས་ཉིད་ལ།
།མ་བྱིན་ལེན་པ་རང་སར་དག །

Yet for that yogin they have become utterly transparent, passing straight through.[112]Note 112 · p. 334 · zang ma thal byung: "utterly transparent, passing straight through", per the glossary for zang ma thal; Claude Fable 5.2's "(zang thal)" drops the intensified form. And so, just as no substance clings to space, he is unstained by faults and stains, and since he has passed beyond the extremes of virtue and wrongdoing, there is neither bondage nor freedom. The Pearl Garland says:

Since it pervades all, arising from another has ceased.
Since it is natural arising (rang shar), darkness is cleared away.
Since it is the heart essence (snying po), it pervades as dharmakāya.
Since it appears lucidly, it unfolds as saṃbhogakāya (longs sku).
Since mother and child meet, it emerges as nirmāṇakāya (sprul sku).
Since it can be realized, it emerges as skillful means (thabs).
Since it is beyond thought, recollection is cleared away.
Since there is neither eternalism nor nihilism (rtag chad), philosophical tenets are perfected.[113]Note 113 · p. 334 · grub mtha' rdzogs: "philosophical tenets are perfected" (Dharmamitra; Gemini 4 Neon/Claude Fable 5.2 "completed"), keeping rdzogs as "perfect". GPT-6.2 Astra's "come to an end" is a possible sense but not adopted.
Since it is condensed into the quintessence, awareness is lucid.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in ཚིག་དོན་རིན་པོ་ཆེའི་མཛོད། (a parallel: ཚིག་དོན་རིན་པོ་ཆེའི་མཛོད), 83 % of the words.

And the Six Expanses says:

In mind itself, the great direct descent,
appearances, just as they directly are, are pure in their own place.
In mind itself, appearing as what is so,
words of falsehood are pure in their own place.
In mind itself, appearing as nonexistent,
taking what is not given is pure in its own place.

[p. 335]
ཡིན་དང་མིན་པའི་སེམས་ཉིད་ལ།
།མི་ཚངས་སྤྱད་པ་རང་སར་དག །འཆལ་བ་མེད་པའི་སེམས་ཉིད་ལ།
།ངག་འཁྱལ་རྣམས་ནི་རང་སར་དག །ཡུལ་ལ་སྣང་བའི་སེམས་ཉིད་ལ།
།ཕྲ་མའི་ཚིག་རྣམས་རང་སར་དག །འགྱུ་བར་སྣང་བའི་སེམས་ཉིད་ལ།
།འདོད་ལོག་རྣམས་ནི་རང་སར་དག །ཀ་ནས་དག་པའི་སེམས་ཉིད་ལ།
།སྲོག་གཅོད་པ་ཡང་རང་སར་དག །རྐྱེན་དུ་སྣང་བའི་སེམས་ཉིད་ལ།
།བརྣབ་སེམས་རྣམས་ནི་རང་སར་དག །འབྲས་བུར་སྣང་བའི་སེམས་ཉིད་ལ།
།གནོད་སེམས་རྣམས་ནི་རང་སར་དག །སྒྲ་རུ་སྣང་བའི་སེམས་ཉིད་ལ།
།གྲགས་པ་རྣམས་ནི་རང་སར་དག །གཟུགས་སུ་སྣང་བའི་སེམས་ཉིད་ལ།
།འཛིན་པའི་ཆ་རྣམས་རང་སར་དག །དྲི་རུ་སྣང་བའི་སེམས་ཉིད་ལ།
།ཤེས་པའི་ཆ་རྣམས་རང་སར་དག །རོ་ཉིད་སྣང་བའི་སེམས་ཉིད་ལ།
།མྱོང་བྱེད་ཤེས་པ་རང་སར་

In mind itself, which is so and is not so,
unchaste conduct is pure in its own place.
In mind itself, free of all disorder,
idle chatter is pure in its own place.
In mind itself, appearing as objects,[114]Note 114 · p. 335 · ཡུལ་ལ་སྣང་བ: the particle is ལ, not the དུ/རུ of the parallel lines ("appearing in objects" is possible); rendered "appearing as objects" with all the drafts, on the pattern of the series.
divisive words are pure in their own place.
In mind itself, appearing as movement,
wrongful desires[115]Note 115 · p. 335 · འདོད་ལོག་རྣམས: Dharmamitra and Claude Fable 5.2 have "sexual misconduct", the usual sense of 'dod log; Gemini 4 Neon and GPT-6.2 Astra have "wrongful/wayward desires". Since unchaste conduct (mi tshangs spyad pa) is already named, and the term is plural and paired with "movement", it may stand for wrong views (log par 'dod pa); I keep the literal "wrongful desires". are pure in their own place.
In mind itself, pure from the very beginning,
even the taking of life is pure in its own place.
In mind itself, appearing as conditions,
covetous thoughts are pure in their own place.
In mind itself, appearing as effects ('bras bu),[116]Note 116 · p. 335 · འབྲས་བུར་སྣང་བ: rendered "effects", not the glossary's "fruition" (GPT-6.2 Astra), because it is paired with "conditions" in the preceding couplet, a causal context; "fruition" is used for 'bras bu on p. 338.
malicious thoughts are pure in their own place.
In mind itself, appearing as sound,
all that resounds is pure in its own place.
In mind itself, appearing as form,
the aspects of grasping are pure in their own place.
In mind itself, appearing as smell,
the aspects of cognition are pure in their own place.
In mind itself, appearing as taste itself,
the cognition that experiences is pure in its own place.

[p. 336]
དག །རེག་ཏུ་སྣང་བའི་སེམས་ཉིད་ལ།
།རེག་བྱའི་ཤེས་པ་རང་སར་དག །ཆོས་སུ་སྣང་བའི་སེམས་ཉིད་ལ།
།སྤྱི་དང་རང་འཛིན་རང་སར་དག །བདག་ཏུ་སྣང་བའི་སེམས་ཉིད་ལ།
།ཞེན་པའི་བློ་རྣམས་རང་སར་དག །བདག་མེད་སྣང་བའི་སེམས་ཉིད་ལ།
།ཆ་དང་བྲལ་བ་རང་སར་དག
།ཅེས་སོ། །བཅོས་མ་ལྟར་སྣང་བའི་འདྲ་གཞི་སྤངས་པ་ནི། །རང་བྱུང་ངང་ནས་མཉམ་ཉིད་མ་རྟོགས་པར།
།གཉིས་མེད་ཉིད་ཅེས་ཚིག་ལ་མངོན་ཞེན་ནས།
།ཅི་ཡང་མི་དམིགས་ཡིད་དཔྱོད་གདེང་འཆའ་བ།
།ལོག་རྟོག་ཉིད་དེ་མ་རིག་མུན་པའི་ཀློང༌།
།གང་དག་རིག་པ་རྗེན་པར་ནི་མ་རྟོགས།
།སྐྱེ་མེད་ནམ་མཁའ་ལྟར་དགེ་སྡིག་གི་མཐའ་ལས་འདས་སོ་སྙམ་ནས། དོན་དམ་སྟོན་པའི་ཚིག་རླབས་པོ་ཆེ་རྣམས་རང་ཉམས་དང་མི་སྦྱོར་བར་ཐད་དྲང་དུ་སྨྲ་ཞིང༌། ཀུན་སྤྱོད་རྩིང་ལ་ཡིད་དཔྱོད་ལ་གདེང་དུ་འཆའ་བ་དེ་དག་ནི་ལོག་རྟོག་

In mind itself, appearing as touch,
the cognition of the tangible is pure in its own place.
In mind itself, appearing as phenomena,
grasping at the general and the specific is pure in its own place.
In mind itself, appearing as a self,
the clinging intellect is pure in its own place.
In mind itself, appearing as the absence of self,
the partless is pure in its own place.Klong drug paQuotation (named in the text: ཀློང་དྲུག་པ་ལས)
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Expanses · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0062-vol-01-text (the text itself), 83 % of the words.

So it says.

8 Rejecting the counterfeit likeness, a contrived semblance བཅོས་མ་ལྟར་སྣང་བའི་འདྲ་གཞི་སྤངས་པ8 Rejecting the counterfeit likeness, a contrived semblance (topical division)
Those who cling to the words of nonduality and rely on speculation, speaking of the ultimate without experience and acting coarsely, are counterfeit yogins deceived by māra; one should abandon such gatherings, rely on an authentic guru and practise in solitude, as Naturally Arising Awareness advises.

Rejecting the counterfeit likeness, a contrived semblance:

Without realizing equality (mnyam nyid) within the self-arisen (rang byung) state,
to cling overtly to the words "nonduality itself"
and place one's confidence (gdeng) in the mental speculation (yid dpyod) that there is no reference point at all
is mistaken thought itself, the expanse of the darkness of unawareness.

There are those who have not realized awareness in its nakedness, yet think,[118]Note 118 · p. 336 · མ་རྟོགས། is read as མ་རྟོགས་པར ("not having realized … yet think"). "Unborn (skye med), like space, it is beyond the extremes of virtue and wrongdoing."[117]Note 117 · p. 336 · དགེ་སྡིག་གི་མཐའ་ལས་འདས་སོ: GPT-6.2 Astra has "I am beyond"; the Tibetan has no first person, and the subject is the unborn (awareness), as in Gemini 4 Neon, Dharmamitra, Claude Fable 5.2. They speak straight out the mighty words that teach the ultimate without joining them to their own experience (rang nyams), their conduct is coarse, and they place their confidence in mental speculation.

[p. 337]
བཅོས་མའི་གང་ཟག་རྣལ་འབྱོར་པར་འཆོས་པ་ཞེས་བྱ་སྟེ། ཕལ་ཆེར་བདུད་ཀྱིས་བསླུས་པར་རིག་པར་བྱ་སྟེ། དེ་ལ་འཁོར་ལ་སོགས་པ་འདུ་བ་མང་ཡང་ལོག་པར་འགྲོ་བའི་ལམ་ལ་འདྲེན་པས་ན། དེས་རང་ཉིད་དེ་ལྟར་སོང་བ་མཚོར་བར་ངེས་པས། ཡང་དག་པའི་ལམ་དུ་འགྲོ་བར་འདོད་པས་ནི་འཁོར་ལ་སོགས་པའི་ཚོགས་པ་སྤངས་ལ། ཡང་དག་པའི་བླ་མ་བསྟེན་ནས་གཅིག་པུ་ཆོས་ཉིད་ཀྱི་དོན་ཉམས་སུ་ལེན་པར་བྱས་ན། དེ་ལས་བཟློག་པར་འགྱུར་ཏེ། རིག་པ་རང་ཤར་ལས། དེ་ཡང་མེད་པར་འདི་ལྟར་བྱུང་ན། ཁ་ཚིག་ལ་དཔྱོད་ཅིང་གཏིང་མ་རྟོགས་པའི་རྟགས་ཡིན་ནོ། །ཡང་སྨྱོན་པ་ལྟ་བུར་བྱུང་ན་བར་ཆོད་ཀྱི་བདུད་བྱུང་བ་ཡིན་པས། ཚོགས་རྒྱ་ཆེན་པོ་བཏང་ལ་ཉམས་སུ་བླང་ངོ་ཞེས་གསུངས་སོ། །དེང་སང་ནི་འདི་ལྟ་བུ་ཤིན་ཏུ་མང་ངོ༌། །ད་ནི་མཉམ་རྫོགས་གཞི་ཀློང་ཡངས་པར་སྐལ་བཟང་

These are called "counterfeit persons of mistaken thought who pose as yogins."

It should be understood that for the most part they have been deceived by māra (bdud). Although many gather around such a person, as a retinue and so forth, he leads them onto a path that goes astray, and so he is certain to sense that he himself has gone that way.[119]Note 119 · p. 337 · མཚོར་བར་ངེས་པས: read as tshor ba, "to sense, notice", with དེས as agent: he is certain to sense that he himself has gone that way (Claude Fable 5.2). Gemini 4 Neon's "that certainly indicates" is also possible. Dharmamitra's "unaware" supplies a negation that is not in the text, and GPT-6.2 Astra's "the foremost" seems to read gtso. Therefore, if one who wishes to travel the authentic path abandons the gatherings of a retinue and so forth, relies on an authentic guru (bla ma), and practices the meaning of the nature of phenomena in solitude, he will turn back from that. Naturally Arising Awareness says:

"Moreover, if it turns out like this in the absence of that, it is a sign of examining mouthed words without having realized the depths. Again, if one becomes like a madman, the māra of obstacles has arisen, so offer a vast feast gathering (tshogs)[120]Note 120 · p. 337 · ཚོགས་རྒྱ་ཆེན་པོ་བཏང་ལ: Dharmamitra and GPT-6.2 Astra take this as "offer a vast feast"; Gemini 4 Neon and Claude Fable 5.2 as "give up the large gathering". tshogs gtong ba is the standard idiom for offering a feast, the usual remedy for obstacles, so I follow Dharmamitra and GPT-6.2 Astra. Longchenpa's own gloss (tshogs pa spangs, "abandon the gatherings") may nonetheless reflect the other reading. and practice."Rang sharQuotation (named in the text: རིག་པ་རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in ཚིག་དོན་རིན་པོ་ཆེའི་མཛོད། (a parallel: ཚིག་དོན་རིན་པོ་ཆེའི་མཛོད), 76 % of the words.

So it is taught.[121]Note 121 · p. 337 · ཞེས་གསུངས་སོ ("So it is taught") is omitted in Gemini 4 Neon, Claude Fable 5.2 and GPT-6.2 Astra; restored. GPT-6.2 Astra also omits ཅེས་སོ on p. 336. Nowadays those of this kind are very numerous.

9 Counsel that the fortunate realize their own face within the vast expanse of the ground མཉམ་རྫོགས་གཞི་ཀློང་ཡངས་པར་སྐལ་བཟང་རྣམས་ཀྱིས་རང་ངོ་རྟོགས་པར་གདམས་པ9 Counsel that the fortunate realize their own face within the vast expanse of the ground (topical division)
Training in the changeless self-arisen builds the vajra fortress of dharmakāya, whose spontaneous presence comes about as three: essence as dharmakāya, self-freed thought as great continuum, and fruition as utter purity. Quotations from the Reverberation of Sound, Pearl Garland and Six Expanses support each aspect in order.

Now, the counsel that the fortunate

[p. 338]
རྣམས་ཀྱིས་རང་ངོ་རྟོགས་པར་གདམས་པ་ནི། །དེ་ཕྱིར་རང་བྱུང་འཕོ་འགྱུར་མེད་པ་ལ།
།བསམ་རྫོགས་རྒྱལ་པོ་གཉིས་སུ་མེད་པར་སྦྱང༌།
།ཁམས་གསུམ་ཡོངས་གྲོལ་འཁོར་འདས་གཉིས་མེད་དོན།
།རང་བཞིན་ཁོང་ནས་རང་ཤར་ཆོས་སྐུའི་རྫོང༌།
།མཁའ་ལྟར་རྣམ་དག་དཔེ་ལས་འདས་པ་འབྱུང༌།
།ཆོས་ཉིད་དང་སེམས་ཉིད་དབྱེར་མེད་པ་དེ་བཞིན་དུ་རང་ཉམས་ལ་གོམས་ཤིང་སྦྱངས་སྟོབས་ཀྱིས་ཁོང་ནས་རྟོགས་པ་ནམ་མཁའ་ལྟ་བུ་རང་ཤར་བ་ནི་ཆོས་སྐུ་རྡོ་རྗེའི་རྫོང་འཆོས་པས། མཐའ་བྲལ་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པ་ནི། ངོ་བོ་མཐའ་གྲོལ་ཆོས་སྐུ། རྟོག་པ་རང་གྲོལ་རྒྱུད་ཆེན། འབྲས་བུ་རང་སངས་རྣམ་དག་དང་གསུམ་དུ་འབྱུང་བར་ངེས་ཏེ། རིམ་པ་བཞིན་ལུང་དང་སྦྱར་བ་ནི། ཐལ་འགྱུར་ལས། བྱ་བ་མེད་པས་གྲོལ་བ་ལ།
།བྱུང་བ་མེད་པས་གནས་པ་མེད།
།འགྲོ་བ་མེད་པས་འོང་འཁོར་ཟད།
།བྱས་

should realize their own face[124]Note 124 · p. 338 · རང་ངོ་རྟོགས་པར: the glossary renderings "their own face" and "realize" are used, against the drafts' "own nature/essence" and "recognize". within the vast expanse of the ground, equal and perfect:

Therefore, in the self-arisen, without transition or change,
train, without duality, in the king who perfects every wish.[122]Note 122 · p. 338 · བསམ་རྫོགས་རྒྱལ་པོ: Gemini 4 Neon has "king of perfected contemplation" and Dharmamitra "King of Perfected Thought"; I follow Claude Fable 5.2 and GPT-6.2 Astra, taking bsam as wishes (the king who fulfils all that is wished), an epithet of awareness. གཉིས་སུ་མེད་པར is taken adverbially with སྦྱང ("train without duality").
The three realms totally free, the meaning of the nonduality of saṃsāra and nirvāṇa:
the fortress (rdzong) of dharmakāya, arising naturally from within, by its very nature,
comes forth utterly pure like space, beyond all analogy (dpe).

9.1 Spontaneous presence coming about as three ལྷུན་གྱིས་གྲུབ་པ་གསུམ་དུ་འབྱུང་བ9.1 Spontaneous presence coming about as three (topical division)
Familiarity with the inseparability of the nature of phenomena and mind itself makes space-like realization arise, building the vajra fortress of dharmakāya, which comes about as essence (dharmakāya), self-freed thought (great continuum) and fruition (utter purity).

When one grows familiar, in one's own experience, with the nature of phenomena and mind itself as inseparable, just as they are, then by the power of that training a realization like space arises naturally from within. Since this builds the vajra fortress of dharmakāya, spontaneous presence (lhun gyis grub pa) as the Great Perfection free of extremes is certain to come about as three: the essence, freedom from extremes, dharmakāya; conceptual thought, naturally free, the great continuum (rgyud chen);[123]Note 123 · p. 338 · རྒྱུད་ཆེན: rendered "great continuum" with all the drafts, not the glossary's "tantra", since it names the unbroken continuity in which thoughts are naturally free. and the fruition, naturally cleared, utter purity.

9.2 Connecting these in order with scripture རིམ་པ་བཞིན་ལུང་དང་སྦྱར་བ9.2 Connecting these in order with scripture (topical division)
Quotations from the Reverberation of Sound, the Pearl Garland and the Six Expanses supporting, in order, the three aspects of spontaneous presence.

To connect these in order with scripture, the Reverberation of Sound says:

In freedom, since there is nothing to be done,[125]Note 125 · p. 338 · གྲོལ་བ་ལ: Adzom reads གྲོལ་བ་མེད ("Since there is nothing to be done, there is no freedom"), which matches the "since no X, no Y" pattern of the following lines. Both readings make sense; I keep the e-text's ལ ("In freedom, since there is nothing to be done").
there is no arising, and so no abiding.
Since there is no going, coming and circling are exhausted.[126]Note 126 · p. 338 · The verse line beginning བྱས་ (completed on the next page as བྱས་བྱུང་གཅིག་དང་གཉིས་མེད་པའོ) is left for the next part; Gemini 4 Neon and GPT-6.2 Astra begin it here.

[p. 339]
བྱུང་གཅིག་དང་གཉིས་མེད་པའོ།
།ཐ་སྙད་འཁྲུལ་པ་ཙམ་དུའང་མེད།
།ཡོད་མེད་ལས་ཀྱི་འཇུག་པས་སྟོང༌།
།ཡེ་ནས་རང་བྱུང་བློ་བྲལ་ཉིད།
།སྨྲ་བསམ་བརྗོད་པ་ཀུན་འདས་པའོ།
།ཞེས་དང༌། མུ་ཏིག་ཕྲེང་བ་ལས། རང་ལས་བྱུང་བས་གྲོལ་ཞེས་བྱ།
།གནས་པ་ཡིན་པས་ཁྱབ་ཅེས་བྱ།
།མཚན་མ་མེད་པས་སྟོང་ཞེས་བྱ།
།ནུབ་པ་མེད་པས་ཤར་ཞེས་བྱ།
།གདོས་བཅས་མིན་པས་ཟང་ཐལ་ལོ།
།གྲོལ་བར་གནས་པས་ལོག་ཅེས་བྱ།
།སྣ་ཚོགས་སྣང་བས་གདངས་ཞེས་བྱ།
།གཉིས་སུ་མེད་པས་གཅིག་པུ་ཉིད།
།ཐམས་ཅད་བསྐྱེད་པས་རྒྱུ་ཞེས་བྱ།
།མ་ལུས་རྫོགས་པས་འབྲས་བུ་ཉིད།
།དམིགས་པ་དག་པས་ལམ་ཞེས་བྱ།
།འཁྲུལ་པ་ཟད་པས་ལུང་ཡང་ཡིན།
།རང་ལ་གནས་པས་རྒྱུད་ཅེས་བྱ།
།མཚོན་དུ་ཡོད་པས་མན་ངག་ཡིན།
།གྲངས་ལས་ལོག་པས་རྩིས་ཞེས་བྱ།
།ཞེས་པ་དང༌།

Of the made and the arisen[127]Note 127 · p. 339 · The first syllable of the opening line stands on the previous page and is not in the Tibetan of this part (…byung gcig dang gnyis med pa'o). I read byas byung, "the made and the arisen," as Dharmamitra and GPT-6.2 Astra do; Gemini 4 Neon's "…arisen" would also allow rang byung. To be checked against p. 338. there is neither one nor two.
It does not exist even as the mere delusion[129]Note 129 · p. 339 · tha snyad 'khrul pa tsam du'ang med: GPT-6.2 Astra's "not so much as the delusion of a designation" drops the existential sense; I follow Claude Fable 5.2, Gemini 4 Neon, Dharmamitra, "does not exist even as…". of conventional designation.
It is empty of the workings of karma, of existence and nonexistence.
Primordially self-arisen, it is itself free of the intellect,[128]Note 128 · p. 339 · ye nas rang byung blo bral nyid: Adzom reads ye nas 'bras bu ("primordially the fruition, free of the intellect"), which would suit the third of the three topics the quotations illustrate. I keep rang byung, the reading of the e-text, since the variant is not clearly better.
beyond all speech, thought and expression.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra)
Identification: high confidence
The quoted words are in Ngb-pt-0056-vol-01-text (the text itself), 67 % of the words.

And the Garland of Pearls says:

Since it arises from itself,[130]Note 130 · p. 339 · grol and 'khrul pa in the Garland of Pearls: Gemini 4 Neon and Dharmamitra have "liberated" and Claude Fable 5.2 and Dharmamitra "confusion"; the glossary requires "free" and "delusion". mtshan ma is "marks", not "characteristics" (Claude Fable 5.2, Gemini 4 Neon, Dharmamitra). it is called "free."
Since it abides, it is called "pervasive."
Since it has no marks, it is called "empty."
Since it never sets, it is called "risen."
Since it is not corporeal, it is unobstructed transparency.
Since it abides in freedom, it is called "turned away."[131]Note 131 · p. 339 · log (twice): "turned away" with Claude Fable 5.2, Gemini 4 Neon, Dharmamitra. GPT-6.2 Astra's "returned" and "eludes" lose the repetition of the same word.
Since it appears as variety, it is called "radiance" (gdangs).
Since it is nondual, it is the one alone.
Since it gives rise to everything, it is called "cause."
Since everything without exception is complete, it is the fruition itself.
Since reference points are pure, it is called "path" (lam).
Since delusion is exhausted, it is also scripture (lung).
Since it abides in oneself, it is called "tantra" (rgyud).
Since it can be pointed out, it is pith instruction (man ngag).
Since it has turned away from number, it is called "reckoning."Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in ཚིག་དོན་རིན་པོ་ཆེའི་མཛོད། (a parallel: ཚིག་དོན་རིན་པོ་ཆེའི་མཛོད), 81 % of the words.

[p. 340]
ཀློང་དྲུག་པ་ལས། དམིགས་པར་སྣང་བའི་སེམས་ཉིད་ལ།
དམིགས་བྱེད་ཆ་རྣམས་རང་སར་དག །བློ་ཚོགས་སྣང་བའི་སེམས་ཉིད་ལ།
།ཚོར་བ་རྣམས་ནི་རང་སར་དག །ཡིད་དུ་སྣང་བའི་སེམས་ཉིད་ལ།
།དཔྱོད་བྱེད་ཆ་རྣམས་རང་སར་དག །གཟུགས་སུ་སྣང་བའི་སེམས་ཉིད་ལ།
།འབྱུང་བ་འདུས་པ་རང་སར་དག །རྣམ་ཤེས་སྣང་བའི་སེམས་ཉིད་ལ།
།རྒྱུ་རྐྱེན་རྣམས་ནི་རང་སར་དག །ཚོར་བ་སྣང་བའི་སེམས་ཉིད་ལ།
།ཉམས་མྱོང་རྣམས་ནི་རང་སར་དག །འདུ་ཤེས་སྣང་བའི་སེམས་ཉིད་ལ།
།གཟུང་འཛིན་ཆ་རྣམས་རང་སར་དག །འདུ་བྱེད་སྣང་བའི་སེམས་ཉིད་ལ།
།ཉོན་མོངས་གྲངས་རྣམས་རང་སར་དག །རྟོག་འཛིན་སྣང་བའི་སེམས་ཉིད་ལ།
།དྲན་པའི་གཟུང་རྣམས་རང་སར་དག
།ཅེས་སོ། །ད་ནི་འཛིན་ཞེན་མེད་པའི་རྟོགས་པ་ནམ་མཁའ་ཀློང་ཡངས་སུ་དོན་གྱི་སྙིང་པོ་གཅིག་ཏུ་བསྡུ་བ་ནི། འདི་

And the Six Expanses says:

In mind itself, appearing as reference points,
the aspects that do the referring are pure in their own place.
In mind itself, appearing as the gatherings of the intellect,[132]Note 132 · p. 340 · blo tshogs: Gemini 4 Neon's "host of conceptual thoughts" takes blo as rtog pa; I keep "the gatherings of the intellect" (Claude Fable 5.2, Dharmamitra). tshor ba is "feeling(s)" in both couplets, where Claude Fable 5.2 varies with "sensations". rang sar dag is "pure in their own place"; Dharmamitra's "purified" suggests a process.
feelings are pure in their own place.
In mind itself, appearing as the mental faculty,
the aspects that analyze are pure in their own place.
In mind itself, appearing as form,
the gathered elements are pure in their own place.
In mind itself, appearing as consciousness,
causes and conditions are pure in their own place.
In mind itself, appearing as feeling,
experiences (nyams myong) are pure in their own place.
In mind itself, appearing as perception,
the aspects of perceived and perceiver are pure in their own place.
In mind itself, appearing as formations,
the afflictions (nyon mongs), in all their number, are pure in their own place.
In mind itself, appearing as conceptual grasping,
the objects perceived by recollection are pure in their own place.Klong drug paQuotation (named in the text: ཀློང་དྲུག་པ་ལས)
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Expanses · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0062-vol-01-text (the text itself), 87 % of the words.

10 Gathering the heart essence of the meaning into one within realization free of grasping and clinging འཛིན་ཞེན་མེད་པའི་རྟོགས་པ་ནམ་མཁའ་ཀློང་ཡངས་སུ་དོན་གྱི་སྙིང་པོ་གཅིག་ཏུ་བསྡུ་བ10 Gathering the heart essence of the meaning into one within realization free of grasping and clinging (topical division)
Clinging to 'this' and 'that' keeps one in duality, whereas evenness without reference point is nondual realization. Realization is measured by the absence of grasping and clinging, and the true yogin of the natural Great Perfection holds no grasping at tenets or at view, meditation, conduct and fruition.

Now, to gather the heart essence of the meaning into one within the realization free of grasping and clinging ('dzin zhen), the vast expanse of space:[133]Note 133 · p. 340 · 'dzin zhen med pa'i rtogs pa nam mkha' klong yangs su: GPT-6.2 Astra construes this as "the sky of realization". I take nam mkha' klong yangs in apposition to the realization (the realization that is a vast expanse of space), close to Claude Fable 5.2, Gemini 4 Neon, Dharmamitra.

[p. 341]
དང་འདི་ཞེས་སོ་སོར་ཞེན་པའི་བར། །གཉིས་སུ་གནས་པས་རང་གཞན་འཁྲུལ་པའི་གཟེབ།
།གང་ཚེ་འདི་ཞེས་ཐ་དད་རིས་མེད་ཅིང༌།
།ཐམས་ཅད་ཕྱམ་མཉམ་དམིགས་གཏད་མེད་པ་ན།
།གཉིས་མེད་རྟོགས་ཞེས་རྡོ་རྗེ་སེམས་དཔས་གསུངས།
།གང་ཞིག་རིག་པ་ཆོས་སྐུའི་དོན་རྟོགས་པ་དང༌། མ་རྟོགས་པའི་ཚད་ནི་འཛིན་ཞེན་གྱི་ཆ་རིག་པ་ལ་ཡོད་པ་དང་མེད་པས་ཕྱེ་བ་སྟེ། ནམ་མཁའ་དག་པ་དང་མ་དག་པ་སྤྲིན་དང་ཁུ་རླངས་ཡོད་མེད་ཀྱིས་ཕྱེ་བ་བཞིན་ནོ། །འདིར་ཡང་རྣལ་འབྱོར་པ་གང་ཞིག་རང་གི་ལྟ་སྒོམ་ལ་སོགས་པ་ལ་ཞེན་པའམ། སྤང་གཉེན་བླང་དོར་གྱི་རིས་སུ་འཛིན་རིང་ལ་གཉིས་སུ་མེད་པའི་རྟོགས་པ་རྒྱུད་ལ་མེད་པར་ངེས་ཏེ། གཉིས་བཅས་རང་མཚན་ལ་ཞེན་པ་དང་མ་བྲལ་བའི་ཕྱིར་རོ། །དེ་ཁོ་ན་ཉིད་ཀྱི་དོན་ལ་དངོས་གྲུབ་བརྙེས་པའི་དཔལ་མགོན་བླ་མ་དམ་པ་ཆོས་ཀྱི་རྗེ་ཀུ་མཱ་རཱ་ཙའི་ཞལ་སྔ་

As long as one clings to "this" and "that" as separate,[134]Note 134 · p. 341 · 'di dang 'di: literally "this and this" (Claude Fable 5.2); rendered idiomatically as "this" and "that" with Gemini 4 Neon, Dharmamitra, GPT-6.2 Astra.
one stays in duality, in the cage of the delusion of self and other.
When there is no division into distinct things called "this,"
and all is evenly equal (phyam mnyam), with no fixed reference point,
"nonduality is realized": so Vajrasattva has said.

10.1 The measure of having realized or not རྟོགས་པ་དང་མ་རྟོགས་པའི་ཚད10.1 The measure of having realized or not (topical division)
Realization is measured by the presence or absence of grasping and clinging in awareness, like clouds in the sky; a yogin clinging to his view or to accepting and rejecting lacks nondual realization, as Kumārāja and the Dohā confirm.

The measure of whether someone has or has not realized the meaning of awareness, dharmakāya, is determined by whether or not any aspect of grasping and clinging is present in awareness, just as a sky that is clear and one that is not are distinguished by the absence or presence of clouds and mist. Here too, for as long as any yogin clings to his own view, meditation and so forth, or holds to divisions of what is to be abandoned and its antidote, of accepting and rejecting, it is certain that the realization of nonduality is not present in his mindstream, because he has not parted from clinging to dualistic, specifically characterized things.[135]Note 135 · p. 341 · gnyis bcas rang mtshan la zhen pa: GPT-6.2 Astra's "dualistic fixation on the distinguishing marks of things" loses rang mtshan as a term; I follow Gemini 4 Neon and Dharmamitra. This is just as the glorious protector, the holy guru, the lord of Dharma Kumārāja,[137]Note 137 · p. 341 · ku mā rā tsa: the Tibetan contraction of Kumārarāja (gZhon nu rgyal po), given in its usual form Kumārāja. who attained siddhi (dngos grub) in the meaning of reality itself,[136]Note 136 · p. 341 · de kho na nyid: "reality itself" by the glossary, not "suchness" (Claude Fable 5.2, Dharmamitra, GPT-6.2 Astra). GPT-6.2 Astra's "siddhi in the realization of" adds a word; the text has don, "meaning". has said:

[p. 342]
ནས། གནས་ལུགས་རྟོགས་སམ་མ་རྟོགས་ཞེན་པ་དང་བྲལ་བ་དང་མ་བྲལ་བས་ཤེས་ཞེས་གསུངས་པ་བཞིན་ནོ། །དེ་བཞིན་དུ་དོ་ཧ་ལས་ཀྱང༌། ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང༌།
།ནམ་ཡང་སྡུག་བསྔལ་འབའ་ཞིག་བསྐྱེད་པར་ཟད།
།ཅེས་གསུངས་པ་བཞིན་ནོ། །གང་ལ་ཞེན་འཛིན་དང་བླང་དོར་ལ་བློས་གཏིང་ཚུགས་པའི་མཐའ་མི་འཆའ་ཞིང་ཆོས་དང་ཆོས་མ་ཡིན་པ་འབྱེད་པར་མཁས་ཀྱང་རང་གཞན་གྱི་གྲུབ་མཐའ་དང་ལྟ་སྒོམ་སྤྱོད་འབྲས་ལ་འཛིན་པ་རྡུལ་ཆ་ཙམ་ཡང་མེད་ན། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཞེས་རྡོ་རྗེ་སེམས་དཔས་གསུངས་ཏེ། ནོར་བུ་ཕྲ་བཀོད་ལས། སྟོང་པ་ཆེན་པོ་ཆོས་ཀྱི་སྐུ།
།བརྡ་དང་དམིགས་པས་མཚོན་དུ་མེད།
།རྒྱུ་དང་རྐྱེན་མེད་རང་རིག་པ།
།སྟོང་དང་མི་སྟོང་མཐའ་ལས་འདས།
།ཞེས་པ་དང༌། ཐལ་འགྱུར་ལས། དམ་པའི་དོན་ནི་བློ་བྲལ་ནས།
།དབང་པོ་ཅིག་

"Whether the natural state (gnas lugs) has been realized or not is known by whether one is free of clinging or not."Ku mA rA tsaQuotation (named in the text: ཆོས་ཀྱི་རྗེ་ཀུ་མཱ་རཱ་ཙའི་ཞལ་སྔ)
ཀུ་མཱ་རཱ་ཙ, ku mA rA tsa, Oral saying of Kumārādza, by Kumārādza · person; other
Identification: high confidence (Rigdzin Kumārādza was Longchenpa's root teacher; the saying is oral instruction.)
The quoted words were not found among the texts on this wiki.

Likewise, it is just as the Dohā says:

Even a splinter[138]Note 138 · p. 342 · zug rngu: "splinter" (Gemini 4 Neon, GPT-6.2 Astra), the standard sense (śalya), rather than "thorn of pain" (Claude Fable 5.2) or "piercing pain" (Dharmamitra). no bigger than a sesame husk
will only ever bring about suffering and nothing else.Do haQuotation (named in the text: དོ་ཧ་ལས)
དོ་ཧ་མཛོད་ཀྱི་གླུ, do ha mdzod kyi glu, Saraha's Treasury of Dohā Songs (Dohākoṣagīti), by Saraha · shastra; Tengyur; Toh 2224
Identification: medium confidence (Saraha's sayings are cited under several names; one line belongs to his Queen Dohā (Mi zad pa'i gter mdzod).)
The quoted words are in དོ་ཧ་མཛོད་ཀྱི་གླུ་བཞུགས་སོ། ། (the text itself), 79 % of the words.

10.2 The yogin of the natural Great Perfection རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ10.2 The yogin of the natural Great Perfection (topical division)
One who, though skilled in distinguishing Dharma, has no particle of grasping at tenets or at view, meditation, conduct and fruition is a yogin of the natural Great Perfection; supported by the Inlaid Jewels and the Reverberation of Sound.

One who takes up no position in which the intellect has become deeply entrenched[139]Note 139 · p. 342 · blos gting tshugs pa'i mtha' mi 'cha': taken as "takes up no position in which the intellect is deeply entrenched" (Claude Fable 5.2, GPT-6.2 Astra). Gemini 4 Neon and Dharmamitra make blo the agent of "establishing an extreme", which strains the syntax. in clinging and grasping and in accepting and rejecting, and who, though skilled in distinguishing what is Dharma from what is not Dharma, has not so much as a particle of grasping at his own or others' philosophical tenets (grub mtha'), or at view, meditation, conduct and fruition (lta sgom spyod 'bras): such a one is "a yogin of the natural Great Perfection," Vajrasattva has said. The Array of Inlaid Jewels says:

Great emptiness (stong pa chen po), dharmakāya,
cannot be indicated by symbols or reference points.
Self-knowing awareness (rang rig pa), without cause or condition,
is beyond the extremes of empty and not empty.Nor bu phra bkodQuotation (named in the text: ནོར་བུ་ཕྲ་བཀོད་ལས)
ནོར་བུ་ཕྲ་བཀོད་རང་གི་དོན་ཐམས་ཅད་གསལ་བར་བྱེད་པའི་རྒྱུད, nor bu phra bkod rang gi don thams cad gsal bar byed pa'i rgyud, The Inlaid Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

And the Reverberation of Sound says:

With the sublime meaning free of the intellect,
when the faculties are freed all at once,[140]Note 140 · p. 342 · The part breaks off inside the second line of the Reverberation of Sound quotation (dbang po cig / car grol ba na). I have completed that line from the following page; the next part should begin with mngon sum mthong ba'i gnad kyis ni.

[p. 343]
ཅར་གྲོལ་བ་ན།
།མངོན་སུམ་མཐོང་བའི་གནད་ཀྱིས་ནི།
།རང་གི་གྲུབ་པའི་མཐའ་ཞིག་ནས།
།གང་ལ་ཞེན་དང་འཛིན་མེད་པར།
།ཡང་དག་ཆོས་ཉིད་རོ་མྱངས་ནས།
།ཁམས་གསུམ་ལྡོག་པའི་རྟེན་མེད་པར།
།མཁའ་ལ་མཁའ་ཉིད་ཐིམ་པ་ལྟར།
།རྣལ་འབྱོར་མཆོག་ཀྱང་དེ་བཞིན་ནོ།
།ཞེས་གསུངས་སོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་ཀྱི་སེམས་ལ་གཉིས་སུ་མེད་པར་བསྟན་པ་སྟེ། ལེའུ་བརྒྱད་པའི་འགྲེལ་པའོ།། ༈ །།

through the key point of seeing directly,
one's own philosophical tenets collapse;[145]Note 145 · p. 343 · rang gi grub pa'i mtha': Claude Fable 5.2 has "philosophical position" in the singular; the glossary's "philosophical tenets" is kept.
without clinging to or grasping at anything,
one tastes the genuine nature of phenomena,[144]Note 144 · p. 343 · chos nyid: Dharmamitra and Gemini 4 Neon have "reality", which the glossary reserves for de kho na nyid; corrected to "nature of phenomena". zhen: Dharmamitra and Claude Fable 5.2 have "fixation"; corrected to "clinging".
and, with no basis for turning back to the three realms,[142]Note 142 · p. 343 · ldog pa in khams gsum ldog pa'i rten med par means "turning back" to the three realms, not the glossary's technical sense "distinguishing aspect". All drafts agree.
just as space itself dissolves into space,
so it is, too, with the supreme yogin.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra)
Identification: high confidence
The quoted words are in Ngb-pt-0056-vol-01-text (the text itself), 68 % of the words.
[143]Note 143 · p. 343 · rnal 'byor mchog: GPT-6.2 Astra reads "supreme yoga", while Dharmamitra, Gemini 4 Neon and Claude Fable 5.2 read "supreme yogin". I take it as verse shorthand for rnal 'byor pa, since the simile of space dissolving into space describes the practitioner, and Longchenpa cites the verse to illustrate "a yogin of the natural Great Perfection".

Thus it is said.

11 Colophon of the commentary on the eighth chapter ལེའུ་བརྒྱད་པའི་འགྲེལ་པ11 Colophon of the commentary on the eighth chapter (topical division)
Chapter colophon identifying this as the commentary on the eighth chapter of the Treasury, showing that in awakened mind there is no duality.

From The Precious Treasury of the Basic Space of Phenomena (chos dbyings rin po che'i mdzod), this is the commentary on the eighth chapter, which shows that in awakened mind (byang chub kyi sems) there is no duality.[141]Note 141 · p. 343 · The page opens mid-word (cig / car grol ba na). That line, "when the faculties are freed all at once," was already rendered at the end of the previous part, so it is not repeated here. Dharmamitra and GPT-6.2 Astra translate it again, and Dharmamitra has "simultaneously liberated" where the glossary requires "freed" for grol ba.

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 10 quotations, 8 found on this wiki.
# p. Tibetan English Source On this wiki
1 334 ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ … མཐའ་རྫོགས། །བཅུད་དུ་དྲིལ་བས་རིག་པ་གསལ། Since it pervades all, arising from another has ceased. … it is condensed into the quintessence, awareness is lucid. named: མུ་ཏིག་ཕྲེང་བ་ལས
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras high
parallel: ཚིག་དོན་རིན་པོ་ཆེའི་མཛོད, 83 %
2 334 ཐོག་བབས་ཆེན་པོའི་སེམས་ཉིད་ལ། །སྣང་བ་ … ཉིད་ལ། །ཆ་དང་བྲལ་བ་རང་སར་དག In mind itself, the great direct descent, appearances, just … self, the partless is pure in its own place. named: ཀློང་དྲུག་པ་ལས
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Expanses · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0062-vol-01-text (the text itself), 83 %
3 337 དེ་ཡང་མེད་པར་འདི་ལྟར་བྱུང་ན། ཁ་ … རྒྱ་ཆེན་པོ་བཏང་ལ་ཉམས་སུ་བླང་ངོ་ Moreover, if it turns out like this in the … so offer a vast feast gathering (tshogs) and practice." named: རིག་པ་རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras high
parallel: ཚིག་དོན་རིན་པོ་ཆེའི་མཛོད, 76 %
4 338 བྱ་བ་མེད་པས་གྲོལ་བ་ལ། །བྱུང་བ་ … བྲལ་ཉིད། །སྨྲ་བསམ་བརྗོད་པ་ཀུན་འདས་པའོ། In freedom, since there is nothing to be done, … of the intellect, beyond all speech, thought and expression. named: ཐལ་འགྱུར་ལས
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra) high
Ngb-pt-0056-vol-01-text (the text itself), 67 %
5 339 རང་ལས་བྱུང་བས་གྲོལ་ཞེས་བྱ། །གནས་པ་ … ངག་ཡིན། །གྲངས་ལས་ལོག་པས་རྩིས་ཞེས་བྱ། Since it arises from itself, it is called "free." … has turned away from number, it is called "reckoning." named: མུ་ཏིག་ཕྲེང་བ་ལས
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras high
parallel: ཚིག་དོན་རིན་པོ་ཆེའི་མཛོད, 81 %
6 340 དམིགས་པར་སྣང་བའི་སེམས་ཉིད་ལ། དམིགས་བྱེད་ … ཉིད་ལ། །དྲན་པའི་གཟུང་རྣམས་རང་སར་དག In mind itself, appearing as reference points, the aspects … perceived by recollection are pure in their own place. named: ཀློང་དྲུག་པ་ལས
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Expanses · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0062-vol-01-text (the text itself), 87 %
7 342 གནས་ལུགས་རྟོགས་སམ་མ་རྟོགས་ཞེན་པ་དང་བྲལ་བ་དང་མ་བྲལ་བས་ཤེས་ Whether the natural state (gnas lugs) has been realized … by whether one is free of clinging or not." named: ཆོས་ཀྱི་རྗེ་ཀུ་མཱ་རཱ་ཙའི་ཞལ་སྔ
ཀུ་མཱ་རཱ་ཙ, ku mA rA tsa, Oral saying of Kumārādza, by Kumārādza · person; other high
not found
8 342 ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང༌། །ནམ་ཡང་སྡུག་བསྔལ་འབའ་ཞིག་བསྐྱེད་པར་ཟད། Even a splinter no bigger than a sesame husk will only ever bring about suffering and nothing else. named: དོ་ཧ་ལས
དོ་ཧ་མཛོད་ཀྱི་གླུ, do ha mdzod kyi glu, Saraha's Treasury of Dohā Songs (Dohākoṣagīti), by Saraha · shastra; Tengyur; Toh 2224 medium
དོ་ཧ་མཛོད་ཀྱི་གླུ་བཞུགས་སོ། ། (the text itself), 79 %
9 342 སྟོང་པ་ཆེན་པོ་ཆོས་ཀྱི་སྐུ། །བརྡ་དང་ … རིག་པ། །སྟོང་དང་མི་སྟོང་མཐའ་ལས་འདས། Great emptiness (stong pa chen po), dharmakāya, cannot be … is beyond the extremes of empty and not empty. named: ནོར་བུ་ཕྲ་བཀོད་ལས
ནོར་བུ་ཕྲ་བཀོད་རང་གི་དོན་ཐམས་ཅད་གསལ་བར་བྱེད་པའི་རྒྱུད, nor bu phra bkod rang gi don thams cad gsal bar byed pa'i rgyud, The Inlaid Jewels · tantra; Nyingma Gyubum, one of the Seventeen Tantras high
not found
10 342 དམ་པའི་དོན་ནི་བློ་བྲལ་ནས། །དབང་པོ་ … པ་ལྟར། །རྣལ་འབྱོར་མཆོག་ཀྱང་དེ་བཞིན་ནོ། With the sublime meaning free of the intellect, when … space, so it is, too, with the supreme yogin. named: ཐལ་འགྱུར་ལས
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra) high
Ngb-pt-0056-vol-01-text (the text itself), 68 %