Chos dbyings mdzod (Longchenpa): Chapter 8 commentary (3)

From Rangjung Yeshe Wiki Texts
Chos dbyings mdzod (Longchenpa)Chos dbyings mdzod (Longchenpa): Chapter 8 commentary (3)
< Chos dbyings mdzod (Longchenpa)
Chos dbyings mdzod (Longchenpa)/Chapter 8 commentary (3)
Jump to navigation Jump to search
← Chapter 8 commentary (2)Chos dbyings mdzod: contentsChapter 8 commentary (4) →

Chapter 8, commentary · བྱང་ཆུབ་ཀྱི་སེམས་ལ་གཉིས་སུ་མེད་པར་བསྟན་པ
Pages 323–333 of the corrected base text (W22920 vol. 3), part 3 of 4.

Not in this part's tabs (the edition does not contain it, or its scan lacks these pages): Derge (sde dge par ma).
[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD84), gorn05 tibocr 2026: BDRC OCR on 338 pages, Mitra OCR on 144 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 359] ནང་གི་ཆོས་ཞེས་བདག་ཏུ་འཛིན་པ་མེད། །གང་ལ་གཟུང་བ་དང་འཛིན་པ་མེད་པར་རྟོགས་པའི་རིག་པ་དེའི་ངོ་བོ་ལ་ནི་རང་བྱུང་གི་ཡེ་ཤེས་སུ་ཐ་སྙད་བཏགས་ཀྱང་། རང་རིག་རང་གསལ་ལོ་ཞེས་རྣལ་ འབྱོར་སེམས་ཙམ་པ་ལྟར་མི་འདོད་དེ། ཕྱི་ནང་མེད་པས་ནང་གི་སེམས་སུ་མ་གྲུབ་པ་དང་། རང་གཞན་མེད་པས་རང་གི་རིག་པ་ཁོ་ནར་མ་གྲུབ་པ་དང་། གཟུང་འཛིན་ཡོད་མ་མྱོང་བས་དེ་གཉིས་དང་བྲལ་བར་མ་གྲུབ་པ་དང་། ཚོར་ རིག་གི་ཡུལ་ན་མེད་པས་མྱོང་བ་གཉིས་མེད་དུ་མ་གྲུབ་པ་དང་། སེམས་དང་སེམས་བྱུང་མེད་པས་རང་གི་སེམས་སུ་མ་གྲུབ་པ་དང་། གསལ་མི་གསལ་དུ་མེད་པས་རང་གསལ་དུ་མ་གྲུབ་པའི་ཕྱིར་རོ། །རིག་མ་རིག་ལས་ འདས་པས་རིག་པ་ཙམ་དུའང་གདགས་སུ་མེད་པ་འདི་ནི། མཐའ་ཟལ་ཡོངས་སུ་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། མཚོན་ཚིག་གི་ཐ་སྙད་རང་བྱུང་གི་ཡེ་ཤེས་དང་། བྱང་ཆུབ་ཀྱི་སེམས་དང་། ཆོས་སྐུ་དང་། དབྱིངས་ལྷུན་ གྲུབ་ཆེན་པོ་དང་། རིག་པ་རང་གསལ་རྗེན་པ་ཞེས་བརྗོད་ཀྱང་། བརྡ་ཤེས་པའི་ཕྱིར་བཏགས་པ་ཙམ་ལས་རང་ངོ་བརྗོད་མེད་ཆེན་པོར་རྟོགས་པར་བྱའོ། །དེ་ལྟར་མ་ཡིན་པར་མིང་ལ་དོན་དུ་ཞེན་ན་སེམས་ཙམ་པའི་རང་རིག་ རང་གསལ་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དང་ཁྱད་པར་མི་རྙེད་དོ། །འདིར་བློ་གྲོས་མ་སྦྱངས་ལ་འདི་པར་འདོད་པའི་མུ་ཅོར་དུ་སྒྲོགས་པ་དག་དེ་གཉིས་གཅིག་ཏུ་འཛིན་པས་རང་རིག་འདི་ཁོ་བོ་ཅག་གིས་ཤེས་སོ་

[p. 360] ཞེས་མངོན་པའི་ང་རྒྱལ་སྨྲ་བར་ཟད་དོ། །རང་བཞིན་རྫོགས་པ་ཆེན་པོ་འདིའི་ལུགས་ཀྱིས་མཐའ་བྲལ་ལ་སོགས་པའི་འཇལ་ཚུལ་ཕལ་ཆེར་དབུ་མ་ཐལ་འགྱུར་དང་མཚུངས་པ་ལས། དབུ་མར་སྟོང་སྟོང་པོ་ནམ་མཁའ་འདྲ་བ་རྩིས་གཞིར་བྱེད་པ་སྟེ། འདིར་རིག་པ་ཀ་ནས་དག་པ་རྗེན་ཟང་ངེ་བ་མ་གྲུབ་ལ་མི་འགག་པ་ཙམ་དེ་ལ་གཞིར་བྱས་ནས། དེ་དང་དེའི་ངང་ལས་ཤར་བའི་ཆོས་རྣམས་མཐའ་གྲོལ་ནམ་མཁའ་ལྟར་འཇལ་བ་སྟེ། ཐལ་འགྱུར་ལས། དུ་མ་སྤངས་པས་ཐ་སྙད་བྲལ། །གཅིག་མ་གྲུབ་པས་རང་བཞིན་དག །རང་བཞིན་དག་པས་དོན་ཀུན་གྲུབ། །རང་བཞིན་དག་དང་གཞི་མ་དང་། །འཁོར་དང་འདས་པའི་གཞི་མ་དང་། །གསོག་དང་སྙིང་པོ་མེད་པ་དང་། །ཡ་མ་བརླ་ཞེས་མཚོན་བརྗོད་བྲལ། །ཞེས་པ་དང་། ཡང་། བྱ་བ་མེད་པས་མཚན་ཉིད་སྟོང་། །བརྗོད་གཞི་འགགས་པས་མཐའ་མི་གནས། །ཟག་པ་ཟད་ཕྱིར་གདོས་བཅས་མིན། །དྲན་པའི་ཁུངས་འགགས་ངོ་བོ་གསལ། །གསལ་རིག་ཡུལ་གྱི་མཐའ་མི་རྟོག །སྐྲ་བྲལ་ཡང་དག་ཚིག་མེད་ཕྱིར། །ལྟོས་གཞི་ཐམས་ཅད་ཟད་པའོ། །ཞེས་པ་དང་། ནོར་བུ་འཕྲ་བ་ཀོད་ལས། ཆོས་ཀྱི་དབྱིངས་ལ་སྤྱོད་དང་མི་སྤྱོད་མེད། །ནམ་མཁའི་མཚན་ཉིད་ཡེ་ནས་ཀ་དག་པས། །ཆོས་སྐུ་ཉིད་ལ་དངོས་པོ་མཚན་མ་མེད། །ཕྱི་དང་ནང་མེད་ཡངས་པ་ཆེན་པོ་ལ། །ཡངས་པའི་ཆོས་ཉིད་མཐའ་བྲལ་དངོས་པོ་མེད། །རྫོགས་ཆེན་ལྟ་བ་གསང་འདུས་དམ་

[p. 361] ༄༅། །པ་འདི། །ཐེག་པའི་སྐབས་ལ་ཤིན་ཏུ་གྲངས་མང་ཡང་། །གསང་བའི་ངེས་དོན་རང་བཞིན་གཅིག་ལས་མེད། །ཆོས་ཉིད་དཀྱིལ་ཡངས་མཚན་མ་མེད་པའོ། །ཞེས་སོ། ད་ནི་གཟུང་འཛིན་གཉིས་ཀ་ ཡོད་མ་མྱོང་བ་ནམ་མཁའི་རང་བཞིན་དུ་རྟོགས་པའི་དུས་ན། རྣལ་འབྱོར་པ་ལ་ཆོས་ཐམས་ཅད་གཏད་མེད་ཡོངས་གྲོལ་ཆེན་པོར་འཆར་བའི་ཕྱིར། ནང་གི་འཛིན་པ་སངས་པའི་རྟགས་སུ། ཕྱིའི་གཟུང་བ་ཕྱོགས་འབྱམས་ སུ་གྲོལ་བར་བསྟན་པ་ནི། ཕྱི་རོལ་སྣང་བའི་ཡུལ་ལ་ཕར་བལྟས་པས། །ཐམས་ཅད་སང་སེང་འལ་འོལ་ཟང་མ་ཐལ། །ར་རི་ཟབ་ཟེབ་གཟའ་གཏད་ཆོས་དང་བྲལ། །སྣང་གྲགས་དྲན་རིག་མྱོང་ཚོར་སྔར་བཞིན་མེད། །འདི་ ཅི་རང་བཞིན་སྨྱོན་པའི་སྣང་བའམ། །རྨི་ལམ་ནང་ཞེས་རང་ལ་དགོད་མོ་འཆོར། །འདིར་རང་གི་རྟོགས་པའི་དུས་ངེས་པས་རྣལ་འབྱོར་པ་ཀུན་གྱི་སྣང་བ་རྟོགས་སུ་རུང་སྟེ། རྒྱུས་ལ་མཁས་པ་གཅིག་གིས་སྒྱུ་མའི་ལྟད་མོ་ བདེན་མེད་དུ་མཐོང་བའི་ཚུལ་དེས། རྒྱུས་ཤེས་པ་གཞན་གྱི་སྣང་བ་ཞར་ལ་རྟོགས་པ་བཞིན་ནོ། །ཕྱི་ཡུལ་གྱི་སྣང་བ་འདི་དག་དེ་སྔ་རང་མཚན་དུ་མཐོང་བ་ལས། རྟོགས་པའི་དུས་ངེས་པའི་རང་ངོ་ལ་བདེན་ཞེན་གྱི་འཛིན་པ་ ལོག་པས། །གཟུང་ཡུལ་ཐམས་ཅད་རྨི་ལམ་དང་། ཆུ་ཟླ་དང་། སྨིག་རྒྱུའི་རྣམ་པ་ལྟར་སང་སེང་། འལ་འོལ། ཟང་མ་ཐལ་དུ་མཐོང་སྙམ་བྱེད་ཅིང་། ཅིར་སྣང་ཐམས་ཅད་ར་རི་ཟབ་ཟེབ་ཡོད་དམ་མེད་དམ་སྙམ་དུ་གཏད་མེད་

[p. 362] རང་སྣང་དུ་ཤར་ཏེ། སྐྱེ་འགྲོ་རྣམས་ཀྱང་སྔ་རབས་སྤྱོད་གཤིས་འགྱུར་བ་སྙམ་སྟེ། གཏད་མེད་ལྟར་སྣང་དུ་འདི་ཀུན་གྱིས་ཀྱང་རྟོགས་སམ་སྙམ་པ་དང་། མྱོང་ཐོས་དྲན་རིག་ཀྱང་སྔར་བཞིན་མེད་པར་སྟོང་པ་གཏད་ཡལ་དུ་སོང་བས། རིག་པ་ཕྱམ་གདལ་ཏེ་རྟོག་པ་གཏན་ནས་མི་འཆར་བ་འདི་ལྟ་བུ་གར་སོང་སྙམ་ནས་བྱུང་ཚོར་གནས་དག་ཏུ་རང་སྲུངས་པ་ལ་ཤེས་པ་ཕྱལ་ཕྱལ་བ་སྟེ། རེས་འགའ་རང་གི་བྱ་སྤྱོད་དང་སྣང་གྲགས་ཐམས་ཅད་གཏད་མེད་དུ་ཤར་ར་སོང་བ་ལ་དགོད་འཚོར་ཞིང་། རང་ཉིད་སྦྱོར་མ། གཞན་སྨྱོ་བ་ཡིན་ནམ། ཡང་ན་བར་དོའམ་རྨི་ལམ་ཡིན་ནམ་སྙམ་དུ་ཤེས་ཤིང་། རིག་པ་གཏད་ཡལ་རྗེན་པར་བུད་པ་དེ་ཐམས་ཅད་ལ་ཡོད་པ་ལ། རྟོགས་པ་ལ་ཚེགས་ཅི་ཡོད་འདི་ཀར་འདུག་པ་ལ་སྙམ་ནས། དམིགས་པ་མེད་པའི་སྙིང་རྗེ་ཟང་ཐལ་དུ་ཤར་བས་གཞན་ལའང་དེ་སྐད་སྟོན་ཞིང་། རྡོ་རྗེའི་གླུ་དང་གཏད་མེད་ཀྱི་སྤྱོད་པ་དང་ཞེན་མེད་ཀྱི་རིག་པ་སྟོན་ཞིང་། ཟང་མ་ཐལ་དུ་སྣང་བ་ཐམས་ཅད་དུས་གཅིག་ལ་ཤར་བ་སྟེ། འདིའི་དུས་ན་གཟུང་འཛིན་རང་ལོག་གི་ཆོས་སྐུ་ཁོང་ནས་ཤར་བས། བདག་ཏུ་འཛིན་པའི་ཞེན་ཡུལ་དག་པ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། རང་བཞིན་སྣང་བའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག །གཟུང་འཛིན་མེད་པས་འཁྲུལ་བ་ལོག །འགྱུ་བ་མེད་པས་ལས་རླུང་ལོག །ཟང་ཐལ་ཡིན་པས་དངོས་

[p. 363] པོ་ལོག །གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྫོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་སྒོམ་པ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་མ་མྱོང་བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློས་བཏགས་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཅེས་པ་དང་། ཀློང་དྲུག་པ་ལས། ཚོགས་དྲུག་སྣང་བའི་སེམས་ཉིད་ལ། །རྟོག་ཚོགས་རྣམས་ནི་རང་སར་དག །སྒྲ་ཚིག་སྣང་བའི་སེམས་ཉིད་ལ། །ཐ་སྙད་མིང་རྣམས་རང་སར་དག །རགས་པར་སྣང་བའི་སེམས་ཉིད་ལ། །འབྱུང་བཞིའི་རྐྱེན་རྣམས་རང་སར་དག །གཟུང་འཛིན་སྣང་བའི་སེམས་ཉིད་ལ། །བཅིངས་པའི་བདག་འཛིན་རང་སར་དག །ཡོད་པར་སྣང་བའི་སེམས་ཉིད་ལ། །དངོས་པོ་རྣམས་ནི་རང་སར་དག །མེད་པར་སྣང་བའི་སེམས་ཉིད་ལ། །སྟོང་པ་ཉིད་རྣམས་རང་སར་དག །ཡོད་དང་མེད་པའི་སེམས་ཉིད་ལ། །གྲུབ་པའི་མཐའ་རྣམས་རང་སར་དག །ཆོས་སུ་སྣང་བའི་སེམས་ཉིད་ལ། །རང་གི་མཚན་ཉིད་རང་སར་དག །ཆོས་མེད་སྣང་བའི་སེམས་ཉིད་ལ། །འཁྲུལ་པ་རྣམས་ནི་རང་སར་དག །གཉེན་

[p. 364] པོར་སྣང་བའི་སེམས་ཉིད་ལ། །དྲི་མ་རྣམས་ནི་རང་སར་དག །བབས་ལས་གྲུབ་པའི་སེམས་ཉིད་ལ། གཞི་གཞག་ཆེན་པོ་རང་སར་དག །ཅེས་སོ། །དེ་ལྟར་རྟོགས་པ་ཁོང་ནས་ཤར་བའི་སྣང་བ་གཏད་མེད་གཞན་ཡང་བསྟན་པ། །དགྲ་གཉེན་ཆགས་སྡང་ཉེ་རིང་འདུ་ཤེས་བྲལ། །ཉིན་མཚན་རིས་མེད་མཉམ་པར་ཕྱམ་གཅིག་པས། །དམིགས་གཏད་མཚན་མར་འཛིན་པའི་འཁོར་བ་སངས། །རང་བྱུང་ཡེ་ཤེས་ངང་ཞེས་མི་རྟོག་པས། །བླང་དོར་སྤང་གཉེན་གཟེབ་ལས་འདས་པ་ཡིན། །འདི་ལྟར་རྟོགས་ན་གཉིས་མེད་ཡེ་ཤེས་ཏེ། །རང་བྱུང་ཀུན་ཏུ་བཟང་པོའི་དགོངས་པར་ཕྱིན། །ལྡོག་པའི་གནས་མེད་ཟད་པའི་སར་ཕྱིན་ཏོ། །འདིའི་དུས་ན་རྟོགས་པ་ཉིན་མཚན་འདྲེས་པས་འཁོར་ཡུག་ཆེན་པོར་ཤར་བ་ནི། དགྲ་ལ་མི་དགའ་བ་རིང་བར་འཛིན་པ་མེད་པས་མཚན་མོའི་རྣམ་རྟོག་ཆོས་ཉིད་དུ་སངས་པ་དང་། གཉེན་ལ་དགའ་གདུང་དུ་ཞེན་པ་ཉེ་བར་ཆགས་པ་མེད་པས་ཉིན་མོའི་ཀུན་རྟོགས་དབྱིངས་སུ་སངས་ཏེ། ཉིན་མཚན་གཟུང་འཛིན་གྱི་འཁོར་བ་སངས་པས། རིག་པ་ཆོས་སྐུའི་ངང་ལ་གནས་ཀྱང་། གཉེན་པོ་མཆོག་འཛིན་གྱི་བློ་དང་བྲལ་བས་ཤེས་བྱའི་དྲི་མ་རང་སར་གྲོལ་ཞིང་། བླང་དོར་དགྲ་གཉེན་གྱི་ཕྱོགས་རིས་མེད་པས་ཉོན་མོངས་པའི་སྒྲིབ་པ་རང་གྲོལ་དུ་དག་པ་ནི། རང་བྱུང་ཀུན་ཏུ་བཟང་པོའི་དགོངས་པར་ཕྱིན་པ་སྟེ། ཆོས་ཟད་པའི་ས་ལ་ཐུག་པ་ཞེས་བྱའོ། །རྫོགས་པ་ཆེན་པོ་འདིའི་ལུགས་

[p. 365] ཀྱིས་ཁྲེགས་ཆོད་དང་། ཐོད་རྒལ་གཉིས་ལས་ཟད་པའང་སྣང་སྟོང་གཉིས་ཀྱིས་ལམ་གྱི་ཚོད་འཛིན་ཏེ། ཐོད་རྒལ་ཉམས་སུ་བླངས་པས་འོད་གསལ་གྱི་སྣང་བ་སྔོན་ཐོག་ཏུ་ཟད་ནས་ནམ་མཁའ་སྤྲིན་དང་བྲལ་བ་ལྟར་སོང་དུས་སྣང་བའི་ཆོས་ཉིད་ཟད་པ་སྟེ། དེའི་དུས་སུ་ནང་གི་ཉོན་མོངས་དང་གདོས་བཅས་ཐམས་ཅད་ཟད་པས་ཚེ་འདིར་སངས་རྒྱས་པའི་རྟགས་ཚད་ལ་ཕེབས་པའོ། །ཁྲེགས་ཆོད་ཆིག་ཆོད་དུ་རྟོགས་པ་རྣམས་ཀྱིས་རིག་པ་ཀ་དག་རྗེན་ལ་བུད་པས་དེའི་རྩལ་འཁོར་འདས་ཀྱི་ཞེན་རྟོག་བཟང་ངན་ཐམས་ཅད་དག་ནས། གང་ལྟར་བསམས་ཀྱང་ཉོན་མོངས་དང་རྣམ་རྟོག་གཞི་གྲོལ་ལ་སངས་ནས་སྐྱེ་བ་མེད་པ་ནི། སྟོང་པའི་ཆོས་ཉིད་ཟད་པ་ཞེས་བྱ་སྟེ། ནམ་ལངས་ཉི་ཤར་གྱི་དུས་སུ་མུན་པ་བཙལ་གྱིས་མི་རྙེད་པ་ལྟར། གཟུང་འཛིན་གཞི་གྲོལ་དང་རྒྱ་གྲོལ་ལ་སངས་པ་སྟེ། ཚེ་འདིས་ཆོས་ཟད་ཀ་དག་གི་སར་གཤེགས་པས། འཁོར་འདས་རྒྱ་གྲོལ་གྱི་རྣལ་འབྱོར་པ་ཞེས་བྱ་སྟེ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དྷེ་ཀེ་བཛྲ་གྱི་ཞལ་སྔ་ནས། རྒྱ་གྲོལ་རྣལ་འབྱོར་ནམ་ལངས་ཉི་ཤར་འདྲ། །ཆོས་སྐུའི་སྣང་བ་ཡིན་ནོ་ཨེ་མ་ཧོ། །ཞེས་གསུངས་པ་བཞིན་ནོ། །འདིའི་དུས་ན་ཁྱབ་རྫོགས་ཡངས་པ་ཕྱམ་གདལ་གྱི་དགོངས་པ་ལ་གནས་པས། ཉོན་མོངས་པ་ཐམས་ཅད་ཆོས་ཉིད་དུ་གྲོལ་བ་མངོན་དུ་གྱུར་ཏེ། གཞན་ངོར་ཉོན་མོངས་པ་ལྟར་སྣང་བ་དང་།

[edit]
BDRC typed e-text UT22920_003_0001/0002 as downloaded (the base text was made from it).

ནང་གི་ཆོས་ཞེས་བདག་ཏུ་འཛིན་པ་མེད། །གང་ལ་གཟུང་བ་དང་འཛིན་པ་མེད་པར་རྟོགས་པའི་རིག་པ་དེའི་ངོ་བོ་ལ་ནི་རང་བྱུང་གི་ཡེ་ཤེས་སུ་ཐ་སྙད་བཏགས་ཀྱང༌། རང་རིག་རང་གསལ་ལོ་ཞེས་རྣལ་འབྱོར་སེམས་ཙམ་པ་ལྟར་མི་འདོད་དེ། ཕྱི་ནང་མེད་པས་ནང་གི་སེམས་སུ་མ་གྲུབ་པ་དང༌། རང་གཞན་མེད་པས་རང་གི་རིག་པ་ཁོ་ནར་མ་གྲུབ་པ་དང༌། གཟུང་འཛིན་ཡོད་མ་མྱོང་བས་དེ་གཉིས་དང་བྲལ་བར་མ་གྲུབ་པ་དང༌། ཚོར་རིག་གི་ཡུལ་ན་མེད་པས་མྱོང་བ་གཉིས་མེད་དུ་མ་གྲུབ་པ་དང༌། སེམས་དང་སེམས་བྱུང་མེད་པས་རང་གི་སེམས་སུ་མ་གྲུབ་པ་དང༌། གསལ་མི་གསལ་དུ་མེད་པས་རང་གསལ་དུ་མ་གྲུབ་པའི་ཕྱིར་རོ། །རིག་མ་རིག་ལས་འདས་པས་རིག་པ་ཙམ་དུའང་གདགས་སུ་མེད་པ་འདི་ནི། མཐའ་བྲལ་ཡོངས་སུ་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། མཚོན་ཚིག་གི་ཐ་སྙད་རང་བྱུང་གི་ཡེ་ཤེས་དང༌། བྱང་ཆུབ་ཀྱི་སེམས་དང༌། ཆོས་སྐུ་དང༌། དབྱིངས་ལྷུན་གྲུབ་ཆེན་པོ་དང༌། རིག་པ་རང་གསལ་རྗེན་པ་ཞེས་བརྗོད་ཀྱང༌། བརྡ་ཤེས་པའི་ཕྱིར་བཏགས་པ་ཙམ་ལས་རང་ངོ་བརྗོད་མེད་ཆེན་པོར་རྟོགས་པར་བྱའོ། །དེ་ལྟར་མ་ཡིན་པར་མིང་ལ་དོན་དུ་ཞེན་ནས་སེམས་ཙམ་པའི་རང་རིག་རང་གསལ་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དང་ཁྱད་པར་མི་རྙེད་དོ། །འདིར་བློ་གྲོས་མ་སྦྱངས་ལ་འདི་པར་འདོད་པའི་མུ་ཅོར་དུ་སྒྲོགས་པ་དག་དེ་གཉིས་གཅིག་ཏུ་འཛིན་པས་རང་རིག་འདི་ཁོ་བོ་ཅག་གིས་ཤེས་སོ་ཞེས་མངོན་པའི་ང་རྒྱལ་སྨྲ་བར་ཟད་དོ། །རང་བཞིན་རྫོགས་པ་ཆེན་པོ་འདིའི་ལུགས་ཀྱིས་མཐའ་བྲལ་ལ་སོགས་པའི་འཇལ་ཚུལ་ཕལ་ཆེར། དབུ་མ་ཐལ་འགྱུར་དང་མཚུངས་པ་ལས། དབུ་མར་སྟོང་སྟོང་པོ་ནམ་མཁའ་འདྲ་བ་རྩིས་གཞིར་བྱེད་པ་སྟེ། འདིར་རིག་པ་ཀ་ནས་དག་པ་རྗེན་ཟང་ངེ་བ་མ་གྲུབ་ལ་མི་འགག་པ་ཙམ་དེ་ལ་གཞིར་བྱས་ནས། དེ་དང་དེའི་ངང་ལས་ཤར་བའི་ཆོས་རྣམས་མཐའ་གྲོལ་ནམ་མཁའ་ལྟར་འཇལ་བ་སྟེ། ཐལ་འགྱུར་ལས། དུ་མ་སྤངས་པས་ཐ་སྙད་བྲལ། །གཅིག་མ་གྲུབ་པས་རང་བཞིན་དག །རང་བཞིན་དག་པས་དོན་ཀུན་གྲུབ། །རང་བཞིན་དག་དང་གཞི་མ་དང༌། །འཁོར་དང་འདས་པའི་གཞི་མ་དང༌། །གསོག་དང་སྙིང་པོ་མེད་པ་དང༌། །ཡ་མ་བརླ་ཞེས་མཚོན་བརྗོད་བྲལ། །ཞེས་པ་དང༌། ཡང༌། བྱ་བ་མེད་པས་མཚན་ཉིད་སྟོང༌། །བརྗོད་གཞི་འགགས་པས་མཐའ་མི་གནས། །ཟག་པ་ཟད་ཕྱིར་གདོས་བཅས་མིན། །དྲན་པའི་ཁུངས་འགགས་ངོ་བོ་གསལ། །གསལ་རིག་ཡུལ་གྱི་མཐའ་མི་རྟོག །སྒྲ་བྲལ་ཡང་དག་ཚིག་མེད་ཕྱིར། །ལྟོས་གཞི་ཐམས་ཅད་ཟད་པའོ། །ཞེས་པ་དང༌། ནོར་བུ་འཕྲ་བཀོད་ལས། ཆོས་ཀྱི་དབྱིངས་ལ་སྤྱོད་དང་མི་སྤྱོད་མེད། །ནམ་མཁའི་མཚན་ཉིད་ཡེ་ནས་ཀ་དག་པས། །ཆོས་སྐུ་ཉིད་ལ་དངོས་པོ་མཚན་མ་མེད། །ཕྱི་དང་ནང་མེད་ཡངས་པ་ཆེན་པོ་ལ། །ཡངས་པའི་ཆོས་ཉིད་མཐའ་བྲལ་དངོས་པོ་མེད། །རྫོགས་ཆེན་ལྟ་བ་གསང་འདུས་དམ་པ་འདི། །ཐེག་པའི་སྐབས་ལ་ཤིན་ཏུ་གྲངས་མང་ཡང༌། །གསང་བའི་ངེས་དོན་རང་བཞིན་གཅིག་ལས་མེད། །ཆོས་ཉིད་དཀྱིལ་ཡང་མཚན་མ་མེད་པའོ། །ཞེས་སོ། །ད་ནི་གཟུང་འཛིན་གཉིས་ཀ་ཡོད་མ་མྱོང་བ་ནམ་མཁའི་རང་བཞིན་དུ་རྟོགས་པའི་དུས་ན། རྣལ་འབྱོར་པ་ལ་ཆོས་ཐམས་ཅད་གཏད་མེད་ཡོངས་གྲོལ་ཆེན་པོར་འཆར་བའི་ཕྱིར། ནང་གི་འཛིན་པ་སངས་པའི་རྟགས་སུ། ཕྱིའི་གཟུང་བ་ཕྱོགས་འབྱམས་སུ་གྲོལ་བར་བསྟན་པ་ནི། ཕྱི་རོལ་སྣང་བའི་ཡུལ་ལ་ཕར་བལྟས་པས། །ཐམས་ཅད་སང་སེང་འལ་འོལ་ཟང་མ་ཐལ། །ར་རི་ཟབ་ཟེབ་གཟའ་གཏད་ཆོས་དང་བྲལ། །སྣང་གྲགས་དྲན་རིག་མྱོང་ཚོར་སྔར་བཞིན་མེད། །འདི་ཅི་རང་བཞིན་སྨྱོན་པའི་སྣང་བའམ། །རྨི་ལམ་ནང་ཞེས་རང་ལ་དགོད་མོ་འཆོར། །འདིར་རང་གི་རྟོགས་པའི་དུས་ངེས་པས་རྣལ་འབྱོར་པ་ཀུན་གྱི་སྣང་བ་རྟོགས་སུ་རུང་སྟེ། རྒྱུས་ལ་མཁས་པ་གཅིག་གིས་སྒྱུ་མའི་ལྟད་མོ་བདེན་མེད་དུ་མཐོང་བའི་ཚུལ་དེས། རྒྱུས་ཤེས་པ་གཞན་གྱི་སྣང་བ་ཤར་ལ་རྟོགས་པ་བཞིན་ནོ། །ཕྱི་ཡུལ་གྱི་སྣང་བ་འདི་དག་དེ་སྔ་རང་མཚན་དུ་མཐོང་བ་ལས། རྟོགས་པའི་དུས་ངེས་པའི་རང་ངོ་ལ་བདེན་ཞེན་གྱི་འཛིན་པ་ལོག་པས། གཟུང་ཡུལ་ཐམས་ཅད་རྨི་ལམ་དང༌། ཆུ་ཟླ་དང༌། སྨིག་རྒྱུའི་རྣམ་པ་ལྟར་སང་སེང༌། འལ་འོལ། ཟང་མ་ཐལ་དུ་མཐོང་སྙམ་བྱེད་ཅིང༌། ཅིར་སྣང་ཐམས་ཅད་ར་རི་ཟབ་ཟེབ་ཡོད་དམ་མེད་དམ་སྙམ་དུ་གཏད་མེད་རང་སྣང་དུ་ཤར་ཏེ། སྐྱེ་འགྲོ་རྣམས་ཀྱང་སྔར་བས་སྤྱོད་གཤིས་འགྱུར་བ་སྙམ་སྟེ། གཏད་མེད་ལྟར་སྣང་དུ་འདི་ཀུན་གྱིས་ཀྱང་རྟོགས་སམ་སྙམ་པ་དང༌། མྱོང་ཐོས་དྲན་རིག་ཀྱང་སྔར་བཞིན་མེད་པར་སྟོང་པ་གཏད་ཡལ་དུ་སོང་བས། རིག་པ་ཕྱམ་གདལ་ཏེ་རྟོག་པ་གཏན་ནས་མི་འཆར་བ་འདི་ལྟ་བུ་གར་སོང་སྙམ་ནས་བྱུང་ཚོར་གནས་དག་ཏུ་རང་སངས་པ་ལ་ཤེས་པ་ཕྱལ་ཕྱལ་བ་སྟེ། རེས་འགའ་རང་གི་བྱ་སྤྱོད་དང་སྣང་གྲགས་ཐམས་ཅད་གཏད་མེད་དུ་ཤ་ར་ར་སོང་བ་ལ་དགོད་འཆོར་ཞིང༌། རང་ཉིད་སྨྱོའམ། གཞན་སྨྱོ་བ་ཡིན་ནམ། ཡང་ན་བར་དོའམ་རྨི་ལམ་ཡིན་ནམ་སྙམ་དུ་ཤེས་ཤིང༌། རིག་པ་གཏད་ཡལ་རྗེན་པར་བུད་པ་དེ་ཐམས་ཅད་ལ་ཡོད་པ་ལ། རྟོགས་པ་ལ་ཚེགས་ཅི་ཡོད་འདི་ཀར་འདུག་པ་ལ་སྙམ་ནས། དམིགས་པ་མེད་པའི་སྙིང་རྗེ་ཟང་ཐལ་དུ་ཤར་བས་གཞན་ལའང་དེ་སྐད་སྟོན་ཞིང༌། རྡོ་རྗེའི་གླུ་དང་གཏད་མེད་ཀྱི་སྤྱོད་པ་དང་ཞེན་མེད་ཀྱི་རིག་པ་སྟོན་ཞིང༌། ཟང་མ་ཐལ་དུ་སྣང་བ་ཐམས་ཅད་དུས་གཅིག་ལ་ཤར་བ་སྟེ། འདིའི་དུས་ན་གཟུང་འཛིན་རང་ལོག་གི་ཆོས་སྐུ་ཁོང་ནས་ཤར་བས། བདག་ཏུ་འཛིན་པའི་ཞེན་ཡུལ་དག་པ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། རང་བཞིན་སྣང་བའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རག་ལོག །གཟུང་འཛིན་མེད་པས་འཁྲུལ་པ་ལོག །འགྱུ་བ་མེད་པས་ལས་རླུང་ལོག །ཟང་ཐལ་ཡིན་པས་དངོས་པོ་ལོག །གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྫོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་སྒོམ་པ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་མ་མྱོང་བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློས་བཏགས་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཅེས་པ་དང༌། ཀློང་དྲུག་པ་ལས། ཚོགས་དྲུག་སྣང་བའི་སེམས་ཉིད་ལ། །རྟོག་ཚོགས་རྣམས་ནི་རང་སར་དག །སྒྲ་ཚིག་སྣང་བའི་སེམས་ཉིད་ལ། །ཐ་སྙད་མིང་རྣམས་རང་སར་དག །རགས་པར་སྣང་བའི་སེམས་ཉིད་ལ། །འབྱུང་བཞིའི་རྐྱེན་རྣམས་རང་སར་དག །གཟུང་འཛིན་སྣང་བའི་སེམས་ཉིད་ལ། །བཅིངས་པའི་བདག་འཛིན་རང་སར་དག །ཡོད་པར་སྣང་བའི་སེམས་ཉིད་ལ། །དངོས་པོ་རྣམས་ནི་རང་སར་དག །མེད་པར་སྣང་བའི་སེམས་ཉིད་ལ། །སྟོང་པ་ཉིད་རྣམས་རང་སར་དག །ཡོད་དང་མེད་པའི་སེམས་ཉིད་ལ། །གྲུབ་པའི་མཐའ་རྣམས་རང་སར་དག །ཆོས་སུ་སྣང་བའི་སེམས་ཉིད་ལ། །རང་གི་མཚན་ཉིད་རང་སར་དག །ཆོས་མེད་སྣང་བའི་སེམས་ཉིད་ལ། །འཁྲུལ་པ་རྣམས་ནི་རང་སར་དག །གཉེན་པོར་སྣང་བའི་སེམས་ཉིད་ལ། །དྲི་མ་རྣམས་ནི་རང་སར་དག །བབས་ལས་གྲུབ་པའི་སེམས་ཉིད་ལ། །གཞི་གཞག་ཆེན་པོ་རང་སར་དག །ཅེས་སོ། །དེ་ལྟར་རྟོགས་པ་ཁོང་ནས་ཤར་བའི་སྣང་བ་གཏད་མེད་གཞན་ཡང་བསྟན་པ། །དགྲ་གཉེན་ཆགས་སྡང་ཉེ་རིང་འདུ་ཤེས་བྲལ། །ཉིན་མཚན་རིས་མེད་མཉམ་པར་ཕྱམ་གཅིག་པས། །དམིགས་གཏད་མཚན་མར་འཛིན་པའི་འཁོར་བ་སངས། །རང་བྱུང་ཡེ་ཤེས་ངང་ཞེས་མི་རྟོག་པས། །བླང་དོར་སྤང་གཉེན་གཟེབ་ལས་འདས་པ་ཡིན། །འདི་ལྟར་རྟོགས་ན་གཉིས་མེད་ཡེ་ཤེས་ཏེ། །རང་བྱུང་ཀུན་ཏུ་བཟང་པོའི་དགོངས་པར་ཕྱིན། །ལྡོག་པའི་གནས་མེད་ཟད་པའི་སར་ཕྱིན་ཏེ། །འདིའི་དུས་ན་རྟོགས་པ་ཉིན་མཚན་འདྲེས་པས་འཁོར་ཡུག་ཆེན་པོར་ཤར་བ་ནི། དགྲ་ལ་མི་དགའ་བ་རིང་བར་འཛིན་པ་མེད་པས་མཚན་མོའི་རྣམ་རྟོག་ཆོས་ཉིད་དུ་སངས་པ་དང༌། གཉེན་ལ་དགའ་གདུང་དུ་ཞེན་པ་ཉེ་བར་ཆགས་པ་མེད་པས་ཉིན་མོའི་ཀུན་རྟོག་དབྱིངས་སུ་སངས་ཏེ། ཉིན་མཚན་གཟུང་འཛིན་གྱི་འཁོར་བ་སངས་པས། རིག་པ་ཆོས་སྐུའི་ངང་ལ་གནས་ཀྱང༌། གཉེན་པོ་མཆོག་འཛིན་གྱི་བློ་དང་བྲལ་བས་ཤེས་བྱའི་དྲི་མ་རང་སར་གྲོལ་ཞིང༌། བླང་དར་དགྲ་གཉེན་གྱི་ཕྱོགས་རིས་མེད་པས་ཉོན་མོངས་པའི་སྒྲིབ་པ་རང་གྲོལ་དུ་དག་པ་ནི། རང་བྱུང་ཀུན་ཏུ་བཟང་པོའི་དགོངས་པར་ཕྱིན་པ་སྟེ། ཆོས་ཟད་པའི་ས་ལ་ཐུག་པ་ཞེས་བྱའོ། །རྫོགས་པ་ཆེན་པོ་འདིའི་ལུགས་ཀྱིས་ཁྲེགས་ཆོད་དང༌། ཐོད་རྒལ་གཉིས་ལས་ཟད་པའང་སྣང་སྟོང་གཉིས་ཀྱི་ལམ་གྱི་ཚོད་འཛིན་ཏེ། ཐོད་རྒལ་ཉམས་སུ་བླངས་པས་འོད་གསལ་གྱི་སྣང་བ་སྔོན་ཐོག་ཏུ་ཟད་ནས་ནམ་མཁའ་སྤྲིན་དང་བྲལ་བ་ལྟར་སོང་དུས་སྣང་བའི་ཆོས་ཉིད་ཟད་པ་སྟེ། དེའི་དུས་སུ་ནང་གི་ཉོན་མོངས་དང་གདོས་བཅས་ཐམས་ཅད་ཟད་པས་ཚེ་འདིར་སངས་རྒྱས་པའི་རྟགས་ཚད་ལ་ཕེབས་པའོ། །ཁྲེགས་ཆོད་ཆིག་ཆོད་དུ་རྟོགས་པ་རྣམས་ཀྱིས་རིག་པ་ཀ་དག་རྗེན་ལ་བུད་པས་དེའི་རྩལ་འཁོར་འདས་ཀྱི་ཞེན་རྟོག་བཟང་ངན་ཐམས་ཅད་དག་ནས། གང་ལྟར་བསམས་ཀྱང་ཉོན་མོངས་དང་རྣམ་རྟོག་གཞི་གྲོལ་ལ་སངས་ནས་སྐྱེ་བ་མེད་པ་ནི། སྟོང་པའི་ཆོས་ཉིད་ཟད་པ་ཞེས་བྱ་སྟེ། ནམ་ལངས་ཉི་ཤར་གྱི་དུས་སུ་མུན་པ་བཙལ་གྱིས་མི་རྙེད་པ་ལྟར། གཟུང་འཛིན་གཞི་གྲོལ་དང་རྒྱ་གྲོལ་ལ་སངས་པ་སྟེ། ཚེ་འདི་ཆོས་ཟད་ཀ་དག་གི་སར་གཤེགས་པས། འཁོར་འདས་རྒྱ་གྲོལ་གྱི་རྣལ་འབྱོར་པ་ཞེས་བྱ་སྟེ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དྷེ་ཀེ་བཛྲ་གྱི་ཞལ་སྔ་ནས། རྒྱ་གྲོལ་རྣལ་འབྱོར་ནམ་ལངས་ཉི་ཤར་འདྲ། །ཆོས་སྐུའི་སྣང་བ་ཡིན་ནོ་ཨེ་མ་ཧོ། །ཞེས་གསུངས་པ་བཞིན་ནོ། །འདིའི་དུས་ན་ཁྱབ་རྫོགས་ཡངས་པ་ཕྱམ་གདལ་གྱི་དགོངས་པ་ལ་གནས་པས། ཉོན་མོངས་པ་ཐམས་ཅད་ཆོས་ཉིད་གྲོལ་བ་མངོན་དུ་གྱུར་ཏེ། གཞན་ངོར་ཉོན་མོངས་པ་ལྟར་སྣང་བ་དང༌།

[edit]
rywikitexts e-text of the Beijing 2009 edition (vol. 16), with its page numbers ༼N༽.

ནང་གི་ཆོས་ཞེས་བདག་ཏུ་འཛིན་པ་མེད། །གང་ལ་གཟུང་བ་དང་འཛིན་པ་མེད་པར་རྟོགས་པའི་རིག་པ་དེའི་ངོ་བོ་ལ་ནི་རང་བྱུང་གི་ཡེ་ཤེས་སུ་ཐ་སྙད་བཏགས་ཀྱང༌། རང་རིག་རང་གསལ་ལོ་ཞེས་རྣལ་འབྱོར་སེམས་ཙམ་པ་ལྟར་མི་འདོད་དེ། ཕྱི་ནང་མེད་པས་ནང་གི་སེམས་སུ་མ་གྲུབ་པ་དང༌། རང་གཞན་མེད་པས་རང་གི་རིག་པ་ཁོ་ནར་མ་གྲུབ་པ་དང༌། གཟུང་འཛིན་ཡོད་མ་མྱོང་བས་དེ་གཉིས་དང་བྲལ་བར་མ་གྲུབ་པ་དང༌། ཚོར་རིག་གི་ཡུལ་ན་མེད་པས་མྱོང་བ་གཉིས་མེད་དུ་མ་གྲུབ་པ་དང༌། སེམས་དང་སེམས་བྱུང་མེད་པས་རང་གི་སེམས་སུ་མ་གྲུབ་པ་དང༌། གསལ་མི་གསལ་དུ་མེད་པས་རང་གསལ་དུ་མ་གྲུབ་པའི་ཕྱིར་རོ། །རིག་མ་རིག་ལས་འདས་པས་རིག་པ་ཙམ་དུའང་གདགས་སུ་མེད་པ་འདི་ནི། མཐའ་བྲལ་ཡོངས་སུ་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། མཚོན་ཚིག་གི་ཐ་སྙད་རང་བྱུང་གི་ཡེ་ཤེས་དང༌། བྱང་ཆུབ་ཀྱི་སེམས་དང༌། ཆོས་སྐུ་དང༌། དབྱིངས་ལྷུན་གྲུབ་ཆེན་པོ་དང༌། རིག་པ་རང་གསལ་རྗེན་པ་ཞེས་བརྗོད་ཀྱང༌། བརྡ་ཤེས་པའི་ཕྱིར་བཏགས་པ་ཙམ་ལས་རང་ངོ་བརྗོད་མེད་ཆེན་པོར་རྟོགས་པར་བྱའོ། །དེ་ལྟར་མ་ཡིན་པར་མིང་ལ་དོན་དུ་ཞེན་ན་སེམས་ཙམ་པའི་རང་རིག་རང་གསལ་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དང་ཁྱད་པར་མི་རྙེད་དོ། །འདིར་བློ་གྲོས་མ་སྦྱངས་ལ་འདི་པར་འདོད་པའི་མུ་ཅོར་དུ་སྒྲོགས་པ་དག་དེ་གཉིས་གཅིག་ཏུ་འཛིན་པས་རང་རིག་འདི་ཁོ་བོ་ཅག་གིས་ཤེས་སོ་ཞེས་མངོན་པའི་ང་རྒྱལ་སྨྲ་བར་ཟད་དོ། །རང་བཞིན་རྫོགས་པ་ཆེན་པོ་འདིའི་ལུགས་ཀྱིས་མཐའ་བྲལ་ལ་སོགས་པའི་འཇལ་«༼༡༽«ཚུལ་ཕལ་ཆེར། དབུ་མ༌། ལ་འགྱུར་དང་མཚུངས་པ་ལས། དབུ་མར་སྟོང་སྟོང་པོ་ནམ་མཁའ་འདྲ་བ་རྩིས་གཞིར་བྱེད་པ་སྟེ། འདིར་རིག་པ་ཀ་ནས་དག་པ་རྗེན་ཟང་ངེ་བ་མ་གྲུབ་ལ་མི་འགག་པ་ཙམ་དེ་ལ་གཞིར་བྱས་ནས། དེ་དང་དེའི་ངང་ལས་ཤར་བའི་ཆོས་རྣམས་མཐའ་གྲོལ་ནམ་མཁའ་ལྟར་འཇལ་«༼༢༽«བ་སྟེ། ཐལ་འགྱུར་ལས། དུ་མ་སྤངས་པས་ཐ་སྙད་བྲལ། །གཅིག་མ་གྲུབ་པས་རང་བཞིན་དག» «།རང་བཞིན་དག་པས་དོན་ཀུན་གྲུབ། །རང་བཞིན་དག་དང་གཞི་མ་དང༌། །འཁོར་དང་འདས་པའི་གཞི་མ་དང་«༼༣༽«། །གསོག་དང་སྙིང་པོ་མེད་པ་དང༌། །ཡ་མ་བརླ་ཞེས་མཚོན་བརྗོད་བྲལ། །ཞེས་པ་དང༌། ཡང༌། བྱ་བ་མེད་པས་མཚན་ཉིད་སྟོང༌། །བརྗོད་གཞི་འགགས་པས་མཐའ་མི་གནས། །»«ཟག་པ་ཟད་ཕྱིར་གདོས་བཅས་མིན། །«༼༤༽«དྲན་པའི་ཁུངས་འགགས་ངོ་བོ་གསལ། །གསལ་རིག་ཡུལ་གྱི་མཐའ་མི་རྟོག» «།སྒྲ་བྲལ་ཡང་དག་ཚིག་མེད་ཕྱིར། །ལྟོས་གཞི་ཐམས་ཅད་ཟད་པའོ། །ཞེས་པ་དང༌། ནོར་བུ་ཕྲ་བཀོད་ལས། ཆོས་ཀྱི་དབྱིངས་ལ་སྤྱོད་དང་མི་སྤྱོད་མེད། །ནམ་མཁའི་མཚན་ཉིད་ཡེ་ནས་ཀ་དག་པས། །ཆོས་སྐུ་ཉིད་ལ་དངོས་པོ་མཚན་མ་མེད། །ཕྱི་དང་ནང་མེད་ཡངས་པ་ཆེན་པོ་ལ། །ཡངས་པའི་ཆོས་ཉིད་མཐའ་བྲལ་དངོས་པོ་མེད། །རྫོགས་ཆེན་ལྟ་བ་གསང་འདུས་དམ་པ་འདི། །ཐེག་པའི་སྐབས་ལ་ཤིན་ཏུ་གྲངས་མང་ཡང༌། །གསང་བའི་ངེས་དོན་རང་བཞིན་གཅིག་ལས་མེད། །ཆོས་ཉིད་དཀྱིལ་ཡངས་མཚན་མ་མེད་པའོ། །ཞེས་» «སོ། །ད་ནི་གཟུང་འཛིན་གཉིས་ཀ་ཡོད་མ་མྱོང་བ་ནམ་མཁའི་རང་བཞིན་དུ་རྟོགས་པའི་དུས་ན། རྣལ་འབྱོར་པ་ལ་ཆོས་ཐམས་ཅད་གཏད་མེད་ཡོངས་གྲོལ་ཆེན་པོར་འཆར་བའི་ཕྱིར། ནང་གི་འཛིན་པ་སངས་པའི་རྟགས་སུ། ཕྱིའི་གཟུང་བ་ཕྱོགས་འབྱམས་སུ་གྲོལ་བར་བསྟན་པ་ནི། ཕྱི་རོལ་སྣང་བའི་ཡུལ་ལ་ཕར་བལྟས་པས། །ཐམས་ཅད་སང་སེང་འལ་འོལ་ཟང་མ་ཐལ། །ར་རི་ཟབ་ཟེབ་གཟའ་གཏད་ཆོས་དང་བྲལ། །སྣང་གྲགས་དྲན་རིག་མྱོང་ཚོར་སྔར་བཞིན་མེད། །» «འདི་ཅི་རང་བཞིན་སྨྱོན་པའི་སྣང་བའམ། །རྨི་ལམ་ནང་«༼༡༽«ཞེས་«༼༢༽«རང་ལ་དགོད་མོ་«༼༣༽«འཆོར། །འདིར་རང་གི་རྟོགས་པའི་དུས་ངེས་པས་རྣལ་འབྱོར་པ་ཀུན་གྱི་སྣང་བ་རྟོགས་སུ་རུང་སྟེ། རྒྱུས་ལ་མཁས་པ་གཅིག་གིས་སྒྱུ་མའི་ལྟད་མོ་བདེན་མེད་དུ་མཐོང་བའི་ཚུལ་དེས། རྒྱུས་ཤེས་པ་གཞན་གྱི་སྣང་བ་ཞར་ལ་རྟོགས་པ་བཞིན་ནོ། །ཕྱི་ཡུལ་གྱི་སྣང་བ་འདི་དག་དེ་སྔ་རང་མཚན་དུ་མཐོང་བ་ལས། རྟོགས་པའི་དུས་ངེས་པའི་རང་ངོ་ལ་བདེན་ཞེན་གྱི་འཛིན་པ་ལོག་པས། གཟུང་ཡུལ་ཐམས་ཅད་རྨི་ལམ་དང༌། ཆུ་ཟླ་དང༌། སྨིག་རྒྱུའི་རྣམ་པ་ལྟར་སང་སེང༌། འལ་འོལ། ཟང་མ་ཐལ་དུ་མཐོང་སྙམ་བྱེད་ཅིང༌། ཅིར་སྣང་ཐམས་ཅད་ར་རི་ཟབ་ཟེབ་ཡོད་དམ་མེད་དམ་སྙམ་དུ་གཏད་མེད་རང་སྣང་དུ་ཤར་ཏེ། སྐྱེ་འགྲོ་རྣམས་ཀྱང་སྔར་བས་སྤྱོད་གཤིས་འགྱུར་བ་སྙམ་སྟེ། གཏད་མེད་ལྟར་སྣང་དུ་འདི་ཀུན་གྱིས་ཀྱང་རྟོགས་སམ་སྙམ་པ་དང༌། མྱོང་ཐོས་དྲན་རིག་ཀྱང་སྔར་བཞིན་མེད་པར་སྟོང་པ་གཏད་ཡལ་དུ་སོང་བས། རིག་པ་ཕྱམ་གདལ་ཏེ་རྟོག་པ་གཏན་ནས་མི་འཆར་བ་འདི་ལྟ་བུ་གར་སོང་སྙམ་ནས་བྱུང་ཚོར་གནས་དག་ཏུ་རང་སངས་པ་ལ་ཤེས་པ་ཕྱལ་ཕྱལ་བ་སྟེ། རེས་འགའ་རང་གི་བྱ་སྤྱོད་དང་སྣང་གྲགས་ཐམས་ཅད་གཏད་མེད་དུ་ཤ་ར་ར་སོང་བ་ལ་དགོད་འཆོར་ཞིང༌། རང་ཉིད་སྨྱོའམ། གཞན་སྨྱོ་བ་ཡིན་ནམ། ཡང་ན་བར་དོའམ་རྨི་ལམ་ཡིན་ནམ་སྙམ་དུ་ཤེས་ཤིང༌། རིག་པ་གཏད་ཡལ་རྗེན་པར་བུད་པ་དེ་ཐམས་ཅད་ལ་ཡོད་པ་ལ། རྟོགས་པ་ལ་ཚེགས་ཅི་ཡོད་འདི་ཀར་འདུག་པ་ལ་སྙམ་ནས། དམིགས་པ་མེད་པའི་སྙིང་རྗེ་ཟང་ཐལ་དུ་ཤར་བས་གཞན་ལའང་དེ་སྐད་སྟོན་ཞིང༌། རྡོ་རྗེའི་གླུ་དང་གཏད་མེད་ཀྱི་སྤྱོད་པ་དང་ཞེན་མེད་ཀྱི་རིག་པ་སྟོན་ཞིང༌། ཟང་མ་ཐལ་དུ་སྣང་བ་ཐམས་ཅད་དུས་གཅིག་ལ་ཤར་བ་སྟེ། འདིའི་དུས་ན་གཟུང་འཛིན་རང་ལོག་གི་ཆོས་སྐུ་ཁོང་ནས་ཤར་བས། བདག་ཏུ་འཛིན་པའི་ཞེན་ཡུལ་དག་པ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། རང་བཞིན་སྣང་བའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག» «།» «གཟུང་འཛིན་མེད་པས་འཁྲུལ་པ་ལོག» «།འགྱུ་བ་མེད་པས་ལས་རླུང་ལོག» «།ཟང་ཐལ་ཡིན་པས་དངོས་པོ་ལོག» «།གསལ་བ་ཡིན་ཕྱིར་སྟོང་པ་ལོག» «།ཡེ་ནས་རྫོགས་པས་བསྐྱེད་རིམ་ལོག» «།རྩོལ་བ་མེད་པས་སྤྱོད་པ་ལོག» «།མ་བཙལ་བཞག་པས་སྒོམ་པ་ལོག» «།རང་གྲོལ་ཡིན་པས་»«སྣང་བ་«༼༡༽«ལོག» «།མངོན་དུ་སྣང་བས་ལྟ་བ་ལོག» «།སྒྲ་ཚིག་མེད་པས་ཐ་སྙད་ལོག» «།ཡོད་མ་མྱོང་བས་ཞེན་པ་ལོག» «།མེད་མ་མྱོང་བས་གཞན་ལྟོས་ལོག» «།གཟུང་དུ་མེད་པས་བློས་བཏགས་ལོག» «།ཉག་གཅིག་ཡིན་པས་གྲངས་མཐའ་ལོག» «།ཅེས་པ་དང༌། ཀློང་དྲུག་པ་ལས། ཚོགས་དྲུག་སྣང་བའི་སེམས་ཉིད་ལ། །རྟོག་ཚོགས་རྣམས་ནི་རང་སར་དག» «།སྒྲ་ཚིག་སྣང་བའི་སེམས་ཉིད་ལ། །ཐ་སྙད་མིང་རྣམས་རང་སར་དག» «།རགས་པར་སྣང་བའི་སེམས་ཉིད་ལ། །འབྱུང་བཞིའི་རྐྱེན་རྣམས་རང་སར་དག» «།གཟུང་འཛིན་སྣང་བའི་སེམས་ཉིད་ལ། །བཅིངས་པའི་བདག་འཛིན་རང་སར་དག» «།ཡོད་པར་སྣང་བའི་སེམས་ཉིད་ལ། །དངོས་པོ་རྣམས་ནི་རང་སར་དག» «།མེད་པར་སྣང་བའི་སེམས་ཉིད་ལ། །སྟོང་པ་ཉིད་རྣམས་རང་སར་དག» «།ཡོད་དང་མེད་པའི་སེམས་ཉིད་» «ལ། །གྲུབ་པའི་མཐའ་རྣམས་རང་སར་དག» «།ཆོས་སུ་སྣང་བའི་སེམས་ཉིད་» «ལ། །རང་གི་མཚན་ཉིད་རང་སར་དག» «།ཆོས་མེད་སྣང་བའི་སེམས་ཉིད་ལ། །» «འཁྲུལ་པ་རྣམས་ནི་རང་སར་དག» «།གཉེན་པོར་སྣང་བའི་སེམས་ཉིད་ལ། །དྲི་མ་རྣམས་ནི་རང་སར་དག» «།བབས་ལས་གྲུབ་པའི་སེམས་ཉིད་ལ། །གཞི་གཞག་ཆེན་པོ་རང་སར་དག» «།ཅེས་སོ། །དེ་ལྟར་རྟོགས་པ་ཁོང་ནས་ཤར་བའི་སྣང་བ་གཏད་མེད་གཞན་ཡང་བསྟན་པ། དགྲ་གཉེན་ཆགས་སྡང་ཉེ་རིང་འདུ་ཤེས་» «བྲལ། །ཉིན་མཚན་རིས་མེད་མཉམ་པར་ཕྱམ་གཅིག་པས། །དམིགས་གཏད་མཚན་མར་འཛིན་པའི་འཁོར་བ་སངས། །རང་བྱུང་ཡེ་ཤེས་ངང་ཞེས་མི་རྟོག་པས། །བླང་དོར་སྤང་གཉེན་གཟེབ་ལས་འདས་པ་ཡིན། །འདི་ལྟར་རྟོགས་ན་གཉིས་མེད་ཡེ་ཤེས་ཏེ། །རང་བྱུང་ཀུན་ཏུ་བཟང་པོའི་དགོངས་པར་ཕྱིན། །ལྡོག་པའི་གནས་མེད་ཟད་པའི་སར་ཕྱིན་ཏོ། །འདིའི་དུས་ན་རྟོགས་པ་ཉིན་མཚན་འདྲེས་པས་འཁོར་ཡུག་ཆེན་པོར་ཤར་བ་ནི། དགྲ་ལ་མི་དགའ་བ་རིང་བར་འཛིན་པ་མེད་པས་མཚན་མོའི་རྣམ་རྟོག་ཆོས་ཉིད་དུ་སངས་པ་དང༌། གཉེན་ལ་དགའ་གདུང་དུ་ཞེན་པ་ཉེ་བར་ཆགས་པ་མེད་པས་ཉིན་མོའི་ཀུན་རྟོག་དབྱིངས་སུ་སངས་ཏེ། ཉིན་མཚན་གཟུང་འཛིན་གྱི་འཁོར་བ་སངས་པས། རིག་པ་ཆོས་སྐུའི་ངང་ལ་གནས་ཀྱང༌། གཉེན་པོ་མཆོག་འཛིན་གྱི་བློ་དང་བྲལ་བས་ཤེས་བྱའི་དྲི་མ་རང་སར་གྲོལ་ཞིང༌། བླང་དོར་དགྲ་«༼༡༽«གཉེན་གྱི་ཕྱོགས་རིས་མེད་པས་ཉོན་མོངས་པའི་སྒྲིབ་པ་རང་གྲོལ་དུ་དག་པ་ནི། རང་བྱུང་ཀུན་ཏུ་བཟང་པོའི་དགོངས་པར་ཕྱིན་པ་སྟེ། ཆོས་ཟད་པའི་ས་ལ་ཐུག་པ་ཞེས་བྱའོ། །རྫོགས་པ་ཆེན་པོ་འདིའི་ལུགས་ཀྱིས་ཁྲེགས་ཆོད་དང༌། ཐོད་རྒལ་གཉིས་ལས་«༼༡༽«ཟད་པའང་སྣང་སྟོང་གཉིས་ཀྱིས་ལམ་གྱི་ཚོད་འཛིན་ཏེ། ཐོད་རྒལ་ཉམས་སུ་བླངས་པས་འོད་གསལ་གྱི་སྣང་བ་སྔོན་ཐོག་ཏུ་ཟད་ནས་ནམ་མཁའ་སྤྲིན་དང་བྲལ་བ་ལྟར་སོང་དུས་སྣང་བའི་ཆོས་ཉིད་ཟད་པ་སྟེ། དེའི་དུས་སུ་ནང་གི་ཉོན་མོངས་དང་གདོས་བཅས་ཐམས་ཅད་ཟད་པས་ཚེ་འདིར་སངས་རྒྱས་པའི་རྟགས་ཚད་ལ་ཕེབས་པའོ། །» «ཁྲེགས་ཆོད་ཆིག་ཆོད་དུ་རྟོགས་པ་རྣམས་ཀྱིས་རིག་པ་ཀ་དག་རྗེན་ལ་བུད་པས་དེའི་རྩལ་འཁོར་འདས་ཀྱི་ཞེན་རྟོག་བཟང་ངན་ཐམས་ཅད་དག་ནས། གང་ལྟར་བསམས་ཀྱང་ཉོན་མོངས་དང་རྣམ་རྟོག་གཞི་གྲོལ་ལ་སངས་ནས་སྐྱེ་བ་མེད་པ་ནི། སྟོང་པའི་ཆོས་ཉིད་ཟད་པ་ཞེས་བྱ་སྟེ། ནམ་ལངས་ཉི་ཤར་གྱི་དུས་སུ་མུན་པ་བཙལ་གྱིས་མི་རྙེད་པ་ལྟར། གཟུང་འཛིན་གཞི་གྲོལ་དང་རྒྱ་གྲོལ་ལ་སངས་པ་སྟེ། ཚེ་འདིས་ཆོས་ཟད་ཀ་དག་གི་སར་གཤེགས་པས། འཁོར་འདས་རྒྱ་གྲོལ་གྱི་རྣལ་འབྱོར་པ་ཞེས་བྱ་སྟེ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དྷེ་ཀེ་བཛྲ་གྱི་ཞལ་སྔ་ནས། རྒྱ་གྲོལ་རྣལ་འབྱོར་ནམ་ལངས་ཉི་ཤར་འདྲ། །ཆོས་སྐུའི་སྣང་བ་ཡིན་ནོ་ཨེ་མ་» «ཧོ། །ཞེས་གསུངས་པ་བཞིན་ནོ། །འདིའི་དུས་ན་ཁྱབ་རྫོགས་ཡངས་པ་ཕྱམ་གདལ་གྱི་དགོངས་པ་ལ་གནས་པས། ཉོན་མོངས་པ་ཐམས་ཅད་ཆོས་ཉིད་དུ་གྲོལ་བ་མངོན་དུ་གྱུར་ཏེ། གཞན་ངོར་ཉོན་མོངས་པ་ལྟར་སྣང་བ་དང༌།

[edit]
OCR of the BDRC scans (I2PD20601, I2PD20602), gorn05 tibocr 2026: BDRC OCR on 244 pages, Mitra OCR on 127 pages (the model with more recognisable syllables on each page).

[p. 111] ནང་གི་ཆོས་ཞེས་བདག་ཏུ་འཛིན་པ་མེད། །གང་ལ་གཟུང་བ་དང་འཛིན་པ་མེད་པར་རྟོགས་པའི་རིག་བ་དེའི་ངོ་བོ་ལ་ནི་རང་བྱུང་གི་ཡེ་ཤེས་སུ་ཐ་སྙད་བཏགས་ཀྱང་། རང་རིག་རང་གསལ་ལོ་ཞེས་རྣལ་འབྱོར་སེམས་ཙམ་པ་ལྟར་མི་འདོད་དེ། ཕྱི་ནང་མེད་པས་ནང་གི་སེམས་སུ་མ་གྲུབ་པ་དང་། རང་གཞན་མེད་པས་རང་གི་རིག་པ་ཁོ་ནར་མ་གྲུབ་པ་དང་། གཟུང་འཛིན་ཡོད་མ་མྱོང་བས་དེ་གཉིས་དང་བྲལ་བར་མ་གྲུབ་པ་དང་། ཚོར་རིག་གི་ཡུལ་ན་མེད་པས་མྱོང་བ་གཉིས་མེད་དུ་མ་གྲུབ་པ་དང་། སེམས་དང་སེམས་བྱུང་མེད་པས་རང་གི་སེམས་སུ་མ་གྲུབ་པ་གསུངས། གསལ་མི་གསལ་དུ་མེད་པས་རང་གསལ་དུ་མ་གྲུབ་པའི་ཕྱིར་རོ། །རིག་མ་རིག་ལས་འདས་པས་རིག་པ་ཙམ་དུའང་གདགས་སུ་མེད་པ་འདི་ནི། མཐའ་བྲལ་ཡོངས་སུ་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། མཚོན་ཚིག་གི་ཐ་སྙད་རང་བྱུང་གི་ཡེ་ཤེས་དང་། བྱང་ཆུབ་ཀྱི་སེམས་དང་། ཆོས་སྐུ་དང་། དབྱིངས་ལྷུན་གྲུབ་ཆེན་པོ་དང་། རིག་པ་རང་གསལ་རྗེན་པ་ཞེས་བརྗོད་ཀྱང་། བརྡ་ཤེས་པའི་ཕྱིར་བཏགས་པ་ཙམ་ལས་རང་ངོ་བརྗོད་མེད་ཆེན་པོར་རྟོགས་པར་བྱའོ། །དེ་ལྟར་མ་ཡིན་པར་མིང་ལ་དོན་དུ་ཞེན་ན་སེམས་ཙམ་པའི་རང་རིག་རང་གསལ་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དང་ཁྱད་པར་མི་རྙེད་དོ། །འདིར་བློ་གྲོས་མ་སྦྱངས་ལ་འདི་པར་འདོད་པའི་མུ་ཅོར་དུ་སྒྲོགས་པ་དག་དེ་གཉིས་གཅིག་ཏུ་འཛིན་པས་རང་རིག་འདི་ཁོ་བོ་ཅག་གིས་ཤེས་སོ་ཞེས་མངོན་པའི་ང་རྒྱལ་སྨྲ་བར་ཟད་དོ། །རང་བཞིན་རྫོགས་པ་ཆེན་པོ་འདིའི་ལུགས་ཀྱིས་

[p. 112] མཐའ་བྲལ་ལ་སོགས་པའི་མཇལ་ཚུལ་ཕལ་ཆེར། དབུ་མ་ཐལ་འགྱུར་དང་མཚུངས་པ་ལས། དབུ་མར་སྟོང་སྟོང་པོ་ནམ་མཁའ་འདྲ་བ་རྩིས་གཞིར་བྱེད་པ་སྟེ། འདིར་རིག་པ་ཀ་ནས་དག་པ་རྗེན་ཟང་ངེ་བ་མ་གྲུབ་ལ་མི་འགག་པ་ཙམ་དེ་ལ་གཞིར་བྱས་ནས། དེ་དང་དེའི་ངང་ལས་ཤར་བའི་ཆོས་རྣམས་མཐའ་གྲོལ་ནམ་མཁའ་ལྟར་མཇལ་བ་སྟེ། ཐལ་འགྱུར་ལས། དུ་མ་སྤངས་པས་ཐ་སྙད་བྲལ། །གཅིག་མ་གྲུབ་པས་རང་བཞིན་དག །རང་བཞིན་དག་པས་དོན་ཀུན་གྲུབ། །རང་བཞིན་དག་དང་གཞི་མ་དང་། །འཁོར་དང་འདས་པའི་གཞི་མ་དང་། །སྲོག་དང་སྙིང་པོ་མེད་པ་དང་། །ཡ་མ་བརླ་ཞེས་མཚོན་བརྗོད་བྲལ། །ཞེས་པ་དང་། ཡང་། བྱ་བ་མེད་པས་མཚན་ཉིད་སྟོང་། །བརྗོད་གཞི་འགགས་པས་མཐའ་མི་གནས། །དྲན་པའི་ཁུངས་འགགས་ངོ་བོ་གསལ། །གསལ་རིག་ཡུལ་གྱི་མཐའ་མི་རྟོག །སྒྲ་བྲལ་ཡང་དག་ཚིག་མེད་ཕྱིར། །ལྟོས་གཞི་ཐམས་ཅད་ཟད་པའོ། །ཞེས་པ་དང་། ནོར་བུ་འཕྲ་བཀོད་ལས། ཆོས་ཀྱི་དབྱིངས་ལ་སྤྱོད་དང་མི་སྤྱོད་མེད། །ནམ་མཁའི་མཚན་ཉིད་ཡེ་ནས་ཀ་དག་པས། །ཆོས་སྐུ་ཉིད་ལ་དངོས་པོ་མཚན་མ་མེད། །ཕྱི་དང་ནང་མེད་ཡངས་པ་ཆེན་པོ་ལ། །ཡངས་པའི་ཆོས་ཉིད་མཐའ་བྲལ་དངོས་པོ་མེད། །རྫོགས་ཆེན་ལྟ་བ་གསང་འདུས་དམ་པ་འདི། །ཐེག་པའི་སྐབས་ལ་ཤིན་ཏུ་གྲངས་མང་ཡང་། །གསང་བའི་ངེས་དོན་རང་བཞིན་གཅིག་ལས་མེད། །ཆོས་ཉིད་དཀྱིལ་ཡངས་མཚན་མ་མེད་པའོ། །ཞེས་སོ། །ད་ནི་གཟུང་འཛིན་གཉིས་ཀ་ཡོད་མ་མྱོང་བ་ནམ་མཁའི་རང་བཞིན་དུ་རྟོགས་པའི་དུས་ན། རྣལ་འབྱོར་པ་ལ་ཆོས་ཐམས་ཅད་གཏད་མེད་ཡོངས་གྲོལ་ཆེན་པོར་འཆར་བའི་ཕྱིར། ནང་གི་འཛིན་པ་སངས་པའི་རྟགས་སུ། ཕྱིའི་གཟུང་བ་ཕྱོགས་འབྱམས་སུ་གྲོལ་བར་བསྟན་པ་ནི། ཕྱི་རོལ་སྣང་བའི་ཡུལ་ལ་ཕར་བལྟས་པས། །ཐམས་ཅད་སང་སེང་འལ་འོལ་ཟང་མ་ཐལ། །ར་རི་ཟབ་ཟེབ་གཟའ་

[p. 113] གཏད་ཆོས་དང་བྲལ། །སྣང་གྲགས་དྲན་རིག་མྱོང་ཚོར་སྔར་བཞིན་མེད། །འདི་ཅི་རང་བཞིན་སྨྱོན་པའི་སྣང་བའམ། །རྨི་ལམ་ནང་ཞེས་རང་ལ་དགོད་པོ་འཆོར། །འདིར་རང་གི་རྟོགས་པའི་དུས་ངེས་པས་རྣལ་འབྱོར་པ་ཀུན་གྱི་སྣང་བ་རྟོགས་སུ་རུང་སྟེ། རྒྱུས་ལ་མཁས་པ་གཅིག་གིས་སྒྱུ་མའི་ལྟད་མོ་བདེན་མེད་དུ་མཐོང་བའི་ཚུལ་དེས། རྒྱུས་ཤེས་པ་གཞན་གྱི་སྣང་བ་ཞར་ལ་རྟོགས་པ་བཞིན་ནོ། །ཕྱི་ཡུལ་གྱི་སྣང་བ་འདི་དག་དེ་སྔ་རང་མཚན་དུ་མཐོང་བ་ལས། རྟོགས་པའི་དུས་ངེས་པའི་རང་ངོ་ལ་བདེན་ཞེན་གྱི་འཛིན་པ་ལོག་པས། གཟུང་ཡུལ་ཐམས་ཅད་རྨི་ལམ་དང་། ཆུ་ཟླ་དང་། སྨིག་རྒྱུའི་རྣམ་པ་ལྟར་སང་སེང་། འལ་འོལ། ཟང་མ་ཐལ་དུ་མཐོང་སྙམ་བྱེད་ཅིང་། ཅིར་སྣང་ཐམས་ཅད་ར་རི་ཟབ་ཟེབ་ཡོད་དམ་མེད་དམ་སྙམ་དུ་གཏད་མེད་རང་སྣང་དུ་ཤར་ཏེ། སྐྱེ་འགྲོ་རྣམས་ཀྱང་སྔར་བས་སྤྱོད་གཤིས་འགྱུར་བ་སྙམ་སྟེ། གཏད་མེད་ལྟར་སྣང་དུ་འདི་ཀུན་གྱིས་ཀྱང་རྟོགས་སམ་སྙམ་པ་དང་། མྱོང་ཐོས་དྲན་རིག་ཀྱང་སྔར་བཞིན་མེད་པར་སྟོང་པ་གཏད་ཡལ་དུ་སོང་བས། རིག་པ་ཕྱམ་གདལ་ཏེ་རྟོག་པ་གཏན་ནས་མི་འཆར་བ་འདི་ལྟ་བུ་གར་སོང་སྙམ་ནས་བྱུང་ཚོར་གནས་དག་ཏུ་རང་སངས་པ་ལ་ཤེས་པ་ཕྱལ་ཕྱལ་བ་སྟེ། རེས་འགའ་རང་གི་བྱ་སྤྱོད་དང་སྣང་གྲགས་ཐམས་ཅད་གཏད་མེད་དུ་ཤ་ར་ར་སོང་བ་ལ་དགོད་འཆོར་ཞིང་། རང་ཉིད་སྨྱོའམ། གཞན་སྨྱོ་བ་ཡིན་ན། ཡང་ན་བར་དོའམ་རྨི་ལམ་ཡིན་ནམ་སྙམ་དུ་ཤེས་ཤིང་། རིག་པ་གཏད་ཡལ་རྗེན་པར་བུད་པ་དེ་ཐམས་ཅད་ལ་ཡོད་པ་ལ། རྟོགས་པ་ལ་ཚེགས་ཅི་ཡོད་འདི་ཀར་འདུག་པ་ལ་སྙམ་ནས། དམིགས་པ་མེད་པའི་སྙིང་རྗེ་ཟང་ཐལ་དུ་ཤར་བས་གཞན་ལའང་དེ་སྐད་སྟོན་ཞིང་། རྡོ་རྗེའི་གླུ་དང་གཏད་མེད་ཀྱི་སྤྱོད་པ་དང་ཞེན་མེད་ཀྱི་རིག་པ་སྟོན་ཞིང་། ཟང་མ་ཐལ་དུ་སྣང་བ་ཐམས་ཅད་དུས་གཅིག་ལ་ཤར་བ་སྟེ། འདིའི་དུས་ན་གཟུང་འཛིན་རང་ལོག་གི་ཆོས་སྐུ་ཁོང་ནས་ཤར་བས། བདག་ཏུ་འཛིན་

[p. 114] པའི་ཞེན་ཡུལ་དག་པ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། རང་བཞིན་སྣང་བའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག །གཟུང་འཛིན་མེད་པས་འཁྲུལ་པ་ལོག །འགྱུ་བ་མེད་པས་ལས་རླུང་ལོག །ཟང་ཐལ་ཡེན་པས་དངོས་པོ་ལོག ། གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྫོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་སྒོམ་པ་ལོག །རང་གྲོལ་ཡེན་པས་སྣང་བ་ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག ། ཡོད་མ་མྱོང་བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློས་བཏགས་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཅེས་པ་དང་། ཀློང་དྲུག་པ་ལས། ཚོགས་དྲུག་སྣང་བའི་སེམས་ཉིད་ལ། །རྟོག་ཚོགས་རྣམས་ནི་རང་སར་དག །སྒྲ་ ཚིག་སྣང་བའི་སེམས་ཉིད་ལ། །ཐ་སྙད་མི་རྣམས་རང་སར་དག །རགས་པར་སྣང་བའི་སེམས་ཉིད་ལ། །འབྱུང་བཞིའི་རྐྱེན་རྣམས་རང་སར་དག །གཟུང་འཛིན་སྣང་བའི་སེམས་ཉིད་ལ། །བཅིངས་པའི་བདག་འཛིན་རྣམ་པར་དག །ཡོད་པར་སྣང་བའི་སེམས་ ཉིད་ལ། །དངོས་པོ་རྣམས་ནི་རང་སར་དག །མེད་པར་སྣང་བའི་སེམས་ཉིད་ལ། །སྟོང་པ་ཉིད་རྣམས་རང་སར་དག །ཡོད་དང་མེད་པའི་སེམས་ཉིད་ལ། །གྲུབ་པའི་མཐའ་རྣམས་རང་སར་དག །ཆོས་སུ་སྣང་བའི་སེམས་ཉིད་ལ། །རང་གི་མཚན་ ཉིད་རང་སར་དག །ཆོས་མེད་སྣང་བའི་སེམས་ཉིད་ལ། །འཁྲུལ་པ་རྣམས་ནི་རང་སར་དག །གཉེན་པོར་སྣང་བའི་སེམས་ཉིད་ལ། །དྲི་མ་རྣམས་ནི་རང་སར་དག །བབས་ལས་གྲུབ་པའི་སེམས་ཉིད་ལ། །གཞི་གཞག་ཆེན་པོ་རང་སར་དག །ཅེས་ སོ། །དེ་ལྟར་རྟོགས་པ་ཁོང་ནས་ཤར་བའི་སྣང་བ་གཏད་མེད་གཞན་ཡང་བསྟན་པ། དགྲ་གཉེན་ཆགས་སྡང་ཉེ་རིང་འདུ་ཤེས་བྲལ། །ཉིན་མཚན་རིས་མེད་མཉམ་པར་བྱ་མ་གཅིག་པས། །དམིགས་གཏད་མཚན་མར་འཛིན་པའི་འཁོར་བ་སངས། །

[p. 115] ༄༅། །རང་བྱུང་ཡེ་ཤེས་དང་ཞེས་མི་རྟོག་པས། །བླང་དོར་སྤང་གཉེན་གཟབ་ལས་འདས་པ་ཡིན། །འདི་ལྟར་རྟོགས་ན་གཉིས་མེད་ཡེ་ཤེས་ཏེ། །རང་བྱུང་ཀུན་དུ་བཟང་པོའི་དགོངས་པར་བྱིན། །ལྡོག་པའི་གནས་མེད་ཟད་པའི་སར་ བྱིན་ཏོ། །འདིའི་དུས་ན་རྟོགས་པ་ཉིན་མཚན་འདྲེས་པས་འཁོར་ཡུག་ཆེན་པོར་ཤར་བ་ནི། དགྲ་ལ་མི་དགའ་བ་རིང་བར་འཛིན་པ་མེད་པས་མཚན་མོའི་རྣམ་རྟོག་ཆོས་ཉིད་དུ་སངས་པ་དང་། གཉེན་ལ་དགའ་གདུང་དུ་ཞེན་པ་ཉེ་བར་ཆགས་པ་མེད་པས་ཉིན་ མོའི་ཀུན་རྟོག་དབྱིངས་སུ་སངས་ཏེ། ཉིན་མཚན་གཟུང་འཛིན་གྱི་འཁོར་བ་སངས་པས། རིག་པ་ཆོས་སྐུའི་ངང་ལ་གནས་ཀྱང་། གཉེན་པོ་མཆོག་འཛིན་གྱི་བློ་དང་བྲལ་བས་ཤེས་བྱའི་དྲི་མ་རང་སར་གྲོལ་ཞིང་། བླང་དོར་དགྲ་གཉེན་གྱི་ཕྱོགས་རིས་ མེད་པས་ཉོན་མོངས་པའི་སྒྲིབ་པ་རང་གྲོལ་དུ་དག་པ་ནི། རང་བྱུང་ཀུན་དུ་བཟང་པོའི་དགོངས་པར་བྱིན་པ་སྟེ། ཆོས་ཟད་པའི་ས་ལ་ཐུག་པ་ཉེས་བྱའོ། །རྫོགས་པ་ཆེན་པོ་འདིའི་ལུགས་ཀྱིས་ཁྲེགས་ཆོད་དང་། ཐོད་རྒལ་གཉིས་ལས་ཟད་པའང་སྣང་ སྟོང་གཉིས་ཀྱི་ལམ་གྱི་ཚོད་འཛིན་ཏེ། ཐོད་རྒལ་ཉམས་སུ་བླངས་པས་འོད་གསལ་གྱི་སྣང་བ་སྔོན་ཐོག་ཏུ་ཟད་ནས་ནམ་མཁའ་སྤྲིན་དང་ཕྲལ་བ་ལྟར་སོང་དུས་སྣང་བའི་ཆོས་ཉིད་ཟད་པ་སྟེ། དེའི་དུས་སུ་ནང་གི་ཉོན་མོངས་དང་གདོས་བཅས་ཐམས་ཅད་ཟད་ པས་ཚེ་འདིར་སངས་རྒྱས་པའི་རྟགས་ཚད་ལ་ཕེབས་པའོ། །ཁྲེགས་ཆོད་ཆིག་ཆོད་དུ་རྟོགས་པ་རྣམས་ཀྱིས་རིག་པ་ཀ་དག་རྗེན་ལ་བུད་པས་དེའི་རྩལ་འཁོར་འདས་ཀྱི་ཞེན་རྟོག་བཟང་ངན་ཐམས་ཅད་དག་ནས། གང་ལྟར་བསམས་ཀྱང་ཉོན་མོངས་དང་རྣམ་ རྟོག་གཞི་གྲོལ་ལ་སངས་ནས་སྐྱེ་བ་མེད་པ་ནི། སྟོང་པའི་ཆོས་ཉིད་ཟད་པ་ཞེས་བྱ་སྟེ། ནམ་ལངས་ཉི་ཤར་གྱི་དུས་སུ་མུན་པ་བཙལ་གྱིས་མི་རྙེད་པ་ལྟར། གཟུང་འཛིན་གཞི་གྲོལ་དང་རྒྱ་གྲོལ་ལ་སངས་པ་སྟེ། ཚེ་འདིས་ཆོས་ཟད་ཀ་དག་གིས་ར་གཤེགས་

[p. 116] བས། འཁོར་འདས་རྒྱ་གྲོལ་གྱི་རྣལ་འབྱོར་པ་ཞེས་བྱ་སྟེ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དྷེ་ཀེ་བཛྲ་གྱི་ཞལ་སྔ་ནས། རྒྱ་གྲོལ་རྣལ་འབྱོར་ནམ་ལངས་ཉི་ཤར་འདྲ། །ཆོས་སྐུའི་སྣང་བ་ཡིན་ནོ་ཨེ་མ་ཧོ། །ཞེས་གསུངས་པ་བཞིན་ནོ། །འདིའི་དུས་ན་ཁྱབ་རྫོགས་ཡངས་པ་ཕྱམ་གདལ་གྱི་དགོངས་པ་ལ་གནས་པས། ཉོན་མོངས་པ་ཐམས་ཅད་ཆོས་ཉིད་དུ་གྲོལ་བ་མངོན་དུ་གྱུར་ཏེ། གཞན་ངོར་ཉོན་མོངས་པ་ལྟར་སྣང་བ་དང་།

[edit]
OCR of the BDRC scans (I3CN4267), gorn05 tibocr 2026: BDRC OCR on 226 pages, Mitra OCR on 175 pages (the model with more recognisable syllables on each page).

[p. 177] ནང་གི་ཆོས་ཞེས་བདག་ཏུ་འཛིན་པ་མེད། ། གང་ལ་གཟུང་བ་དང་འཛིན་པ་མེད་པར་རྟོགས་པའི་རིག་བ་དེའི་ངོ་བོ་ལ་ནི་རང་ བྱུང་གི་ཡེ་ཤེས་སུ་ཐ་སྙད་བཏགས་ཀྱང་། རང་རིག་རང་གསལ་ལོ་ཞེས་རྣལ་ འབྱོར་སེམས་ཙམ་པ་ལྟར་མི་འདོད་དེ། ཕྱི་ནང་མེད་པས་ནང་གི་སེམས་སུ་མ་གྲུབ་ པ་དང་། རང་གཞན་མེད་པས་རང་གི་རིག་པ་ཁོ་ནར་མ་གྲུབ་པ་དང་། གཟུང་ འཛིན་ཡོད་མ་མྱོང་བས་དེ་གཉིས་དང་བྲལ་བར་མ་གྲུབ་པ་དང་། ཚོར་རིག་གི་ ཡུལ་ན་མེད་པས་མྱོང་བ་གཉིས་མེད་དུ་མ་གྲུབ་པ་དང་། སེམས་དང་སེམས་བྱུང་ མེད་པས་རང་གི་སེམས་སུ་མ་གྲུབ་པ་དང་། གསལ་མི་གསལ་དུ་མེད་པས་རང་ གསལ་དུ་མ་གྲུབ་པའི་ཕྱིར་རོ། །རིག་མ་རིག་ལས་འདས་པས་རིག་པ་ཙམ་དུའང་

[p. 178] ༈ ལེའུ་བརྒྱད་པ་བྱང་ཆུབ་ཀྱི་སེམས་ལ་གཉིས་སུ་མེད་པར་བསྟན་པ། གདགས་སུ་མེད་པ་འདི་ནི། མཐའ་བྲལ་ཡོངས་སུ་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། མཚོན་ཚིག་གི་ཐ་སྙད་རང་བྱུང་གི་ཡེ་ཤེས་དང་། བྱང་ཆུབ་ཀྱི་སེམས་དང་། ཆོས་སྐུ་ དང་། དབྱིངས་ལྷུན་གྲུབ་ཆེན་པོ་དང་། རིག་པ་རང་གསལ་རྗེན་པ་ཞེས་བརྗོད་ ཀྱང་། བརྡ་ཤེས་པའི་ཕྱིར་བཏགས་པ་ཙམ་ལས་རང་ངོ་བརྗོད་མེད་ཆེན་པོར་ རྟོགས་པར་བྱའོ། །དེ་ལྟར་མ་ཡིན་པར་མིང་ལ་དོན་དུ་ཞེན་ན་སེམས་ཙམ་པའི་རང་ རིག་རང་གསལ་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དང་ཁྱད་པར་མི་རྙེད་དོ། ། འདིར་བློ་གྲོས་མ་སྦྱངས་ལ་འདི་པར་འདོད་པའི་མུ་ཅོར་དུ་སྒྲོགས་པ་དག་དེ་གཉིས་ གཅིག་ཏུ་འཛིན་པས་རང་རིག་འདི་ཁོ་བོ་ཅག་གིས་ཤེས་སོ་ཞེས་མངོན་པའི་ང་ རྒྱལ་སྨྲ་བར་ཟད་དོ། །རང་བཞིན་རྫོགས་པ་ཆེན་པོ་འདིའི་ལུགས་ཀྱིས་མཐའ་ བྲལ་ལ་སོགས་པའི་འཇལ་༧ཚུལ་ཕལ་ཆེར། དབུ་མ་ཐལ་འགྱུར་དང་མཚུངས་པ་ ལས། དབུ་མར་སྟོང་སྟོང་པོ་ནམ་མཁའ་འདྲ་བ་རྩིས་གཞིར་བྱེད་པ་སྟེ། འདིར་ རིག་པ་ཀ་ནས་དག་པ་རྗེན་ཟང་ངེ་བ་མ་གྲུབ་ལ་མི་འགག་པ་ཙམ་དེ་ལ་གཞིར་ བྱས་ནས། དེ་དང་དེའི་ངང་ལས་ཤར་བའི་ཆོས་རྣམས་མཐའ་གྲོལ་ནམ་མཁའ་ ལྟར་འཇལ་༧བ་སྟེ། ཐལ་འགྱུར་ལས། དུ་མ་སྤངས་པས་ཐ་སྙད་བྲལ། །གཅིག་ མ་གྲུབ་པས་རང་བཞིན་དག །རང་བཞིན་དག་པས་དོན་ཀུན་གྲུབ། །རང་བཞིན་ དག་དང་གཞི་མ་དང་། །འཁོར་དང་འདས་པའི་གཞི་མ་དང་༧། །གསོག་དང་སྙིང་ པོ་མེད་པ་དང་། །ཡ་མ་བརླ་ཞེས་མཚོན་བརྗོད་བྲལ། །ཞེས་པ་དང་། ཡང་། བྱ་བ་ མེད་པས་མཚན་ཉིད་སྟོང་། །བརྗོད་གཞི་འགགས་པས་མཐའ་མི་གནས། །་་ཟག་ པ་ཟད་ཕྱིར་གདོས་བཅས་མིན། །༧དྲན་པའི་ཁུངས་འགགས་ངོ་བོ་གསལ། ། གསལ་རིག་ཡུལ་གྱི་མཐའ་མི་རྟོག །སྒྲ་བྲལ་ཡང་དག་ཚིག་མེད་ཕྱིར། །ལྟོས་གཞི་

[p. 179] ༈ ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། ཐམས་ཅད་ཟད་པའོ། །ཞེས་པ་དང་། ནོར་བུ་ཕྲ་བཀོད་ལས། ཆོས་ཀྱི་དབྱིངས་ལ་ སྤྱོད་དང་མི་སྤྱོད་མེད། །ནམ་མཁའི་མཚན་ཉིད་ཡེ་ནས་ཀ་དག་པས། །ཆོས་སྐུ་ ཉིད་ལ་དངོས་པོ་མཚན་མ་མེད། །ཕྱི་དང་ནང་མེད་ཡངས་པ་ཆེན་པོ་ལ། །ཡངས་ པའི་ཆོས་ཉིད་མཐའ་བྲལ་དངོས་པོ་མེད། །རྫོགས་ཆེན་ལྟ་བ་གསང་འདུས་དམ་པ་ འདི། །ཐེག་པའི་སྐབས་ལ་ཤིན་ཏུ་གྲངས་མང་ཡང་། །གསང་བའི་ངེས་དོན་རང་ བཞིན་གཅིག་ལས་མེད། །ཆོས་ཉིད་དཀྱིལ་ཡངས་མཚན་མ་མེད་པའོ། །ཞེས་སོ། ། ད་ནི་གཟུང་འཛིན་གཉིས་ཀ་ཡོད་མ་མྱོང་བ་ནམ་མཁའི་རང་བཞིན་དུ་རྟོགས་པའི་ དུས་ན། རྣལ་འབྱོར་པ་ལ་ཆོས་ཐམས་ཅད་གཏད་མེད་ཡོངས་གྲོལ་ཆེན་པོར་ འཆར་བའི་ཕྱིར། ནང་གི་འཛིན་པ་སངས་པའི་རྟགས་སུ། ཕྱིའི་གཟུང་བ་ཕྱོགས་ འབྱམས་སུ་གྲོལ་བར་བསྟན་པ་ནི། ཕྱི་རོལ་སྣང་བའི་ཡུལ་ལ་ཕར་བལྟས་པས། ། ཐམས་ཅད་སང་སེང་འལ་འོལ་ཟང་མ་ཐལ། །ར་རི་ཟབ་ཟེབ་གཟའ་གཏད་ཆོས་ དང་བྲལ། །སྣང་གྲགས་དྲན་རིག་མྱོང་ཚོར་སྔར་བཞིན་མེད། །འདི་ཅི་རང་བཞིན་ སྨྱོན་པའི་སྣང་བའམ། །རྨི་ལམ་ནང་ཞེས་ཞེས་རང་ལ་དགོད་མོ་འཆོར། །འདིར་ རང་གི་རྟོགས་པའི་དུས་ངེས་པས་རྣལ་འབྱོར་པ་ཀུན་གྱི་སྣང་བ་རྟོགས་སུ་རུང་སྟེ། རྒྱུས་ལ་མཁས་པ་གཅིག་གིས་སྒྱུ་མའི་ལྟད་མོ་བདེན་མེད་དུ་མཐོང་བའི་ཚུལ་དེས། རྒྱུས་ཤེས་པ་གཞན་གྱི་སྣང་བ་ཞར་ལ་རྟོགས་པ་བཞིན་ནོ། །ཕྱི་ཡུལ་གྱི་སྣང་བ་ འདི་དག་དེ་སྔ་རང་མཚན་དུ་མཐོང་བ་ལས། རྟོགས་པའི་དུས་ངེས་པའི་རང་ངོ་ལ་ བདེན་ཞེན་གྱི་འཛིན་པ་ལོག་པས། གཟུང་ཡུལ་ཐམས་ཅད་རྨི་ལམ་དང་། ཆུ་ཟླ་ དང་། སྨིག་རྒྱུའི་རྣམ་པ་ལྟར་སང་སེང་། འལ་འོལ། ཟང་མ་ཐལ་དུ་མཐོང་སྙམ་ བྱེད་ཅིང་། ཅིར་སྣང་ཐམས་ཅད་ར་རི་ཟབ་ཟེབ་ཡོད་དམ་མེད་དམ་སྙམ་དུ་གཏད་

[p. 180] ༈ ལེའུ་བརྒྱད་པ་བྱང་ཆུབ་ཀྱི་སེམས་ལ་གཉིས་སུ་མེད་པར་བསྟན་པ། མེད་རང་སྣང་དུ་ཤར་ཏེ། སྐྱེ་འགྲོ་རྣམས་ཀྱང་སྔར་བས་སྤྱོད་གཤིས་འགྱུར་བ་སྙམ་ སྟེ༑ གཏད་མེད་ལྟར་སྣང་དུ་འདི་ཀུན་གྱིས་ཀྱང་རྟོགས་སམ་སྙམ་པ་དང་། མྱོང་ ཐོས་དྲན་རིག་ཀྱང་སྔར་བཞིན་མེད་པར་སྟོང་པ་གཏད་ཡལ་དུ་སོང་བས། རིག་པ་ ཕྱམ་གདལ་ཏེ་རྟོག་པ་གཏན་ནས་མི་འཆར་བ་འདི་ལྟ་བུ་གར་སོང་སྙམ་ནས་བྱུང་ ཚོར་གནས་དག་ཏུ་རང་སངས་པ་ལ་ཤེས་པ་ཕྱལ་ཕྱལ་བ་སྟེ། རེས་འགའ་རང་གི་ བྱ་སྤྱོད་དང་སྣང་གྲགས་ཐམས་ཅད་གཏད་མེད་དུ་ཤ་ར་ར་སོང་བ་ལ་དགོད་འཆོར་ ཞིང་། རང་ཉིད་སྨྱོའམ། གཞན་སྨྱོ་བ་ཡིན་ནམ། ཡང་ན་བར་དོའམ་རྨི་ལམ་ཡིན་ ནམ་སྙམ་དུ་ཤེས་ཤིང་། རིག་པ་གཏད་ཡལ་རྗེན་པར་བུད་པ་དེ་ཐམས་ཅད་ལ་ ཡོད་པ་ལ། རྟོགས་པ་ལ་ཚེགས་ཅི་ཡོད་འདི་ཀར་འདུག་པ་ལ་སྙམ་ནས། དམིགས་ པ་མེད་པའི་སྙིང་རྗེ་ཟང་ཐལ་དུ་ཤར་བས་གཞན་ལའང་དེ་སྐད་སྟོན་ཞིང་། རྡོ་རྗེའི་ གླུ་དང་གཏད་མེད་ཀྱི་སྤྱོད་པ་དང་ཞེན་མེད་ཀྱི་རིག་པ་སྟོན་ཞིང་། ཟང་མ་ཐལ་དུ་ སྣང་བ་ཐམས་ཅད་དུས་གཅིག་ལ་ཤར་བ་སྟེ། འདིའི་དུས་ན་གཟུང་འཛིན་རང་ ལོག་གི་ཆོས་སྐུ་ཁོང་ནས་ཤར་བས། བདག་ཏུ་འཛིན་པའི་ཞེན་ཡུལ་དག་པ་ཞེས་ བྱ་སྟེ། མུ་ཏིག་ཕྲེང་བ་ལས། རང་བཞིན་སྣང་བའི་ཆོས་རྣམས་ལ། །དྲི་མ་མེད་པས་ ཕྲ་རགས་ལོག །གཟུང་འཛིན་མེད་པས་འཁྲུལ་པ་ལོག །འགྱུ་བ་མེད་པས་ལས་ རླུང་ལོག །ཟང་ཐལ་ཡིན་པས་དངོས་པོ་ལོག །གསལ་བ་ཡིན་ཕྱིར་སྟོང་པ་ལོག ། ཡེ་ནས་རྫོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་ བཞག་པས་སྒོམ་པ་ལོག །རང་གྲོལ་ཡིན་པས་སྣང་བ་༧ལོག །མངོན་དུ་སྣང་ བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་མ་མྱོང་བས་ཞེན་པ་ལོག ། མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློས་བཏགས་ལོག །ཉག་

[p. 181] ། ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། གཅིག་ཡིན་པས་གྲངས་མཐའ་ལོག །ཅེས་པ་དང་། ཀློང་དྲུག་པ་ལས། ཚོགས་ དྲུག་སྣང་བའི་སེམས་ཉིད་ལ། །རྟོག་ཚོགས་རྣམས་ནི་རང་སར་དག །སྒྲ་ཚིག་སྣང་ བའི་སེམས་ཉིད་ལ། །ཐ་སྙད་མིང་རྣམས་རང་སར་དག །རགས་པར་སྣང་བའི་ སེམས་ཉིད་ལ། །འབྱུང་བཞིའི་རྐྱེན་རྣམས་རང་སར་དག །གཟུང་འཛིན་སྣང་བའི་ སེམས་ཉིད་ལ། །བཅིངས་པའི་བདག་འཛིན་རང་སར་དག །ཡོད་པར་སྣང་བའི་ སེམས་ཉིད་ལ། །དངོས་པོ་རྣམས་ནི་རང་སར་དག །མེད་པར་སྣང་བའི་སེམས་ ཉིད་ལ། །སྟོང་པ་ཉིད་རྣམས་རང་སར་དག །ཡོད་དང་མེད་པའི་སེམས་ཉིད་ལ། ། གྲུབ་པའི་མཐའ་རྣམས་རང་སར་དག །ཆོས་སུ་སྣང་བའི་སེམས་ཉིད་ལ། །རང་གི་ མཚན་ཉིད་རང་སར་དག །ཆོས་མེད་སྣང་བའི་སེམས་ཉིད་ལ། །འཁྲུལ་པ་རྣམས་ ནི་རང་སར་དག །གཉེན་པོར་སྣང་བའི་སེམས་ཉིད་ལ། །དྲི་མ་རྣམས་ནི་རང་སར་ དག །བབས་ལས་གྲུབ་པའི་སེམས་ཉིད་ལ། །གཞི་གཞག་ཆེན་པོ་རང་སར་དག ། ཅེས་སོ། །དེ་ལྟར་རྟོགས་པ་ཁོང་ནས་ཤར་བའི་སྣང་བ་གཏད་མེད་གཞན་ཡང་ བསྟན་པ། དགྲ་གཉེན་ཆགས་སྡང་ཉེ་རིང་འདུ་ཤེས་བྲལ། །ཉིན་མཚན་རིས་མེད་ མཉམ་པར་ཕྱམ་གཅིག་པས། །དམིགས་གཏད་མཚན་མར་འཛིན་པའི་འཁོར་བ་ སངས། །རང་བྱུང་ཡེ་ཤེས་ངང་ཞེས་མི་རྟོག་པས། །བླང་དོར་སྤང་གཉེན་གཟེབ་ ལས་འདས་པ་ཡིན། །འདི་ལྟར་རྟོགས་ན་གཉིས་མེད་ཡེ་ཤེས་ཏེ། །རང་བྱུང་ཀུན་ ཏུ་བཟང་པོའི་དགོངས་པར་ཕྱིན། །ལྡོག་པའི་གནས་མེད་ཟད་པའི་སར་ཕྱིན་ཏོ། ། འདིའི་དུས་ན་རྟོགས་པ་ཉིན་མཚན་འདྲེས་པས་འཁོར་ཡུག་ཆེན་པོར་ཤར་བ་ནི། དགྲ་ལ་མི་དགའ་བ་རིང་བར་འཛིན་པ་མེད་པས་མཚན་མོའི་རྣམ་རྟོག་ཆོས་ཉིད་དུ་ སངས་པ་དང་། གཉེན་ལ་དགའ་གདུང་དུ་ཞེན་པ་ཉེ་བར་ཆགས་པ་མེད་པས་ཉིན་

[p. 182] ༈ ལེའུ་བརྒྱད་པ་བྱང་ཆུབ་ཀྱི་སེམས་ལ་གཉིས་སུ་མེད་པར་བསྟན་པ། མོའི་ཀུན་རྟོག་དབྱིངས་སུ་སངས་ཏེ། ཉིན་མཚན་གཟུང་འཛིན་གྱི་འཁོར་བ་སངས་ པས། རིག་པ་ཆོས་སྐུའི་ངང་ལ་གནས་ཀྱང་། གཉེན་པོ་མཆོག་འཛིན་གྱི་བློ་དང་ བྲལ་བས་ཤེས་བྱའི་དྲི་མ་རང་སར་གྲོལ་ཞིང་། བླང་དོར་དགྲ་གཉེན་གྱི་ཕྱོགས་ རིས་མེད་པས་ཉོན་མོངས་པའི་སྒྲིབ་པ་རང་གྲོལ་དུ་དག་པ་ནི། རང་བྱུང་ཀུན་ཏུ་ བཟང་པོའི་དགོངས་པར་ཕྱིན་པ་སྟེ། ཆོས་ཟད་པའི་ས་ལ་ཐུག་པ་ཞེས་བྱའོ། ། རྫོགས་པ་ཆེན་པོ་འདིའི་ལུགས་ཀྱིས་ཁྲེགས་ཆོད་དང་། ཐོད་རྒལ་གཉིས་ལས་ ཟད་པའང་སྣང་སྟོང་གཉིས་ཀྱིས་ལམ་གྱི་ཚོད་འཛིན་ཏེ། ཐོད་རྒལ་ཉམས་སུ་ བླངས་པས་འོད་གསལ་གྱི་སྣང་བ་སྔོན་ཐོག་ཏུ་ཟད་ནས་ནམ་མཁའ་སྤྲིན་དང་བྲལ་ བ་ལྟར་སོང་དུས་སྣང་བའི་ཆོས་ཉིད་ཟད་པ་སྟེ། དེའི་དུས་སུ་ནང་གི་ཉོན་མོངས་ དང་གདོས་བཅས་ཐམས་ཅད་ཟད་པས་ཚེ་འདིར་སངས་རྒྱས་པའི་རྟགས་ཚད་ལ་ ཕེབས་པའོ། །ཁྲེགས་ཆོད་ཆིག་ཆོད་དུ་རྟོགས་པ་རྣམས་ཀྱིས་རིག་པ་ཀ་དག་རྗེན་ ལ་བུད་པས་དེའི་རྩལ་འཁོར་འདས་ཀྱི་ཞེན་རྟོག་བཟང་ངན་ཐམས་ཅད་དག་ནས། གང་ལྟར་བསམས་ཀྱང་ཉོན་མོངས་དང་རྣམ་རྟོག་གཞི་གྲོལ་ལ་སངས་ནས་སྐྱེ་བ་ མེད་པ་ནི། སྟོང་པའི་ཆོས་ཉིད་ཟད་པ་ཞེས་བྱ་སྟེ། ནམ་ལངས་ཉི་ཤར་གྱི་དུས་སུ་ མུན་པ་བཙལ་གྱིས་མི་རྙེད་པ་ལྟར། གཟུང་འཛིན་གཞི་གྲོལ་དང་རྒྱ་གྲོལ་ལ་སངས་ པ་སྟེ། ཚེ་འདིས་ཆོས་ཟད་ཀ་དག་གི་སར་གཤེགས་པས། འཁོར་འདས་རྒྱ་གྲོལ་ གྱི་རྣལ་འབྱོར་པ་ཞེས་བྱ་སྟེ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དྷེ་ཀེ་བཛྲ་གྱི་ཞལ་ སྔ་ནས། རྒྱ་གྲོལ་རྣལ་འབྱོར་ནམ་ལངས་ཉི་ཤར་འདྲ། །ཆོས་སྐུའི་སྣང་བ་ཡིན་ནོ་ ཨེ་མ་ཧོ། །ཞེས་གསུངས་པ་བཞིན་ནོ། །འདིའི་དུས་ན་ཁྱབ་རྫོགས་ཡངས་པ་ཕྱམ་ གདལ་གྱི་དགོངས་པ་ལ་གནས་པས། ཉོན་མོངས་པ་ཐམས་ཅད་ཆོས་ཉིད་དུ་གྲོལ་

[p. 183] ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། བ་མངོན་དུ་གྱུར་ཏེ། གཞན་ངོར་ཉོན་མོངས་པ་ལྟར་སྣང་བ་དང་། ཡིད་ལ་དྲན་པ་

[edit]
OCR of the BDRC scans (I3CN14273), gorn05 tibocr 2026: BDRC OCR on 317 pages, Mitra OCR on 187 pages (the model with more recognisable syllables on each page).

[p. 206] ནང་གི་ཆོས་ཞེས་བདག་ཏུ་འཛིན་པ་མེད། །གང་ལ་གཟུང་བ་དང་འཛིན་པ་མེད་པར་རྟོགས་པའི་རིག་བ་དེའི་ངོ་བོ་ལ་ནི་རང་བྱུང་གི་ཡེ་ཤེས་སུ་ཐ་སྙད་བཏགས་ཀྱང་། རང་རིག་རང་གསལ་ལོ་ཞེས་རྣལ་འབྱོར་ སེམས་ཙམ་པ་ལྟར་མི་འདོད་དེ། ཕྱི་ནང་མེད་པས་ནང་གི་སེམས་སུ་མ་གྲུབ་པ་དང་། རང་གཞན་མེད་པས་རང་གི་རིག་པ་ཁོ་ནར་མ་གྲུབ་པ་དང་། གཟུང་འཛིན་ཡོད་མ་མྱོང་བས་དེ་གཉིས་དང་བྲལ་བར་མ་གྲུབ་པ་ དང་༑ ༑ཚོར་རིག་གི་ཡུལ་ན་མེད་པས་མྱོང་བ་གཉིས་མེད་དུ་མ་གྲུབ་པ་དང་། སེམས་དང་སེམས་བྱུང་མེད་པས་རང་གི་སེམས་སུ་མ་གྲུབ་པ་གསལ་མི་གསལ་དུ་མེད་པས་རང་གསལ་དུ་མ་གྲུབ་པའི་ ཕྱིར་རོ། །རིག་མ་རིག་ལས་འདས་པས་རིག་པ་ཙམ་དུའང་གདགས་སུ་མེད་པ་འདི་ནི། མཐའ་བྲལ་ཡོངས་སུ་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། མཚོན་ཚིག་གི་ཐ་སྙད་རང་བྱུང་གི་ཡེ་ཤེས་དང་། བྱང་ཆུབ་ ཀྱི་སེམས་དང་། ཆོས་སྐུ་དང་། དབྱིངས་ལྷུན་གྲུབ་ཆེན་པོ་དང་། རིག་པ་རང་གསལ་རྗེན་པ་ཞེས་བརྗོད་ཀྱང་། བརྡ་ཤེས་པའི་ཕྱིར་བཏགས་པ་ཙམ་ལས་རང་ངོ་བརྗོད་མེད་ཆེན་པོར་རྟོགས་པར་བྱའོ། །དེ་

[p. 207] ༄༅། །ལྟར་མ་ཡིན་པར་སྲིད་པ་ཁོ་ན་དུ་ཞེན་ནས་སེམས་ཙམ་པ་ཞིང་དེ་ཅིག་འཕགས་ལ་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དང་ཁྱད་པར་མི་རྙེད་དོ། །འདིར་སླ་རོགས་མ་སྤྱད་པས་འཁོར་བར་འཁོར་ བའི་མུ་སྟེགས་མ་དག་དོན་གཉིས་པ་མིག་ཏུ་འཛིན་པས་རང་རིག་འཇིག་པོ་ཐོབ་པ་གྱིས་ཤེས་སོ་ཞེས་མངོན་པའི་ང་རྒྱལ་སྲ་བར་ཟད་དོ། །རང་བཞིན་རྫོགས་པ་ཆེན་པོ་འདིའི་ལུགས་ཀྱིས་རང་རིག་རྣམ་པར་ མའི་མཇལ་ཚུལ་ཕལ་ཆེ་བ། དབུ་མ་ཐེལ་འགྱུར་དང་མཚུངས་པ་ལས། དབུ་མར་སྟོང་སྟོང་པོ་ནམ་མཁའ་འཇུ་བ་རྩིས་གཞིར་བྱེད་པ་སྟེ། འདིར་རིག་པ་ཀ་ནས་དག་པ་རྒྱུད་མང་དུ་མ་གྲུབ་པ་མི་དམིགས་ནས་ མཚམས་ལ་དེ་ཁྲིད་བྱས་ནས། དེ་དང་དེའི་ངང་ལས་མཐའ་མའི་ཆོས་རྣམས་མཐའ་ཡས་ནམ་མཁའ་ལྟར་མ་འཕྲད་པ་སྟེ། ཐལ་འགྱུར་ལས། དབུ་མ་སྤངས་པས་ཐ་སྙད་བྲལ། །བཅུ་གཅིག་མ་གྲུབ་པའི་རང་ བཞིན་དམ། །བཅུ་གཉིས་པ་དམ་པ་ཁོ་ན་ལུགས་མངོན་འགྱུར་བ། །མཁའ་ལྡིང་དམ་པ་སྐྱེ་མཆེད་དང་། །སྲོག་དང་སྙིང་པོ་མེད་པ་དང་། །ནམ་མཁའ་ཞེས་དག་གྱུར་པ་རྗོད་དྲག་པོ། །ཞེས་ པ་བྱས་ནས་དབུ་མ་བདེན་པས་མཚན་མེད་པའི་སྐྱེ་མཆེད་ཁོ་ན་བཞི་འགེགས་ཆེ་བས་མཐའ་མི་གནས། དྲན་པའི་ཁྱད་པར་དག་མེད་སོགས་ལ། །གསལ་ཅིག་ལུང་གྱི་མཐའ་མི་རྟོག་སྒྲ་ཕྲ་ལ་ཡང་

[p. 208] དག་ཚིག་མེད་ཕྱིར། །ལྟོས་གཞི་ཐམས་ཅད་ཟད་པའོ། །ཞེས་པ་དང་། ནོར་བུ་འཕྲ་བཀོད་ལས། ཆོས་ཀྱི་དབྱིངས་ལ་སྤྱོད་དང་མི་སྤྱོད་མེད། །ནམ་མཁའི་མཚན་ཉིད་ཡེ་ནས་ཀ་དག་པས། །ཆོས་སྐུ་ཉིད་ལ་དངོས་པོ་ མཚན་མ་མེད། །ཕྱི་དང་ནང་མེད་ཡངས་པ་ཆེན་པོ་ལ། །ཡངས་པའི་ཆོས་ཉིད་མཐའ་བྲལ་དངོས་པོ་མེད། །རྫོགས་ཆེན་ལྟ་བ་གསང་འདུས་དམ་པ་འདི། །ཐེག་པའི་སྐབས་ལ་ཤིན་ཏུ་གྲངས་མང་ཡང་། ། གསང་བའི་ངེས་དོན་རང་བཞིན་གཅིག་ལས་མེད། །ཆོས་ཉིད་དཀྱིལ་ཡངས་མཚན་མ་མེད་པའོ། །ཞེས་སོ། །ང་ནི་གཟུང་འཛིན་གཉིས་ཀ་ཡོད་མ་མྱོང་བ་ནམ་མཁའི་རང་བཞིན་དུ་རྟོགས་པའི་དུས་ན། རྣལ་འབྱོར་པ་ལ་ཆོས་ཐམས་ཅད་གཏན་མེད་ཡོངས་གྲོལ་ཆེན་པོར་འཆར་བའི་ཕྱིར། །ནང་གི་འཛིན་པ་སངས་པའི་རྟགས་སུ། ཕྱིའི་གཟུང་བ་ཕྱོགས་འབྱམས་སུ་གྲོལ་བར་བསྟན་པ་ནི། ཕྱི་རོལ་ སྣང་བའི་ཡུལ་ལ་ཕར་བལྟས་ཕམ། །ཐམས་ཅད་སང་སེང་འལ་འོལ་ཟང་མ་ཐལ། །ར་རི་ཟབ་ཟེབ་གཟའ་གཏད་ཆོས་དང་བྲལ། །སྣང་གྲགས་དྲན་རིག་མྱོང་ཚོར་སྔར་བཞིན་མེད། །འདི་ཅི་རང་ བཞིན་སྨྱོན་པའི་སྣང་བ་འམ། །རྨི་ལམ་ནང་ཞེས་རང་ལ་དགོད་པོ་འཆོར། །འདིར་རང་གི་རྟོགས་པའི་དུས་ངེས་པས་རྣལ་འབྱོར་པ་ཀུན་གྱི་སྣང་བ་རྟོགས་སུ་རུང་སྟེ། རྒྱུས་ལ་མཁས་པ་གཅིག་གིས་སྒྱུ་མའི་

[p. 209] ༄༅། །ལྟད་མོ་བདེན་མེད་དུ་མཐོང་བའི་ཚུལ་དེས། རྒྱུ་སེང་ཤེས་པ་གཞན་གྱི་སྣང་བ་ཞར་ལ་རྟོགས་པ་བཞིན་ནོ། །ཕྱི་ཡུལ་གྱི་སྣང་བ་འདི་དག་དེ་སྐར་དུ་མཚན་དུ་མཐོང་བ་ལས། རྟོགས་པའི་ དུས་ངེས་པའི་རང་ངོ་ལ་བདེན་ཞེན་གྱི་འཛིན་པ་ལོག་ལས། གཟུང་ཡུལ་ཐམས་ཅད་རྨི་ལམ་དང་། ཆུ་བྲང་དང་། སྨིག་རྒྱུའི་རྣམ་པ་ལྟར་སྣང་སོང་། འལ་འོལ། ཟང་མ་ཐལ་དུ་མཐོང་སྙམ་བྱེད་ཅིང་། ཅིར་སྣང་ཐམས་ཅད་ རི་རབ་འབྲེལ་ཡོད་དམ་མེད་དམ་སྙམ་དུ་གཏད་མེད་རང་སྣང་དུ་ཤར་ཏེ། སྐྱེ་འགྲོ་རྣམས་སུ་ཀྱང་སྔར་བས་སྤྱོད་པ་ཤིས་འགྱུར་བ་སྙམ་སྟེ། གཏད་མེད་ལྟར་སྣང་བ་འདི་ཀུན་གྱིས་ཀྱང་རྟོགས་སམ་སྙམ་པ་དང་། མྱོང་ཐོས་དྲན་ རིག་ཀྱང་སྔར་བཞིན་མེད་པར་སྟོང་པ་གཏད་ཡལ་དུ་སོང་བས། རིག་པ་ཕྱི་མ་གང་ལ་དེ་རྟོག་པ་གཏན་ནས་མི་འཆར་བ་འདི་ལྟ་བུ་གང་སོང་སྙམ་ནས་བྱུང་ཚོར་གནས་དག་ཏུ་རང་སངས་པ་ལ་ཤེས་པ་ཕྱལ་ཕྱལ་བ་སྟེ། རེས་འགའ་རང་གི་བྱ་སྤྱོད་དང་སྣང་གྲགས་ཐམས་ཅད་གཏང་མེད་དུ་ཤར་ར་སོང་བ་ལ་དགོད་འཆོར་ཞིང་། རང་ཉིད་སྐྱོ་འམ། གཞན་སྐྱོ་བ་ཡིན་ན་ཡང་ན་བ་དེའམ་རྨི་ལམ་ཡིན་ནམ་སྙམ་དུ་ཤེས་ཤིང་། རིག་པ་ གཏད་ཡལ་རྗེན་པར་བུད་པ་དེ་ཐམས་ཅད་ལ་ཡོང་པ་ལ། རྟོགས་པ་ལ་ཚེགས་ཅི་ཡོད་འདི་ཀར་འདུག་པ་ལ་སྙམ་ནས། དམིགས་པ་མེད་པའི་སྙིང་རྗེ་ཟང་ཐལ་དུ་ཤར་བས་གཞན་ལའང་བསྐད་སྟོན་ཞིང་། རྡོ་རྗེའི་

[p. 210] གླུ་དང་གཏད་མེད་ཀྱི་སྤྱོད་པ་དང་ཞེན་མེད་ཀྱི་རིག་པ་སྟོན་ཞིང་། ཟར་མ་ཐལ་དུ་སྣང་བ་ཐམས་ཅད་དུས་གཅིག་ལ་ཤར་བ་སྟེ། འདིའི་དུས་ན་གཟུང་འཛིན་རང་ལོག་གི་ཆོས་སྐུ་ཁོང་ནས་ཤར་བས། བདག་ཏུ་འཛིན་པའི་ ཞེན་ཡུལ་དག་པ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། རང་བཞིན་སྣང་བའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག །གཟུང་འཛིན་མེད་པས་འཁྲུལ་པ་ལོག །འགྱུ་བ་མེད་པས་ལས་རླུང་ལོག །ཟང་ཐལ་ཡིན་ པས་དངོས་པོ་ལོག །གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྫོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་སྒོམ་པ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །མངོན་ དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་མ་མྱོང་བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློས་བཏགས་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ ལོག །ཅེས་པ་དང་། ཀློང་དྲུག་པ་ལས། ཚོགས་དྲུག་སྣང་བའི་སེམས་ཉིད་ལ། །རྟོག་ཚོགས་རྣམས་ནི་རང་སར་དག །སྒྲ་ཚིག་སྣང་བའི་སེམས་ཉིད་ལ་། །ཐ་སྙད་མིང་རྣམས་རང་སར་དག །རགས་པར་ སྣང་བའི་སེམས་ཉིད་ལ། འབྱུང་བཞིའི་རྐྱེན་རྣམས་རང་སར་དག །གཟུང་འཛིན་སྣང་པའི་སེམས་ཉིད་ལ། །བཅིངས་པའི་བདག་འཛིན་རྣམ་པར་དག །ཡོད་པར་སྣང་བའི་སེམས་ཉིད་ལ།། དངོས་པོ་རྣམས་

[p. 211] ༄༅། །ཉིད་ལ་ཡང་ཡིད་ལ་བྱེད་པ་ནི་རང་སར་དག །མེད་པར་སྣང་བའི་སེམས་ཉིད་ལ། །སྟོང་པ་ཉིད་རྣམས་རང་སར་དག །ཡོད་དང་མེད་པའི་སེམས་ཉིད་ལ། །གུས་པའི་མཐའ་རྣམས་རང་སར་དག ། ཆོས་སུ་སྣང་བའི་སེམས་ཉིད་ལ། །རང་གི་མཚན་ཉིད་རང་སར་དག །ཆོས་མེད་སྣང་བའི་སེམས་ཉིད་ལ། །འཁྲུལ་པ་རྣམས་ནི་རང་སར་དག །གཉེན་པོར་སྣང་བའི་སེམས་ཉིད་ལ། །དྲི་མ་རྣམས་ནི་རང་སར་ དག །འབྲས་འབྲས་གྲུབ་པའི་སེམས་ཉིད་ལ། །གཞི་གཞག་ཆེན་པོ་རང་སར་དག །ཅེས་སོ། །དེ་ལྟར་རྟོགས་པ་ཁོང་ནས་ཤར་བའི་སྣང་བ་གཏད་མེད་གཞན་ཡང་བསྟན་པ། དགྲ་གཉེན་ཆགས་སྡང་ ཉེ་རིང་འདུ་ཤེས་བྲལ། །ཉིན་མཚན་རིས་མེད་མཉམ་པར་ཕྱམ་པ་ཅིག་པས། །དམིགས་གཏད་མཚན་མར་འཛིན་པའི་འཁོར་བ་སངས། །རང་བྱུང་ཡེ་ཤེས་དང་ཞེས་མི་རྟོགས་པས། །བླང་དོར་སྤང་ གཉེན་གཟི་ལས་འདས་པ་ཡིན། །འདི་ལྟར་རྟོགས་ན་གཉིས་མེད་ཡེ་ཤེས་ཏེ། །རང་བྱུང་ཀུན་དུ་བཟང་པོའི་དགོངས་པར་ཕྱིན། །ལྡོག་པའི་གནས་མེད་ཟད་པའི་སར་ཕྱིན་ཏོ། །འདིའི་དུས་ན་རྟོགས་ པ་ཉིན་མཚན་འདྲིས་པས་འཁོར་ཡུག་ཆེན་པོར་ཤར་བ་ནི། དགྲ་ལ་མི་དགའ་བ་རིང་བར་འཛིན་པ་མེད་པས་མཚན་མོའི་རྣམ་རྟོག་ཆོས་ཉིད་དུ་སངས་པ་དང་། གཉེན་ལ་དགའ་བ་དུང་ཕུ་ཞེན་པ་ཉེ་བར་ཆགས་

[p. 212] པ་མེད་པས་ཉིན་མོའི་ཀུན་རྟོག་དབྱིངས་སུ་སངས་ཏེ། ཉིན་མཚན་གཟུང་འཛིན་གྱི་འཁོར་བ་སངས་པས། རིག་པ་ཆོས་སྐུའི་ངང་ལ་གནས་ཀྱང་། གཉེན་པོ་མཆོག་འཛིན་གྱི་བློ་དང་བྲལ་བས་ཤེས་བྱའི་དྲི་མ་རང་ སར་གྲོལ་ཞིང་། བླང་དོར་དགྲ་གཉེན་གྱི་ཕྱོགས་རིས་མེད་པས་ཉོན་མོངས་པའི་སྒྲིབ་པ་རང་གྲོལ་དུ་དག་པ་ནི། རང་བྱུང་ཀུན་དུ་བཟང་པོའི་དགོངས་པར་ཕྱིན་པ་སྟེ། ཆོས་ཟད་པའི་ས་ལ་ཐུག་པ་ཞེས་བྱའོ། །རྫོགས་ པ་ཆེན་པོ་འདིའི་ལུགས་ཀྱིས་ཁྲེགས་ཆོད་དང་། ཐོད་རྒལ་གཉིས་ལས་ཟད་པའང་སྣང་སྟོང་གཉིས་ཀྱི་ལམ་གྱི་ཚོད་འཛིན་ཏེ། ཐོད་རྒལ་ཉམས་སུ་བླངས་པས་འོད་གསལ་གྱི་སྣང་བ་སྔོན་ཐོག་ཏུ་ཟད་ནས་ནམ་མཁའ་ སྤྲིན་དང་བྲལ་བ་ལྟར་སོང་དུས་སྣང་བའི་ཆོས་ཉིད་ཟད་པ་སྟེ། དེའི་དུས་སུ་ནང་གི་ཉོན་མོངས་དང་གདོས་བཅས་ཐམས་ཅད་ཟད་པས་ཚེ་འདིར་སངས་རྒྱས་པའི་རྟགས་ཚད་ལ་ཕེབས་པའོ། །ཁྲེགས་ཆོད་ཆིག་ ཆོད་དུ་རྟོགས་པ་རྣམས་ཀྱིས་རིག་པ་ཀ་དག་རྗེན་ལ་བུད་པས་དེའི་རྩལ་འཁོར་འདས་ཀྱི་ཞེན་རྟོག་བཟང་ངན་ཐམས་ཅད་དག་ནས། གང་ལྟར་བསམས་ཀྱང་ཉོན་མོངས་དང་རྣམ་རྟོག་གཞི་གྲོལ་ལ་སངས་ནས་སྐྱེ་ བ་མེད་པ་ནི། སྟོང་པའི་ཆོས་ཉིད་ཟད་པ་ཞེས་བྱ་སྟེ། ནམ་ལངས་ཉི་ཤར་གྱི་དུས་སུ་མུན་པ་བཙལ་གྱིས་མི་རྙེད་པ་ལྟར། གཟུང་འཛིན་གཞི་གྲོལ་དང་རྒྱ་གྲོལ་ལ་སངས་པ་སྟེ། ཚེ་འདིས་ཆོས་ཟད་ཀ་དག་གི་སར་

[p. 213] ༄༅། །གཤེགས་པས། འཁོར་འདས་རྒྱ་གྲོལ་གྱི་རྣལ་འབྱོར་བཞེས་བྱ་སྟེ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དྷི་ཀེ་བཛྲ་གྱི་ཞལ་སྔ་ནས། རྒྱ་གྲོལ་རྣལ་འབྱོར་ནམ་འདས་ཉི་ཤར་འདྲ། ། ཆོས་སྐུའི་སྣང་བ་ཡིན་ནོ་ཨེ་མ་ཧོ། །ཞེས་གསུངས་པ་བཞིན་ནོ། །འདིའི་དུས་ན་ཁྱབ་རྫོགས་འདས་པ་བྱམ་གང་ལ་བྱིན་འགྲོ་བས་ཕ་ལ་གནས་པ་མེད། ཉོན་མོངས་པ་ཐམས་ཅད་ཆོས་ཉིད་དུ་གྲོལ་བ་ མངོན་དུ་གྱུར་ཏེ། གཞན་ངོར་ཉོན་མོངས་པ་ལྟར་སྣང་བ་དང་།

[edit]
OCR of the BDRC scans (I1CZ2729), gorn05 tibocr 2026: BDRC OCR on 290 pages, Mitra OCR on 133 pages (the model with more recognisable syllables on each page).

[p. 151] ནང་གི་ཆོས་ཞེས་བདག་ཏུ་འཛིན་པ་མེད། །གང་ལ་གཟུང་བ་དང་འཛིན་པ་མེད་པར་རྟོགས་པའི་རིག་པ་དེའི་ངོ་བོ་ལ་ནི་རང་བྱུང་གི་ཡེ་ཤེས་སུ་ཐ་སྙད་བཏགས་ཀྱང་། རང་རིག་རང་གསལ་ལོ་ཞེས་རྣལ་ འབྱོར་སེམས་ཙམ་པ་ལྟར་མི་འདོད་དེ། ཕྱི་ནང་མེད་པས་ནང་གི་སེམས་སུ་མ་གྲུབ་པ་དང་། རང་གཞན་མེད་པས་རང་གི་རིག་པ་ཁོ་ནར་མ་གྲུབ་པ་དང་། གཟུང་འཛིན་ཡོད་མ་མྱོང་བས་དེ་གཉིས་དང་བྲལ་བར་མ་གྲུབ་པ་དང་། ཚོར་ རིག་གི་ཡུལ་ན་མེད་པས་མྱོང་བ་གཉིས་མེད་དུ་མ་གྲུབ་པ་དང་། སེམས་དང་སེམས་བྱུང་མེད་པས་རང་གི་སེམས་སུ་མ་གྲུབ་པ་དང་། གསལ་མི་གསལ་དུ་མེད་པས་རང་གསལ་དུ་མ་གྲུབ་པའི་ཕྱིར་རོ། །རིག་མ་རིག་ལས་ འདས་པས་རིག་པ་ཙམ་དུའང་གདགས་སུ་མེད་པ་འདི་ནི། མཐའ་ཟལ་ཡོངས་སུ་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། མཚོན་ཚིག་གི་ཐ་སྙད་རང་བྱུང་གི་ཡེ་ཤེས་དང་། བྱང་ཆུབ་ཀྱི་སེམས་དང་། ཆོས་སྐུ་དང་། དབྱིངས་ལྷུན་ གྲུབ་ཆེན་པོ་དང་། རིག་པ་རང་གསལ་རྗེན་པ་ཞེས་བརྗོད་ཀྱང་། བརྡ་ཤེས་པའི་ཕྱིར་བཏགས་པ་ཙམ་ལས་རང་ངོ་བརྗོད་མེད་ཆེན་པོར་རྟོགས་པར་བྱའོ། །དེ་ལྟར་མ་ཡིན་པར་མིང་ལ་དོན་དུ་ཞེན་ན་སེམས་ཙམ་པའི་རང་རིག་ རང་གསལ་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དང་ཁྱད་པར་མི་རྙེད་དོ། །འདིར་བློ་གྲོས་མ་སྦྱངས་ལ་འདི་པར་འདོད་པའི་མུ་ཅོར་དུ་སྒྲོགས་པ་དག་དེ་གཉིས་གཅིག་ཏུ་འཛིན་པས་རང་རིག་འདི་ཁོ་བོ་ཅག་གིས་ཤེས་སོ་

[p. 152] ཞེས་མངོན་པའི་ང་རྒྱལ་སྨྲ་བར་ཟད་དོ། །རང་བཞིན་རྫོགས་པ་ཆེན་པོ་འདིའི་ལུགས་ཀྱིས་མཐའ་བྲལ་ལ་སོགས་པའི་འཇལ་ཚུལ་ཕལ་ཆེར་དབུ་མ་ཐལ་འགྱུར་དང་མཚུངས་པ་ལས། དབུ་མར་སྟོང་སྟོང་པོ་ནམ་ མཁའ་འདྲ་བ་རྩིས་གཞིར་བྱེད་པ་སྟེ། འདིར་རིག་པ་ཀ་ནས་དག་པ་རྗེན་ཟད་དེ་བ་མ་གྲུབ་ལ་མི་འགག་པ་ཙམ་དེ་ལ་གཞིར་བྱས་ནས། དེ་དང་དེའི་ངང་ལས་ཤར་བའི་ཆོས་རྣམས་མཐའ་གྲོལ་ནམ་མཁའ་ལྟར་འཇལ་བ་སྟེ། ཐལ་འགྱུར་ལས། དུ་མ་སྤངས་པས་ཐ་སྙད་བྲལ། །གཅིག་མ་གྲུབ་པས་རང་བཞིན་དག །རང་བཞིན་དག་པས་དོན་ཀུན་གྲུབ། །རང་བཞིན་དག་དང་གཞི་མ་དང་། །འཁོར་དང་འདས་པའི་གཞི་མ་དང་། །གསོག་དང་ སྙིང་པོ་མེད་པ་དང་། །ཡ་མ་བརླ་ཞེས་མཚོན་བརྗོད་བྲལ། །ཞེས་པ་དང་། ཡང་། བྱ་བ་མེད་པས་མཚན་ཉིད་སྟོང་། །བརྗོད་གཞི་འགགས་པས་མཐའ་མི་གནས། །ཟག་པ་ཟད་ཕྱིར་གདོས་བཅས་མིན། །དྲན་པའི་ཁུངས་ འགགས་ངོ་བོ་གསལ། །གསལ་རིག་ཡུལ་གྱི་མཐའ་མི་རྟོག །སྒྲ་བྲལ་ཡང་དག་ཚིག་མེད་ཕྱིར། །ལྟོས་གཞི་ཐམས་ཅད་ཟད་པའོ། །ཞེས་པ་དང་། ནོར་བུ་འཕྲ་བཀོད་ལས། ཆོས་ཀྱི་དབྱིངས་ལ་སྤྱོད་དང་མི་སྤྱོད་མེད། ། ནམ་མཁའི་མཚན་ཉིད་ཡེ་ནས་ཀ་དག་པས། །ཆོས་སྐུ་ཉིད་ལ་དངོས་པོ་མཚན་མ་མེད། །ཕྱི་དང་ནང་མེད་ཡངས་པ་ཆེན་པོ་ལ། །ཡངས་པའི་ཆོས་ཉིད་མཐའ་བྲལ་དངོས་པོ་མེད། །རྫོགས་ཆེན་ལྟ་བ་གསང་འདུས་དམ་

[p. 153] ༄༅། །པ་འདི༑ །ཐེག་པའི་སྐབས་ལ་ཤིན་ཏུ་གྲངས་མང་ཡང་། །གསང་བའི་ངེས་དོན་རང་བཞིན་གཅིག་ལས་མེད། །ཆོས་ཉིད་དཀྱིལ་ཡངས་མཚན་མ་མེད་པའོ། །ཞེས་སོ། ད་ནི་གཟུང་འཛིན་གཉིས་ཀ་་་ ཡོད་མ་མྱོང་བ་ནམ་མཁའི་རང་བཞིན་དུ་རྟོགས་པའི་དུས་ན། རྣལ་འབྱོར་པ་ལ་ཆོས་ཐམས་ཅད་གཏད་མེད་ཡོངས་གྲོལ་ཆེན་པོར་འཆར་བའི་ཕྱིར། ནང་གི་འཛིན་པ་སངས་པའི་རྟགས་སུ། ཕྱིའི་གཟུང་བ་ཕྱོགས་འབྱམས་ སུ་གྲོལ་བར་བསྟན་པ་ནི། ཕྱི་རོལ་སྣང་བའི་ཡུལ་ལ་ཕར་བལྟས་པས། །ཐམས་ཅད་སང་སེང་འལ་འོལ་ཟང་མ་ཐལ། །ར་རི་ཟབ་ཟབ་གཟའ་གཏད་ཆོས་དང་བྲལ། །སྣང་གྲགས་དྲན་རིག་མྱོང་ཚོར་སྔར་བཞིན་མེད། །འདི་ ཅི་རང་བཞིན་སྨྱོན་པའི་སྣང་བའམ། །རྨི་ལམ་ནང་ཞེས་རང་ལ་དགོང་མོ་འཆོར། །འདིར་རང་གི་རྟོགས་པའི་དུས་ངེས་པས་རྣལ་འབྱོར་པ་ཀུན་གྱི་སྣང་བ་རྟོགས་སུ་རུང་སྟེ། རྒྱུས་ལ་མཁས་པ་གཅིག་གིས་སྒྱུ་མའི་ལྷད་མོ་་་ བདེན་མེད་དུ་མཐོང་བའི་ཚུལ་དེས། རྒྱུས་ཤེས་པ་གཞན་གྱི་སྣང་བ་ཞར་ལ་རྟོགས་པ་བཞིན་ནོ། །ཕྱི་ཡུལ་གྱི་སྣང་བ་འདི་དག་དེ་སྔ་རང་མཚན་དུ་མཐོང་བ་ལས། རྟོགས་པའི་དུས་ངེས་པའི་རང་ངོ་ལ་བདེན་ཞེན་གྱི་འཛིན་པ་་་ ལོག་པས། །གཟུང་ཡུལ་ཐམས་ཅད་རྨི་ལམ་དང་། ཆུ་ཟླ་དང་། སྨིག་རྒྱུའི་རྣམ་པ་ལྟར་སང་སེང་། འལ་འོལ། ཟང་མ་ཐལ་དུ་མཐོང་སྙམ་བྱེད་ཅིང་། ཅིར་སྣང་ཐམས་ཅད་ར་རི་ཟབ་ཟབ་ཡོད་དམ་མེད་དམ་སྙམ་དུ་གཏད་མེད་

[p. 154] རང་སྣང་དུ་ཤར་ཏེ། སྐྱེ་འགྲོ་རྣམས་ཀྱང་སྔ་རབས་སྤྱོད་གཤིས་འགྱུར་བ་སྙམ་སྟེ། གཏད་མེད་ལྟར་སྣང་དུ་འདི་ཀུན་གྱིས་ཀྱང་རྟོགས་སམ་སྙམ་པ་དང་། མྱོང་ཐོས་དྲན་རིག་ཀྱང་སྔར་བཞིན་མེད་པར་སྟོང་པ་གཏད་ཡལ་དུ་སོང་བས། རིག་པ་ཕྱམ་གདལ་ཏེ་རྟོག་པ་གཏན་ནས་མི་འཆར་བ་འདི་ལྟ་བུ་གར་སོང་སྙམ་ནས་བྱུང་ཚོར་གནས་དག་ཏུ་རང་སྲུངས་པ་ལ་ཤེས་པ་ཕྱལ་ཕྱལ་བ་སྟེ། རེས་འགའ་རང་གི་བྱ་སྤྱོད་དང་སྣང་གྲགས་ཐམས་ཅད་གཏད་མེད་དུ་ཤར་ར་སོང་བ་ལ་དགོད་འཚེར་ཞིང་། རང་ཉིད་སྨྱོའམ། གཞན་སྨྱོ་བ་ཡིན་ནམ། ཡང་ན་བར་དོའམ་རྨི་ལམ་ཡིན་ནམ་སྙམ་དུ་ཤེས་ཤིང་། རིག་པ་གཏད་ཡལ་རྗེན་པར་བུད་པ་དེ་ཐམས་ཅད་ལ་ཡོད་པ་ལ། རྟོགས་པ་ལ་ཚེགས་ཅི་ཡོད་འདི་ཀར་འདུག་པ་ལ་སྙམ་ནས། དམིགས་པ་མེད་པའི་སྙིང་རྗེ་ཟང་ཐལ་དུ་ཤར་བས་གཞན་ལའང་དེ་སྐད་སྟོན་ཞིང་། རྡོ་རྗེའི་གླུ་དང་གཏད་མེད་ཀྱི་སྤྱོད་པ་དང་ཞེན་མེད་ཀྱི་རིག་པ་སྟོན་ཞིང་། ཟང་མ་ཐལ་དུ་སྣང་བ་ཐམས་ཅད་དུས་གཅིག་ལ་ཤར་བ་སྟེ། འདིའི་དུས་ན་གཟུང་འཛིན་རང་ལོག་གི་ཆོས་སྐུ་ཁོང་ནས་ཤར་བས། བདག་ཏུ་འཛིན་པའི་ཞེན་ཡུལ་དག་པ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། རང་བཞིན་སྣང་བའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག །གཟུང་འཛིན་མེད་པས་འཁྲུལ་བ་ལོག །འགྱུ་བ་མེད་པས་ལས་རླུང་ལོག །ཟང་ཐལ་ཡིན་པས་དངོས་

[p. 155] པོ་ལོག །གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྫོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་སྒོམ་པ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་མ་མྱོང་བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློས་བཏགས་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཅེས་པ་དང་། ཀློང་དྲུག་པ་ལས། ཚོགས་དྲུག་སྣང་བའི་སེམས་ཉིད་ལ། །རྟོག་ཚོགས་རྣམས་ནི་རང་སར་དག །སྒྲ་ཚིག་སྣང་བའི་སེམས་ཉིད་ལ། །ཐ་སྙད་མིང་རྣམས་རང་སར་དག །རགས་པར་སྣང་བའི་སེམས་ཉིད་ལ། །འབྱུང་བཞིའི་རྐྱེན་རྣམས་རང་སར་དག །གཟུང་འཛིན་སྣང་བའི་སེམས་ཉིད་ལ། །བཅིངས་པའི་བདག་འཛིན་རང་སར་དག །ཡོད་པར་སྣང་བའི་སེམས་ཉིད་ལ། །དངོས་པོ་རྣམས་ནི་རང་སར་དག །མེད་པར་སྣང་བའི་སེམས་ཉིད་ལ། །སྟོང་པ་ཉིད་རྣམས་རང་སར་དག །ཡོད་དང་མེད་པའི་སེམས་ཉིད་ལ། །གྲུབ་པའི་མཐའ་རྣམས་རང་སར་དག །ཆོས་སུ་སྣང་བའི་སེམས་ཉིད་ལ། །རང་གི་མཚན་ཉིད་རང་སར་དག །ཆོས་མེད་སྣང་བའི་སེམས་ཉིད་ལ། །འཁྲུལ་པ་རྣམས་ནི་རང་སར་དག །གཉེན་

[p. 156] པོར་སྣང་བའི་སེམས་ཉིད་ལ། །དྲི་མ་རྣམས་ནི་རང་སར་དག །བབས་ལས་གྲུབ་པའི་སེམས་ཉིད་ལ། གཞི་གཞག་ཆེན་པོ་རང་སར་དག །ཅེས་སོ། །དེ་ལྟར་རྟོགས་པ་ཁོད་ནས་ཤར་བའི་སྣང་བ་གཏད་མེད་གཞན་ཡང་བསྟན་པ། །དགྲ་གཉེན་ཆགས་སྡང་ཉེ་རིང་འདུ་ཤེས་བྲལ། །ཉིན་མཚན་རིས་མེད་མཉམ་པར་ཕྱམ་གཅིག་པས། །དམིགས་གཏད་མཚན་མར་འཛིན་པའི་འཁོར་བ་སངས། །རང་བྱུང་ཡེ་ཤེས་དང་ཞེས་མི་རྟོག་པས། །བླང་དོར་སྤང་གཉེན་གཟེབ་ལས་འདས་པ་ཡིན། །འདི་ལྟར་རྟོགས་ན་གཉིས་མེད་ཡེ་ཤེས་ཏེ། །རང་བྱུང་ཀུན་ཏུ་བཟང་པོའི་དགོངས་པར་ཕྱིན། །ལྡོག་པའི་གནས་མེད་ཟད་པའི་སར་ཕྱིན་ཏོ། །འདིའི་དུས་ན་རྟོགས་པ་ཉིན་མཚན་འདྲེས་པས་འཁོར་ཡུག་ཆེན་པོར་ཤར་བ་ནི། དགྲ་ལ་མི་དགའ་བ་རིང་བར་འཛིན་པ་མེད་པས་མཚན་མོའི་རྣམ་རྟོག་ཆོས་ཉིད་དུ་སངས་པ་དང་། གཉེན་ལ་དགའ་གདུང་དུ་ཞེན་པ་ཉེ་བར་ཆགས་པ་མེད་པས་ཉིན་མོའི་ཀུན་རྟོགས་དབྱིངས་སུ་སངས་ཏེ། ཉིན་མཚན་གཟུང་འཛིན་གྱི་འཁོར་བ་སངས་པས། རིག་པ་ཆོས་སྐུའི་ངང་ལ་གནས་ཀྱང་། གཉེན་པོ་མཆོག་འཛིན་གྱི་བློ་དང་བྲལ་བས་ཤེས་བྱའི་དྲི་མ་རང་སར་གྲོལ་ཞིང་། བླང་དོར་དགྲ་གཉེན་གྱི་ཕྱོགས་རིས་མེད་པས་ཉོན་མོངས་པའི་སྒྲིབ་པ་རང་གྲོལ་དུ་དག་པ་ནི། རང་བྱུང་ཀུན་ཏུ་བཟང་པོའི། དགོངས་པར་ཕྱིན་པ་སྟེ། ཆོས་ཟད་པའི་ས་ལ་ཐུག་བཞེས་བྱའོ། །རྫོགས་པ་ཆེན་པོ་འདིའི་ལུགས་

[p. 157] ༄༅། །ཀྱིས་ཁྲེགས་ཆོད་དང་། ཐོད་རྒལ་གཉིས་ལས་ཟད་པའང་སྣང་སྟོང་གཉིས་ཀྱིས་ལམ་གྱི་ཚོད་འཛིན་ཏེ། ཐོད་རྒལ་ཉམས་སུ་བླངས་པས་འོད་གསལ་གྱི་སྣང་བ་སྔོན་ཐོག་ཏུ་ཟད་ནས་ནམ་མཁའ་སྤྲིན་དང་བྲལ་བ་ ལྟར་སོང་དུས་སྣང་བའི་ཆོས་ཉིད་ཟད་པ་སྟེ། དེའི་དུས་སུ་ནང་གི་ཉོན་མོངས་དང་གདོས་བཅས་ཐམས་ཅད་ཟད་པས་ཚེ་འདིར་སངས་རྒྱས་པའི་རྟགས་ཚད་ལ་ཕེབས་པའོ། །ཁྲེགས་ཆོད་ཆིག་ཆོད་དུ་རྟོགས་པ་རྣམས་ཀྱིས་ རིག་པ་ཀ་དག་རྗེན་ལ་བུད་པས་དེའི་རྩལ་འཁོར་འདས་ཀྱི་ཞེན་རྟོག་བཟང་ངན་ཐམས་ཅད་དག་ནས། གང་ལྟར་བསམས་ཀྱང་ཉོན་མོངས་དང་རྣམ་རྟོག་གཞི་གྲོལ་ལ་སངས་ནས་སྐྱེ་བ་མེད་པ་ནི། སྟོང་པའི་ཆོས་ཉིད་ཟད་པ་ ཞེས་བྱ་སྟེ། ནམ་ལངས་ཉི་ཤར་གྱི་དུས་སུ་མུན་པ་བཙལ་གྱིས་མི་རྙེད་པ་ལྟར། གཟུང་འཛིན་གཞི་གྲོལ་དང་རྒྱ་གྲོལ་ལ་སངས་པ་སྟེ། ཚེ་འདིས་ཆོས་ཟད་ཀ་དག་གི་སར་གཤེགས་པས། འཁོར་འདས་རྒྱ་གྲོལ་གྱི་རྣལ་འབྱོར་ པ་ཞེས་བྱ་སྟེ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དྷེ་ཀེ་བཛྲ་གྱི་ཞལ་སྔ་ནས། རྒྱ་གྲོལ་རྣལ་འབྱོར་ནམ་ལངས་ཉི་ཤར་འདྲ། །ཆོས་སྐུའི་སྣང་བ་ཡིན་ནོ་ཨེ་མ་ཧོ། །ཞེས་གསུངས་པ་བཞིན་ནོ། །འདིའི་དུས་ན་ཁྱབ་རྫོགས་ཡངས་ པ་ཕྱམ་གདལ་གྱི་དགོངས་པ་ལ་གནས་པས། ཉོན་མོངས་པ་ཐམས་ཅད་ཆོས་ཉིད་དུ་གྲོལ་བ་མངོན་དུ་གྱུར་ཏེ། གཞན་ངོར་ཉོན་མོངས་པ་ལྟར་སྣང་བ་དང་།

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 783 typing errors, November 2026), with the variants of the other editions under each page (26 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = root and commentary MW3CN3400; R = root and commentary MW3CN14271; C = commentary MW1CZ2550. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 323] བདག་ཏུ་འཛིན་པ་མེད། །གང་ལ་གཟུང་བ་དང་འཛིན་པ་མེད་པར་རྟོགས་པའི་རིག་པ་དེའི་ངོ་བོ་ལ་ནི་རང་བྱུང་གི་ཡེ་ཤེས་སུ་ཐ་སྙད་བཏགས་ཀྱང༌། རང་རིག་རང་གསལ་ལོ་ཞེས་རྣལ་འབྱོར་སེམས་ཙམ་པ་ལྟར་མི་འདོད་དེ། ཕྱི་ནང་མེད་པས་ནང་གི་སེམས་སུ་མ་གྲུབ་པ་དང༌། རང་གཞན་མེད་པས་རང་གི་རིག་པ་ཁོ་ནར་མ་གྲུབ་པ་དང༌། གཟུང་འཛིན་ཡོད་མ་མྱོང་བས་དེ་གཉིས་དང་བྲལ་བར་མ་གྲུབ་པ་དང༌། ཚོར་རིག་གི་ཡུལ་ན་མེད་པས་མྱོང་བ་གཉིས་མེད་དུ་མ་གྲུབ་པ་དང༌། སེམས་དང་སེམས་བྱུང་མེད་པས་རང་གི་སེམས་སུ་མ་གྲུབ་པ་དང༌། གསལ་མི་གསལ་དུ་མེད་པས་རང་གསལ་དུ་མ་གྲུབ་པའི་ཕྱིར་རོ། །རིག་མ་རིག་ལས་འདས་པས་རིག་པ་ཙམ་དུའང་གདགས་སུ་མེད་པ་འདི་ནི། མཐའ་བྲལ་ཡོངས་སུ་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། མཚོན་ཚིག་གི་ཐ་སྙད་རང་བྱུང་གི་ཡེ་ཤེས་དང༌། བྱང་ཆུབ་ཀྱི་

རྟོགས་པའི་རིག་པ་དེའི་ངོ ] བ G S R · འདི་ནི་མཐའ་བྲལ་ཡོངས་སུ ] ཟལ A C

[p. 324] སེམས་དང༌། ཆོས་སྐུ་དང༌། དབྱིངས་ལྷུན་གྲུབ་ཆེན་པོ་དང༌། རིག་པ་རང་གསལ་རྗེན་པ་ཞེས་བརྗོད་ཀྱང༌། བརྡ་ཤེས་པའི་ཕྱིར་བཏགས་པ་ཙམ་ལས་རང་ངོ་བརྗོད་མེད་ཆེན་པོར་རྟོགས་པར་བྱའོ། །དེ་ལྟར་མ་ཡིན་པར་མིང་ལ་དོན་དུ་ཞེན་ན་སེམས་ཙམ་པའི་རང་རིག་རང་གསལ་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དང་ཁྱད་པར་མི་རྙེད་དོ། །འདིར་བློ་གྲོས་མ་སྦྱངས་ལ་འདི་པར་འདོད་པའི་མུ་ཅོར་དུ་སྒྲོགས་པ་དག་དེ་གཉིས་གཅིག་ཏུ་འཛིན་པས་རང་རིག་འདི་ཁོ་བོ་ཅག་གིས་ཤེས་སོ་ཞེས་མངོན་པའི་ང་རྒྱལ་སྨྲ་བར་ཟད་དོ། །རང་བཞིན་རྫོགས་པ་ཆེན་པོ་འདིའི་ལུགས་ཀྱིས་མཐའ་བྲལ་ལ་སོགས་པའི་འཇལ་ཚུལ་ཕལ་ཆེར། དབུ་མ་ཐལ་འགྱུར་དང་མཚུངས་པ་ལས། དབུ་མར་སྟོང་སྟོང་པོ་ནམ་མཁའ་འདྲ་བ་རྩིས་གཞིར་བྱེད་པ་སྟེ། འདིར་རིག་པ་ཀ་ནས་དག་པ་རྗེན་ཟང་ངེ་བ་མ་གྲུབ་ལ་མི་འགག་པ་ཙམ་དེ་ལ་གཞིར་བྱས་ནས།

དོན་དུ་ཞེན་ན་སེམས་ཙམ ] ནས W R · ཆེར་དབུ་མ་ཐལ་འགྱུར་དང ] ལ P

[p. 325] དེ་དང་དེའི་ངང་ལས་ཤར་བའི་ཆོས་རྣམས་མཐའ་གྲོལ་ནམ་མཁའ་ལྟར་འཇལ་བ་སྟེ། ཐལ་འགྱུར་ལས། དུ་མ་སྤངས་པས་ཐ་སྙད་བྲལ། །གཅིག་མ་གྲུབ་པས་རང་བཞིན་དག །རང་བཞིན་དག་པས་དོན་ཀུན་གྲུབ། །རང་བཞིན་དག་དང་གཞི་མ་དང༌། །འཁོར་དང་འདས་པའི་གཞི་མ་དང༌། །གསོག་དང་སྙིང་པོ་མེད་པ་དང༌། །ཡ་མ་བརླ་ཞེས་མཚོན་བརྗོད་བྲལ། །ཞེས་པ་དང༌། ཡང༌། བྱ་བ་མེད་པས་མཚན་ཉིད་སྟོང༌། །བརྗོད་གཞི་འགགས་པས་མཐའ་མི་གནས། །ཟག་པ་ཟད་ཕྱིར་གདོས་བཅས་མིན། །དྲན་པའི་ཁུངས་འགགས་ངོ་བོ་གསལ། །གསལ་རིག་ཡུལ་གྱི་མཐའ་མི་རྟོག །སྒྲ་བྲལ་ཡང་དག་ཚིག་མེད་ཕྱིར། །ལྟོས་གཞི་ཐམས་ཅད་ཟད་པའོ། །ཞེས་པ་དང༌། ནོར་བུ་འཕྲ་བཀོད་ལས། ཆོས་ཀྱི་དབྱིངས་ལ་སྤྱོད་དང་མི་སྤྱོད་མེད། །ནམ་མཁའི་མཚན་ཉིད་ཡེ་ནས་ཀ་དག་པས། །

མཐའ་མི་གནས་ཟག་པ་ཟད་ཕྱིར་གདོས་བཅས་མིན་དྲན་པའི ] om. G R · དང་ནོར་བུ་འཕྲ་བཀོད་ལས ] ཕྲ P S

[p. 326] ཆོས་སྐུ་ཉིད་ལ་དངོས་པོ་མཚན་མ་མེད། །ཕྱི་དང་ནང་མེད་ཡངས་པ་ཆེན་པོ་ལ། །ཡངས་པའི་ཆོས་ཉིད་མཐའ་བྲལ་དངོས་པོ་མེད། །རྫོགས་ཆེན་ལྟ་བ་གསང་འདུས་དམ་པ་འདི། །ཐེག་པའི་སྐབས་ལ་ཤིན་ཏུ་གྲངས་མང་ཡང༌། །གསང་བའི་ངེས་དོན་རང་བཞིན་གཅིག་ལས་མེད། །ཆོས་ཉིད་དཀྱིལ་ཡངས་མཚན་མ་མེད་པའོ། །ཞེས་སོ། །ད་ནི་གཟུང་འཛིན་གཉིས་ཀ་ཡོད་མ་མྱོང་བ་ནམ་མཁའི་རང་བཞིན་དུ་རྟོགས་པའི་དུས་ན། རྣལ་འབྱོར་པ་ལ་ཆོས་ཐམས་ཅད་གཏད་མེད་ཡོངས་གྲོལ་ཆེན་པོར་འཆར་བའི་ཕྱིར། ནང་གི་འཛིན་པ་སངས་པའི་རྟགས་སུ། ཕྱིའི་གཟུང་བ་ཕྱོགས་འབྱམས་སུ་གྲོལ་བར་བསྟན་པ་ནི། ཕྱི་རོལ་སྣང་བའི་ཡུལ་ལ་ཕར་བལྟས་པས། །ཐམས་ཅད་སང་སེང་འལ་འོལ་ཟང་མ་ཐལ། །ར་རི་ཟབ་ཟེབ་གཟའ་གཏད་ཆོས་དང་བྲལ། །སྣང་གྲགས་དྲན་རིག་མྱོང་ཚོར་སྔར་བཞིན་མེད། །འདི་ཅི་རང་

ཆོས་ཉིད་དཀྱིལ་ཡངས་མཚན་མ ] ཡང W

[p. 327] བཞིན་སྨྱོན་པའི་སྣང་བའམ། །རྨི་ལམ་ནང་ཞེས་རང་ལ་དགོད་མོ་འཆོར། །འདིར་རང་གི་རྟོགས་པའི་དུས་ངེས་པས་རྣལ་འབྱོར་པ་ཀུན་གྱི་སྣང་བ་རྟོགས་སུ་རུང་སྟེ། རྒྱུས་ལ་མཁས་པ་གཅིག་གིས་སྒྱུ་མའི་ལྟད་མོ་བདེན་མེད་དུ་མཐོང་བའི་ཚུལ་དེས། རྒྱུས་ཤེས་པ་གཞན་གྱི་སྣང་བ་ཞར་ལ་རྟོགས་པ་བཞིན་ནོ། །ཕྱི་ཡུལ་གྱི་སྣང་བ་འདི་དག་དེ་སྔ་རང་མཚན་དུ་མཐོང་བ་ལས། རྟོགས་པའི་དུས་ངེས་པའི་རང་ངོ་ལ་བདེན་ཞེན་གྱི་འཛིན་པ་ལོག་པས། གཟུང་ཡུལ་ཐམས་ཅད་རྨི་ལམ་དང༌། ཆུ་ཟླ་དང༌། སྨིག་རྒྱུའི་རྣམ་པ་ལྟར་སང་སེང༌། འལ་འོལ། ཟང་མ་ཐལ་དུ་མཐོང་སྙམ་བྱེད་ཅིང༌། ཅིར་སྣང་ཐམས་ཅད་ར་རི་ཟབ་ཟེབ་ཡོད་དམ་མེད་དམ་སྙམ་དུ་གཏད་མེད་རང་སྣང་དུ་ཤར་ཏེ། སྐྱེ་འགྲོ་རྣམས་ཀྱང་སྔར་བས་སྤྱོད་གཤིས་འགྱུར་བ་སྙམ་སྟེ། གཏད་མེད་ལྟར་སྣང་དུ་འདི་ཀུན་གྱིས་ཀྱང་རྟོགས་སམ་སྙམ་པ་

རང་ལ་དགོད་མོ་འཆོར་འདིར ] པོ G R · གྱི་སྣང་བ་ཞར་ལ་རྟོགས ] ཤར W · འགྲོ་རྣམས་ཀྱང་སྔར་བས་སྤྱོད་གཤིས ] སྔ་རབས A C

[p. 328] དང༌། མྱོང་ཐོས་དྲན་རིག་ཀྱང་སྔར་བཞིན་མེད་པར་སྟོང་པ་གཏད་ཡལ་དུ་སོང་བས། རིག་པ་ཕྱམ་གདལ་ཏེ་རྟོག་པ་གཏན་ནས་མི་འཆར་བ་འདི་ལྟ་བུ་གར་སོང་སྙམ་ནས་བྱུང་ཚོར་གནས་དག་ཏུ་རང་སངས་པ་ལ་ཤེས་པ་ཕྱལ་ཕྱལ་བ་སྟེ། རེས་འགའ་རང་གི་བྱ་སྤྱོད་དང་སྣང་གྲགས་ཐམས་ཅད་གཏད་མེད་དུ་ཤ་ར་ར་སོང་བ་ལ་དགོད་འཆོར་ཞིང༌། རང་ཉིད་སྨྱོའམ། གཞན་སྨྱོ་བ་ཡིན་ནམ། ཡང་ན་བར་དོའམ་རྨི་ལམ་ཡིན་ནམ་སྙམ་དུ་ཤེས་ཤིང༌། རིག་པ་གཏད་ཡལ་རྗེན་པར་བུད་པ་དེ་ཐམས་ཅད་ལ་ཡོད་པ་ལ། རྟོགས་པ་ལ་ཚེགས་ཅི་ཡོད་འདི་ཀར་འདུག་པ་ལ་སྙམ་ནས། དམིགས་པ་མེད་པའི་སྙིང་རྗེ་ཟང་ཐལ་དུ་ཤར་བས་གཞན་ལའང་དེ་སྐད་སྟོན་ཞིང༌། རྡོ་རྗེའི་གླུ་དང་གཏད་མེད་ཀྱི་སྤྱོད་པ་དང་ཞེན་མེད་ཀྱི་རིག་པ་སྟོན་ཞིང༌། ཟང་མ་ཐལ་དུ་སྣང་བ་ཐམས་ཅད་དུས་གཅིག་ལ་ཤར་བ་སྟེ། འདིའི་དུས་ན་གཟུང་འཛིན་རང་ལོག་

དག་ཏུ་རང་སངས་པ་ལ ] སྲུངས A C · གཏད་མེད་དུ་ཤ་ར་ར་སོང ] ཤར A R C · སྨྱོ་བ་ཡིན་ནམ་ཡང་ན ] ན G R

[p. 329] གི་ཆོས་སྐུ་ཁོང་ནས་ཤར་བས། བདག་ཏུ་འཛིན་པའི་ཞེན་ཡུལ་དག་པ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། རང་བཞིན་སྣང་བའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག །གཟུང་འཛིན་མེད་པས་འཁྲུལ་པ་ལོག །འགྱུ་བ་མེད་པས་ལས་རླུང་ལོག །ཟང་ཐལ་ཡིན་པས་དངོས་པོ་ལོག །གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྫོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་སྒོམ་པ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་མ་མྱོང་བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློས་བཏགས་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཅེས་པ་དང༌། ཀློང་དྲུག་པ་ལས། ཚོགས་དྲུག་སྣང་བའི་སེམས་ཉིད་ལ། །རྟོག་ཚོགས་རྣམས་ནི་

མེད་པས་ཕྲ་རགས་ལོག་གཟུང ] རག W · མེད་པས་འཁྲུལ་པ་ལོག་འགྱུ ] བ A C

[p. 330] རང་སར་དག །སྒྲ་ཚིག་སྣང་བའི་སེམས་ཉིད་ལ། །ཐ་སྙད་མིང་རྣམས་རང་སར་དག །རགས་པར་སྣང་བའི་སེམས་ཉིད་ལ། །འབྱུང་བཞིའི་རྐྱེན་རྣམས་རང་སར་དག །གཟུང་འཛིན་སྣང་བའི་སེམས་ཉིད་ལ། །བཅིངས་པའི་བདག་འཛིན་རང་སར་དག །ཡོད་པར་སྣང་བའི་སེམས་ཉིད་ལ། །དངོས་པོ་རྣམས་ནི་རང་སར་དག །མེད་པར་སྣང་བའི་སེམས་ཉིད་ལ། །སྟོང་པ་ཉིད་རྣམས་རང་སར་དག །ཡོད་དང་མེད་པའི་སེམས་ཉིད་ལ། །གྲུབ་པའི་མཐའ་རྣམས་རང་སར་དག །ཆོས་སུ་སྣང་བའི་སེམས་ཉིད་ལ། །རང་གི་མཚན་ཉིད་རང་སར་དག །ཆོས་མེད་སྣང་བའི་སེམས་ཉིད་ལ། །འཁྲུལ་པ་རྣམས་ནི་རང་སར་དག །གཉེན་པོར་སྣང་བའི་སེམས་ཉིད་ལ། །དྲི་མ་རྣམས་ནི་རང་སར་དག །བབས་ལས་གྲུབ་པའི་སེམས་ཉིད་ལ། །གཞི་གཞག་ཆེན་པོ་རང་སར་དག །ཅེས་སོ། །དེ་ལྟར་རྟོགས་པ་ཁོང་ནས་ཤར་བའི་

པའི་བདག་འཛིན་རང་སར་དག་ཡོད ] རྣམ་པར G R

[p. 331] སྣང་བ་གཏད་མེད་གཞན་ཡང་བསྟན་པ། །དགྲ་གཉེན་ཆགས་སྡང་ཉེ་རིང་འདུ་ཤེས་བྲལ། །ཉིན་མཚན་རིས་མེད་མཉམ་པར་ཕྱམ་གཅིག་པས། །དམིགས་གཏད་མཚན་མར་འཛིན་པའི་འཁོར་བ་སངས། །རང་བྱུང་ཡེ་ཤེས་ངང་ཞེས་མི་རྟོག་པས། །བླང་དོར་སྤང་གཉེན་གཟེབ་ལས་འདས་པ་ཡིན། །འདི་ལྟར་རྟོགས་ན་གཉིས་མེད་ཡེ་ཤེས་ཏེ། །རང་བྱུང་ཀུན་ཏུ་བཟང་པོའི་དགོངས་པར་ཕྱིན། །ལྡོག་པའི་གནས་མེད་ཟད་པའི་སར་ཕྱིན་ཏོ། །འདིའི་དུས་ན་རྟོགས་པ་ཉིན་མཚན་འདྲེས་པས་འཁོར་ཡུག་ཆེན་པོར་ཤར་བ་ནི། དགྲ་ལ་མི་དགའ་བ་རིང་བར་འཛིན་པ་མེད་པས་མཚན་མོའི་རྣམ་རྟོག་ཆོས་ཉིད་དུ་སངས་པ་དང༌། གཉེན་ལ་དགའ་གདུང་དུ་ཞེན་པ་ཉེ་བར་ཆགས་པ་མེད་པས་ཉིན་མོའི་ཀུན་རྟོག་དབྱིངས་སུ་སངས་ཏེ། ཉིན་མཚན་གཟུང་འཛིན་གྱི་འཁོར་བ་སངས་པས། རིག་པ་ཆོས་སྐུའི་ངང་

བྱུང་ཡེ་ཤེས་ངང་ཞེས་མི ] དང G R C · རང་བྱུང་ཀུན་ཏུ་བཟང་པོའི ] དུ G R · པའི་སར་ཕྱིན་ཏོ་འདིའི་དུས ] ཏེ W · ཉིན་མོའི་ཀུན་རྟོག་དབྱིངས་སུ ] རྟོགས A C

[p. 332] ལ་གནས་ཀྱང༌། གཉེན་པོ་མཆོག་འཛིན་གྱི་བློ་དང་བྲལ་བས་ཤེས་བྱའི་དྲི་མ་རང་སར་གྲོལ་ཞིང༌། བླང་དོར་དགྲ་གཉེན་གྱི་ཕྱོགས་རིས་མེད་པས་ཉོན་མོངས་པའི་སྒྲིབ་པ་རང་གྲོལ་དུ་དག་པ་ནི། རང་བྱུང་ཀུན་ཏུ་བཟང་པོའི་དགོངས་པར་ཕྱིན་པ་སྟེ། ཆོས་ཟད་པའི་ས་ལ་ཐུག་པ་ཞེས་བྱའོ། །རྫོགས་པ་ཆེན་པོ་འདིའི་ལུགས་ཀྱིས་ཁྲེགས་ཆོད་དང༌། ཐོད་རྒལ་གཉིས་ལས་ཟད་པའང་སྣང་སྟོང་གཉིས་ཀྱི་ལམ་གྱི་ཚོད་འཛིན་ཏེ། ཐོད་རྒལ་ཉམས་སུ་བླངས་པས་འོད་གསལ་གྱི་སྣང་བ་སྔོན་ཐོག་ཏུ་ཟད་ནས་ནམ་མཁའ་སྤྲིན་དང་བྲལ་བ་ལྟར་སོང་དུས་སྣང་བའི་ཆོས་ཉིད་ཟད་པ་སྟེ། དེའི་དུས་སུ་ནང་གི་ཉོན་མོངས་དང་གདོས་བཅས་ཐམས་ཅད་ཟད་པས་ཚེ་འདིར་སངས་རྒྱས་པའི་རྟགས་ཚད་ལ་ཕེབས་པའོ། །ཁྲེགས་ཆོད་ཆིག་ཆོད་དུ་རྟོགས་པ་རྣམས་ཀྱིས་རིག་པ་ཀ་དག་རྗེན་ལ་བུད་པས་དེའི་རྩལ་འཁོར་འདས་ཀྱི་ཞེན་རྟོག་བཟང་ངན་

གྲོལ་ཞིང་བླང་དོར་དགྲ་གཉེན ] དར W · རང་བྱུང་ཀུན་ཏུ་བཟང་པོའི ] དུ G R · སྣང་སྟོང་གཉིས་ཀྱི་ལམ་གྱི ] ཀྱིས A P S C

[p. 333] ཐམས་ཅད་དག་ནས། གང་ལྟར་བསམས་ཀྱང་ཉོན་མོངས་དང་རྣམ་རྟོག་གཞི་གྲོལ་ལ་སངས་ནས་སྐྱེ་བ་མེད་པ་ནི། སྟོང་པའི་ཆོས་ཉིད་ཟད་པ་ཞེས་བྱ་སྟེ། ནམ་ལངས་ཉི་ཤར་གྱི་དུས་སུ་མུན་པ་བཙལ་གྱིས་མི་རྙེད་པ་ལྟར། གཟུང་འཛིན་གཞི་གྲོལ་དང་རྒྱ་གྲོལ་ལ་སངས་པ་སྟེ། ཚེ་འདི་ཆོས་ཟད་ཀ་དག་གི་སར་གཤེགས་པས། འཁོར་འདས་རྒྱ་གྲོལ་གྱི་རྣལ་འབྱོར་པ་ཞེས་བྱ་སྟེ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དྷེ་ཀེ་བཛྲ་གྱི་ཞལ་སྔ་ནས། རྒྱ་གྲོལ་རྣལ་འབྱོར་ནམ་ལངས་ཉི་ཤར་འདྲ། །ཆོས་སྐུའི་སྣང་བ་ཡིན་ནོ་ཨེ་མ་ཧོ། །ཞེས་གསུངས་པ་བཞིན་ནོ། །འདིའི་དུས་ན་ཁྱབ་རྫོགས་ཡངས་པ་ཕྱམ་གདལ་གྱི་དགོངས་པ་ལ་གནས་པས། ཉོན་མོངས་པ་ཐམས་ཅད་ཆོས་ཉིད་དུ་གྲོལ་བ་མངོན་དུ་གྱུར་ཏེ། གཞན་ངོར་ཉོན་མོངས་པ་ལྟར་སྣང་བ་དང༌། ཡིད་ལ་དྲན་པ་དག་ཏུ་འབྱུང་བས་ཚོར་བ་རགས་པར་མངོན་

པ་སྟེ་ཚེ་འདི་ཆོས་ཟད ] འདིས A P G S R C · ཅད་ཆོས་ཉིད་དུ་གྲོལ་བ ] om. W · ལ་དྲན་པ་དག་ཏུ་འབྱུང ] ངག A P G S C
[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the chapter's own divisions; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The complete outline of the work is on the contents page.
5 Awareness realizing perceived and perceiver as nondual, great spontaneous presence གཟུང་འཛིན་གཉིས་སུ་མེད་པར་རྟོགས་པའི་རིག་པ་ཕྱོགས་མེད་ལྷུན་གྲུབ་ཆེན་པོ [p. 322] topical
5.1 Not asserted as self-knowing, naturally lucid awareness as by the Mind Only proponents རང་རིག་རང་གསལ་ལོ་ཞེས་རྣལ་འབྱོར་སེམས་ཙམ་པ་ལྟར་མི་འདོད་པ [p. 323] topical
Nondual awareness is called self-arisen primordial wisdom but differs from the Yogācāra self-knowing awareness, since it is established neither as inner mind, as one's own awareness, nor as lucid. Its names are mere designations for the inexpressible; clinging to them as the meaning reduces it to the Mind Only view.
5.2 Similarity to and difference from Prāsaṅgika Madhyamaka དབུ་མ་ཐལ་འགྱུར་དང་མཚུངས་པ [p. 324] topical
The Great Perfection evaluates freedom from extremes much as Prāsaṅgika does, but takes as its basis primordially pure, unceasing awareness rather than a sheer space-like emptiness. Supported by quotations from the Reverberation of Sound and the Inlaid Jewels.
6 The outer perceived object freed into boundless openness as a sign that the inner perceiver has cleared ནང་གི་འཛིན་པ་སངས་པའི་རྟགས་སུ་ཕྱིའི་གཟུང་བ་ཕྱོགས་འབྱམས་སུ་གྲོལ་བར་བསྟན་པ [p. 326] topical
When perceived and perceiver clear, outer appearances become open and transparent: objects seem like dreams, thoughts subside, the yogin laughs as if mad, and nonreferential compassion arises. Dharmakāya dawns from within, which is called the purification of the object of self-grasping, supported by the Pearl Garland and Six Expanses.
6.1 Appearances without fixation at the time of realization རྟོགས་པའི་དུས་ཀྱི་སྣང་བ་གཏད་མེད [p. 327] topical
Describes how clinging to truth falls away: objects appear like dreams and mirages, thoughts no longer arise, the yogin wonders whether he or others are mad, and nonreferential compassion arises, leading him to teach others, sing vajra songs and act without fixation.
6.2 Purification of the object clung to in grasping at a self བདག་ཏུ་འཛིན་པའི་ཞེན་ཡུལ་དག་པ [p. 328] topical
Dharmakāya, in which perceiver and perceived fall away, arises from within; this is called purification of the object of self-grasping. Supported by the Pearl Garland on things falling away and the Six Expanses on everything being pure in its own place.
7 Further teaching that appearances have nothing to fix upon སྣང་བ་གཏད་མེད་གཞན་ཡང་བསྟན་པ [p. 330] topical
Free of enemy and friend, with day and night blended, the yogin passes beyond accepting and rejecting, self-freeing both obscurations and reaching Samantabhadra's intent. Exhaustion is explained for direct crossing and cutting through, and afflictions are shown to pass transparently, pure in their own place, beyond virtue and wrongdoing.
7.1 Realization arising as a great unbroken round, day and night blended རྟོགས་པ་ཉིན་མཚན་འདྲེས་པས་འཁོར་ཡུག་ཆེན་པོར་ཤར་བ [p. 331] topical
Without aversion to enemies or attachment to friends, night and day thoughts clear into basic space; free of clinging to antidotes, cognitive and afflictive obscurations are self-freed, which is reaching Samantabhadra's intent, the level of exhaustion of phenomena.
7.2 Exhaustion on the paths of cutting through solidity and direct crossing ཁྲེགས་ཆོད་དང་ཐོད་རྒལ་གཉིས་ལས་ཟད་པ [p. 332] topical
In direct crossing, luminous appearances are exhausted like a cloudless sky, the sign of buddhahood in this life; in cutting through, thoughts are freed in the ground like darkness at sunrise, the exhaustion with respect to emptiness, illustrated by Dhekevajra's saying on the yogin free from all bounds.
7.3 Freedom of all afflictions in the nature of phenomena ཉོན་མོངས་པ་ཐམས་ཅད་ཆོས་ཉིད་དུ་གྲོལ་བ [p. 333] topical
Though afflictions may seem to appear to others, for the yogin they pass transparently, leaving no stain, beyond virtue and wrongdoing, bondage and freedom. Supported by the Pearl Garland and the Six Expanses on negative actions and sense cognitions pure in their own place.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 323] are not grasped at as a self.

5.1 Not asserted as self-knowing, naturally lucid awareness as by the Mind Only proponents རང་རིག་རང་གསལ་ལོ་ཞེས་རྣལ་འབྱོར་སེམས་ཙམ་པ་ལྟར་མི་འདོད་པ5.1 Not asserted as self-knowing, naturally lucid awareness as by the Mind Only proponents (topical division)
Nondual awareness is called self-arisen primordial wisdom but differs from the Yogācāra self-knowing awareness, since it is established neither as inner mind, as one's own awareness, nor as lucid. Its names are mere designations for the inexpressible; clinging to them as the meaning reduces it to the Mind Only view.

Although the essence of that awareness which realizes that there is no perceived object and no perceiving subject is given the conventional designation "self-arisen primordial wisdom," it is not asserted to be "self-knowing awareness (rang rig), naturally lucid,"[71]Note 71 · p. 323 · rang rig rang gsal: Claude Fable 5.2, Dharmamitra, Gemini 4 Neon, GPT-6.2 Astra have "self-luminous/self-illuminating" for rang gsal. I keep the glossary's "naturally lucid" and "self-knowing awareness" for both the Mind Only tenet and the Great Perfection epithet, because the argument depends on the two sharing the same names. "Luminous" is reserved for 'od gsal. as the Yogācāra Mind Only proponents (rnal 'byor sems tsam pa) assert. This is because, since there is no outer or inner, it is not established as an inner mind; since there is no self or other, it is not established as solely one's own awareness; since perceived object and perceiving subject have never existed, it is not established as free of those two;[73]Note 73 · p. 323 · de gnyis dang bral bar ma grub: GPT-6.2 Astra has "something apart from those two". The point is that it is not established even as "free of" the two, since they never existed (Claude Fable 5.2, Dharmamitra, Gemini 4 Neon). since it does not lie within the domain of feeling and knowing,[72]Note 72 · p. 323 · tshor rig gi yul na med pas: Dharmamitra "sensory perception", GPT-6.2 Astra "sentient cognition". I read it as the pair "feeling and knowing" (ordinary rig), with Claude Fable 5.2 and Gemini 4 Neon. it is not established as nondual experience; since there is no mind and there are no mental factors, it is not established as one's own mind; and since it does not exist as lucid or not lucid, it is not established as naturally lucid.

Being beyond awareness and unawareness,[74]Note 74 · p. 323 · rig ma rig las 'das pas … 'di ni: Dharmamitra puts the [p. 324] marker before this sentence; the Tibetan page break falls inside byang chub kyi / sems. Dharmamitra's [p. 325] marker is likewise one verse line late. it cannot be designated even as mere awareness; and this is what is called "the great total perfection, free of extremes (mtha' bral)." Although, in the conventional designations of words that indicate it, it is spoken of as "self-arisen primordial wisdom,"

[p. 324] "awakened mind," "dharmakāya," "basic space, great spontaneous presence" and "naked, naturally lucid awareness," these are merely designations given so that it may be understood through symbols (brda),[75]Note 75 · p. 324 · brda shes pa'i phyir: Dharmamitra has "for the sake of communication"; Claude Fable 5.2 and GPT-6.2 Astra "to understand what they indicate". I keep the glossary's "symbol" (so Gemini 4 Neon). and its own face should be realized to be the great inexpressible. Otherwise, if one clings to the names as the meaning, no difference will be found between this and the Mind Only proponents' cognition, which is self-knowing, naturally lucid and nondual, without perceived object and perceiving subject. Those who, without having trained their intelligence in this, proclaim in idle babble their claim to be followers of this system hold those two to be one, and so, saying "We know this self-knowing awareness," they do no more than voice their overweening pride.[76]Note 76 · p. 324 · mngon pa'i nga rgyal: read as abhimāna, the conceit of presuming an attainment one lacks, rendered "overweening pride". Dharmamitra's "manifest pride" is over-literal; GPT-6.2 Astra's "boast of realization" is interpretive.

5.2 Similarity to and difference from Prāsaṅgika Madhyamaka དབུ་མ་ཐལ་འགྱུར་དང་མཚུངས་པ5.2 Similarity to and difference from Prāsaṅgika Madhyamaka (topical division)
The Great Perfection evaluates freedom from extremes much as Prāsaṅgika does, but takes as its basis primordially pure, unceasing awareness rather than a sheer space-like emptiness. Supported by quotations from the Reverberation of Sound and the Inlaid Jewels.

The way in which this system of the natural Great Perfection (rang bzhin rdzogs pa chen po) evaluates being free of extremes[78]Note 78 · p. 324 · mtha' bral / mtha' grol: the drafts render both as "free(dom) from extremes". I distinguish "being free of extremes" (mtha' bral) from "freedom from extremes" (mtha' grol). and so forth is for the most part similar to that of Prāsaṅgika Madhyamaka (dbu ma thal 'gyur). However, Madhyamaka takes as its basis of reckoning a sheer emptiness that is like space, whereas here one takes as the basis just this: awareness, pure from the very beginning, naked and unalloyed,[77]Note 77 · p. 324 · rjen zang nge ba: an expressive on rjen and zang. I render "naked and unalloyed" after the glossary's zang ka; the drafts have "starkly open", "nakedly vivid", "pellucid", "wide open". not established and yet simply unceasing;

[p. 325] and it, together with the phenomena that arise from within its state, is evaluated as freedom from extremes (mtha' grol), like space.

The Reverberation of Sound says:[79]Note 79 · p. 325 · thal 'gyur las: Dharmamitra has "From the Prāsaṅgika". The source is the tantra sGra thal 'gyur, the Reverberation of Sound (Claude Fable 5.2, Gemini 4 Neon, GPT-6.2 Astra).

Since the many is abandoned, it is free of conventional designations.
Since the one is not established, it is pure by nature.
Since it is pure by nature, all aims are accomplished.
"Pure by nature" and "the ground,"
"the ground of saṃsāra and nirvāṇa,"
"hollow" and "without core,"[80]Note 80 · p. 325 · gsog dang snying po med pa: Dharmamitra "accumulation" misreads gsog, which here means "hollow". snying po is the ordinary "core, pith", so the glossary's "heart essence" is not used.
"insubstantial":[81]Note 81 · p. 325 · ya ma brla: "insubstantial" (Claude Fable 5.2, Dharmamitra, Gemini 4 Neon); GPT-6.2 Astra has "a phantasm". it is free of such indications and expressions.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra)
Identification: high confidence
The quoted words were not found among the texts on this wiki.

And again:

Since there is no action, it is empty of defining characteristics.
Since the basis of expression has ceased, it does not abide in any extreme.
Since contaminants (zag pa) are exhausted, it is not corporeal (gdos bcas).
The source of recollection having ceased, its essence is lucid.
Lucid awareness does not conceive of the extremes of objects.
Since it is free of sound and genuinely without words,[82]Note 82 · p. 325 · sgra bral yang dag tshig med phyir: GPT-6.2 Astra takes yang dag as the subject ("what is genuine"). I read it adverbially with tshig med, as Claude Fable 5.2 does.
every basis of dependence is exhausted.Thal 'gyurQuotation (the text says: the same source: ཡང)

The quoted words are in Ngb-pt-0056-vol-01-text (the text itself), 86 % of the words.

And The Inlaid Jewels says:

In the basic space of phenomena (chos kyi dbyings) there is no engaging and no not engaging.[83]Note 83 · p. 325 · spyod dang mi spyod med: taken verbally, "engaging / not engaging", with all the drafts, rather than the glossary's "conduct".
Since it has the defining characteristic of space, primordially (ye nas) pure from the very beginning,

[p. 326] in dharmakāya itself there are no substantial entities (dngos po) and no marks.
In the great vastness without outer or inner,
the vast nature of phenomena is free of extremes, without substantial entity.
This sublime view (lta ba) of the Great Perfection, the gathering of secrets,[84]Note 84 · p. 326 · gsang 'dus dam pa: Dharmamitra has "the Guhyasamāja". Here it is a descriptive epithet of the view, "gathering of secrets" (Claude Fable 5.2, Gemini 4 Neon, GPT-6.2 Astra), not the tantra's title.
though in the context of the vehicles (theg pa) it is counted in a great many ways,[85]Note 85 · p. 326 · grangs mang: the subject is left unstated in the Tibetan. I take it as the view being enumerated in many ways across the vehicles (cf. GPT-6.2 Astra), not Dharmamitra's "classifications" as a separate subject.
in its secret definitive meaning (nges don) is nothing but a single nature:
the nature of phenomena, vast in its depths, without marks.Nor bu phra bkodQuotation (named in the text: ནོར་བུ་འཕྲ་བཀོད་ལས)
ནོར་བུ་ཕྲ་བཀོད་རང་གི་དོན་ཐམས་ཅད་གསལ་བར་བྱེད་པའི་རྒྱུད, nor bu phra bkod rang gi don thams cad gsal bar byed pa'i rgyud, The Inlaid Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0066-vol-01-text (the text itself), 70 % of the words.

6 The outer perceived object freed into boundless openness as a sign that the inner perceiver has cleared ནང་གི་འཛིན་པ་སངས་པའི་རྟགས་སུ་ཕྱིའི་གཟུང་བ་ཕྱོགས་འབྱམས་སུ་གྲོལ་བར་བསྟན་པ6 The outer perceived object freed into boundless openness as a sign that the inner perceiver has cleared (topical division)
When perceived and perceiver clear, outer appearances become open and transparent: objects seem like dreams, thoughts subside, the yogin laughs as if mad, and nonreferential compassion arises. Dharmakāya dawns from within, which is called the purification of the object of self-grasping, supported by the Pearl Garland and Six Expanses.

Now, at the time of realizing that both perceived object and perceiving subject, never having existed, are of the nature of space, all phenomena arise for the yogin as great total freedom (yongs grol)[86]Note 86 · p. 326 · yongs grol, grol ba: Dharmamitra and Gemini 4 Neon have "liberation/liberated". The glossary reserves "liberation" for thar pa, so "freedom/freed". with nothing to fix upon. Therefore, as a sign (rtags) that the inner perceiving subject has cleared,[87]Note 87 · p. 326 · nang gi 'dzin pa: paired with phyi'i gzung ba, hence "perceiving subject"; Dharmamitra, Gemini 4 Neon, GPT-6.2 Astra have "clinging/grasping". the outer perceived object is shown to be freed into boundless openness:

When one looks outward at the objects that appear externally,
everything is open and clear, evanescent, utterly transparent (zang ma thal),
hazy and shimmering, free of any phenomenon to be fixed upon.
Sights and sounds, recollection and cognition (dran rig),[88]Note 88 · p. 326 · dran rig: "recollection and cognition" per the glossary, not "awareness" (Claude Fable 5.2, Dharmamitra). experience and feeling are not as they were before.
"What is this?[89]Note 89 · p. 326 · The root verse breaks off at 'di ci rang; I stop after "What is this?" with the quotation left open for the next part.

[p. 327] Is it by nature what appears to a madman,
or am I in a dream?" So thinking, one bursts out laughing at oneself.

6.1 Appearances without fixation at the time of realization རྟོགས་པའི་དུས་ཀྱི་སྣང་བ་གཏད་མེད6.1 Appearances without fixation at the time of realization (topical division)
Describes how clinging to truth falls away: objects appear like dreams and mirages, thoughts no longer arise, the yogin wonders whether he or others are mad, and nonreferential compassion arises, leading him to teach others, sing vajra songs and act without fixation.

Here, through the certainty one has at the time of one's own realization, it is possible to understand how things appear to all yogins, just as, from the way one person well versed in how it is done[90]Note 90 · p. 327 · rgyus la mkhas pa / rgyus shes pa: read as "one who knows how it is done" (Claude Fable 5.2), i.e. is familiar with the conjuror's trick; Gemini 4 Neon and Dharmamitra "the secret" is close, but nothing in the Tibetan says "secret". sees a show of illusion to be untrue, the way it appears to others who know how it is done is understood in passing. These appearances of outer objects were formerly seen as specifically characterized. But at the time of realization, in the very face of that certainty,[91]Note 91 · p. 327 · nges pa'i rang ngo la: read as "in the very face of that certainty" (Claude Fable 5.2; rang ngo = "its own face"). Dharmamitra "in its own nature" drops nges pa, and Gemini 4 Neon "in the direct presence of the definitively ascertained occasion" is overloaded. the grasping that clings to them as true has fallen away, and so one has the feeling of seeing all perceived objects as open and clear, evanescent, utterly transparent, in the manner of a dream, the moon in water, or a mirage. Everything, whatever appears, shimmering and flickering so that one wonders, "Does it exist or does it not?", arises as self-appearance with nothing to fix upon. Living beings, too, seem to have changed in their conduct and character[92]Note 92 · p. 327 · spyod gshis: gshis here has its everyday sense of "character, disposition", not the glossary's "fundamental nature", so "conduct and character". from what they were before, and, since they appear as though they had nothing to fix upon,[93]Note 93 · p. 327 · gtad med ltar snang du 'di kun gyis kyang rtogs sam: read with GPT-6.2 Astra, Dharmamitra, Claude Fable 5.2 as "since they appear as though they had nothing to fix upon, have they all realized it too?". Gemini 4 Neon makes gtad med ltar snang the content of the realization ("realized things as unfixated mere appearances"). That is grammatically possible, but the preceding clause about beings' changed character favours the first reading. one wonders, "Have all of these realized it too?"

[p. 328] What is experienced and heard, and recollection and cognition too, are not as they were before: they have become empty, all fixation having vanished. Awareness therefore extends evenly and conceptual thoughts do not arise at all, so that one wonders, "Where have they gone, for it to be like this?" As whatever occurs and is felt clears of itself (rang sangs)[96]Note 96 · p. 328 · rang sangs: the Adzom reading rang srungs ("self-guarded") gives no good sense with gnas dag tu. I follow the e-text's rang sangs, "clears of itself". into purity right where it abides,[97]Note 97 · p. 328 · byung tshor gnas dag tu rang sangs pa: read as "whatever occurs and is felt clears of itself into purity right where it abides", with gnas dag as "pure where it abides". "Pure in its own place" (Claude Fable 5.2) is avoided because that renders rang sar dag in the quotation below. cognition is wide, wide open.[95]Note 95 · p. 328 · rig pa in dran rig is ordinary knowing, so "recollection and cognition" per the glossary, not "awareness" (Claude Fable 5.2). Likewise shes pa phyal phyal ba is "cognition", not "consciousness" (Dharmamitra, Claude Fable 5.2). Sometimes one bursts out laughing at the way all one's own actions and conduct, and all sights and sounds, have gone streaming by with nothing to fix upon, and one finds oneself thinking, "Have I gone mad? Or is it the others who are mad? Or else is this the intermediate state, or a dream?" With the thought, "This awareness, laid bare in its nakedness with all fixation vanished, is present in everyone. What difficulty is there in realizing it, when it is right here?", compassion without reference point arises in unobstructed transparency (zang thal), and so one teaches others too in just those words. One displays vajra songs, conduct (spyod pa) with nothing to fix upon, and awareness without clinging, and all appearances arise at one and the same time as utterly transparent.

6.2 Purification of the object clung to in grasping at a self བདག་ཏུ་འཛིན་པའི་ཞེན་ཡུལ་དག་པ6.2 Purification of the object clung to in grasping at a self (topical division)
Dharmakāya, in which perceiver and perceived fall away, arises from within; this is called purification of the object of self-grasping. Supported by the Pearl Garland on things falling away and the Six Expanses on everything being pure in its own place.

At this time, since the dharmakāya in which perceived object and perceiving subject fall away of themselves[94]Note 94 · p. 328 · Dharmamitra puts the page marker several sentences too late; it is placed here after the Tibetan break (… snyam pa / dang).[98]Note 98 · p. 328 · gzung 'dzin rang log gi chos sku: the genitive is kept, "the dharmakāya in which perceived and perceiver fall away of themselves" (Dharmamitra, Claude Fable 5.2). GPT-6.2 Astra dissolves it into a temporal clause; Gemini 4 Neon makes it an apposition.

[p. 329] has arisen from within, this is called "the purification of the object clung to in grasping at a self." As the Pearl Garland says:

In phenomena that appear by nature,
since there is no stain, subtle and coarse fall away.[99]Note 99 · p. 329 · log is rendered "fall away" throughout, matching 'dzin pa log pas and rang log in the prose; Gemini 4 Neon has "cease", Dharmamitra "is overturned". By the glossary, gsal ba is "lucid" (GPT-6.2 Astra, Gemini 4 Neon, Dharmamitra "luminous") and rang grol "naturally free" (all drafts "self-liberated").
Since there is no perceived or perceiver, delusion falls away.
Since there is no movement, the winds (rlung) of karma fall away.
Since it is unobstructed transparency, substantial entities fall away.
Because it is lucid (gsal ba), emptiness falls away.
Since it is primordially perfect, the generation stage (bskyed rim) falls away.
Since there is no effort (rtsol ba), conduct falls away.
Since it is left as it is, unsought, meditation (sgom pa) falls away.
Since it is naturally free (rang grol), appearance falls away.
Since it appears manifestly, the view falls away.
Since there are no sounds or words, conventions fall away.
Since it has never existed, clinging falls away.
Since it has never been nonexistent, dependence on another falls away.
Since there is nothing to be grasped, the intellect's imputations fall away.
Since it is sole (nyag gcig), the limits of number fall away.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in ཚིག་དོན་རིན་པོ་ཆེའི་མཛོད། (a parallel: ཚིག་དོན་རིན་པོ་ཆེའི་མཛོད), 83 % of the words.

And the Six Expanses says:

In mind itself, appearing as the six collections of consciousness (tshogs drug),
the hosts of conceptual thoughts are

[p. 330] pure in their own place (rang sar dag).
In mind itself, appearing as sounds and words,[100]Note 100 · p. 330 · …snang ba'i sems nyid: rendered uniformly "mind itself, appearing as …", since the parallel lines with yod par, med par, chos su, gnyen por carry the terminative. Dharmamitra and partly Claude Fable 5.2 have "where … appear".
conventions and names are pure in their own place.
In mind itself, appearing as coarse,
the conditions of the four elements are pure in their own place.
In mind itself, appearing as perceived and perceiver,
the grasping at a self (bdag 'dzin) that binds is pure in its own place.Klong drug paQuotation (named in the text: ཀློང་དྲུག་པ་ལས)
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Expanses · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0062-vol-01-text (the text itself), 85 % of the words.

In mind itself, appearing as existent,
substantial entities are pure in their own place.
In mind itself, appearing as nonexistent,
the emptinesses are pure in their own place.
In mind itself, of existence and nonexistence,
philosophical tenets are pure in their own place.
In mind itself, appearing as phenomena,
their specific characteristics are pure in their own place.
In mind itself, appearing as the absence of phenomena,[101]Note 101 · p. 330 · chos med snang ba: read as parallel to chos su snang ba, "appearing as the absence of phenomena" (GPT-6.2 Astra, Gemini 4 Neon, Claude Fable 5.2). Dharmamitra "where phenomena appear without being so" is not followed.
delusions are pure in their own place.
In mind itself, appearing as antidotes (gnyen po),
stains are pure in their own place.
In mind itself, accomplished through natural settling,
the great resting in the ground[102]Note 102 · p. 330 · gzhi gzhag chen po: rendered "the great resting in the ground" with the glossary and GPT-6.2 Astra. Gemini 4 Neon and Claude Fable 5.2 have "positing / laying down of a ground", Dharmamitra "great foundation". The line's point seems to be that even deliberate resting in the ground is pure in its own place once mind itself is settled naturally (babs). (gzhi gzhag) is pure in its own place.

So it says.

7 Further teaching that appearances have nothing to fix upon སྣང་བ་གཏད་མེད་གཞན་ཡང་བསྟན་པ7 Further teaching that appearances have nothing to fix upon (topical division)
Free of enemy and friend, with day and night blended, the yogin passes beyond accepting and rejecting, self-freeing both obscurations and reaching Samantabhadra's intent. Exhaustion is explained for direct crossing and cutting through, and afflictions are shown to pass transparently, pure in their own place, beyond virtue and wrongdoing.

When realization has thus arisen from within,[103]Note 103 · p. 330 · The last sentence (de ltar rtogs pa khong nas shar ba'i …) runs on into the next page. Only the words in this part are rendered, as an opening clause for the next part to complete.

[p. 331] it is further taught that appearances have nothing to fix upon:

Free of the notions of enemy and friend, attachment and aversion, near and far,
day and night, without division, are equal in a single evenness,
and so saṃsāra, the grasping at fixed reference points (dmigs gtad) and marks, is cleared away.
Since one does not even conceive, "This is the state of self-arisen primordial wisdom,"
one has passed beyond the cage of accepting and rejecting, of what is to be abandoned and its antidote (spang gnyen).
When this is so realized, it is nondual primordial wisdom:
one has arrived at the enlightened intent (dgongs pa) of self-arisen Samantabhadra (kun tu bzang po);
one has arrived at the level of exhaustion (zad pa'i sa), where there is nowhere to turn back.

7.1 Realization arising as a great unbroken round, day and night blended རྟོགས་པ་ཉིན་མཚན་འདྲེས་པས་འཁོར་ཡུག་ཆེན་པོར་ཤར་བ7.1 Realization arising as a great unbroken round, day and night blended (topical division)
Without aversion to enemies or attachment to friends, night and day thoughts clear into basic space; free of clinging to antidotes, cognitive and afflictive obscurations are self-freed, which is reaching Samantabhadra's intent, the level of exhaustion of phenomena.

At this time realization, with day and night blended, arises as a great unbroken round.[105]Note 105 · p. 331 · 'khor yug chen po: rendered "a great unbroken round", i.e. realization continuous through day and night (Gemini 4 Neon "unbroken expanse", Dharmamitra/Claude Fable 5.2 "continuum/continuity"). Since there is no dislike of enemies that holds them distant, the discursive thoughts of the night are cleared away in the nature of phenomena. Since there is no clinging to friends with fondness and longing, no attachment to them as near, the conceptualization (kun rtog) of the day[104]Note 104 · p. 331 · Adzom reads kun rtogs for kun rtog. I keep kun rtog ("conceptualization"), which parallels mtshan mo'i rnam rtog; rtogs ("realization") cannot be what is "cleared away". is cleared away in basic space. Since the saṃsāra of perceived and perceiver, by day and by night, is thus cleared away, awareness abides in the state of dharmakāya,

[p. 332] and yet, because it is free of the intellect that holds an antidote to be supreme, the stains that obscure the knowable[106]Note 106 · p. 331 · shes bya'i dri ma is the stain of the cognitive obscuration, here paired with nyon mongs pa'i sgrib pa; rendered "the stains that obscure the knowable". grol is "free/freedom" throughout per house usage, where the drafts have "liberated". are free in their own place (rang sar grol).

And because there is no taking of sides between accepting and rejecting, enemy and friend, the obscuration of the afflictions (nyon mongs pa'i sgrib pa) is purified in natural freedom. This is to have arrived at the enlightened intent of self-arisen Samantabhadra; it is called "reaching the level of the exhaustion of phenomena (chos zad)."

7.2 Exhaustion on the paths of cutting through solidity and direct crossing ཁྲེགས་ཆོད་དང་ཐོད་རྒལ་གཉིས་ལས་ཟད་པ7.2 Exhaustion on the paths of cutting through solidity and direct crossing (topical division)
In direct crossing, luminous appearances are exhausted like a cloudless sky, the sign of buddhahood in this life; in cutting through, thoughts are freed in the ground like darkness at sunrise, the exhaustion with respect to emptiness, illustrated by Dhekevajra's saying on the yogin free from all bounds.

According to the system of this Great Perfection, with its two, cutting through solidity (khregs chod) and direct crossing (thod rgal), exhaustion too is the gauge of the paths of the two,[107]Note 107 · p. 332 · khregs chod dang thod rgal gnyis las zad pa'ang snang stong gnyis kyi lam gyi tshod 'dzin: read as exhaustion being the gauge (tshod 'dzin) of the two paths, appearance (direct crossing) and emptiness (cutting through solidity), with Gemini 4 Neon/GPT-6.2 Astra/Claude Fable 5.2. Dharmamitra's "the exhaustion in both… marks the measure of the path regarding appearance and emptiness" blurs the two-to-two correspondence that the following sentences spell out. appearance and emptiness (snang stong). Through the practice of direct crossing, the appearances of luminosity ('od gsal) are first exhausted,[108]Note 108 · p. 332 · sngon thog tu zad: taken as "first exhausted" (Claude Fable 5.2), since the exhaustion of afflictions and corporeality follows "at that time". Gemini 4 Neon "directly", Dharmamitra "in the primordial state" and GPT-6.2 Astra "back into their original condition" lack lexical support. The phrase is unusual and the reading is not certain. and when this has become like a sky free of clouds, that is the exhaustion in the nature of phenomena with respect to appearance.[109]Note 109 · p. 332 · snang ba'i / stong pa'i chos nyid zad pa: parsed as the fixed term chos nyid zad pa ("exhaustion in the nature of phenomena") qualified in two ways, with respect to appearance and to emptiness, following GPT-6.2 Astra. Gemini 4 Neon/Dharmamitra/Claude Fable 5.2 have "exhaustion of the (true) nature of phenomena/appearances/emptiness", which suggests that dharmatā itself is used up. At that time, since the inner afflictions and all that is corporeal are exhausted, one has arrived at the signs and the measure of awakening to buddhahood in this life.

Those who realize cutting through solidity as singly decisive (chig chod) lay bare awareness, primordial purity, in its nakedness, so that its dynamic energy, all the clinging thoughts of saṃsāra and nirvāṇa, good and bad,

[p. 333] is purified. However they may think, afflictions and discursive thoughts are cleared away in freedom in the ground (gzhi grol) and do not arise. This is called "the exhaustion in the nature of phenomena with respect to emptiness." Just as darkness is not found, even if one searches for it, when day has broken and the sun has risen, perceived and perceiver are cleared away in freedom in the ground and freedom from all bounds (rgya grol). Since in this life one has gone to the level of primordial purity, the exhaustion of phenomena, one is called "a yogin for whom saṃsāra and nirvāṇa are free from all bounds." This is just as the great lord of yoga (rnal 'byor), Dhekevajra, said:

The yoga of freedom from all bounds[110]Note 110 · p. 333 · rgya grol rnal 'byor: "the yoga of freedom from all bounds" (GPT-6.2 Astra, Claude Fable 5.2), since the text has rnal 'byor, not rnal 'byor pa; Gemini 4 Neon/Dharmamitra have "yogin". is like daybreak and sunrise.
It is the appearance of dharmakāya. E ma ho!D+he ke badzraQuotation (named in the text: རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དྷེ་ཀེ་བཛྲ་གྱི་ཞལ་སྔ་ནས)
དྷེ་ཀེ་བཛྲ, d+he ke badzra, Saying of the yogin Dhekevajra, by Dhekevajra · person
Identification: low confidence (An Indian siddha whose saying was not traced to a written source.)
The quoted words are in Klong chen rab byams gsung 'bum/volume 004 077 (a parallel), 71 % of the words.

7.3 Freedom of all afflictions in the nature of phenomena ཉོན་མོངས་པ་ཐམས་ཅད་ཆོས་ཉིད་དུ་གྲོལ་བ7.3 Freedom of all afflictions in the nature of phenomena (topical division)
Though afflictions may seem to appear to others, for the yogin they pass transparently, leaving no stain, beyond virtue and wrongdoing, bondage and freedom. Supported by the Pearl Garland and the Six Expanses on negative actions and sense cognitions pure in their own place.

At this time, since one abides in the enlightened intent that is all-pervading and perfect, spacious and extending evenly, the freedom of all afflictions in the nature of phenomena becomes manifest. In the perception of others there appears what seems to be affliction, and, since these occur as recollections in the mental faculty,[111]Note 111 · p. 333 · yid la dran pa dag tu 'byung bas: dag is the plural particle and bas is causal, so "since these occur as recollections in the mental faculty". Claude Fable 5.2's "recollections and the like" and Dharmamitra's "though … as thoughts arising" are imprecise. coarse feelings are evident.

Translation notes
  • 71. [p. 323] rang rig rang gsal: Claude Fable 5.2, Dharmamitra, Gemini 4 Neon, GPT-6.2 Astra have "self-luminous/self-illuminating" for rang gsal. I keep the glossary's "naturally lucid" and "self-knowing awareness" for both the Mind Only tenet and the Great Perfection epithet, because the argument depends on the two sharing the same names. "Luminous" is reserved for 'od gsal.
  • 72. [p. 323] tshor rig gi yul na med pas: Dharmamitra "sensory perception", GPT-6.2 Astra "sentient cognition". I read it as the pair "feeling and knowing" (ordinary rig), with Claude Fable 5.2 and Gemini 4 Neon.
  • 73. [p. 323] de gnyis dang bral bar ma grub: GPT-6.2 Astra has "something apart from those two". The point is that it is not established even as "free of" the two, since they never existed (Claude Fable 5.2, Dharmamitra, Gemini 4 Neon).
  • 74. [p. 323] rig ma rig las 'das pas … 'di ni: Dharmamitra puts the [p. 324] marker before this sentence; the Tibetan page break falls inside byang chub kyi / sems. Dharmamitra's [p. 325] marker is likewise one verse line late.
  • 75. [p. 324] brda shes pa'i phyir: Dharmamitra has "for the sake of communication"; Claude Fable 5.2 and GPT-6.2 Astra "to understand what they indicate". I keep the glossary's "symbol" (so Gemini 4 Neon).
  • 76. [p. 324] mngon pa'i nga rgyal: read as abhimāna, the conceit of presuming an attainment one lacks, rendered "overweening pride". Dharmamitra's "manifest pride" is over-literal; GPT-6.2 Astra's "boast of realization" is interpretive.
  • 77. [p. 324] rjen zang nge ba: an expressive on rjen and zang. I render "naked and unalloyed" after the glossary's zang ka; the drafts have "starkly open", "nakedly vivid", "pellucid", "wide open".
  • 78. [p. 324] mtha' bral / mtha' grol: the drafts render both as "free(dom) from extremes". I distinguish "being free of extremes" (mtha' bral) from "freedom from extremes" (mtha' grol).
  • 79. [p. 325] thal 'gyur las: Dharmamitra has "From the Prāsaṅgika". The source is the tantra sGra thal 'gyur, the Reverberation of Sound (Claude Fable 5.2, Gemini 4 Neon, GPT-6.2 Astra).
  • 80. [p. 325] gsog dang snying po med pa: Dharmamitra "accumulation" misreads gsog, which here means "hollow". snying po is the ordinary "core, pith", so the glossary's "heart essence" is not used.
  • 81. [p. 325] ya ma brla: "insubstantial" (Claude Fable 5.2, Dharmamitra, Gemini 4 Neon); GPT-6.2 Astra has "a phantasm".
  • 82. [p. 325] sgra bral yang dag tshig med phyir: GPT-6.2 Astra takes yang dag as the subject ("what is genuine"). I read it adverbially with tshig med, as Claude Fable 5.2 does.
  • 83. [p. 325] spyod dang mi spyod med: taken verbally, "engaging / not engaging", with all the drafts, rather than the glossary's "conduct".
  • 84. [p. 326] gsang 'dus dam pa: Dharmamitra has "the Guhyasamāja". Here it is a descriptive epithet of the view, "gathering of secrets" (Claude Fable 5.2, Gemini 4 Neon, GPT-6.2 Astra), not the tantra's title.
  • 85. [p. 326] grangs mang: the subject is left unstated in the Tibetan. I take it as the view being enumerated in many ways across the vehicles (cf. GPT-6.2 Astra), not Dharmamitra's "classifications" as a separate subject.
  • 86. [p. 326] yongs grol, grol ba: Dharmamitra and Gemini 4 Neon have "liberation/liberated". The glossary reserves "liberation" for thar pa, so "freedom/freed".
  • 87. [p. 326] nang gi 'dzin pa: paired with phyi'i gzung ba, hence "perceiving subject"; Dharmamitra, Gemini 4 Neon, GPT-6.2 Astra have "clinging/grasping".
  • 88. [p. 326] dran rig: "recollection and cognition" per the glossary, not "awareness" (Claude Fable 5.2, Dharmamitra).
  • 89. [p. 326] The root verse breaks off at 'di ci rang; I stop after "What is this?" with the quotation left open for the next part.
  • 90. [p. 327] rgyus la mkhas pa / rgyus shes pa: read as "one who knows how it is done" (Claude Fable 5.2), i.e. is familiar with the conjuror's trick; Gemini 4 Neon and Dharmamitra "the secret" is close, but nothing in the Tibetan says "secret".
  • 91. [p. 327] nges pa'i rang ngo la: read as "in the very face of that certainty" (Claude Fable 5.2; rang ngo = "its own face"). Dharmamitra "in its own nature" drops nges pa, and Gemini 4 Neon "in the direct presence of the definitively ascertained occasion" is overloaded.
  • 92. [p. 327] spyod gshis: gshis here has its everyday sense of "character, disposition", not the glossary's "fundamental nature", so "conduct and character".
  • 93. [p. 327] gtad med ltar snang du 'di kun gyis kyang rtogs sam: read with GPT-6.2 Astra, Dharmamitra, Claude Fable 5.2 as "since they appear as though they had nothing to fix upon, have they all realized it too?". Gemini 4 Neon makes gtad med ltar snang the content of the realization ("realized things as unfixated mere appearances"). That is grammatically possible, but the preceding clause about beings' changed character favours the first reading.
  • 94. [p. 328] Dharmamitra puts the page marker several sentences too late; it is placed here after the Tibetan break (… snyam pa / dang).
  • 95. [p. 328] rig pa in dran rig is ordinary knowing, so "recollection and cognition" per the glossary, not "awareness" (Claude Fable 5.2). Likewise shes pa phyal phyal ba is "cognition", not "consciousness" (Dharmamitra, Claude Fable 5.2).
  • 96. [p. 328] rang sangs: the Adzom reading rang srungs ("self-guarded") gives no good sense with gnas dag tu. I follow the e-text's rang sangs, "clears of itself".
  • 97. [p. 328] byung tshor gnas dag tu rang sangs pa: read as "whatever occurs and is felt clears of itself into purity right where it abides", with gnas dag as "pure where it abides". "Pure in its own place" (Claude Fable 5.2) is avoided because that renders rang sar dag in the quotation below.
  • 98. [p. 328] gzung 'dzin rang log gi chos sku: the genitive is kept, "the dharmakāya in which perceived and perceiver fall away of themselves" (Dharmamitra, Claude Fable 5.2). GPT-6.2 Astra dissolves it into a temporal clause; Gemini 4 Neon makes it an apposition.
  • 99. [p. 329] log is rendered "fall away" throughout, matching 'dzin pa log pas and rang log in the prose; Gemini 4 Neon has "cease", Dharmamitra "is overturned". By the glossary, gsal ba is "lucid" (GPT-6.2 Astra, Gemini 4 Neon, Dharmamitra "luminous") and rang grol "naturally free" (all drafts "self-liberated").
  • 100. [p. 330] …snang ba'i sems nyid: rendered uniformly "mind itself, appearing as …", since the parallel lines with yod par, med par, chos su, gnyen por carry the terminative. Dharmamitra and partly Claude Fable 5.2 have "where … appear".
  • 101. [p. 330] chos med snang ba: read as parallel to chos su snang ba, "appearing as the absence of phenomena" (GPT-6.2 Astra, Gemini 4 Neon, Claude Fable 5.2). Dharmamitra "where phenomena appear without being so" is not followed.
  • 102. [p. 330] gzhi gzhag chen po: rendered "the great resting in the ground" with the glossary and GPT-6.2 Astra. Gemini 4 Neon and Claude Fable 5.2 have "positing / laying down of a ground", Dharmamitra "great foundation". The line's point seems to be that even deliberate resting in the ground is pure in its own place once mind itself is settled naturally (babs).
  • 103. [p. 330] The last sentence (de ltar rtogs pa khong nas shar ba'i …) runs on into the next page. Only the words in this part are rendered, as an opening clause for the next part to complete.
  • 104. [p. 331] Adzom reads kun rtogs for kun rtog. I keep kun rtog ("conceptualization"), which parallels mtshan mo'i rnam rtog; rtogs ("realization") cannot be what is "cleared away".
  • 105. [p. 331] 'khor yug chen po: rendered "a great unbroken round", i.e. realization continuous through day and night (Gemini 4 Neon "unbroken expanse", Dharmamitra/Claude Fable 5.2 "continuum/continuity").
  • 106. [p. 331] shes bya'i dri ma is the stain of the cognitive obscuration, here paired with nyon mongs pa'i sgrib pa; rendered "the stains that obscure the knowable". grol is "free/freedom" throughout per house usage, where the drafts have "liberated".
  • 107. [p. 332] khregs chod dang thod rgal gnyis las zad pa'ang snang stong gnyis kyi lam gyi tshod 'dzin: read as exhaustion being the gauge (tshod 'dzin) of the two paths, appearance (direct crossing) and emptiness (cutting through solidity), with Gemini 4 Neon/GPT-6.2 Astra/Claude Fable 5.2. Dharmamitra's "the exhaustion in both… marks the measure of the path regarding appearance and emptiness" blurs the two-to-two correspondence that the following sentences spell out.
  • 108. [p. 332] sngon thog tu zad: taken as "first exhausted" (Claude Fable 5.2), since the exhaustion of afflictions and corporeality follows "at that time". Gemini 4 Neon "directly", Dharmamitra "in the primordial state" and GPT-6.2 Astra "back into their original condition" lack lexical support. The phrase is unusual and the reading is not certain.
  • 109. [p. 332] snang ba'i / stong pa'i chos nyid zad pa: parsed as the fixed term chos nyid zad pa ("exhaustion in the nature of phenomena") qualified in two ways, with respect to appearance and to emptiness, following GPT-6.2 Astra. Gemini 4 Neon/Dharmamitra/Claude Fable 5.2 have "exhaustion of the (true) nature of phenomena/appearances/emptiness", which suggests that dharmatā itself is used up.
  • 110. [p. 333] rgya grol rnal 'byor: "the yoga of freedom from all bounds" (GPT-6.2 Astra, Claude Fable 5.2), since the text has rnal 'byor, not rnal 'byor pa; Gemini 4 Neon/Dharmamitra have "yogin".
  • 111. [p. 333] yid la dran pa dag tu 'byung bas: dag is the plural particle and bas is causal, so "since these occur as recollections in the mental faculty". Claude Fable 5.2's "recollections and the like" and Dharmamitra's "though … as thoughts arising" are imprecise.
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the commentary announces and opens), gold the quotations, red the words of the root verses (or of a quotation) that the commentary quotes to explain them, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program, the root verses by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Root verses being explainedAuthor's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 323]
བདག་ཏུ་འཛིན་པ་མེད། །གང་ལ་གཟུང་བ་དང་འཛིན་པ་མེད་པར་རྟོགས་པའི་རིག་པ་དེའི་ངོ་བོ་ལ་ནི་རང་བྱུང་གི་ཡེ་ཤེས་སུ་ཐ་སྙད་བཏགས་ཀྱང༌། རང་རིག་རང་གསལ་ལོ་ཞེས་རྣལ་འབྱོར་སེམས་ཙམ་པ་ལྟར་མི་འདོད་དེ། ཕྱི་ནང་མེད་པས་ནང་གི་སེམས་སུ་མ་གྲུབ་པ་དང༌། རང་གཞན་མེད་པས་རང་གི་རིག་པ་ཁོ་ནར་མ་གྲུབ་པ་དང༌། གཟུང་འཛིན་ཡོད་མ་མྱོང་བས་དེ་གཉིས་དང་བྲལ་བར་མ་གྲུབ་པ་དང༌། ཚོར་རིག་གི་ཡུལ་ན་མེད་པས་མྱོང་བ་གཉིས་མེད་དུ་མ་གྲུབ་པ་དང༌། སེམས་དང་སེམས་བྱུང་མེད་པས་རང་གི་སེམས་སུ་མ་གྲུབ་པ་དང༌། གསལ་མི་གསལ་དུ་མེད་པས་རང་གསལ་དུ་མ་གྲུབ་པའི་ཕྱིར་རོ། །རིག་མ་རིག་ལས་འདས་པས་རིག་པ་ཙམ་དུའང་གདགས་སུ་མེད་པ་འདི་ནི། མཐའ་བྲལ་ཡོངས་སུ་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། མཚོན་ཚིག་གི་ཐ་སྙད་རང་བྱུང་གི་ཡེ་ཤེས་དང༌། བྱང་ཆུབ་ཀྱི་

are not grasped at as a self.

5.1 Not asserted as self-knowing, naturally lucid awareness as by the Mind Only proponents རང་རིག་རང་གསལ་ལོ་ཞེས་རྣལ་འབྱོར་སེམས་ཙམ་པ་ལྟར་མི་འདོད་པ5.1 Not asserted as self-knowing, naturally lucid awareness as by the Mind Only proponents (topical division)
Nondual awareness is called self-arisen primordial wisdom but differs from the Yogācāra self-knowing awareness, since it is established neither as inner mind, as one's own awareness, nor as lucid. Its names are mere designations for the inexpressible; clinging to them as the meaning reduces it to the Mind Only view.

Although the essence of that awareness which realizes that there is no perceived object and no perceiving subject is given the conventional designation "self-arisen primordial wisdom," it is not asserted to be "self-knowing awareness (rang rig), naturally lucid,"[71]Note 71 · p. 323 · rang rig rang gsal: Claude Fable 5.2, Dharmamitra, Gemini 4 Neon, GPT-6.2 Astra have "self-luminous/self-illuminating" for rang gsal. I keep the glossary's "naturally lucid" and "self-knowing awareness" for both the Mind Only tenet and the Great Perfection epithet, because the argument depends on the two sharing the same names. "Luminous" is reserved for 'od gsal. as the Yogācāra Mind Only proponents (rnal 'byor sems tsam pa) assert. This is because, since there is no outer or inner, it is not established as an inner mind; since there is no self or other, it is not established as solely one's own awareness; since perceived object and perceiving subject have never existed, it is not established as free of those two;[73]Note 73 · p. 323 · de gnyis dang bral bar ma grub: GPT-6.2 Astra has "something apart from those two". The point is that it is not established even as "free of" the two, since they never existed (Claude Fable 5.2, Dharmamitra, Gemini 4 Neon). since it does not lie within the domain of feeling and knowing,[72]Note 72 · p. 323 · tshor rig gi yul na med pas: Dharmamitra "sensory perception", GPT-6.2 Astra "sentient cognition". I read it as the pair "feeling and knowing" (ordinary rig), with Claude Fable 5.2 and Gemini 4 Neon. it is not established as nondual experience; since there is no mind and there are no mental factors, it is not established as one's own mind; and since it does not exist as lucid or not lucid, it is not established as naturally lucid.

Being beyond awareness and unawareness,[74]Note 74 · p. 323 · rig ma rig las 'das pas … 'di ni: Dharmamitra puts the [p. 324] marker before this sentence; the Tibetan page break falls inside byang chub kyi / sems. Dharmamitra's [p. 325] marker is likewise one verse line late. it cannot be designated even as mere awareness; and this is what is called "the great total perfection, free of extremes (mtha' bral)." Although, in the conventional designations of words that indicate it, it is spoken of as "self-arisen primordial wisdom,"

[p. 324]
སེམས་དང༌། ཆོས་སྐུ་དང༌། དབྱིངས་ལྷུན་གྲུབ་ཆེན་པོ་དང༌། རིག་པ་རང་གསལ་རྗེན་པ་ཞེས་བརྗོད་ཀྱང༌། བརྡ་ཤེས་པའི་ཕྱིར་བཏགས་པ་ཙམ་ལས་རང་ངོ་བརྗོད་མེད་ཆེན་པོར་རྟོགས་པར་བྱའོ། །དེ་ལྟར་མ་ཡིན་པར་མིང་ལ་དོན་དུ་ཞེན་ན་སེམས་ཙམ་པའི་རང་རིག་རང་གསལ་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དང་ཁྱད་པར་མི་རྙེད་དོ། །འདིར་བློ་གྲོས་མ་སྦྱངས་ལ་འདི་པར་འདོད་པའི་མུ་ཅོར་དུ་སྒྲོགས་པ་དག་དེ་གཉིས་གཅིག་ཏུ་འཛིན་པས་རང་རིག་འདི་ཁོ་བོ་ཅག་གིས་ཤེས་སོ་ཞེས་མངོན་པའི་ང་རྒྱལ་སྨྲ་བར་ཟད་དོ། །རང་བཞིན་རྫོགས་པ་ཆེན་པོ་འདིའི་ལུགས་ཀྱིས་མཐའ་བྲལ་ལ་སོགས་པའི་འཇལ་ཚུལ་ཕལ་ཆེར། དབུ་མ་ཐལ་འགྱུར་དང་མཚུངས་པ་ལས། དབུ་མར་སྟོང་སྟོང་པོ་ནམ་མཁའ་འདྲ་བ་རྩིས་གཞིར་བྱེད་པ་སྟེ། འདིར་རིག་པ་ཀ་ནས་དག་པ་རྗེན་ཟང་ངེ་བ་མ་གྲུབ་ལ་མི་འགག་པ་ཙམ་དེ་ལ་གཞིར་བྱས་ནས།

"awakened mind," "dharmakāya," "basic space, great spontaneous presence" and "naked, naturally lucid awareness," these are merely designations given so that it may be understood through symbols (brda),[75]Note 75 · p. 324 · brda shes pa'i phyir: Dharmamitra has "for the sake of communication"; Claude Fable 5.2 and GPT-6.2 Astra "to understand what they indicate". I keep the glossary's "symbol" (so Gemini 4 Neon). and its own face should be realized to be the great inexpressible. Otherwise, if one clings to the names as the meaning, no difference will be found between this and the Mind Only proponents' cognition, which is self-knowing, naturally lucid and nondual, without perceived object and perceiving subject. Those who, without having trained their intelligence in this, proclaim in idle babble their claim to be followers of this system hold those two to be one, and so, saying "We know this self-knowing awareness," they do no more than voice their overweening pride.[76]Note 76 · p. 324 · mngon pa'i nga rgyal: read as abhimāna, the conceit of presuming an attainment one lacks, rendered "overweening pride". Dharmamitra's "manifest pride" is over-literal; GPT-6.2 Astra's "boast of realization" is interpretive.

5.2 Similarity to and difference from Prāsaṅgika Madhyamaka དབུ་མ་ཐལ་འགྱུར་དང་མཚུངས་པ5.2 Similarity to and difference from Prāsaṅgika Madhyamaka (topical division)
The Great Perfection evaluates freedom from extremes much as Prāsaṅgika does, but takes as its basis primordially pure, unceasing awareness rather than a sheer space-like emptiness. Supported by quotations from the Reverberation of Sound and the Inlaid Jewels.

The way in which this system of the natural Great Perfection (rang bzhin rdzogs pa chen po) evaluates being free of extremes[78]Note 78 · p. 324 · mtha' bral / mtha' grol: the drafts render both as "free(dom) from extremes". I distinguish "being free of extremes" (mtha' bral) from "freedom from extremes" (mtha' grol). and so forth is for the most part similar to that of Prāsaṅgika Madhyamaka (dbu ma thal 'gyur). However, Madhyamaka takes as its basis of reckoning a sheer emptiness that is like space, whereas here one takes as the basis just this: awareness, pure from the very beginning, naked and unalloyed,[77]Note 77 · p. 324 · rjen zang nge ba: an expressive on rjen and zang. I render "naked and unalloyed" after the glossary's zang ka; the drafts have "starkly open", "nakedly vivid", "pellucid", "wide open". not established and yet simply unceasing;

[p. 325]
དེ་དང་དེའི་ངང་ལས་ཤར་བའི་ཆོས་རྣམས་མཐའ་གྲོལ་ནམ་མཁའ་ལྟར་འཇལ་བ་སྟེ། ཐལ་འགྱུར་ལས། དུ་མ་སྤངས་པས་ཐ་སྙད་བྲལ།
།གཅིག་མ་གྲུབ་པས་རང་བཞིན་དག །རང་བཞིན་དག་པས་དོན་ཀུན་གྲུབ།
།རང་བཞིན་དག་དང་གཞི་མ་དང༌།
།འཁོར་དང་འདས་པའི་གཞི་མ་དང༌།
།གསོག་དང་སྙིང་པོ་མེད་པ་དང༌།
།ཡ་མ་བརླ་ཞེས་མཚོན་བརྗོད་བྲལ།
།ཞེས་པ་དང༌། ཡང༌། བྱ་བ་མེད་པས་མཚན་ཉིད་སྟོང༌།
།བརྗོད་གཞི་འགགས་པས་མཐའ་མི་གནས།
།ཟག་པ་ཟད་ཕྱིར་གདོས་བཅས་མིན།
།དྲན་པའི་ཁུངས་འགགས་ངོ་བོ་གསལ།
།གསལ་རིག་ཡུལ་གྱི་མཐའ་མི་རྟོག །སྒྲ་བྲལ་ཡང་དག་ཚིག་མེད་ཕྱིར།
།ལྟོས་གཞི་ཐམས་ཅད་ཟད་པའོ།
།ཞེས་པ་དང༌། ནོར་བུ་འཕྲ་བཀོད་ལས། ཆོས་ཀྱི་དབྱིངས་ལ་སྤྱོད་དང་མི་སྤྱོད་མེད།
།ནམ་མཁའི་མཚན་ཉིད་ཡེ་ནས་ཀ་དག་པས།
།

and it, together with the phenomena that arise from within its state, is evaluated as freedom from extremes (mtha' grol), like space.

The Reverberation of Sound says:[79]Note 79 · p. 325 · thal 'gyur las: Dharmamitra has "From the Prāsaṅgika". The source is the tantra sGra thal 'gyur, the Reverberation of Sound (Claude Fable 5.2, Gemini 4 Neon, GPT-6.2 Astra).

Since the many is abandoned, it is free of conventional designations.
Since the one is not established, it is pure by nature.
Since it is pure by nature, all aims are accomplished.
"Pure by nature" and "the ground,"
"the ground of saṃsāra and nirvāṇa,"
"hollow" and "without core,"[80]Note 80 · p. 325 · gsog dang snying po med pa: Dharmamitra "accumulation" misreads gsog, which here means "hollow". snying po is the ordinary "core, pith", so the glossary's "heart essence" is not used.
"insubstantial":[81]Note 81 · p. 325 · ya ma brla: "insubstantial" (Claude Fable 5.2, Dharmamitra, Gemini 4 Neon); GPT-6.2 Astra has "a phantasm". it is free of such indications and expressions.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra)
Identification: high confidence
The quoted words were not found among the texts on this wiki.

And again:

Since there is no action, it is empty of defining characteristics.
Since the basis of expression has ceased, it does not abide in any extreme.
Since contaminants (zag pa) are exhausted, it is not corporeal (gdos bcas).
The source of recollection having ceased, its essence is lucid.
Lucid awareness does not conceive of the extremes of objects.
Since it is free of sound and genuinely without words,[82]Note 82 · p. 325 · sgra bral yang dag tshig med phyir: GPT-6.2 Astra takes yang dag as the subject ("what is genuine"). I read it adverbially with tshig med, as Claude Fable 5.2 does.
every basis of dependence is exhausted.Thal 'gyurQuotation (the text says: the same source: ཡང)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra)
Identification: high confidence
The quoted words are in Ngb-pt-0056-vol-01-text (the text itself), 86 % of the words.

And The Inlaid Jewels says:

In the basic space of phenomena (chos kyi dbyings) there is no engaging and no not engaging.[83]Note 83 · p. 325 · spyod dang mi spyod med: taken verbally, "engaging / not engaging", with all the drafts, rather than the glossary's "conduct".
Since it has the defining characteristic of space, primordially (ye nas) pure from the very beginning,

[p. 326]
ཆོས་སྐུ་ཉིད་ལ་དངོས་པོ་མཚན་མ་མེད།
།ཕྱི་དང་ནང་མེད་ཡངས་པ་ཆེན་པོ་ལ།
།ཡངས་པའི་ཆོས་ཉིད་མཐའ་བྲལ་དངོས་པོ་མེད།
།རྫོགས་ཆེན་ལྟ་བ་གསང་འདུས་དམ་པ་འདི།
།ཐེག་པའི་སྐབས་ལ་ཤིན་ཏུ་གྲངས་མང་ཡང༌།
།གསང་བའི་ངེས་དོན་རང་བཞིན་གཅིག་ལས་མེད།
།ཆོས་ཉིད་དཀྱིལ་ཡངས་མཚན་མ་མེད་པའོ།
།ཞེས་སོ། །ད་ནི་གཟུང་འཛིན་གཉིས་ཀ་ཡོད་མ་མྱོང་བ་ནམ་མཁའི་རང་བཞིན་དུ་རྟོགས་པའི་དུས་ན། རྣལ་འབྱོར་པ་ལ་ཆོས་ཐམས་ཅད་གཏད་མེད་ཡོངས་གྲོལ་ཆེན་པོར་འཆར་བའི་ཕྱིར། ནང་གི་འཛིན་པ་སངས་པའི་རྟགས་སུ། ཕྱིའི་གཟུང་བ་ཕྱོགས་འབྱམས་སུ་གྲོལ་བར་བསྟན་པ་ནི། ཕྱི་རོལ་སྣང་བའི་ཡུལ་ལ་ཕར་བལྟས་པས། །ཐམས་ཅད་སང་སེང་འལ་འོལ་ཟང་མ་ཐལ། །ར་རི་ཟབ་ཟེབ་གཟའ་གཏད་ཆོས་དང་བྲལ། །སྣང་གྲགས་དྲན་རིག་མྱོང་ཚོར་སྔར་བཞིན་མེད། །འདི་ཅི་རང་

in dharmakāya itself there are no substantial entities (dngos po) and no marks.
In the great vastness without outer or inner,
the vast nature of phenomena is free of extremes, without substantial entity.
This sublime view (lta ba) of the Great Perfection, the gathering of secrets,[84]Note 84 · p. 326 · gsang 'dus dam pa: Dharmamitra has "the Guhyasamāja". Here it is a descriptive epithet of the view, "gathering of secrets" (Claude Fable 5.2, Gemini 4 Neon, GPT-6.2 Astra), not the tantra's title.
though in the context of the vehicles (theg pa) it is counted in a great many ways,[85]Note 85 · p. 326 · grangs mang: the subject is left unstated in the Tibetan. I take it as the view being enumerated in many ways across the vehicles (cf. GPT-6.2 Astra), not Dharmamitra's "classifications" as a separate subject.
in its secret definitive meaning (nges don) is nothing but a single nature:
the nature of phenomena, vast in its depths, without marks.Nor bu phra bkodQuotation (named in the text: ནོར་བུ་འཕྲ་བཀོད་ལས)
ནོར་བུ་ཕྲ་བཀོད་རང་གི་དོན་ཐམས་ཅད་གསལ་བར་བྱེད་པའི་རྒྱུད, nor bu phra bkod rang gi don thams cad gsal bar byed pa'i rgyud, The Inlaid Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0066-vol-01-text (the text itself), 70 % of the words.

6 The outer perceived object freed into boundless openness as a sign that the inner perceiver has cleared ནང་གི་འཛིན་པ་སངས་པའི་རྟགས་སུ་ཕྱིའི་གཟུང་བ་ཕྱོགས་འབྱམས་སུ་གྲོལ་བར་བསྟན་པ6 The outer perceived object freed into boundless openness as a sign that the inner perceiver has cleared (topical division)
When perceived and perceiver clear, outer appearances become open and transparent: objects seem like dreams, thoughts subside, the yogin laughs as if mad, and nonreferential compassion arises. Dharmakāya dawns from within, which is called the purification of the object of self-grasping, supported by the Pearl Garland and Six Expanses.

Now, at the time of realizing that both perceived object and perceiving subject, never having existed, are of the nature of space, all phenomena arise for the yogin as great total freedom (yongs grol)[86]Note 86 · p. 326 · yongs grol, grol ba: Dharmamitra and Gemini 4 Neon have "liberation/liberated". The glossary reserves "liberation" for thar pa, so "freedom/freed". with nothing to fix upon. Therefore, as a sign (rtags) that the inner perceiving subject has cleared,[87]Note 87 · p. 326 · nang gi 'dzin pa: paired with phyi'i gzung ba, hence "perceiving subject"; Dharmamitra, Gemini 4 Neon, GPT-6.2 Astra have "clinging/grasping". the outer perceived object is shown to be freed into boundless openness:

When one looks outward at the objects that appear externally,
everything is open and clear, evanescent, utterly transparent (zang ma thal),
hazy and shimmering, free of any phenomenon to be fixed upon.
Sights and sounds, recollection and cognition (dran rig),[88]Note 88 · p. 326 · dran rig: "recollection and cognition" per the glossary, not "awareness" (Claude Fable 5.2, Dharmamitra). experience and feeling are not as they were before.
"What is this?[89]Note 89 · p. 326 · The root verse breaks off at 'di ci rang; I stop after "What is this?" with the quotation left open for the next part.

[p. 327]
བཞིན་སྨྱོན་པའི་སྣང་བའམ། །རྨི་ལམ་ནང་ཞེས་རང་ལ་དགོད་མོ་འཆོར། །འདིར་རང་གི་རྟོགས་པའི་དུས་ངེས་པས་རྣལ་འབྱོར་པ་ཀུན་གྱི་སྣང་བ་རྟོགས་སུ་རུང་སྟེ། རྒྱུས་ལ་མཁས་པ་གཅིག་གིས་སྒྱུ་མའི་ལྟད་མོ་བདེན་མེད་དུ་མཐོང་བའི་ཚུལ་དེས། རྒྱུས་ཤེས་པ་གཞན་གྱི་སྣང་བ་ཞར་ལ་རྟོགས་པ་བཞིན་ནོ། །ཕྱི་ཡུལ་གྱི་སྣང་བ་འདི་དག་དེ་སྔ་རང་མཚན་དུ་མཐོང་བ་ལས། རྟོགས་པའི་དུས་ངེས་པའི་རང་ངོ་ལ་བདེན་ཞེན་གྱི་འཛིན་པ་ལོག་པས། གཟུང་ཡུལ་ཐམས་ཅད་རྨི་ལམ་དང༌། ཆུ་ཟླ་དང༌། སྨིག་རྒྱུའི་རྣམ་པ་ལྟར་སང་སེང༌། འལ་འོལ། ཟང་མ་ཐལ་དུ་མཐོང་སྙམ་བྱེད་ཅིང༌། ཅིར་སྣང་ཐམས་ཅད་ར་རི་ཟབ་ཟེབ་ཡོད་དམ་མེད་དམ་སྙམ་དུ་གཏད་མེད་རང་སྣང་དུ་ཤར་ཏེ། སྐྱེ་འགྲོ་རྣམས་ཀྱང་སྔར་བས་སྤྱོད་གཤིས་འགྱུར་བ་སྙམ་སྟེ། གཏད་མེད་ལྟར་སྣང་དུ་འདི་ཀུན་གྱིས་ཀྱང་རྟོགས་སམ་སྙམ་པ་

Is it by nature what appears to a madman,
or am I in a dream?" So thinking, one bursts out laughing at oneself.

6.1 Appearances without fixation at the time of realization རྟོགས་པའི་དུས་ཀྱི་སྣང་བ་གཏད་མེད6.1 Appearances without fixation at the time of realization (topical division)
Describes how clinging to truth falls away: objects appear like dreams and mirages, thoughts no longer arise, the yogin wonders whether he or others are mad, and nonreferential compassion arises, leading him to teach others, sing vajra songs and act without fixation.

Here, through the certainty one has at the time of one's own realization, it is possible to understand how things appear to all yogins, just as, from the way one person well versed in how it is done[90]Note 90 · p. 327 · rgyus la mkhas pa / rgyus shes pa: read as "one who knows how it is done" (Claude Fable 5.2), i.e. is familiar with the conjuror's trick; Gemini 4 Neon and Dharmamitra "the secret" is close, but nothing in the Tibetan says "secret". sees a show of illusion to be untrue, the way it appears to others who know how it is done is understood in passing. These appearances of outer objects were formerly seen as specifically characterized. But at the time of realization, in the very face of that certainty,[91]Note 91 · p. 327 · nges pa'i rang ngo la: read as "in the very face of that certainty" (Claude Fable 5.2; rang ngo = "its own face"). Dharmamitra "in its own nature" drops nges pa, and Gemini 4 Neon "in the direct presence of the definitively ascertained occasion" is overloaded. the grasping that clings to them as true has fallen away, and so one has the feeling of seeing all perceived objects as open and clear, evanescent, utterly transparent, in the manner of a dream, the moon in water, or a mirage. Everything, whatever appears, shimmering and flickering so that one wonders, "Does it exist or does it not?", arises as self-appearance with nothing to fix upon. Living beings, too, seem to have changed in their conduct and character[92]Note 92 · p. 327 · spyod gshis: gshis here has its everyday sense of "character, disposition", not the glossary's "fundamental nature", so "conduct and character". from what they were before, and, since they appear as though they had nothing to fix upon,[93]Note 93 · p. 327 · gtad med ltar snang du 'di kun gyis kyang rtogs sam: read with GPT-6.2 Astra, Dharmamitra, Claude Fable 5.2 as "since they appear as though they had nothing to fix upon, have they all realized it too?". Gemini 4 Neon makes gtad med ltar snang the content of the realization ("realized things as unfixated mere appearances"). That is grammatically possible, but the preceding clause about beings' changed character favours the first reading. one wonders, "Have all of these realized it too?"

[p. 328]
དང༌། མྱོང་ཐོས་དྲན་རིག་ཀྱང་སྔར་བཞིན་མེད་པར་སྟོང་པ་གཏད་ཡལ་དུ་སོང་བས། རིག་པ་ཕྱམ་གདལ་ཏེ་རྟོག་པ་གཏན་ནས་མི་འཆར་བ་འདི་ལྟ་བུ་གར་སོང་སྙམ་ནས་བྱུང་ཚོར་གནས་དག་ཏུ་རང་སངས་པ་ལ་ཤེས་པ་ཕྱལ་ཕྱལ་བ་སྟེ། རེས་འགའ་རང་གི་བྱ་སྤྱོད་དང་སྣང་གྲགས་ཐམས་ཅད་གཏད་མེད་དུ་ཤ་ར་ར་སོང་བ་ལ་དགོད་འཆོར་ཞིང༌། རང་ཉིད་སྨྱོའམ། གཞན་སྨྱོ་བ་ཡིན་ནམ། ཡང་ན་བར་དོའམ་རྨི་ལམ་ཡིན་ནམ་སྙམ་དུ་ཤེས་ཤིང༌། རིག་པ་གཏད་ཡལ་རྗེན་པར་བུད་པ་དེ་ཐམས་ཅད་ལ་ཡོད་པ་ལ། རྟོགས་པ་ལ་ཚེགས་ཅི་ཡོད་འདི་ཀར་འདུག་པ་ལ་སྙམ་ནས། དམིགས་པ་མེད་པའི་སྙིང་རྗེ་ཟང་ཐལ་དུ་ཤར་བས་གཞན་ལའང་དེ་སྐད་སྟོན་ཞིང༌། རྡོ་རྗེའི་གླུ་དང་གཏད་མེད་ཀྱི་སྤྱོད་པ་དང་ཞེན་མེད་ཀྱི་རིག་པ་སྟོན་ཞིང༌། ཟང་མ་ཐལ་དུ་སྣང་བ་ཐམས་ཅད་དུས་གཅིག་ལ་ཤར་བ་སྟེ། འདིའི་དུས་ན་གཟུང་འཛིན་རང་ལོག་

What is experienced and heard, and recollection and cognition too, are not as they were before: they have become empty, all fixation having vanished. Awareness therefore extends evenly and conceptual thoughts do not arise at all, so that one wonders, "Where have they gone, for it to be like this?" As whatever occurs and is felt clears of itself (rang sangs)[96]Note 96 · p. 328 · rang sangs: the Adzom reading rang srungs ("self-guarded") gives no good sense with gnas dag tu. I follow the e-text's rang sangs, "clears of itself". into purity right where it abides,[97]Note 97 · p. 328 · byung tshor gnas dag tu rang sangs pa: read as "whatever occurs and is felt clears of itself into purity right where it abides", with gnas dag as "pure where it abides". "Pure in its own place" (Claude Fable 5.2) is avoided because that renders rang sar dag in the quotation below. cognition is wide, wide open.[95]Note 95 · p. 328 · rig pa in dran rig is ordinary knowing, so "recollection and cognition" per the glossary, not "awareness" (Claude Fable 5.2). Likewise shes pa phyal phyal ba is "cognition", not "consciousness" (Dharmamitra, Claude Fable 5.2). Sometimes one bursts out laughing at the way all one's own actions and conduct, and all sights and sounds, have gone streaming by with nothing to fix upon, and one finds oneself thinking, "Have I gone mad? Or is it the others who are mad? Or else is this the intermediate state, or a dream?" With the thought, "This awareness, laid bare in its nakedness with all fixation vanished, is present in everyone. What difficulty is there in realizing it, when it is right here?", compassion without reference point arises in unobstructed transparency (zang thal), and so one teaches others too in just those words. One displays vajra songs, conduct (spyod pa) with nothing to fix upon, and awareness without clinging, and all appearances arise at one and the same time as utterly transparent.

6.2 Purification of the object clung to in grasping at a self བདག་ཏུ་འཛིན་པའི་ཞེན་ཡུལ་དག་པ6.2 Purification of the object clung to in grasping at a self (topical division)
Dharmakāya, in which perceiver and perceived fall away, arises from within; this is called purification of the object of self-grasping. Supported by the Pearl Garland on things falling away and the Six Expanses on everything being pure in its own place.

At this time, since the dharmakāya in which perceived object and perceiving subject fall away of themselves[94]Note 94 · p. 328 · Dharmamitra puts the page marker several sentences too late; it is placed here after the Tibetan break (… snyam pa / dang).[98]Note 98 · p. 328 · gzung 'dzin rang log gi chos sku: the genitive is kept, "the dharmakāya in which perceived and perceiver fall away of themselves" (Dharmamitra, Claude Fable 5.2). GPT-6.2 Astra dissolves it into a temporal clause; Gemini 4 Neon makes it an apposition.

[p. 329]
གི་ཆོས་སྐུ་ཁོང་ནས་ཤར་བས། བདག་ཏུ་འཛིན་པའི་ཞེན་ཡུལ་དག་པ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། རང་བཞིན་སྣང་བའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག །གཟུང་འཛིན་མེད་པས་འཁྲུལ་པ་ལོག །འགྱུ་བ་མེད་པས་ལས་རླུང་ལོག །ཟང་ཐལ་ཡིན་པས་དངོས་པོ་ལོག །གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྫོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་སྒོམ་པ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་མ་མྱོང་བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློས་བཏགས་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཅེས་པ་དང༌། ཀློང་དྲུག་པ་ལས། ཚོགས་དྲུག་སྣང་བའི་སེམས་ཉིད་ལ།
།རྟོག་ཚོགས་རྣམས་ནི་

has arisen from within, this is called "the purification of the object clung to in grasping at a self." As the Pearl Garland says:

In phenomena that appear by nature,
since there is no stain, subtle and coarse fall away.[99]Note 99 · p. 329 · log is rendered "fall away" throughout, matching 'dzin pa log pas and rang log in the prose; Gemini 4 Neon has "cease", Dharmamitra "is overturned". By the glossary, gsal ba is "lucid" (GPT-6.2 Astra, Gemini 4 Neon, Dharmamitra "luminous") and rang grol "naturally free" (all drafts "self-liberated").
Since there is no perceived or perceiver, delusion falls away.
Since there is no movement, the winds (rlung) of karma fall away.
Since it is unobstructed transparency, substantial entities fall away.
Because it is lucid (gsal ba), emptiness falls away.
Since it is primordially perfect, the generation stage (bskyed rim) falls away.
Since there is no effort (rtsol ba), conduct falls away.
Since it is left as it is, unsought, meditation (sgom pa) falls away.
Since it is naturally free (rang grol), appearance falls away.
Since it appears manifestly, the view falls away.
Since there are no sounds or words, conventions fall away.
Since it has never existed, clinging falls away.
Since it has never been nonexistent, dependence on another falls away.
Since there is nothing to be grasped, the intellect's imputations fall away.
Since it is sole (nyag gcig), the limits of number fall away.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in ཚིག་དོན་རིན་པོ་ཆེའི་མཛོད། (a parallel: ཚིག་དོན་རིན་པོ་ཆེའི་མཛོད), 83 % of the words.

And the Six Expanses says:

In mind itself, appearing as the six collections of consciousness (tshogs drug),
the hosts of conceptual thoughts are

[p. 330]
རང་སར་དག །སྒྲ་ཚིག་སྣང་བའི་སེམས་ཉིད་ལ།
།ཐ་སྙད་མིང་རྣམས་རང་སར་དག །རགས་པར་སྣང་བའི་སེམས་ཉིད་ལ།
།འབྱུང་བཞིའི་རྐྱེན་རྣམས་རང་སར་དག །གཟུང་འཛིན་སྣང་བའི་སེམས་ཉིད་ལ།
།བཅིངས་པའི་བདག་འཛིན་རང་སར་དག །ཡོད་པར་སྣང་བའི་སེམས་ཉིད་ལ།
།དངོས་པོ་རྣམས་ནི་རང་སར་དག །མེད་པར་སྣང་བའི་སེམས་ཉིད་ལ།
།སྟོང་པ་ཉིད་རྣམས་རང་སར་དག །ཡོད་དང་མེད་པའི་སེམས་ཉིད་ལ།
།གྲུབ་པའི་མཐའ་རྣམས་རང་སར་དག །ཆོས་སུ་སྣང་བའི་སེམས་ཉིད་ལ།
།རང་གི་མཚན་ཉིད་རང་སར་དག །ཆོས་མེད་སྣང་བའི་སེམས་ཉིད་ལ།
།འཁྲུལ་པ་རྣམས་ནི་རང་སར་དག །གཉེན་པོར་སྣང་བའི་སེམས་ཉིད་ལ།
།དྲི་མ་རྣམས་ནི་རང་སར་དག །བབས་ལས་གྲུབ་པའི་སེམས་ཉིད་ལ།
།གཞི་གཞག་ཆེན་པོ་རང་སར་དག
།ཅེས་སོ། །དེ་ལྟར་རྟོགས་པ་ཁོང་ནས་ཤར་བའི་

pure in their own place (rang sar dag).
In mind itself, appearing as sounds and words,[100]Note 100 · p. 330 · …snang ba'i sems nyid: rendered uniformly "mind itself, appearing as …", since the parallel lines with yod par, med par, chos su, gnyen por carry the terminative. Dharmamitra and partly Claude Fable 5.2 have "where … appear".
conventions and names are pure in their own place.
In mind itself, appearing as coarse,
the conditions of the four elements are pure in their own place.
In mind itself, appearing as perceived and perceiver,
the grasping at a self (bdag 'dzin) that binds is pure in its own place.Klong drug paQuotation (named in the text: ཀློང་དྲུག་པ་ལས)
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Expanses · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0062-vol-01-text (the text itself), 85 % of the words.

In mind itself, appearing as existent,
substantial entities are pure in their own place.
In mind itself, appearing as nonexistent,
the emptinesses are pure in their own place.
In mind itself, of existence and nonexistence,
philosophical tenets are pure in their own place.
In mind itself, appearing as phenomena,
their specific characteristics are pure in their own place.
In mind itself, appearing as the absence of phenomena,[101]Note 101 · p. 330 · chos med snang ba: read as parallel to chos su snang ba, "appearing as the absence of phenomena" (GPT-6.2 Astra, Gemini 4 Neon, Claude Fable 5.2). Dharmamitra "where phenomena appear without being so" is not followed.
delusions are pure in their own place.
In mind itself, appearing as antidotes (gnyen po),
stains are pure in their own place.
In mind itself, accomplished through natural settling,
the great resting in the ground[102]Note 102 · p. 330 · gzhi gzhag chen po: rendered "the great resting in the ground" with the glossary and GPT-6.2 Astra. Gemini 4 Neon and Claude Fable 5.2 have "positing / laying down of a ground", Dharmamitra "great foundation". The line's point seems to be that even deliberate resting in the ground is pure in its own place once mind itself is settled naturally (babs). (gzhi gzhag) is pure in its own place.

So it says.

7 Further teaching that appearances have nothing to fix upon སྣང་བ་གཏད་མེད་གཞན་ཡང་བསྟན་པ7 Further teaching that appearances have nothing to fix upon (topical division)
Free of enemy and friend, with day and night blended, the yogin passes beyond accepting and rejecting, self-freeing both obscurations and reaching Samantabhadra's intent. Exhaustion is explained for direct crossing and cutting through, and afflictions are shown to pass transparently, pure in their own place, beyond virtue and wrongdoing.

When realization has thus arisen from within,[103]Note 103 · p. 330 · The last sentence (de ltar rtogs pa khong nas shar ba'i …) runs on into the next page. Only the words in this part are rendered, as an opening clause for the next part to complete.

[p. 331]
སྣང་བ་གཏད་མེད་གཞན་ཡང་བསྟན་པ། །དགྲ་གཉེན་ཆགས་སྡང་ཉེ་རིང་འདུ་ཤེས་བྲལ།
།ཉིན་མཚན་རིས་མེད་མཉམ་པར་ཕྱམ་གཅིག་པས།
།དམིགས་གཏད་མཚན་མར་འཛིན་པའི་འཁོར་བ་སངས།
།རང་བྱུང་ཡེ་ཤེས་ངང་ཞེས་མི་རྟོག་པས།
།བླང་དོར་སྤང་གཉེན་གཟེབ་ལས་འདས་པ་ཡིན།
།འདི་ལྟར་རྟོགས་ན་གཉིས་མེད་ཡེ་ཤེས་ཏེ།
།རང་བྱུང་ཀུན་ཏུ་བཟང་པོའི་དགོངས་པར་ཕྱིན།
།ལྡོག་པའི་གནས་མེད་ཟད་པའི་སར་ཕྱིན་ཏོ།
།འདིའི་དུས་ན་རྟོགས་པ་ཉིན་མཚན་འདྲེས་པས་འཁོར་ཡུག་ཆེན་པོར་ཤར་བ་ནི། དགྲ་ལ་མི་དགའ་བ་རིང་བར་འཛིན་པ་མེད་པས་མཚན་མོའི་རྣམ་རྟོག་ཆོས་ཉིད་དུ་སངས་པ་དང༌། གཉེན་ལ་དགའ་གདུང་དུ་ཞེན་པ་ཉེ་བར་ཆགས་པ་མེད་པས་ཉིན་མོའི་ཀུན་རྟོག་དབྱིངས་སུ་སངས་ཏེ། ཉིན་མཚན་གཟུང་འཛིན་གྱི་འཁོར་བ་སངས་པས། རིག་པ་ཆོས་སྐུའི་ངང་

it is further taught that appearances have nothing to fix upon:

Free of the notions of enemy and friend, attachment and aversion, near and far,
day and night, without division, are equal in a single evenness,
and so saṃsāra, the grasping at fixed reference points (dmigs gtad) and marks, is cleared away.
Since one does not even conceive, "This is the state of self-arisen primordial wisdom,"
one has passed beyond the cage of accepting and rejecting, of what is to be abandoned and its antidote (spang gnyen).
When this is so realized, it is nondual primordial wisdom:
one has arrived at the enlightened intent (dgongs pa) of self-arisen Samantabhadra (kun tu bzang po);
one has arrived at the level of exhaustion (zad pa'i sa), where there is nowhere to turn back.

7.1 Realization arising as a great unbroken round, day and night blended རྟོགས་པ་ཉིན་མཚན་འདྲེས་པས་འཁོར་ཡུག་ཆེན་པོར་ཤར་བ7.1 Realization arising as a great unbroken round, day and night blended (topical division)
Without aversion to enemies or attachment to friends, night and day thoughts clear into basic space; free of clinging to antidotes, cognitive and afflictive obscurations are self-freed, which is reaching Samantabhadra's intent, the level of exhaustion of phenomena.

At this time realization, with day and night blended, arises as a great unbroken round.[105]Note 105 · p. 331 · 'khor yug chen po: rendered "a great unbroken round", i.e. realization continuous through day and night (Gemini 4 Neon "unbroken expanse", Dharmamitra/Claude Fable 5.2 "continuum/continuity"). Since there is no dislike of enemies that holds them distant, the discursive thoughts of the night are cleared away in the nature of phenomena. Since there is no clinging to friends with fondness and longing, no attachment to them as near, the conceptualization (kun rtog) of the day[104]Note 104 · p. 331 · Adzom reads kun rtogs for kun rtog. I keep kun rtog ("conceptualization"), which parallels mtshan mo'i rnam rtog; rtogs ("realization") cannot be what is "cleared away". is cleared away in basic space. Since the saṃsāra of perceived and perceiver, by day and by night, is thus cleared away, awareness abides in the state of dharmakāya,

[p. 332]
ལ་གནས་ཀྱང༌། གཉེན་པོ་མཆོག་འཛིན་གྱི་བློ་དང་བྲལ་བས་ཤེས་བྱའི་དྲི་མ་རང་སར་གྲོལ་ཞིང༌། བླང་དོར་དགྲ་གཉེན་གྱི་ཕྱོགས་རིས་མེད་པས་ཉོན་མོངས་པའི་སྒྲིབ་པ་རང་གྲོལ་དུ་དག་པ་ནི། རང་བྱུང་ཀུན་ཏུ་བཟང་པོའི་དགོངས་པར་ཕྱིན་པ་སྟེ། ཆོས་ཟད་པའི་ས་ལ་ཐུག་པ་ཞེས་བྱའོ། །རྫོགས་པ་ཆེན་པོ་འདིའི་ལུགས་ཀྱིས་ཁྲེགས་ཆོད་དང༌། ཐོད་རྒལ་གཉིས་ལས་ཟད་པའང་སྣང་སྟོང་གཉིས་ཀྱི་ལམ་གྱི་ཚོད་འཛིན་ཏེ། ཐོད་རྒལ་ཉམས་སུ་བླངས་པས་འོད་གསལ་གྱི་སྣང་བ་སྔོན་ཐོག་ཏུ་ཟད་ནས་ནམ་མཁའ་སྤྲིན་དང་བྲལ་བ་ལྟར་སོང་དུས་སྣང་བའི་ཆོས་ཉིད་ཟད་པ་སྟེ། དེའི་དུས་སུ་ནང་གི་ཉོན་མོངས་དང་གདོས་བཅས་ཐམས་ཅད་ཟད་པས་ཚེ་འདིར་སངས་རྒྱས་པའི་རྟགས་ཚད་ལ་ཕེབས་པའོ། །ཁྲེགས་ཆོད་ཆིག་ཆོད་དུ་རྟོགས་པ་རྣམས་ཀྱིས་རིག་པ་ཀ་དག་རྗེན་ལ་བུད་པས་དེའི་རྩལ་འཁོར་འདས་ཀྱི་ཞེན་རྟོག་བཟང་ངན་

and yet, because it is free of the intellect that holds an antidote to be supreme, the stains that obscure the knowable[106]Note 106 · p. 331 · shes bya'i dri ma is the stain of the cognitive obscuration, here paired with nyon mongs pa'i sgrib pa; rendered "the stains that obscure the knowable". grol is "free/freedom" throughout per house usage, where the drafts have "liberated". are free in their own place (rang sar grol).

And because there is no taking of sides between accepting and rejecting, enemy and friend, the obscuration of the afflictions (nyon mongs pa'i sgrib pa) is purified in natural freedom. This is to have arrived at the enlightened intent of self-arisen Samantabhadra; it is called "reaching the level of the exhaustion of phenomena (chos zad)."

7.2 Exhaustion on the paths of cutting through solidity and direct crossing ཁྲེགས་ཆོད་དང་ཐོད་རྒལ་གཉིས་ལས་ཟད་པ7.2 Exhaustion on the paths of cutting through solidity and direct crossing (topical division)
In direct crossing, luminous appearances are exhausted like a cloudless sky, the sign of buddhahood in this life; in cutting through, thoughts are freed in the ground like darkness at sunrise, the exhaustion with respect to emptiness, illustrated by Dhekevajra's saying on the yogin free from all bounds.

According to the system of this Great Perfection, with its two, cutting through solidity (khregs chod) and direct crossing (thod rgal), exhaustion too is the gauge of the paths of the two,[107]Note 107 · p. 332 · khregs chod dang thod rgal gnyis las zad pa'ang snang stong gnyis kyi lam gyi tshod 'dzin: read as exhaustion being the gauge (tshod 'dzin) of the two paths, appearance (direct crossing) and emptiness (cutting through solidity), with Gemini 4 Neon/GPT-6.2 Astra/Claude Fable 5.2. Dharmamitra's "the exhaustion in both… marks the measure of the path regarding appearance and emptiness" blurs the two-to-two correspondence that the following sentences spell out. appearance and emptiness (snang stong). Through the practice of direct crossing, the appearances of luminosity ('od gsal) are first exhausted,[108]Note 108 · p. 332 · sngon thog tu zad: taken as "first exhausted" (Claude Fable 5.2), since the exhaustion of afflictions and corporeality follows "at that time". Gemini 4 Neon "directly", Dharmamitra "in the primordial state" and GPT-6.2 Astra "back into their original condition" lack lexical support. The phrase is unusual and the reading is not certain. and when this has become like a sky free of clouds, that is the exhaustion in the nature of phenomena with respect to appearance.[109]Note 109 · p. 332 · snang ba'i / stong pa'i chos nyid zad pa: parsed as the fixed term chos nyid zad pa ("exhaustion in the nature of phenomena") qualified in two ways, with respect to appearance and to emptiness, following GPT-6.2 Astra. Gemini 4 Neon/Dharmamitra/Claude Fable 5.2 have "exhaustion of the (true) nature of phenomena/appearances/emptiness", which suggests that dharmatā itself is used up. At that time, since the inner afflictions and all that is corporeal are exhausted, one has arrived at the signs and the measure of awakening to buddhahood in this life.

Those who realize cutting through solidity as singly decisive (chig chod) lay bare awareness, primordial purity, in its nakedness, so that its dynamic energy, all the clinging thoughts of saṃsāra and nirvāṇa, good and bad,

[p. 333]
ཐམས་ཅད་དག་ནས། གང་ལྟར་བསམས་ཀྱང་ཉོན་མོངས་དང་རྣམ་རྟོག་གཞི་གྲོལ་ལ་སངས་ནས་སྐྱེ་བ་མེད་པ་ནི། སྟོང་པའི་ཆོས་ཉིད་ཟད་པ་ཞེས་བྱ་སྟེ། ནམ་ལངས་ཉི་ཤར་གྱི་དུས་སུ་མུན་པ་བཙལ་གྱིས་མི་རྙེད་པ་ལྟར། གཟུང་འཛིན་གཞི་གྲོལ་དང་རྒྱ་གྲོལ་ལ་སངས་པ་སྟེ། ཚེ་འདི་ཆོས་ཟད་ཀ་དག་གི་སར་གཤེགས་པས། འཁོར་འདས་རྒྱ་གྲོལ་གྱི་རྣལ་འབྱོར་པ་ཞེས་བྱ་སྟེ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དྷེ་ཀེ་བཛྲ་གྱི་ཞལ་སྔ་ནས། རྒྱ་གྲོལ་རྣལ་འབྱོར་ནམ་ལངས་ཉི་ཤར་འདྲ།
།ཆོས་སྐུའི་སྣང་བ་ཡིན་ནོ་ཨེ་མ་ཧོ།
།ཞེས་གསུངས་པ་བཞིན་ནོ། །འདིའི་དུས་ན་ཁྱབ་རྫོགས་ཡངས་པ་ཕྱམ་གདལ་གྱི་དགོངས་པ་ལ་གནས་པས། ཉོན་མོངས་པ་ཐམས་ཅད་ཆོས་ཉིད་དུ་གྲོལ་བ་མངོན་དུ་གྱུར་ཏེ། གཞན་ངོར་ཉོན་མོངས་པ་ལྟར་སྣང་བ་དང༌། ཡིད་ལ་དྲན་པ་དག་ཏུ་འབྱུང་བས་ཚོར་བ་རགས་པར་མངོན་

is purified. However they may think, afflictions and discursive thoughts are cleared away in freedom in the ground (gzhi grol) and do not arise. This is called "the exhaustion in the nature of phenomena with respect to emptiness." Just as darkness is not found, even if one searches for it, when day has broken and the sun has risen, perceived and perceiver are cleared away in freedom in the ground and freedom from all bounds (rgya grol). Since in this life one has gone to the level of primordial purity, the exhaustion of phenomena, one is called "a yogin for whom saṃsāra and nirvāṇa are free from all bounds." This is just as the great lord of yoga (rnal 'byor), Dhekevajra, said:

The yoga of freedom from all bounds[110]Note 110 · p. 333 · rgya grol rnal 'byor: "the yoga of freedom from all bounds" (GPT-6.2 Astra, Claude Fable 5.2), since the text has rnal 'byor, not rnal 'byor pa; Gemini 4 Neon/Dharmamitra have "yogin". is like daybreak and sunrise.
It is the appearance of dharmakāya. E ma ho!D+he ke badzraQuotation (named in the text: རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དྷེ་ཀེ་བཛྲ་གྱི་ཞལ་སྔ་ནས)
དྷེ་ཀེ་བཛྲ, d+he ke badzra, Saying of the yogin Dhekevajra, by Dhekevajra · person
Identification: low confidence (An Indian siddha whose saying was not traced to a written source.)
The quoted words are in Klong chen rab byams gsung 'bum/volume 004 077 (a parallel), 71 % of the words.

7.3 Freedom of all afflictions in the nature of phenomena ཉོན་མོངས་པ་ཐམས་ཅད་ཆོས་ཉིད་དུ་གྲོལ་བ7.3 Freedom of all afflictions in the nature of phenomena (topical division)
Though afflictions may seem to appear to others, for the yogin they pass transparently, leaving no stain, beyond virtue and wrongdoing, bondage and freedom. Supported by the Pearl Garland and the Six Expanses on negative actions and sense cognitions pure in their own place.

At this time, since one abides in the enlightened intent that is all-pervading and perfect, spacious and extending evenly, the freedom of all afflictions in the nature of phenomena becomes manifest. In the perception of others there appears what seems to be affliction, and, since these occur as recollections in the mental faculty,[111]Note 111 · p. 333 · yid la dran pa dag tu 'byung bas: dag is the plural particle and bas is causal, so "since these occur as recollections in the mental faculty". Claude Fable 5.2's "recollections and the like" and Dharmamitra's "though … as thoughts arising" are imprecise. coarse feelings are evident.

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 6 quotations, 5 found on this wiki.
# p. Tibetan English Source On this wiki
1 325 དུ་མ་སྤངས་པས་ཐ་སྙད་བྲལ། །གཅིག་མ་ … པ་དང༌། །ཡ་མ་བརླ་ཞེས་མཚོན་བརྗོད་བྲལ། Since the many is abandoned, it is free of … "insubstantial": it is free of such indications and expressions. named: ཐལ་འགྱུར་ལས
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra) high
not found
2 325 བྱ་བ་མེད་པས་མཚན་ཉིད་སྟོང༌། །བརྗོད་གཞི་ … ཚིག་མེད་ཕྱིར། །ལྟོས་གཞི་ཐམས་ཅད་ཟད་པའོ། Since there is no action, it is empty of … genuinely without words, every basis of dependence is exhausted. “the same”: ཡང
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra) high
Ngb-pt-0056-vol-01-text (the text itself), 86 %
3 325 ཆོས་ཀྱི་དབྱིངས་ལ་སྤྱོད་དང་མི་སྤྱོད་མེད། ། … མེད། །ཆོས་ཉིད་དཀྱིལ་ཡངས་མཚན་མ་མེད་པའོ། In the basic space of phenomena (chos kyi dbyings) … nature of phenomena, vast in its depths, without marks. named: ནོར་བུ་འཕྲ་བཀོད་ལས
ནོར་བུ་ཕྲ་བཀོད་རང་གི་དོན་ཐམས་ཅད་གསལ་བར་བྱེད་པའི་རྒྱུད, nor bu phra bkod rang gi don thams cad gsal bar byed pa'i rgyud, The Inlaid Jewels · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0066-vol-01-text (the text itself), 70 %
4 329 རང་བཞིན་སྣང་བའི་ཆོས་རྣམས་ལ། །དྲི་མ་ … བཏགས་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག In phenomena that appear by nature, since there is … sole (nyag gcig), the limits of number fall away. named: མུ་ཏིག་ཕྲེང་བ་ལས
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras high
parallel: ཚིག་དོན་རིན་པོ་ཆེའི་མཛོད, 83 %
5 329 ཚོགས་དྲུག་སྣང་བའི་སེམས་ཉིད་ལ། །རྟོག་ཚོགས་ … ཉིད་ལ། །གཞི་གཞག་ཆེན་པོ་རང་སར་དག In mind itself, appearing as the six collections of … 'dzin) that binds is pure in its own place. named: ཀློང་དྲུག་པ་ལས
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Expanses · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0062-vol-01-text (the text itself), 85 %
6 333 རྒྱ་གྲོལ་རྣལ་འབྱོར་ནམ་ལངས་ཉི་ཤར་འདྲ། །ཆོས་སྐུའི་སྣང་བ་ཡིན་ནོ་ཨེ་མ་ཧོ། The yoga of freedom from all bounds is like daybreak and sunrise. It is the appearance of dharmakāya. E ma ho! named: རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དྷེ་ཀེ་བཛྲ་གྱི་ཞལ་སྔ་ནས
དྷེ་ཀེ་བཛྲ, d+he ke badzra, Saying of the yogin Dhekevajra, by Dhekevajra · person low
parallel: Klong chen rab byams gsung 'bum/volume 004 077, 71 %