Chos dbyings mdzod 'bru 'grel (Khangsar): Ch. 09 (2)

From Rangjung Yeshe Wiki Texts
Chos dbyings mdzod 'bru 'grel (Khangsar)Chos dbyings mdzod 'bru 'grel (Khangsar): Ch. 09 (2)
< Chos dbyings mdzod 'bru 'grel (Khangsar)
Chos dbyings mdzod 'bru 'grel (Khangsar)/Ch. 09 (2)
Jump to navigation Jump to search
← Ch. 09 (1)contentsCh. 09 (3) →

Khangsar Tenpai Wangchuk, commentary on chapter 9 of Longchenpa's The Precious Treasury of the Dharmadhātu (part 2 of 3)
ལེའུ་དགུ་བའི་འགྲེལ་བ། · Certainty that all phenomena are the enlightened mind
Pages 238–252 of Khang sar bstan pa'i dbang phyug gi gsung 'bum, vol. 5 (Pe cin: Mi rigs dpe skrun khang, 2005), BDRC MW29513 (scans W29513, vol. I6014). Root text: Pe cin 2009, Karma Lekshey Ling, A 'dzom.

[edit]
Khangsar's commentary beside its translation, segment by segment. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki and in the Theg mchog study edition: blue the outline (the divisions the commentary announces), red Longchenpa's root text (the verses, and the root words Khangsar weaves into his explanation, which the print marks with small circles), gold quotations from other works (the source is named after each; hover or tap), black Khangsar's own words. Notes: hover or tap the number.
OutlineRoot text (Longchenpa)Quotation (its source named after it)Khangsar's wordsVerse: line by line, indented
Tibetan · mi rigs 2005 (OCR, checked)
English · Padmakara Translation Group
9.9 Resolved as Beyond 'Inconceivable' and 'Limitless' བསམ་འདས་མཐའ་མེད་ལས་འདས་པར་ལ་བཟླ་བ9.9 Resolved as Beyond 'Inconceivable' and 'Limitless'
Some who claim to follow the Mind and Space Series say that the Great Perfection, pervasive and without depth or limit, is beyond the scope of awareness, so that naked awareness cannot appear to the yogi; Khangsar calls this a foolish view lost in a limitless emptiness. For Ati, awareness is limitless yet seen by individual reflexive wisdom, naked and decisive (cig chod) like a crystal ball; mind (sems) follows objects like a drop of water falling on earth, awareness (rig pa) does not, like mercury. The Kun tu bzang po thugs kyi me long is cited on uncontrived view, meditation, conduct and fruition.
དགུ་བ་བསམ་འདས་མཐའ་མེད་ལས་འདས་པར་ལ་བཟླ་བ་ནི།

The ninth section expresses a decisive certainty with regard to the inconceivable— beyond the merely limitless— state.

རྫོགས་ཆེན་ཡེ་གདལ་གཏིང་མཐའ་མེད་པ་ལ། །
ཐུག་པ་མེད་ཅེས་ཟེར་བ་བླུན་པོའི་བློ། །
ཨ་ཏིས་མུ་མེད་ཆིག་ཆོད་བསྟན་པ་དེ། །
འོག་མའི་བློ་ཡུལ་མི་རིགས་རིགས་པའི་གནད། །

9. To say the state of great perfection—
Limitless, unfathomable,
All-pervading from the very first— cannot be reached
Is but the attitude of fools.
The Atiyoga teaching that it is both sharp and limitless,
Though not acceptable to those who practice lower vehicles,
Is correct and is a crucial point.

དེའང་རྫོགས་པ་ཆེན་པོའི་ཕྱི་སེམས་སྡེ་དང་ནང་ཀློང་སྡེ་རུ་རློམ་པ་ཁ་ཅིག་གིས། རྫོགས་པ་ཆེན་པོའི་ངོ་བོ་ནི་ཡེ་ནས་གདལ་ཁྱབ་ཆེན་པོ་གཏིང་དང་མཐའ་མེད་པ་ཡིན་པས་ན་འདི་ནི་རིག་ཡུལ་ལས་འདས་པ་ཡིན་ཏེ། གཏིང་དང་མཐའ་ལ་ཐུག་པ་མེད་ན་རིག་པ་རྗེན་པ་ཞེས་རྣལ་འབྱོར་པའི་བློ་ཡུལ་དུ་ཤར་རྒྱུ་མེད་ཅེས་ཟེར་བ་ནི་བླུན་པོའི་ལྟ་བ་སྟོང་འབྱམས་མུ་མེད་ཕྱོགས་གཅིག་ལ་ཤོར་བ་རྣམས་ཀྱི་བློ་ཡིན་ལ། ལྟ་བའི་ཀློང་དུ་མཉམ་པར་འཇོག་ཚུལ་གྱི་ནོར་ས་ཆེན་པོའང་ཡིན་ཏེ། ཨ་ཏི་ཡོ་ག་རང་ལུགས་ཀྱིས་རིག་པ་སྟེང་འོག་མཐའ་དབུས་ཕྱོགས་དང་ཕྱོགས་མཚམས་མུ་མཐའ་མེད་པར་ཁས་ལེན་པ་དང་། རིག་པ་སྟོང་གསལ་འགག་པ་མེད་པའི་རང་ངོ་རང་གསལ་དུ་ལྷག་གེར་མཐོང་བའི་རིག་ཆ་རྗེན་པ་ཟང་ཐལ་ཅིག་ཆོད་ཤེལ་གོང་བཞིན། གཉིས་འཛིན་སེམས་ཀྱི་བློ་ཡུལ་ལས་འདས་པས་དམིགས་སུ་མེད་ཅེས་བརྗོད་ཀྱང་། སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རིག་ཡུལ་དུ་ཡུལ་དང་ཡུལ་ཅན་ཐ་དད་དུ་མི་རྟོག་པར་མཐོང་དུ་ཡོད་པས་ན་རིག་ཡུལ་ལས་འདས་པ་ག་ལ་ཡིན། དཔེར་ན་སེམས་དང་བློ་དང་ཤེས་པ་ཞེས་ཡུལ་ [p. 239] ལ་འཇུག་མཁན་དང་ཡུལ་འཛིན་མཁན་དེ་སེམས་ཡིན། འཛིན་པའི་ཡུལ་ལས་འདས་པའི་སོ་སོ་རང་རིག་པའི་ཡེ་ཤེས་རིག་ཆ་རྗེན་པ་དེ་རིག་པ་ཡིན་པས་འདི་གཉིས་ཁྱད་པར་ཤེས་པ་གལ་ཆེ། སེམས་ནི་ཡུལ་ཕྱིར་འབྲང་བ་དང་། ཡུལ་འཛིན་པ། ཡུལ་ལ་འཇུག་པ་ཆུ་ཐིགས་ས་ལ་ལྷུང་བ་ལྟ་བུའོ།། རིག་པ་ནི་ཡུལ་རྗེས་སུ་མི་འབྲང་བ། ཡུལ་མི་འཛིན་པ། ཡུལ་ལ་མི་འཇུག་པ་དངུལ་ཆུ་ས་ལ་ལྷུང་བ་ལྟ་བུའོ།། དོན་ལ་ཡུལ་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་ཉིད། ཡུལ་ཅན་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་བ་ཡིན་གྱི་གཟུང་འཛིན་གཉིས་སྣང་གི་ཡུལ་རང་མཚན་དུ་གྱུར་བ་མིན་ནོ།། དེས་ན་མུ་མེད་ཅིག་ཆོད་ཀྱི་རིག་ཆ་རྗེན་པ་རྩལ་དུ་བཏོན་ནས་བསྟན་པ་ནི། འོག་མའི་ཐེག་པ་སེམས་ཀློང་དུ་རློམ་པའི་སྟོང་འབྱམས་མུ་མེད་ཕྱོགས་གཅིག་གོལ་བ་རྣམས་ཀྱི་བློ་ཡུལ་དུ་མི་རིགས་ཀྱང་རང་ལུགས་ལ་རིགས་ཤིང་འཐད་པའི་གནད་དོ། །དེ་ལྟར་ཡང་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། ལྟ་བ་མ་བཅོས་ཡེ་ཤེས་ཟང་ཐལ་དང་། །སྒོམ་པ་མ་བཅོས་འགྱུར་མེད་ནམ་མཁའི་ཀློང་། །སྤྱོད་པ་མ་བཅོས་རང་བྱུང་ལྷུག་པ་ཉིད། །འབྲས་བུ་མ་བཅོས་རང་སྣང་རིག་པའི་ངངKun tu bzang po thugs kyi…Quotation (named in the text: ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས)
ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད, kun tu bzang po thugs kyi me long gi rgyud, Mirror of the Mind of Samantabhadra Tantra (Kuntuzangpo Thukyi Melong) · one of the Seventeen Tantras of the Great Perfection (rgyud bcu bdun), Instruction Series (man ngag sde); Rnying ma rgyud 'bum
Identification: high confidence (Four lines on uncontrived view, meditation, conduct and fruition. The segment carries spurious root-word marks (⟨ཡང⟩, ⟨ཤེས⟩); tib_start is given with the marks removed. Wording not verified.)
The same words are found on this wiki in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།: 84 % of them (Longchenpa quotes the same passage there).
་། །ཞེས་སོ། །

Certain people who claim to be practitioners of the outer mind class and of the inner space class of the Great Perfection assert that since the state of great perfection is primordially all-pervading, unfathomable, and limitless, it is beyond the reach of knowledge. They say that if its depths and limits cannot be fathomed or attained, it follows that this so-called naked awareness cannot appear within the sphere of the yogi’s mind. But this is a foolish attitude. The view of such people has slipped into a one-sided, endless, limitless voidness. It is a great mistake also with regard to the way one meditates on the view. Our tradition of Atiyoga proclaims that awareness is boundless and has neither center nor periphery, neither zenith nor nadir; it is beyond the cardinal and intermediate directions. And yet, the very face of empty, luminous, unceasing awareness can be seen vividly by way of self-illumination. Like a crystalline sphere, it is a naked state of knowing— open, unimpeded, and sharp. It transcends the domain of the dualistic mind and is therefore said to be unobservable. And yet it can be seen by self-cognizing primordial [tr. p. 396] wisdom as lying within its sphere of knowing, though in a manner in which subject and object are not separate. How could awareness be beyond the sphere of knowledge? Mind or intellect or consciousness, so-called, is what engages with, and apprehends, objects. It is the ordinary mind. Selfcognizing primordial wisdom on the other hand transcends objects of apprehension. This naked state of knowing is awareness. It is important to understand the difference between the two. The [ordinary] mind follows after objects: it apprehends things and engages with them. It is like a drop of water that falls into the dust. By contrast, awareness does not follow after objects, it does not apprehend or engage with them. It is like a drop of mercury that falls into the dust. In truth, the dharmadhātu, free of all mental elaboration, is the object of self-cognizing primordial wisdom, the subject. It is not, however, a specifically characterized object of dualistic perception. The teaching that emphasizes this boundless, sharp, naked aspect of knowing is unacceptable to minds engaged in the lower vehicles as well as to those who, having deviated into a one-sided, limitless, and infinite void, nevertheless claim to be practitioners of the mind and space classes of the Great Perfection. By contrast, in our tradition, this teaching is a correct and crucial key point. It is said in The Mirror of Samantabhadra’s Mind,

The view that’s uncontrived
Is primordial wisdom, open, unimpeded.
The meditation that is uncontrived
Is the unchanging vast expanse of space.
The action that is uncontrived
Is naturally arising relaxation.
The uncontrived result
Is the awareness that appears quite naturally.
Kun tu bzang po thugs kyi…Quotation (named in the text: ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས)

9.10 The Single Sphere Resolved as Naked Dharmakāya ཐིག་ལེ་ཉག་གཅིག་ཆོས་སྐུ་རྗེན་པར་ལ་བཟླ་བ9.10 The Single Sphere Resolved as Naked Dharmakāya
Since all of saṃsāra and nirvāṇa arose from awareness, tracing it back in reverse order brings certainty that there is nothing but awareness; hope for a buddhahood elsewhere and fear of saṃsāra are then cut, and awareness, the single sphere, is 'vast and great' like space, the mind of the victors, with nothing to abandon or attain. Realized and unrealized are not even names in what is primordially free, and the yogi is happy on the effortless path; the Kun tu bzang po thugs kyi me long is cited (no buddha, no being, no delusion).
བཅུ་བ་ཐིག་ལེ་ཉག་གཅིག་ཆོས་སྐུ་རྗེན་པར་ལ་བཟླ་བ་ནི།

The tenth section expresses a decisive certainty regarding the naked dharmakāya, the one sole sphere.

ཐིག་ལེ་གཅིག་ལ་རྒྱུ་མཚན་གོ་བཟློག་པས། །
འབྲས་བུ་རེ་དོགས་ཆོད་དེས་མཁའ་དང་མཉམ། །
ཡངས་སོ་ཆེ་འོ་ མཁའ་མཉམ་རྒྱལ་བའི་ཐུགས། །
སྤངས་ཐོབ་མེད་དེ་ཐིག་ལེ་གཅིག་གི་ཀློང་། །
ཡེ་ནས་གྲོལ་ལོ་རྟོགས་དང་མ་རྟོགས་མེད། །
རྣལ་འབྱོར་མཁའ་མཉམ་བྱ་བྲལ་ལམ་དུ་བདེ། །

10. Because within the one sole sphere
The order is reversed,
There is no hope or fear regarding the result.
For there is just a vast expanse commensurate with space.
It is a great abyss, the mind of the Victorious Ones,
Immense as space itself.
There is nothing to reject and nothing to accomplish.
There is but the vast immensity, the one sole sphere,
Which, being free and open from the first,
Transcends both realization and the lack of it.
Upon this spacelike path devoid of action,
Yogis are at ease.

དེའང་ཕྱི་ནང་སྣོད་བཅུད་ཀྱི་ཆོས་འདི་དག་ཐམས་ཅད་རིག་པ་ཐིག་ལེ་ཉག་གཅིག་ཏུ་གཏན་ལ་ཕབ་ཅིང་རིག་པ་ཐིག་ལེ་ཉག་གཅིག་གི་ཀློང་ལས་ཤར་བའི་འཁོར་འདས་ཀྱི་ [p. 240] ཆོས་ཐམས་ཅད་དང་པོ་རིག་པའི་ཀློང་ལས་ལུགས་འབྱུང་གི་ཚུལ་དུ་ཤར་ནས་བྱུང་བ་ཡིན་པའི་རྒྱུ་མཚན་གྱིས། ད་ལྟ་སྔར་བྱུང་ས་དེར་ཡར་དེད་བྱས་ཏེ་ལུགས་ལྡོག་གི་ཚུལ་དུ་གོ་བཟློག་པཾས་དེའི་ཚེ་དང་པོ་བྱུང་ས་ཐོག་མའི་རིག་པ་གཅིག་པོ་ལས་གཞན་མེད་པར་ཕུ་ཐག་ཆོད་པ་ཞིག་འོང་། དེ་ཚེ་འཁོར་འདས་རིག་པའི་ཆོ་འཕྲུལ་ལས་མེད་པར་ཤེས་ཚེ། འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཡང་རིག་པ་ལས་མེད་པས་ན་རིག་པའི་སྟེང་དུ་བཙན་ས་འཛིན་རྒྱུ་ལས་གཞན་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་རེ་བ་མེད་པར་ཐག་ཆོད། མར་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཡང་རིག་པ་ལས་གཞན་ན་མེད་པས་ན་རིག་པའི་སྟེང་དུ་བཙན་ས་ཟིན་ན་འཁོར་བའང་རིག་པ་ཀ་དག་གི་ངང་དུ་གྲོལ་བར་ཐག་ཆོད། དེ་ཚེ་འཁོར་བར་ལྷུང་གི་དོགས་པ་གཏན་དུ་ཆོད་པའི་ཚེ་ན་འཁོར་འདས་ཀྱི་སྣང་བ་ཐམས་ཅད་རིག་སྟོང་ནམ་མཁའ་དང་མཉམ་པ་ལྟ་བུའི་རྒྱ་ཆེ་བའི་ཀློང་ལས་མི་འདའ་བའོ།། དེ་ལྟར་འཁོར་འདས་ཐམས་ཅད་རིག་པ་ཆེན་པོ་གཅིག་གི་རང་བཞིན། རིག་པ་ཆེན་པོ་གཅིག་གི་ཡོ་ལང་། རིག་པ་ཆེན་པོ་གཅིག་གི་འཁོར་ཡུག་ཡིན་པའི་ཕྱིར་ན་རིག་པ་ཀུན་ཡངས་ཁྱབ་གདལ་ཆེན་པོ་ཀློང་ཡངས་ནམ་མཁའ་དང་མཉམ་པས་ན་ཡངས་སོ་ཞེས་བརྗོད་པ་དང་། འཁོར་འདས་ཀྱི་སྣང་བ་ཐམས་ཅད་རིག་པ་གཅིག་གི་ཀློང་དུ་ཤོང་བས་ན་ཆེ་འོ་ཞེས་བརྗོད་དོ།། དེ་འདྲ་བའི་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ནམ་མཁའ་དང་མཉམ་པའི་རྒྱ་ཆེ་ཀློང་ཡངས་འདི་ནི་དུས་གསུམ་རྒྱལ་བའི་ཐུགས་ཆོས་དབྱིངས་ཆེན་པོ་ཞེས་བྱ་བ་ཡིན་ནོ།། དེས་ན་གཞི་ཀ་དག་ཡེ་གྲོལ་ཆེན་པོའི་ངོ་བོ་ལ་འཁོར་བ་སྤངས་ནས་སངས་རྒྱས་ཐོབ་པ་མེད་དེ་འཁོར་འདས་མཉམ་ཉིད་ཐིག་ལེ་ཉག་གཅིག་གི་ཀློང་ལས་ནམ་ཡང་མི་འདའ་བ་ཉིད་དོ།། དེས་ན་འཁོར་འདས་ཡེ་ནས་གྲོལ་ལོ་ཞེས་པས་གདོད་ནས་ཡེ་གྲོལ་མིང་མེད་ཆེན་པོར་བསྟན་པས། ད་ལྟ་གསར་དུ་རྟོགས་དང་མ་རྟོགས་ལ་བརྟེན་ནས་ [p. 241] གྲོལ་འཁྲུལ་ཞེས་པའི་མིང་ཙམ་ཡང་མེད་པ་ཉིད་དོ། །དེ་ལྟར་ཤེས་པའི་རྣལ་འབྱོར་པ་དག་གི་རིག་པ་མཁའ་མཉམ་བྱ་རྩོལ་དང་བྲལ་བའི་ལྷུན་གྲུབ་ཡངས་པ་ཆེན་པོའི་ལམ་དུ་འདུ་འབྲལ་མེད་པར་འབྱམས་ཀླས་ཏེ་ཡེ་གྲོལ་མིང་མེད་ཆེན་པོར་ལ་བཟླ་བ་ནི་བདེ་ཞིང་སྐྱིད་པ་ཡིན་ནོ། །དེའི་ཚུལ་ནི། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། སྒྲིབ་མེད་རྣམ་དག་བྱང་ཆུབ་གདལ་བའི་ཀློང་། །སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད། །འཛིན་པ་མེད་པས་སེམས་ཅན་མིང་ཡང་མེད། །རྟོག་པ་མེད་པས་མ་རིག་འཁྲུལ་བ་མེད། །ཞེན་པ་མེད་པས་རྣམ་རྟོག་ཡུལ་ཀྱང་མེདKun tu bzang po thugs kyi…Quotation (named in the text: ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས)
ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད, kun tu bzang po thugs kyi me long gi rgyud, Mirror of the Mind of Samantabhadra Tantra (Kuntuzangpo Thukyi Melong) · one of the Seventeen Tantras of the Great Perfection (rgyud bcu bdun), Instruction Series (man ngag sde); Rnying ma rgyud 'bum
Identification: high confidence (Five lines (no buddha, so not even the name 'buddha'; no grasping, so not even the name 'sentient being' ...). Wording not verified.)
The same words are found on this wiki in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།: 88 % of them (Longchenpa quotes the same passage there).
། །ཅེས་སོ། །

All the outer and inner phenomena that make up the world and its inhabitants are established as the one sole sphere of awareness. All things in samsara and nirvana arise within its one expanse. In the beginning, they unfold within the expanse of awareness in progressive order. For this reason, when this order is reversed and phenomena are traced back to their place of origin, a decisive certainty is gained that their source is awareness alone. When it is understood that samsara and nirvana are but the manifestation of awareness, a clear certainty arises that there is no result, no state of buddhahood, other than awareness. Consequently apart from the capture of the stronghold of awareness, there is no nothing to be hoped for in the sense of the attainment of buddhahood. And since there is no samsara and no suffering in the lower realms apart from awareness, one has a clear conviction that if the stronghold of awareness is captured, samsara will subside in that same awareness. Therefore, there is no fall into samsara to be feared. For one [tr. p. 398] understands that all the appearances of samsara and nirvana do not lie outside the spacelike vast expanse of empty awareness. So it is that the whole of samsara and nirvana is the expression of the one great awareness, the buoyant impetus of the one great awareness, the all-embracing dimension of the one great awareness. Since awareness is an all-penetrating great expanse, equal to the immense reaches of space, Longchenpa calls it an abyss. And since all the appearances of samsara and nirvana are contained within the great expanse of the one awareness, he refers to this abyss as vast. And this great spacelike immensity of awareness, present in the ground, the dharmakāya, is called the mind of the victorious buddhas of the three times, the great dharmadhātu. In the ground of primordial purity, supremely open and free from the very beginning, samsara is not something to be abandoned and nirvana is not something to be attained. For neither samsara nor nirvana ever extend beyond the expanse of the one sole sphere of equality. Referring to samsara and nirvana, the root text speaks of them as being open and free from the very first. It therefore shows that they are themselves the sublime state of openness and freedom and are utterly beyond the reach of names. For even the terms freedom and delusion, applied on the basis of the realization or nonrealization of the openness and freedom [of samsara and nirvana], are utterly unreal. Yogis who understand this remain continuously, uninterruptedly, on the path of great spontaneous presence, devoid of action and exertion— awareness equal to space. They have certain knowledge of the sublime openness and freedom that is beyond all labels. Thus they are contented and at ease. It is said in The Mirror of Samantabhadra’s Mind,

The infinite expanse of the enlightened mind
Is free from stain, immaculate.
Buddhahood has no existence.
Therefore even buddha as a term does not exist.
There is no such thing as clinging.
[tr. p. 399]
Therefore even sentient being as a term does not exist.
There is no ordinary cognition.
Therefore there’s no ignorance and no delusion.
There is no fixation,
Therefore there are neither thoughts nor objects of the same.
Kun tu bzang po thugs kyi…Quotation (named in the text: ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས)
ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད, kun tu bzang po thugs kyi me long gi rgyud, Mirror of the Mind of Samantabhadra Tantra (Kuntuzangpo Thukyi Melong) · one of the Seventeen Tantras of the Great Perfection (rgyud bcu bdun), Instruction Series (man ngag sde); Rnying ma rgyud 'bum
Identification: high confidence (Five lines (no buddha, so not even the name 'buddha'; no grasping, so not even the name 'sentient being' ...). Wording not verified.)
The same words are found on this wiki in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།: 88 % of them (Longchenpa quotes the same passage there).

9.11 Resolved as the Great State Where Delusion Has Not Even a Name འཁྲུལ་བ་མིང་མེད་ཆེན་པོར་ལ་བཟླས་བ9.11 Resolved as the Great State Where Delusion Has Not Even a Name
Awareness is primordially awakened and objectless; saṃsāra is like a dream that never existed, so no one has ever wandered or been deluded, and everything stays in the single clear expanse of dharmadhātu, as a dream never leaves sleep. Saṃsāra is empty form appearing to itself, groundless and rootless, primordially pure.
བཅུ་གཅིག་པ་འཁྲུལ་བ་མིང་མེད་ཆེན་པོར་ལ་བཟླས་བ་ནི།

The eleventh section expresses a decisive certainty that delusion is the great state beyond all designations.

ཡེ་སངས་རྒྱས་པའི་རིག་པ་ཡུལ་མེད་འདི། །
འཁོར་བར་མི་འཁྱམ་འཁྲུལ་གཞི་ཀུན་ལས་འདས། །
སུ་ཡང་མ་འཁྲུལ་འཁྲུལ་པའི་གནས་མེད་དེ། །
ཐམས་ཅད་ཆོས་དབྱིངས་ཀློང་གསལ་གཅིག་གི་ངང་། །
སྔ་ཕྱི་རིས་མེད་མཁའ་མཉམ་ཡངས་པ་ཉིད། །
ཡེ་བབས་ལྷུན་གྲུབ་འཁོར་བ་གདོད་ནས་དག །

11. Primordially the state of buddhahood,
Awareness is devoid of all objective reference.
It does not wander in samsara;
It transcends the whole foundation of delusion.
No one is there who has been,
And no one is there who can be, deluded.
All things are the dharmadhātu’s single, luminous expanse.
They are not different in the past or future.
They are a skylike vast expanse
Primordially uncontrived, spontaneously present.
Samsara from the very first is pure.

དེའང་རིག་པའི་ངོ་བོ་ཡེ་གདོད་མ་ནས་འཁྲུལ་མི་ཤེས་པའི་ཀློང་དུ་སངས་རྒྱས་པའི་ཕྱིར་ན་ད་ལྟ་གསར་དུ་སངས་རྒྱ་མི་དགོས་པས་རིག་པ་ཡུལ་མེད་སྟོང་པ་སྤྲོས་བྲལ་མཉམ་པ་ཉིད་འདི་ལ་འཁྲུལ་སྣང་འཁོར་བ་ཞེས་བྱ་བ་མདང་གསུམ་གྱི་རྨི་ལམ་ལྟ་བུ་ལས་གཞན་དུ་མ་གྲུབ་པས་ན། འཁོར་བ་ལ་སྔར་མ་འཁྱམ། ད་ལྟ་མི་འཁྱམས། ཕྱིས་སུ་འཁྱམ་མི་སྲིད་པས་ན་འཁོར་བ་ཞེས་པའི་འཁྲུལ་གཞི་ཀུན་ལས་འདས་པ་སྟེ། ཡོད་མ་མྱོང་བ་ཡིན། དེས་ན་ཁམས་གསུམ་གྱི་སེམས་ཅན་སུ་ཡང་སྔར་མ་འཁྲུལ་ལ་ཕྱིས་ཀྱང་འཁྲུལ་བའི་གནས་མེད་དེ་འཁོར་བ་ཡེ་ནས་ཀ་དག་ཏུ་གྲོལ་ཟིན་པའི་ཕྱིར་རོ། །དཔེར་ན་རྨི་ལམ་གཉིད་ཀྱི་ངང་ལས་མ་གཡོས་པ་དང་། [p. 242] གཉིད་རིག་པའི་ངང་ལས་མ་གཡོས། རིག་པ་ཆོས་ཉིད་ཀྱི་ངང་ལས་གཡོ་མ་མྱོང་བ་བཞིན་དུ་ཐམས་ཅད་ཆོས་དབྱིངས་ཀློང་གསལ་གཅིག་གི་ངང་ལས་གཡོ་མ་མྱོང་བ་ཡིན། དེས་ན་འཁོར་བའི་སྣང་བ་འདི་དག་སྣང་ལ་རང་བཞིན་མེད་པ་རྨི་ལམ་གྱི་ཡུལ་སྣང་ངོ་ཤེས་པ་ལྟ་བུའི་མེད་པ་གསལ་སྣང་སྟོང་གཟུགས་ཀྱི་རང་སྣང་རང་ལ་ཤར་བ་ཉིད་ལས་གཞན་དུ་གྲུབ་པ་མེད་དོ།། སྟོང་གཟུགས་དེའང་དོན་ལ་གཞི་མེད་རྩ་བྲལ་ཡིན་པས་ན། སྔར་མ་འཁྲུལ་ལ་ད་ལྟ་མི་འཁྲུལ། ཕྱིན་ཆད་ཀྱང་འཁྲུལ་མི་སྲིད་པས་ན་སྔ་ཕྱི་རིས་མེད་པར་འཁོར་བ་ཞེས་པ་དེ་གཞི་མེད་མཁའ་མཉམ་ཡངས་པ་ཆེན་པོའི་རིག་པ་ཐིག་ལེ་ཉག་གཅིག་གི་རང་བཞིན་ཉིད་ཡིན་ནོ།། དེས་ན་ཡེ་ནས་མ་བཅོས་རང་བབས་ལྷུན་གྲུབ་ཀྱི་རིག་པ་སྤྲོས་བྲལ་ཀློང་ཡངས་ཆེན་པོའི་ངང་དུ་འཁོར་བ་ཞེས་བྱ་བ་དེ་ཡེ་གདོད་ནས་རང་སར་དག་པ་ཉིད་དོ།།

Because awareness is in itself the primordial state of buddhahood within the vast expanse that knows no delusion, there is no need for it to be enlightened again. Within awareness, the empty, objectless state of equality that is free of elaboration, the hallucinatory appearances of what we call samsara are like the visions of last night’s dreams, nothing more. In the past, awareness has never wandered in samsara. It is not wandering in it now, and it is impossible for it to do so in the future. It utterly transcends the very basis of the illusion called samsara. It has never existed. Of all the beings of the three worlds, therefore, none has been deluded in the past, nor is there any possibility of their being so hereafter. For samsara has from the very first been open and free in the state of primordial [tr. p. 400] purity. Dreams never move beyond the state of sleep, sleep itself never moves beyond the state of awareness, and awareness never moves beyond the state of dharmatā. In just the same way, nothing has ever moved beyond the one luminous expanse of the dharmadhātu. The appearances of samsara occur but are without intrinsic being— just like the visions of a dream that are recognized for what they are. They are nonexistent yet clearly appearing empty forms. Appearing to the mind, they are the mind’s own self-experience and nothing more. In truth, these empty forms are groundless and rootless, and, therefore, they were not hallucinations in the past, they are not so in the present, and there will not be so in the future. Without differentiation into past or future, so-called samsara is by nature the one sole sphere of awareness, a vast, groundless immensity similar to space. So it is that within awareness, which is primordially uncontrived and present of itself and is a vast immensity free of all mental elaboration, what we call samsara is inherently pure from the very beginning.

9.12 Resolved as the Non-Duality of Saṃsāra and Nirvāṇa འཁོར་འདས་གཉིས་སུ་མེད་པར་ལ་བཟླ་བ9.12 Resolved as the Non-Duality of Saṃsāra and Nirvāṇa
Since the ground has no bondage or liberation, there is no entering liberation and no taking up nirvāṇa; in the unchanging expanse saṃsāra and nirvāṇa never existed (Yi ge med pa), so one should neither hope nor fear, nor strive or alter anything. Khangsar then contrasts the Great Perfection, for which saṃsāra and nirvāṇa never existed, like a rabbit's horn and a barren woman's son, and which speaks from awareness itself (Mipham: look inward), with the sūtra equality that assumes both and says they do not differ (Mūlamadhyamakakārikā), which, measured by the Great Perfection, is a contradiction, as Khenchen Jigme Phuntsok said: the two differ like sky and earth.
བཅུ་གཉིས་པ་འཁོར་འདས་གཉིས་སུ་མེད་པར་ལ་བཟླ་བ་ནི།

The twelfth section expresses decisive certainty that samsara and nirvana are not two.

གྲོལ་བར་མི་འཇུག་མྱ་ངན་འདས་མི་ལེན། །
མི་འགྱུར་ཀློང་ཆེན་འཁོར་འདས་ཡོད་མ་མྱོང་། །
འདི་ཡང་སྤང་ཐོབ་རེ་དོགས་མི་དམིགས་ཤིང་། །
གདོད་ནས་བྱང་ཆུབ་གཞི་ཀློང་ཡངས་པ་ཆེ། །
ཐམས་ཅད་མིང་ཙམ་དོན་ལ་མཚོན་བརྗོད་འདས། །
གྲོལ་དང་འཁྲུལ་མེད་འཁོར་འདས་ལ་ཟློས་པས། །
སུ་ཡང་མ་རྩོལ་བཅོས་བསྒྱུར་མ་བྱེད་ཅིག །

12. Do not opt for freedom or embrace nirvana.
In the changeless vast expanse,
There has never been samsara or nirvana
To be rejected or adopted, to be feared or hoped for.
They are the vast immensity
Of enlightenment’s primordial ground.
They are but names and are, in truth,
Beyond both indication and description.
Clearly certain that samsara does not mean delusion,
That nirvana is not freedom,
Let no one strive, let no one change or alter anything.

དེའང་གཞི་བཅིང་གྲོལ་མེད་པའི་ངོ་བོར་ཡེ་ནས་སངས་རྒྱས་པས་ན་ད་ལྟ་གྲོལ་མི་དགོས། གལ་ཏེ་དགོས་ཀྱང་གྲོལ་བར་བྱེད་དུ་མེད་པའི་ཕྱིར་ན་གྲོལ་བར་མི་འཇུག་ཅེས་གསུངས། དེས་ན་རང་རིག་ཡེ་ནས་སྟོང་པ་ནམ་མཁའི་ངོ་བོ་ལྟར་དག་པས་ན་བཅིང་བྱ་འཆིང་བྱེད་ལས་འདས་པའི་ཕྱིར་འཁོར་བ་རང་སར་དག་པ་དང་། གྲོལ་བ་མེད་པའི་གནད་ཀྱིས་མྱ་ངན་འདས་པའང་ཡོད་མེད་ཀྱི་ [p. 243] མཐའ་ལས་འདས་པའི་ཡེ་སྟོང་ཟང་ཐལ་ཆེན་པོའི་རང་བཞིན་ཡིན་པས་འཁོར་བ་སྤང་བྱ་དང་། མྱང་འདས་དང་དུ་ལེན་བྱ་མེད་པས་ན་མྱ་ངན་ལས་འདས་པའང་མི་ལེན་ཞེས་སོ།། དེས་ན་རིག་པ་ཁྱབ་གདལ་ནམ་མཁའི་ཁོར་ཡུག་དུས་གསུམ་འཕོ་འགྱུར་དང་བྲལ་བའི་མི་འགྱུར་ཀློང་ཡངས་ཆེན་པོའི་ངོ་བོར་ཡེ་ནས་གྲོལ་ཟིན་པས་ན་འཁོར་འདས་ཞེས་བྱ་བ་གདོད་ནས་ཡོད་མ་མྱོང་བ་ཡིན་ཏེ། ཡི་གེ་མེད་པ་ལས། འཁོར་བ་མ་ཡིན་མྱ་ངན་འདས་མ་ཡིན།། བཅིངས་པ་མ་ཡིན་གྲོལ་བ་ཡོད་མ་ཡིནYi ge med pa'i rgyud chen…Quotation (named in the text: ཡི་གེ་མེད་པ་ལས)
ཡི་གེ་མེད་པའི་རྒྱུད་ཆེན་པོ, yi ge med pa'i rgyud chen po, Tantra Without Letters (Yigé Mepa) · one of the Seventeen Tantras of the Great Perfection (rgyud bcu bdun), Instruction Series (man ngag sde); Rnying ma rgyud 'bum
Identification: high confidence (Two lines (not saṃsāra, not nirvāṇa; not bound, no liberation). Wording not verified.)
The same words are found on this wiki in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།: 86 % of them (Longchenpa quotes the same passage there).
།། ཞེས་འཁོར་འདས་རིག་པའི་ངོ་བོར་ཡེ་ནས་གྲོལ་ཟིནཔ་དང་། རིག་པ་དང་གཉིས་སུ་མེད་པ་ཉིད་ཡིན་པས་ན། གཞིའི་རིག་པ་ནི་འཁྲུལ་སྣང་འཁོར་བ་མ་ཡིན། མ་འཁྲུལ་པའི་མྱ་ངན་ལས་འདས་པའང་མ་ཡིན་པས་འཁོར་འདས་ཀྱི་མཚན་མ་རང་སར་དག་པའི་སྤྲོས་བྲལ་ཆེན་པོ་ཡིན་པ་དང་། གཞི་ཡེ་ནས་བཅིང་གྲོལ་མེད་པའི་གནད་ཀྱིས་འཁྲུལ་སྣང་འཁོར་བས་བཅིངས་པའང་མ་ཡིན། མ་འཁྲུལ་བའི་མྱང་འདས་སུ་གསར་དུ་གྲོལ་བར་ཡོད་པ་ཡང་མ་ཡིན་ནོ་ཞེས་པའི་དོན་ནོ།། དེས་ན་གཞི་བཅིངས་གྲོལ་མེད་པའི་ངོ་བོ་འདི་ལ་འཁོར་བ་སྤངས་པ་དང་། མྱང་འདས་ཀྱི་གོ་འཕང་ཐོབ་རྒྱུ་ཡོད་པར་བཟུང་སྟེ། མྱང་འདས་ལ་རེ་བ་དང་། འཁོར་བ་ལ་དོགས་པ་མི་དམིགས་ཤིང་ཡེ་གདོད་མ་ནས་འཁོར་འདས་གཉིས་ཀ་བྱང་ཆུབ་གཞི་ཀློང་ཡངས་པ་ཆེན་པོའི་ངོ་བོར་སངས་རྒྱས་ཟིན་པས་ན། འཁོར་འདས་བཟང་ངན་གྲོལ་འཁྲུལ་ཐམས་ཅད་ཐ་སྙད་དུ་མིང་ཙམ་མ་གཏོགས་དོན་ལ་མཚོན་བརྗོད་ལས་འདས་པའི་རིག་པ་ཀ་དག་མཉམ་ཉིད་ཆེན་པོའི་རང་བཞིན་ལས་མ་འདས་པ་ཡིན། དེས་ན་གྲོལ་བ་སངས་རྒྱས་དང་འཁྲུལ་བ་སེམས་ཅན་ཞེས་བྱ་བ་ཡེ་ནས་གྲུབ་མ་མྱོང་བས་མེད་པ་ཉིད་དེ་འཁོར་འདས་ཡེ་དག་ཆོས་དབྱིངས་ཆེན་པོར་ཡེ་ནས་ལ་བཟློས་ཟིན་པས་སོ།། དེ་ལྟར་ཕུ་ཐག་གཏིང་ནས་ཆོད་པ་ཞིག་ཤིན་ཏུ་གལ་ཆེ། དེས་ན་རྣལ་འབྱོར་པ་སུ་ཞིག་ཡིན་ [p. 244] ཡང་རྩོལ་བས་མ་རྩོལ་བཅོས་པས་མ་བསྒྱུར་བར་སྤང་བླང་དགག་སྒྲུབ་གང་ཡང་མ་བྱེད་ཅིག་ཅེས་སོ།། དེ་ལྟར་རིག་པའི་རང་གཤིས་སྐྱོང་ཚེ་རྩོལ་སྒྲུབ་མི་བྱེད་པར་སྒོ་གསུམ་མ་བཅོས་ཕྱམ་གྱིས་བཞག་ན་ངང་མངོན་དུ་གྱུར་འོང་། རིག་པ་ཁོ་རང་ལ་བཅོས་རྒྱུ་མེད་ཀྱང་གྲིམ་པོའི་བློས་བཅོས་ན་རིག་པའི་རང་ཞལ་སྒྲིབ་འགྲོ་བ་ཡིན་ནོ།། སྤྱིར་རྫོགས་པ་ཆེན་པོ་ལྟར་ན་རིག་པ་རང་གི་ངོ་བོ་འཁོར་བ་ཡང་མ་ཡིན། མྱ་ངན་ལས་འདས་པའང་མ་ཡིན། རིག་པ་ལས་གཞན་ན་འཁོར་འདས་ཀྱི་ཆོས་ཞེས་བྱ་བ་ཞིག་གཏན་ནས་མེད་དེ། ཇི་སྐད་དུ། རི་རྭ་མོ་གཤམ་བུ་ཉིད་ལས། ཁྱད་པར་ཅུང་ཟད་ཡོད་མ་ཡིན།། མོ་གཤམ་བུ་ཉིད་རི་རྭ་ལས།། ཁྱད་པར་ཅུང་ཟད་ཡོད་མ་ཡིན།། འདི་གཉིས་ཀྱི་ནི་ཁྱད་པར་ལ།། ཤིན་ཏུ་ཕྲ་བ་ཡོད་མ་ཡིན(unidentified)Quotation (named in the text: ཇི་སྐད་དུ)
(unidentified), (unidentified), Unidentified verse, modelled on Mūlamadhyamakakārikā 25.19–20
Identification: low confidence (Six lines: the (rabbit's) horn and the barren woman's son do not differ in the slightest. The wording parodies Nāgārjuna's MMK 25.19–20 (saṃsāra and nirvāṇa do not differ in the slightest), applied to two non-existents to show that in the Great Perfection saṃsāra and nirvāṇa never existed. Khangsar calls it 'a sūtra statement' (མདོའི་ཚིག), and the passage ends with an attribution to the oral teaching of Khenchen Jigme Phuntsok (…ཞེས་མཁན་ཆེན་འཇིགས་མེད་ཕུན་ཚོགས་རིན་པོ་ཆེས་གསུངས), so the verse may be Khenchen's own adaptation. རི་རྭ for རི་བོང་རྭ (rabbit's horn).)
The same words were not found among the Tibetan texts on this wiki.
།། ཞེས་པ་ལྟར་འདི་མདོའི་ཚིག་ཅིག་ཡིན་ཡང་། རྫོགས་ཆེན་རང་ལུགས་ལ་ནི་འཁོར་འདས་གཉིས་ཀ་རི་རྭ་དང་མོ་གཤམ་བུ་བཞིན་དུ་གཏན་ནས་ཡོད་མ་མྱོང་། འཁོར་འདས་མཉམ་ཉིད་ཟེར་བ་དེ་རིག་པ་ཟང་ཀ་མ་ཐིག་ལེ་ཉག་གཅིག་གི་ངོ་བོའི་སྟེང་ནས་བཤད་པ་མ་གཏོགས། ས་རྡོ་རི་བྲག་ཞིག་གི་ཐོག་ནས་བཞག་གི་མེད། ཚིག་སྐམ་པོ་ཞིག་དང་། ཁ་མཁས་སྟོང་བཤད། གོ་བ་ཡུལ་གྱི་སྟེང་ནས་ཕར་བལྟས་ཏེ་བཤད་པ་མ་ཡིན་པར་ནང་རིག་པ་རང་གི་གཤིས་ལ་སྦྱར་ནས་བཤད་པ་ཡིན་ཏེ། མི་ཕམ་པས། ཕར་བལྟས་རྒྱང་གི་ཆོས་བརྒྱ་ལས། ཚུར་བལྟས་སེམས་ཀྱི་ཆོས་གཅིག་མཆོག། ཕར་ལ་ལྟ་བའི་གཅེས་ཕྲུག་པོ།། དེ་རིང་ཚུར་ལ་བལྟ་བར་རིགས(unidentified; 'jam mgon…Quotation (named in the text: མི་ཕམ་པས)
(unidentified work of Mipham), (unidentified; 'jam mgon mi pham rgya mtsho'i gsung), Unidentified verse of Mipham Rinpoche · Collected Works of Mipham Rinpoche (gsung 'bum)
Identification: medium confidence (Four lines (better than a hundred things seen looking far outward is the one thing of mind seen looking inward; darling who looks outward, today look inward). The attribution to Mipham is Khangsar's; the specific work (probably a song or short advice) was not identified. Not in the Chos dbyings mdzod root.)
The same words were not found among the Tibetan texts on this wiki.
།། ཞེས་པ་ལྟར་ཡིན། དེ་མིན་མདོའི་བཤད་ཚུལ་ལྟར་ན་འཁོར་འདས་གཉིས་ཡོད་པ་གཞིར་བཞག་གི་སྟེང་ནས། ཇི་སྐད་དུ། མྱ་ངན་འདས་པ་འཁོར་བ་ལས།། ཁྱད་པར་ཅུང་ཟད་ཡོད་མ་ཡིནDbu ma rtsa ba'i tshig…Quotation (named in the text: ཇི་སྐད་དུ)
དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ, dbu ma rtsa ba'i tshig le'ur byas pa shes rab, Root Stanzas of the Middle Way (Mūlamadhyamakakārikā) by Nāgārjuna · Tengyur, dbu ma (Toh 3824)
Identification: high confidence (Unnamed, but the two lines are MMK 25.19cd (nirvāṇa does not differ in the slightest from saṃsāra); Khangsar introduces them as 'the sūtra way of explaining' (མདོའི་བཤད་ཚུལ), i.e. the sūtra/Madhyamaka system as opposed to the Great Perfection. Wording not checked against a Tengyur edition.)
The same words are found on this wiki in དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ།: 80 % of them.
།། ཞེས་བཤད་དེ་འཁོར་འདས་མཉམ་ཉིད་འཇོག་ཚུལ་འདི་རྫོགས་པ་ཆེན་པོས་བཤད་ཚུལ་ལས་མར་གཞལ་ན་འགལ་བའི་ཚིག་ཁོ་ན་རེད། འཁོར་འདས་ཡོད་པ་གཞིར་བཞག་གི་སྟོང་ནས་ [p. 245] བཤད་ན་འཁོར་བ་འཁྲུལ་བ་དང་མྱང་འདས་མ་འཁྲུལ་བ་ཡིན་པས། འཁྲུལ་མ་འཁྲུལ་གཉིས་ལ་ཁྱད་པར་ཅུང་ཟད་མེད་ཅེས་བརྗོད་ན་འགལ་བ་མ་ཡིན་ནམ་ཞེས་མཁན་ཆེན་འཇིགས་མེད་ཕུན་ཚོགས་རིན་པོ་ཆེས་གསུངས། དེས་ན་མདོས་འཁོར་འདས་མཉམ་ཉིད་འཇོག་ཚུལ་དང་འདིར་རྫོགས་པ་ཆེན་པོས་འཁོར་འདས་མཉམ་ཉིད་འཇོག་ཚུལ་ལ་གནམ་ས་ལྟ་བུའི་ཁྱད་པར་ཡོད་གསུངས། དེས་ན་རྫོགས་པ་ཆེན་པོ་ནི་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མཐར་ཐུག་པ་ཡིན་པས་ན་ཐེག་པ་འོག་མ་ལས་ཁྱད་པར་དུ་འཕགས་པའོ།།

Because beings are primordially awakened in the ground that is beyond both bondage and freedom, there is no need for them to be freed now. They could not become free even if they wanted to— and this is why the root text says, “Do not opt for freedom.” Since primordially empty self-cognizing awareness is pure like space, and since it is beyond both the object and agent of bondage, this means that samsara is pure in its natural condition. And since awareness transcends the state of freedom, [release from bondage,] it follows that nirvana is also by nature the state of primordially open, unimpeded emptiness beyond the extremes of existence and nonexistence. And, therefore, since samsara is not something to be abandoned and nirvana is not something to be sought for, the root text says that the latter should not be embraced. What we refer to as samsara and nirvana are already open and free from the very beginning within the space of all-embracing awareness, the changeless vast expanse that neither moves nor evolves throughout the passage of time. And it is for that reason that they have never existed as such. As we find in The Unwritten Tantra,

There is no samsara; there is no nirvana.
There’s no bondage; there is no release.
Yi ge med pa'i rgyud chen…Quotation (named in the text: ཡི་གེ་མེད་པ་ལས)
ཡི་གེ་མེད་པའི་རྒྱུད་ཆེན་པོ, yi ge med pa'i rgyud chen po, Tantra Without Letters (Yigé Mepa) · one of the Seventeen Tantras of the Great Perfection (rgyud bcu bdun), Instruction Series (man ngag sde); Rnying ma rgyud 'bum
Identification: high confidence (Two lines (not saṃsāra, not nirvāṇa; not bound, no liberation). Wording not verified.)
The same words are found on this wiki in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།: 86 % of them (Longchenpa quotes the same passage there).

This means that from the very beginning, samsara and nirvana are already free and open within awareness itself. They cannot be separated from awareness, which, as their ground, is neither hallucinatory appearance (samsara), nor the absence of delusion (nirvana). It therefore follows that the defining characteristics of both are in themselves pure [that is, nonexistent] and beyond conceptual elaboration. Because the ground primordially transcends both bondage and freedom, it is neither bound by the hallucinatory appearances of samsara nor freed anew in the undeluded state of nirvana. Within this ground beyond bondage and freedom, there is neither hope for nirvana as something to be attained nor fear of [tr. p. 402] samsara as something to be rejected. Both samsara and nirvana are from the very first the vast, immense expanse of the ground of enlightenment. They are already the state of buddhahood. “Samsara and nirvana,” “good and evil,” “freedom and delusion” are nothing more than conventional terms. In truth, they are beyond the reach of indication and description. They are simply primordially pure awareness, the state of equality. Since “liberated buddhas” and “deluded beings” have never existed, a clear confidence is reached that samsara and nirvana are both the primordially pure expanse of ultimate reality. To have a deep certainty that this is so is of the utmost importance. Therefore, yogis should make no effort in striving, in altering or changing, in adopting or rejecting, negating or affirming. When the actual condition of awareness is maintained and the three doors are left unaltered and relaxed, without any effortful activity, the state of awareness is made evident. Awareness is not something that can be contrived. If one tries to fabricate it with a tightly focused mind, the face of awareness will be veiled. Generally speaking, according to the view of the Great Perfection, awareness itself is neither samsara nor nirvana. And yet, apart from awareness, the so-called phenomena of samsara and nirvana have absolutely no existence. As it is said,

The hare’s horns do not differ in the slightest
From the barren woman’s child.
The barren woman’s child does not in the slightest differ
From the horns upon a hare.
Between the two there’s not the slightest difference.
(unidentified)Quotation (named in the text: ཇི་སྐད་དུ)
(unidentified), (unidentified), Unidentified verse, modelled on Mūlamadhyamakakārikā 25.19–20
Identification: low confidence (Six lines: the (rabbit's) horn and the barren woman's son do not differ in the slightest. The wording parodies Nāgārjuna's MMK 25.19–20 (saṃsāra and nirvāṇa do not differ in the slightest), applied to two non-existents to show that in the Great Perfection saṃsāra and nirvāṇa never existed. Khangsar calls it 'a sūtra statement' (མདོའི་ཚིག), and the passage ends with an attribution to the oral teaching of Khenchen Jigme Phuntsok (…ཞེས་མཁན་ཆེན་འཇིགས་མེད་ཕུན་ཚོགས་རིན་པོ་ཆེས་གསུངས), so the verse may be Khenchen's own adaptation. རི་རྭ for རི་བོང་རྭ (rabbit's horn).)
The same words were not found among the Tibetan texts on this wiki.

These words are taken from a sutra and yet they support the view of the Great Perfection, which states that samsara and nirvana have never existed— just like the horns of a hare and the barren woman’s child. The statement about the equality of samsara and nirvana is made on the basis of the one sole sphere of bare, unimpeded awareness. It is not made on the basis of earth, stones, mountains, and [tr. p. 403] cliffs. It is not a matter of dry words, clever talk empty of meaning. Neither is it an explanation based on an understanding of the external evidence of sense objects, but rather one that depends on the inner state of awareness. It is as Mipham says,

Far better than to scrutinize a hundred distant objects
Is to look at one thing here, your mind.
My dear child looking over there,
Today you must look over here!
(unidentified; 'jam mgon…Quotation (named in the text: མི་ཕམ་པས)
(unidentified work of Mipham), (unidentified; 'jam mgon mi pham rgya mtsho'i gsung), Unidentified verse of Mipham Rinpoche · Collected Works of Mipham Rinpoche (gsung 'bum)
Identification: medium confidence (Four lines (better than a hundred things seen looking far outward is the one thing of mind seen looking inward; darling who looks outward, today look inward). The attribution to Mipham is Khangsar's; the specific work (probably a song or short advice) was not identified. Not in the Chos dbyings mdzod root.)
The same words were not found among the Tibetan texts on this wiki.

By contrast, according to the explanation on the sutra level, where the existence of both nirvana and samsara is taken as a basis for discussion, it is said that

Nirvana does not differ
Even slightly from samsara.[85]Padmakara's note 85 · See Root Stanzas on the Middle Way, chap. 25, v. 19.
Dbu ma rtsa ba'i tshig…Quotation (named in the text: ཇི་སྐད་དུ)
དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ, dbu ma rtsa ba'i tshig le'ur byas pa shes rab, Root Stanzas of the Middle Way (Mūlamadhyamakakārikā) by Nāgārjuna · Tengyur, dbu ma (Toh 3824)
Identification: high confidence (Unnamed, but the two lines are MMK 25.19cd (nirvāṇa does not differ in the slightest from saṃsāra); Khangsar introduces them as 'the sūtra way of explaining' (མདོའི་བཤད་ཚུལ), i.e. the sūtra/Madhyamaka system as opposed to the Great Perfection. Wording not checked against a Tengyur edition.)
The same words are found on this wiki in དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ།: 80 % of them.

Now, if this way of positing the equality of samsara and nirvana is appraised in the light of the explanation of the Great Perfection, it amounts to a simple contradiction. For if the matter is explained on the basis of the existence of samsara and nirvana— samsara being delusion and nirvana being the absence of delusion— and if one says that there is not the slightest difference between delusion and the absence of delusion, is this not a contradiction, as Khenchen Jigme Phuntsok Rinpoche has pointed out? He also said that the way of positing the equality of samsara and nirvana according to the sutras and the way of doing so according to the Great Perfection are as different as heaven and earth. The Great Perfection is thus the summit of all vehicles, the ultimate wisdom mind of all the buddhas. Compared with the lower vehicles, it is utterly sublime.

9.13 Resolved as the Vast Expanse Free of Limits མཐའ་གྲོལ་ཀློང་ཡངས་ཆེན་པོར་ལ་བཟླ་བ9.13 Resolved as the Vast Expanse Free of Limits
Awareness has no wide or narrow, high or low, limit or partiality, no doing, coming or going, time or antidote, so reference points and effortful grasping are to be dropped (Yi ge med pa: not made, no maker). Deliberate focus binds, as a silkworm binds itself with its own spittle, and obscures awareness; one should leave it open, without fixation.
བཅུ་གསུམ་པ་མཐའ་གྲོལ་ཀློང་ཡངས་ཆེན་པོར་ལ་བཟླ་བ་ནི།

The thirteenth section expresses the decisive certainty that freedom from conceptual extremes is the immense expanse.

ཡངས་དོག་མཐོ་དམན་མེད་པའི་རིག་པ་ལ།།
རྒྱ་ཆད་ཕྱོགས་ལྷུང་མེད་ཀྱིས་དམིགས་གཏད་ཤོལ།།
བྱ་བྱེད་འགྲོ་འོང་མེད་པའི་རིག་པ་ལ།
དུས་དང་གཉེན་པོར་མེད་ཀྱིས་འཛིན་རྩོལ་ཞོག །
ཆེད་དུ་དམིགས་པ་ཡོད་ན་འཆིང་བའི་རྒྱུ།
གང་ལའང་གཏད་འཛིན་མ་འཆའ་ཕྱམ་ལ་ཐོང་།

13. Awareness without breadth or height
Is without limits, falls to no extreme.
And so hold back from aiming at it.
Awareness, free of agent and of action,
Free of coming and of going,
Entails no lapse of time, no remedy.
Therefore do not cling to it or strive.
If there is deliberate focus,
This will be the cause of bondage.
Therefore do not grasp at anything,
But let it go in evenness.

དེའང་རིག་པ་ནི་འཁོར་འདས་ཀུན་ལ་ཁྱབ་ཅིང་རང་གི་ངོ་བོ་སྤྲོས་པ་ཐམས་ཅད་དང་བྲལ་བས་ན་ཡངས་དོག་དང་མཐོ་དམན་སོགས་ཀྱི་སྤྲོས་པ་གང་ཡང་མེད་པའི་རིག་པ་འདི་ལ། རྒྱ་གང་དུའང་མ་ཆད་ཕྱོགས་གང་དུའང་ལྷུང་བ་མེད་པའི་ཟང་ཐལ་ཐིག་ལེ་ཉག་གཅིག་གི་ངོ་བོར་གནས་པ་ཉིད་ཀྱིས་དམིགས་གཏད་འཛིན་རྩོལ་བྱེད་ཡུལ་མེད་པས་ན་དམིགས་གཏད་ཤོལ་ཅིག་ཅེས་ཤོལ་ཅེས་པ་བྲལ་བའི་དོན་ནོ། །དེ་འདྲའི་རང་བྱུང་རིག་པ་དེ་ནི་བྱ་བྱེད་འགྲོ་འོང་མེད་པའི་རིག་པ་ཡིན་ལ། དེ་ཡང་ཡི་གེ་མེད་པ་ལས། དོན་གྱི་ངོ་བོ་རིག་པ་དེ་ཉིད་ལ། བྱས་པ་མ་ཡིན་བྱེད་མཁན་ག་ལ་ཡོད། བཅོས་པ་མ་ཡིན་བཅོས་པའི་བདག་པོ་མེདYi ge med pa'i rgyud chen…Quotation (named in the text: ཡི་གེ་མེད་པ་ལས)
ཡི་གེ་མེད་པའི་རྒྱུད་ཆེན་པོ, yi ge med pa'i rgyud chen po, Tantra Without Letters (Yigé Mepa) · one of the Seventeen Tantras of the Great Perfection (rgyud bcu bdun), Instruction Series (man ngag sde); Rnying ma rgyud 'bum
Identification: high confidence (Three lines (awareness is not made, so where is a maker; not contrived, no owner of contrivance). Wording not verified.)
The same words are found on this wiki in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།: 100 % of them (Longchenpa quotes the same passage there).
། ཅེས་སོ། །རིག་པ་དེ་རྟོགས་པའི་དུས་ཚོད་འདི་འདྲ་བ་ཞིག་ [p. 246] གི་དུས་ཡིན་ཞེས་པ་ལྟ་བུ་དང་། དེ་རྟོགས་པའི་གཉེན་པོ་འདི་འདྲ་བ་ཞིག་བསྟེན་དགོས་ཞེས་པ་སོགས་གང་ཡང་མེད་པ་ཉིད་ཀྱིས་འཛིན་རྩོལ་ཐམས་ཅད་རང་སར་ཞོག་དང་ཡེ་བབ་ཀྱི་གནས་ལུགས་མངོན་དུ་གྱུར་འོང་གསུངས། དེས་ན་རིག་པ་ཡེ་ནས་དམིགས་གཏད་འཛིན་ཞེན་སོགས་སྐྱོན་གྱིས་གོས་མ་མྱོང་བའི་ནམ་མཁའ་གཡའ་དག་པ་ལྟ་བུ་ཞིག་ཡིན་པའི་ཕྱིར་ན། ད་ལྟ་རིག་པའི་ངོ་བོར་ལྟ་བའི་ཚེ་ན་ཆེད་དུ་དམིགས་པ་དང་གཏད་སོ་ཡོད་ན་སྲིན་བུའི་ཁ་ཆུས་རང་འཆིང་བ་བཞིན་དུ་ཤེས་པ་རང་གིས་རང་འཆིང་སྟེ། རིག་པའི་རང་ཞལ་སྒྲིབ་བྱེད་དུ་འགྲོ་བ་མ་གཏོགས་ཕན་པ་སྤུ་ཙམ་ཡང་མེད་པས་འཆིང་བའི་རྒྱུ་ཞེས་སོ།། དེས་ན་གང་ལའང་གཏད་འཛིན་མ་འཆའ་བར་ཕྱམ་ཕྱམ་ཡངས་པའི་ངང་ལ་ཐོངས་ནས་ཞོག་ཅིག།

Awareness pervades the whole of samsara and nirvana and is devoid of mental elaboration. It has no breadth or height and is beyond all other conceptual constructs. It is free of delimitation and falls to no extreme, it subsists as the one sole sphere, open and unimpeded. It is not an object that can be taken hold of; it is not something that can be striven for. One should therefore hold back— meaning that one should refrain— from aiming at it. Awareness is self-arisen. In relation to it there is neither agent nor action, neither coming nor going. The Unwritten Tantra says,

Awareness in itself is ultimate.
It is unmade. What maker could it have?
It is uncontrived— there’s no one to contrive it.
Yi ge med pa'i rgyud chen…Quotation (named in the text: ཡི་གེ་མེད་པ་ལས)
ཡི་གེ་མེད་པའི་རྒྱུད་ཆེན་པོ, yi ge med pa'i rgyud chen po, Tantra Without Letters (Yigé Mepa) · one of the Seventeen Tantras of the Great Perfection (rgyud bcu bdun), Instruction Series (man ngag sde); Rnying ma rgyud 'bum
Identification: high confidence (Three lines (awareness is not made, so where is a maker; not contrived, no owner of contrivance). Wording not verified.)
The same words are found on this wiki in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།: 100 % of them (Longchenpa quotes the same passage there).

Since awareness does not require the use of antidotes or periods of time for its realization, one should let go of all clinging and striving. It is thus, Longchenpa says, that the primordial fundamental nature will become manifest. Awareness in itself has never been marred by such faults as clinging and fixation. It is like the vast and pure abyss of space. And so, if now, when watching awareness, there is a deliberate focusing on it as a target, the mind will fetter itself like a silkworm imprisoning itself with the threads of its own saliva. This will simply veil the face of awareness and will not be of [tr. p. 405] the slightest help. Indeed it will be a cause of bondage. Therefore, without any grasping whatsoever, one should let go of everything in the vast state of evenness.

9.14 Realization Being Vast as Space, All Phenomena Resolved as Great Non-Action རྟོགས་པ་མཁའ་མཉམ་ཡངས་པ་ཆེན་པོ་ཡིན་པས་ཆོས་ཐམས་ཅད་བྱར་མེད་ཆེན་པོར་ལ་བཟླ་བ9.14 Realization Being Vast as Space, All Phenomena Resolved as Great Non-Action
In five subsections, each in the refrain 'whether X or not X' (rung ma rung), Khangsar shows that once the natural state is evident, liberation, purity, meditation, attainment, obscuration, wandering and following the masters make no difference. An embedded note says that the autocommentary does not explain these lines and that their explanation was received in a dream from the protectors Tsi'u dmar and Ekajaṭī.
9.14.1 The Nature Made Evident, Resolved as Exhaustion of Phenomena Beyond Mind གཤིས་མངོན་དུ་གྱུར་བས་ཆོས་ཟད་བློ་འདས་ཆེན་པོར་ལ་བཟླ་བ9.14.1 The Nature Made Evident, Resolved as Exhaustion of Phenomena Beyond Mind
Whether phenomena are liberated or not, pure or not, free of elaboration or not, established in the innate nature or not makes no difference: when the uncontrived, transparent nature is evident, there is no mind to think, no place to rest, no path to travel, and awareness frees itself without trace, like a drawing on water.
བཅུ་བཞི་བ་རྟོགས་པ་མཁའ་མཉམ་ཡངས་པ་ཆེན་པོ་ཡིན་པས་ཆོས་ཐམས་ཅད་བྱར་མེད་ཆེན་པོར་ལ་བཟླ་བ་ལ་ལྔ་ལས། དང་པོ་གཤིས་མངོན་དུ་གྱུར་བས་ཆོས་ཟད་བློ་འདས་ཆེན་པོར་ལ་བཟླ་བ་ནི།

The fourteenth section expresses the decisive certainty (thanks to a realization as vast as space) that all phenomena partake of the great state of nonaction. This section has five parts. The first expresses a decisive certainty that, once their fundamental nature becomes manifest, phenomena are exhausted in the state beyond the ordinary mind.[86]Padmakara's note 86 · Textual note: Around the time that Khenpo Tenpa’i Wangchuk was reflecting on how to interpret this stanza, which is not elucidated in Longchenpa’s autocommentary, he had a dream in which he saw the Dharma Protector Tsiu Marpo appearing in the form of a young man with red cheeks engaged in conversation with the Protectress of Mantra, the Lady of the Single Tress [Ekajaṭī], who had taken the form of a very beautiful lady. Tenpa’i Wangchuk asked the young man about the meaning of this stanza. In reply, the protector told him to put his question directly to the lady while he would to go to the sign of the retreat boundary and stand guard against obstacle makers. The lady explained the stanza at great length and, in conclusion, asked Tenpa’i Wangchuk whether he had understood. The latter replied in the affirmative but 692 - Not es declared that he would forget everything on waking up. Thereupon, from a precious tube extending from the tip of the lady’s tongue, there came the sound “Ha,” which melted softly into the Khenpo’s heart. In the morning, Tenpa’i Wangchuk was able to commit the whole instruction to writing without forgetting anything. This is the testimony of Khenpo Tenpa’i Wangchuk given in secret to Abu Karlo.

ཆོས་ཀུན་ཡེ་ནས་གྲོལ་རུང་མ་གྲོལ་རུང་། །
གནས་ལུགས་རང་བཞིན་དག་རུང་མ་དག་རུང་། །
སེམས་ཉིད་སྤྲོས་དང་བྲལ་རུང་མ་བྲལ་རུང་། །
གཉུག་མའི་གཤིས་ལ་གྲུབ་རུང་མ་གྲུབ་རུང་།

14a. It makes no difference if phenomena
Are or are not free and open from the very first.
It makes no difference if the fundamental nature
Is or is not pure intrinsically.
It makes no difference if the mind itself
Is or is not free of all elaboration.
It makes no difference if, within the nature uncontrived,
There is or is not anything existent.

འདི་དག་རང་འགྲེལ་དུ་བཀྲལ་མེད་ལ་འདིའི་དོན་ཇི་ལྟར་འགྲེལ་དགོས་དགོངས་ཚེ་ཁོང་གི་གཟིམ་ལམ་དུ་ཆོས་སྐྱོང་ཙིའུ་དམར་དེ་ཉིད་གཞོན་ནུ་མཁུར་ཚོས་དམར་བ་ཅན་ཞིག་དང་སྔངས་ཀྱི་སྲུང་མ་རལ་གཅིག་མའང་བུད་མེད་མཛེས་སྡུག་ཅན་གྱི་རྣམ་པར་བྱུང་ནས་བགྲོ་གླེང་བྱས་ཚེ་འདིའི་དོན་དྲིས་པར། གཞོན་ནུ་དེས་བུད་མེད་འདི་ལ་དྲིས་ཤིག་དང་ང་རང་མཚམས་ཐོའི་རྩར་བར་ཆད་སྲུང་དུ་འགྲོ་ཞེས་སོང་ངོ་། །དེར་བུད་མེད་དེས་འདི་སྐོར་མང་དུ་གསུངས་ནས་གོའམ་ཟེར། ད་ལྟ་གོའང་བདག་གཉིད་ལས་སད་ཚེ་བརྗེད་འགྲོ་སྙམ་གསུངས་པར་ལྗགས་རྩེ་ནས་རིན་པོ་ཆེའི་སྦུ་གུ་ལས། ཧ། ཞེས་བརྗོད་པས་སྙིང་ནང་དུ་བསིལ་སིབ་སོང་ཞིང་ནངས་བར་བརྗེད་མེད་པས་ཡི་གེར་ཕབ་བོ་ཞེས་ཨ་བུ་དཀར་ལོ་ལ་གསང་ཐབས་སུ་གསུངས་སོ། །མཆན། ཆོས་ཀུན་ཡེ་ནས་གྲོལ་ནའང་ [p. 247] རང་ལ་མ་གྲོལ་ནའང་རང་སྟེ་གནས་ལུགས་རྣལ་མའི་ངོ་བོ་ལ་གྲོལ་དང་མ་གྲོལ་གྱི་ཁྱད་པར་མེད་པས་མ་བཅོས་མཉམ་ཉིད་ཟང་ཐལ་ཆེན་པོའི་ངོ་བོ་མངོན་དུ་གྱུར་ན་གྲོལ་དང་མ་གྲོལ་གཅིག་ཏུ་འདུག་གོ། དེ་བཞིན་དུ་གནས་ལུགས་རང་བཞིན་དག་ནའང་རང་མ་དག་ནའང་རང་སྟེ་རིག་པའི་གནས་ལུགས་གཤིས་ཀྱི་དོན་ལ་དག་དང་མ་དག་གི་མཚན་མ་མེད་པར་འཁོར་འདས་རིག་པར་འདུག རིག་པ་ཟང་ཐལ་དུ་འདུག ཟང་ཐལ་རྗེན་པར་འདུག་པས་ཕྱལ་བ་རང་ཡན། ཤེས་པ་རྒྱ་གྲོལ་བར་མེད་དུ་འདུག་གོ། སེམས་ཉིད་སྤྲོས་པ་དང་བྲལ་ནའང་རང་མ་བྲལ་ནའང་རུང་སྟེ། རིག་པའི་ངོ་བོ་སྤྲོས་བྲལ་མཉམ་རྫོགས་ཆེན་པོར་བཞུགས་པའི་དོན་རྟོགས་ན། བསམ་ན་སེམས་མེད། བཞག་པའི་གནས་མེད། འགྲོ་བའི་ལམ་མེད། བལྟས་པའི་ལྟ་བ་མེད། བསྒོམ་པའི་དམིགས་གཏད་མེད་པས་རིག་པ་རང་གྲོལ་ཆུ་ལ་རི་མོ་བྲིས་པ་བཞིན་རྗེས་མེད་ཟང་ཐལ་དུ་འདུག་གོ། གཉུག་མའི་གཤིས་ལ་གྲུབ་ན་རུང་ལ་མ་གྲུབ་ནའང་རུང་སྟེ། རིག་པའི་ངོ་བོ་ཟང་ཐལ་རྗེན་པར་སོང་བས་ན། འཁོར་འདས་ལ་བར་མེད། ཟང་ཐལ་ལ་རྗེས་མེད། རང་ཤར་ལ་རིས་མེད། རང་གྲོལ་ལ་ཆོས་མེད། ཆོས་ཟད་ལ་མིང་མེད་པས་དོན་གྱི་གནས་ལུགས་ལས་ནམ་ཡང་འགྱུར་བ་མེད་པའོ།།

It makes no difference whether or not phenomena are open and free from the very first. In the actual, genuine reality of the fundamental nature, there is no difference between being open and free and not being open and free. Consequently, when the uncontrived, open, unimpeded state of equality becomes manifest, openness and freedom and the lack of openness and freedom are the same. Similarly, it makes no difference if the fundamental nature is intrinsically pure or not. Since the characteristics of purity and impurity have no existence in the fundamental nature of awareness, samsara and nirvana are both awareness. Awareness is the state of unimpeded openness. Unimpeded openness is the state of nakedness. Unconfined and even, awareness is seamless and unfettered. [tr. p. 406] It makes no difference whether the mind is free of mental elaboration or not. Once it is realized that, in itself, awareness is a perfect state of equality free of mental elaboration, there is no mind to think anything, no place in which to dwell, no path to tread, no view to be viewed, no object on which to meditate. Naturally open and free, awareness is bare and unimpeded. It is traceless like something drawn on water. It makes no difference whether something exists in the uncontrived nature or not. Since awareness is open, unimpeded, and naked, samsara and nirvana are a seamless, uninterrupted expanse. The open, unimpeded state is traceless. Self-arising is without partiality. Self-subsiding is devoid of phenomena. In the exhaustion of phenomena, not even their names remain. There is never any stirring from the fundamental nature.

9.14.2 Hope and Fear Realized as Beyond Mind, Resolved as Mind at Ease and Spacious རེ་དོགས་བློ་འདས་སུ་རྟོགས་པས་བློ་བདེ་ཁོང་ཡངས་ཆེན་པོར་ལ་བཟླ་བ9.14.2 Hope and Fear Realized as Beyond Mind, Resolved as Mind at Ease and Spacious
Whether saṃsāra and nirvāṇa are two or not, beyond thought and expression or not, the delusion of negating and affirming collapses or not, the view is realized or not: groundless, rootless awareness has no such marks, no buddha who realizes and no being who fails to, no ground, path or fruit, and extends as the primordially free single sphere.
གཉིས་པ་རེ་དོགས་བློ་འདས་སུ་རྟོགས་པས་བློ་བདེ་ཁོང་ཡངས་ཆེན་པོར་ལ་བཟླ་བ་ནི།

The second part of the fourteenth section expresses a decisive certainty regarding the great spaciousness of the blissful mind, thanks to the realization in which the states of hope and fear are transcended.

འཁོར་འདས་རང་བཞིན་གཉིས་རུང་མ་གཉིས་རུང་།།
བསམ་བརྗོད་ཀུན་ལས་འདས་རུང་མ་འདས་རུང་།།
དགག་སྒྲུབ་འཁྲུལ་པ་ཞིག་རུང་མ་ཞིག་རུང་།།
རྟོགས་པའི་ལྟ་བ་རྟོགས་རུང་མ་རྟོགས་རུང་།།

14b. It makes no difference if by nature samsara and nirvana
Are or are not a duality.
It makes no difference whether thoughts and words
Are or are not passed beyond.
It makes no difference if delusions of negation or assertion
Do or do not fall apart.
It makes no difference if the view that should be realized
Is or is not recognized.

དེའང་འཁོར་འདས་ཀྱི་རང་བཞིན་གཉིས་ཡིན་ནའང་རུང་མི་གཉིས་པ་ཡིན་ནའང་རུང་སྟེ། རིག་པ་གཞི་མེད་རྩ་བྲལ་ལ་འཁོར་འདས་ཀྱི་མཚན་མ་མེད་པས་ན། འཁོར་བ་གཞི་མེད། འདས་པ་ཡེ་ [p. 248] གྲོལ། ཐམས་ཅད་མཉམ་ཉིད། གང་ཤར་རང་གྲོལ། གུ་ཡངས་ཁྱབ་གདལ་ཟང་ཐལ་རྗེན་པ་རུ་འདུག་གོ། བསམ་བརྗོད་ཀུན་ལས་འདས་ནའང་རུང་མ་འདས་ནའང་རུང་སྟེ། རིག་པ་སྤྲོས་བྲལ་སྨྲ་བསམ་བརྗོད་དུ་མེད་པ། བསམ་པའི་སེམས་མེད། བརྗོད་པའི་ངག་མེད། འགྲོ་བའི་ལམ་མེད། སྒྲིབ་པའི་དྲི་མ་མེད་པས་གཞི་མེད་རྩ་བ་དང་བྲལ་བའི་ཡིན་ལུགས་མངོན་དུ་གྱུར་འདུག་གོ། དགག་གྲུབ་འཁྲུལ་བ་ཞིག་ནའང་རུང་མ་ཞིག་ནའང་རུང་སྟེ། རིག་པའི་ངོ་བོ་ལ་དགག་སྒྲུབ་ཀྱི་ཆོས་མེད་པས་བྱར་མེད་ཟང་ཀ་རྗེན་པ་ལ་དགག་སྒྲུབ་ཆོས་ཀྱིས་བཅོས་སུ་མེད་པས་ན། ངན་པ་དགག་ཏུ་མེད། བཟང་པོ་སྒྲུབ་ཏུ་མེད། འཁྲུལ་བའི་གཞི་མེད། འཁྲུལ་མཁན་གྱི་སེམས་མེད། འཁྲུལ་བ་བཤིག་ཏུ་མེད་པས། འཁྲུལ་སྣང་དབྱིངས་སུ་གྲོལ་བའི་རིག་སྟོང་སྤྲོས་བྲལ་མཉམ་ཉིད་ལྷུན་རྫོགས་ཆེན་པོའི་རང་བཞིན་ལས་མ་འདས་པའོ།། རྟོགས་པའི་ལྟ་བ་རྟོགས་ནའང་རུང་མ་རྟོགས་ནའང་རུང་སྟེ། རིག་པ་རང་བབས་གཤིས་ཀྱི་ངོ་བོ་ལ་རྟོགས་པའི་སངས་རྒྱས་མེད། མ་རྟོགས་པའི་སེམས་ཅན་མེད། གཞི་མེད། ལམ་མེད། འབྲས་བུ་མེད། བྱ་བྱེད་མེད། འཛིན་པ་དང་གོལ་ས་མེད། དགག་ཏུ་མེད། བསྒྲུབ་ཏུ་མེད། རིག་པ་མེད། མ་རིག་པའང་མེད་པས་ཡེ་གྲོལ་ཐིག་ལེ་ཉག་གཅིག་ཏུ་འབྱམས་ཀླས་པའོ།།

It makes no difference whether samsara and nirvana are by nature a duality or not. In awareness, which is groundless and rootless, [tr. p. 407] there are none of the characteristics of samsara or nirvana. Samsara is groundless, nirvana is primordially open and free. They are equal. All that arises subsides of itself. There is just a spacious, allembracing state of naked, unimpeded openness. It makes no difference whether thoughts and words are transcended, passed beyond or not. Free of conceptual elaboration, awareness is inconceivable and inexpressible. There is no mind to think anything, no speech to express anything, no path to be trod, no stains that obscure. This is the manifest state of the groundless, rootless, fundamental nature. It makes no difference whether the delusions of negation or assertion fall apart or not. Within awareness itself, there are no phenomena either to deny or to assert. The bare, naked state of nonaction cannot be distorted thereby. There is nothing negative to reject and nothing positive to accomplish. There is no basis of delusion, no mind that is deluded, no delusion to be destroyed. Hallucinatory appearances and perceptions are open and free in the ultimate expanse. They do not stray beyond awareness, which is empty and free of mental elaboration— the great and perfect state of spontaneous equality. It makes no difference whether the view that is to be realized is recognized or not. In the natural state of awareness, the fundamental nature, there are neither buddhas who have realization nor beings who are without it. There is no ground, no path, no result, no action, and no agent. There is neither clinging nor deviation, nothing to be rejected, nothing to be adopted. There is neither awareness nor ignorance. It is simply the unbounded state of the one sole sphere of primordial openness and freedom.

9.14.3 Realizing Great Primordial Exhaustion Without Mental Doing, Resolved as Beyond the Mind's Focusing, Projecting and Withdrawing ཡིད་ལ་བྱར་མེད་ཡེ་ཟད་ཆེན་པོར་རྟོགས་པས་བློའི་དམིགས་བསམ་སྤྲོ་བསྡུ་ལས་འདས་པར་ལ་བཟླ་བ9.14.3 Realizing Great Primordial Exhaustion Without Mental Doing, Resolved as Beyond the Mind's Focusing, Projecting and Withdrawing
Whether one meditates on dharmatā or not, examines or not, the fruit is accomplished or not, grounds and paths are traversed or not: in the realization of dharmatā nothing frees by meditation or is found by searching; there is no buddha accomplished and no being unaccomplished, no ground to go to, and one holds the primordial permanent kingdom of the dharmakāya.
གསུམ་པ་ཡིད་ལ་བྱར་མེད་ཡེ་ཟད་ཆེན་པོར་རྟོགས་པས་བློའི་དམིགས་བསམ་སྤྲོ་བསྡུ་ལས་འདས་པར་ལ་བཟླ་བ་ནི།

The third part of the fourteenth section expresses the decisive certainty that all conceptual processes, which unfold and dissipate, are themselves transcended through the realization that the mental consciousness is the great state of primordial exhaustion devoid of action.

ཆོས་ཉིད་དོན་ལ་བསྒོམས་རུང་མ་བསྒོམས་རུང་།
བླང་དོར་མེད་པས་དཔྱད་རུང་མ་དཔྱད་རུང་།
གནས་ལུགས་འབྲས་བུ་གྲུབ་རུང་མ་གྲུབ་རུང་།
ས་དང་ལམ་རྣམས་བགྲོད་རུང་མ་བགྲོད་རུང་།

14c. It makes no difference
If you do or do not meditate upon the dharmatā.
It makes no difference whether you examine it or not—
It is not something you can take or else reject.
It makes no difference whether you attain or not
The fundamental nature, the result.
It makes no difference whether you progress or not
Upon the grounds and paths.

དེའང་ཆོས་ཉིད་དོན་ལ་བསྒོམས་ནའང་རུང་མ་བསྒོམས་ནའང་རུང་སྟེ། ཆོས་ཉིད་རྣལ་མའི་དོན་རྟོགས་ན་མཐའ་གྲོལ་མཉམ་ [p. 249] ཉིད་ཀྱི་རིག་པ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་མངོན་དུ་གྱུར་བ་ལས་གཞན་པའི་བསྒོམས་པས་མི་གྲོལ། བཙལ་བས་མི་རྙེད། བལྟས་པས་མི་མཐོང་། བྱས་པས་མི་ཟིན། ཆོས་ཟད་མིང་མེད་ཀྱི་ཤེས་པ་རྒྱ་གྲོལ་དུ་འདུག་གོ། བླང་དོར་འབད་པས་དཔྱད་ནའང་རུང་མ་དཔྱད་ནའང་རུང་སྟེ། བློས་བྱས་འཛིན་རྩོལ་དང་བྲལ་བའི་རིག་པ་རྗེན་པའི་ངོ་བོ་མངོན་དུ་གྱུར་པ་ལས་གཞན་དུ་དཔྱད་ན་རྟོག་པ། བསྒོམ་ན་བློ། བརྗོད་ན་ཚིག བལྟས་ན་གཟུང་འཛིན། བྱས་ན་འཁོར་བ་ཡིན་པས་རང་བབས་ཡེ་གྲོལ་གཏད་མེད་རྒྱ་ཡན་གུ་ཡངས་ཁྱབ་གདལ་ཆེན་པོར་འདུག་གོ། གནས་ལུགས་འབྲས་བུ་གྲུབ་ནའང་རུང་མ་གྲུབ་ནའང་རུང་སྟེ། ཡེ་གདངས་དོན་གྱི་གནས་ལུགས་གཤིས་ཐོག་ཏུ་ཕེབས་ན། གྲུབ་པའི་སངས་རྒྱས་མེད། མ་གྲུབ་པའི་སེམས་ཅན་མེད། བཟང་པོ་ལ་རེ་བ་མེད། ངན་པ་ལ་དོགས་པ་མེད། བར་མ་ལ་བཏང་སྙོམ་མེད། རང་གསལ་བར་མེད་རིག་པ་ཅར་ཕོག་ཅིག་ཆར་དུ་ངོ་སྤྲད་པའི་སྟེང་དུ་གཡོ་འགུལ་མེད་པའོ།། ས་དང་ལམ་རྣམས་བགྲོད་ནའང་རུང་མ་བགྲོད་ནའང་རུང་སྟེ། རིག་པ་ལ་སྦྱང་བགྲོད་མེད་པའི་གནས་ལུགས་དོན་གྱི་འབྲས་བུ་མངོན་དུ་གྱུར་ན། འགྲོ་བའི་ས་མེད། བགྲོད་པའི་ལམ་མེད། ཕྱིན་པའི་གནས་མེད་པས་ཡེ་བཞུགས་ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཡེ་ནས་ཡིན་པའི་ས་དེ་ཟིན་པའོ།།

It makes no difference whether or not one meditates on ultimate reality, the dharmatā. When the true reality of the dharmatā is realized, awareness, the state of evenness and freedom from conceptual extremes, beyond delimitation and direction, simply manifests. It does not become free and open through meditative training. It is not found through searching. It is not seen through looking. It is not acquired through action. Awareness, in which phenomena are exhausted (to the extent that not even their names remain), is a state of freedom from all such fetters. Since awareness is not something to be adopted or rejected, it makes no difference whether it is examined or not. One should simply recognize naked awareness itself, free from any mentally contrived effort or clinging. If, on the other hand, one does examine awareness, it will be just a concept. If one meditates on it, it will be just the ordinary mind. If one tries to express it, the result will be nothing more than words. If one watches it, there will just be a subject and object of apprehension. If one acts, there will just be samsara. For awareness is natural, primordial openness and freedom— an all-embracing space, a vastness without reference. It makes no difference whether one attains the result, the fundamental nature, or not. Indeed, when the fundamental nature of primordial radiance is reached, there are neither accomplished buddhas nor unaccomplished beings. There is no hope for something good and no fear of something bad, and no indifference with [tr. p. 409] regard to something in between. There is no movement within the seamless luminous awareness that is directly and instantly recognized. It makes no difference if one traverses the grounds and paths or not. For in awareness, there is no training or progress. When the ultimate result, the fundamental nature, is actualized, there are no grounds to be attained, no paths to be traversed, and no destination to be reached. For the primordial ground, the everlasting kingdom of the dharmakāya, the primordial sovereign, has been captured.

9.14.4 Realizing Awareness Unobscured and Transparent, Resolved as Without Removing or Attaining རིག་པ་སྒྲིབ་མེད་ཟང་ཀར་རྟོགས་པས་བྲལ་ཐོབ་མེད་པར་ལ་བཟླ་བ9.14.4 Realizing Awareness Unobscured and Transparent, Resolved as Without Removing or Attaining
Whether free of obscurations or not, generation and completion perfected or not, the fruit of liberation attained or not, wandering in the six realms or not: in awareness like a cloudless sky there is no one to obscure, nothing to purify, no path or fruit; whatever arises is freed where it arises in a river-like samādhi, without fear of the lower realms.
བཞི་བ་རིག་པ་སྒྲིབ་མེད་ཟང་ཀར་རྟོགས་པས་བྲལ་ཐོབ་མེད་པར་ལ་བཟླ་བ་ནི།

The fourth part of the fourteenth section expresses the decisive certainty (through the realization of unobscured, bare, and open awareness) that there is nothing to eliminate and nothing to attain.

སྒྲིབ་པ་ཀུན་དང་བྲལ་རུང་མ་བྲལ་རུང་།།
བསྐྱེད་རྫོགས་ཆོས་ཉིད་རྫོགས་རུང་མ་རྫོགས་རུང་།།
ཐར་པའི་འབྲས་བུ་ཐོབ་རུང་མ་ཐོབ་རུང་།།
འགྲོ་དྲུག་འཁོར་བར་འཁྱམས་རུང་མ་འཁྱམས་རུང་།།

14d. It makes no difference whether you are free or not
Of all your obscurations.
It makes no difference whether or not the dharmatā
Is gained through the generation and perfection stages.
It makes no difference whether you achieve or not
The fruit of liberation.
It makes no difference whether or not
You wander in the six migrations of samsara.

དེའང་སྒྲིབ་པ་ཀུན་དང་བྲལ་ནའང་རུང་མ་བྲལ་ནའང་རུང་སྟེ། ཆོས་ཉིད་རིག་པ་མཁའ་དབྱིངས་གཡའ་དག་པ་ལྟ་བུ་དེ་མངོན་དུ་གྱུར་ན། བསྒྲིབ་བྱའི་གང་ཟག་མེད། སྒྲིབ་བྱེད་ཉོན་ [p. 250] མོངས་པ་མེད། སྦྱང་བྱའི་ལས་མེད། སྦྱོང་བྱེད་ཀྱི་གཉེན་པོ་མེད། ཐོབ་བྱེད་ཀྱི་ལམ་མེད། ཐོབ་བྱའི་འབྲས་བུ་མེད། གང་ཡང་མེད་པས་ཆོས་ཟད་བློ་ལས་འདས་པའི་གཞོན་ནུ་བུམ་པ་ཆོས་ཀྱི་སྐུ་མངོན་དུ་གྱུར་བའོ།། བསྐྱེད་རྫོགས་ཆོས་ཉིད་རྫོགས་རུང་འདྲ་མ་རྫོགས་ནའང་རུང་སྟེ། རིག་པ་རང་བབས་ཆོས་ཉིད་བྱ་བ་དང་བྲལ་བའི་གནས་ལུགས་རྗེན་པ་མངོན་དུ་གྱུར་ན། བསྐྱེད་རིམ་བསྐྱེད་དུ་མེད། རྫོགས་རིམ་བསྒོམ་དུ་མེད། ཆོས་ལ་བསམ་དུ་མེད། བློ་ལ་བསྒྱུར་དུ་མེད། སྔུན་ལ་བསུ་རྒྱུ་མེད། རྗེས་ལ་སྙོག་རྒྱུ་མེད། ད་ལྟ་བཟུང་དུ་མེད་པས་ཟང་མ་ཐལ་བྱུང་གི་རིག་པ་རྩིས་གདབ་ཀུན་བྲལ་གྱི་ཡེ་ཤེས་རྒྱ་ཡན་རིག་པ་མཐའ་གྲོལ་ཀློང་ཡངས་ཆེན་པོ་གཅིག་ཏུ་འདུག་གོ། ཐར་བའི་འབྲས་བུ་ཐོབ་ནའང་རུང་མ་ཐོབ་ནའང་རུང་སྟེ། རིག་པའི་ངོ་བོ་སྤང་ཐོབ་དང་བྲལ་བའི་ཆོས་ཉིད་རྣལ་མའི་གནས་ལུགས་མངོན་དུ་གྱུར་པ་ལས་གཞན། ཐར་པའི་འབྲས་བུ་ཐོབ་པ་ལ་རེ་བ་མེད་པར། གང་ཤར་རིག་པ། གང་སྣང་ཆོས་སྐུ། ཤར་ས་ནས་གྲོལ། སྣང་ས་ནས་སྟོང་། འགྱུ་ས་ནས་ཡལ་ཏེ་རང་བཞིན་བར་མ་ཆད་པར་ཆུ་བོའི་རྒྱུན་གྱི་ཏིང་འཛིན་ལས་ནམ་ཡང་འདུ་འབྲལ་མེད་པའོ།། འགྲོ་དྲུག་འཁོར་བར་འཁྱམས་ནའང་རུང་མ་འཁྱམས་ནའང་རུང་སྟེ། རིག་པའི་ངོ་བོ་གྲོལ་འཁྲུལ་དང་བྲལ་བའི་བྱར་མེད་ཆོས་ཟད་ཀྱི་དགོངས་པ་མངོན་དུ་གྱུར་ན། འཁོར་བའི་གཡང་ས་མེད། སྔངས་སྐྲག་སྐྱེ་ཡུལ་མེད། ངན་འགྲོར་དོགས་པ་མེད། སྡུག་བསྔལ་གྱི་ཚོར་བ་མེད། བཟང་ན་བཟང་དུ་ཆུག ངན་ན་ངན་དུ་ཆུག བྱར་མེད་ཆོས་མེད་དུ་ཟད་པས་འཁོར་འདས་སྤང་ཐོབ་མེད་པའི་ཆོས་ཉིད་དོན་གྱི་གནས་ལུགས་མངོན་དུ་གྱུར་བའོ།།

It makes no difference whether one is free or not free of obscurations. When the dharmatā, spacelike pure awareness, manifests, there are no defilements that obscure and no one to be obscured. There is no karmic action to be purified and there is no antidote that purifies. There is no result to be attained and no path through which to attain it. There is nothing at all. For the ever-youthful vase body, the dharmakāya, the exhaustion of all phenomena in the state beyond the mind, is now manifest. [tr. p. 410] It makes no difference whether or not the generation and perfection stages accomplish the dharmatā. When the natural state of awareness, the dharmatā, the naked fundamental nature free of action, is manifest, there is no generation stage to be generated and no perfection stage on which to meditate. There is no teaching to reflect upon and there is no mind to be transformed. There is no past to be evoked, no future to be pursued, and no present to be seized upon. There is just open, unimpeded awareness, the carefree state of primordial wisdom— unconfined awareness that is the vast expanse beyond extremes. It makes no difference whether or not the fruit of liberation is attained. For other than the actualization of awareness itself— the genuine fundamental nature, the dharmatā devoid of anything to be abandoned or acquired— there is no hope of gaining any other result or liberation. Whatever arises is awareness; whatever appears is the dharmakāya. It subsides in its very arising. It is empty in its very appearing. It vanishes in its very movement. One is never at any time parted from the meditative concentration that, in its nature, is like a river’s ceaseless stream. It makes no difference whether one wanders, or does not wander, through the six migrations of samsara. When the nature of awareness, beyond freedom and delusion, the state of phenomenal exhaustion beyond all action, is made manifest, there is no chasm of samsara. There is no place of fear and dread, no fear of lower destinies. There is no feeling of torment. If something is good, let it be good. If something is bad, let it be bad. When phenomena come to exhaustion in the state of no action, it is then that the fundamental nature manifests— ultimate reality in which there is no samsara to be rejected and no nirvana to be gained.

9.14.5 Realizing Exhausted Phenomena as Unbound and Even, Resolved as Free, Taking Nothing into Account ཆོས་ཟད་རྒྱ་གྲོལ་ཕྱམ་གདལ་དུ་རྟོགས་པས་གང་ལ་ཡང་རྩིས་མེད་རང་ཡན་དུ་ལ་བཟླ་བ9.14.5 Realizing Exhausted Phenomena as Unbound and Even, Resolved as Free, Taking Nothing into Account
Whether spontaneously present or not, bound by grasping at permanence and annihilation or not, the realization of dharmatā reached or not, the forebears followed or not: whatever is may be as it is, and once one is confident that present awareness is inseparable from the mind of all victors, there is no need to follow earlier masters, rely on a teacher or seek instructions; one becomes buddha as the youthful vase body.
ལྔ་བ་ཆོས་ཟད་རྒྱ་གྲོལ་ཕྱམ་གདལ་དུ་རྟོགས་པས་གང་ལ་ཡང་རྩིས་མེད་རང་ཡན་དུ་ལ་བཟླ་བ་ནི།

The fifth part of the fourteenth section expresses a decisive certainty regarding the carefree, unconfined state, thanks to the realization that the exhaustion of phenomena is the unfettered state of all-pervading evenness.

རང་བཞིན་ལྷུན་གྱིས་གྲུབ་རུང་མ་གྲུབ་རུང་། །
རྟག་ཆད་གཉིས་འཛིན་བཅིངས་ [p. 251] རུང་མ་བཅིངས་རུང་།

14e. It makes no difference whether or not
Your nature is spontaneously present.
It makes no difference whether or not
You’re bound by dualistic clinging to permanence or to annihilation.
It makes no difference whether or not
You reach the realization of the dharmatā.
It makes no difference whether or not
You follow in the footsteps of the masters of the past.

ཆོས་ཉིད་དགོངས་པར་སླེབས་རུང་མ་སླེབས་རུང་། གོང་མའི་རྗེས་སུ་བསྙེགས་རུང་མ་བསྙེགས་རུང་། དེའང་རང་བཞིན་ལྷུན་གྱིས་གྲུབ་ནའང་རུང་མ་གྲུབ་ནའང་རུང་སྟེ། རིག་པ་རང་བྱུང་གི་ཡེ་ཤེས་ཀྱི་སྟེང་དུ་རང་ཐག་ཆོད་དེ་འཁོར་འདས་མཉམ་ཉིད་ཆེན་པོའི་སྟེང་དུ་ལ་བཟླས་ནས་འདུག་ན། ལྷུན་གྱིས་གྲུབ་པ་དང་མ་གྲུབ་པ་གང་ཡང་མེད། ཡིན་མིན་དུ་ཤར་ཡང་རིས་སུ་མ་བཅད། བདེ་སྡུག་ཏུ་སྣང་ཡང་རྗེས་མི་མཐུད། ཆོས་ཉིད་དུ་སངས་ཀྱང་བློ་མི་འཇུག བར་མེད་དུ་གྲོལ་ཡང་གཤིས་མི་བསྐྱོད། རིས་མེད་ཕྱོགས་ཡན་གྱི་ཤེས་པ་ཁ་ཡན་རང་སར་བཞག་པས་རང་གྲོལ་ཆོས་ཉིད་ཆེན་པོའི་ངང་དུ་འབྱམས་ཀླས་པའོ། །རྟག་ཆད་གཉིས་འཛིན་གྱིས་བཅིངས་ནའང་རུང་མ་བཅིངས་ནའང་རུང་སྟེ། རྟག་ཆད་སོགས་ཡོད་མེད་ཡིན་མིན་གྱི་སྤྲོས་པ་ཀུན་དང་བྲལ་བའི་གཉུག་མ་དོན་གྱི་གཤིས་ལ། ཡོད་པར་སྒོམ་ཡང་རྟག་མི་སྲིད། མེད་པར་སྒོམ་ཡང་ཆད་མི་སྲིད། ཡོད་མེད་བལྟས་ཀྱང་མཐར་མི་ལྷུང་། ཡོད་ན་ཡོད་དུ་ཆུག་མེད་ན་མེད་དུ་ཆུག །སྣང་ན་སྣང་དུ་ཆུག །སྟོང་ན་སྟོང་དུ་ཆུག །ཡིན་ན་ཡིན་དུ་ཆུག མིན་ན་མིན་དུ་ཆུག །མདོར་ན་གང་ལའང་འཛིན་པ་མེད་པ་ཆོས་ཉིད་ནམ་མཁའ་ཡངས་པའི་ངང་དུ་རང་གྲོལ་ཆེན་པོའི་རོལ་བ་ལས་མ་འདས་པའོ།། ཆོས་ཉིད་དགོངས་པར་སླེབ་ནའང་རྱུང་མ་སླེབ་ནའང་རྱུང་སྟེ། གང་ལ་བལྟས་ཀྱང་ཀ་དག་ཀློང་ཆེན་གྱི་དགོངས་པ་ཉག་གཅིག་ལས་མི་འདའ་བས་ན། ཆོས་ཉིད་དགོངས་པར་སླེབས་ཏུ་རེ་བ་མེད། མི་སླེབས་པའི་དོགས་པ་མེད། ཡེ་ནས་མ་གྲོལ་བའི་གཞི་མེད། རང་ངོ་མ་ཤེས་པའི་ལམ་མེད། རང་སར་མ་གྲོལ་པའི་འབྲས་བུ་མེད། གནས་ལུགས་མ་ཡིན་པའི་ངང་མེད་པས་འཁོར་འདས་དབྱེར་མེད་རང་གྲོལ་ཆེན་པོའི་ངང་དུ་ནམ་ཡང་འདུ་འབྲལ་མེད་པའོ།། གོང་མའི་རྗེས་སུ་བསྙེགས་ནའང་རྱུང་མ་བསྙེགས་ནའང་རྱུང་སྟེ། [p. 252] ད་ལྟའི་རིག་པ་སྟོང་གསལ་འགག་པ་མེད་པའི་རང་རིག་རང་ཤེས་ཀྱི་ཡེ་ཤེས་ཆེན་པོའི་ངང་འདི་ནི་དུས་གསུམ་རྒྱལ་བ་ཡོངས་ཀྱི་ཐུགས་ཆོས་དབྱིངས་ཆེན་པོ་དང་དབྱེར་མེད་དུ་རྟོགས་པའི་གདེང་ཟིན་ན་དེ་ནི་སྔོན་བྱོན་གོང་མ་རྣམས་ཀྱི་ལྟ་བ་མཐར་ཐུག་པ་དེ་ཡིན་པས་ན། དེ་ལས་གཞན་གོང་མའི་རྗེས་སུ་སྙོག་མི་དགོས། བླ་མ་དམ་པ་བསྟེན་མི་དགོས། མན་ངག་གཞན་ནས་བཙལ་མི་དགོས། གདམས་པ་ཟབ་མོ་སྒོམ་མི་དགོས། དེའི་ངང་དུ་ཆོས་ཟད་ཀ་དག་གཞོན་ནུ་བུམ་པའི་སྐུར་སངས་རྒྱས་པར་མཛོད་ཅིག་ཅེས་གསུངས་སོ།།

It makes no difference whether one’s nature is spontaneously present or not. If one has a clear certainty regarding awareness or selfarisen primordial wisdom, and if one is utterly convinced of the equality of samsara and nirvana, one’s nature is neither spontaneously present nor is it not so. And even if it appears to be both or neither, it does not in fact fall into any of these positions. Even if it appears as happiness or suffering, it does not do so continually. Even if it is as pure as the dharmatā, the ordinary mind does not engage with it. Even if it is seamlessly open and free, its fundamental condition is not maintained.[87]Padmakara's note 87 · bar med du grol yang gshis mi bskyod. This expression has been translated in light of Longchenpa’s autocommentary where the text reads gshis mi skyong. Left to itself in its natural condition, the mind, impartial and unrestrained, will expand, free and relaxed, into the sublime dharmatā, the natural state of openness and freedom. It makes no difference whether one is bound or not bound by dualistic clinging to permanence or to discontinuity. The uncontrived fundamental nature is free of all conceptual constructs of existence, nonexistence, both, and neither. It is free of both permanence and annihilation. Even if one meditates on it as existent, it cannot in itself become permanent. Even if one meditates on it as nonexistent, it is impossible for it to be annihilated. Even if it be viewed as both existent and nonexistent, it cannot fall to such an extreme. If it is existent, let it exist! If it is nonexistent, let it not exist! If it appears, let it appear! If it is empty, let it be empty! If it is this or that, let it be so! If it is not this or that, let it not be! In short, [tr. p. 412] when there is no fixation on anything, permanence and annihilation are nothing but a natural display, open and free, within the vast expanse of dharmatā. It makes no difference whether the realization of the dharmatā is attained or not. No matter what is observed, it does not fall outside the one sole vast expanse of primordial purity. Therefore, there is no hope of attaining the dharmatā, nor is there any fear of not doing so. There is no ground that is not open and free primordially. There is no path on which the nature is not recognized. There is no result that is not free and open by its very nature. There is no state or condition that is not the fundamental nature. Samsara and nirvana are therefore inseparable and never parted from the sublime and natural state of openness and freedom. It makes no difference whether or not one follows in the footsteps of the masters of the past. Awareness in the present moment, empty, luminous, and unceasing (that is, self-aware, self-cognizing primordial wisdom) is inseparable from the mind of all the Victorious Ones, past, present, and to come— the great dharmadhātu, the expanse of ultimate reality. When a confident realization of this is achieved, one recognizes in truth the ultimate view of all the masters of the past. Apart from this, there is no need to follow in the footsteps of the masters who have gone before, there is no need to rely on a holy teacher, there is no need to search for essential instructions in some other place, and no need to meditate on profound precepts. Longchenpa says that, within the vast expanse of such awareness, we must attain buddhahood in the everyouthful vase body, the primordial purity in which phenomena are exhausted.

[edit]
Translation: Padmakara Translation Group, The Precious Treasury of the Dharmadhatu (Boulder: Shambhala), pp. 373–431; Tsadra Foundation sponsored the translation; used here with permission. Outline headings (numbering and English headings of this wiki): hover or tap for the summary of the section. Root text in red, quotations in gold with their source; Padmakara's notes as tooltips.
9.9 Resolved as Beyond 'Inconceivable' and 'Limitless' བསམ་འདས་མཐའ་མེད་ལས་འདས་པར་ལ་བཟླ་བ9.9 Resolved as Beyond 'Inconceivable' and 'Limitless'
Some who claim to follow the Mind and Space Series say that the Great Perfection, pervasive and without depth or limit, is beyond the scope of awareness, so that naked awareness cannot appear to the yogi; Khangsar calls this a foolish view lost in a limitless emptiness. For Ati, awareness is limitless yet seen by individual reflexive wisdom, naked and decisive (cig chod) like a crystal ball; mind (sems) follows objects like a drop of water falling on earth, awareness (rig pa) does not, like mercury. The Kun tu bzang po thugs kyi me long is cited on uncontrived view, meditation, conduct and fruition.

The ninth section expresses a decisive certainty with regard to the inconceivable— beyond the merely limitless— state.

9. To say the state of great perfection—
Limitless, unfathomable,
All-pervading from the very first— cannot be reached
Is but the attitude of fools.
The Atiyoga teaching that it is both sharp and limitless,
Though not acceptable to those who practice lower vehicles,
Is correct and is a crucial point.

Certain people who claim to be practitioners of the outer mind class and of the inner space class of the Great Perfection assert that since the state of great perfection is primordially all-pervading, unfathomable, and limitless, it is beyond the reach of knowledge. They say that if its depths and limits cannot be fathomed or attained, it follows that this so-called naked awareness cannot appear within the sphere of the yogi’s mind. But this is a foolish attitude. The view of such people has slipped into a one-sided, endless, limitless voidness. It is a great mistake also with regard to the way one meditates on the view. Our tradition of Atiyoga proclaims that awareness is boundless and has neither center nor periphery, neither zenith nor nadir; it is beyond the cardinal and intermediate directions. And yet, the very face of empty, luminous, unceasing awareness can be seen vividly by way of self-illumination. Like a crystalline sphere, it is a naked state of knowing— open, unimpeded, and sharp. It transcends the domain of the dualistic mind and is therefore said to be unobservable. And yet it can be seen by self-cognizing primordial [tr. p. 396] wisdom as lying within its sphere of knowing, though in a manner in which subject and object are not separate. How could awareness be beyond the sphere of knowledge? Mind or intellect or consciousness, so-called, is what engages with, and apprehends, objects. It is the ordinary mind. Selfcognizing primordial wisdom on the other hand transcends objects of apprehension. This naked state of knowing is awareness. It is important to understand the difference between the two. The [ordinary] mind follows after objects: it apprehends things and engages with them. It is like a drop of water that falls into the dust. By contrast, awareness does not follow after objects, it does not apprehend or engage with them. It is like a drop of mercury that falls into the dust. In truth, the dharmadhātu, free of all mental elaboration, is the object of self-cognizing primordial wisdom, the subject. It is not, however, a specifically characterized object of dualistic perception. The teaching that emphasizes this boundless, sharp, naked aspect of knowing is unacceptable to minds engaged in the lower vehicles as well as to those who, having deviated into a one-sided, limitless, and infinite void, nevertheless claim to be practitioners of the mind and space classes of the Great Perfection. By contrast, in our tradition, this teaching is a correct and crucial key point. It is said in The Mirror of Samantabhadra’s Mind,

The view that’s uncontrived
Is primordial wisdom, open, unimpeded.
The meditation that is uncontrived
Is the unchanging vast expanse of space.
The action that is uncontrived
Is naturally arising relaxation.
The uncontrived result
Is the awareness that appears quite naturally.
Kun tu bzang po thugs kyi…Quotation (named in the text: ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས)
ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད, kun tu bzang po thugs kyi me long gi rgyud, Mirror of the Mind of Samantabhadra Tantra (Kuntuzangpo Thukyi Melong) · one of the Seventeen Tantras of the Great Perfection (rgyud bcu bdun), Instruction Series (man ngag sde); Rnying ma rgyud 'bum
Identification: high confidence (Four lines on uncontrived view, meditation, conduct and fruition. The segment carries spurious root-word marks (⟨ཡང⟩, ⟨ཤེས⟩); tib_start is given with the marks removed. Wording not verified.)
The same words are found on this wiki in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།: 84 % of them (Longchenpa quotes the same passage there).

9.10 The Single Sphere Resolved as Naked Dharmakāya ཐིག་ལེ་ཉག་གཅིག་ཆོས་སྐུ་རྗེན་པར་ལ་བཟླ་བ9.10 The Single Sphere Resolved as Naked Dharmakāya
Since all of saṃsāra and nirvāṇa arose from awareness, tracing it back in reverse order brings certainty that there is nothing but awareness; hope for a buddhahood elsewhere and fear of saṃsāra are then cut, and awareness, the single sphere, is 'vast and great' like space, the mind of the victors, with nothing to abandon or attain. Realized and unrealized are not even names in what is primordially free, and the yogi is happy on the effortless path; the Kun tu bzang po thugs kyi me long is cited (no buddha, no being, no delusion).

The tenth section expresses a decisive certainty regarding the naked dharmakāya, the one sole sphere.

10. Because within the one sole sphere
The order is reversed,
There is no hope or fear regarding the result.
For there is just a vast expanse commensurate with space.
It is a great abyss, the mind of the Victorious Ones,
Immense as space itself.
There is nothing to reject and nothing to accomplish.
There is but the vast immensity, the one sole sphere,
Which, being free and open from the first,
Transcends both realization and the lack of it.
Upon this spacelike path devoid of action,
Yogis are at ease.

All the outer and inner phenomena that make up the world and its inhabitants are established as the one sole sphere of awareness. All things in samsara and nirvana arise within its one expanse. In the beginning, they unfold within the expanse of awareness in progressive order. For this reason, when this order is reversed and phenomena are traced back to their place of origin, a decisive certainty is gained that their source is awareness alone. When it is understood that samsara and nirvana are but the manifestation of awareness, a clear certainty arises that there is no result, no state of buddhahood, other than awareness. Consequently apart from the capture of the stronghold of awareness, there is no nothing to be hoped for in the sense of the attainment of buddhahood. And since there is no samsara and no suffering in the lower realms apart from awareness, one has a clear conviction that if the stronghold of awareness is captured, samsara will subside in that same awareness. Therefore, there is no fall into samsara to be feared. For one [tr. p. 398] understands that all the appearances of samsara and nirvana do not lie outside the spacelike vast expanse of empty awareness. So it is that the whole of samsara and nirvana is the expression of the one great awareness, the buoyant impetus of the one great awareness, the all-embracing dimension of the one great awareness. Since awareness is an all-penetrating great expanse, equal to the immense reaches of space, Longchenpa calls it an abyss. And since all the appearances of samsara and nirvana are contained within the great expanse of the one awareness, he refers to this abyss as vast. And this great spacelike immensity of awareness, present in the ground, the dharmakāya, is called the mind of the victorious buddhas of the three times, the great dharmadhātu. In the ground of primordial purity, supremely open and free from the very beginning, samsara is not something to be abandoned and nirvana is not something to be attained. For neither samsara nor nirvana ever extend beyond the expanse of the one sole sphere of equality. Referring to samsara and nirvana, the root text speaks of them as being open and free from the very first. It therefore shows that they are themselves the sublime state of openness and freedom and are utterly beyond the reach of names. For even the terms freedom and delusion, applied on the basis of the realization or nonrealization of the openness and freedom [of samsara and nirvana], are utterly unreal. Yogis who understand this remain continuously, uninterruptedly, on the path of great spontaneous presence, devoid of action and exertion— awareness equal to space. They have certain knowledge of the sublime openness and freedom that is beyond all labels. Thus they are contented and at ease. It is said in The Mirror of Samantabhadra’s Mind,

The infinite expanse of the enlightened mind
Is free from stain, immaculate.
Buddhahood has no existence.
Therefore even buddha as a term does not exist.
There is no such thing as clinging.
[tr. p. 399]
Therefore even sentient being as a term does not exist.
There is no ordinary cognition.
Therefore there’s no ignorance and no delusion.
There is no fixation,
Therefore there are neither thoughts nor objects of the same.
Kun tu bzang po thugs kyi…Quotation (named in the text: ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས)
ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད, kun tu bzang po thugs kyi me long gi rgyud, Mirror of the Mind of Samantabhadra Tantra (Kuntuzangpo Thukyi Melong) · one of the Seventeen Tantras of the Great Perfection (rgyud bcu bdun), Instruction Series (man ngag sde); Rnying ma rgyud 'bum
Identification: high confidence (Five lines (no buddha, so not even the name 'buddha'; no grasping, so not even the name 'sentient being' ...). Wording not verified.)
The same words are found on this wiki in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།: 88 % of them (Longchenpa quotes the same passage there).

9.11 Resolved as the Great State Where Delusion Has Not Even a Name འཁྲུལ་བ་མིང་མེད་ཆེན་པོར་ལ་བཟླས་བ9.11 Resolved as the Great State Where Delusion Has Not Even a Name
Awareness is primordially awakened and objectless; saṃsāra is like a dream that never existed, so no one has ever wandered or been deluded, and everything stays in the single clear expanse of dharmadhātu, as a dream never leaves sleep. Saṃsāra is empty form appearing to itself, groundless and rootless, primordially pure.

The eleventh section expresses a decisive certainty that delusion is the great state beyond all designations.

11. Primordially the state of buddhahood,
Awareness is devoid of all objective reference.
It does not wander in samsara;
It transcends the whole foundation of delusion.
No one is there who has been,
And no one is there who can be, deluded.
All things are the dharmadhātu’s single, luminous expanse.
They are not different in the past or future.
They are a skylike vast expanse
Primordially uncontrived, spontaneously present.
Samsara from the very first is pure.

Because awareness is in itself the primordial state of buddhahood within the vast expanse that knows no delusion, there is no need for it to be enlightened again. Within awareness, the empty, objectless state of equality that is free of elaboration, the hallucinatory appearances of what we call samsara are like the visions of last night’s dreams, nothing more. In the past, awareness has never wandered in samsara. It is not wandering in it now, and it is impossible for it to do so in the future. It utterly transcends the very basis of the illusion called samsara. It has never existed. Of all the beings of the three worlds, therefore, none has been deluded in the past, nor is there any possibility of their being so hereafter. For samsara has from the very first been open and free in the state of primordial [tr. p. 400] purity. Dreams never move beyond the state of sleep, sleep itself never moves beyond the state of awareness, and awareness never moves beyond the state of dharmatā. In just the same way, nothing has ever moved beyond the one luminous expanse of the dharmadhātu. The appearances of samsara occur but are without intrinsic being— just like the visions of a dream that are recognized for what they are. They are nonexistent yet clearly appearing empty forms. Appearing to the mind, they are the mind’s own self-experience and nothing more. In truth, these empty forms are groundless and rootless, and, therefore, they were not hallucinations in the past, they are not so in the present, and there will not be so in the future. Without differentiation into past or future, so-called samsara is by nature the one sole sphere of awareness, a vast, groundless immensity similar to space. So it is that within awareness, which is primordially uncontrived and present of itself and is a vast immensity free of all mental elaboration, what we call samsara is inherently pure from the very beginning.

9.12 Resolved as the Non-Duality of Saṃsāra and Nirvāṇa འཁོར་འདས་གཉིས་སུ་མེད་པར་ལ་བཟླ་བ9.12 Resolved as the Non-Duality of Saṃsāra and Nirvāṇa
Since the ground has no bondage or liberation, there is no entering liberation and no taking up nirvāṇa; in the unchanging expanse saṃsāra and nirvāṇa never existed (Yi ge med pa), so one should neither hope nor fear, nor strive or alter anything. Khangsar then contrasts the Great Perfection, for which saṃsāra and nirvāṇa never existed, like a rabbit's horn and a barren woman's son, and which speaks from awareness itself (Mipham: look inward), with the sūtra equality that assumes both and says they do not differ (Mūlamadhyamakakārikā), which, measured by the Great Perfection, is a contradiction, as Khenchen Jigme Phuntsok said: the two differ like sky and earth.

The twelfth section expresses decisive certainty that samsara and nirvana are not two.

12. Do not opt for freedom or embrace nirvana.
In the changeless vast expanse,
There has never been samsara or nirvana
To be rejected or adopted, to be feared or hoped for.
They are the vast immensity
Of enlightenment’s primordial ground.
They are but names and are, in truth,
Beyond both indication and description.
Clearly certain that samsara does not mean delusion,
That nirvana is not freedom,
Let no one strive, let no one change or alter anything.

Because beings are primordially awakened in the ground that is beyond both bondage and freedom, there is no need for them to be freed now. They could not become free even if they wanted to— and this is why the root text says, “Do not opt for freedom.” Since primordially empty self-cognizing awareness is pure like space, and since it is beyond both the object and agent of bondage, this means that samsara is pure in its natural condition. And since awareness transcends the state of freedom, [release from bondage,] it follows that nirvana is also by nature the state of primordially open, unimpeded emptiness beyond the extremes of existence and nonexistence. And, therefore, since samsara is not something to be abandoned and nirvana is not something to be sought for, the root text says that the latter should not be embraced. What we refer to as samsara and nirvana are already open and free from the very beginning within the space of all-embracing awareness, the changeless vast expanse that neither moves nor evolves throughout the passage of time. And it is for that reason that they have never existed as such. As we find in The Unwritten Tantra,

There is no samsara; there is no nirvana.
There’s no bondage; there is no release.
Yi ge med pa'i rgyud chen…Quotation (named in the text: ཡི་གེ་མེད་པ་ལས)
ཡི་གེ་མེད་པའི་རྒྱུད་ཆེན་པོ, yi ge med pa'i rgyud chen po, Tantra Without Letters (Yigé Mepa) · one of the Seventeen Tantras of the Great Perfection (rgyud bcu bdun), Instruction Series (man ngag sde); Rnying ma rgyud 'bum
Identification: high confidence (Two lines (not saṃsāra, not nirvāṇa; not bound, no liberation). Wording not verified.)
The same words are found on this wiki in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།: 86 % of them (Longchenpa quotes the same passage there).

This means that from the very beginning, samsara and nirvana are already free and open within awareness itself. They cannot be separated from awareness, which, as their ground, is neither hallucinatory appearance (samsara), nor the absence of delusion (nirvana). It therefore follows that the defining characteristics of both are in themselves pure [that is, nonexistent] and beyond conceptual elaboration. Because the ground primordially transcends both bondage and freedom, it is neither bound by the hallucinatory appearances of samsara nor freed anew in the undeluded state of nirvana. Within this ground beyond bondage and freedom, there is neither hope for nirvana as something to be attained nor fear of [tr. p. 402] samsara as something to be rejected. Both samsara and nirvana are from the very first the vast, immense expanse of the ground of enlightenment. They are already the state of buddhahood. “Samsara and nirvana,” “good and evil,” “freedom and delusion” are nothing more than conventional terms. In truth, they are beyond the reach of indication and description. They are simply primordially pure awareness, the state of equality. Since “liberated buddhas” and “deluded beings” have never existed, a clear confidence is reached that samsara and nirvana are both the primordially pure expanse of ultimate reality. To have a deep certainty that this is so is of the utmost importance. Therefore, yogis should make no effort in striving, in altering or changing, in adopting or rejecting, negating or affirming. When the actual condition of awareness is maintained and the three doors are left unaltered and relaxed, without any effortful activity, the state of awareness is made evident. Awareness is not something that can be contrived. If one tries to fabricate it with a tightly focused mind, the face of awareness will be veiled. Generally speaking, according to the view of the Great Perfection, awareness itself is neither samsara nor nirvana. And yet, apart from awareness, the so-called phenomena of samsara and nirvana have absolutely no existence. As it is said,

The hare’s horns do not differ in the slightest
From the barren woman’s child.
The barren woman’s child does not in the slightest differ
From the horns upon a hare.
Between the two there’s not the slightest difference.
(unidentified)Quotation (named in the text: ཇི་སྐད་དུ)
(unidentified), (unidentified), Unidentified verse, modelled on Mūlamadhyamakakārikā 25.19–20
Identification: low confidence (Six lines: the (rabbit's) horn and the barren woman's son do not differ in the slightest. The wording parodies Nāgārjuna's MMK 25.19–20 (saṃsāra and nirvāṇa do not differ in the slightest), applied to two non-existents to show that in the Great Perfection saṃsāra and nirvāṇa never existed. Khangsar calls it 'a sūtra statement' (མདོའི་ཚིག), and the passage ends with an attribution to the oral teaching of Khenchen Jigme Phuntsok (…ཞེས་མཁན་ཆེན་འཇིགས་མེད་ཕུན་ཚོགས་རིན་པོ་ཆེས་གསུངས), so the verse may be Khenchen's own adaptation. རི་རྭ for རི་བོང་རྭ (rabbit's horn).)
The same words were not found among the Tibetan texts on this wiki.

These words are taken from a sutra and yet they support the view of the Great Perfection, which states that samsara and nirvana have never existed— just like the horns of a hare and the barren woman’s child. The statement about the equality of samsara and nirvana is made on the basis of the one sole sphere of bare, unimpeded awareness. It is not made on the basis of earth, stones, mountains, and [tr. p. 403] cliffs. It is not a matter of dry words, clever talk empty of meaning. Neither is it an explanation based on an understanding of the external evidence of sense objects, but rather one that depends on the inner state of awareness. It is as Mipham says,

Far better than to scrutinize a hundred distant objects
Is to look at one thing here, your mind.
My dear child looking over there,
Today you must look over here!
(unidentified; 'jam mgon…Quotation (named in the text: མི་ཕམ་པས)
(unidentified work of Mipham), (unidentified; 'jam mgon mi pham rgya mtsho'i gsung), Unidentified verse of Mipham Rinpoche · Collected Works of Mipham Rinpoche (gsung 'bum)
Identification: medium confidence (Four lines (better than a hundred things seen looking far outward is the one thing of mind seen looking inward; darling who looks outward, today look inward). The attribution to Mipham is Khangsar's; the specific work (probably a song or short advice) was not identified. Not in the Chos dbyings mdzod root.)
The same words were not found among the Tibetan texts on this wiki.

By contrast, according to the explanation on the sutra level, where the existence of both nirvana and samsara is taken as a basis for discussion, it is said that

Nirvana does not differ
Even slightly from samsara.[85]Padmakara's note 85 · See Root Stanzas on the Middle Way, chap. 25, v. 19.
Dbu ma rtsa ba'i tshig…Quotation (named in the text: ཇི་སྐད་དུ)
དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ, dbu ma rtsa ba'i tshig le'ur byas pa shes rab, Root Stanzas of the Middle Way (Mūlamadhyamakakārikā) by Nāgārjuna · Tengyur, dbu ma (Toh 3824)
Identification: high confidence (Unnamed, but the two lines are MMK 25.19cd (nirvāṇa does not differ in the slightest from saṃsāra); Khangsar introduces them as 'the sūtra way of explaining' (མདོའི་བཤད་ཚུལ), i.e. the sūtra/Madhyamaka system as opposed to the Great Perfection. Wording not checked against a Tengyur edition.)
The same words are found on this wiki in དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ།: 80 % of them.

Now, if this way of positing the equality of samsara and nirvana is appraised in the light of the explanation of the Great Perfection, it amounts to a simple contradiction. For if the matter is explained on the basis of the existence of samsara and nirvana— samsara being delusion and nirvana being the absence of delusion— and if one says that there is not the slightest difference between delusion and the absence of delusion, is this not a contradiction, as Khenchen Jigme Phuntsok Rinpoche has pointed out? He also said that the way of positing the equality of samsara and nirvana according to the sutras and the way of doing so according to the Great Perfection are as different as heaven and earth. The Great Perfection is thus the summit of all vehicles, the ultimate wisdom mind of all the buddhas. Compared with the lower vehicles, it is utterly sublime.

9.13 Resolved as the Vast Expanse Free of Limits མཐའ་གྲོལ་ཀློང་ཡངས་ཆེན་པོར་ལ་བཟླ་བ9.13 Resolved as the Vast Expanse Free of Limits
Awareness has no wide or narrow, high or low, limit or partiality, no doing, coming or going, time or antidote, so reference points and effortful grasping are to be dropped (Yi ge med pa: not made, no maker). Deliberate focus binds, as a silkworm binds itself with its own spittle, and obscures awareness; one should leave it open, without fixation.

The thirteenth section expresses the decisive certainty that freedom from conceptual extremes is the immense expanse.

13. Awareness without breadth or height
Is without limits, falls to no extreme.
And so hold back from aiming at it.
Awareness, free of agent and of action,
Free of coming and of going,
Entails no lapse of time, no remedy.
Therefore do not cling to it or strive.
If there is deliberate focus,
This will be the cause of bondage.
Therefore do not grasp at anything,
But let it go in evenness.

Awareness pervades the whole of samsara and nirvana and is devoid of mental elaboration. It has no breadth or height and is beyond all other conceptual constructs. It is free of delimitation and falls to no extreme, it subsists as the one sole sphere, open and unimpeded. It is not an object that can be taken hold of; it is not something that can be striven for. One should therefore hold back— meaning that one should refrain— from aiming at it. Awareness is self-arisen. In relation to it there is neither agent nor action, neither coming nor going. The Unwritten Tantra says,

Awareness in itself is ultimate.
It is unmade. What maker could it have?
It is uncontrived— there’s no one to contrive it.
Yi ge med pa'i rgyud chen…Quotation (named in the text: ཡི་གེ་མེད་པ་ལས)
ཡི་གེ་མེད་པའི་རྒྱུད་ཆེན་པོ, yi ge med pa'i rgyud chen po, Tantra Without Letters (Yigé Mepa) · one of the Seventeen Tantras of the Great Perfection (rgyud bcu bdun), Instruction Series (man ngag sde); Rnying ma rgyud 'bum
Identification: high confidence (Three lines (awareness is not made, so where is a maker; not contrived, no owner of contrivance). Wording not verified.)
The same words are found on this wiki in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།: 100 % of them (Longchenpa quotes the same passage there).

Since awareness does not require the use of antidotes or periods of time for its realization, one should let go of all clinging and striving. It is thus, Longchenpa says, that the primordial fundamental nature will become manifest. Awareness in itself has never been marred by such faults as clinging and fixation. It is like the vast and pure abyss of space. And so, if now, when watching awareness, there is a deliberate focusing on it as a target, the mind will fetter itself like a silkworm imprisoning itself with the threads of its own saliva. This will simply veil the face of awareness and will not be of [tr. p. 405] the slightest help. Indeed it will be a cause of bondage. Therefore, without any grasping whatsoever, one should let go of everything in the vast state of evenness.

9.14 Realization Being Vast as Space, All Phenomena Resolved as Great Non-Action རྟོགས་པ་མཁའ་མཉམ་ཡངས་པ་ཆེན་པོ་ཡིན་པས་ཆོས་ཐམས་ཅད་བྱར་མེད་ཆེན་པོར་ལ་བཟླ་བ9.14 Realization Being Vast as Space, All Phenomena Resolved as Great Non-Action
In five subsections, each in the refrain 'whether X or not X' (rung ma rung), Khangsar shows that once the natural state is evident, liberation, purity, meditation, attainment, obscuration, wandering and following the masters make no difference. An embedded note says that the autocommentary does not explain these lines and that their explanation was received in a dream from the protectors Tsi'u dmar and Ekajaṭī.
9.14.1 The Nature Made Evident, Resolved as Exhaustion of Phenomena Beyond Mind གཤིས་མངོན་དུ་གྱུར་བས་ཆོས་ཟད་བློ་འདས་ཆེན་པོར་ལ་བཟླ་བ9.14.1 The Nature Made Evident, Resolved as Exhaustion of Phenomena Beyond Mind
Whether phenomena are liberated or not, pure or not, free of elaboration or not, established in the innate nature or not makes no difference: when the uncontrived, transparent nature is evident, there is no mind to think, no place to rest, no path to travel, and awareness frees itself without trace, like a drawing on water.

The fourteenth section expresses the decisive certainty (thanks to a realization as vast as space) that all phenomena partake of the great state of nonaction. This section has five parts. The first expresses a decisive certainty that, once their fundamental nature becomes manifest, phenomena are exhausted in the state beyond the ordinary mind.[86]Padmakara's note 86 · Textual note: Around the time that Khenpo Tenpa’i Wangchuk was reflecting on how to interpret this stanza, which is not elucidated in Longchenpa’s autocommentary, he had a dream in which he saw the Dharma Protector Tsiu Marpo appearing in the form of a young man with red cheeks engaged in conversation with the Protectress of Mantra, the Lady of the Single Tress [Ekajaṭī], who had taken the form of a very beautiful lady. Tenpa’i Wangchuk asked the young man about the meaning of this stanza. In reply, the protector told him to put his question directly to the lady while he would to go to the sign of the retreat boundary and stand guard against obstacle makers. The lady explained the stanza at great length and, in conclusion, asked Tenpa’i Wangchuk whether he had understood. The latter replied in the affirmative but 692 - Not es declared that he would forget everything on waking up. Thereupon, from a precious tube extending from the tip of the lady’s tongue, there came the sound “Ha,” which melted softly into the Khenpo’s heart. In the morning, Tenpa’i Wangchuk was able to commit the whole instruction to writing without forgetting anything. This is the testimony of Khenpo Tenpa’i Wangchuk given in secret to Abu Karlo.

14a. It makes no difference if phenomena
Are or are not free and open from the very first.
It makes no difference if the fundamental nature
Is or is not pure intrinsically.
It makes no difference if the mind itself
Is or is not free of all elaboration.
It makes no difference if, within the nature uncontrived,
There is or is not anything existent.

It makes no difference whether or not phenomena are open and free from the very first. In the actual, genuine reality of the fundamental nature, there is no difference between being open and free and not being open and free. Consequently, when the uncontrived, open, unimpeded state of equality becomes manifest, openness and freedom and the lack of openness and freedom are the same. Similarly, it makes no difference if the fundamental nature is intrinsically pure or not. Since the characteristics of purity and impurity have no existence in the fundamental nature of awareness, samsara and nirvana are both awareness. Awareness is the state of unimpeded openness. Unimpeded openness is the state of nakedness. Unconfined and even, awareness is seamless and unfettered. [tr. p. 406] It makes no difference whether the mind is free of mental elaboration or not. Once it is realized that, in itself, awareness is a perfect state of equality free of mental elaboration, there is no mind to think anything, no place in which to dwell, no path to tread, no view to be viewed, no object on which to meditate. Naturally open and free, awareness is bare and unimpeded. It is traceless like something drawn on water. It makes no difference whether something exists in the uncontrived nature or not. Since awareness is open, unimpeded, and naked, samsara and nirvana are a seamless, uninterrupted expanse. The open, unimpeded state is traceless. Self-arising is without partiality. Self-subsiding is devoid of phenomena. In the exhaustion of phenomena, not even their names remain. There is never any stirring from the fundamental nature.

9.14.2 Hope and Fear Realized as Beyond Mind, Resolved as Mind at Ease and Spacious རེ་དོགས་བློ་འདས་སུ་རྟོགས་པས་བློ་བདེ་ཁོང་ཡངས་ཆེན་པོར་ལ་བཟླ་བ9.14.2 Hope and Fear Realized as Beyond Mind, Resolved as Mind at Ease and Spacious
Whether saṃsāra and nirvāṇa are two or not, beyond thought and expression or not, the delusion of negating and affirming collapses or not, the view is realized or not: groundless, rootless awareness has no such marks, no buddha who realizes and no being who fails to, no ground, path or fruit, and extends as the primordially free single sphere.

The second part of the fourteenth section expresses a decisive certainty regarding the great spaciousness of the blissful mind, thanks to the realization in which the states of hope and fear are transcended.

14b. It makes no difference if by nature samsara and nirvana
Are or are not a duality.
It makes no difference whether thoughts and words
Are or are not passed beyond.
It makes no difference if delusions of negation or assertion
Do or do not fall apart.
It makes no difference if the view that should be realized
Is or is not recognized.

It makes no difference whether samsara and nirvana are by nature a duality or not. In awareness, which is groundless and rootless, [tr. p. 407] there are none of the characteristics of samsara or nirvana. Samsara is groundless, nirvana is primordially open and free. They are equal. All that arises subsides of itself. There is just a spacious, allembracing state of naked, unimpeded openness. It makes no difference whether thoughts and words are transcended, passed beyond or not. Free of conceptual elaboration, awareness is inconceivable and inexpressible. There is no mind to think anything, no speech to express anything, no path to be trod, no stains that obscure. This is the manifest state of the groundless, rootless, fundamental nature. It makes no difference whether the delusions of negation or assertion fall apart or not. Within awareness itself, there are no phenomena either to deny or to assert. The bare, naked state of nonaction cannot be distorted thereby. There is nothing negative to reject and nothing positive to accomplish. There is no basis of delusion, no mind that is deluded, no delusion to be destroyed. Hallucinatory appearances and perceptions are open and free in the ultimate expanse. They do not stray beyond awareness, which is empty and free of mental elaboration— the great and perfect state of spontaneous equality. It makes no difference whether the view that is to be realized is recognized or not. In the natural state of awareness, the fundamental nature, there are neither buddhas who have realization nor beings who are without it. There is no ground, no path, no result, no action, and no agent. There is neither clinging nor deviation, nothing to be rejected, nothing to be adopted. There is neither awareness nor ignorance. It is simply the unbounded state of the one sole sphere of primordial openness and freedom.

9.14.3 Realizing Great Primordial Exhaustion Without Mental Doing, Resolved as Beyond the Mind's Focusing, Projecting and Withdrawing ཡིད་ལ་བྱར་མེད་ཡེ་ཟད་ཆེན་པོར་རྟོགས་པས་བློའི་དམིགས་བསམ་སྤྲོ་བསྡུ་ལས་འདས་པར་ལ་བཟླ་བ9.14.3 Realizing Great Primordial Exhaustion Without Mental Doing, Resolved as Beyond the Mind's Focusing, Projecting and Withdrawing
Whether one meditates on dharmatā or not, examines or not, the fruit is accomplished or not, grounds and paths are traversed or not: in the realization of dharmatā nothing frees by meditation or is found by searching; there is no buddha accomplished and no being unaccomplished, no ground to go to, and one holds the primordial permanent kingdom of the dharmakāya.

The third part of the fourteenth section expresses the decisive certainty that all conceptual processes, which unfold and dissipate, are themselves transcended through the realization that the mental consciousness is the great state of primordial exhaustion devoid of action.

14c. It makes no difference
If you do or do not meditate upon the dharmatā.
It makes no difference whether you examine it or not—
It is not something you can take or else reject.
It makes no difference whether you attain or not
The fundamental nature, the result.
It makes no difference whether you progress or not
Upon the grounds and paths.

It makes no difference whether or not one meditates on ultimate reality, the dharmatā. When the true reality of the dharmatā is realized, awareness, the state of evenness and freedom from conceptual extremes, beyond delimitation and direction, simply manifests. It does not become free and open through meditative training. It is not found through searching. It is not seen through looking. It is not acquired through action. Awareness, in which phenomena are exhausted (to the extent that not even their names remain), is a state of freedom from all such fetters. Since awareness is not something to be adopted or rejected, it makes no difference whether it is examined or not. One should simply recognize naked awareness itself, free from any mentally contrived effort or clinging. If, on the other hand, one does examine awareness, it will be just a concept. If one meditates on it, it will be just the ordinary mind. If one tries to express it, the result will be nothing more than words. If one watches it, there will just be a subject and object of apprehension. If one acts, there will just be samsara. For awareness is natural, primordial openness and freedom— an all-embracing space, a vastness without reference. It makes no difference whether one attains the result, the fundamental nature, or not. Indeed, when the fundamental nature of primordial radiance is reached, there are neither accomplished buddhas nor unaccomplished beings. There is no hope for something good and no fear of something bad, and no indifference with [tr. p. 409] regard to something in between. There is no movement within the seamless luminous awareness that is directly and instantly recognized. It makes no difference if one traverses the grounds and paths or not. For in awareness, there is no training or progress. When the ultimate result, the fundamental nature, is actualized, there are no grounds to be attained, no paths to be traversed, and no destination to be reached. For the primordial ground, the everlasting kingdom of the dharmakāya, the primordial sovereign, has been captured.

9.14.4 Realizing Awareness Unobscured and Transparent, Resolved as Without Removing or Attaining རིག་པ་སྒྲིབ་མེད་ཟང་ཀར་རྟོགས་པས་བྲལ་ཐོབ་མེད་པར་ལ་བཟླ་བ9.14.4 Realizing Awareness Unobscured and Transparent, Resolved as Without Removing or Attaining
Whether free of obscurations or not, generation and completion perfected or not, the fruit of liberation attained or not, wandering in the six realms or not: in awareness like a cloudless sky there is no one to obscure, nothing to purify, no path or fruit; whatever arises is freed where it arises in a river-like samādhi, without fear of the lower realms.

The fourth part of the fourteenth section expresses the decisive certainty (through the realization of unobscured, bare, and open awareness) that there is nothing to eliminate and nothing to attain.

14d. It makes no difference whether you are free or not
Of all your obscurations.
It makes no difference whether or not the dharmatā
Is gained through the generation and perfection stages.
It makes no difference whether you achieve or not
The fruit of liberation.
It makes no difference whether or not
You wander in the six migrations of samsara.

It makes no difference whether one is free or not free of obscurations. When the dharmatā, spacelike pure awareness, manifests, there are no defilements that obscure and no one to be obscured. There is no karmic action to be purified and there is no antidote that purifies. There is no result to be attained and no path through which to attain it. There is nothing at all. For the ever-youthful vase body, the dharmakāya, the exhaustion of all phenomena in the state beyond the mind, is now manifest. [tr. p. 410] It makes no difference whether or not the generation and perfection stages accomplish the dharmatā. When the natural state of awareness, the dharmatā, the naked fundamental nature free of action, is manifest, there is no generation stage to be generated and no perfection stage on which to meditate. There is no teaching to reflect upon and there is no mind to be transformed. There is no past to be evoked, no future to be pursued, and no present to be seized upon. There is just open, unimpeded awareness, the carefree state of primordial wisdom— unconfined awareness that is the vast expanse beyond extremes. It makes no difference whether or not the fruit of liberation is attained. For other than the actualization of awareness itself— the genuine fundamental nature, the dharmatā devoid of anything to be abandoned or acquired— there is no hope of gaining any other result or liberation. Whatever arises is awareness; whatever appears is the dharmakāya. It subsides in its very arising. It is empty in its very appearing. It vanishes in its very movement. One is never at any time parted from the meditative concentration that, in its nature, is like a river’s ceaseless stream. It makes no difference whether one wanders, or does not wander, through the six migrations of samsara. When the nature of awareness, beyond freedom and delusion, the state of phenomenal exhaustion beyond all action, is made manifest, there is no chasm of samsara. There is no place of fear and dread, no fear of lower destinies. There is no feeling of torment. If something is good, let it be good. If something is bad, let it be bad. When phenomena come to exhaustion in the state of no action, it is then that the fundamental nature manifests— ultimate reality in which there is no samsara to be rejected and no nirvana to be gained.

9.14.5 Realizing Exhausted Phenomena as Unbound and Even, Resolved as Free, Taking Nothing into Account ཆོས་ཟད་རྒྱ་གྲོལ་ཕྱམ་གདལ་དུ་རྟོགས་པས་གང་ལ་ཡང་རྩིས་མེད་རང་ཡན་དུ་ལ་བཟླ་བ9.14.5 Realizing Exhausted Phenomena as Unbound and Even, Resolved as Free, Taking Nothing into Account
Whether spontaneously present or not, bound by grasping at permanence and annihilation or not, the realization of dharmatā reached or not, the forebears followed or not: whatever is may be as it is, and once one is confident that present awareness is inseparable from the mind of all victors, there is no need to follow earlier masters, rely on a teacher or seek instructions; one becomes buddha as the youthful vase body.

The fifth part of the fourteenth section expresses a decisive certainty regarding the carefree, unconfined state, thanks to the realization that the exhaustion of phenomena is the unfettered state of all-pervading evenness.

14e. It makes no difference whether or not
Your nature is spontaneously present.
It makes no difference whether or not
You’re bound by dualistic clinging to permanence or to annihilation.
It makes no difference whether or not
You reach the realization of the dharmatā.
It makes no difference whether or not
You follow in the footsteps of the masters of the past.

It makes no difference whether one’s nature is spontaneously present or not. If one has a clear certainty regarding awareness or selfarisen primordial wisdom, and if one is utterly convinced of the equality of samsara and nirvana, one’s nature is neither spontaneously present nor is it not so. And even if it appears to be both or neither, it does not in fact fall into any of these positions. Even if it appears as happiness or suffering, it does not do so continually. Even if it is as pure as the dharmatā, the ordinary mind does not engage with it. Even if it is seamlessly open and free, its fundamental condition is not maintained.[87]Padmakara's note 87 · bar med du grol yang gshis mi bskyod. This expression has been translated in light of Longchenpa’s autocommentary where the text reads gshis mi skyong. Left to itself in its natural condition, the mind, impartial and unrestrained, will expand, free and relaxed, into the sublime dharmatā, the natural state of openness and freedom. It makes no difference whether one is bound or not bound by dualistic clinging to permanence or to discontinuity. The uncontrived fundamental nature is free of all conceptual constructs of existence, nonexistence, both, and neither. It is free of both permanence and annihilation. Even if one meditates on it as existent, it cannot in itself become permanent. Even if one meditates on it as nonexistent, it is impossible for it to be annihilated. Even if it be viewed as both existent and nonexistent, it cannot fall to such an extreme. If it is existent, let it exist! If it is nonexistent, let it not exist! If it appears, let it appear! If it is empty, let it be empty! If it is this or that, let it be so! If it is not this or that, let it not be! In short, [tr. p. 412] when there is no fixation on anything, permanence and annihilation are nothing but a natural display, open and free, within the vast expanse of dharmatā. It makes no difference whether the realization of the dharmatā is attained or not. No matter what is observed, it does not fall outside the one sole vast expanse of primordial purity. Therefore, there is no hope of attaining the dharmatā, nor is there any fear of not doing so. There is no ground that is not open and free primordially. There is no path on which the nature is not recognized. There is no result that is not free and open by its very nature. There is no state or condition that is not the fundamental nature. Samsara and nirvana are therefore inseparable and never parted from the sublime and natural state of openness and freedom. It makes no difference whether or not one follows in the footsteps of the masters of the past. Awareness in the present moment, empty, luminous, and unceasing (that is, self-aware, self-cognizing primordial wisdom) is inseparable from the mind of all the Victorious Ones, past, present, and to come— the great dharmadhātu, the expanse of ultimate reality. When a confident realization of this is achieved, one recognizes in truth the ultimate view of all the masters of the past. Apart from this, there is no need to follow in the footsteps of the masters who have gone before, there is no need to rely on a holy teacher, there is no need to search for essential instructions in some other place, and no need to meditate on profound precepts. Longchenpa says that, within the vast expanse of such awareness, we must attain buddhahood in the everyouthful vase body, the primordial purity in which phenomena are exhausted.

Padmakara's notes
[85] See Root Stanzas on the Middle Way, chap. 25, v. 19.
[86] Textual note: Around the time that Khenpo Tenpa’i Wangchuk was reflecting on how to interpret this stanza, which is not elucidated in Longchenpa’s autocommentary, he had a dream in which he saw the Dharma Protector Tsiu Marpo appearing in the form of a young man with red cheeks engaged in conversation with the Protectress of Mantra, the Lady of the Single Tress [Ekajaṭī], who had taken the form of a very beautiful lady. Tenpa’i Wangchuk asked the young man about the meaning of this stanza. In reply, the protector told him to put his question directly to the lady while he would to go to the sign of the retreat boundary and stand guard against obstacle makers. The lady explained the stanza at great length and, in conclusion, asked Tenpa’i Wangchuk whether he had understood. The latter replied in the affirmative but 692 - Not es declared that he would forget everything on waking up. Thereupon, from a precious tube extending from the tip of the lady’s tongue, there came the sound “Ha,” which melted softly into the Khenpo’s heart. In the morning, Tenpa’i Wangchuk was able to commit the whole instruction to writing without forgetting anything. This is the testimony of Khenpo Tenpa’i Wangchuk given in secret to Abu Karlo.
[87] bar med du grol yang gshis mi bskyod. This expression has been translated in light of Longchenpa’s autocommentary where the text reads gshis mi skyong.
[edit]
The text of Khang sar bstan pa'i dbang phyug gi gsung 'bum, vol. 5 (Pe cin: Mi rigs dpe skrun khang, 2005), BDRC MW29513 (scans W29513, vol. I6014), pp. 238–252. Read by OCR (BDRC's yigdzin model) twice and compared; the differences and a few evident misreadings were checked against the scans. Not yet proofread.

[p. 238] དགུ་བ་བསམ་འདས་མཐའ་མེད་ལས་འདས་པར་ལ་བཟླ་བ་ནི།

རྫོགས་ཆེན་ཡེ་གདལ་གཏིང་མཐའ་མེད་པ་ལ། །ཐུག་པ་མེད་ཅེས་ཟེར་བ་བླུན་པོའི་བློ། །ཨ་ཏིས་མུ་མེད་ཆིག་ཆོད་བསྟན་པ་དེ། །འོག་མའི་བློ་ཡུལ་མི་རིགས་རིགས་པའི་གནད། །

དེའང་རྫོགས་པ་ཆེན་པོའི་ཕྱི་སེམས་སྡེ་དང་ནང་ཀློང་སྡེ་རུ་རློམ་པ་ཁ་ཅིག་གིས། རྫོགས་པ་ཆེན་པོའི་ངོ་བོ་ནི་ཡེ་ནས་གདལ་ཁྱབ་ཆེན་པོ་གཏིང་དང་མཐའ་མེད་པ་ཡིན་པས་ན་འདི་ནི་རིག་ཡུལ་ལས་འདས་པ་ཡིན་ཏེ། གཏིང་དང་མཐའ་ལ་ཐུག་པ་མེད་ན་རིག་པ་རྗེན་པ་ཞེས་རྣལ་འབྱོར་པའི་བློ་ཡུལ་དུ་ཤར་རྒྱུ་མེད་ཅེས་ཟེར་བ་ནི་བླུན་པོའི་ལྟ་བ་སྟོང་འབྱམས་མུ་མེད་ཕྱོགས་གཅིག་ལ་ཤོར་བ་རྣམས་ཀྱི་བློ་ཡིན་ལ། ལྟ་བའི་ཀློང་དུ་མཉམ་པར་འཇོག་ཚུལ་གྱི་ནོར་ས་ཆེན་པོའང་ཡིན་ཏེ། ཨ་ཏི་ཡོ་ག་རང་ལུགས་ཀྱིས་རིག་པ་སྟེང་འོག་མཐའ་དབུས་ཕྱོགས་དང་ཕྱོགས་མཚམས་མུ་མཐའ་མེད་པར་ཁས་ལེན་པ་དང་། རིག་པ་སྟོང་གསལ་འགག་པ་མེད་པའི་རང་ངོ་རང་གསལ་དུ་ལྷག་གེར་མཐོང་བའི་རིག་ཆ་རྗེན་པ་ཟང་ཐལ་ཅིག་ཆོད་ཤེལ་གོང་བཞིན། གཉིས་འཛིན་སེམས་ཀྱི་བློ་ཡུལ་ལས་འདས་པས་དམིགས་སུ་མེད་ཅེས་བརྗོད་ཀྱང་། སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རིག་ཡུལ་དུ་ཡུལ་དང་ཡུལ་ཅན་ཐ་དད་དུ་མི་རྟོག་པར་མཐོང་དུ་ཡོད་པས་ན་རིག་ཡུལ་ལས་འདས་པ་ག་ལ་ཡིན། དཔེར་ན་སེམས་དང་བློ་དང་ཤེས་པ་ཞེས་ཡུལ་ [p. 239] ལ་འཇུག་མཁན་དང་ཡུལ་འཛིན་མཁན་དེ་སེམས་ཡིན། འཛིན་པའི་ཡུལ་ལས་འདས་པའི་སོ་སོ་རང་རིག་པའི་ཡེ་ཤེས་རིག་ཆ་རྗེན་པ་དེ་རིག་པ་ཡིན་པས་འདི་གཉིས་ཁྱད་པར་ཤེས་པ་གལ་ཆེ། སེམས་ནི་ཡུལ་ཕྱིར་འབྲང་བ་དང་། ཡུལ་འཛིན་པ། ཡུལ་ལ་འཇུག་པ་ཆུ་ཐིགས་ས་ལ་ལྷུང་བ་ལྟ་བུའོ།། རིག་པ་ནི་ཡུལ་རྗེས་སུ་མི་འབྲང་བ། ཡུལ་མི་འཛིན་པ། ཡུལ་ལ་མི་འཇུག་པ་དངུལ་ཆུ་ས་ལ་ལྷུང་བ་ལྟ་བུའོ།། དོན་ལ་ཡུལ་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་ཉིད། ཡུལ་ཅན་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་བ་ཡིན་གྱི་གཟུང་འཛིན་གཉིས་སྣང་གི་ཡུལ་རང་མཚན་དུ་གྱུར་བ་མིན་ནོ།། དེས་ན་མུ་མེད་ཅིག་ཆོད་ཀྱི་རིག་ཆ་རྗེན་པ་རྩལ་དུ་བཏོན་ནས་བསྟན་པ་ནི། འོག་མའི་ཐེག་པ་སེམས་ཀློང་དུ་རློམ་པའི་སྟོང་འབྱམས་མུ་མེད་ཕྱོགས་གཅིག་གོལ་བ་རྣམས་ཀྱི་བློ་ཡུལ་དུ་མི་རིགས་ཀྱང་རང་ལུགས་ལ་རིགས་ཤིང་འཐད་པའི་གནད་དོ། །དེ་ལྟར་ཡང་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། ལྟ་བ་མ་བཅོས་ཡེ་ཤེས་ཟང་ཐལ་དང་། །སྒོམ་པ་མ་བཅོས་འགྱུར་མེད་ནམ་མཁའི་ཀློང་། །སྤྱོད་པ་མ་བཅོས་རང་བྱུང་ལྷུག་པ་ཉིད། །འབྲས་བུ་མ་བཅོས་རང་སྣང་རིག་པའི་ངང་། །ཞེས་སོ། །

བཅུ་བ་ཐིག་ལེ་ཉག་གཅིག་ཆོས་སྐུ་རྗེན་པར་ལ་བཟླ་བ་ནི།

ཐིག་ལེ་གཅིག་ལ་རྒྱུ་མཚན་གོ་བཟློག་པས། །འབྲས་བུ་རེ་དོགས་ཆོད་དེས་མཁའ་དང་མཉམ། ། ཡངས་སོ་ཆེ་འོ་ མཁའ་མཉམ་རྒྱལ་བའི་ཐུགས། །སྤངས་ཐོབ་མེད་དེ་ཐིག་ལེ་གཅིག་གི་ཀློང་། །ཡེ་ནས་གྲོལ་ལོ་རྟོགས་དང་མ་རྟོགས་མེད། །རྣལ་འབྱོར་མཁའ་མཉམ་བྱ་བྲལ་ལམ་དུ་བདེ། །

དེའང་ཕྱི་ནང་སྣོད་བཅུད་ཀྱི་ཆོས་འདི་དག་ཐམས་ཅད་རིག་པ་ཐིག་ལེ་ཉག་གཅིག་ཏུ་གཏན་ལ་ཕབ་ཅིང་རིག་པ་ཐིག་ལེ་ཉག་གཅིག་གི་ཀློང་ལས་ཤར་བའི་འཁོར་འདས་ཀྱི་ [p. 240] ཆོས་ཐམས་ཅད་དང་པོ་རིག་པའི་ཀློང་ལས་ལུགས་འབྱུང་གི་ཚུལ་དུ་ཤར་ནས་བྱུང་བ་ཡིན་པའི་རྒྱུ་མཚན་གྱིས། ད་ལྟ་སྔར་བྱུང་ས་དེར་ཡར་དེད་བྱས་ཏེ་ལུགས་ལྡོག་གི་ཚུལ་དུ་གོ་བཟློག་པཾས་དེའི་ཚེ་དང་པོ་བྱུང་ས་ཐོག་མའི་རིག་པ་གཅིག་པོ་ལས་གཞན་མེད་པར་ཕུ་ཐག་ཆོད་པ་ཞིག་འོང་། དེ་ཚེ་འཁོར་འདས་རིག་པའི་ཆོ་འཕྲུལ་ལས་མེད་པར་ཤེས་ཚེ། འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཡང་རིག་པ་ལས་མེད་པས་ན་རིག་པའི་སྟེང་དུ་བཙན་ས་འཛིན་རྒྱུ་ལས་གཞན་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་རེ་བ་མེད་པར་ཐག་ཆོད། མར་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཡང་རིག་པ་ལས་གཞན་ན་མེད་པས་ན་རིག་པའི་སྟེང་དུ་བཙན་ས་ཟིན་ན་འཁོར་བའང་རིག་པ་ཀ་དག་གི་ངང་དུ་གྲོལ་བར་ཐག་ཆོད། དེ་ཚེ་འཁོར་བར་ལྷུང་གི་དོགས་པ་གཏན་དུ་ཆོད་པའི་ཚེ་ན་འཁོར་འདས་ཀྱི་སྣང་བ་ཐམས་ཅད་རིག་སྟོང་ནམ་མཁའ་དང་མཉམ་པ་ལྟ་བུའི་རྒྱ་ཆེ་བའི་ཀློང་ལས་མི་འདའ་བའོ།། དེ་ལྟར་འཁོར་འདས་ཐམས་ཅད་རིག་པ་ཆེན་པོ་གཅིག་གི་རང་བཞིན། རིག་པ་ཆེན་པོ་གཅིག་གི་ཡོ་ལང་། རིག་པ་ཆེན་པོ་གཅིག་གི་འཁོར་ཡུག་ཡིན་པའི་ཕྱིར་ན་རིག་པ་ཀུན་ཡངས་ཁྱབ་གདལ་ཆེན་པོ་ཀློང་ཡངས་ནམ་མཁའ་དང་མཉམ་པས་ན་ཡངས་སོ་ཞེས་བརྗོད་པ་དང་། འཁོར་འདས་ཀྱི་སྣང་བ་ཐམས་ཅད་རིག་པ་གཅིག་གི་ཀློང་དུ་ཤོང་བས་ན་ཆེ་འོ་ཞེས་བརྗོད་དོ།། དེ་འདྲ་བའི་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ནམ་མཁའ་དང་མཉམ་པའི་རྒྱ་ཆེ་ཀློང་ཡངས་འདི་ནི་དུས་གསུམ་རྒྱལ་བའི་ཐུགས་ཆོས་དབྱིངས་ཆེན་པོ་ཞེས་བྱ་བ་ཡིན་ནོ།། དེས་ན་གཞི་ཀ་དག་ཡེ་གྲོལ་ཆེན་པོའི་ངོ་བོ་ལ་འཁོར་བ་སྤངས་ནས་སངས་རྒྱས་ཐོབ་པ་མེད་དེ་འཁོར་འདས་མཉམ་ཉིད་ཐིག་ལེ་ཉག་གཅིག་གི་ཀློང་ལས་ནམ་ཡང་མི་འདའ་བ་ཉིད་དོ།། དེས་ན་འཁོར་འདས་ཡེ་ནས་གྲོལ་ལོ་ཞེས་པས་གདོད་ནས་ཡེ་གྲོལ་མིང་མེད་ཆེན་པོར་བསྟན་པས། ད་ལྟ་གསར་དུ་རྟོགས་དང་མ་རྟོགས་ལ་བརྟེན་ནས་ [p. 241] གྲོལ་འཁྲུལ་ཞེས་པའི་མིང་ཙམ་ཡང་མེད་པ་ཉིད་དོ། །དེ་ལྟར་ཤེས་པའི་རྣལ་འབྱོར་པ་དག་གི་རིག་པ་མཁའ་མཉམ་བྱ་རྩོལ་དང་བྲལ་བའི་ལྷུན་གྲུབ་ཡངས་པ་ཆེན་པོའི་ལམ་དུ་འདུ་འབྲལ་མེད་པར་འབྱམས་ཀླས་ཏེ་ཡེ་གྲོལ་མིང་མེད་ཆེན་པོར་ལ་བཟླ་བ་ནི་བདེ་ཞིང་སྐྱིད་པ་ཡིན་ནོ། །དེའི་ཚུལ་ནི། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། སྒྲིབ་མེད་རྣམ་དག་བྱང་ཆུབ་གདལ་བའི་ཀློང་། །སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད། །འཛིན་པ་མེད་པས་སེམས་ཅན་མིང་ཡང་མེད། །རྟོག་པ་མེད་པས་མ་རིག་འཁྲུལ་བ་མེད། །ཞེན་པ་མེད་པས་རྣམ་རྟོག་ཡུལ་ཀྱང་མེད། །ཅེས་སོ། །

བཅུ་གཅིག་པ་འཁྲུལ་བ་མིང་མེད་ཆེན་པོར་ལ་བཟླས་བ་ནི།

ཡེ་སངས་རྒྱས་པའི་རིག་པ་ཡུལ་མེད་འདི། །འཁོར་བར་མི་འཁྱམ་འཁྲུལ་གཞི་ཀུན་ལས་འདས། །སུ་ཡང་མ་འཁྲུལ་འཁྲུལ་པའི་གནས་མེད་དེ། །ཐམས་ཅད་ཆོས་དབྱིངས་ཀློང་གསལ་གཅིག་གི་ངང་། །སྔ་ཕྱི་རིས་མེད་མཁའ་མཉམ་ཡངས་པ་ཉིད། །ཡེ་བབས་ལྷུན་གྲུབ་འཁོར་བ་གདོད་ནས་དག །

དེའང་རིག་པའི་ངོ་བོ་ཡེ་གདོད་མ་ནས་འཁྲུལ་མི་ཤེས་པའི་ཀློང་དུ་སངས་རྒྱས་པའི་ཕྱིར་ན་ད་ལྟ་གསར་དུ་སངས་རྒྱ་མི་དགོས་པས་རིག་པ་ཡུལ་མེད་སྟོང་པ་སྤྲོས་བྲལ་མཉམ་པ་ཉིད་འདི་ལ་འཁྲུལ་སྣང་འཁོར་བ་ཞེས་བྱ་བ་མདང་གསུམ་གྱི་རྨི་ལམ་ལྟ་བུ་ལས་གཞན་དུ་མ་གྲུབ་པས་ན། འཁོར་བ་ལ་སྔར་མ་འཁྱམ། ད་ལྟ་མི་འཁྱམས། ཕྱིས་སུ་འཁྱམ་མི་སྲིད་པས་ན་འཁོར་བ་ཞེས་པའི་འཁྲུལ་གཞི་ཀུན་ལས་འདས་པ་སྟེ། ཡོད་མ་མྱོང་བ་ཡིན། དེས་ན་ཁམས་གསུམ་གྱི་སེམས་ཅན་སུ་ཡང་སྔར་མ་འཁྲུལ་ལ་ཕྱིས་ཀྱང་འཁྲུལ་བའི་གནས་མེད་དེ་འཁོར་བ་ཡེ་ནས་ཀ་དག་ཏུ་གྲོལ་ཟིན་པའི་ཕྱིར་རོ། །དཔེར་ན་རྨི་ལམ་གཉིད་ཀྱི་ངང་ལས་མ་གཡོས་པ་དང་། [p. 242] གཉིད་རིག་པའི་ངང་ལས་མ་གཡོས། རིག་པ་ཆོས་ཉིད་ཀྱི་ངང་ལས་གཡོ་མ་མྱོང་བ་བཞིན་དུ་ཐམས་ཅད་ཆོས་དབྱིངས་ཀློང་གསལ་གཅིག་གི་ངང་ལས་གཡོ་མ་མྱོང་བ་ཡིན། དེས་ན་འཁོར་བའི་སྣང་བ་འདི་དག་སྣང་ལ་རང་བཞིན་མེད་པ་རྨི་ལམ་གྱི་ཡུལ་སྣང་ངོ་ཤེས་པ་ལྟ་བུའི་མེད་པ་གསལ་སྣང་སྟོང་གཟུགས་ཀྱི་རང་སྣང་རང་ལ་ཤར་བ་ཉིད་ལས་གཞན་དུ་གྲུབ་པ་མེད་དོ།། སྟོང་གཟུགས་དེའང་དོན་ལ་གཞི་མེད་རྩ་བྲལ་ཡིན་པས་ན། སྔར་མ་འཁྲུལ་ལ་ད་ལྟ་མི་འཁྲུལ། ཕྱིན་ཆད་ཀྱང་འཁྲུལ་མི་སྲིད་པས་ན་སྔ་ཕྱི་རིས་མེད་པར་འཁོར་བ་ཞེས་པ་དེ་གཞི་མེད་མཁའ་མཉམ་ཡངས་པ་ཆེན་པོའི་རིག་པ་ཐིག་ལེ་ཉག་གཅིག་གི་རང་བཞིན་ཉིད་ཡིན་ནོ།། དེས་ན་ཡེ་ནས་མ་བཅོས་རང་བབས་ལྷུན་གྲུབ་ཀྱི་རིག་པ་སྤྲོས་བྲལ་ཀློང་ཡངས་ཆེན་པོའི་ངང་དུ་འཁོར་བ་ཞེས་བྱ་བ་དེ་ཡེ་གདོད་ནས་རང་སར་དག་པ་ཉིད་དོ།།

བཅུ་གཉིས་པ་འཁོར་འདས་གཉིས་སུ་མེད་པར་ལ་བཟླ་བ་ནི།

གྲོལ་བར་མི་འཇུག་མྱ་ངན་འདས་མི་ལེན། །མི་འགྱུར་ཀློང་ཆེན་འཁོར་འདས་ཡོད་མ་མྱོང་། ། འདི་ཡང་སྤང་ཐོབ་རེ་དོགས་མི་དམིགས་ཤིང་། ། གདོད་ནས་བྱང་ཆུབ་གཞི་ཀློང་ཡངས་པ་ཆེ། །ཐམས་ཅད་མིང་ཙམ་དོན་ལ་མཚོན་བརྗོད་འདས། །གྲོལ་དང་འཁྲུལ་མེད་འཁོར་འདས་ལ་ཟློས་པས། །སུ་ཡང་མ་རྩོལ་བཅོས་བསྒྱུར་མ་བྱེད་ཅིག །

དེའང་གཞི་བཅིང་གྲོལ་མེད་པའི་ངོ་བོར་ཡེ་ནས་སངས་རྒྱས་པས་ན་ད་ལྟ་གྲོལ་མི་དགོས། གལ་ཏེ་དགོས་ཀྱང་གྲོལ་བར་བྱེད་དུ་མེད་པའི་ཕྱིར་ན་གྲོལ་བར་མི་འཇུག་ཅེས་གསུངས། དེས་ན་རང་རིག་ཡེ་ནས་སྟོང་པ་ནམ་མཁའི་ངོ་བོ་ལྟར་དག་པས་ན་བཅིང་བྱ་འཆིང་བྱེད་ལས་འདས་པའི་ཕྱིར་འཁོར་བ་རང་སར་དག་པ་དང་། གྲོལ་བ་མེད་པའི་གནད་ཀྱིས་མྱ་ངན་འདས་པའང་ཡོད་མེད་ཀྱི་ [p. 243] མཐའ་ལས་འདས་པའི་ཡེ་སྟོང་ཟང་ཐལ་ཆེན་པོའི་རང་བཞིན་ཡིན་པས་འཁོར་བ་སྤང་བྱ་དང་། མྱང་འདས་དང་དུ་ལེན་བྱ་མེད་པས་ན་མྱ་ངན་ལས་འདས་པའང་མི་ལེན་ཞེས་སོ།། དེས་ན་རིག་པ་ཁྱབ་གདལ་ནམ་མཁའི་ཁོར་ཡུག་དུས་གསུམ་འཕོ་འགྱུར་དང་བྲལ་བའི་མི་འགྱུར་ཀློང་ཡངས་ཆེན་པོའི་ངོ་བོར་ཡེ་ནས་གྲོལ་ཟིན་པས་ན་འཁོར་འདས་ཞེས་བྱ་བ་གདོད་ནས་ཡོད་མ་མྱོང་བ་ཡིན་ཏེ། ཡི་གེ་མེད་པ་ལས། འཁོར་བ་མ་ཡིན་མྱ་ངན་འདས་མ་ཡིན།། བཅིངས་པ་མ་ཡིན་གྲོལ་བ་ཡོད་མ་ཡིན།། ཞེས་འཁོར་འདས་རིག་པའི་ངོ་བོར་ཡེ་ནས་གྲོལ་ཟིནཔ་དང་། རིག་པ་དང་གཉིས་སུ་མེད་པ་ཉིད་ཡིན་པས་ན། གཞིའི་རིག་པ་ནི་འཁྲུལ་སྣང་འཁོར་བ་མ་ཡིན། མ་འཁྲུལ་པའི་མྱ་ངན་ལས་འདས་པའང་མ་ཡིན་པས་འཁོར་འདས་ཀྱི་མཚན་མ་རང་སར་དག་པའི་སྤྲོས་བྲལ་ཆེན་པོ་ཡིན་པ་དང་། གཞི་ཡེ་ནས་བཅིང་གྲོལ་མེད་པའི་གནད་ཀྱིས་འཁྲུལ་སྣང་འཁོར་བས་བཅིངས་པའང་མ་ཡིན། མ་འཁྲུལ་བའི་མྱང་འདས་སུ་གསར་དུ་གྲོལ་བར་ཡོད་པ་ཡང་མ་ཡིན་ནོ་ཞེས་པའི་དོན་ནོ།། དེས་ན་གཞི་བཅིངས་གྲོལ་མེད་པའི་ངོ་བོ་འདི་ལ་འཁོར་བ་སྤངས་པ་དང་། མྱང་འདས་ཀྱི་གོ་འཕང་ཐོབ་རྒྱུ་ཡོད་པར་བཟུང་སྟེ། མྱང་འདས་ལ་རེ་བ་དང་། འཁོར་བ་ལ་དོགས་པ་མི་དམིགས་ཤིང་ཡེ་གདོད་མ་ནས་འཁོར་འདས་གཉིས་ཀ་བྱང་ཆུབ་གཞི་ཀློང་ཡངས་པ་ཆེན་པོའི་ངོ་བོར་སངས་རྒྱས་ཟིན་པས་ན། འཁོར་འདས་བཟང་ངན་གྲོལ་འཁྲུལ་ཐམས་ཅད་ཐ་སྙད་དུ་མིང་ཙམ་མ་གཏོགས་དོན་ལ་མཚོན་བརྗོད་ལས་འདས་པའི་རིག་པ་ཀ་དག་མཉམ་ཉིད་ཆེན་པོའི་རང་བཞིན་ལས་མ་འདས་པ་ཡིན། དེས་ན་གྲོལ་བ་སངས་རྒྱས་དང་འཁྲུལ་བ་སེམས་ཅན་ཞེས་བྱ་བ་ཡེ་ནས་གྲུབ་མ་མྱོང་བས་མེད་པ་ཉིད་དེ་འཁོར་འདས་ཡེ་དག་ཆོས་དབྱིངས་ཆེན་པོར་ཡེ་ནས་ལ་བཟློས་ཟིན་པས་སོ།། དེ་ལྟར་ཕུ་ཐག་གཏིང་ནས་ཆོད་པ་ཞིག་ཤིན་ཏུ་གལ་ཆེ། དེས་ན་རྣལ་འབྱོར་པ་སུ་ཞིག་ཡིན་ [p. 244] ཡང་རྩོལ་བས་མ་རྩོལ་བཅོས་པས་མ་བསྒྱུར་བར་སྤང་བླང་དགག་སྒྲུབ་གང་ཡང་མ་བྱེད་ཅིག་ཅེས་སོ།། དེ་ལྟར་རིག་པའི་རང་གཤིས་སྐྱོང་ཚེ་རྩོལ་སྒྲུབ་མི་བྱེད་པར་སྒོ་གསུམ་མ་བཅོས་ཕྱམ་གྱིས་བཞག་ན་ངང་མངོན་དུ་གྱུར་འོང་། རིག་པ་ཁོ་རང་ལ་བཅོས་རྒྱུ་མེད་ཀྱང་གྲིམ་པོའི་བློས་བཅོས་ན་རིག་པའི་རང་ཞལ་སྒྲིབ་འགྲོ་བ་ཡིན་ནོ།། སྤྱིར་རྫོགས་པ་ཆེན་པོ་ལྟར་ན་རིག་པ་རང་གི་ངོ་བོ་འཁོར་བ་ཡང་མ་ཡིན། མྱ་ངན་ལས་འདས་པའང་མ་ཡིན། རིག་པ་ལས་གཞན་ན་འཁོར་འདས་ཀྱི་ཆོས་ཞེས་བྱ་བ་ཞིག་གཏན་ནས་མེད་དེ། ཇི་སྐད་དུ། རི་རྭ་མོ་གཤམ་བུ་ཉིད་ལས། ཁྱད་པར་ཅུང་ཟད་ཡོད་མ་ཡིན།། མོ་གཤམ་བུ་ཉིད་རི་རྭ་ལས།། ཁྱད་པར་ཅུང་ཟད་ཡོད་མ་ཡིན།། འདི་གཉིས་ཀྱི་ནི་ཁྱད་པར་ལ།། ཤིན་ཏུ་ཕྲ་བ་ཡོད་མ་ཡིན།། ཞེས་པ་ལྟར་འདི་མདོའི་ཚིག་ཅིག་ཡིན་ཡང་། རྫོགས་ཆེན་རང་ལུགས་ལ་ནི་འཁོར་འདས་གཉིས་ཀ་རི་རྭ་དང་མོ་གཤམ་བུ་བཞིན་དུ་གཏན་ནས་ཡོད་མ་མྱོང་། འཁོར་འདས་མཉམ་ཉིད་ཟེར་བ་དེ་རིག་པ་ཟང་ཀ་མ་ཐིག་ལེ་ཉག་གཅིག་གི་ངོ་བོའི་སྟེང་ནས་བཤད་པ་མ་གཏོགས། ས་རྡོ་རི་བྲག་ཞིག་གི་ཐོག་ནས་བཞག་གི་མེད། ཚིག་སྐམ་པོ་ཞིག་དང་། ཁ་མཁས་སྟོང་བཤད། གོ་བ་ཡུལ་གྱི་སྟེང་ནས་ཕར་བལྟས་ཏེ་བཤད་པ་མ་ཡིན་པར་ནང་རིག་པ་རང་གི་གཤིས་ལ་སྦྱར་ནས་བཤད་པ་ཡིན་ཏེ། མི་ཕམ་པས། ཕར་བལྟས་རྒྱང་གི་ཆོས་བརྒྱ་ལས། ཚུར་བལྟས་སེམས་ཀྱི་ཆོས་གཅིག་མཆོག། ཕར་ལ་ལྟ་བའི་གཅེས་ཕྲུག་པོ།། དེ་རིང་ཚུར་ལ་བལྟ་བར་རིགས།། ཞེས་པ་ལྟར་ཡིན། དེ་མིན་མདོའི་བཤད་ཚུལ་ལྟར་ན་འཁོར་འདས་གཉིས་ཡོད་པ་གཞིར་བཞག་གི་སྟེང་ནས། ཇི་སྐད་དུ། མྱ་ངན་འདས་པ་འཁོར་བ་ལས།། ཁྱད་པར་ཅུང་ཟད་ཡོད་མ་ཡིན།། ཞེས་བཤད་དེ་འཁོར་འདས་མཉམ་ཉིད་འཇོག་ཚུལ་འདི་རྫོགས་པ་ཆེན་པོས་བཤད་ཚུལ་ལས་མར་གཞལ་ན་འགལ་བའི་ཚིག་ཁོ་ན་རེད། འཁོར་འདས་ཡོད་པ་གཞིར་བཞག་གི་སྟོང་ནས་ [p. 245] བཤད་ན་འཁོར་བ་འཁྲུལ་བ་དང་མྱང་འདས་མ་འཁྲུལ་བ་ཡིན་པས། འཁྲུལ་མ་འཁྲུལ་གཉིས་ལ་ཁྱད་པར་ཅུང་ཟད་མེད་ཅེས་བརྗོད་ན་འགལ་བ་མ་ཡིན་ནམ་ཞེས་མཁན་ཆེན་འཇིགས་མེད་ཕུན་ཚོགས་རིན་པོ་ཆེས་གསུངས། དེས་ན་མདོས་འཁོར་འདས་མཉམ་ཉིད་འཇོག་ཚུལ་དང་འདིར་རྫོགས་པ་ཆེན་པོས་འཁོར་འདས་མཉམ་ཉིད་འཇོག་ཚུལ་ལ་གནམ་ས་ལྟ་བུའི་ཁྱད་པར་ཡོད་གསུངས། དེས་ན་རྫོགས་པ་ཆེན་པོ་ནི་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མཐར་ཐུག་པ་ཡིན་པས་ན་ཐེག་པ་འོག་མ་ལས་ཁྱད་པར་དུ་འཕགས་པའོ།།

བཅུ་གསུམ་པ་མཐའ་གྲོལ་ཀློང་ཡངས་ཆེན་པོར་ལ་བཟླ་བ་ནི།

ཡངས་དོག་མཐོ་དམན་མེད་པའི་རིག་པ་ལ།། རྒྱ་ཆད་ཕྱོགས་ལྷུང་མེད་ཀྱིས་དམིགས་གཏད་ཤོལ།། བྱ་བྱེད་འགྲོ་འོང་མེད་པའི་རིག་པ་ལ། དུས་དང་གཉེན་པོར་མེད་ཀྱིས་འཛིན་རྩོལ་ཞོག ། ཆེད་དུ་དམིགས་པ་ཡོད་ན་འཆིང་བའི་རྒྱུ། གང་ལའང་གཏད་འཛིན་མ་འཆའ་ཕྱམ་ལ་ཐོང་།

དེའང་རིག་པ་ནི་འཁོར་འདས་ཀུན་ལ་ཁྱབ་ཅིང་རང་གི་ངོ་བོ་སྤྲོས་པ་ཐམས་ཅད་དང་བྲལ་བས་ན་ཡངས་དོག་དང་མཐོ་དམན་སོགས་ཀྱི་སྤྲོས་པ་གང་ཡང་མེད་པའི་རིག་པ་འདི་ལ། རྒྱ་གང་དུའང་མ་ཆད་ཕྱོགས་གང་དུའང་ལྷུང་བ་མེད་པའི་ཟང་ཐལ་ཐིག་ལེ་ཉག་གཅིག་གི་ངོ་བོར་གནས་པ་ཉིད་ཀྱིས་དམིགས་གཏད་འཛིན་རྩོལ་བྱེད་ཡུལ་མེད་པས་ན་དམིགས་གཏད་ཤོལ་ཅིག་ཅེས་ཤོལ་ཅེས་པ་བྲལ་བའི་དོན་ནོ། །དེ་འདྲའི་རང་བྱུང་རིག་པ་དེ་ནི་བྱ་བྱེད་འགྲོ་འོང་མེད་པའི་རིག་པ་ཡིན་ལ། དེ་ཡང་ཡི་གེ་མེད་པ་ལས། དོན་གྱི་ངོ་བོ་རིག་པ་དེ་ཉིད་ལ། བྱས་པ་མ་ཡིན་བྱེད་མཁན་ག་ལ་ཡོད། བཅོས་པ་མ་ཡིན་བཅོས་པའི་བདག་པོ་མེད། ཅེས་སོ། །རིག་པ་དེ་རྟོགས་པའི་དུས་ཚོད་འདི་འདྲ་བ་ཞིག་ [p. 246] གི་དུས་ཡིན་ཞེས་པ་ལྟ་བུ་དང་། དེ་རྟོགས་པའི་གཉེན་པོ་འདི་འདྲ་བ་ཞིག་བསྟེན་དགོས་ཞེས་པ་སོགས་གང་ཡང་མེད་པ་ཉིད་ཀྱིས་འཛིན་རྩོལ་ཐམས་ཅད་རང་སར་ཞོག་དང་ཡེ་བབ་ཀྱི་གནས་ལུགས་མངོན་དུ་གྱུར་འོང་གསུངས། དེས་ན་རིག་པ་ཡེ་ནས་དམིགས་གཏད་འཛིན་ཞེན་སོགས་སྐྱོན་གྱིས་གོས་མ་མྱོང་བའི་ནམ་མཁའ་གཡའ་དག་པ་ལྟ་བུ་ཞིག་ཡིན་པའི་ཕྱིར་ན། ད་ལྟ་རིག་པའི་ངོ་བོར་ལྟ་བའི་ཚེ་ན་ཆེད་དུ་དམིགས་པ་དང་གཏད་སོ་ཡོད་ན་སྲིན་བུའི་ཁ་ཆུས་རང་འཆིང་བ་བཞིན་དུ་ཤེས་པ་རང་གིས་རང་འཆིང་སྟེ། རིག་པའི་རང་ཞལ་སྒྲིབ་བྱེད་དུ་འགྲོ་བ་མ་གཏོགས་ཕན་པ་སྤུ་ཙམ་ཡང་མེད་པས་འཆིང་བའི་རྒྱུ་ཞེས་སོ།། དེས་ན་གང་ལའང་གཏད་འཛིན་མ་འཆའ་བར་ཕྱམ་ཕྱམ་ཡངས་པའི་ངང་ལ་ཐོངས་ནས་ཞོག་ཅིག།

བཅུ་བཞི་བ་རྟོགས་པ་མཁའ་མཉམ་ཡངས་པ་ཆེན་པོ་ཡིན་པས་ཆོས་ཐམས་ཅད་བྱར་མེད་ཆེན་པོར་ལ་བཟླ་བ་ལ་ལྔ་ལས། དང་པོ་གཤིས་མངོན་དུ་གྱུར་བས་ཆོས་ཟད་བློ་འདས་ཆེན་པོར་ལ་བཟླ་བ་ནི།

ཆོས་ཀུན་ཡེ་ནས་གྲོལ་རུང་མ་གྲོལ་རུང་། ། གནས་ལུགས་རང་བཞིན་དག་རུང་མ་དག་རུང་། །སེམས་ཉིད་སྤྲོས་དང་བྲལ་རུང་མ་བྲལ་རུང་། །གཉུག་མའི་གཤིས་ལ་གྲུབ་རུང་མ་གྲུབ་རུང་།

འདི་དག་རང་འགྲེལ་དུ་བཀྲལ་མེད་ལ་འདིའི་དོན་ཇི་ལྟར་འགྲེལ་དགོས་དགོངས་ཚེ་ཁོང་གི་གཟིམ་ལམ་དུ་ཆོས་སྐྱོང་ཙིའུ་དམར་དེ་ཉིད་གཞོན་ནུ་མཁུར་ཚོས་དམར་བ་ཅན་ཞིག་དང་སྔངས་ཀྱི་སྲུང་མ་རལ་གཅིག་མའང་བུད་མེད་མཛེས་སྡུག་ཅན་གྱི་རྣམ་པར་བྱུང་ནས་བགྲོ་གླེང་བྱས་ཚེ་འདིའི་དོན་དྲིས་པར། གཞོན་ནུ་དེས་བུད་མེད་འདི་ལ་དྲིས་ཤིག་དང་ང་རང་མཚམས་ཐོའི་རྩར་བར་ཆད་སྲུང་དུ་འགྲོ་ཞེས་སོང་ངོ་། །དེར་བུད་མེད་དེས་འདི་སྐོར་མང་དུ་གསུངས་ནས་གོའམ་ཟེར། ད་ལྟ་གོའང་བདག་གཉིད་ལས་སད་ཚེ་བརྗེད་འགྲོ་སྙམ་གསུངས་པར་ལྗགས་རྩེ་ནས་རིན་པོ་ཆེའི་སྦུ་གུ་ལས། ཧ། ཞེས་བརྗོད་པས་སྙིང་ནང་དུ་བསིལ་སིབ་སོང་ཞིང་ནངས་བར་བརྗེད་མེད་པས་ཡི་གེར་ཕབ་བོ་ཞེས་ཨ་བུ་དཀར་ལོ་ལ་གསང་ཐབས་སུ་གསུངས་སོ། །མཆན། ཆོས་ཀུན་ཡེ་ནས་གྲོལ་ནའང་ [p. 247] རང་ལ་མ་གྲོལ་ནའང་རང་སྟེ་གནས་ལུགས་རྣལ་མའི་ངོ་བོ་ལ་གྲོལ་དང་མ་གྲོལ་གྱི་ཁྱད་པར་མེད་པས་མ་བཅོས་མཉམ་ཉིད་ཟང་ཐལ་ཆེན་པོའི་ངོ་བོ་མངོན་དུ་གྱུར་ན་གྲོལ་དང་མ་གྲོལ་གཅིག་ཏུ་འདུག་གོ། དེ་བཞིན་དུ་གནས་ལུགས་རང་བཞིན་དག་ནའང་རང་མ་དག་ནའང་རང་སྟེ་རིག་པའི་གནས་ལུགས་གཤིས་ཀྱི་དོན་ལ་དག་དང་མ་དག་གི་མཚན་མ་མེད་པར་འཁོར་འདས་རིག་པར་འདུག རིག་པ་ཟང་ཐལ་དུ་འདུག ཟང་ཐལ་རྗེན་པར་འདུག་པས་ཕྱལ་བ་རང་ཡན། ཤེས་པ་རྒྱ་གྲོལ་བར་མེད་དུ་འདུག་གོ། སེམས་ཉིད་སྤྲོས་པ་དང་བྲལ་ནའང་རང་མ་བྲལ་ནའང་རུང་སྟེ། རིག་པའི་ངོ་བོ་སྤྲོས་བྲལ་མཉམ་རྫོགས་ཆེན་པོར་བཞུགས་པའི་དོན་རྟོགས་ན། བསམ་ན་སེམས་མེད། བཞག་པའི་གནས་མེད། འགྲོ་བའི་ལམ་མེད། བལྟས་པའི་ལྟ་བ་མེད། བསྒོམ་པའི་དམིགས་གཏད་མེད་པས་རིག་པ་རང་གྲོལ་ཆུ་ལ་རི་མོ་བྲིས་པ་བཞིན་རྗེས་མེད་ཟང་ཐལ་དུ་འདུག་གོ། གཉུག་མའི་གཤིས་ལ་གྲུབ་ན་རུང་ལ་མ་གྲུབ་ནའང་རུང་སྟེ། རིག་པའི་ངོ་བོ་ཟང་ཐལ་རྗེན་པར་སོང་བས་ན། འཁོར་འདས་ལ་བར་མེད། ཟང་ཐལ་ལ་རྗེས་མེད། རང་ཤར་ལ་རིས་མེད། རང་གྲོལ་ལ་ཆོས་མེད། ཆོས་ཟད་ལ་མིང་མེད་པས་དོན་གྱི་གནས་ལུགས་ལས་ནམ་ཡང་འགྱུར་བ་མེད་པའོ།།

གཉིས་པ་རེ་དོགས་བློ་འདས་སུ་རྟོགས་པས་བློ་བདེ་ཁོང་ཡངས་ཆེན་པོར་ལ་བཟླ་བ་ནི།

འཁོར་འདས་རང་བཞིན་གཉིས་རུང་མ་གཉིས་རུང་།། བསམ་བརྗོད་ཀུན་ལས་འདས་རུང་མ་འདས་རུང་།། དགག་སྒྲུབ་འཁྲུལ་པ་ཞིག་རུང་མ་ཞིག་རུང་།། རྟོགས་པའི་ལྟ་བ་རྟོགས་རུང་མ་རྟོགས་རུང་།།

དེའང་འཁོར་འདས་ཀྱི་རང་བཞིན་གཉིས་ཡིན་ནའང་རུང་མི་གཉིས་པ་ཡིན་ནའང་རུང་སྟེ། རིག་པ་གཞི་མེད་རྩ་བྲལ་ལ་འཁོར་འདས་ཀྱི་མཚན་མ་མེད་པས་ན། འཁོར་བ་གཞི་མེད། འདས་པ་ཡེ་ [p. 248] གྲོལ། ཐམས་ཅད་མཉམ་ཉིད། གང་ཤར་རང་གྲོལ། གུ་ཡངས་ཁྱབ་གདལ་ཟང་ཐལ་རྗེན་པ་རུ་འདུག་གོ། བསམ་བརྗོད་ཀུན་ལས་འདས་ནའང་རུང་མ་འདས་ནའང་རུང་སྟེ། རིག་པ་སྤྲོས་བྲལ་སྨྲ་བསམ་བརྗོད་དུ་མེད་པ། བསམ་པའི་སེམས་མེད། བརྗོད་པའི་ངག་མེད། འགྲོ་བའི་ལམ་མེད། སྒྲིབ་པའི་དྲི་མ་མེད་པས་གཞི་མེད་རྩ་བ་དང་བྲལ་བའི་ཡིན་ལུགས་མངོན་དུ་གྱུར་འདུག་གོ། དགག་གྲུབ་འཁྲུལ་བ་ཞིག་ནའང་རུང་མ་ཞིག་ནའང་རུང་སྟེ། རིག་པའི་ངོ་བོ་ལ་དགག་སྒྲུབ་ཀྱི་ཆོས་མེད་པས་བྱར་མེད་ཟང་ཀ་རྗེན་པ་ལ་དགག་སྒྲུབ་ཆོས་ཀྱིས་བཅོས་སུ་མེད་པས་ན། ངན་པ་དགག་ཏུ་མེད། བཟང་པོ་སྒྲུབ་ཏུ་མེད། འཁྲུལ་བའི་གཞི་མེད། འཁྲུལ་མཁན་གྱི་སེམས་མེད། འཁྲུལ་བ་བཤིག་ཏུ་མེད་པས། འཁྲུལ་སྣང་དབྱིངས་སུ་གྲོལ་བའི་རིག་སྟོང་སྤྲོས་བྲལ་མཉམ་ཉིད་ལྷུན་རྫོགས་ཆེན་པོའི་རང་བཞིན་ལས་མ་འདས་པའོ།། རྟོགས་པའི་ལྟ་བ་རྟོགས་ནའང་རུང་མ་རྟོགས་ནའང་རུང་སྟེ། རིག་པ་རང་བབས་གཤིས་ཀྱི་ངོ་བོ་ལ་རྟོགས་པའི་སངས་རྒྱས་མེད། མ་རྟོགས་པའི་སེམས་ཅན་མེད། གཞི་མེད། ལམ་མེད། འབྲས་བུ་མེད། བྱ་བྱེད་མེད། འཛིན་པ་དང་གོལ་ས་མེད། དགག་ཏུ་མེད། བསྒྲུབ་ཏུ་མེད། རིག་པ་མེད། མ་རིག་པའང་མེད་པས་ཡེ་གྲོལ་ཐིག་ལེ་ཉག་གཅིག་ཏུ་འབྱམས་ཀླས་པའོ།།

གསུམ་པ་ཡིད་ལ་བྱར་མེད་ཡེ་ཟད་ཆེན་པོར་རྟོགས་པས་བློའི་དམིགས་བསམ་སྤྲོ་བསྡུ་ལས་འདས་པར་ལ་བཟླ་བ་ནི།

ཆོས་ཉིད་དོན་ལ་བསྒོམས་རུང་མ་བསྒོམས་རུང་། བླང་དོར་མེད་པས་དཔྱད་རུང་མ་དཔྱད་རུང་། གནས་ལུགས་འབྲས་བུ་གྲུབ་རུང་མ་གྲུབ་རུང་། ས་དང་ལམ་རྣམས་བགྲོད་རུང་མ་བགྲོད་རུང་།

དེའང་ཆོས་ཉིད་དོན་ལ་བསྒོམས་ནའང་རུང་མ་བསྒོམས་ནའང་རུང་སྟེ། ཆོས་ཉིད་རྣལ་མའི་དོན་རྟོགས་ན་མཐའ་གྲོལ་མཉམ་ [p. 249] ཉིད་ཀྱི་རིག་པ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་མངོན་དུ་གྱུར་བ་ལས་གཞན་པའི་བསྒོམས་པས་མི་གྲོལ། བཙལ་བས་མི་རྙེད། བལྟས་པས་མི་མཐོང་། བྱས་པས་མི་ཟིན། ཆོས་ཟད་མིང་མེད་ཀྱི་ཤེས་པ་རྒྱ་གྲོལ་དུ་འདུག་གོ། བླང་དོར་འབད་པས་དཔྱད་ནའང་རུང་མ་དཔྱད་ནའང་རུང་སྟེ། བློས་བྱས་འཛིན་རྩོལ་དང་བྲལ་བའི་རིག་པ་རྗེན་པའི་ངོ་བོ་མངོན་དུ་གྱུར་པ་ལས་གཞན་དུ་དཔྱད་ན་རྟོག་པ། བསྒོམ་ན་བློ། བརྗོད་ན་ཚིག བལྟས་ན་གཟུང་འཛིན། བྱས་ན་འཁོར་བ་ཡིན་པས་རང་བབས་ཡེ་གྲོལ་གཏད་མེད་རྒྱ་ཡན་གུ་ཡངས་ཁྱབ་གདལ་ཆེན་པོར་འདུག་གོ། གནས་ལུགས་འབྲས་བུ་གྲུབ་ནའང་རུང་མ་གྲུབ་ནའང་རུང་སྟེ། ཡེ་གདངས་དོན་གྱི་གནས་ལུགས་གཤིས་ཐོག་ཏུ་ཕེབས་ན། གྲུབ་པའི་སངས་རྒྱས་མེད། མ་གྲུབ་པའི་སེམས་ཅན་མེད། བཟང་པོ་ལ་རེ་བ་མེད། ངན་པ་ལ་དོགས་པ་མེད། བར་མ་ལ་བཏང་སྙོམ་མེད། རང་གསལ་བར་མེད་རིག་པ་ཅར་ཕོག་ཅིག་ཆར་དུ་ངོ་སྤྲད་པའི་སྟེང་དུ་གཡོ་འགུལ་མེད་པའོ།། ས་དང་ལམ་རྣམས་བགྲོད་ནའང་རུང་མ་བགྲོད་ནའང་རུང་སྟེ། རིག་པ་ལ་སྦྱང་བགྲོད་མེད་པའི་གནས་ལུགས་དོན་གྱི་འབྲས་བུ་མངོན་དུ་གྱུར་ན། འགྲོ་བའི་ས་མེད། བགྲོད་པའི་ལམ་མེད། ཕྱིན་པའི་གནས་མེད་པས་ཡེ་བཞུགས་ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཡེ་ནས་ཡིན་པའི་ས་དེ་ཟིན་པའོ།།

བཞི་བ་རིག་པ་སྒྲིབ་མེད་ཟང་ཀར་རྟོགས་པས་བྲལ་ཐོབ་མེད་པར་ལ་བཟླ་བ་ནི།

སྒྲིབ་པ་ཀུན་དང་བྲལ་རུང་མ་བྲལ་རུང་།། བསྐྱེད་རྫོགས་ཆོས་ཉིད་རྫོགས་རུང་མ་རྫོགས་རུང་།། ཐར་པའི་འབྲས་བུ་ཐོབ་རུང་མ་ཐོབ་རུང་།། འགྲོ་དྲུག་འཁོར་བར་འཁྱམས་རུང་མ་འཁྱམས་རུང་།།

དེའང་སྒྲིབ་པ་ཀུན་དང་བྲལ་ནའང་རུང་མ་བྲལ་ནའང་རུང་སྟེ། ཆོས་ཉིད་རིག་པ་མཁའ་དབྱིངས་གཡའ་དག་པ་ལྟ་བུ་དེ་མངོན་དུ་གྱུར་ན། བསྒྲིབ་བྱའི་གང་ཟག་མེད། སྒྲིབ་བྱེད་ཉོན་ [p. 250] མོངས་པ་མེད། སྦྱང་བྱའི་ལས་མེད། སྦྱོང་བྱེད་ཀྱི་གཉེན་པོ་མེད། ཐོབ་བྱེད་ཀྱི་ལམ་མེད། ཐོབ་བྱའི་འབྲས་བུ་མེད། གང་ཡང་མེད་པས་ཆོས་ཟད་བློ་ལས་འདས་པའི་གཞོན་ནུ་བུམ་པ་ཆོས་ཀྱི་སྐུ་མངོན་དུ་གྱུར་བའོ།། བསྐྱེད་རྫོགས་ཆོས་ཉིད་རྫོགས་རུང་འདྲ་མ་རྫོགས་ནའང་རུང་སྟེ། རིག་པ་རང་བབས་ཆོས་ཉིད་བྱ་བ་དང་བྲལ་བའི་གནས་ལུགས་རྗེན་པ་མངོན་དུ་གྱུར་ན། བསྐྱེད་རིམ་བསྐྱེད་དུ་མེད། རྫོགས་རིམ་བསྒོམ་དུ་མེད། ཆོས་ལ་བསམ་དུ་མེད། བློ་ལ་བསྒྱུར་དུ་མེད། སྔུན་ལ་བསུ་རྒྱུ་མེད། རྗེས་ལ་སྙོག་རྒྱུ་མེད། ད་ལྟ་བཟུང་དུ་མེད་པས་ཟང་མ་ཐལ་བྱུང་གི་རིག་པ་རྩིས་གདབ་ཀུན་བྲལ་གྱི་ཡེ་ཤེས་རྒྱ་ཡན་རིག་པ་མཐའ་གྲོལ་ཀློང་ཡངས་ཆེན་པོ་གཅིག་ཏུ་འདུག་གོ། ཐར་བའི་འབྲས་བུ་ཐོབ་ནའང་རུང་མ་ཐོབ་ནའང་རུང་སྟེ། རིག་པའི་ངོ་བོ་སྤང་ཐོབ་དང་བྲལ་བའི་ཆོས་ཉིད་རྣལ་མའི་གནས་ལུགས་མངོན་དུ་གྱུར་པ་ལས་གཞན། ཐར་པའི་འབྲས་བུ་ཐོབ་པ་ལ་རེ་བ་མེད་པར། གང་ཤར་རིག་པ། གང་སྣང་ཆོས་སྐུ། ཤར་ས་ནས་གྲོལ། སྣང་ས་ནས་སྟོང་། འགྱུ་ས་ནས་ཡལ་ཏེ་རང་བཞིན་བར་མ་ཆད་པར་ཆུ་བོའི་རྒྱུན་གྱི་ཏིང་འཛིན་ལས་ནམ་ཡང་འདུ་འབྲལ་མེད་པའོ།། འགྲོ་དྲུག་འཁོར་བར་འཁྱམས་ནའང་རུང་མ་འཁྱམས་ནའང་རུང་སྟེ། རིག་པའི་ངོ་བོ་གྲོལ་འཁྲུལ་དང་བྲལ་བའི་བྱར་མེད་ཆོས་ཟད་ཀྱི་དགོངས་པ་མངོན་དུ་གྱུར་ན། འཁོར་བའི་གཡང་ས་མེད། སྔངས་སྐྲག་སྐྱེ་ཡུལ་མེད། ངན་འགྲོར་དོགས་པ་མེད། སྡུག་བསྔལ་གྱི་ཚོར་བ་མེད། བཟང་ན་བཟང་དུ་ཆུག ངན་ན་ངན་དུ་ཆུག བྱར་མེད་ཆོས་མེད་དུ་ཟད་པས་འཁོར་འདས་སྤང་ཐོབ་མེད་པའི་ཆོས་ཉིད་དོན་གྱི་གནས་ལུགས་མངོན་དུ་གྱུར་བའོ།།

ལྔ་བ་ཆོས་ཟད་རྒྱ་གྲོལ་ཕྱམ་གདལ་དུ་རྟོགས་པས་གང་ལ་ཡང་རྩིས་མེད་རང་ཡན་དུ་ལ་བཟླ་བ་ནི།

རང་བཞིན་ལྷུན་གྱིས་གྲུབ་རུང་མ་གྲུབ་རུང་། །རྟག་ཆད་གཉིས་འཛིན་བཅིངས་ [p. 251] རུང་མ་བཅིངས་རུང་།

ཆོས་ཉིད་དགོངས་པར་སླེབས་རུང་མ་སླེབས་རུང་། གོང་མའི་རྗེས་སུ་བསྙེགས་རུང་མ་བསྙེགས་རུང་། དེའང་རང་བཞིན་ལྷུན་གྱིས་གྲུབ་ནའང་རུང་མ་གྲུབ་ནའང་རུང་སྟེ། རིག་པ་རང་བྱུང་གི་ཡེ་ཤེས་ཀྱི་སྟེང་དུ་རང་ཐག་ཆོད་དེ་འཁོར་འདས་མཉམ་ཉིད་ཆེན་པོའི་སྟེང་དུ་ལ་བཟླས་ནས་འདུག་ན། ལྷུན་གྱིས་གྲུབ་པ་དང་མ་གྲུབ་པ་གང་ཡང་མེད། ཡིན་མིན་དུ་ཤར་ཡང་རིས་སུ་མ་བཅད། བདེ་སྡུག་ཏུ་སྣང་ཡང་རྗེས་མི་མཐུད། ཆོས་ཉིད་དུ་སངས་ཀྱང་བློ་མི་འཇུག བར་མེད་དུ་གྲོལ་ཡང་གཤིས་མི་བསྐྱོད། རིས་མེད་ཕྱོགས་ཡན་གྱི་ཤེས་པ་ཁ་ཡན་རང་སར་བཞག་པས་རང་གྲོལ་ཆོས་ཉིད་ཆེན་པོའི་ངང་དུ་འབྱམས་ཀླས་པའོ། །རྟག་ཆད་གཉིས་འཛིན་གྱིས་བཅིངས་ནའང་རུང་མ་བཅིངས་ནའང་རུང་སྟེ། རྟག་ཆད་སོགས་ཡོད་མེད་ཡིན་མིན་གྱི་སྤྲོས་པ་ཀུན་དང་བྲལ་བའི་གཉུག་མ་དོན་གྱི་གཤིས་ལ། ཡོད་པར་སྒོམ་ཡང་རྟག་མི་སྲིད། མེད་པར་སྒོམ་ཡང་ཆད་མི་སྲིད། ཡོད་མེད་བལྟས་ཀྱང་མཐར་མི་ལྷུང་། ཡོད་ན་ཡོད་དུ་ཆུག་མེད་ན་མེད་དུ་ཆུག །སྣང་ན་སྣང་དུ་ཆུག །སྟོང་ན་སྟོང་དུ་ཆུག །ཡིན་ན་ཡིན་དུ་ཆུག མིན་ན་མིན་དུ་ཆུག །མདོར་ན་གང་ལའང་འཛིན་པ་མེད་པ་ཆོས་ཉིད་ནམ་མཁའ་ཡངས་པའི་ངང་དུ་རང་གྲོལ་ཆེན་པོའི་རོལ་བ་ལས་མ་འདས་པའོ།། ཆོས་ཉིད་དགོངས་པར་སླེབ་ནའང་རྱུང་མ་སླེབ་ནའང་རྱུང་སྟེ། གང་ལ་བལྟས་ཀྱང་ཀ་དག་ཀློང་ཆེན་གྱི་དགོངས་པ་ཉག་གཅིག་ལས་མི་འདའ་བས་ན། ཆོས་ཉིད་དགོངས་པར་སླེབས་ཏུ་རེ་བ་མེད། མི་སླེབས་པའི་དོགས་པ་མེད། ཡེ་ནས་མ་གྲོལ་བའི་གཞི་མེད། རང་ངོ་མ་ཤེས་པའི་ལམ་མེད། རང་སར་མ་གྲོལ་པའི་འབྲས་བུ་མེད། གནས་ལུགས་མ་ཡིན་པའི་ངང་མེད་པས་འཁོར་འདས་དབྱེར་མེད་རང་གྲོལ་ཆེན་པོའི་ངང་དུ་ནམ་ཡང་འདུ་འབྲལ་མེད་པའོ།། གོང་མའི་རྗེས་སུ་བསྙེགས་ནའང་རྱུང་མ་བསྙེགས་ནའང་རྱུང་སྟེ། [p. 252] ད་ལྟའི་རིག་པ་སྟོང་གསལ་འགག་པ་མེད་པའི་རང་རིག་རང་ཤེས་ཀྱི་ཡེ་ཤེས་ཆེན་པོའི་ངང་འདི་ནི་དུས་གསུམ་རྒྱལ་བ་ཡོངས་ཀྱི་ཐུགས་ཆོས་དབྱིངས་ཆེན་པོ་དང་དབྱེར་མེད་དུ་རྟོགས་པའི་གདེང་ཟིན་ན་དེ་ནི་སྔོན་བྱོན་གོང་མ་རྣམས་ཀྱི་ལྟ་བ་མཐར་ཐུག་པ་དེ་ཡིན་པས་ན། དེ་ལས་གཞན་གོང་མའི་རྗེས་སུ་སྙོག་མི་དགོས། བླ་མ་དམ་པ་བསྟེན་མི་དགོས། མན་ངག་གཞན་ནས་བཙལ་མི་དགོས། གདམས་པ་ཟབ་མོ་སྒོམ་མི་དགོས། དེའི་ངང་དུ་ཆོས་ཟད་ཀ་དག་གཞོན་ནུ་བུམ་པའི་སྐུར་སངས་རྒྱས་པར་མཛོད་ཅིག་ཅེས་གསུངས་སོ།།

[edit]
The divisions (sa bcad) of the chapter as Khangsar announces them, with an English heading and a summary of each section (AI-made from the Tibetan, unchecked). BDRC's outline of the Stag lung edition has the same divisions.
9.9 Resolved as Beyond 'Inconceivable' and 'Limitless' བསམ་འདས་མཐའ་མེད་ལས་འདས་པར་ལ་བཟླ་བ p. 238
Some who claim to follow the Mind and Space Series say that the Great Perfection, pervasive and without depth or limit, is beyond the scope of awareness, so that naked awareness cannot appear to the yogi; Khangsar calls this a foolish view lost in a limitless emptiness. For Ati, awareness is limitless yet seen by individual reflexive wisdom, naked and decisive (cig chod) like a crystal ball; mind (sems) follows objects like a drop of water falling on earth, awareness (rig pa) does not, like mercury. The Kun tu bzang po thugs kyi me long is cited on uncontrived view, meditation, conduct and fruition.
9.10 The Single Sphere Resolved as Naked Dharmakāya ཐིག་ལེ་ཉག་གཅིག་ཆོས་སྐུ་རྗེན་པར་ལ་བཟླ་བ p. 239
Since all of saṃsāra and nirvāṇa arose from awareness, tracing it back in reverse order brings certainty that there is nothing but awareness; hope for a buddhahood elsewhere and fear of saṃsāra are then cut, and awareness, the single sphere, is 'vast and great' like space, the mind of the victors, with nothing to abandon or attain. Realized and unrealized are not even names in what is primordially free, and the yogi is happy on the effortless path; the Kun tu bzang po thugs kyi me long is cited (no buddha, no being, no delusion).
9.11 Resolved as the Great State Where Delusion Has Not Even a Name འཁྲུལ་བ་མིང་མེད་ཆེན་པོར་ལ་བཟླས་བ p. 241
Awareness is primordially awakened and objectless; saṃsāra is like a dream that never existed, so no one has ever wandered or been deluded, and everything stays in the single clear expanse of dharmadhātu, as a dream never leaves sleep. Saṃsāra is empty form appearing to itself, groundless and rootless, primordially pure.
9.12 Resolved as the Non-Duality of Saṃsāra and Nirvāṇa འཁོར་འདས་གཉིས་སུ་མེད་པར་ལ་བཟླ་བ p. 242
Since the ground has no bondage or liberation, there is no entering liberation and no taking up nirvāṇa; in the unchanging expanse saṃsāra and nirvāṇa never existed (Yi ge med pa), so one should neither hope nor fear, nor strive or alter anything. Khangsar then contrasts the Great Perfection, for which saṃsāra and nirvāṇa never existed, like a rabbit's horn and a barren woman's son, and which speaks from awareness itself (Mipham: look inward), with the sūtra equality that assumes both and says they do not differ (Mūlamadhyamakakārikā), which, measured by the Great Perfection, is a contradiction, as Khenchen Jigme Phuntsok said: the two differ like sky and earth.
9.13 Resolved as the Vast Expanse Free of Limits མཐའ་གྲོལ་ཀློང་ཡངས་ཆེན་པོར་ལ་བཟླ་བ p. 245
Awareness has no wide or narrow, high or low, limit or partiality, no doing, coming or going, time or antidote, so reference points and effortful grasping are to be dropped (Yi ge med pa: not made, no maker). Deliberate focus binds, as a silkworm binds itself with its own spittle, and obscures awareness; one should leave it open, without fixation.
9.14 Realization Being Vast as Space, All Phenomena Resolved as Great Non-Action རྟོགས་པ་མཁའ་མཉམ་ཡངས་པ་ཆེན་པོ་ཡིན་པས་ཆོས་ཐམས་ཅད་བྱར་མེད་ཆེན་པོར་ལ་བཟླ་བ p. 246
In five subsections, each in the refrain 'whether X or not X' (rung ma rung), Khangsar shows that once the natural state is evident, liberation, purity, meditation, attainment, obscuration, wandering and following the masters make no difference. An embedded note says that the autocommentary does not explain these lines and that their explanation was received in a dream from the protectors Tsi'u dmar and Ekajaṭī.
9.14.1 The Nature Made Evident, Resolved as Exhaustion of Phenomena Beyond Mind གཤིས་མངོན་དུ་གྱུར་བས་ཆོས་ཟད་བློ་འདས་ཆེན་པོར་ལ་བཟླ་བ p. 246
Whether phenomena are liberated or not, pure or not, free of elaboration or not, established in the innate nature or not makes no difference: when the uncontrived, transparent nature is evident, there is no mind to think, no place to rest, no path to travel, and awareness frees itself without trace, like a drawing on water.
9.14.2 Hope and Fear Realized as Beyond Mind, Resolved as Mind at Ease and Spacious རེ་དོགས་བློ་འདས་སུ་རྟོགས་པས་བློ་བདེ་ཁོང་ཡངས་ཆེན་པོར་ལ་བཟླ་བ p. 247
Whether saṃsāra and nirvāṇa are two or not, beyond thought and expression or not, the delusion of negating and affirming collapses or not, the view is realized or not: groundless, rootless awareness has no such marks, no buddha who realizes and no being who fails to, no ground, path or fruit, and extends as the primordially free single sphere.
9.14.3 Realizing Great Primordial Exhaustion Without Mental Doing, Resolved as Beyond the Mind's Focusing, Projecting and Withdrawing ཡིད་ལ་བྱར་མེད་ཡེ་ཟད་ཆེན་པོར་རྟོགས་པས་བློའི་དམིགས་བསམ་སྤྲོ་བསྡུ་ལས་འདས་པར་ལ་བཟླ་བ p. 248
Whether one meditates on dharmatā or not, examines or not, the fruit is accomplished or not, grounds and paths are traversed or not: in the realization of dharmatā nothing frees by meditation or is found by searching; there is no buddha accomplished and no being unaccomplished, no ground to go to, and one holds the primordial permanent kingdom of the dharmakāya.
9.14.4 Realizing Awareness Unobscured and Transparent, Resolved as Without Removing or Attaining རིག་པ་སྒྲིབ་མེད་ཟང་ཀར་རྟོགས་པས་བྲལ་ཐོབ་མེད་པར་ལ་བཟླ་བ p. 249
Whether free of obscurations or not, generation and completion perfected or not, the fruit of liberation attained or not, wandering in the six realms or not: in awareness like a cloudless sky there is no one to obscure, nothing to purify, no path or fruit; whatever arises is freed where it arises in a river-like samādhi, without fear of the lower realms.
9.14.5 Realizing Exhausted Phenomena as Unbound and Even, Resolved as Free, Taking Nothing into Account ཆོས་ཟད་རྒྱ་གྲོལ་ཕྱམ་གདལ་དུ་རྟོགས་པས་གང་ལ་ཡང་རྩིས་མེད་རང་ཡན་དུ་ལ་བཟླ་བ p. 250
Whether spontaneously present or not, bound by grasping at permanence and annihilation or not, the realization of dharmatā reached or not, the forebears followed or not: whatever is may be as it is, and once one is confident that present awareness is inseparable from the mind of all victors, there is no need to follow earlier masters, rely on a teacher or seek instructions; one becomes buddha as the youthful vase body.
[edit]
The works Khangsar quotes in this chapter, identified from the names he gives (AI identification, unchecked) and searched among the Tibetan texts on this wiki (5-syllable shingles; a page holding at least half of them).
p. Quotation Named as Work (identification) Confidence Same words on this wiki
238 ལྟ་བ་མ་བཅོས་ཡེ་ཤེས … མ་བཅོས་རང་སྣང་རིག་པའི་ངང ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད, kun tu bzang po thugs kyi me long gi rgyud, Mirror of the Mind of Samantabhadra Tantra (Kuntuzangpo Thukyi Melong) · one of the Seventeen Tantras of the Great Perfection (rgyud bcu bdun), Instruction Series (man ngag sde); Rnying ma rgyud 'bum high ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། (ཆོས་དབྱིངས་རིན་པོ་ཆེའི་མཛོད), 84 %
239 སྒྲིབ་མེད་རྣམ་དག་བྱང་ཆུབ … རྣམ་རྟོག་ཡུལ་ཀྱང་མེད ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད, kun tu bzang po thugs kyi me long gi rgyud, Mirror of the Mind of Samantabhadra Tantra (Kuntuzangpo Thukyi Melong) · one of the Seventeen Tantras of the Great Perfection (rgyud bcu bdun), Instruction Series (man ngag sde); Rnying ma rgyud 'bum high ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། (ཆོས་དབྱིངས་རིན་པོ་ཆེའི་མཛོད), 88 %
242 འཁོར་བ་མ་ཡིན་མྱ་ངན … གྲོལ་བ་ཡོད་མ་ཡིན ཡི་གེ་མེད་པ་ལས ཡི་གེ་མེད་པའི་རྒྱུད་ཆེན་པོ, yi ge med pa'i rgyud chen po, Tantra Without Letters (Yigé Mepa) · one of the Seventeen Tantras of the Great Perfection (rgyud bcu bdun), Instruction Series (man ngag sde); Rnying ma rgyud 'bum high ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། (ཆོས་དབྱིངས་རིན་པོ་ཆེའི་མཛོད), 86 %
242 རི་རྭ་མོ་གཤམ་བུ་ཉིད … ཤིན་ཏུ་ཕྲ་བ་ཡོད་མ་ཡིན ཇི་སྐད་དུ (unidentified), (unidentified), Unidentified verse, modelled on Mūlamadhyamakakārikā 25.19–20 low not found
242 ཕར་བལྟས་རྒྱང་གི་ཆོས་བརྒྱ … ཚུར་ལ་བལྟ་བར་རིགས མི་ཕམ་པས (unidentified work of Mipham), (unidentified; 'jam mgon mi pham rgya mtsho'i gsung), Unidentified verse of Mipham Rinpoche · Collected Works of Mipham Rinpoche (gsung 'bum) medium not found
242 མྱ་ངན་འདས་པ་འཁོར་བ་ལས … ཁྱད་པར་ཅུང་ཟད་ཡོད་མ་ཡིན ཇི་སྐད་དུ དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ, dbu ma rtsa ba'i tshig le'ur byas pa shes rab, Root Stanzas of the Middle Way (Mūlamadhyamakakārikā) by Nāgārjuna · Tengyur, dbu ma (Toh 3824) high དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ། (དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ), 80 %
245 དོན་གྱི་ངོ་བོ་རིག་པ … བཅོས་པའི་བདག་པོ་མེད ཡི་གེ་མེད་པ་ལས ཡི་གེ་མེད་པའི་རྒྱུད་ཆེན་པོ, yi ge med pa'i rgyud chen po, Tantra Without Letters (Yigé Mepa) · one of the Seventeen Tantras of the Great Perfection (rgyud bcu bdun), Instruction Series (man ngag sde); Rnying ma rgyud 'bum high ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། (ཆོས་དབྱིངས་རིན་པོ་ཆེའི་མཛོད), 100 %