Tshig don mdzod (Longchenpa): Vajra topic 8 (11)

From Rangjung Yeshe Wiki Texts
Tshig don mdzod (Longchenpa)Tshig don mdzod (Longchenpa): Vajra topic 8 (11)
< Tshig don mdzod (Longchenpa)
Revision as of 15:00, 26 November 2026 by Eric (talk | contribs) (Tshig don mdzod study edition: editions, critical edition, translation, bilingual text, outline and quotations (November 2026))
(diff) ← Older revision | Latest revision (diff) | Newer revision → (diff)

Tshig don mdzod (Longchenpa)/Vajra topic 8 (11)
Jump to navigation Jump to search
← Vajra topic 8 (10)Tshig don mdzod: contentsVajra topic 8 (12) →

Vajra topic 8 · The Stages of How to Practise · ཇི་ལྟར་ཉམས་སུ་བླང་བའི་རིམ་པ
Pages 413–423 of the corrected base text (W22920 vol. 4), part 11 of 21.

[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD85), gorn05 tibocr 2026: BDRC OCR on 338 pages, Mitra OCR on 147 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 258] རིག་པ་རྗེན་པ་དེ་འཆར་རམ་གནས་ཀྱང་ཅོག་གཞག་བཅོས་བསླད་མེད་པར་རང་སོར་གློད་ནས་དངས་ཕྱིན་པར་གསལ་ངར་དང་བཅས་པ་སྟེ་རྗེན་ཡེར་རེ་རེ་ངོས་བཟུང་དུས་རིག་པ་རྗེན་པ་དེ་དུས་གསུམ་འབྲེལ་ཐག་ཆད་པའི་སྟེང་དུ་ཕོག་པས་ཆོས་སྐུ་རང་མལ་ན་རང་བཞིན་པར་མེད་གྱི་བསམ་གཏན་ལ་བཞུགས་པ་ཞེས་བྱ་སྟེ། །བྱུང་ཆེན་ལས། སྣང་མེད་སྟོང་དང་བྲལ་བའི་ཡེ་ཤེས་དེ། །མ་བཟུང་མ་བཏང་མ་བསླད་རང་སོ་སྟེ། །གཅིག་གིས་གསུམ་ལ་སུ་ཡིས་ཕོག་པ་ཉིད། །རྫུན་མིན་བདེན་མིན་གནས་ཐབས་ལྷང་ངེ་བའོ། །ཞེས་སོ། །འདིའི་དུས་སུ་རྟོག་པར་སྣང་ཡང་རང་ངོ་མི་རྟོག་པའི་ཡེ་ཤེས་སུ་རྗེན་ལ་བུད་ཟིན་ཏེ། གཟུང་འཛིན་དང་དུས་གསུམ་གྱི་འབྲེལ་ཐག་ཆད་པའི་རིག་པ་རང་ས་ན་གསལ་བའི་ཕྱིར་རོ། །སེང་གེ་རྩལ་རྫོགས་ལས། ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐད་ཀར་བཅད་པའོ། །ཞེས་སོ། །ཤེས་པ་ལ་རྐྱེན་དྲག་པོས་བསླང་སྟེ་དུག་

[p. 259] ལྔ་ལྟ་བུར་རམ་རམ་སྐྱེས་དུས་ཐད་ཀ་ན་རིག་པ་མ་གཏོགས་པ་མེད་པས་ངོས་རྗེན་པར་བཟུང་དུས་ཡེ་ཤེས་ལྷག་པར་གསལ་ལ་ཤེས་པའི་སྟེང་དུ་དགའ་བ་དང་མི་དགའ་བ་དང་བར་མ་དང་བཟའ་རྟོག་ངན་རྟོག་ཅི་ཤར་ཡང་རིག་པ་མ་གཏོགས་པ་མི་འཆར་བས་ངོས་ཟིན་དུས་ཆོས་སྐུ་རྗེན་པར་འཆར་ཏེ། རིན་ཆེན་སྤུངས་པ་ལས། གཟུགས་སྐུ་ཡུལ་དུ་སྣང་བའི་ཚེ། །ང་ཡི་སྐུ་ཡི་རོལ་པ་ཡིན། །འདི་ལ་ཡང་མེད་པའི་ཚེ། །ང་ཡི་སྐུ་ལ་འདི་ཡིས་རེག །གཏི་མུག་ཞེ་སྡང་འདོད་ཆགས་ཀྱི། །ཞེན་པ་དྲག་པོ་ནམ་སྐྱེས་ན། །ང་ཡི་རིག་པ་རྟོག་མེད་ཡིན། །འདི་ཉིད་རང་གིས་རང་གྲོལ་བ། །ང་ཡི་མིག་ལ་འདི་ཉིད་མཐོང་། །ཡིད་ཀྱི་དྲན་པ་ཕྱིར་སྣང་ཚེ། །ང་ཡི་སྒྲིབ་པ་རང་དག་ཕྱིར། །འདི་ལ་རྗེས་སུ་གཅོད་མེད་ན། །ང་ཡི་སྒྲ་རྣམས་འདི་ཡིས་ཐོས། །བསམ་པའི་རྟོག་ཚོགས་འདུས་པའི་ཚེ། །ང་ཡི་ཏིང་འཛིན་མི་རྟོག་བཟང་། །འདི་ལ་ཞེན་པའི་བློ་མེད་ན། །ང་ཡི་དྲི་རྣམས་འདི་ཡིས་ཚོར། །རགས་པའི་གཟུགས་ལ་བློ་ཞུགས་ཚེ། །ང་ཡི་ཉམས་མྱོང་ཤར་བས་ཡིན། །འདི་ལ་གཅིག་དང་གཉིས་ཟད་ནས། །འདིས་ནི་ང་ཡི་རོ་རྣམས་མྱོང་། །འདི་ལྟར་སྣང་ཚད་ཐོས་ཚད་ཀུན། །ཀུན་བཟང་ང་ཡི་རོལ་པར་བཤད། །རོལ་པའི་འཆར་བྱེད་མ་འགགས་པས། །ང་ཡི་ཡོན་ཏན་ཉིད་དུ་འབྱུང་། །ཡོན་ཏན་སྣང་བྱེད་འདི་ཙམ་པས། །ཟད་པར་མི་འགྱུར་ཟད་པ་མེད། །དེ་ཕྱིར་སྐུ་གསུམ་ཕྱག་རྒྱའི་ཞིང་། །ཞེས་སོ། །

[p. 260] དེ་ལྟ་བུའི་ངོ་བོ་ཉམས་སུ་ལེན་པའི་དུས་ཀྱི་རིག་པའི་ངང་དེ་ཉིད་ཆོས་སྐུ་རང་གཞག་ཆེན་པོའི་དགོངས་པ་སྟེ། སློང་དྲུག་པ་ལས། བྱུང་ཚོར་མེད་པའི་སེམས་ཉིད་ལ། །མ་བསམས་ལྷག་མཐོང་སྣང་བ་ནི། །འགྲོ་འོང་ཟད་པའི་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །གཟུང་བ་མེད་པའི་སེམས་ཉིད་ལ། །མ་འགགས་དག་པའི་སྣང་བ་ནི། །རོལ་པ་ཆེན་པོའི་ཏིང་འཛིན་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །འཛིན་པ་མེད་པའི་སེམས་ཉིད་ལ། །རང་ཤར་ཆེན་པོའི་སྣང་བ་ནི། །མ་འགགས་མི་རྟོག་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །ཟུག་རྔུ་མེད་པའི་སེམས་ཉིད་ལ། །བདག་རྟོག་བྲལ་བའི་སྣང་བ་ནི། །རང་གཞག་ཆེན་པོའི་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །བླང་དོར་བྲལ་བའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱབ་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །ཞེས་སོ། །འདི་ལ་རིག་པ་འཕྲོ་འདུ་མེད་པར་གནས་པའི་དུས་ན་གནས་ཆའི་མི་རྟོག་པ་དེ་སྒོམ་དུ་འདོད་པ་མ་ཡིན། འདིའི་དུས་ཀྱི་རིག་གེ་སིང་ངེ་བའི་གསལ་དངས་ཀྱི་རིག་པ་རྗེན་པ་དེ་མ་ཡེངས་པར་ཕྱལ་ལེ་སྐྱོང་བའོ། །ཡང་རིག་པ་ཡུལ་ལ་འཆར་དུས་གང་ཤར་ལ་ལྟ་བ་དེ་

[p. 261] སྒོམ་དུ་ཡོད་པ་མ་ཡིན། དེའི་དུས་ཀྱི་རིག་པ་གསལ་རྗེན་རྗེན་པའི་ཆ་དེ་མ་ཡེངས་པར་སྐྱོང་པའོ། །གནད་འདི་མགོན་གནས་པ་དང་འཆར་བ་གཉིས་ལ་ལྟ་བ་དེ་སྒོམ་པའི་ངོ་བོ་ཡིན་སྙམ་ནས་འཁྲུལ་པར་འགྱུར་རོ། །སེམས་གནས་པ་ཙམ་བསམ་གཏན་གྱི་ལྷ་དང་འདྲ་ལ། འཆར་བ་ཙམ་ཐ་མལ་གྱི་རྟོག་པ་དང་འདྲ་བས་དེ་ལ་བསྒོམས་ཀྱང་སངས་རྒྱས་ཐོབ་རེ་སྐན་ནོ། །འདིར་གང་གི་དུས་ཡིན་ཀྱང་རིག་པའི་ཆ་རྗེན་པ་ཟང་ཐལ་ཤེལ་གོང་འདྲ་བ་དེ་ཀློང་དུ་མ་གྱུར་རིང་ལ་སྐྱོང་། གྱུར་ནས་དེའི་ངང་ལ་མི་འབྲལ་བར་གནས་པ་ཡིན་ནོ། །ཁྲེགས་གཅོད་ཀྱི་དོན་གོ་རིག་པ་རྗེན་ལ་ཕུད་ནས་ས་ལ་ས་ལ་སྐྱོང་བ་དེ་ལ་ཟེར་བས་གནད་འདི་ཁོ་ན་གལ་ཆེ་བར་ཡོད་པས་ངོ་ཤེས་པར་བྱའོ། །དེ་སྐད་དུའང་ཡི་གེ་མེད་པ་ལས། སེམས་འཛིན་ལྟ་སྒོམ་མེད་ན་ཆོས་སྐུ་དངོས་པོ་ཡིན། །ལྟ་བའི་རྩལ་གསུམ་འབྱོངས་ན་སྣང་བ་ཆོས་སྐུའི་ཀློང་། །བྱ་བྱེད་གཡེང་བ་མེད་ན་ཆོས་ཉིད་བདེ་བའི་ས། །གཅིག་པུ་དལ་བར་འདུག་ན་རྩལ་གསུམ་རང་ལས་འབྱུང་། །ཐད་ཀ་གྲོགས་སུ་ཤེས་ན་ཅོག་གཞག་གཅིག་གི་ངང་། །དེ་དང་རྒྱུན་དུ་གནས་ན་དེ་ལ་ཅི་ཞིག་བྱ། །སྣང་བ་ཆེན་པོ་ཀུན་ལ་ཡང་དག་གནས། །གསང་བའི་སྔགས་ཀྱི་དངོས་པོ་དེ་ཉིད་དོ། །ཞེས་སོ། །དོན་གསུམ་པ་ཡོངས་གྲོལ་མཉམ་པ་ཆེན་པོར་ཆིངས་སུ་བཅིང་བ་ལ་གཉིས་ཏེ། ཡོངས་གྲོལ་གྱི་གནས་ལུགས་སྤྱིར་བསྟན་པ་དང་། དེའི་

[p. 262] རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ངོ་བོ་དང་། དབྱེ་བ་གཉིས་ལས། ངོ་བོ་ནི་རིག་པ་རྗེན་པའི་དོན་དེ་ངོས་བཟུང་ལ། གནས་ན་གནས་ཐོག་ཏུ་ཕྱམ་གདལ། འཆར་ན་འཆར་ཐོག་ཏུ་དངས་ཕྱེ་ནས་བཞག་པས་རང་ཡལ་རྗེས་མེད་ཟང་ཐལ་ཏེ། ཐལ་འགྱུར་ལས། དགོངས་པ་གཅིག་ལས་གཡོས་པ་མེད། །སྣང་བ་སྣང་བའི་ཐོག་གསལ་བས། །བཞིན་དང་མེ་ལོང་ལྟ་བུ་ལས། །གྲོལ་བ་དེ་དང་དེ་ཉིད་གྲོལ། །ཤེས་པ་འགྱུ་བ་སྟོང་ཡལ་བས། །མཐོང་ཞེས་རིག་པ་ཐ་དད་མིན། །དེ་ཉིད་རང་གི་ཐོག་ཏུ་གྲོལ། །གཅིག་ཤེས་པས་ནི་ཀུན་གྲོལ་ཕྱིར། །གཉིས་དང་གསུམ་གྱི་གྲངས་མཐའ་ཟད། །རྟོག་ཅིང་འཛིན་པའི་ཡུལ་མི་སྣང་། །འགྱུ་དང་འཛིན་པ་ཡེ་ནས་སྟོང་། །སྟོང་པའི་དགོངས་པ་གསལ་རྫོགས་པས། །དུ་མའི་གྲངས་མཐའ་ཟད་པའོ། །ཞེས་པ་དང་། ཁྱུང་ཆེན་ལས། ཆོས་ཀུན་སྤྲོས་དང་བྲལ་ཞིང་རྙོག་མེད་པས། །བྱས་མེད་རང་སར་གྲོལ་བའི་གནད་འདི་རབ་ཏུ་ཆེ། །རྒྱུ་འགགས་རྐྱེན་ཡལ་འབྲས་བུ་ཟད་པའི་གནད། །གང་ལ་མ་བརྟེན་གཅིག་གྲོལ་ཀློང་ཉིད་དོ། །སྤྱོད་བྲལ་སྒོམ་དག་བལྟ་རུ་མེད་པའི་དོན། །མ་བཅོས་སྣང་བ་རང་སར་བཞག་པས་གྲོལ། །ཞེས་སོ། །སྣང་བ་སྣང་ཐོག་ལས་གཞན་དུ་སྤོ་ལག་དང་བཅས་བཅོས་མེད་པར་བཞག་པ་ཙམ་གྱིས་རང་ས་ནས་གྲོལ་བས་ལྟེ་སྒོམ་ཟད་སར་སྐྱོལ་བའི་དགོངས་པ་སྟེ། ཐལ་འགྱུར་ལས། མ་དག་པ་ཡི་འཁྲུལ་པ་ལ། །

[p. 263] དབང་པོའི་སྒོ་རྣམས་མ་བཅོས་པར། །ཅོག་གིས་བཞག་པ་གནད་ཡིན་ལ། །དེ་ལས་བསྒྱུར་བ་མན་ངག་གོ། །གཟུང་བ་མེད་པའི་སྣང་བ་ལ། །འཛིན་པ་མེད་པའི་སེམས་ཤར་བ། །དཔྱོད་པ་མེད་པའི་མིག་གིས་མཐོང་། །ཆོས་ཉིད་མེད་པའི་ལམ་ནས་དྲངས། །ལྟ་སྒོམ་མེད་པའི་གཞི་ལ་བསྐྱལ། །བྱས་མེད་རྩོལ་བྲལ་འབྲས་བུར་སྨིན། །འདི་ལ་སྣང་མཐའ་མི་གནས་སོ། །ཞེས་སོ། །སྣང་ཐོག་ཏུ་བཞག་དུས་བསྒྱུར་བ་ནི་འདིའི་གནད་གལ་པོ་ཆེ་སྟེ། གཟུགས་སྣང་གི་སྟེང་དུ་ཤེས་པ་ཤར་དུས་དེ་ཀ་ལ་གཏད་ན་ཡང་ན་ཞི་གནས་ལྟེངས་སོ། །ཡང་ན་རྟོགས་པ་འཕྲོ་རྒོད་གང་རུང་ཞིག་ལས་མི་འདའ་བས་འདིར་དེ་དུས་ཀྱི་རིག་པ་རྗེན་པ་དེ་ངོས་བཟུང་ནས་དེའི་ངང་དུ་བསྒྱུར་བའོ། །གཉིས་པ་དབྱེ་བ་ནི། གྲོལ་ལུགས་བཞི་གནད་བཞི་དང་བཅས་པ་སྟེ། ཐལ་འགྱུར་ལས། རང་རིག་རྟོག་པ་ཀུན་བྲལ་བས། །གྲོལ་ལུགས་བཞི་དང་བཅས་པའོ། །གནད་བཞི་གྲོལ་པའི་གདེང་གིས་ནི། འཁོར་དང་མྱ་ངན་འདས་པའི་གནས། མ་བྱུང་བྱས་པ་མེད་པས་ན། །གཞི་དང་རྩ་བ་མེད་པའོ། །ཞེས་པ་དང་། དེའི་དོན་རྒྱས་པར་བཤད་པ་ནི། ཡང་དེ་ཉིད་ལས། རང་སེམས་གྲོལ་བ་ཞེས་བྱ་བ། །གཅིག་ནས་གཅིག་ཏུ་སོང་བ་མེད། །གང་གིས་བཅིངས་བཀྲོལ་མེད་པའི་སེམས། །གཞི་ནས་རྫོགས་པས་འགྲོ་འོང་མེད། །བརྟགས་པས་མ་རྙེད་རྒྱུ་མཚན་མེད། །

[p. 264] གཞི་རྩ་མེད་པས་སྟེང་གསལ་གནས། །རང་གསལ་གནས་པའི་སེམས་དེ་ནི། །གནད་ཀྱིས་གྲོལ་བས་ཕྱོགས་རིས་མེད། །དུས་ཀྱིས་གྲོལ་བས་ལྟོས་གཞི་མེད། །འབད་མེད་གྲོལ་བས་བརྩོན་འགྲུས་མེད། །གདེང་གིས་གྲོལ་བས་འབད་རྩོལ་མེད། །དེ་ལ་གདེང་གིས་གྲོལ་བ་བཤད། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །རང་གིས་གྲོལ་བ་བསག་ཉེན་པོ་མེད། །ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་མེད་པའོ། །ཞེས་སོ། །དེའང་རིག་པ་རྗེན་པར་མཐོང་བའི་གནད་ཀྱིས་གྲོལ་བ་དང་། སྔ་ཕྱི་རིས་མེད་གཅིག་པར་དུས་ཀྱིས་གྲོལ་བ་དང་། རང་གཞག་འབད་རྩོལ་མེད་པར་གྲོལ་བ་གསུམ་ནི་མཐའ་གྲོལ་གྱི་དོན་ཡིན་ལ། གདེང་གིས་གྲོལ་བ་བཞི་དང་བཅས་ན་ལྔར་འདུས་པ་ཡིན་ནོ། །རིག་པ་རྗེན་པ་ཡེ་ནས་བཅིངས་གྲོལ་མེད་པའི་ངོ་བོ་ལ་གྲོལ་ཞེས་ཐ་སྙད་བཏགས་པ་དེ་དོན་ལ་བཅིངས་པ་མེད་པས་གྲོལ་བ་མཚན་ཉིད་པ་ཡོད་པ་མ་ཡིན་ཏེ། ཁྱུང་ཆེན་ལས། རང་སྣང་དོན་དེ་གང་ལ་བཞིན་གསལ་བ། །བསྒྱུར་བ་མེད་ཅིང་མ་རྙོག་སུས་མ་འཕྲོགས། །ཡེ་ཤེས་དངོས་ཏེ་གཅིག་དང་ཐ་དད་མེད། །གཞི་མེད་ལམ་ཟད་འབྲས་བུ་ཡོད་མ་མྱོང་། །མཐོང་ཐོས་ལྟར་སྣང་གཅིག་གིས་གང་གྲོལ་བ། །མ་བཙལ་སུས་མི་རྙེད་པ་ཀུན་གྱི་སྙིང་ལ་གནས། །ཡེ་ནས་ཡོད་ཅིང་བལྟས་ཤིང་མཐོང་བས་འདས། །དེ་ཉིད་རང་དེ་མ་བཅོས་ཐོག་མའི་ངང་། །རྒྱུ་སྟོང་རྐྱེན་ཡལ་ངོ་བོ་འདུས་མ་བྱས། །བྱ་

[p. 265] བྱེད་སྤྱོད་དང་འཛིན་པའི་མཐའ་ལས་འདས། །རིག་པས་བྱུང་དང་སོ་སོས་གོང་བསྒྱུར་བ། །གནས་ཐབས་ཉིད་དེ་དེ་ལས་བཅོས་ཅི་དགོས། །རྩོལ་མེད་བཙལ་མི་དགོས་ཏེ་བྱུང་ཁུངས་ཀུན་གྱི་དངོས། །རང་དག་དྲི་མའི་ཆོས་ནི་བཙས་ཤིང་བྱེད། །འབད་འགགས་རྩོལ་བ་བྲལ་བར་ངས་རིག་སྟེ། །ལྷག་པར་གྲོལ་དང་མ་གྲོལ་འདུག་གམ་ཅི། །གང་ལ་སྲིད་དེ་ཡེ་ཤེས་ཁྱབ་གདལ་ལོ། །ཞེས་སོ། །

[edit]
BDRC typed e-text UT22920_004_0001 as downloaded (the base text was made from it).

རིག་པ་རྗེན་པ་དེ་འཆར་རམ་གནས་ཀྱང་ཅོག་གཞག་བཅོས་བསླད་མེད་པར་རང་སོར་གློད་ནས་དངས་ཕྱིན་པར་གསལ་ངར་དང་བཅས་པ་སྟེ་རྗེན་ཡེར་རེ་རེ་ངོས་བཟུང་དུས་རིག་པ་རྗེན་པ་དེ་དུས་གསུམ་འབྲེལ་ཐག་ཆད་པའི་སྟེང་དུ་ཕོག་པས་ཆོས་སྐུ་རང་མལ་ན་རང་བཞིན་བར་མེད་ཀྱི་བསམ་གཏན་ལ་བཞུགས་པ་ཞེས་བྱ་སྟེ། ཁྱུང་ཆེན་ལས། སྣང་མེད་སྟོང་དང་བྲལ་བའི་ཡེ་ཤེས་དེ། །མ་བཟུང་མ་བཏང་མ་བསླད་རང་སོང་སྟེ། །གཅིག་གིས་གསུམ་ལ་སུ་ཡིས་ཕོག་པ་ཉིད། །རྫུན་མིན་བདེན་མིན་གནས་ཐབས་ལྷང་ངེ་བའོ། །ཞེས་སོ། །འདིའི་དུས་སུ་རྟོག་པར་སྣང་ཡང་རང་ངོ་མི་རྟོག་པའི་ཡེ་ཤེས་སུ་རྗེན་ལ་བུད་ཟིན་ཏེ། གཟུང་འཛིན་དང་གསུམ་གྱི་འབྲེལ་ཐག་ཆད་པའི་རིག་པ་རང་ས་ན་གསལ་བའི་ཕྱིར་རོ། །སེང་གེ་རྩལ་རྫོགས་ལས། ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐད་ཀར་བཅད་པའོ། །ཞེས་སོ། །ཤེས་པ་ལ་རྐྱེན་དྲག་པོས་བསླང་སྟེ་དུག་ལྔ་ལྟ་བུར་རམ་རམ་སྐྱེས་དུས་ཐད་ཀ་ན་རིག་པ་མ་གཏོགས་པ་མེད་པའི་ངོས་རྗེན་པར་བཟུང་དུས་ཡེ་ཤེས་ལྷག་པར་གསལ་ལ་ཤེས་པའི་སྟེང་དུ་དགའ་བ་དང་མི་དགའ་བ་དང་བར་མ་དང་བཟང་རྟོག་ངན་རྟོག་ཅི་ཤར་ཡང་རིག་པ་མ་གཏོགས་པ་མི་འཆར་བས་ངོས་ཟིན་དུས་ཆོས་སྐུ་རྗེན་པར་འཆར་ཏེ། རིན་ཆེན་སྤུངས་པ་ལས། གཟུགས་སྐུ་ཡུལ་དུ་སྣང་བའི་ཚེ། །ང་ཡི་སྐུ་ཡི་རོལ་པ་ཡིན། །འདི་ལ་ཡང་མེད་པའི་མི། །ང་ཡི་སྐུ་འདི་ཡིས་རེག །གཏི་མུག་ཞེ་སྡང་འདོད་ཆགས་ཀྱི། །ཞེན་པ་དྲག་པོ་ནམ་སྐྱེས་ན། །ང་ཡི་རིག་པ་རྟོག་མེད་ཡིན། །འདི་ཉིད་རང་གིས་རང་གྲོལ་བ། །ང་ཡི་མིག་ལ་འདི་ཉིད་མཐོང༌། །ཡིད་ཀྱི་དྲན་པ་ཕྱིར་སྣང་ཚེ། །ང་ཡི་སྒྲིབ་པ་རང་དག་ཕྱིར། །འདི་ལ་རྗེས་སུ་གཅོད་མེད་ན། །ང་ཡི་སྒྲ་རྣམས་འདི་ཡིས་ཐོས། །བསམ་པའི་རྟོག་ཚོགས་འདུས་པའི་ཚེ། །ང་ཡི་ཏིང་འཛིན་མི་རྟོག་བཟང༌། །འདི་ལ་ཞེན་པའི་བློ་མེད་ན། །ང་ཡི་དྲི་རྣམས་འདི་ཡིས་ཚོར། །རགས་པའི་གཟུགས་ལ་བློ་ཞུགས་ཚེ། །ང་ཡི་ཉམས་མྱོང་ཤར་བས་ཡིན། །འདི་ལ་གཅིག་དང་གཉིས་ཟད་ནས། །འདིས་ནི་ང་ཡི་རོ་རྣམས་མྱོང༌། །འདི་ལྟར་སྣང་ཚད་ཐོས་ཚད་ཀུན། །ཀུན་བཟང་ང་ཡི་རོལ་པར་བཤད། །རོལ་པའི་འཆར་བྱེད་མ་འགགས་པས། །ང་ཡི་ཡོན་ཏན་ཉིད་དུ་འབྱུང༌། །ཡོན་ཏན་སྣང་བྱེད་འདི་ཙམ་པས། །ཟད་པར་མི་འགྱུར་ཟད་པ་མེད། །དེ་ཕྱིར་སྐུ་གསུམ་ཕྱག་རྒྱའི་ཞིང༌། །ཞེས་སོ། །དེ་ལྟ་བུའི་ངོ་བོ་ཉམས་སུ་ལེན་པའི་དུས་ཀྱི་རིག་པའི་ངང་དེ་ཉིད་ཆོས་སྐུ་རང་གཞག་ཆེན་པོའི་དགོངས་པ་སྟེ། ཀློང་དྲུག་པ་ལས། བྱུང་ཚོར་མེད་པའི་སེམས་ཉིད་ལ། །མ་བསམ་ལྷག་མཐོང་སྣང་བ་ནི། །འགྲོ་འོང་ཟད་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །གཟུང་བ་མེད་པའི་སེམས་ཉིད་ལ། །མ་འགགས་དག་པའི་སྣང་བ་ནི། །རོལ་པ་ཆེན་པོའི་ཏིང་འཛིན་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །འཛིན་པ་མེད་པའི་སེམས་ཉིད་ལ། །རང་ཤར་ཆེན་པོའི་སྣང་བ་ནི། །མ་འགགས་མི་རྟོག་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཟུག་རྔུ་མེད་པའི་སེམས་ཉིད་ལ། །བདག་རྟོག་བྲལ་བའི་སྣང་བ་ནི། །རང་གཞག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བླང་དོར་བྲལ་བའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱབ་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཞེས་སོ། །འདི་ལ་རིག་པ་འཕྲོ་འདུ་མེད་པར་གནས་པའི་དུས་ན་གནས་ཆའི་མི་རྟོག་པ་དེ་སྒོམ་དུ་འདོད་པ་མ་ཡིན། འདིའི་དུས་ཀྱི་རིག་གེ་སིང་ངེ་བའི་གསལ་དངས་ཀྱི་རིག་པ་རྗེན་པ་དེ་མ་ཡེངས་པར་ཕྱལ་ལེ་སྐྱོང་པའོ། །ཡང་རིག་པ་ཡུལ་ལ་འཆར་དུས་གང་ཤར་ལ་ལྟ་བ་དེ་སྒོམ་དུ་ཡོད་པ་མ་ཡིན། དེའི་དུས་ཀྱི་རིག་པ་གསལ་རྗེན་རྗེན་པའི་ཆ་དེ་མ་ཡེངས་པར་སྐྱོང་བའོ། །གནད་འདི་མ་གོ་ན་གནས་པ་དང་འཆར་བ་གཉིས་ལ་ལྟ་བ་དེ་སྒོམ་པའི་ངོ་བོ་ཡིན་སྙམ་ནས་འཁྲུལ་པར་འགྱུར་རོ། །སེམས་གནས་པ་ཙམ་བསམ་གཏན་གྱི་ལྷ་དང་འདྲལ། །འཆར་བ་ཙམ་ཐ་མལ་གྱི་རྟོག་པ་དང་འདྲ་བས་དེ་ལ་བསྒོམས་ཀྱང་སངས་རྒྱས་ཐོབ་རེ་སྐན་ནོ། །འདིར་གང་གི་དུས་ཡིན་ཀྱང་རིག་པའི་ཆ་རྗེན་པ་ཟང་ཐལ་ཤེལ་གོང་འདྲ་བ་དེ་ཀློང་དུ་མ་གྱུར་རིང་ལ་སྐྱོང༌། གྱུར་ནས་དེའི་ངང་ལ་མི་འབྲལ་བར་གནས་པ་ཡིན་ནོ། །ཁྲེགས་གཅོད་ཀྱི་དོན་གོ་རིག་པ་རྗེན་ལ་ཕུད་ནས་སལ་སལ་སྐྱོང་བ་དེ་ལ་ཟེར་བས་གནད་འདི་ཁོ་ན་གལ་ཆེ་བར་ཡོད་པས་ངོ་ཤེས་པར་བྱའོ། །དེ་སྐད་དུའང་ཡི་གེ་མེད་པ་ལས། སེམས་འཛིན་ལྟ་སྒོམ་མེད་ན་ཆོས་སྐུ་དངོས་པོ་ཡིན། ལྟ་བའི་རྩལ་གསུམ་འབྱོངས་ན་སྣང་བ་ཆོས་སྐུའི་ཀློང༌། །བྱ་བྱེད་གཡེང་བ་མེད་ན་ཆོས་ཉིད་བདེ་བའི་ས། །གཅིག་པུ་དལ་བར་འདུག་ན་རྩལ་གསུམ་རང་ལས་འབྱུང༌། །ཐད་ཀ་གྲོགས་སུ་ཤེས་ན་ཅོག་གཞག་གཅིག་གི་ངང༌། །དེ་དང་རྒྱུན་དུ་གནས་ན་དེ་ལ་ཅི་ཞིག་བྱ། །སྣང་བ་ཆེན་པོ་ཀུན་ལ་ཡང་དག་གནས། །གསང་བའི་སྔགས་ཀྱི་དངོས་པོ་དེ་ཉིད་དོ། །ཞེས་སོ། །དོན་གསུམ་པ་ཡོངས་གྲོལ་མཉམ་པ་ཆེན་པོར་ཆིངས་སུ་བཅིང་བ་ལ་གཉིས་ཏེ། ཡོངས་གྲོལ་གྱི་གནས་ལུགས་སྤྱིར་བསྟན་པ་དང༌། དེའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ངོ་བོ་དང༌། དབྱེ་བ་གཉིས་ལས། ངོ་བོ་ནི་རིག་པ་རྗེན་པའི་དོན་དེ་ངོས་བཟུང་ལ། གནས་ན་གནས་ཐོག་ཏུ་ཕྱམ་གདལ། འཆར་ན་འཆར་ཐོག་ཏུ་དངས་ཕྱེ་ནས་བཞག་པས་རང་ཡལ་རྗེས་མེད་ཟང་ཐལ་ཏེ། ཐལ་འགྱུར་ལས། དགོངས་པ་གཅིག་ལས་གཡོས་པ་མེད། །སྣང་བ་སྣང་བའི་ཐོག་གསལ་བས། །བཞིན་དང་མེ་ལོང་ལྟ་བུ་ལས། །གྲོལ་བ་དེ་དང་དེ་ཉིད་གྲོལ། །ཤེས་པ་འགྱུ་བ་སྟོང་ཡལ་བས། །མཐོང་ཞེས་རིག་པ་ཐ་དད་མིན། །དེ་ཉིད་རང་གི་ཐོག་ཏུ་གྲོལ། །གཅིག་ཤེས་པས་ནི་ཀུན་གྲོལ་ཕྱིར། །གཉིས་དང་གསུམ་གྱི་གྲངས་མཐའ་ཟད། རྟོག་ཅིང་འཛིན་པའི་ཡུལ་མི་སྣང༌། །འགྱུ་དང་འཛིན་པ་ཡེ་ནས་སྟོང༌། །སྟོང་པའི་དགོངས་པ་གསལ་རྫོགས་པས། །དུ་མའི་གྲངས་མཐའ་ཟད་པའོ། །ཞེས་པ་དང༌། ཁྱུང་ཆེན་ལས། ཆོས་ཀུན་སྤྲོས་དང་བྲལ་ཞིང་རྙོག་མེད་པས། །བྱས་མེད་རང་སར་གྲོལ་བའི་གནད་འདི་རབ་ཏུ་ཆེ། །རྒྱུ་འགགས་རྐྱེན་ཡལ་འབྲས་བུ་ཟད་པའི་གནད། །གང་ལ་མ་བརྟེན་གཅིག་གྲོལ་ཀློང་ཉིད་དོ། །སྤྱོད་བྲལ་སྒོམ་དག་བལྟ་རུ་མེད་པའི་དོན། །མ་བཅོས་སྣང་བ་རང་སར་བཞག་པས་གྲོལ། །ཞེས་སོ། །སྣང་བ་སྣང་ཐོག་ལས་གཞན་དུ་སྤོ་ལག་དང་བཅས་བཅོས་མེད་པར་བཞག་པ་ཙམ་གྱིས་རང་ས་ནས་གྲོལ་བས་ལྟ་སྒོམ་ཟད་སར་སྐྱོལ་བའི་དགོངས་པ་སྟེ། ཐལ་འགྱུར་ལས། མ་དག་པ་ཡི་འཁྲུལ་པ་ལ། དབང་པོའི་སྒོ་རྣམས་མ་བཅོས་པར། །ཅོག་གིས་བཞག་པ་གནད་ཡིན་ལ། །དེ་ལས་བསྒྱུར་བ་མན་ངག་གོ །གཟུང་བ་མེད་པའི་སྣང་བ་ལ། །འཛིན་པ་མེད་པའི་སེམས་ཤར་བ། །དཔྱོད་པ་མེད་པའི་མིག་གིས་མཐོང༌། །ཆོས་ཉིད་མེད་པའི་ལམ་ནས་དྲངས། །ལྟ་སྒོམ་མེད་པའི་གཞི་ལ་བསྐྱལ། །བྱས་མེད་རྩོལ་བྲལ་འབྲས་བུར་སྨིན། །འདི་ལ་སྣང་མཐའ་མི་གནས་སོ། །ཞེས་སོ། །སྣང་ཐོག་ཏུ་བཞག་དུས་བསྒྱུར་བ་ནི་འདིའི་གནད་གལ་པོ་ཆེ་སྟེ། གཟུགས་སྣང་གི་སྟེང་དུ་ཤེས་པ་ཤར་དུས་དེ་ཀ་ལ་གཏད་ན་ཡང་ན་ཞི་གནས་ལྟེངས་སོ། །ཡང་ན་རྟོག་པ་འཕྲོ་རྒོད་གང་རུང་ཞིག་ལས་མི་འདའ་བས་འདིར་དེ་དུས་ཀྱི་རིག་པ་རྗེན་པ་དེ་ངོས་བཟུང་ནས་དེའི་ངང་དུ་བསྒྱུར་བའོ། །གཉིས་པ་དབྱེ་བ་ནི། རལ་ལུགས་བཞི་གནད་བཞི་དང་བཅས་པ་སྟེ། ཐལ་འགྱུར་ལས། རང་རིག་རྟོག་པ་ཀུན་བྲལ་བས། །གྲོལ་ལུགས་བཞི་དང་བཅས་པའོ། །གནད་བཞི་གྲོལ་པའི་གདེང་གིས་ནི། །འཁོར་དང་མྱ་ངན་འདས་པའི་གནས། །མ་བྱུང་བྱས་པ་མེད་པས་ན། །གཞི་དང་རྩ་བ་མེད་པའོ། །ཞེས་པ་དང༌། དེའི་དོན་རྒྱས་པར་བཤད་པ་ནི། །ཡང་དེ་ཉིད་ལས། རང་སེམས་གྲོལ་བ་ཞེས་བྱ་བ། །གཅིག་ནས་གཅིག་ཏུ་སོང་བ་མེད། །གང་གིས་བཅིངས་བཀྲོལ་མེད་པའི་སེམས། །གཞི་ནས་རྫོགས་པས་འགྲོ་འོང་མེད། །བརྟགས་པས་མ་རྙེད་རྒྱུ་མཚན་མེད། །གཞི་རྩ་མེད་པས་སྟོང་གསལ་གནས། །རང་གསལ་གནས་པའི་སེམས་དེ་ནི། །གནད་ཀྱིས་གྲོལ་བས་ཕྱོགས་རིས་མེད། །དུས་ཀྱིས་གྲོལ་བས་ལྟོས་གཞི་མེད། །འབད་མེད་གྲོལ་བས་བརྩོན་འགྲུས་མེད། །གདེང་གིས་གྲོལ་བས་འབད་རྩོལ་མེད། །དེ་ལ་གདེང་གིས་གྲོལ་བ་བཤད། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །རང་གིས་གྲོལ་བས་གཉེན་པོ་མེད། །ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་མེད་པའོ། །ཞེས་སོ། དེའང་རིག་པ་རྗེན་པར་མཐོང་བའི་གནད་ཀྱིས་གྲོལ་བ་དང༌། སྔ་ཕྱི་རིས་མེད་གཅིག་པར་དུས་ཀྱིས་གྲོལ་བ་དང༌། རང་གཞག་འབད་རྩོལ་མེད་པར་གྲོལ་བ་གསུམ་ནི་མཐའ་གྲོལ་གྱི་དོན་ཡིན་ལ། གདེང་གིས་གྲོལ་བ་བཞི་དང་བཅས་ན་ལྔར་འདུས་པ་ཡིན་ནོ། །རིག་པ་རྗེན་པ་ཡེ་ནས་བཅིངས་གྲོལ་མེད་པའི་ངོ་བོ་ལ་གྲོལ་ཞེས་ཐ་སྙད་བཏགས་པ་དེ་དོན་ལ་བཅིངས་པ་མེད་པས་གྲོལ་བ་མཚན་ཉིད་པ་ཡོད་པ་མ་ཡིན་ཏེ། ཁྱུང་ཆེན་ལས། རང་སྣང་དོན་དེ་གང་ལ་བཞིན་གསལ་བ། །བསྒྱུར་བ་མེད་ཅིང་མ་རྙོག་སུས་མ་འཕྲོགས། །ཡེ་ཤེས་དངོས་ཏེ་གཅིག་དང་ཐ་དད་མེད། །གཞི་མེད་ལམ་ཟད་འབྲས་བུ་ཡོད་མ་མྱོང༌། །མཐོང་ཐོས་ལྟར་སྣང་གཅིག་གིས་གང་གྲོལ་བ། །མ་བཙལ་སུས་མི་རྙེད་པ་ཀུན་གྱི་སྙིང་ལ་གནས། །ཡེ་ནས་ཡོད་ཅིང་བལྟས་ཤིང་མཐོང་ལས་འདས། །དེ་ཉིད་རང་དེ་མ་བཅོས་ཐོག་མའི་ངང༌། །རྒྱུ་སྟོང་རྐྱེན་ཡལ་ངོ་བོ་འདུས་མ་བྱས། །བྱ་བྱེད་སྤྱོད་དང་འཛིན་པའི་མཐའ་ལས་འདས། །རིག་པས་བྱུང་དང་ངོ་སོས་གང་བསྒྱུར་བ། །གནས་ཐབས་ཉིད་དེ་དེ་ལས་བཅོས་ཅི་དགོས། །རྩོལ་མེད་བཙལ་མི་དགོས་ཏེ་བྱུང་ཁུངས་ཀུན་གྱི་དངོས། །རང་དག་དྲི་མའི་ཆོས་ནི་བཅས་ཤིང་བྱེད། །འབད་འགགས་རྩོལ་བ་བྲལ་བར་ངས་རིག་སྟེ། །ལྷག་པར་གྲོལ་དང་མ་གྲོལ་འདུག་གམ་ཅི། །གང་ལ་སྲིད་དེ་ཡེ་ཤེས་ཁྱབ་གདལ་ལོ། །ཞེས་སོ། །

[edit]
rywikitexts e-text of the Beijing 2009 edition (vol. 19), with its page numbers ༼N༽.

རིག་པ་རྗེན་པ་དེ་འཆར་རམ་གནས་ཀྱང་ཅོག་གཞག་བཅོས་བསླད་མེད་པར་རང་སོར་གློད་ནས་དངས་ཕྱིན་པར་གསལ་ངར་དང་བཅས་པ་སྟེ་རྗེན་ཡེར་རེ་རེ་ངོས་བཟུང་དུས་རིག་པ་རྗེན་པ་དེ་དུས་གསུམ་འབྲེལ་ཐག་ཆད་པའི་སྟེང་དུ་ཕོག་པས་ཆོས་སྐུ་རང་མལ་ན་རང་བཞིན་བར་མེད་ཀྱི་བསམ་གཏན་ལ་བཞུགས་པ་ཞེས་བྱ་སྟེ། ཁྱུང་ཆེན་ལས། སྣང་མེད་སྟོང་དང་བྲལ་བའི་ཡེ་ཤེས་དེ། །མ་བཟུང་མ་བཏང་མ་བསླད་རང་སོ་སྟེ། །གཅིག་གིས་གསུམ་ལ་སུ་ཡིས་ཕོག་པ་ཉིད། །རྫུན་མིན་བདེན་མིན་གནས་ཐབས་ལྷང་ངེ་བའོ། །ཞེས་སོ། །འདིའི་དུས་སུ་རྟོག་པར་སྣང་ཡང་རང་ངོ་མི་རྟོག་པའི་ཡེ་ཤེས་སུ་རྗེན་ལ་བུད་ཟིན་ཏེ། གཟུང་འཛིན་དང་དུས་གསུམ་གྱི་འབྲེལ་ཐག་ཆད་པའི་རིག་པ་རང་ས་ན་གསལ་བའི་ཕྱིར་རོ། །སེང་གེ་རྩལ་རྫོགས་ལས། ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐད་ཀར་བཅད་པའོ། །ཞེས་སོ། །ཤེས་པ་ལ་རྐྱེན་དྲག་པོས་བསླང་སྟེ་དུག་ལྔ་ལྟ་བུར་རམ་རམ་སྐྱེས་དུས་ཐད་ཀ་ན་རིག་པ་མ་གཏོགས་པ་མེད་པས་ངོས་རྗེན་པར་བཟུང་དུས་ཡེ་ཤེས་ལྷག་པར་གསལ་ལ་ཤེས་པའི་སྟེང་དུ་དགའ་བ་དང་མི་དགའ་བ་དང་བར་མ་དང་བཟང་རྟོག་ངན་རྟོག་ཅི་ཤར་ཡང་རིག་པ་མ་གཏོགས་པ་མི་འཆར་བས་ངོས་ཟིན་དུས་ཆོས་སྐུ་རྗེན་པར་འཆར་ཏེ། རིན་ཆེན་སྤུངས་པ་ལས། གཟུགས་སྐུ་ཡུལ་དུ་སྣང་བའི་ཚེ། །ང་ཡི་སྐུ་ཡི་རོལ་པ་ཡིན། །འདི་ལ་ཡ་ང་མེད་པའི་མི། །ང་ཡི་སྐུ་ལ་འདི་ཡིས་» «རེག» «།གཏི་མུག་ཞེ་སྡང་འདོད་ཆགས་ཀྱི། །ཞེན་པ་དྲག་པོ་ནམ་སྐྱེས་ན། །ང་ཡི་རིག་པ་རྟོག་མེད་ཡིན། །འདི་ཉིད་རང་གིས་རང་གྲོལ་བ། །ང་ཡི་མིག་ལ་འདི་ཉིད་མཐོང༌། །ཡིད་ཀྱི་དྲན་པ་ཕྱིར་སྣང་ཚེ། །ང་ཡི་སྒྲིབ་པ་རང་དག་ཕྱིར། །འདི་ལ་རྗེས་སུ་གཅོད་མེད་ན། །ང་ཡི་སྒྲ་རྣམས་འདི་ཡིས་ཐོས། །བསམ་པའི་རྟོག་ཚོགས་འདུས་པའི་ཚེ། །ང་ཡི་ཏིང་འཛིན་མི་རྟོག་བཟང༌། །འདི་ལ་ཞེན་པའི་བློ་མེད་ན། །ང་ཡི་དྲི་རྣམས་འདི་ཡིས་ཚོར། །རགས་པའི་གཟུགས་ལ་བློ་ཞུགས་ཚེ། །ང་ཡི་ཉམས་མྱོང་ཤར་བས་ཡིན། །འདི་ལ་གཅིག་དང་གཉིས་ཟད་ནས། །» «འདིས་ནི་ང་ཡི་རོ་རྣམས་མྱོང༌། །འདི་ལྟར་སྣང་ཚད་ཐོས་ཚད་ཀུན། །ཀུན་བཟང་ང་ཡི་རོལ་པར་བཤད། །རོལ་པའི་འཆར་བྱེད་མ་འགགས་པས། །ང་ཡི་ཡོན་ཏན་ཉིད་དུ་འབྱུང༌། །ཡོན་ཏན་སྣང་བྱེད་འདི་ཙམ་པས། །ཟད་པར་མི་འགྱུར་ཟད་པ་མེད། །དེ་ཕྱིར་སྐུ་གསུམ་ཕྱག་རྒྱའི་ཞིང༌། །ཞེས་སོ། །དེ་ལྟ་བུའི་ངོ་བོ་ཉམས་སུ་ལེན་པའི་དུས་ཀྱི་རིག་པའི་ངང་དེ་ཉིད་ཆོས་སྐུ་རང་གཞག་ཆེན་པོའི་དགོངས་པ་སྟེ། ཀློང་དྲུག་པ་ལས། བྱུང་ཚོར་མེད་པའི་སེམས་ཉིད་» «ལ། །མ་བསམས་ལྷག་མཐོང་སྣང་བ་ནི། །འགྲོ་འོང་ཟད་པའི་དགོངས་པ་» «ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །གཟུང་བ་མེད་པའི་སེམས་ཉིད་» «ལ། །མ་འགགས་དག་པའི་སྣང་བ་ནི། །རོལ་པ་ཆེན་པོའི་ཏིང་འཛིན་» «ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །འཛིན་པ་མེད་པའི་སེམས་ཉིད་» «ལ། །རང་ཤར་ཆེན་པོའི་སྣང་བ་ནི། །མ་འགགས་མི་རྟོག་དགོངས་པ་» «ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཟུག་རྔུ་མེད་པའི་སེམས་ཉིད་» «ལ། །བདག་རྟོག་བྲལ་བའི་སྣང་བ་ནི། །རང་གཞག་ཆེན་པོའི་དགོངས་པ་» «ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །རྟག་ཆད་མེད་པའི་སེམས་ཉིད་» «ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་» «ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བླང་དོར་བྲལ་བའི་སེམས་ཉིད་» «ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱབ་གདལ་ཆེན་པོའི་དགོངས་པ་» «ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཞེས་སོ། །འདི་ལ་རིག་པ་འཕྲོ་འདུ་མེད་པར་གནས་པའི་དུས་ན་གནས་ཆའི་མི་རྟོག་པ་དེ་སྒོམ་དུ་འདོད་པ་མ་ཡིན། འདིའི་དུས་ཀྱི་རིག་གེ་སིང་ངེ་བའི་གསལ་དངས་ཀྱི་རིག་པ་རྗེན་པ་དེ་མ་ཡེངས་པར་ཕྱལ་ལེ་སྐྱོང་བའོ། །ཡང་རིག་པ་ཡུལ་ལ་འཆར་དུས་གང་ཤར་ལ་ལྟ་བ་དེ་སྒོམ་དུ་ཡོད་པ་མ་ཡིན། དེའི་དུས་ཀྱི་རིག་པ་གསལ་རྗེན་རྗེན་པའི་ཆ་དེ་མ་ཡེངས་པར་སྐྱོང་བའོ། །» «གནད་འདི་མ་གོ་ན་གནས་པ་དང་འཆར་བ་གཉིས་ལ་ལྟ་བ་དེ་སྒོམ་པའི་ངོ་བོ་ཡིན་སྙམ་ནས་འཁྲུལ་པར་འགྱུར་རོ། །སེམས་གནས་པ་ཙམ་བསམ་གཏན་གྱི་ལྷ་དང་འདྲ་ལ། འཆར་བ་ཙམ་ཐ་མལ་གྱི་རྟོག་པ་དང་འདྲ་བས་དེ་ལ་བསྒོམས་ཀྱང་སངས་རྒྱས་ཐོབ་རེ་སྐན་ནོ། །འདིར་གང་གི་དུས་ཡིན་ཀྱང་རིག་པའི་ཆ་རྗེན་པ་ཟང་ཐལ་ཤེལ་གོང་འདྲ་བ་དེ་ཀློང་དུ་མ་གྱུར་རིང་ལ་སྐྱོང༌། གྱུར་ནས་དེའི་ངང་ལ་མི་འབྲལ་བར་གནས་པ་ཡིན་ནོ། །ཁྲེགས་གཅོད་ཀྱི་དོན་གོ་རིག་པ་རྗེན་ལ་ཕུད་ནས་སལ་སལ་སྐྱོང་བ་དེ་ལ་ཟེར་བས་གནད་འདི་ཁོ་ན་གལ་ཆེ་བར་ཡོད་པས་ངོ་ཤེས་པར་བྱའོ། །དེ་སྐད་དུའང་ཡི་གེ་མེད་པ་ལས། སེམས་འཛིན་ལྟ་སྒོམ་མེད་ན་ཆོས་སྐུ་དངོས་པོ་ཡིན། །ལྟ་བའི་རྩལ་གསུམ་འབྱོངས་ན་སྣང་བ་ཆོས་སྐུའི་ཀློང༌། །བྱ་བྱེད་གཡེང་བ་མེད་ན་ཆོས་ཉིད་བདེ་བའི་ས། །གཅིག་པུ་དལ་བར་འདུག་ན་རྩལ་གསུམ་རང་ལས་འབྱུང༌། །ཐད་ཀ་གྲོགས་སུ་ཤེས་ན་ཅོག་གཞག་གཅིག་གི་ངང༌། །དེ་དང་རྒྱུན་དུ་གནས་ན་དེ་ལ་ཅི་ཞིག་བྱ། །སྣང་བ་ཆེན་པོ་ཀུན་ལ་ཡང་དག་གནས། །གསང་བའི་སྔགས་ཀྱི་དངོས་པོ་དེ་ཉིད་དོ། །ཞེས་སོ། །དོན་གསུམ་པ་ཡོངས་གྲོལ་མཉམ་པ་ཆེན་པོར་ཆིངས་སུ་བཅིང་བ་ལ་གཉིས་ཏེ། ཡོངས་གྲོལ་གྱི་གནས་ལུགས་སྤྱིར་བསྟན་པ་དང༌། དེའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ངོ་བོ་དང༌། དབྱེ་བ་གཉིས་ལས། ངོ་བོ་ནི་རིག་པ་རྗེན་པའི་དོན་དེ་ངོས་བཟུང་ལ། གནས་ན་གནས་ཐོག་ཏུ་ཕྱམ་གདལ། འཆར་ན་འཆར་ཐོག་ཏུ་དངས་ཕྱེ་ནས་བཞག་པས་རང་ཡལ་རྗེས་མེད་ཟང་ཐལ་ཏེ། ཐལ་འགྱུར་ལས། དགོངས་པ་གཅིག་ལས་གཡོས་པ་མེད། །སྣང་བ་སྣང་བའི་ཐོག་གསལ་བས། །བཞིན་དང་མེ་ལོང་ལྟ་བུ་ལས། །གྲོལ་བ་དེ་དང་དེ་ཉིད་གྲོལ། །ཤེས་པ་འགྱུ་བ་སྟོང་ཡལ་བས། །མཐོང་ཞེས་རིག་པ་ཐ་དད་མིན། །དེ་ཉིད་རང་གི་ཐོག་ཏུ་གྲོལ། །གཅིག་ཤེས་པས་ནི་ཀུན་གྲོལ་ཕྱིར། །གཉིས་དང་གསུམ་གྱི་གྲངས་མཐའ་ཟད། །རྟོག་ཅིང་འཛིན་པའི་ཡུལ་མི་སྣང༌། །འགྱུ་དང་འཛིན་པ་ཡེ་ནས་སྟོང༌། །སྟོང་པའི་དགོངས་པ་གསལ་རྫོགས་པས། །དུ་མའི་གྲངས་མཐའ་ཟད་པའོ། །ཞེས་པ་དང༌། ཁྱུང་ཆེན་ལས། ཆོས་ཀུན་སྤྲོས་དང་བྲལ་ཞིང་རྙོག་མེད་པས། །བྱས་མེད་རང་སར་གྲོལ་བའི་གནད་འདི་རབ་ཏུ་ཆེ། །རྒྱུ་འགགས་རྐྱེན་ཡལ་འབྲས་བུ་ཟད་པའི་གནད། །གང་ལ་མ་བརྟེན་གཅིག་གྲོལ་ཀློང་ཉིད་དོ། །སྤྱོད་བྲལ་སྒོམ་དག་བལྟ་རུ་མེད་པའི་དོན། །མ་བཅོས་སྣང་བ་རང་སར་བཞག་པས་གྲོལ། །ཞེས་» «སོ། །སྣང་བ་སྣང་ཐོག་ལས་གཞན་དུ་སྤོ་ལག་དང་བཅས་བཅོས་མེད་པར་བཞག་པ་ཙམ་གྱིས་རང་ས་ནས་གྲོལ་བས་ལྟ་སྒོམ་ཟད་སར་སྐྱོལ་བའི་དགོངས་པ་སྟེ། ཐལ་འགྱུར་ལས། མ་དག་པ་ཡི་འཁྲུལ་པ་ལ། །དབང་པོའི་སྒོ་རྣམས་མ་བཅོས་པར། །ཅོག་གིས་བཞག་པ་གནད་ཡིན་ལ། །དེ་ལས་བསྒྱུར་བ་མན་ངག་གོ །གཟུང་བ་མེད་པའི་སྣང་བ་ལ། །འཛིན་པ་མེད་པའི་སེམས་ཤར་བ། །» «དཔྱོད་པ་མེད་པའི་མིག་གིས་མཐོང༌། །ཆོས་ཉིད་མེད་པའི་ལམ་ནས་» «དྲངས། །ལྟ་སྒོམ་མེད་པའི་གཞི་ལ་བསྐྱལ། །བྱས་མེད་རྩོལ་བྲལ་འབྲས་བུར་སྨིན། །འདི་ལ་སྣང་མཐའ་མི་གནས་སོ། །ཞེས་སོ། །སྣང་ཐོག་ཏུ་བཞག་དུས་བསྒྱུར་བ་ནི་འདིའི་གནད་གལ་པོ་ཆེ་སྟེ། གཟུགས་སྣང་གི་སྟེང་དུ་ཤེས་པ་ཤར་དུས་དེ་ཀ་ལ་གཏད་ན་ཡང་ན་ཞི་གནས་ལྟེངས་སོ། །ཡང་ན་རྟོགས་པ་འཕྲོ་རྒོད་གང་རུང་ཞིག་ལས་མི་འདའ་བས་འདིར་དེ་དུས་ཀྱི་རིག་པ་རྗེན་པ་དེ་ངོས་བཟུང་ནས་དེའི་ངང་དུ་བསྒྱུར་བའོ། །» «གཉིས་པ་དབྱེ་བ་ནི། གྲོལ་ལུགས་བཞི་གནད་བཞི་དང་བཅས་པ་སྟེ། ཐལ་འགྱུར་ལས། རང་རིག་རྟོག་པ་ཀུན་བྲལ་བས། །གྲོལ་ལུགས་བཞི་དང་བཅས་པའོ། །གནད་བཞི་གྲོལ་བའི་གདེང་གིས་ནི། །འཁོར་དང་མྱ་ངན་འདས་པའི་གནས། །མ་བྱུང་བྱས་པ་མེད་པས་ན། །གཞི་དང་རྩ་བ་མེད་པའོ། །ཞེས་པ་དང༌། དེའི་དོན་རྒྱས་པར་བཤད་པ་ནི། ཡང་དེ་ཉིད་ལས། རང་སེམས་གྲོལ་བ་ཞེས་བྱ་བ། །གཅིག་ནས་གཅིག་ཏུ་སོང་བ་མེད། །གང་གིས་བཅིངས་བཀྲོལ་མེད་པའི་སེམས། །གཞི་ནས་རྫོགས་པས་འགྲོ་འོང་མེད། །བརྟགས་པས་མ་རྙེད་རྒྱུ་མཚན་མེད། །གཞི་རྩ་མེད་པས་སྟེང་«༼༡༽«གསལ་གནས། །རང་གསལ་གནས་པའི་སེམས་དེ་ནི། །གནད་ཀྱིས་གྲོལ་བས་ཕྱོགས་རིས་མེད། །དུས་ཀྱིས་གྲོལ་བས་ལྟོས་གཞི་མེད། །འབད་མེད་གྲོལ་བས་བརྩོན་འགྲུས་མེད། །གདེང་གིས་གྲོལ་བས་འབད་རྩོལ་མེད། །དེ་ལ་གདེང་གིས་གྲོལ་བ་བཤད། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །རང་གིས་གྲོལ་བས་གཉེན་པོ་མེད། །ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་མེད་པའོ། །ཞེས་» «སོ། །དེའང་རིག་པ་རྗེན་པར་མཐོང་བའི་གནད་ཀྱིས་གྲོལ་བ་དང༌། སྔ་ཕྱི་རིས་མེད་གཅིག་པར་དུས་ཀྱིས་གྲོལ་བ་དང༌། རང་གཞག་འབད་རྩོལ་མེད་པར་གྲོལ་བ་གསུམ་ནི་མཐའ་གྲོལ་གྱི་དོན་ཡིན་ལ། གདེང་གིས་གྲོལ་བ་བཞི་དང་བཅས་ན་ལྔར་འདུས་པ་ཡིན་ནོ། །རིག་པ་རྗེན་པ་ཡེ་ནས་བཅིངས་གྲོལ་མེད་པའི་ངོ་བོ་ལ་གྲོལ་ཞེས་ཐ་སྙད་བཏགས་པ་དེ་དོན་ལ་བཅིངས་པ་མེད་པས་གྲོལ་བ་མཚན་ཉིད་པ་ཡོད་པ་མ་ཡིན་ཏེ། ཁྱུང་ཆེན་ལས། རང་སྣང་དོན་དེ་གང་ལ་བཞིན་གསལ་བ། །བསྒྱུར་བ་མེད་ཅིང་མ་རྙོག་སུས་མ་འཕྲོགས། །ཡེ་ཤེས་དངོས་ཏེ་གཅིག་དང་ཐ་དད་མེད། །གཞི་མེད་ལམ་ཟད་འབྲས་བུ་ཡོད་མ་» «མྱོང༌། །མཐོང་ཐོས་ལྟར་སྣང་གཅིག་གིས་གང་གྲོལ་བ། །མ་བཙལ་སུས་མི་རྙེད་པ་ཀུན་གྱི་སྙིང་ལ་གནས། །ཡེ་ནས་ཡོད་ཅིང་བལྟས་ཤིང་མཐོང་ལས་» «འདས། །དེ་ཉིད་རང་དེ་མ་བཅོས་ཐོག་མའི་ངང༌། །རྒྱུ་སྟོང་རྐྱེན་ཡལ་ངོ་བོ་འདུས་མ་བྱས། །བྱ་བྱེད་སྤྱོད་དང་འཛིན་པའི་མཐའ་ལས་འདས། །རིག་པས་བྱུང་དང་སོ་སོས་གོང་«༼༡༽«བསྒྱུར་བ། །གནས་ཐབས་ཉིད་དེ་དེ་ལས་བཅོས་མི་དགོས། །རྩོལ་མེད་བཙལ་མི་དགོས་ཏེ་བྱུང་ཁུངས་ཀུན་གྱི་དངོས། །རང་དག་དྲི་མའི་ཆོས་ནི་བཅས་ཤིང་བྱེད། །འབད་འགགས་རྩོལ་བ་བྲལ་བར་ངས་རིག་སྟེ། །ལྷག་པར་གྲོལ་དང་མ་གྲོལ་འདུག་གམ་ཅི། །གང་ལ་སྲིད་དེ་ཡེ་ཤེས་ཁྱབ་གདལ་ལོ། །ཞེས་སོ། །

[edit]
OCR of the BDRC scans (I1CZ5003), gorn05 tibocr 2026: BDRC OCR on 239 pages, Mitra OCR on 125 pages (the model with more recognisable syllables on each page).

[p. 349] རིག་པ་རྗེན་པ་དེ་འཆར་རམ་གནས་ཀྱང་ཅོག་གཞག་བཅོས་བསླད་མེད་པར་རང་སོར་གློད་ནས་དངས་ཕྱིན་པར་གསལ་ངར་དང་བཅས་པ་སྟེ་རྗེན་ཡེར་རེ་རེ་ངོས་བཟུང་དུས་རིག་པ་རྗེན་པ་དེ་དུས་གསུམ་འབྲེལ་ཐག་ཆད་པའི་སྟེང་དུ་ཕོག་པས་ཆོས་སྐུ་རང་མལ་ན་རང་བཞིན་བར་མེད་ཀྱི་བསམ་གཏན་ལ་བཞུགས་པ་ཞེས་བྱ་སྟེ། ཁྱུང་ཆེན་ལས། སྣང་མེད་སྟོང་དང་བྲལ་བའི་ཡེ་ཤེས་དེ། །མ་བཟུང་མ་བཏང་མ་བསླད་རང་སོ་སྟེ། །གཅིག་གིས་གསུམ་ལ་སུ་ཡིས་ཕོག་པ་ཉིད། །རྫུན་མིན་བདེན་མིན་གནས་ཐབས་ལྷང་ངེ་བའོ། །ཞེས་སོ། །འདིའི་དུས་སུ་རྟོག་པར་སྣང་ཡང་རང་ངོ་མི་རྟོག་པའི་ཡེ་ཤེས་སུ་རྗེན་ལ་བུད་ཟིན་ཏེ། གཟུང་འཛིན་དང་དུས་གསུམ་གྱི་འབྲེལ་ཐག་ཆད་པའི་རིག་པ་རང་ས་ན་གསལ་བའི་ཕྱིར་རོ། །སེང་གེ་རྩལ་རྫོགས་ལས། ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐད་ཀར་བཅད་པའོ། །

[p. 350] ཞེས་སོ། །ཤས་པ་ལ་རྐྱེན་དྲག་པོས་བསླང་སྟེ་དུག་ལྔ་ལྟ་བུར་རམ་རམ་སྐྱེས་དུས་ཐད་ཀ་ན་རིག་པ་མ་གཏོགས་པ་མེད་པས་ངོས་རྗེན་པར་འཐུང་དུས་ཡེ་ཤེས་ལྷག་པར་གསལ་ལ་ཤེས་པའི་སྟེང་དུ་དགའ་བ་དང་མི་དགའ་བ་དང་བར་མ་དང་བཟང་རྟོག་ངན་རྟོག་ ཅི་ཤར་ཡང་རིག་པ་མ་གཏོགས་པ་མི་འཆར་བས་ངོས་ཟིན་དུས་ཆོས་སྐུ་རྗེན་པར་འཆར་ཏེ། རིན་ཆེན་སྤུངས་པ་ལས། གཟུགས་སྐུ་ཡུལ་དུ་སྣང་བའི་ཚེ། །ང་ཡི་སྐུ་ཡི་རོལ་པ་ཡིན། །འདི་ལ་ཡང་མེད་པའི་མི། །ང་ཡི་སྐུ་ལ་འདི་ཡིས་རེག །གཏི་ མུག་ཞེ་སྡང་འདོད་ཆགས་ཀྱི། །ཞེན་པ་དྲག་པོ་ནམ་སྐྱེས་ན། །ང་ཡི་རིག་པ་རྟོག་མེད་ཡིན། །འདི་ཉིད་རང་གིས་རང་གྲོལ་བ། །ང་ཡི་མིག་ལ་འདི་ཉིད་མཐོང་། །ཡིད་ཀྱི་དྲན་པ་ཕྱིར་སྣང་ཚེ། །ང་ཡི་སྒྲིབ་པ་རང་དག་ཕྱིར། །འདི་ལ་རྗེས་ སུ་གཅོད་མེད་ན། །ང་ཡི་སྒྲ་རྣམས་འདི་ཡིས་ཐོས། །བསམ་པའི་རྟོག་ཚོགས་འདུས་པའི་ཚེ། །ང་ཡི་ཏིང་འཛིན་མི་རྟོག་བཟང་། །འདི་ལ་ཞེན་པའི་བློ་མེད་ན། །ང་ཡི་དྲི་རྣམས་འདི་ཡིས་ཚོར། །རགས་པའི་གཟུགས་ལ་བློ་ཞུགས་ཚེ། ། ང་ཡི་ཉམས་མྱོང་ཤར་བས་ཡིན། །འདི་ལ་གཅིག་དང་གཉིས་ཟད་ནས། །འདིས་ནི་ང་ཡི་རོ་རྣམས་མྱོང་། །འདི་ལྟར་སྣང་ཚད་ཐོས་ཚད་ཀུན། །ཀུན་བཟང་ང་ཡི་རོལ་པར་བཤད། །རོལ་པའི་འཆར་བྱེད་མ་འགགས་པས། །ང་ཡི་ཡོན་ཏན་ཉིད་ དུ་འབྱུང་། །ཡོན་ཏན་སྣང་བྱེད་འདི་ཙམ་པས། །ཟད་པར་མི་འགྱུར་ཟད་པ་མེད། །དེ་ཕྱིར་སྐུ་གསུམ་ཕྱག་རྒྱའི་ཞིང་། །ཞེས་སོ། །དེ་ལྟ་བུའི་ངོ་བོ་ཉམས་སུ་ལེན་པའི་དུས་ཀྱི་རིག་པའི་ངང་དེ་ཉིད་ཆོས་སྐུ་རང་གཞག་ཆེན་པོའི་དགོངས་པ་སྟེ། ཀློང་དྲུག་ པ་ལས། བྱུང་ཚོར་མེད་པའི་སེམས་ཉིད་ལ། །མ་བསམས་ལྷག་མཐོང་སྣང་བ་ནི། །འགྲོ་འོང་ཟད་པའི་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །གཟུང་བ་མེད་པའི་སེམས་ཉིད་ལ། མ་འགགས་དག་པའི་སྣང་བ་ནི། །རོལ་པ་ཆེན་པོའི་ཏིང་

[p. 351] ༄༅། །འཛིན་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །འཛིན་པ་མེད་པའི་སེམས་ཉིད་ལ། །རང་ཤར་ཆེན་པོའི་སྣང་བ་ནི། །མ་འགགས་མི་རྟོག་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །ཟུག་རྔུ་མེད་པའི་སེམས་ཉིད་ལ། ། བདག་རྟོག་བྲལ་བའི་སྣང་བ་ནི། །རང་གཞག་ཆེན་པོའི་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། ། བླང་དོར་བྲལ་བའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱབ་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །ཞེས་སོ། །འདི་ལ་རིག་པ་འཕྲོ་འདུ་མེད་པར་གནས་པའི་དུས་ན་གནས་ཆའི་མི་རྟོག་པ་དེ་སྒོམ་དུ་འདོད་པ་མ་ ཡིན། འདིའི་དུས་ཀྱི་རིག་གེ་སེང་ངེ་བའི་གསལ་དངས་ཀྱི་རིག་པ་རྗེན་པ་དེ་མ་ཡེངས་པར་ཕལ་ལེ་སྐྱོང་བའོ། །ཡང་རིག་པ་ཡུལ་ལ་འཆར་དུས་གང་ཤར་ལ་ལྟ་བ་དེ་སྒོམ་དུ་ཡོད་པ་མ་ཡིན། དེའི་དུས་ཀྱི་རིག་པ་གསལ་རྗེན་རྗེན་པའི་ཆ་དེ་མ་ཡེངས་པར་སྐྱོང་ བའོ། །གནད་འདི་མ་གོ་ན་གནས་པ་དང་འཆར་བ་གཉིས་ལ་ལྟ་བ་དེ་སྒོམ་པའི་ངོ་བོ་ཡིན་སྙམ་ནས་འཁྲུལ་པར་འགྱུར་རོ། །སེམས་གནས་པ་ཙམ་བསམ་གཏན་གྱི་ལྷ་དང་འདྲ་ལ། འཆར་བ་ཙམ་ཐ་མལ་གྱི་རྟོག་པ་དང་འདྲ་བས་དེ་ལ་བསྒོམས་ཀྱང་ སངས་རྒྱས་ཐོབ་དེ་སྙན་ནོ། །འདིར་གང་གི་དུས་ཡིན་ཀྱང་རིག་པའི་ཆ་རྗེན་པ་ཟང་ཐལ་ཤེལ་གོང་འདྲ་བ་དེ་ཀློང་དུ་མ་གྱུར་རིང་ལ་སྐྱོང་། གྱུར་ནས་དེའི་དང་ལ་མི་འབྲལ་བར་གནས་པ་ཡིན་ནོ། །ཁྲེགས་གཅོད་ཀྱི་དོན་གོ་རིག་པ་རྗེན་ལ་ཕུང་ནས་ས་ལ་ས་ལ་སྐྱོང་བ་ དེ་ལ་ཟེར་བས་གནད་འདི་ཁོ་ན་གལ་ཆེ་བར་ཡོད་པས་ངོ་ཤེས་པར་བྱའོ། །དེ་སྐད་དུའང་ཡི་གེ་མེད་པ་ལས། སེམས་འཛིན་ལྟ་སྒོམ་པ་དེ་ན་ཆོས་སྐུ་དངོས་པོ་ཡིན། །ལྟ་བའི་རྩལ་གསུམ་འབྱོངས་ན་སྣང་བ་ཆོས་སྐུའི་ཀློང་། །བྱ་བྱེད་གཡེང་བ་མེད་ན་ཆོས་ཉིད་བདེ་བའི་

[p. 352] ས། །གཅིག་པུ་དལ་བར་འདུག་ན་རྩལ་གསུམ་རང་ལས་འབྱུང་། །ཐད་ཀ་གྲོགས་སུ་ཤེས་ན་ཅོག་གཞག་གཅིག་གི་ངང་། །དེ་དང་རྒྱུན་དུ་གནས་ན་དེ་ལ་ཅི་ཞིག་བྱ། །སྣང་བ་ཆེན་པོ་ཀུན་ལ་ཡང་དག་གནས། །གསང་བའི་སྔགས་ཀྱི་དངོས་པོ་དེ་ཉིད་དོ། །ཞེས་སོ། །དོན་གསུམ་པ་ཡོངས་གྲོལ་མཉམ་པ་ཆེན་པོར་ཆིངས་སུ་བཅིང་བ་ལ་གཉིས་ཏེ། ཡོངས་གྲོལ་གྱི་གནས་ལུགས་སྤྱིར་བསྟན་པ་དང་། དེའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ངོ་བོ་དང་། དབྱེ་བ་གཉིས་ལས། ངོ་བོ་ནི་རིག་པ་རྗེན་པའི་དོན་དེ་ངོས་བཟུང་ལ། གནས་ན་གནས་ཐོག་ཏུ་ཕྱམ་གདལ། འཆར་ན་འཆར་ཐོག་ཏུ་དངས་ཕྱེ་ནས་བཞག་པས་རང་ཡལ་རྗེས་མེད་ཟང་ཐལ་ཏེ། ཐལ་འགྱུར་ལས། དགོངས་པ་གཅིག་ལས་གཡོས་པ་མེད། །སྣང་བ་སྣང་བའི་ཐོག་གསལ་བས། །བཞིན་དང་མེ་ལོང་ལྟ་བུ་ལས། །གྲོལ་བ་དེ་དང་དེ་ཉིད་གྲོལ། །ཤེས་པ་འགྱུ་བ་སྟོང་ཡལ་བས། །མཐོང་ཞེས་རིག་པ་ཐ་དད་མིན། །དེ་ཉིད་རང་གི་ཐོག་ཏུ་གྲོལ། །གཅིག་ཤེས་པས་ནི་ཀུན་གྲོལ་ཕྱིར། །གཉིས་དང་གསུམ་གྱི་གྲངས་མཐའ་ཟད། །རྟོག་ཅིང་འཛིན་པའི་ཡུལ་མི་སྣང་། །འགྱུ་དང་འཛིན་པ་ཡེ་ནས་སྟོང་། །སྟོང་པའི་དགོངས་པ་གསལ་རྫོགས་པས། །དུ་མའི་གྲངས་མཐའ་ཟད་པའོ། །ཞེས་པ་དང་། ཁྱུར་ཆེན་ལས། ཆོས་ཀུན་སྤྲོས་དང་བྲལ་ཞིང་རྙོག་མེད་པས། །བྱས་མེད་རང་སར་གྲོལ་བའི་གནད་འདི་རབ་ཏུ་ཆེ། །རྒྱུ་འགགས་རྐྱེན་ཡལ་འབྲས་བུ་ཟད་པའི་གནད། །གང་ལ་མ་བརྟེན་གཅིག་གྲོལ་ཀློང་ཉིད་དོ། །སྤྱོད་བྲལ་སྒོམ་དག་བལྟ་རུ་མེད་པའི་དོན། །མ་བཅོས་སྣང་བ་རང་སར་བཞག་པས་གྲོལ། །ཞེས་སོ། །སྣང་བ་སྣང་ཐོག་ལས་གཞན་དུ་སྤོ་ལག་དང་བཅས་བཅོས་མེད་པར་བཞག་པ་ཙམ་གྱིས་རང་ས་ནས་གྲོལ་བས་ལྟ་སྒོམ་ཟད་སར་སྐྱོལ་བའི་དགོངས་པ་སྟེ། ཐལ་འགྱུར་ལས། མ་དག་པ་ཡི་འཁྲུལ་པ་ལ། །དབང་པོའི་སྒོ་རྣམས་མ་བཅོས་པར། །ཅོག་གིས་བཞག་པ་གནད་ཡིན་ལ། །དེ་ལས་བསྒྱུར་བ་མན་ངག་གོ། །གཟུང་བ་མེད་པའི་སྣང་

[p. 353] ཡིན་ལ། གདེང་གིས་གྲོལ་བ་བཞི་དང་བཅས་ན་ལྔར་འདུས་པ་ཡིན་ནོ། །རིག་པ་རྗེན་པ་ཡེ་ནས་བཅིངས་གྲོལ་མེད་པའི་ངོ་བོ་ལ་གྲོལ་ཞེས་ཐ་སྙད་བཏགས་པ་དེ་དོན་ལ་བཅིངས་པ་མེད་པས་གྲོལ་བ་མཚན་ཉིད་པ་ཡོད་པ་མ་ཡིན་ཏེ། ཁྱུང་ཆེན་ལས། རང་ སྣང་དོན་དེ་གང་ལ་བཞིན་གསལ་བ། །བསྒྱུར་བ་མེད་ཅིང་མ་རྙོག་སུས་མ་འཕྲོགས། །ཡེ་ཤེས་དངོས་ཏེ་གཅིག་དང་ཐ་དད་མེད། །གཞི་མེད་ལམ་ཟད་འབྲས་བུ་ཡོད་མ་མྱོང་། །མཐོང་ཐོས་ལྟར་སྣང་གཅིག་གིས་གང་གྲོལ་བ། །མ་བཙལ་སུས་མི་ རྙེད་པ་ཀུན་གྱི་སྙིང་ལ་གནས། །ཡེ་ནས་ཡོད་ཅིང་བལྟས་ཤིང་མཐོང་ལས་འདས། །དེ་ཉིད་རང་དེ་མ་བཅོས་ཐོག་མའི་ངང་། །རྒྱུ་སྟོང་རྐྱེན་ཡལ་ངོ་བོ་འདུས་མ་བྱས། །བྱ་བྱེད་སྤྱོད་དང་འཛིན་པའི་མཐའ་ལས་འདས། །རིག་པས་བྱུང་དང་སོ་སོས་གང་ བསྒྱུར་བ། །གནས་ཐབས་ཉིད་དེ་དེ་ལས་བཅོས་ཅི་དགོས། །རྩོལ་མེད་བཙལ་མི་དགོས་ཏེ་བྱུང་ཁུངས་ཀུན་གྱི་དངོས། །རང་དག་དྲི་མའི་ཆོས་ནི་བཅས་ཤིང་བྱེད། །འབད་འགགས་རྩོལ་བ་བྲལ་བར་ངས་རིག་སྟེ། །ལྷག་པར་གྲོལ་དང་མ་གྲོལ་ འདུག་གམ་ཅི། །གང་ལ་སྲིད་དེ་ཡེ་ཤེས་ཁྱབ་གདལ་ལོ། །ཞེས་སོ། །

[edit]
OCR of the BDRC scans (I2PD20603), gorn05 tibocr 2026: BDRC OCR on 248 pages, Mitra OCR on 119 pages (the model with more recognisable syllables on each page).

[p. 573] བར་དང་བཅས་པ་སྟེ་རྗེན་ཡེར་རེ་རེ་ངོས་བཟུང་དུས་རིག་པ་རྗེན་པ་དེ་དུས་གསུམ་འབྲེལ་ཐག་ཆད་པའི་སྟེང་དུ་ཕོག་པས་ཆོས་སྐུ་རང་མལ་ན་རང་བཞིན་བར་མེད་ཀྱི་བསམ་གཏན་ལ་བཞུགས་པ་ཞེས་བྱ་སྟེ། ཁྱུང་ཆེན་ལས། སྣང་མེད་སྟོང་དང་བྲལ་བའི་ཡེ་ ཤེས་དེ། །མ་བཟུང་མ་བཏང་མ་བསླད་རང་སོ་སྟེ། །གཅིག་གིས་གསུམ་ལ་སུ་ཡིས་ཕོག་པ་ཉིད། །རྫུན་མིན་བདེན་མིན་གནས་ཐབས་ལྷུང་ངེ་བའོ། །ཞེས་སོ། །འདིའི་དུས་སུ་རྟོག་པར་སྣང་ཡང་རང་ངོ་མི་རྟོག་པའི་ཡེ་ཤེས་སུ་རྗེན་ལ་བུད་ཟིན་ཏེ། གཟུང་འཛིན་དང་དུས་གསུམ་གྱི་འབྲེལ་ཐག་ཆད་པའི་རེག་པ་རང་ས་ན་གསལ་བའི་ཕྱིར་རོ། །སེང་གེ་རྩལ་རྫོགས་ལས། ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐད་ཀར་བཅད་པའོ། །

[p. 574] ཞེས་སོ། །ཤས་པ་ལ་རྐྱེན་དྲག་པོས་བསླང་སྟེ་དུག་ལྔ་ལྟ་བུར་རམ་རམ་སྐྱེས་དུས་ཐད་ཀ་ན་རིག་པ་མ་གཏོགས་པ་མེད་པས་ངོས་རྗེན་པར་འབྱུང་དུས་ཡེ་ཤེས་ལྷག་པར་གསལ་ལ་ཤེས་པའི་སྟེང་དུ་དགའ་བ་དང་མི་དགའ་བ་དང་བར་མ་དང་བཟང་རྟོག་ངན་རྟོག་ཅི་ཤར་ཡང་རིག་པ་མ་གཏོགས་པ་མི་འཆར་བས་ངོས་ཟིན་དུས་ཆོས་སྐུ་རྗེན་པར་འཆར་ཏེ། རིན་ཆེན་སྐྱུ་རེག་པ་ལས། གཟུགས་སྐུ་ཡུལ་དུ་སྣང་བའི་ཚེ། །ང་ཡི་སྐུ་ཡི་རོལ་པ་ཡིན། །འདི་ལ་ཡང་མེད་པའི་མི། །ང་ཡི་སྐུ་ལ་འདི་ཡིས་རེག །གཏི་མུག་ཞེ་སྡང་འདོད་ཆགས་ཀྱི། །ཞེན་པ་དྲག་པོ་ནམ་སྐྱེས་ན། །ང་ཡི་རིག་པ་རྟོག་མེད་ཡིན། །འདི་ཉིད་རང་གིས་རང་གྲོལ་བ། །ང་ཡི་མིག་ལ་འདི་ཉིད་མཐོང་། །ཡིད་ཀྱི་དྲན་པ་ཕྱིར་སྣང་ཚེ། །ང་ཡི་སྒྲིབ་པ་རང་དག་ཕྱིར། །འདི་ལ་རྗེས་སུ་གཅོད་མེད་ན། །ང་ཡི་སྒྲ་རྣམས་འདི་ཡིས་ཐོས། །བསམ་པའི་རྟོག་ཚོགས་འདུས་པའི་ཚེ། །ང་ཡི་ཏིང་འཛིན་མི་རྟོག་བཟང་། །འདི་ལ་ཞེན་པའི་བློ་མེད་ན། །ང་ཡི་དྲི་རྣམས་འདི་ཡིས་ཚོར། །རགས་པའི་གཟུགས་ལ་བློ་ཞུགས་ཚེ། །ང་ཡི་ཉམས་མྱོང་ཤར་བས་ཡིན། །འདི་ལ་གཅིག་དང་གཉིས་ཟད་ནས། །འདིས་ནི་ང་ཡི་རོ་རྣམས་མྱོང་། །འདི་ལྟར་སྣང་ཚད་ཐོས་ཚད་ཀུན། །ཀུན་བཟང་ང་ཡི་རོལ་པར་བཤད། །རོལ་པའི་འཆར་བྱེད་མ་འགགས་པས། །ང་ཡི་ཡོན་ཏན་ཉིད་དུ་འབྱུང་། །ཡོན་ཏན་སྣང་བྱེད་འདི་ཙམ་པས། །ཟད་པར་མི་འགྱུར་ཟད་པ་མེད། །དེ་ཕྱིར་སྐུ་གསུམ་ཕྱག་རྒྱའི་ཞིང་། །ཞེས་སོ། །དེ་ལྟ་བུའི་ངོ་བོ་ཉམས་སུ་ལེན་པའི་དུས་ཀྱི་རིག་པའི་ངང་དེ་ཉིད་ཆོས་སྐུ་རང་གཞག་ཆེན་པོའི་དགོངས་པ་སྟེ། ཀློང་དྲུག་པ་ལས། བྱུང་ཚོར་མེད་པའི་སེམས་ཉིད་ལ། །མ་བསམས་ལྷག་མཐོང་སྣང་བ་ནི། །འགྲོ་འོང་ཟད་པའི་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །གཟུང་བ་མེད་པའི་སེམས་ཉིད་ལ། །མ་འགགས་དག་པའི་སྣང་བ་ནི། །རོལ་པ་ཆེན་པོའི་ཏིང་

[p. 575] ༄༅། །འཛིན་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །འཛིན་པ་མེད་པའི་སེམས་ཉིད་ལ། །རང་ཤར་ཆེན་པོའི་སྣང་བ་ནི། །མ་འགགས་མི་རྟོག་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །ཟུག་རྔུ་མེད་པའི་སེམས་ཉིད་ལ། ། བདག་རྟོག་བྲལ་བའི་སྣང་བ་ནི། །རང་གཞག་ཆེན་པོའི་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། ། བླང་དོར་བྲལ་བའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱབ་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །ཞེས་སོ། །འདི་པ་རིག་པ་འཕྲོ་འདུ་མེད་པར་གནས་པའི་དུས་ན་གནས་ཆའི་མི་རྟོག་པ་དེ་སྒོམ་དུ་འདོད་པ་མ་ ཡིན༑ འདིའི་དུས་ཀྱི་རིག་གེ་སེང་ངེ་བའི་གསལ་དངས་ཀྱི་རིག་པ་རྗེན་པ་དེ་མ་ཡེངས་པར་ཕྱལ་ལེ་སྐྱོང་བའོ། །ཡང་རིག་པ་ཡུལ་ལ་འཆར་དུས་གང་ཤར་ལ་ལྟ་བ་དེ་སྒོམ་དུ་ཡོད་པ་མ་ཡིན། དེའི་དུས་ཀྱི་རིག་པ་གསལ་རྗེན་རྗེན་པའི་ཆ་དེ་མ་ཡེངས་པར་སྐྱོང་ བའོ༑ །གནད་འདི་མ་གོ་ན་གནས་པ་དང་འཆར་བ་གཉིས་ལ་ལྟ་བ་དེ་སྒོམ་པའི་ངོ་བོ་ཡིན་སྙམ་ནས་འཁྲུལ་པར་འགྱུར་རོ། །སེམས་གནས་པ་ཙམ་བསམ་གཏན་གྱི་ལྷ་དང་འདྲ་ལ། འཆར་བ་ཙམ་ཐ་མལ་གྱི་རྟོག་པ་དང་འདྲ་བས་དེ་ལ་བསྒོམས་ཀྱང་ སངས་རྒྱས་ཐོབ་རེ་སྐན་ནོ། །འདིར་གང་གི་དུས་ཡིན་ཀྱང་རིག་པའི་ཆ་རྗེན་པ་ཟང་ཐལ་ཤེལ་གོང་འདྲ་བ་དེ་ཀློང་དུ་མ་གྱུར་རིང་ལ་སྐྱོང་། གྱུར་ནས་དེའི་དང་ལ་མི་འབྲལ་བར་གནས་པ་ཡིན་ནོ། །ཁྲེགས་གཅོད་ཀྱི་དོན་གོ་རིག་པ་རྗེན་ལ་ཕུང་ནས་ས་ལ་ས་ལ་སྐྱོང་བ་ དེ་ལ་ཟེར་བས་གནད་འདི་ཁོ་ན་གལ་ཆེ་བར་ཡོད་པས་ངོ་ཤེས་པར་བྱའོ། །དེ་སྐད་དུའང་ཡི་གེ་མེད་པ་ལས། སེམས་འཛིན་ལྟ་སྒོམ་ཡོད་མ་ཆོས་སྐུ་དངོས་པོ་ཡིན། །ལྟ་བའི་རྩལ་གསུམ་འབྱོངས་ན་སྣང་བ་ཆོས་སྐུའི་ཀློང་། །བྱ་བྱེད་གཡེང་བ་མེད་ན་ཆོས་ཉིད་བདེ་བའི་

[p. 576] ས། །གཅིག་པུ་དལ་བར་འདུག་ན་རྩལ་གསུམ་རང་ལས་འབྱུང་། །ཐད་ཀ་གྲོགས་སུ་ཤེས་ན་ཅོག་གཞག་གཅིག་གི་ངང་། །དེ་དང་རྒྱུན་དུ་གནས་ན་དེ་ལ་ཅི་ཞིག་བྱ། །སྣང་བ་ཆེན་པོ་ཀུན་ལ་ཡང་དག་གནས། །གསང་བའི་སྔགས་ཀྱི་དངོས་པོ་དེ་ཉིད་དོ། །ཞེས་སོ། །དོན་གསུམ་པ་ཡོངས་གྲོལ་མཉམ་པ་ཆེན་པོར་ཆིངས་སུ་བཅིང་བ་ལ་གཉིས་ཏེ། ཡོངས་གྲོལ་གྱི་གནས་ལུགས་སྤྱིར་བསྟན་པ་དང་། དེའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ངོ་བོ་དང་། དབྱེ་བ་གཉིས་ལས། ངོ་བོ་ནི་རིག་པ་རྗེན་པའི་དོན་དེ་ངོས་བཟུང་ལ། གནས་ན་གནས་ཐོག་ཏུ་ཕྱམ་གདལ། འཆར་ན་འཆར་ཐོག་ཏུ་དངས་ཕྱེ་ནས་བཞག་པས་རང་ཡལ་རྗེས་མེད་ཟང་ཐལ་ཏེ། ཐལ་འགྱུར་ལས། དགོངས་པ་གཅིག་ལས་གཡོས་པ་མེད། །སྣང་བ་སྣང་བའི་ཐོག་གསལ་བས། །བཞིན་དང་མེ་ལོང་ལྟ་བུ་ལས། །གྲོལ་བ་དེ་དང་དེ་ཉིད་གྲོལ། །ཤེས་པ་འགྱུ་བ་སྟོང་ཡལ་བས། །མཐོང་ཞེས་རིག་པ་ཐ་དད་མིན། །དེ་ཉིད་རང་གི་ཐོག་ཏུ་གྲོལ། །གཅིག་ཤེས་པས་ནི་ཀུན་གྲོལ་ཕྱིར། །གཉིས་དང་གསུམ་གྱི་གྲངས་མཐའ་ཟད། །རྟོག་ཅིང་འཛིན་པའི་ཡུལ་མི་སྣང་། །འགྱུ་དང་འཛིན་པ་ཡེ་ནས་སྟོང་། །སྟོང་པའི་དགོངས་པ་གསལ་རྫོགས་པས། །དུ་མའི་གྲངས་མཐའ་ཟད་པའོ། །ཞེས་པ་དང་། ཁྱུང་ཆེན་ལས། ཆོས་ཀུན་སྤྲོས་དང་བྲལ་ཞིང་རྙོག་མེད་པས། །བྱས་མེད་རང་སར་གྲོལ་བའི་གནད་འདི་རབ་ཏུ་ཆེ། །རྒྱུ་འགགས་རྐྱེན་ཡལ་འབྲས་བུ་ཟད་པའི་གནད། །གང་ལ་མ་བརྟེན་གཅིག་གྲོལ་ཀློང་ཉིད་དོ། །སྤྱོད་བྲལ་སྒོམ་དག་བལྟ་རུ་མེད་པའི་དོན། །མ་བཅོས་སྣང་བ་རང་སར་བཞག་པས་གྲོལ། །ཞེས་སོ། །སྣང་བ་སྣང་ཐོག་ལས་གཞན་དུ་སྤོ་ལག་དང་བཅས་བཅོས་མེད་པར་བཞག་པ་ཙམ་གྱིས་རང་ས་ནས་གྲོལ་བས་ལྟ་སྒོམ་ཟད་སར་སྐྱོལ་བའི་དགོངས་པ་སྟེ། ཐལ་འགྱུར་ལས། མ་དག་པ་ཡི་འཁྲུལ་པ་ལ། །དབང་པོའི་སྒོ་རྣམས་མ་བཅོས་པར། །ཅོག་གིས་བཞག་པ་གནད་ཡིན་ལ། །དེ་ལས་བསྒྱུར་བ་མན་ངག་གོ། །གཟུང་བ་མེད་པའི་སྣང་

[p. 577] ༄༅། །བ་ལ༑ །འཛིན་པ་མེད་པའི་སེམས་ཤར་བ། །དཔྱོད་པ་མེད་པའི་མིག་གིས་མཐོང་། །ཆོས་ཉིད་མེད་པའི་ལམ་ནས་དྲངས། །ལྟ་སྒོམ་མེད་པའི་གཞི་ལ་བསྐྱལ། །བྱས་མེད་རྩོལ་བྲལ་འབྲས་བུར་སྨིན། །འདི་ལ་སྣང་མཐའ་མི་ གནས་སོ། །ཞེས་སོ། །སྣང་ཐོག་ཏུ་བཞག་དུས་བསྒྱུར་བ་ནི་འདིའི་གནད་གལ་པོ་ཆེ་སྟེ། གཟུགས་སྣང་གི་སྟེང་དུ་ཤེས་པ་ཤར་དུས་དེ་ཀ་ལ་གཏད་ན་ཡང་ན་ཞི་གནས་ལྟེངས་སོ། །ཡང་ན་རྟོག་པ་འགྲོ་རྒོད་གང་རུང་ཞིག་ལས་མི་འདའ་བས་འདིར་དེ་དུས་ཀྱི་རིག་པ་ རྗེན་པ་དེ་ངོས་བཟུང་ནས་དེའི་ངང་དུ་བསྒྱུར་བའོ། །གཉིས་པ་དབྱེ་བ་ནི། གྲོལ་ལུགས་བཞི་གནད་བཞི་དང་བཅས་པ་སྟེ། ཐལ་འགྱུར་ལས། རང་རིག་རྟོག་པ་ཀུན་བྲལ་བས། །གྲོལ་ལུགས་བཞི་དང་བཅས་པའོ། །གནད་བཞི་གྲོལ་བའི་གདེང་གིས་ནི། ། འཁོར་དང་མྱ་ངན་འདས་པའི་གནས། །མ་བྱུང་བྱས་པ་མེད་པས་ན། །གཞི་དང་རྩ་བ་མེད་པའོ། །ཞེས་པ་དང་། དེའི་དོན་རྒྱས་པར་བཤད་པ་ནི། ཡང་དེ་ཉིད་ལས། རང་སེམས་གྲོལ་བ་ཞེས་བྱ་བ། །གཅིག་ནས་གཅིག་ཏུ་སོང་བ་མེད། །གང་གིས་ བཅིངས་བཀྲོལ་མེད་པའི་སེམས། །གཞི་ནས་རྫོགས་པས་འགྲོ་འོང་མེད། །བརྟགས་པས་མ་རྙེད་རྒྱུ་མཚན་མེད། །གཞི་རྩ་མེད་པས་སྟོང་གསལ་གནས། །རང་གསལ་གནས་པའི་སེམས་དེ་ནི། །གནད་ཀྱིས་གྲོལ་བས་ཕྱོགས་རིས་མེད། །དུས་ཀྱིས་ གྲོལ་བས་ལྟོས་གཞི་མེད། །འབད་མེད་གྲོལ་བས་བརྩོན་འགྲུས་མེད། །གདེང་གིས་གྲོལ་བས་འབད་རྩོལ་མེད། །དེ་ལ་གདེང་གིས་གྲོལ་བ་བཤད། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །རང་གིས་གྲོལ་བས་གཉེན་པོ་མེད། །ཅེར་གྱིས་གྲོལ་བས་ མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་མེད་པའོ། །ཞེས་སོ། །དེའང་རིག་པ་རྗེན་པར་མཐོང་བའི་གནད་གྱིས་གྲོལ་བ་དང་། སྔ་ཕྱི་རིས་མེད་གཅིག་པར་དུས་ཀྱིས་གྲོལ་བ་དང་། རང་གཞག་འབད་རྩོལ་མེད་པར་གྲོལ་བ་གསུམ་ནི་མཐའ་གྲོལ་གྱི་དོན་

[p. 578] ཡིན་ལ། གདེང་གིས་གྲོལ་བ་བཞི་དང་བཅས་ན་ལྔར་འདུས་པ་ཡིན་ནོ། །རིག་པ་རྗེན་པ་ཡེ་ནས་བཅིངས་གྲོལ་མེད་པའི་ངོ་བོ་ལ་གྲོལ་ཞེས་ཐ་སྙད་བཏགས་པ་དེ་དོན་ལ་བཅིངས་པ་མེད་པས་གྲོལ་བ་མཚན་ཉིད་པ་ཡོད་པ་མ་ཡིན་ཏེ། ཁྱུང་ཆེན་ལས། རང་སྣང་དོན་དེ་གང་ལ་བཞིན་གསལ་བ། །བསྒྱུར་བ་མེད་ཅིང་མ་རྙོག་སུས་མ་འཕྲོགས། །ཡེ་ཤེས་དངོས་ཏེ་གཅིག་དང་ཐ་དད་མེད། །གཞི་མེད་ལམ་ཟད་འབྲས་བུ་ཡོད་མ་མྱོང་། །མཐོང་ཐོས་ལྟར་སྣང་གཅིག་གིས་གང་གྲོལ་བ། །མ་བཙལ་སུས་མི་རྙེད་པ་ཀུན་གྱི་སྙིང་ལ་གནས། །ཡེ་ནས་ཡོད་ཅིང་བལྟས་ཤིང་མཐོང་ལས་འདས། །དེ་ཉིད་རང་དེ་མ་བཅོས་ཐོག་མའི་ངང་། །རྒྱུ་སྟོང་རྐྱེན་ཡལ་ངོ་བོ་འདུས་མ་བྱས། །བྱ་བྱེད་སྤྱོད་དང་འཛིན་པའི་མཐའ་ལས་འདས། །རིག་པས་བྱུང་དང་སོ་སོས་གང་བསྒྱུར་བ། །གནས་ཐབས་ཉིད་དེ་དེ་ལས་བཅོས་ཅི་དགོས། །རྩོལ་མེད་བཙལ་མི་དགོས་ཏེ་བྱུང་ཁུངས་ཀུན་གྱི་དངོས། །རང་དག་དྲི་མའི་ཆོས་ནི་བཅས་ཤིང་བྱེད། །འབད་འགགས་རྩོལ་བ་བྲལ་བར་ངས་རིག་སྟེ། །ལྷག་པར་གྲོལ་དང་མ་གྲོལ་འདུག་གམ་ཅི། །གང་ལ་སྲིད་དེ་ཡེ་ཤེས་ཁྱབ་གདལ་ལོ། །ཞེས་སོ། །

[edit]
OCR of the BDRC scans (I3CN4959), gorn05 tibocr 2026: BDRC OCR on 159 pages, Mitra OCR on 256 pages (the model with more recognisable syllables on each page).

[p. 242] གསལ་ངར་དང་བཅས་པ་སྟེ་རྗེན་ཡེར་རེ་རེ་ངོས་བཟུང་དུས་རིག་པ་རྗེན་པ་དེ་དུས་ གསུམ་འབྲེལ་ཐག་ཆད་པའི་སྟེང་དུ་ཕོག་པས་ཆོས་སྐུ་རང་མལ་ན་རང་བཞིན་བར་ མེད་ཀྱི་བསམ་གཏན་ལ་བཞུགས་པ་ཞེས་བྱ་སྟེ། ཁྱུང་ཆེན་ལས། སྣང་མེད་སྟོང་ དང་བྲལ་བའི་ཡེ་ཤེས་དེ། །མ་བཟུང་མ་བཏང་མ་བསླད་རང་སོ་སྟེ། །གཅིག་གིས་ གསུམ་ལ་སུ་ཡིས་ཕོག་པ་ཉིད། །རྫུན་མིན་བདེན་མིན་གནས་ཐབས་ལྷང་ངེ་བའོ། ། ཞེས་སོ། །འདིའི་དུས་སུ་རྟོག་པར་སྣང་ཡང་རང་ངོ་མི་རྟོག་པའི་ཡེ་ཤེས་སུ་རྗེན་ལ་ བུད་ཟིན་ཏེ། གཟུང་འཛིན་དང་དུས་གསུམ་གྱི་འབྲེལ་ཐག་ཆད་པའི་རིག་པ་རང་ས་ ན་གསལ་བའི་ཕྱིར་རོ། །སེང་གེ་རྩལ་རྫོགས་ལས། ཡེ་ཤེས་རང་སྣང་ངོ་བོ་ནི། ། ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐད་ ཀར་བཅད་པའོ། །ཞེས་སོ། །ཤེས་པ་ལ་རྐྱེན་དྲག་པོས་བསླང་སྟེ་དུག་ལྔ་ལྟ་བུར་ རམ་རམ་སྐྱེས་དུས་ཐད་ཀ་ན་རིག་པ་མ་གཏོགས་པ་མེད་པས་ངོས་རྗེན་པར་བཟུང་ དུས་ཡེ་ཤེས་ལྷག་པར་གསལ་ལ་ཤེས་པའི་སྟེང་དུ་དགའ་བ་དང་མི་དགའ་བ་དང་ བར་མ་དང་བཟང་རྟོག་ངན་རྟོག་ཅི་ཤར་ཡང་རིག་པ་མ་གཏོགས་པ་མི་འཆར་བས་ ངོས་ཟིན་དུས་ཆོས་སྐུ་རྗེན་པར་འཆར་ཏེ། རིན་ཆེན་སྤུངས་པ་ལས། གཟུགས་སྐུ་ ཡུལ་དུ་སྣང་བའི་ཚེ། །ང་ཡི་སྐུ་ཡི་རོལ་པ་ཡིན། །འདི་ལ་ཡ་ང་མེད་པའི་མི། །ང་

[p. 243] ༈ ཚིག་དོན་རིན་པོ་ཆེའི་མཛོད། ཡི་སྐུ་ལ་འདི་ཡིས་རེག །གཏི་མུག་ཞེ་སྡང་འདོད་ཆགས་ཀྱི། །ཞེན་པ་དྲག་པོ་ནམ་ སྐྱེས་ན། །ང་ཡི་རིག་པ་རྟོག་མེད་ཡིན། །འདི་ཉིད་རང་གིས་རང་གྲོལ་བ། །ང་ཡི་ མིག་ལ་འདི་ཉིད་མཐོང་། །ཡིད་ཀྱི་དྲན་པ་ཕྱིར་སྣང་ཚེ། །ང་ཡི་སྒྲིབ་པ་རང་དག་ ཕྱིར། །འདི་ལ་རྗེས་སུ་གཅོད་མེད་ན། །ང་ཡི་སྒྲ་རྣམས་འདི་ཡིས་ཐོས། །བསམ་ པའི་རྟོག་ཚོགས་འདུས་པའི་ཚེ། །ང་ཡི་ཏིང་འཛིན་མི་རྟོག་བཟང་། །འདི་ལ་ཞེན་ པའི་བློ་མེད་ན། །ང་ཡི་དྲི་རྣམས་འདི་ཡིས་ཚོར། །རགས་པའི་གཟུགས་ལ་བློ་ ཞུགས་ཚེ། །ང་ཡི་ཉམས་མྱོང་ཤར་བས་ཡིན། །འདི་ལ་གཅིག་དང་གཉིས་ཟད་ནས། ། འདིས་ནི་ང་ཡི་རོ་རྣམས་མྱོང་། །འདི་ལྟར་སྣང་ཚད་ཐོས་ཚད་ཀུན། །ཀུན་བཟང་ང་ ཡི་རོལ་པར་བཤད། །རོལ་པའི་འཆར་བྱེད་མ་འགགས་པས། །ང་ཡི་ཡོན་ཏན་ ཉིད་དུ་འབྱུང་། །ཡོན་ཏན་སྣང་བྱེད་འདི་ཙམ་པས། །ཟད་པར་མི་འགྱུར་ཟད་པ་ མེད། །དེ་ཕྱིར་སྐུ་གསུམ་ཕྱག་རྒྱའི་ཞིང་། །ཞེས་སོ། །དེ་ལྟ་བུའི་ངོ་བོ་ཉམས་སུ་ ལེན་པའི་དུས་ཀྱི་རིག་པའི་ངང་དེ་ཉིད་ཆོས་སྐུ་རང་གཞག་ཆེན་པོའི་དགོངས་པ་སྟེ། ཀློང་དྲུག་པ་ལས། བྱུང་ཚོར་མེད་པའི་སེམས་ཉིད་ལ། །མ་བསམས་ལྷག་མཐོང་ སྣང་བ་ནི། །འགྲོ་འོང་ཟད་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། ། གཟུང་བ་མེད་པའི་སེམས་ཉིད་ལ། །མ་འགགས་དག་པའི་སྣང་བ་ནི། །རོལ་པ་ ཆེན་པོའི་ཏིང་འཛིན་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །འཛིན་པ་མེད་པའི་ སེམས་ཉིད་ལ། །རང་ཤར་ཆེན་པོའི་སྣང་བ་ནི། །མ་འགགས་མི་རྟོག་དགོངས་པ་ ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཟུག་རྔུ་མེད་པའི་སེམས་ཉིད་ལ། ། བདག་རྟོག་བྲལ་བའི་སྣང་བ་ནི། །རང་གཞག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་ བཟང་པོ་ང་ཡིས་བསྟན། །རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་

[p. 244] ། རྡོ་རྗེའི་གནས་བརྒྱད་པ་ཇི་ལྟར་ཉམས་སུ་བླང་བའི་རིམ་པ་རྒྱ་ཆེར་བཤད་པ། བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་ བསྟན། །བླང་དོར་བྲལ་བའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། ། ཁྱབ་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །ཞེས་སོ། ། འདི་ལ་རིག་པ་འཕྲོ་འདུ་མེད་པར་གནས་པའི་དུས་ན་གནས་ཆའི་མི་རྟོག་པ་དེ་ སྒོམ་དུ་འདོད་པ་མ་ཡིན། འདིའི་དུས་ཀྱི་རིག་གེ་སིང་ངེ་བའི་གསལ་དངས་ཀྱི་རིག་ པ་རྗེན་པ་དེ་མ་ཡེངས་པར་ཕྱལ་ལེ་སྐྱོང་བའོ། །ཡང་རིག་པ་ཡུལ་ལ་འཆར་དུས་ གང་ཤར་ལ་ལྟ་བ་དེ་སྒོམ་དུ་ཡོད་པ་མ་ཡིན། དེའི་དུས་ཀྱི་རིག་པ་གསལ་རྗེན་རྗེན་ པའི་ཆ་དེ་མ་ཡེངས་པར་སྐྱོང་བའོ། །གནད་འདི་མ་གོ་ན་གནས་པ་དང་འཆར་བ་ གཉིས་ལ་ལྟ་བ་དེ་སྒོམ་པའི་ངོ་བོ་ཡིན་སྙམ་ནས་འཁྲུལ་པར་འགྱུར་རོ། །སེམས་ གནས་པ་ཙམ་བསམ་གཏན་གྱི་ལྷ་དང་འདྲ་ལ། འཆར་བ་ཙམ་ཐ་མལ་གྱི་རྟོག་པ་ དང་འདྲ་བས་དེ་ལ་བསྒོམས་ཀྱང་སངས་རྒྱས་ཐོབ་རེ་སྐན་ནོ། །འདིར་གང་གི་དུས་ ཡིན་ཀྱང་རིག་པའི་ཆ་རྗེན་པ་ཟང་ཐལ་ཤེལ་གོང་འདྲ་བ་དེ་ཀློང་དུ་མ་གྱུར་རིང་ལ་ སྐྱོང་། གྱུར་ནས་དེའི་ངང་ལ་མི་འབྲལ་བར་གནས་པ་ཡིན་ནོ། །ཁྲེགས་གཅོད་ཀྱི་ དོན་གོ་རིག་པ་རྗེན་ལ་ཕུད་ནས་སལ་སལ་སྐྱོང་བ་དེ་ལ་ཟེར་བས་གནད་འདི་ཁོ་ན་ གལ་ཆེ་བར་ཡོད་པས་ངོ་ཤེས་པར་བྱའོ། །དེ་སྐད་དུའང་ཡི་གེ་མེད་པ་ལས། སེམས་འཛིན་ལྟ་སྒོམ་མེད་ན་ཆོས་སྐུ་དངོས་པོ་ཡིན། །ལྟ་བའི་རྩལ་གསུམ་འབྱོངས་ ན་སྣང་བ་ཆོས་སྐུའི་ཀློང་། །བྱ་བྱེད་གཡེང་བ་མེད་ན་ཆོས་ཉིད་བདེ་བའི་ས། །གཅིག་ པུ་དལ་བར་འདུག་ན་རྩལ་གསུམ་རང་ལས་འབྱུང་། །ཐད་ཀ་གྲོགས་སུ་ཤེས་ན་ ཅོག་གཞག་གཅིག་གི་ངང་། །དེ་དང་རྒྱུན་དུ་གནས་ན་དེ་ལ་ཅི་ཞིག་བྱ། །སྣང་བ་ ཆེན་པོ་ཀུན་ལ་ཡང་དག་གནས། །གསང་བའི་སྔགས་ཀྱི་དངོས་པོ་དེ་ཉིད་དོ། །

[p. 245] ༈ ཚིག་དོན་རིན་པོ་ཆེའི་མཛོད། ཞེས་སོ། །དོན་གསུམ་པ་ཡོངས་གྲོལ་མཉམ་པ་ཆེན་པོར་ཆིངས་སུ་བཅིང་བ་ལ་ གཉིས་ཏེ། ཡོངས་གྲོལ་གྱི་གནས་ལུགས་སྤྱིར་བསྟན་པ་དང་། དེའི་རྣམ་གྲངས་བྱེ་ བྲག་ཏུ་བཤད་པའོ། །དང་པོ་ལ་ངོ་བོ་དང་། དབྱེ་བ་གཉིས་ལས། ངོ་བོ་ནི་རིག་པ་ རྗེན་པའི་དོན་དེ་ངོས་བཟུང་ལ། གནས་ན་གནས་ཐོག་ཏུ་ཕྱམ་གདལ། འཆར་ན་ འཆར་ཐོག་ཏུ་དངས་ཕྱེ་ནས་བཞག་པས་རང་ཡལ་རྗེས་མེད་ཟང་ཐལ་ཏེ། ཐལ་ འགྱུར་ལས། དགོངས་པ་གཅིག་ལས་གཡོས་པ་མེད། །སྣང་བ་སྣང་བའི་ཐོག་ གསལ་བས། །བཞིན་དང་མེ་ལོང་ལྟ་བུ་ལས། །གྲོལ་བ་དེ་དང་དེ་ཉིད་གྲོལ། ། ཤེས་པ་འགྱུ་བ་སྟོང་ཡལ་བས། །མཐོང་ཞེས་རིག་པ་ཐ་དད་མིན། །དེ་ཉིད་རང་གི་ ཐོག་ཏུ་གྲོལ། །གཅིག་ཤེས་པས་ནི་ཀུན་གྲོལ་ཕྱིར། །གཉིས་དང་གསུམ་གྱི་གྲངས་ མཐའ་ཟད། །རྟོག་ཅིང་འཛིན་པའི་ཡུལ་མི་སྣང་། །འགྱུ་དང་འཛིན་པ་ཡེ་ནས་སྟོང་། ། སྟོང་པའི་དགོངས་པ་གསལ་རྫོགས་པས། །དུ་མའི་གྲངས་མཐའ་ཟད་པའོ། །ཞེས་ པ་དང་། ཁྱུང་ཆེན་ལས། ཆོས་ཀུན་སྤྲོས་དང་བྲལ་ཞིང་རྙོག་མེད་པས། །བྱས་མེད་ རང་སར་གྲོལ་བའི་གནད་འདི་རབ་ཏུ་ཆེ། །རྒྱུ་འགགས་རྐྱེན་ཡལ་འབྲས་བུ་ཟད་ པའི་གནད། །གང་ལ་མ་བརྟེན་གཅིག་གྲོལ་ཀློང་ཉིད་དོ། །སྤྱོད་བྲལ་སྒོམ་དག་ བལྟ་རུ་མེད་པའི་དོན། །མ་བཅོས་སྣང་བ་རང་སར་བཞག་པས་གྲོལ། །ཞེས་སོ། ། སྣང་བ་སྣང་ཐོག་ལས་གཞན་དུ་སྤོ་ལག་དང་བཅས་བཅོས་མེད་པར་བཞག་པ་ཙམ་ གྱིས་རང་ས་ནས་གྲོལ་བས་ལྟ་སྒོམ་ཟད་སར་སྐྱོལ་བའི་དགོངས་པ་སྟེ། ཐལ་ འགྱུར་ལས། མ་དག་པ་ཡི་འཁྲུལ་པ་ལ། །དབང་པོའི་སྒོ་རྣམས་མ་བཅོས་པར། ། ཅོག་གིས་བཞག་པ་གནད་ཡིན་ལ། །དེ་ལས་བསྒྱུར་བ་མན་ངག་གོ། །གཟུང་བ་ མེད་པའི་སྣང་བ་ལ། །འཛིན་པ་མེད་པའི་སེམས་ཤར་བ། །དཔྱོད་པ་མེད་པའི་

[p. 246] ༈ རྡོ་རྗེའི་གནས་བརྒྱད་པ་ཇི་ལྟར་ཉམས་སུ་བླང་བའི་རིམ་པ་རྒྱ་ཆེར་བཤད་པ། མིག་གིས་མཐོང་། །ཆོས་ཉིད་མེད་པའི་ལམ་ནས་དྲངས། །ལྟ་སྒོམ་མེད་པའི་གཞི་ ལ་བསྐྱལ། །བྱས་མེད་རྩོལ་བྲལ་འབྲས་བུར་སྨིན། །འདི་ལ་སྣང་མཐའ་མི་གནས་ སོ༑ ༑ཞེས་སོ། །སྣང་ཐོག་ཏུ་བཞག་དུས་བསྒྱུར་བ་ནི་འདིའི་གནད་གལ་པོ་ཆེ་སྟེ། གཟུགས་སྣང་གི་སྟེང་དུ་ཤེས་པ་ཤར་དུས་དེ་ཀ་ལ་གཏད་ན་ཡང་ན་ཞི་གནས་ ལྟེངས་སོ། །ཡང་ན་རྟོགས་པ་འཕྲོ་རྒོད་གང་རུང་ཞིག་ལས་མི་འདའ་བས་འདིར་དེ་ དུས་ཀྱི་རིག་པ་རྗེན་པ་དེ་ངོས་བཟུང་ནས་དེའི་ངང་དུ་བསྒྱུར་བའོ། །གཉིས་པ་དབྱེ་ བ་ནི། གྲོལ་ལུགས་བཞི་གནད་བཞི་དང་བཅས་པ་སྟེ། ཐལ་འགྱུར་ལས། རང་ རིག་རྟོག་པ་ཀུན་བྲལ་བས། །གྲོལ་ལུགས་བཞི་དང་བཅས་པའོ། །གནད་བཞི་ གྲོལ་བའི་གདེང་གིས་ནི། །འཁོར་དང་མྱ་ངན་འདས་པའི་གནས། །མ་བྱུང་བྱས་པ་ མེད་པས་ན། །གཞི་དང་རྩ་བ་མེད་པའོ། །ཞེས་པ་དང་། དེའི་དོན་རྒྱས་པར་བཤད་ པ་ནི། ཡང་དེ་ཉིད་ལས། རང་སེམས་གྲོལ་བ་ཞེས་བྱ་བ། །གཅིག་ནས་གཅིག་ཏུ་ སོང་བ་མེད། །གང་གིས་བཅིངས་བཀྲོལ་མེད་པའི་སེམས། །གཞི་ནས་རྫོགས་ པས་འགྲོ་འོང་མེད། །བརྟགས་པས་མ་རྙེད་རྒྱུ་མཚན་མེད། །གཞི་རྩ་མེད་པས་སྟེང་ གསལ་གནས། །རང་གསལ་གནས་པའི་སེམས་དེ་ནི། །གནད་ཀྱིས་གྲོལ་བས་ ཕྱོགས་རིས་མེད། །དུས་ཀྱིས་གྲོལ་བས་ལྟོས་གཞི་མེད། །འབད་མེད་གྲོལ་བས་ བརྩོན་འགྲུས་མེད། །གདེང་གིས་གྲོལ་བས་འབད་རྩོལ་མེད། །དེ་ལ་གདེང་གིས་ གྲོལ་བ་བཤད། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །རང་གིས་གྲོལ་བས་གཉེན་ པོ་མེད། །ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་མེད་ པའོ། །ཞེས་སོ། །དེའང་རིག་པ་རྗེན་པར་མཐོང་བའི་གནད་ཀྱིས་གྲོལ་བ་དང་། སྔ་ཕྱི་རིས་མེད་གཅིག་པར་དུས་ཀྱིས་གྲོལ་བ་དང་། རང་གཞག་འབད་རྩོལ་མེད་

[p. 247] ༈ ཚིག་དོན་རིན་པོ་ཆེའི་མཛོད། པར་གྲོལ་བ་གསུམ་ནི་མཐའ་གྲོལ་གྱི་དོན་ཡིན་ལ། གདེང་གིས་གྲོལ་བ་བཞི་དང་ བཅས་ན་ལྔར་འདུས་པ་ཡིན་ནོ། །རིག་པ་རྗེན་པ་ཡེ་ནས་བཅིངས་གྲོལ་མེད་པའི་ ངོ་བོ་ལ་གྲོལ་ཞེས་ཐ་སྙད་བཏགས་པ་དེ་དོན་ལ་བཅིངས་པ་མེད་པས་གྲོལ་བ་ མཚན་ཉིད་པ་ཡོད་པ་མ་ཡིན་ཏེ། ཁྱུང་ཆེན་ལས། རང་སྣང་དོན་དེ་གང་ལ་བཞིན་ གསལ་བ། །བསྒྱུར་བ་མེད་ཅིང་མ་རྙོག་སུས་མ་འཕྲོགས། །ཡེ་ཤེས་དངོས་ཏེ་ གཅིག་དང་ཐ་དད་མེད། །གཞི་མེད་ལམ་ཟད་འབྲས་བུ་ཡོད་མ་མྱོང་། །མཐོང་ཐོས་ ལྟར་སྣང་གཅིག་གིས་གང་གྲོལ་བ། །མ་བཙལ་སུས་མི་རྙེད་པ་ཀུན་གྱི་སྙིང་ལ་ གནས། །ཡེ་ནས་ཡོད་ཅིང་བལྟས་ཤིང་མཐོང་ལས་འདས། །དེ་ཉིད་རང་དེ་མ་ བཅོས་ཐོག་མའི་ངང་། །རྒྱུ་སྟོང་རྐྱེན་ཡལ་ངོ་བོ་འདུས་མ་བྱས། །བྱ་བྱེད་སྤྱོད་དང་ འཛིན་པའི་མཐའ་ལས་འདས། །རིག་པས་བྱུང་དང་སོ་སོས་གོང་༧བསྒྱུར་བ། ། གནས་ཐབས་ཉིད་དེ་དེ་ལས་བཅོས་མི་དགོས། །རྩོལ་མེད་བཙལ་མི་དགོས་ཏེ་ བྱུང་ཁུངས་ཀུན་གྱི་དངོས། །རང་དག་དྲི་མའི་ཆོས་ནི་བཅས་ཤིང་བྱེད། །འབད་ འགགས་རྩོལ་བ་བྲལ་བར་ངས་རིག་སྟེ། །ལྷག་པར་གྲོལ་དང་མ་གྲོལ་འདུག་གམ་ ཅི༑ ༑གང་ལ་སྲིད་དེ་ཡེ་ཤེས་ཁྱབ་གདལ་ལོ། །ཞེས་སོ། །དེ་ཡང་བྱིས་པ་རྣམས་

[edit]
OCR of the BDRC scans (I8LS32911), gorn05 tibocr 2026: BDRC OCR on 307 pages, Mitra OCR on 201 pages (the model with more recognisable syllables on each page).

[p. 275] རང་ཤར་ཡིན་པས་

[p. 276] ༄༅། །གཏོགས་པ་མི་འཆར་བས་ཕོས་ཟིན་དུས་ཆོས་སྐུ་རྟེན་པར་འཆར་ཏེ། རིན་ཆེན་སྤུངས་པ་ལས། གཟུགས་སྐུ་ཡུལ་དུ་སྣང་བའི་ཚེ། །ང་ཡི་སྐུ་ཡི་རོལ་པ་ཡིན། །འདི་ལ་ཡང་མེད་པའི་མི།། ང་ཡི་སྐུ་ལ་འདི་ཡིས་རེག །གཏི་མུག་ཞེ་སྡང་འདོད་ཆགས་ཀྱི། །ཞེན་པ་དྲག་པོ་ནམ་སྐྱེས་ན། །ང་ཡི་རིག་པ་རྟོག་མེད་ཡིན། །འདི་ཉིད་རང་གིས་རང་གྲོལ་བ། །ང་ཡི་མིག་ལ་འདི་ཉིད་མཐོང་། །ཡིད་ ཀྱི་དྲན་པ་ཕྱིར་སྣང་ཚེ། །ང་ཡི་སྒྲིབ་པ་རང་དག་ཕྱིར། །འདི་ལ་རྗེས་སུ་གཅོད་མེད་ན། །ང་ཡི་སྒྲ་རྣམས་འདི་ཡིས་ཐོས། །བསམ་པའི་རྟོག་ཚོགས་འདུས་པའི་ཚེ། །ང་ཡི་ཏིང་འཛིན་མི་རྟོག་བཟང་། །འདི་ ལ་ཞེན་པའི་བློ་མེད་ན། །ང་ཡི་དྲི་རྣམས་འདི་ཡིས་ཚོར། །རགས་པའི་གཟུགས་ལ་བློ་ཞུགས་ཚེ། །ང་ཡི་ཉམས་མྱོང་ཤར་བས་ཡིན། །འདི་ལ་གཅིག་དང་གཉིས་ཟད་ནས། །འདིས་ནི་ང་ཡི་རོ་རྣམས་མྱོང་། །འདི་ལྟར་ སྣང་ཚད་ཐོས་ཚད་ཀུན། །ཀུན་བཟང་ང་ཡི་རོལ་པར་བཤད། །རོལ་པའི་འཆར་བྱེད་མ་འགགས་པས། །ང་ཡི་ཡོན་ཏན་ཉིད་དུ་འབྱུང་། །ཡོན་ཏན་སྣང་བྱེད་འདི་ཙམ་པས། །ཟད་པར་མི་འགྱུར་ཟད་པ་མེད། ། དེ་ཕྱིར་སྐུ་གསུམ་ཕྱག་རྒྱའི་ཞིང་། །ཞེས་སོ། །དེ་ལྟ་བུའི་ངོ་བོ་ཉམས་སུ་ལེན་པའི་དུས་ཀྱི་རིག་པའི་ངང་དེ་ཉིད་ཆོས་སྐུ་རང་གཞག་ཆེན་པོའི་དགོངས་པ་སྟེ། ཀློང་དྲུག་པ་ལས། བྱུང་ཚོར་མེད་པའི་སེམས་

[p. 277] པ་ས་རྒྱ་མཚོ་འདྲ། །ནང་བྱུང་གྲོལ་གཞི་ནམ་མཁའ་བཞིན། །ཞེས་སོ། །གཉིས་པ་དང་དེར་འགག་བསྡམ་པ་ནི། །རིག་པ་རྗེན་པ་དེ་འཆར་རམ་གནས་ཀྱང་ཅོག་གཞག་བཅོས་བསླད་མེད་པར་རང་སོར་གློད་ནས་དངས་ཕྱིན་ བར་གསལ་ངར་དང་བཅས་པ་སྟེ་རྗེན་ཡོར་རེ་རེ་ངོས་བཟུང་དུས་རིག་པ་རྗེན་པ་དེ་དུས་གསུམ་འབྲེལ་ཐག་ཆད་པའི་སྟེང་དུ་ཕོག་པས་ཆོས་སྐུ་རང་མལ་ན་རང་བཞིན་བར་མེད་ཀྱི་བསམ་གཏན་ལ་བཞུགས་པ་ཞེས་བྱ་སྟེ། ཁྱུང་ཆེན་ལས། སྣང་མེད་སྟོང་དང་བྲལ་བའི་ཡེ་ཤེས་དེ། །མ་བཟུང་མ་བཏང་མ་བསླང་རང་སོ་སྟེ། །གཅིག་གིས་གསུམ་ལ་སུ་ཡིས་ཕོག་པ་ཉིད། །རྫུན་མིན་བདེན་མིན་གནས་ཐབས་ལྷང་ངེ་བའོ། །ཞེས་སོ། །འདིའི་ དུས་སུ་རྟོག་པར་སྣང་ཡང་རང་ངོ་མི་རྟོག་པའི་ཡེ་ཤེས་སུ་རྗེན་ལ་བུད་ཟིན་ཏེ། བཟུང་འཛིན་དང་དུས་གསུམ་གྱི་འབྲེལ་ཐག་ཆད་པའི་རིག་པ་རང་ས་ན་གསལ་བའི་ཕྱིར་རོ། །སེང་གེ་རྩལ་རྫོགས་ལས། ཡེ་ ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐད་ཀར་བཅད་པའོ། །ཞེས་སོ། །ཤེས་པ་ལ་རྐྱེན་དྲག་པོས་བསླང་སྟེ་དུག་ལྔ་ལྟ་བུར་རམ་རམ་སྐྱེས་ དུས་ཐད་ཀ་ན་རིག་པ་མ་གཏོགས་པ་མེད་པས་ངོས་རྗེན་པར་འབྱུང་དུས་ཡེ་ཤེས་ལྷག་པར་གསལ་ལ་ཤེས་པའི་སྟེང་དུ་དགའ་བ་དང་མི་དགའ་བ་དང་བར་མ་དང་བཟང་རྟོག་ངན་རྟོགས་ཅི་ཤར་ཡང་རིག་པ་མ་

[p. 278] འཕྲག་པ་༧༧༨༧་ཀྱིས། འཆར་བ་གཉིས་ལ་ལྟ་བ་དེ་སྒོམ་པའི་ངོ་བོ་ཡིན་སྙམ་ནས་འཁྲུལ་པར་འགྱུར་རོ། །སེམས་གནས་པ་ཙམ་པས་མ་གཏན་གྱི་ལྷ་དང་འདྲ་ལ། འཆར་བ་ཙམ། ཐ་མལ་གྱི་རྟོག་དང་འདྲ་བས་དེ་ལ་བསྒོམས་ཀྱང་སངས་རྒྱས་ཐོབ་པའི་སྒྲ་ན་ནོ། །འདིར་གང་གི་དུས་ཡིན་ཏེ། འདིར་མའི་ཆ་རྗེན་པ་ཐང་ཐལ་ཤེལ་གྱི་གོང་འདྲ་བ་དེ་ཀློང་དུ་མ་བྱུང་རིང་ལ་སྐྱོང་། འགྱུར་ནས་དེའི་ངང་ལ་མི་འབྲལ་བར་གནས་པ་ཡིན་ནོ། །ཁྲེགས་གཅོད་ཀྱི་དོན་གོ་རིག་པ་རྗེན་ལ་ཕུད་པས་ས་ལ་ཡས་སྟོང་པ་དེ་ལ་ཐང་པ་ཅི་གནས་འདི་ཁོ་ན་གལ་ཆེ་བའི་ཡོད་པས་ངོ་ཤེས་པར་བྱའོ། །དེ་སྐད་དུའང་མི་བདེ་མོད་མ་ལས། སེམས་འཛིན་ལྟ་སྒོམ་མེད་ན་ཆོས་སྐུ་དངོས་པོ་ཡིན། །དེ་ལྟར་ཇི་ཙམ་གསུམ་འཁྱོས་ན་དེ་ལ་ཆོས་སྐུའི་གྲོང་། །བྱ་རྒྱུད་པ་ཡང་བ་མེད་ན་ཆོས་ཉིད་བདེ་བའི་ས། །གཅིག་པུ་དལ་བར་འདུག་ན་རྩལ་གསུམ་རང་ལས་འབྱུང་། །ཐད་ཀ་གྲོགས་སུ་ཤེས་ན་ཅོག་གཞག་གཅིག་གི་འདུག །དེ་དང་རྒྱུ་མཐུ་མི་ནས་དེ་ལ་ཅི་ཉིད་འདྲ། །སྣང་བ་ཆེན་པོ་ཀུན་ལ་ཡང་དག་གནས། །གསང་བའི་སྔགས་ཀྱི་དངོས་པོ་དེ་ཉིད་དོ། །ཞེས་སོ། །དོན་གསུམ་པ་ཡོངས་གྲོལ་མཉམ་པ་ཆེན་པོར་ཆིངས་སུ་བཅིང་བ་ལ་གཉིས་ཏེ། ཡོངས་གྲོལ་གྱི་གནས་ལུགས་སྤྱིར་བསྟན་པ་དང་། དེའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་

[p. 279] ཉིད་ལ། །མ་བསམས་ལྷག་མཐོང་སྣང་བ་ནི། །འགྲོ་འོང་ཟད་པའི་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །གཟུང་བ་མེད་པའི་སེམས་ཉིད་ལ། །མ་འགགས་དག་པའི་སྣང་བ་ནི། །རོལ་པ་ ཆེན་པོའི་ཏིང་འཛིན་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །འཛིན་པ་མེད་པའི་སེམས་ཉིད་ལ། །རང་ཤར་ཆེན་པོའི་སྣང་བ་ནི། །མ་འགགས་མི་རྟོག་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། ། ཟུག་རྔུ་མེད་པའི་སེམས་ཉིད་ལ། །བདག་རྟོག་བྲལ་བའི་སྣང་བ་ནི། །རང་གཞག་ཆེན་པོའི་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། ། སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །བླང་དོར་བྲལ་བའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱབ་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་དུ་བཟང་པོ་ ང་ཡིས་བསྟན། །ཞེས་སོ། །འདི་ལ་རིག་པ་འཕྲོ་འདུ་མེད་པར་གནས་པའི་དུས་ན་གནས་ཆའི་མི་རྟོག་པ་དེ་སྒོམ་དུ་འདོད་པ་མ་ཡིན། འདིའི་དུས་ཀྱི་རིག་གེ་སིང་ངེ་བའི་གསལ་དངས་ཀྱི་རིག་པ་རྗེན་པ་དེ་མ་ཡེངས་པར་ ཕྱལ་ལ་སྐྱོང་བའོ། །ཡང་རིག་པ་ཡུལ་ལ་འཆར་དུས་གང་ཤར་ལ་ལྟ་བ་དེ་སྒོམ་དུ་ཡོད་པ་མ་ཡིན། དེའི་དུས་ཀྱི་རིག་པ་གསལ་རྗེན་རྗེན་པའི་ཆ་དེ་མ་ཡེངས་པར་སྐྱོང་བའོ། །གནད་འདི་མགོན་གནས་པ་དང་

[p. 280] ༄༅། །ལ། །དེ་ལས་བསྒྱུར་བ་མན་ངག་གོ །གཟུང་བ་མེད་པའི་སྣང་བ་ལ། །འཛིན་པ་མེད་པའི་སེམས་ཤར་བ། །དཔྱོད་པ་མེད་པའི་མིག་གིས་མཐོང་། །ཆོས་ཉིད་མེད་པའི་ལམ་ནས་དྲངས། ། ལྟ་སྒོམ་མེད་པའི་གཞི་ལ་བསྐྱལ། །བྱས་མེད་རྩོལ་བྲལ་འབྲས་བུར་སྨིན། །འདི་ལ་སྣང་མཐའ་མི་གནས་སོ། །ཞེས་སོ། །སྣང་ཐོག་ཏུ་བཞག་དུས་བསྒྱུར་བ་ནི་འདིའི་གནད་གལ་པོ་ཆེ་སྟེ། གཟུགས་སྣང་གི་ སྟེང་དུ་ཤེས་པ་ཤར་དུས་དེ་ཀ་ལ་གཏད་ན་ཡང་ན་ཞི་གནས་ལྟེངས་སོ། །ཡང་ན་རྟོག་པ་འཕྲོ་རྒོད་གང་རུང་ཞིག་ལས་མི་འདའ་བས་འདིར་དེ་དུས་ཀྱི་རིག་པ་རྗེན་པ་དེ་ངོས་བཟུང་ནས་དེའི་ངང་དུ་བསྒྱུར་བའོ། །གཉིས་པ་ དབྱེ་བ་ནི། གྲོལ་ལུགས་བཞི་གནད་བཞི་དང་བཅས་པ་སྟེ། ཐལ་འགྱུར་ལས། རང་རིག་རྟོག་པ་ཀུན་བྲལ་བས། །གྲོལ་ལུགས་བཞི་དང་བཅས་པའོ། །གནད་བཞི་གྲོལ་བའི་གདེང་གིས་ནི། །འཁོར་དང་ མྱ་ངན་འདས་པའི་གནས། །མ་བྱུང་བྱས་པ་མེད་པས་ན། །གཞི་དང་རྩ་བ་མེད་པའོ། །ཞེས་པ་དང་། དེའི་དོན་རྒྱས་པར་བཤད་པ་ནི། ཡང་དེ་ཉིད་ལས། རང་སེམས་གྲོལ་བ་ཞེས་བྱ་བ། །གཅིག་ནས་ གཅིག་ཏུ་སོང་བ་མེད། །གང་གིས་བཅིང་བཀྲོལ་མེད་པའི་སེམས། །གཞི་ནས་རྫོགས་པས་འགྲོ་འོང་མེད། །བརྟགས་པས་མ་རྙེད་རྒྱུ་མཚན་མེད། །གཞི་རྩ་མེད་པས་སྟོང་གསལ་གནས། །རང་

[p. 281] ངོ་བོ་དང་། དབྱེ་བ་གཉིས་ལས། ངོ་བོ་ནི་རིག་པ་རྗེན་པའི་དོན་དེ་ངོས་བཟུང་ལ། གནས་ན་གནས་ཐོག་ཏུ་ཕྱམ་གདལ། འཆར་ན་འཆར་ཐོག་ཏུ་དངས་ཕྱེ་ནས་བཞག་པས་རང་ཡལ་རྗེས་མེད་ཟང་ཐལ་ཏེ། ཐལ་འགྱུར་ ལས༑ དགོངས་པ་གཅིག་ལས་གཡོས་པ་མེད། །སྣང་བ་སྣང་བའི་ཐོག་གསལ་བས། །བཞིན་དང་མེ་ལོང་ལྟ་བུ་ལས། །གྲོལ་བ་དེ་དང་དེ་ཉིད་གྲོལ། །ཤེས་པ་འགྱུ་བ་སྟོང་ཡལ་བས། །མཐོང་ཞེས་རིག་པ་ཐ་དད་མིན།། དེ་ཉིད་རང་གི་ཐོག་ཏུ་གྲོལ། །གཅིག་ཤེས་པས་ནི་ཀུན་གྲོལ་ཕྱིར། །གཉིས་དང་གསུམ་གྱི་གྲངས་མཐའ་ཟད། །རྟོག་ཅིང་འཛིན་པའི་ཡུལ་མི་སྣང་། །འགྱུ་དང་འཛིན་པ་ཡེ་ནས་སྟོང་། །སྟོང་པའི་དགོངས་པ་གསལ་རྫོགས་ པས༑ ༑དུ་མའི་གྲངས་མཐའ་ཟད་པའོ། །ཞེས་པ་དང་། ཁྱུང་ཆེན་ལས། ཆོས་ཀུན་སྤྲོས་དང་བྲལ་ཞིང་རྙོག་མེད་པས། །བྱས་མེད་རང་སར་གྲོལ་བའི་གནད་འདི་རབ་ཏུ་ཆེ། །རྒྱུ་འགགས་རྐྱེན་ཡལ་འབྲས་བུ་ཟད་པའི་ གནད༑ ༑གང་ལ་མ་བརྟེན་གཅིག་གྲོལ་ཀློང་ཉིད་དོ། །སྤྱོད་བྲལ་སྒོམ་དག་བལྟ་རུ་མེད་པའི་དོན། །མ་བཅོས་སྣང་བ་རང་སར་བཞག་པས་གྲོལ། །ཞེས་སོ། །སྣང་བ་སྣང་ཐོག་ལས་གཞན་དུ་སྤོ་ལག་དང་བཅས་བཅོས་ མེད་པར་བཞག་པ་ཙམ་གྱིས་རང་ས་ནས་གྲོལ་བས་ལྟ་སྒོམ་ཟད་སར་སྐྱོལ་བའི་དགོངས་པ་སྟེ། ཐལ་འགྱུར་ལས། མ་དག་པ་ཡི་འཁྲུལ་པ་ལ། །དབང་པོའི་སྒོ་རྣམས་མ་བཅོས་པར། །ཅོག་གིས་བཞག་པ་གནད་ཡིན་

[p. 282] ༄༅། །ངོ་བོ་འདུས་མ་བྱས། །བྱ་བྱེད་སྤྱོད་དང་འཛིན་པའི་མཐའ་ལས་འདས། །རིག་པས་བྱུང་དང་སོ་སོས་གང་བསྒྱུར་བ། །གནས་ཐབས་ཉིད་དེ་དེ་ལས་བཅོས་ཅི་དགོས། །རྩོལ་ མེད་བཙལ་མི་དགོས་ཏེ་བྱུང་ཁུངས་ཀུན་གྱི་དངོས། །རང་དག་དྲི་མའི་ཆོས་ནི་བཅས་ཤིང་བྱེད། །འབད་འགགས་རྩོལ་བ་བྲལ་བར་ངས་རིག་སྟེ། །ལྷག་པར་གྲོལ་དང་མ་གྲོལ་འདུག་གམ་ཅི། །གང་ལ་སྲིད་ དེ་ཡེ་ཤེས་ཁྱབ་གདལ་ལོ། །ཞེས་སོ། །དེ་ཡང་བྱིས་པ་རྣམས་ཡུལ་དང་ཤེས་པར་འཆིང་བའི་ཆུ་ཉིད་ཀྱི་སྟེང་དུ་རྣལ་འབྱོར་པས་ཤེས་ཁ་རང་ཡན་དུ་བཞག་པས་གྲོལ་བ་འདི་ནི་གནད་གཞན་ལས་ འཕགས་ཏེ། ཡང་དེ་ཉིད་ལས། གང་གིས་མ་བསླད་རང་རིག་གྲོལ་བའི་གནད། །ལུས་དང་སེམས་དང་ཉོན་མོངས་རང་གི་ཆོས། །མི་ཤེས་བྱིས་པ་རྣམས་ཀྱི་རྒྱུར་སྣང་ཡང་། །མ་བཞག་མ་བཅོས་རྣལ་འབྱོར་ རང་རིག་པ། །ཡེ་ནས་རང་གྲོལ་དུས་ཀྱང་བཀྲོལ་བ་མེད། །མ་བཅོས་རང་སར་བཞག་པས་འབད་ཅི་དགོས། །ཞེས་སོ། །གཉིས་པ་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ངོ་བོ་མདོར་བསྟན། རང་ བཞིན་རྒྱས་པར་བཤད། དཔེ་དོན་ངེས་པས་དོན་བསྡུ་བའོ། །དང་པོ་ནི། རིག་པ་ཟང་ཐལ་རྗེན་པའི་ཆོས་སྐུ་ནི་ལྡོག་ཆོས་ལྔ་ལ་ལྟོས་ནས་ཡོངས་གྲོལ་གྱི་ཆིངས་ལྔར་བཤད་དེ། མུ་ཏིག་ཕྲེང་བ་ལས།

[p. 283] གསལ་གནས་པའི་སེམས་དེ་ནི། །གནད་ཀྱིས་གྲོལ་བས་ཕྱོགས་རིས་མེད། །དུས་ཀྱིས་གྲོལ་བས་ལྟོས་གཞི་མེད། །འབད་མེད་གྲོལ་བས་བརྩོན་འགྲུས་མེད། །གདེང་གིས་གྲོལ་བས་འབད་རྩོལ་མེད། ། དེ་ལ་གདེང་གིས་གྲོལ་བ་བཤད། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །རང་གིས་གྲོལ་བས་གཉེན་པོ་མེད། །ཅིར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་མེད་པའོ། །ཞེས་སོ། ། དེའང་རིག་པ་རྗེན་པར་མཐོང་བའི་གནད་གྱིས་གྲོལ་བ་དང་། སྔ་ཕྱི་རིས་མེད་གཅིག་པར་དུས་གྱིས་གྲོལ་བ་དང་། རང་གཞག་འབད་རྩོལ་མེད་པར་གྲོལ་བ་གསུམ་ནི་མཐའ་གྲོལ་གྱི་དོན་ཡིན་ལ། གདེང་གིས་ གྲོལ་བ་བཞི་དང་བཅས་ན་ལྡང་འདུས་པ་ཡིན་ནོ། །རིག་པ་རྗེན་པ་ཡེ་ནས་བཅིངས་གྲོལ་མེད་པའི་ངོ་བོ་ལ་གྲོལ་ཞེས་ཐ་སྙད་བཏགས་པ་དེ་དོན་ལ་བཅིངས་པ་མེད་པས་གྲོལ་བ་མཚན་ཉིད་ཕ་ཡོད་པ་མ་ཡིན་ཏེ། ཁྱུང་ཆེན་ལས། རང་སྣང་དོན་དེ་གང་ལ་བཞིན་གསལ་བ། །བསྒྱུར་བ་མེད་ཅིང་བ་རྟོག་སུས་མ་འཕྲོགས། །ཡེ་ཤེས་དངོས་ཏེ་གཅིག་དང་ཐ་དད་མེད། །གཞི་མེད་ལམ་ཟད་འབྲས་བུ་ཡོད་མ་མྱོང་། །མཐོང་ ཐོས་ལྟར་སྣང་གཅིག་གིས་གང་གྲོལ་བ། །མ་བཙལ་སུས་མི་རྙེད་པ་ཀུན་གྱི་སྙིང་ལ་གནས། །ཡེ་ནས་ཡོད་ཅིང་བལྟས་ཤིང་མཐོང་ལས་འདས། །དེ་ཉིད་རང་དེ་མ་བཅོས་ཐོག་མའི་ངང་། །

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 1009 typing errors, November 2026), with the variants of the other editions under each page (28 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = Tshig don mdzod MW3CN4957; X = Tshig don mdzod MW8LS32779. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 413] སྟེ་རྗེན་ཡེར་རེ་རེ་ངོས་བཟུང་དུས་རིག་པ་རྗེན་པ་དེ་དུས་གསུམ་འབྲེལ་ཐག་ཆད་པའི་སྟེང་དུ་ཕོག་པས་ཆོས་སྐུ་རང་མལ་ན་རང་བཞིན་བར་མེད་ཀྱི་བསམ་གཏན་ལ་བཞུགས་པ་ཞེས་བྱ་སྟེ། ཁྱུང་ཆེན་ལས། སྣང་མེད་སྟོང་དང་བྲལ་བའི་ཡེ་ཤེས་དེ། །མ་བཟུང་མ་བཏང་མ་བསླད་རང་སོ་སྟེ། །གཅིག་གིས་གསུམ་ལ་སུ་ཡིས་ཕོག་པ་ཉིད། །རྫུན་མིན་བདེན་མིན་གནས་ཐབས་ལྷང་ངེ་བའོ། །ཞེས་སོ། །འདིའི་དུས་སུ་རྟོག་པར་སྣང་ཡང་རང་ངོ་མི་རྟོག་པའི་ཡེ་ཤེས་སུ་རྗེན་ལ་བུད་ཟིན་ཏེ། གཟུང་འཛིན་དང་དུས་གསུམ་གྱི་འབྲེལ་ཐག་ཆད་པའི་རིག་པ་རང་ས་ན་གསལ་བའི་ཕྱིར་རོ། །སེང་གེ་རྩལ་རྫོགས་ལས། ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐད་ཀར་བཅད་པའོ། །ཞེས་སོ། །ཤེས་པ་ལ་རྐྱེན་དྲག་པོས་བསླང་སྟེ་དུག་ལྔ་ལྟ་བུར་རམ་རམ་སྐྱེས་

མ་བསླད་རང་སོ་སྟེ་གཅིག ] སོང W · གཟུང་འཛིན་དང་དུས་གསུམ་གྱི ] om. W · པའོ་ཞེས་སོ་ཤེས་པ་ལ ] ཤས D G

[p. 414] དུས་ཐད་ཀ་ན་རིག་པ་མ་གཏོགས་པ་མེད་པས་ངོས་རྗེན་པར་བཟུང་དུས་ཡེ་ཤེས་ལྷག་པར་གསལ་ལ་ཤེས་པའི་སྟེང་དུ་དགའ་བ་དང་མི་དགའ་བ་དང་བར་མ་དང་བཟང་རྟོག་ངན་རྟོག་ཅི་ཤར་ཡང་རིག་པ་མ་གཏོགས་པ་མི་འཆར་བས་ངོས་ཟིན་དུས་ཆོས་སྐུ་རྗེན་པར་འཆར་ཏེ། རིན་ཆེན་སྤུངས་པ་ལས། གཟུགས་སྐུ་ཡུལ་དུ་སྣང་བའི་ཚེ། །ང་ཡི་སྐུ་ཡི་རོལ་པ་ཡིན། །འདི་ལ་ཡང་མེད་པའི་མི། །ང་ཡི་སྐུ་ལ་འདི་ཡིས་རེག །གཏི་མུག་ཞེ་སྡང་འདོད་ཆགས་ཀྱི། །ཞེན་པ་དྲག་པོ་ནམ་སྐྱེས་ན། །ང་ཡི་རིག་པ་རྟོག་མེད་ཡིན། །འདི་ཉིད་རང་གིས་རང་གྲོལ་བ། །ང་ཡི་མིག་ལ་འདི་ཉིད་མཐོང༌། །ཡིད་ཀྱི་དྲན་པ་ཕྱིར་སྣང་ཚེ། །ང་ཡི་སྒྲིབ་པ་རང་དག་ཕྱིར། །འདི་ལ་རྗེས་སུ་གཅོད་མེད་ན། །ང་ཡི་སྒྲ་རྣམས་འདི་ཡིས་ཐོས། །བསམ་པའི་རྟོག་ཚོགས་འདུས་པའི་ཚེ། །ང་ཡི་ཏིང་འཛིན་མི་རྟོག་བཟང༌། །འདི་ལ་ཞེན་པའི་བློ་མེད་ན། །ང་

གཏོགས་པ་མེད་པས་ངོས་རྗེན ] པའི W · ཡིན་འདི་ལ་ཡང་མེད་པའི ] ཡ་ང P S · ང་ཡི་སྐུ་ལ་འདི་ཡིས ] om. W

[p. 415] ཡི་དྲི་རྣམས་འདི་ཡིས་ཚོར། །རགས་པའི་གཟུགས་ལ་བློ་ཞུགས་ཚེ། །ང་ཡི་ཉམས་མྱོང་ཤར་བས་ཡིན། །འདི་ལ་གཅིག་དང་གཉིས་ཟད་ནས། །འདིས་ནི་ང་ཡི་རོ་རྣམས་མྱོང༌། །འདི་ལྟར་སྣང་ཚད་ཐོས་ཚད་ཀུན། །ཀུན་བཟང་ང་ཡི་རོལ་པར་བཤད། །རོལ་པའི་འཆར་བྱེད་མ་འགགས་པས། །ང་ཡི་ཡོན་ཏན་ཉིད་དུ་འབྱུང༌། །ཡོན་ཏན་སྣང་བྱེད་འདི་ཙམ་པས། །ཟད་པར་མི་འགྱུར་ཟད་པ་མེད། །དེ་ཕྱིར་སྐུ་གསུམ་ཕྱག་རྒྱའི་ཞིང༌། །ཞེས་སོ། །དེ་ལྟ་བུའི་ངོ་བོ་ཉམས་སུ་ལེན་པའི་དུས་ཀྱི་རིག་པའི་ངང་དེ་ཉིད་ཆོས་སྐུ་རང་གཞག་ཆེན་པོའི་དགོངས་པ་སྟེ། ཀློང་དྲུག་པ་ལས། བྱུང་ཚོར་མེད་པའི་སེམས་ཉིད་ལ། །མ་བསམས་ལྷག་མཐོང་སྣང་བ་ནི། །འགྲོ་འོང་ཟད་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །གཟུང་བ་མེད་པའི་སེམས་ཉིད་ལ། །མ་འགགས་དག་པའི་སྣང་བ་ནི། །

ཉིད་ལ་མ་བསམས་ལྷག་མཐོང ] བསམ W · པ་ཞེས་ཀུན་ཏུ་བཟང་པོ ] དུ A D G X

[p. 416] རོལ་པ་ཆེན་པོའི་ཏིང་འཛིན་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །འཛིན་པ་མེད་པའི་སེམས་ཉིད་ལ། །རང་ཤར་ཆེན་པོའི་སྣང་བ་ནི། །མ་འགགས་མི་རྟོག་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཟུག་རྔུ་མེད་པའི་སེམས་ཉིད་ལ། །བདག་རྟོག་བྲལ་བའི་སྣང་བ་ནི། །རང་གཞག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བླང་དོར་བྲལ་བའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱབ་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཞེས་སོ། །འདི་ལ་རིག་པ་འཕྲོ་འདུ་མེད་པར་གནས་པའི་དུས་ན་གནས་ཆའི་མི་རྟོག་པ་དེ་སྒོམ་དུ་འདོད་པ་མ་ཡིན། འདིའི་དུས་ཀྱི་རིག་གེ་སིང་ངེ་བའི་གསལ་དངས་ཀྱི་

འཛིན་ཞེས་ཀུན་ཏུ་བཟང་པོ ] དུ A D G X · པ་ཞེས་ཀུན་ཏུ་བཟང་པོ ] དུ A D G · པ་ཞེས་ཀུན་ཏུ་བཟང་པོ ] དུ A D G X · པ་ཞེས་ཀུན་ཏུ་བཟང་པོ ] དུ A D G X · པ་ཞེས་ཀུན་ཏུ་བཟང་པོ ] དུ A D G S X · ཀྱི་རིག་གེ་སིང་ངེ་བའི ] སེང D G

[p. 417] རིག་པ་རྗེན་པ་དེ་མ་ཡེངས་པར་ཕྱལ་ལེ་སྐྱོང་བའོ། །ཡང་རིག་པ་ཡུལ་ལ་འཆར་དུས་གང་ཤར་ལ་ལྟ་བ་དེ་སྒོམ་དུ་ཡོད་པ་མ་ཡིན། དེའི་དུས་ཀྱི་རིག་པ་གསལ་རྗེན་རྗེན་པའི་ཆ་དེ་མ་ཡེངས་པར་སྐྱོང་བའོ། །གནད་འདི་མ་གོ་ན་གནས་པ་དང་འཆར་བ་གཉིས་ལ་ལྟ་བ་དེ་སྒོམ་པའི་ངོ་བོ་ཡིན་སྙམ་ནས་འཁྲུལ་པར་འགྱུར་རོ། །སེམས་གནས་པ་ཙམ་བསམ་གཏན་གྱི་ལྷ་དང་འདྲལ། །འཆར་བ་ཙམ་ཐ་མལ་གྱི་རྟོག་པ་དང་འདྲ་བས་དེ་ལ་བསྒོམས་ཀྱང་སངས་རྒྱས་ཐོབ་རེ་སྐན་ནོ། །འདིར་གང་གི་དུས་ཡིན་ཀྱང་རིག་པའི་ཆ་རྗེན་པ་ཟང་ཐལ་ཤེལ་གོང་འདྲ་བ་དེ་ཀློང་དུ་མ་གྱུར་རིང་ལ་སྐྱོང༌། གྱུར་ནས་དེའི་ངང་ལ་མི་འབྲལ་བར་གནས་པ་ཡིན་ནོ། །ཁྲེགས་གཅོད་ཀྱི་དོན་གོ་རིག་པ་རྗེན་ལ་ཕུད་ནས་སལ་སལ་སྐྱོང་བ་དེ་ལ་ཟེར་བས་གནད་འདི་ཁོ་ན་གལ་ཆེ་བར་ཡོད་པས་ངོ་ཤེས་པར་བྱའོ། །དེ་སྐད་དུའང་ཡི་གེ་མེད་པ་ལས།

ཕྱལ་ལེ་སྐྱོང་བའོ་ཡང་རིག ] པའོ W · བའོ་གནད་འདི་མ་གོ་ན་གནས་པ ] མགོན A X · གྱི་ལྷ་དང་འདྲལ་འཆར་བ ] འདྲ་ལ A P D G S · གྱུར་ནས་དེའི་ངང་ལ་མི ] དང D G · པ་རྗེན་ལ་ཕུད་ནས་སལ ] ཕུང D G · ལ་ཕུད་ནས་སལ་སལ་སྐྱོང་བ ] ས་ལ་ས་ལ A D G

[p. 418] སེམས་འཛིན་ལྟ་སྒོམ་མེད་ན་ཆོས་སྐུ་དངོས་པོ་ཡིན། ལྟ་བའི་རྩལ་གསུམ་འབྱོངས་ན་སྣང་བ་ཆོས་སྐུའི་ཀློང༌། །བྱ་བྱེད་གཡེང་བ་མེད་ན་ཆོས་ཉིད་བདེ་བའི་ས། །གཅིག་པུ་དལ་བར་འདུག་ན་རྩལ་གསུམ་རང་ལས་འབྱུང༌། །ཐད་ཀ་གྲོགས་སུ་ཤེས་ན་ཅོག་གཞག་གཅིག་གི་ངང༌། །དེ་དང་རྒྱུན་དུ་གནས་ན་དེ་ལ་ཅི་ཞིག་བྱ། །སྣང་བ་ཆེན་པོ་ཀུན་ལ་ཡང་དག་གནས། །གསང་བའི་སྔགས་ཀྱི་དངོས་པོ་དེ་ཉིད་དོ། །ཞེས་སོ། །དོན་གསུམ་པ་ཡོངས་གྲོལ་མཉམ་པ་ཆེན་པོར་ཆིངས་སུ་བཅིང་བ་ལ་གཉིས་ཏེ། ཡོངས་གྲོལ་གྱི་གནས་ལུགས་སྤྱིར་བསྟན་པ་དང༌། དེའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ངོ་བོ་དང༌། དབྱེ་བ་གཉིས་ལས། ངོ་བོ་ནི་རིག་པ་རྗེན་པའི་དོན་དེ་ངོས་བཟུང་ལ། གནས་ན་གནས་ཐོག་ཏུ་ཕྱམ་གདལ། འཆར་ན་འཆར་ཐོག་ཏུ་དངས་ཕྱེ་ནས་བཞག་པས་རང་ཡལ་རྗེས་མེད་ཟང་ཐལ་ཏེ།

[p. 419] ཐལ་འགྱུར་ལས། དགོངས་པ་གཅིག་ལས་གཡོས་པ་མེད། །སྣང་བ་སྣང་བའི་ཐོག་གསལ་བས། །བཞིན་དང་མེ་ལོང་ལྟ་བུ་ལས། །གྲོལ་བ་དེ་དང་དེ་ཉིད་གྲོལ། །ཤེས་པ་འགྱུ་བ་སྟོང་ཡལ་བས། །མཐོང་ཞེས་རིག་པ་ཐ་དད་མིན། །དེ་ཉིད་རང་གི་ཐོག་ཏུ་གྲོལ། །གཅིག་ཤེས་པས་ནི་ཀུན་གྲོལ་ཕྱིར། །གཉིས་དང་གསུམ་གྱི་གྲངས་མཐའ་ཟད། རྟོག་ཅིང་འཛིན་པའི་ཡུལ་མི་སྣང༌། །འགྱུ་དང་འཛིན་པ་ཡེ་ནས་སྟོང༌། །སྟོང་པའི་དགོངས་པ་གསལ་རྫོགས་པས། །དུ་མའི་གྲངས་མཐའ་ཟད་པའོ། །ཞེས་པ་དང༌། ཁྱུང་ཆེན་ལས། ཆོས་ཀུན་སྤྲོས་དང་བྲལ་ཞིང་རྙོག་མེད་པས། །བྱས་མེད་རང་སར་གྲོལ་བའི་གནད་འདི་རབ་ཏུ་ཆེ། །རྒྱུ་འགགས་རྐྱེན་ཡལ་འབྲས་བུ་ཟད་པའི་གནད། །གང་ལ་མ་བརྟེན་གཅིག་གྲོལ་ཀློང་ཉིད་དོ། །སྤྱོད་བྲལ་སྒོམ་དག་བལྟ་རུ་མེད་པའི་དོན། །མ་བཅོས་སྣང་བ་རང་

[p. 420] སར་བཞག་པས་གྲོལ། །ཞེས་སོ། །སྣང་བ་སྣང་ཐོག་ལས་གཞན་དུ་སྤོ་ལག་དང་བཅས་བཅོས་མེད་པར་བཞག་པ་ཙམ་གྱིས་རང་ས་ནས་གྲོལ་བས་ལྟ་སྒོམ་ཟད་སར་སྐྱོལ་བའི་དགོངས་པ་སྟེ། ཐལ་འགྱུར་ལས། མ་དག་པ་ཡི་འཁྲུལ་པ་ལ། དབང་པོའི་སྒོ་རྣམས་མ་བཅོས་པར། །ཅོག་གིས་བཞག་པ་གནད་ཡིན་ལ། །དེ་ལས་བསྒྱུར་བ་མན་ངག་གོ །གཟུང་བ་མེད་པའི་སྣང་བ་ལ། །འཛིན་པ་མེད་པའི་སེམས་ཤར་བ། །དཔྱོད་པ་མེད་པའི་མིག་གིས་མཐོང༌། །ཆོས་ཉིད་མེད་པའི་ལམ་ནས་དྲངས། །ལྟ་སྒོམ་མེད་པའི་གཞི་ལ་བསྐྱལ། །བྱས་མེད་རྩོལ་བྲལ་འབྲས་བུར་སྨིན། །འདི་ལ་སྣང་མཐའ་མི་གནས་སོ། །ཞེས་སོ། །སྣང་ཐོག་ཏུ་བཞག་དུས་བསྒྱུར་བ་ནི་འདིའི་གནད་གལ་པོ་ཆེ་སྟེ། གཟུགས་སྣང་གི་སྟེང་དུ་ཤེས་པ་ཤར་དུས་དེ་ཀ་ལ་གཏད་ན་ཡང་ན་ཞི་གནས་ལྟེངས་སོ། །ཡང་ན་རྟོག་པ་འཕྲོ་རྒོད་གང་རུང་ཞིག་ལས་

སོ་ཡང་ན་རྟོག་པ་འཕྲོ ] རྟོགས A P S

[p. 421] མི་འདའ་བས་འདིར་དེ་དུས་ཀྱི་རིག་པ་རྗེན་པ་དེ་ངོས་བཟུང་ནས་དེའི་ངང་དུ་བསྒྱུར་བའོ། །གཉིས་པ་དབྱེ་བ་ནི། གྲོལ་ལུགས་བཞི་གནད་བཞི་དང་བཅས་པ་སྟེ། ཐལ་འགྱུར་ལས། རང་རིག་རྟོག་པ་ཀུན་བྲལ་བས། །གྲོལ་ལུགས་བཞི་དང་བཅས་པའོ། །གནད་བཞི་གྲོལ་པའི་གདེང་གིས་ནི། །འཁོར་དང་མྱ་ངན་འདས་པའི་གནས། །མ་བྱུང་བྱས་པ་མེད་པས་ན། །གཞི་དང་རྩ་བ་མེད་པའོ། །ཞེས་པ་དང༌། དེའི་དོན་རྒྱས་པར་བཤད་པ་ནི། །ཡང་དེ་ཉིད་ལས། རང་སེམས་གྲོལ་བ་ཞེས་བྱ་བ། །གཅིག་ནས་གཅིག་ཏུ་སོང་བ་མེད། །གང་གིས་བཅིངས་བཀྲོལ་མེད་པའི་སེམས། །གཞི་ནས་རྫོགས་པས་འགྲོ་འོང་མེད། །བརྟགས་པས་མ་རྙེད་རྒྱུ་མཚན་མེད། །གཞི་རྩ་མེད་པས་སྟོང་གསལ་གནས། །རང་གསལ་གནས་པའི་སེམས་དེ་ནི། །གནད་ཀྱིས་གྲོལ་བས་ཕྱོགས་རིས་མེད། །དུས་ཀྱིས་

དབྱེ་བ་ནི་གྲོལ་ལུགས་བཞི ] རལ W · གནད་བཞི་གྲོལ་པའི་གདེང་གིས ] བའི P G S · རྩ་མེད་པས་སྟོང་གསལ་གནས ] སྟེང A P S

[p. 422] གྲོལ་བས་ལྟོས་གཞི་མེད། །འབད་མེད་གྲོལ་བས་བརྩོན་འགྲུས་མེད། །གདེང་གིས་གྲོལ་བས་འབད་རྩོལ་མེད། །དེ་ལ་གདེང་གིས་གྲོལ་བ་བཤད། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །རང་གིས་གྲོལ་བས་གཉེན་པོ་མེད། །ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་མེད་པའོ། །ཞེས་སོ། དེའང་རིག་པ་རྗེན་པར་མཐོང་བའི་གནད་ཀྱིས་གྲོལ་བ་དང༌། སྔ་ཕྱི་རིས་མེད་གཅིག་པར་དུས་ཀྱིས་གྲོལ་བ་དང༌། རང་གཞག་འབད་རྩོལ་མེད་པར་གྲོལ་བ་གསུམ་ནི་མཐའ་གྲོལ་གྱི་དོན་ཡིན་ལ། གདེང་གིས་གྲོལ་བ་བཞི་དང་བཅས་ན་ལྔར་འདུས་པ་ཡིན་ནོ། །རིག་པ་རྗེན་པ་ཡེ་ནས་བཅིངས་གྲོལ་མེད་པའི་ངོ་བོ་ལ་གྲོལ་ཞེས་ཐ་སྙད་བཏགས་པ་དེ་དོན་ལ་བཅིངས་པ་མེད་པས་གྲོལ་བ་མཚན་ཉིད་པ་ཡོད་པ་མ་ཡིན་ཏེ། ཁྱུང་ཆེན་ལས། རང་སྣང་དོན་དེ་གང་ལ་བཞིན་གསལ་བ། །བསྒྱུར་བ་མེད་

མཐོང་བའི་གནད་ཀྱིས་གྲོལ་བ ] གྱིས G X

[p. 423] ཅིང་མ་རྙོག་སུས་མ་འཕྲོགས། །ཡེ་ཤེས་དངོས་ཏེ་གཅིག་དང་ཐ་དད་མེད། །གཞི་མེད་ལམ་ཟད་འབྲས་བུ་ཡོད་མ་མྱོང༌། །མཐོང་ཐོས་ལྟར་སྣང་གཅིག་གིས་གང་གྲོལ་བ། །མ་བཙལ་སུས་མི་རྙེད་པ་ཀུན་གྱི་སྙིང་ལ་གནས། །ཡེ་ནས་ཡོད་ཅིང་བལྟས་ཤིང་མཐོང་ལས་འདས། །དེ་ཉིད་རང་དེ་མ་བཅོས་ཐོག་མའི་ངང༌། །རྒྱུ་སྟོང་རྐྱེན་ཡལ་ངོ་བོ་འདུས་མ་བྱས། །བྱ་བྱེད་སྤྱོད་དང་འཛིན་པའི་མཐའ་ལས་འདས། །རིག་པས་བྱུང་དང་སོ་སོས་གང་བསྒྱུར་བ། །གནས་ཐབས་ཉིད་དེ་དེ་ལས་བཅོས་ཅི་དགོས། །རྩོལ་མེད་བཙལ་མི་དགོས་ཏེ་བྱུང་ཁུངས་ཀུན་གྱི་དངོས། །རང་དག་དྲི་མའི་ཆོས་ནི་བཅས་ཤིང་བྱེད། །འབད་འགགས་རྩོལ་བ་བྲལ་བར་ངས་རིག་སྟེ། །ལྷག་པར་གྲོལ་དང་མ་གྲོལ་འདུག་གམ་ཅི། །གང་ལ་སྲིད་དེ་ཡེ་ཤེས་ཁྱབ་གདལ་ལོ། །ཞེས་སོ། །དེ་ཡང་བྱིས་པ་རྣམས་ཡུལ་དང་ཤེས་པར་

པས་བྱུང་དང་སོ་སོས་གང ] ངོ W · དང་སོ་སོས་གང་བསྒྱུར་བ ] གོང A P S · དེ་ལས་བཅོས་ཅི་དགོས་རྩོལ ] མི P S
[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the divisions of each unit; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The first levels of the outline of the whole work are on the contents page.
3 The stages of the instructions that bring about complete liberation ཡོངས་སུ་གྲོལ་བྱེད་གདམས་པའི་རིམ་པ [p. 328]
3.3 Settling the actual instructions གདམས་པ་དངོས་གཏན་ལ་དབབ་པ [p. 331]
3.3.3 The stages of practice for those whose intellect is that of awareness's self-appearance རིག་པ་རང་སྣང་གི་བློ་ཅན་རྣམས་ཀྱིས་ཉམས་སུ་བླང་བའི་རིམ་པ [p. 384]
3.3.3.2 The teaching of the actual instruction གདམས་པ་དངོས་བསྟན་པ [p. 385]
3.3.3.2.2 Explaining the pith instructions themselves that have that connection འབྲེལ་བ་ཅན་གྱི་མན་ངག་ཉིད་བཤད་པ [p. 386]
3.3.3.2.2.2 Binding the crux in naked unimpeded transparency free of action བྱ་བྲལ་ཟང་ཐལ་རྗེན་པར་འགག་བསྡམ་པ [p. 408]
3.3.3.2.2.2.2 Binding the crux within that state ངང་དེར་འགག་བསྡམ་པ [p. 412]
3.3.3.2.2.2.2.2 Recognizing naked awareness when strong afflictions arise ཉོན་མོངས་དྲག་པོ་སྐྱེས་དུས་རིག་པ་རྗེན་པར་ངོས་བཟུང་བ [p. 413] topical
When the five poisons or any thought arise vehemently, there is nothing but awareness, so recognizing it nakedly makes the dharmakāya appear; this is the intent of the great natural resting of the dharmakāya. Cited: Heap of Jewels, Six Vast Expanses.
3.3.3.2.2.2.2.3 The key point that looking at abiding or arising is not the meditation གནས་འཆར་ལ་ལྟ་བ་སྒོམ་མ་ཡིན་པའི་གནད [p. 416] topical
Neither the non-conceptual stillness nor the watching of arisings is meditation; what is sustained is the naked, lucid aspect of awareness until it becomes the vast expanse. This is the meaning of breakthrough (khregs gcod). Cited: Tantra Without Letters.
3.3.3.2.2.3 Binding it fast within the great equality of total liberation ཡོངས་གྲོལ་མཉམ་པ་ཆེན་པོར་ཆིངས་སུ་བཅིང་བ [p. 418]
Total liberation: its essence, awareness vanishing without trace when left as it is, and its divisions, then the five modes of primordial, self-, naked, extreme-free and single liberation, each established by reasoning, scripture and proof, with examples and completeness of meaning.
3.3.3.2.2.3.1 General presentation of the abiding reality of total liberation ཡོངས་གྲོལ་གྱི་གནས་ལུགས་སྤྱིར་བསྟན་པ [p. 418]
Naked awareness left uncontrived liberates itself in place, avoiding stagnation and proliferation; per the Reverberation of Sound, modes and key points of liberation are subsumed in five, 'liberation' being merely conventional since there was never bondage.
3.3.3.2.2.3.1.1 The essence ངོ་བོ [p. 418]
Naked awareness, left right upon its abiding or arising, vanishes of itself without trace; appearance left uncontrived is liberated in its own place. Turning to the naked awareness of the moment avoids stagnant calm or proliferating thought. Cited: Reverberation of Sound, Great Garuḍa.
3.3.3.2.2.3.1.2 The divisions དབྱེ་བ [p. 421]
Four modes of liberation with four key points, per the Reverberation of Sound, subsumed in five; 'liberation' is only a convention since there was never bondage, and the yogin is freed by letting cognition range free. Cited also: Great Garuḍa.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 413] naked and wide awake:[386]Note 386 · p. 413 · The part opens mid-sentence (ste rjen yer re re…), continuing the previous part; Dharmamitra retranslated the words already rendered there, which are not repeated here. when it is recognized thus, that naked awareness strikes right upon the severing of the cord that connects the three times, and so this is called "the dharmakāya abiding in its own bed, in uninterrupted natural meditative concentration."

From the Great Garuḍa:

That primordial wisdom, without appearance and free of emptiness,[387]Note 387 · p. 413 · Khyung chen, line 1 (snang med stong dang bral ba): Dharmamitra has "free from appearance and emptiness"; with Gemini 4 Neon, Claude Fable 5.2 and GPT-6.2 Astra I read two predicates, "without appearance and free of emptiness".
not held, not let go, not adulterated, is in its own natural condition.
For whoever has struck upon the three with the one,[388]Note 388 · p. 413 · gcig gis gsum la su yis phog pa nyid: obscure. Following Longchenpa's own gloss just above (awareness striking upon the severed link of the three times), I take "the three" as the three times and "the one" as awareness.
neither false nor true, the way of abiding is vividly present.Khyung chenQuotation (named in the text: ཁྱུང་ཆེན་ལས)
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Garuḍa in Flight · tantra; Nyingma Gyubum
Identification: medium confidence (A Mind Class scripture, one of the Eighteen Mind Class texts.)
The quoted words are in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 84 % of the words.

So it is said. At this time, although it appears as conceptual thought, its own face has already emerged nakedly as non-conceptual primordial wisdom, because awareness in which the cord connecting apprehended and apprehender, and the three times, has been severed is clear in its own place. From the Lion's Perfect Dynamic Energy:

The essence of the self-appearance of primordial wisdom
is without the discursive thoughts of mentation:
the objects of the past and the objects of the future,
their appearance is cut through directly.Seng ge rtsal rdzogsQuotation (named in the text: སེང་གེ་རྩལ་རྫོགས་ལས)
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Perfected Lion's Dynamic Energy · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 100 % of the words.

So it is said.

3.3.3.2.2.2.2.2 Recognizing naked awareness when strong afflictions arise ཉོན་མོངས་དྲག་པོ་སྐྱེས་དུས་རིག་པ་རྗེན་པར་ངོས་བཟུང་བ3.3.3.2.2.2.2.2 Recognizing naked awareness when strong afflictions arise (topical division)
When the five poisons or any thought arise vehemently, there is nothing but awareness, so recognizing it nakedly makes the dharmakāya appear; this is the intent of the great natural resting of the dharmakāya. Cited: Heap of Jewels, Six Vast Expanses.

When cognition is roused by a forceful condition and something like the five poisons arises vehemently,

[p. 414] at that very moment, right there, there is nothing other than awareness; so, when it is recognized nakedly, primordial wisdom is all the clearer. And whatever arises upon cognition, whether joy, displeasure or what lies between, good thoughts or bad thoughts, nothing arises other than awareness; so, when it is recognized, the dharmakāya arises nakedly. From the Heap of Jewels:

When the rūpakāya (gzugs sku) appears as an object,
it is the play of my kāya.
The person who is undistracted[390]Note 390 · p. 414 · Same line: Adzom reads tshe for mi ("when there is no… in this" instead of "the person who…"). I keep mi, since the next line's 'di yis needs a personal antecedent. from this,[389]Note 389 · p. 414 · 'di la yang med pa'i mi: the line is one syllable short and evidently corrupt. I read yeng(s) ba med pa, "undistracted from this" (so Claude Fable 5.2, "does not waver"), which matches the parallel conditions in the following stanzas (not pursuing, not clinging). Gemini 4 Neon conjectures ya nga med pa ("has no fear"). GPT-6.2 Astra keeps the text as it stands ("for whom even this is absent"), and Dharmamitra is close to that ("free even from this"), which gives poor sense.
this one touches my kāya.[391]Note 391 · p. 414 · 'di yis reg / thos / tshor / 'dis… myong: I take 'di yis as the agent ("this one", the practitioner), as Gemini 4 Neon does; Claude Fable 5.2 and GPT-6.2 Astra read it as an instrument ("by this", "thereby") and Dharmamitra as "through this".
Whenever the fierce clinging
of bewilderment, hatred and desire[393]Note 393 · p. 414 · gti mug is "bewilderment" per the glossary (all drafts have "delusion"); yid is "mentation" and blo "intellect" throughout. arises,
it is my non-conceptual awareness.
This itself being liberated of itself by itself,
this very one beholds my eye.[392]Note 392 · p. 414 · nga yi mig la 'di nyid mthong: Dharmamitra and GPT-6.2 Astra make Samantabhadra's eye the seer ("my eyes behold just this"). I follow Gemini 4 Neon and Claude Fable 5.2 ("this very one beholds my eye"), in parallel with touching his kāya, hearing his sounds, smelling his scents and tasting his tastes.
When the recollections of mentation appear outwardly,
it is because my obscurations are naturally pure.
If there is no pursuing after this,
this one hears my sounds.
When the hosts of conceptual thoughts of reflection gather,
it is my excellent non-conceptual samādhi.
If there is no intellect that clings to this,

[p. 415] this one senses my scents.
When the intellect engages with coarse forms,
it is because my experience has arisen.
When one and two are exhausted in this,
this one savours my tastes.
Thus all that appears and all that is heard
is explained as the play of me, Samantabhadra.
Since what makes the play arise is unceasing,
it comes forth as my very qualities.
By just this much that makes the qualities appear[394]Note 394 · p. 415 · yon tan snang byed 'di tsam pas: Claude Fable 5.2 reads pas as a comparative ("is not merely this much"), Dharmamitra as a reason ("since they are merely this"). With Gemini 4 Neon and GPT-6.2 Astra I read it as instrumental: the qualities are not exhausted by this much manifestation.
they will not be exhausted; there is no exhaustion.
Therefore it is the field of the mudrā of the three kāyas.Rin po che spungs paQuotation (named in the text: རིན་ཆེན་སྤུངས་པ་ལས)
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པའི་རྒྱུད, rin po che spungs pa yon tan chen po ston pa'i rgyud, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 71 % of the words.

So it is said. That very state of awareness at the time of practising such an essence is the enlightened intent of the great natural resting of the dharmakāya.

From the Six Vast Expanses:

In mind itself, without anything arising or being felt,[396]Note 396 · p. 415 · byung tshor med pa: taken as "without anything arising or being felt"; Claude Fable 5.2's "noticed" is equally possible.
the appearance of special insight (lhag mthong),[395]Note 395 · p. 415 · dgongs pa is "enlightened intent" throughout (GPT-6.2 Astra has "realization", which the glossary reserves for rtogs pa); lhag mthong is "special insight" (Gemini 4 Neon "insight", Claude Fable 5.2 "higher insight"). not thought up,
is called "the enlightened intent in which going and coming are exhausted":
thus have I, Samantabhadra, taught.Klong drug paQuotation (named in the text: ཀློང་དྲུག་པ་ལས)
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Spaces of Samantabhadra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0062-vol-01-text (the text itself), 100 % of the words.

In mind itself, without anything apprehended,
the unceasing, pure appearance

[p. 416] is called "the samādhi of great play":
thus have I, Samantabhadra, taught.
In mind itself, without any apprehender,
the appearance of great self-arising
is called "the unceasing, non-conceptual enlightened intent":
thus have I, Samantabhadra, taught.
In mind itself, without the pang of pain,
the appearance free of the thought of a self
is called "the enlightened intent of great natural resting":
thus have I, Samantabhadra, taught.
In mind itself, without permanence or annihilation,
the appearance free of good and bad
is called "the enlightened intent free of abandoning and adopting":
thus have I, Samantabhadra, taught.
In mind itself, free of accepting and rejecting,
the impartial, self-liberated appearance
is called "the enlightened intent of great all-pervasiveness":
thus have I, Samantabhadra, taught.

So it is said.

3.3.3.2.2.2.2.3 The key point that looking at abiding or arising is not the meditation གནས་འཆར་ལ་ལྟ་བ་སྒོམ་མ་ཡིན་པའི་གནད3.3.3.2.2.2.2.3 The key point that looking at abiding or arising is not the meditation (topical division)
Neither the non-conceptual stillness nor the watching of arisings is meditation; what is sustained is the naked, lucid aspect of awareness until it becomes the vast expanse. This is the meaning of breakthrough (khregs gcod). Cited: Tantra Without Letters.

Here, at the time when awareness abides without radiating out or gathering in, that non-conceptuality of the abiding aspect is not held to be the meditation. At this time, the wakeful and lucid, limpidly clear[397]Note 397 · p. 416 · The final sentence is left open at the genitive gsal dangs kyi; its head noun (rig pa rjen pa de, "that naked awareness") and verb follow on the next page.

[p. 417] naked awareness is what is to be sustained, evenly and without distraction. Again, at the time when awareness arises toward objects, looking at whatever has arisen is not the meditation. It is the clear, starkly naked aspect of the awareness of that time that is to be sustained without distraction. If this key point is not understood, one will fall into delusion, thinking that looking at the two, abiding and arising, is the essence of meditation. The mere abiding of mind is like the gods of the meditative concentrations, and mere arising is like ordinary conceptual thought; so even if one meditates on that, how could there be any hope of attaining buddhahood?[400]Note 400 · p. 417 · thob re skan: an idiom of impossibility, rendered "how could there be any hope" (Dharmamitra, GPT-6.2 Astra, Claude Fable 5.2). Gemini 4 Neon's "will never attain" is flatter. Here, whichever of these times it may be, that aspect of awareness which is naked and unimpededly transparent, like a crystal ball, is to be sustained for as long as it has not become the vast expanse;[398]Note 398 · p. 417 · klong du ma gyur ring la: rendered literally, "for as long as it has not become the vast expanse" (Gemini 4 Neon; Dharmamitra "the expanse", Claude Fable 5.2 "one's expanse"). The idiom means not yet fully mastered or internalized. once it has, one abides without separating from that state. "Understanding the meaning of breakthrough"[399]Note 399 · p. 417 · khregs gcod kyi don go rig pa rjen la phud nas: I read don go as "understanding the meaning" (with Dharmamitra, Gemini 4 Neon). GPT-6.2 Astra construes go with rig pa ("knowing awareness"), and Claude Fable 5.2 leaves go untranslated. The text may be slightly corrupt (go for ni?), but the sense is unaffected. is said of just this stripping awareness naked and sustaining it in its vivid lucidity; since this key point alone is therefore of great importance, it must be recognized. Accordingly, the Tantra Without Letters says:

[p. 418] If there is no holding the mind, no view or meditation, that is the dharmakāya in actuality.
If the three dynamic energies of the view are mastered, appearances are the vast expanse of the dharmakāya.
If there is no distraction of deeds and doing, that is the level of the bliss of dharmatā.[401]Note 401 · p. 418 · chos nyid bde ba'i sa: "level" per the glossary (Gemini 4 Neon). Dharmamitra, GPT-6.2 Astra and Claude Fable 5.2 have "ground", which is reserved for gzhi.
If one stays alone and at ease, the three dynamic energies arise of themselves.
If one knows what is directly present as a friend, that is the state of the one free resting.
If one abides with that continuously, what is there to do about it?
The great appearance truly abides in all.[402]Note 402 · p. 418 · snang ba chen po kun la yang dag gnas: taken with Dharmamitra, GPT-6.2 Astra and Claude Fable 5.2 as "the great appearance truly abides in all". Gemini 4 Neon reads "genuinely abiding in all great appearances", which the grammar also allows.
That itself is the actuality of the Secret Mantra.Yi ge med paQuotation (named in the text: དེ་སྐད་དུའང་ཡི་གེ་མེད་པ་ལས)
ཡི་གེ་མེད་པའི་རྒྱུད་ཆེན་པོ, yi ge med pa'i rgyud chen po, The Tantra Without Letters · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (Also cited as the Secret Tantra Without Letters (gsang ba yi ge med pa).)
The quoted words are in Ngb-pt-0051-vol-01-text (the text itself), 66 % of the words.

So it is said.

3.3.3.2.2.3 Binding it fast within the great equality of total liberation ཡོངས་གྲོལ་མཉམ་པ་ཆེན་པོར་ཆིངས་སུ་བཅིང་བ3.3.3.2.2.3 Binding it fast within the great equality of total liberation
Total liberation: its essence, awareness vanishing without trace when left as it is, and its divisions, then the five modes of primordial, self-, naked, extreme-free and single liberation, each established by reasoning, scripture and proof, with examples and completeness of meaning.

The third point, binding it fast within the great equality[403]Note 403 · p. 418 · chings su bcing ba: rendered "binding it fast". The drafts vary ("framework", "universal frame", "drawing together"). Align with the rendering of chings fixed in earlier parts if it differs. of total liberation (yongs grol), has two parts: a general presentation of the abiding reality of total liberation, and a specific explanation of its enumerations.

3.3.3.2.2.3.1 General presentation of the abiding reality of total liberation ཡོངས་གྲོལ་གྱི་གནས་ལུགས་སྤྱིར་བསྟན་པ3.3.3.2.2.3.1 General presentation of the abiding reality of total liberation
Naked awareness left uncontrived liberates itself in place, avoiding stagnation and proliferation; per the Reverberation of Sound, modes and key points of liberation are subsumed in five, 'liberation' being merely conventional since there was never bondage.

The first has two parts: the essence and the divisions.

3.3.3.2.2.3.1.1 The essence ངོ་བོ3.3.3.2.2.3.1.1 The essence
Naked awareness, left right upon its abiding or arising, vanishes of itself without trace; appearance left uncontrived is liberated in its own place. Turning to the naked awareness of the moment avoids stagnant calm or proliferating thought. Cited: Reverberation of Sound, Great Garuḍa.

As for the essence: having identified what naked awareness actually is, if it abides, it is left evenly pervasive right upon the abiding; if it arises, it is left right upon the arising with its limpidity brought out.[404]Note 404 · p. 418 · dangs phye nas bzhag: read as "left with its limpidity brought out (separated out)", with Claude Fable 5.2 and Gemini 4 Neon. GPT-6.2 Astra's "let its clarity open up" is looser. Thereby it vanishes of itself, traceless and unimpededly transparent.

[p. 419] The Reverberation of Sound says:

There is no stirring from the single enlightened intent.[405]Note 405 · p. 419 · dgongs pa: "enlightened intent" per the glossary. Gemini 4 Neon's "realization" is reserved for rtogs pa, and Claude Fable 5.2's "wisdom-intent" is not house style.
Since appearance is clear right upon appearance,
as with a face and a mirror,
as for liberation, each is liberated as just itself.[406]Note 406 · p. 419 · grol ba de dang de nyid grol: a terse line. I take de dang de as "each one" and nyid as "itself" (close to GPT-6.2 Astra and Gemini 4 Neon). Dharmamitra's "liberation is just that, and that itself is liberated" is also possible.
Since the movement of cognition vanishes into emptiness,
the awareness called "seeing" is not something distinct;[407]Note 407 · p. 419 · mthong zhes rig pa tha dad min: Dharmamitra and Claude Fable 5.2 read "what is called 'seeing' is not other than awareness". GPT-6.2 Astra and Gemini 4 Neon read "there is no separate awareness called 'seeing'". The rendering keeps the ambiguity of the Tibetan.
that itself is liberated right upon itself.
Because by knowing one, all is liberated,
the numerical extremes of two and three are exhausted.
No object of conceptual thought and grasping appears;
movement and grasping are primordially empty.
Since the enlightened intent of emptiness is clear and complete,
the numerical extreme of the many is exhausted.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (The root tantra of the Seventeen Tantras; the name 'gsang ba sgra rgyud' appears to refer to it as well.)
The quoted words are in Klong chen rab byams gsung 'bum/volume 016 432 (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 88 % of the words.

And the Great Garuḍa says:

Since all phenomena are free from elaboration and unsullied,
this key point of liberation in its own place, with nothing done, is supremely great.
The key point where causes have ceased, conditions have vanished and results are exhausted
is the very vast expanse of single liberation (gcig grol), relying on nothing at all.
The meaning that is free of conduct, pure of meditation, with nothing to be viewed:
uncontrived appearance, by being left in its own

[p. 420] place, is liberated.Khyung chenQuotation (named in the text: ཁྱུང་ཆེན་ལས)
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Garuḍa in Flight · tantra; Nyingma Gyubum
Identification: medium confidence (A Mind Class scripture, one of the Eighteen Mind Class texts.)
The quoted words are in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 62 % of the words.

So it is said. Since appearance is liberated right in its own place merely by being left upon the appearance itself, without being shifted anywhere else and without contrivance or alteration, this is the enlightened intent that delivers view and meditation to the place of their exhaustion.

The Reverberation of Sound says:

With regard to impure delusion,
to leave the doors of the sense faculties uncontrived,
in free resting, is the key point,
and turning it from that is the pith instruction.[408]Note 408 · p. 420 · de las bsgyur ba / snang thog tu bzhag dus bsgyur ba: rendered "turning". Longchenpa's gloss, completed on the next page (de'i ngang du bsgyur ba), shows it to be the practitioner's deliberate turning of attention into the state of naked awareness. GPT-6.2 Astra's "the shift that comes of this" and Dharmamitra's "to shift from that" obscure this. Gemini 4 Neon's "redirecting" has the same sense.
Upon appearance without anything apprehended,
the mind without any apprehender arises;
it is seen by the eye without analysis,
led along the path without dharmatā,
delivered to the ground without view or meditation,
and ripens as the fruition, with nothing done and free of effort.
In this, the extreme of appearance does not remain.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (The root tantra of the Seventeen Tantras; the name 'gsang ba sgra rgyud' appears to refer to it as well.)
The quoted words are in སྡེ་གསུམ་སྙིང་པོའི་དོན་འགྲེལ་གནས་ལུགས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་འགྲེལ་པ་བཞུགས། (a parallel: གནས་ལུགས་རིན་པོ་ཆེའི་མཛོད), 81 % of the words.

So it is said. The turning at the time of leaving it upon appearance is the most crucial key point here. When cognition arises upon the appearance of a form, if one directs it to just that, either calm abiding (zhi gnas) stagnates, or else one does not get beyond some conceptual thought[410]Note 410 · p. 420 · The last sentence runs on into the next page (… las mi 'da' bas). The verb mi 'da' ("does not get beyond") is already rendered here for the sake of English word order. The next part should resume with "bas" ("therefore, here …"). or other, whether scattering or agitated;[409]Note 409 · p. 420 · rtog pa 'phro rgod: Adzom reads rtogs pa ("realization"). I follow the e-text's rtog pa ("conceptual thought"), which the context requires (scattering or agitated thought as against stagnant calm abiding).

[p. 421] therefore, here, one identifies the naked awareness of that very moment and turns to its state.[411]Note 411 · p. 421 · bsgyur ba is rendered "turns", continuing the previous part's "turning"; GPT-6.2 Astra, Gemini 4 Neon, Claude Fable 5.2 have "shifts", which the glossary keeps for 'pho ba, and Dharmamitra has "transform".

3.3.3.2.2.3.1.2 The divisions དབྱེ་བ3.3.3.2.2.3.1.2 The divisions
Four modes of liberation with four key points, per the Reverberation of Sound, subsumed in five; 'liberation' is only a convention since there was never bondage, and the yogin is freed by letting cognition range free. Cited also: Great Garuḍa.

Second, the divisions: there are four modes of liberation (grol lugs), together with four key points. The Reverberation of Sound says:

Since self-awareness is free of all conceptual thought,
it has four modes of liberation.
By the confidence of liberation through the four key points,
the abode of saṃsāra and nirvāṇa,
never having arisen and never having been made,
is without ground and without root.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (The root tantra of the Seventeen Tantras; the name 'gsang ba sgra rgyud' appears to refer to it as well.)
The quoted words are in Ngb-pt-0056-vol-01-text (the text itself), 56 % of the words.

So it is said; and, explaining the meaning of this at length, the same text also says:

What is called "the liberation of one's own mind"
is not a going from one thing to another.
The mind, which nothing at all has bound or released,
is complete from the ground, and so has no going or coming.
Not found when examined, it is without reason.[413]Note 413 · p. 421 · rgyu mtshan med: Dharmamitra "no defining mark", Gemini 4 Neon "no defining cause", GPT-6.2 Astra "nothing to account for it", Claude Fable 5.2 "no reason". Rendered literally as "without reason", i.e. no evidence by which it could be established.
Without ground or root, it abides empty and clear.[412]Note 412 · p. 421 · gzhi rtsa med pas stong gsal gnas: Adzom reads steng gsal ("clear upon"). I follow the e-text's stong gsal ("empty and clear"), the established compound and the only reading that makes sense here; steng is probably a slip.
That mind which abides self-clear
is liberated by the key point, and so is without partiality;

[p. 422] liberated by time, and so has no basis of dependence;
liberated without effort, and so has no diligence;
liberated by confidence, and so has no effort or striving.
As to that, liberation by confidence is explained:
primordially liberated, it has nothing to be done again;
liberated by itself, it has no antidote;
nakedly liberated, it vanishes at the very place of seeing;
completely liberated, it is without effort.Thal 'gyurQuotation (the text says: the same source: ཡང་དེ་ཉིད་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (The root tantra of the Seventeen Tantras; the name 'gsang ba sgra rgyud' appears to refer to it as well.)
The quoted words are in Klong chen rab byams gsung 'bum/volume 016 432 (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 90 % of the words.

So it is said. Here, liberation by the key point of seeing awareness nakedly, liberation by time, in which earlier and later are one without division, and liberation in natural resting, without effort or striving: these three are the meaning of liberation from extremes; and when this is taken together with the four of liberation by confidence, they are subsumed in five.[414]Note 414 · p. 422 · gdeng gis grol ba bzhi dang bcas na lngar 'dus: the three liberations (by key point, by time, without effort) together make up liberation from extremes; with the four liberations by confidence (primordial, self-, naked, complete) this gives five. All drafts agree; the wording here makes the arithmetic explicit.

The convention "liberated" is applied to the essence of naked awareness, which is primordially without bondage or liberation; yet since in fact there is no bondage, there is no liberation (grol ba) in the fully qualified sense. The Great Garuḍa says:

That reality, self-appearance, clear just as it is in anything whatever,[415]Note 415 · p. 422 · rang snang don de gang la bzhin gsal ba: the line seems elliptical (as if gang la'ang ji bzhin). Read with GPT-6.2 Astra, Gemini 4 Neon, Claude Fable 5.2 as "clear just as it is in anything whatever"; Dharmamitra's "clear to whoever" is less likely.
is unaltered,

[p. 423] unsullied, and stolen away by no one.
It is actual primordial wisdom, neither one nor different.
Without ground, the path exhausted, a fruition has never existed.
That one by which whatever seems to be seen and heard is liberated,[416]Note 416 · p. 423 · mthong thos ltar snang gcig gis gang grol ba: the drafts diverge. GPT-6.2 Astra makes it a rhetorical question ("What could be freed by a mere semblance…?"); Dharmamitra has "liberated through a single apparent display". With Gemini 4 Neon and Claude Fable 5.2 I take gcig gis as "by the one" and gang grol ba as the subject of the next line ("unsought… abides in the heart of all"). The syntax remains uncertain.
unsought and found by no one, abides in the heart of all.
Primordially present, it is beyond looking and seeing.
Just that, itself, is the uncontrived, original state.
Empty of cause, its conditions vanished, its essence is unconditioned;
it is beyond the extremes of deed and doer, of conduct and grasping.
Whatever has arisen through awareness, and whatever each has altered,[417]Note 417 · p. 423 · rig pas byung dang so sos gang bsgyur ba: GPT-6.2 Astra reads a question ("what does anyone change?"); Dharmamitra and Gemini 4 Neon take so sos adverbially ("individually", "variously"). With Claude Fable 5.2 I read so sos as instrumental ("whatever each has altered"), both members being predicated as gnas thabs nyid, "the way of abiding itself".
is itself the way of abiding; what need is there to contrive it beyond that?
Effortless, it need not be sought: it is the actual source of everything.
It is natural purity; the phenomena of stain are what is fabricated and made.
I know it as effort ceased and free of striving;
over and above that, is there any "liberated" and "not liberated"?
In what could that be possible?[418]Note 418 · p. 423 · gang la srid de: Dharmamitra and Gemini 4 Neon read "in whatever exists, primordial wisdom is all-pervasive". Following the preceding question ('dug gam ci), I read it with GPT-6.2 Astra and Claude Fable 5.2 as rhetorical: "In what could that be possible?" Primordial wisdom is all-pervading.Khyung chenQuotation (named in the text: ཁྱུང་ཆེན་ལས)
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Garuḍa in Flight · tantra; Nyingma Gyubum
Identification: medium confidence (A Mind Class scripture, one of the Eighteen Mind Class texts.)
The quoted words are in Klong chen rab byams gsung 'bum/volume 002 028 (a parallel), 51 % of the words.

So it is said. Now, upon the very snare that binds the childish in object and cognition,

Translation notes
  • 386. [p. 413] The part opens mid-sentence (ste rjen yer re re…), continuing the previous part; Dharmamitra retranslated the words already rendered there, which are not repeated here.
  • 387. [p. 413] Khyung chen, line 1 (snang med stong dang bral ba): Dharmamitra has "free from appearance and emptiness"; with Gemini 4 Neon, Claude Fable 5.2 and GPT-6.2 Astra I read two predicates, "without appearance and free of emptiness".
  • 388. [p. 413] gcig gis gsum la su yis phog pa nyid: obscure. Following Longchenpa's own gloss just above (awareness striking upon the severed link of the three times), I take "the three" as the three times and "the one" as awareness.
  • 389. [p. 414] 'di la yang med pa'i mi: the line is one syllable short and evidently corrupt. I read yeng(s) ba med pa, "undistracted from this" (so Claude Fable 5.2, "does not waver"), which matches the parallel conditions in the following stanzas (not pursuing, not clinging). Gemini 4 Neon conjectures ya nga med pa ("has no fear"). GPT-6.2 Astra keeps the text as it stands ("for whom even this is absent"), and Dharmamitra is close to that ("free even from this"), which gives poor sense.
  • 390. [p. 414] Same line: Adzom reads tshe for mi ("when there is no… in this" instead of "the person who…"). I keep mi, since the next line's 'di yis needs a personal antecedent.
  • 391. [p. 414] 'di yis reg / thos / tshor / 'dis… myong: I take 'di yis as the agent ("this one", the practitioner), as Gemini 4 Neon does; Claude Fable 5.2 and GPT-6.2 Astra read it as an instrument ("by this", "thereby") and Dharmamitra as "through this".
  • 392. [p. 414] nga yi mig la 'di nyid mthong: Dharmamitra and GPT-6.2 Astra make Samantabhadra's eye the seer ("my eyes behold just this"). I follow Gemini 4 Neon and Claude Fable 5.2 ("this very one beholds my eye"), in parallel with touching his kāya, hearing his sounds, smelling his scents and tasting his tastes.
  • 393. [p. 414] gti mug is "bewilderment" per the glossary (all drafts have "delusion"); yid is "mentation" and blo "intellect" throughout.
  • 394. [p. 415] yon tan snang byed 'di tsam pas: Claude Fable 5.2 reads pas as a comparative ("is not merely this much"), Dharmamitra as a reason ("since they are merely this"). With Gemini 4 Neon and GPT-6.2 Astra I read it as instrumental: the qualities are not exhausted by this much manifestation.
  • 395. [p. 415] dgongs pa is "enlightened intent" throughout (GPT-6.2 Astra has "realization", which the glossary reserves for rtogs pa); lhag mthong is "special insight" (Gemini 4 Neon "insight", Claude Fable 5.2 "higher insight").
  • 396. [p. 415] byung tshor med pa: taken as "without anything arising or being felt"; Claude Fable 5.2's "noticed" is equally possible.
  • 397. [p. 416] The final sentence is left open at the genitive gsal dangs kyi; its head noun (rig pa rjen pa de, "that naked awareness") and verb follow on the next page.
  • 398. [p. 417] klong du ma gyur ring la: rendered literally, "for as long as it has not become the vast expanse" (Gemini 4 Neon; Dharmamitra "the expanse", Claude Fable 5.2 "one's expanse"). The idiom means not yet fully mastered or internalized.
  • 399. [p. 417] khregs gcod kyi don go rig pa rjen la phud nas: I read don go as "understanding the meaning" (with Dharmamitra, Gemini 4 Neon). GPT-6.2 Astra construes go with rig pa ("knowing awareness"), and Claude Fable 5.2 leaves go untranslated. The text may be slightly corrupt (go for ni?), but the sense is unaffected.
  • 400. [p. 417] thob re skan: an idiom of impossibility, rendered "how could there be any hope" (Dharmamitra, GPT-6.2 Astra, Claude Fable 5.2). Gemini 4 Neon's "will never attain" is flatter.
  • 401. [p. 418] chos nyid bde ba'i sa: "level" per the glossary (Gemini 4 Neon). Dharmamitra, GPT-6.2 Astra and Claude Fable 5.2 have "ground", which is reserved for gzhi.
  • 402. [p. 418] snang ba chen po kun la yang dag gnas: taken with Dharmamitra, GPT-6.2 Astra and Claude Fable 5.2 as "the great appearance truly abides in all". Gemini 4 Neon reads "genuinely abiding in all great appearances", which the grammar also allows.
  • 403. [p. 418] chings su bcing ba: rendered "binding it fast". The drafts vary ("framework", "universal frame", "drawing together"). Align with the rendering of chings fixed in earlier parts if it differs.
  • 404. [p. 418] dangs phye nas bzhag: read as "left with its limpidity brought out (separated out)", with Claude Fable 5.2 and Gemini 4 Neon. GPT-6.2 Astra's "let its clarity open up" is looser.
  • 405. [p. 419] dgongs pa: "enlightened intent" per the glossary. Gemini 4 Neon's "realization" is reserved for rtogs pa, and Claude Fable 5.2's "wisdom-intent" is not house style.
  • 406. [p. 419] grol ba de dang de nyid grol: a terse line. I take de dang de as "each one" and nyid as "itself" (close to GPT-6.2 Astra and Gemini 4 Neon). Dharmamitra's "liberation is just that, and that itself is liberated" is also possible.
  • 407. [p. 419] mthong zhes rig pa tha dad min: Dharmamitra and Claude Fable 5.2 read "what is called 'seeing' is not other than awareness". GPT-6.2 Astra and Gemini 4 Neon read "there is no separate awareness called 'seeing'". The rendering keeps the ambiguity of the Tibetan.
  • 408. [p. 420] de las bsgyur ba / snang thog tu bzhag dus bsgyur ba: rendered "turning". Longchenpa's gloss, completed on the next page (de'i ngang du bsgyur ba), shows it to be the practitioner's deliberate turning of attention into the state of naked awareness. GPT-6.2 Astra's "the shift that comes of this" and Dharmamitra's "to shift from that" obscure this. Gemini 4 Neon's "redirecting" has the same sense.
  • 409. [p. 420] rtog pa 'phro rgod: Adzom reads rtogs pa ("realization"). I follow the e-text's rtog pa ("conceptual thought"), which the context requires (scattering or agitated thought as against stagnant calm abiding).
  • 410. [p. 420] The last sentence runs on into the next page (… las mi 'da' bas). The verb mi 'da' ("does not get beyond") is already rendered here for the sake of English word order. The next part should resume with "bas" ("therefore, here …").
  • 411. [p. 421] bsgyur ba is rendered "turns", continuing the previous part's "turning"; GPT-6.2 Astra, Gemini 4 Neon, Claude Fable 5.2 have "shifts", which the glossary keeps for 'pho ba, and Dharmamitra has "transform".
  • 412. [p. 421] gzhi rtsa med pas stong gsal gnas: Adzom reads steng gsal ("clear upon"). I follow the e-text's stong gsal ("empty and clear"), the established compound and the only reading that makes sense here; steng is probably a slip.
  • 413. [p. 421] rgyu mtshan med: Dharmamitra "no defining mark", Gemini 4 Neon "no defining cause", GPT-6.2 Astra "nothing to account for it", Claude Fable 5.2 "no reason". Rendered literally as "without reason", i.e. no evidence by which it could be established.
  • 414. [p. 422] gdeng gis grol ba bzhi dang bcas na lngar 'dus: the three liberations (by key point, by time, without effort) together make up liberation from extremes; with the four liberations by confidence (primordial, self-, naked, complete) this gives five. All drafts agree; the wording here makes the arithmetic explicit.
  • 415. [p. 422] rang snang don de gang la bzhin gsal ba: the line seems elliptical (as if gang la'ang ji bzhin). Read with GPT-6.2 Astra, Gemini 4 Neon, Claude Fable 5.2 as "clear just as it is in anything whatever"; Dharmamitra's "clear to whoever" is less likely.
  • 416. [p. 423] mthong thos ltar snang gcig gis gang grol ba: the drafts diverge. GPT-6.2 Astra makes it a rhetorical question ("What could be freed by a mere semblance…?"); Dharmamitra has "liberated through a single apparent display". With Gemini 4 Neon and Claude Fable 5.2 I take gcig gis as "by the one" and gang grol ba as the subject of the next line ("unsought… abides in the heart of all"). The syntax remains uncertain.
  • 417. [p. 423] rig pas byung dang so sos gang bsgyur ba: GPT-6.2 Astra reads a question ("what does anyone change?"); Dharmamitra and Gemini 4 Neon take so sos adverbially ("individually", "variously"). With Claude Fable 5.2 I read so sos as instrumental ("whatever each has altered"), both members being predicated as gnas thabs nyid, "the way of abiding itself".
  • 418. [p. 423] gang la srid de: Dharmamitra and Gemini 4 Neon read "in whatever exists, primordial wisdom is all-pervasive". Following the preceding question ('dug gam ci), I read it with GPT-6.2 Astra and Claude Fable 5.2 as rhetorical: "In what could that be possible?"
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the text announces and opens), gold the quotations, red the words of a quotation that Longchenpa repeats in order to explain them, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Words of a quotation being explainedAuthor's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 413]
སྟེ་རྗེན་ཡེར་རེ་རེ་ངོས་བཟུང་དུས་རིག་པ་རྗེན་པ་དེ་དུས་གསུམ་འབྲེལ་ཐག་ཆད་པའི་སྟེང་དུ་ཕོག་པས་ཆོས་སྐུ་རང་མལ་ན་རང་བཞིན་བར་མེད་ཀྱི་བསམ་གཏན་ལ་བཞུགས་པ་ཞེས་བྱ་སྟེ། ཁྱུང་ཆེན་ལས། སྣང་མེད་སྟོང་དང་བྲལ་བའི་ཡེ་ཤེས་དེ།
།མ་བཟུང་མ་བཏང་མ་བསླད་རང་སོ་སྟེ།
།གཅིག་གིས་གསུམ་ལ་སུ་ཡིས་ཕོག་པ་ཉིད།
།རྫུན་མིན་བདེན་མིན་གནས་ཐབས་ལྷང་ངེ་བའོ།
།ཞེས་སོ། །འདིའི་དུས་སུ་རྟོག་པར་སྣང་ཡང་རང་ངོ་མི་རྟོག་པའི་ཡེ་ཤེས་སུ་རྗེན་ལ་བུད་ཟིན་ཏེ། གཟུང་འཛིན་དང་དུས་གསུམ་གྱི་འབྲེལ་ཐག་ཆད་པའི་རིག་པ་རང་ས་ན་གསལ་བའི་ཕྱིར་རོ། །སེང་གེ་རྩལ་རྫོགས་ལས། ཡེ་ཤེས་རང་སྣང་ངོ་བོ་ནི།
།ཡིད་ཀྱི་རྣམ་རྟོག་མེད་པ་སྟེ།
།འདས་པའི་ཡུལ་དང་མ་འོངས་ཡུལ།
།སྣང་བ་ཐད་ཀར་བཅད་པའོ།
།ཞེས་སོ། །ཤེས་པ་ལ་རྐྱེན་དྲག་པོས་བསླང་སྟེ་དུག་ལྔ་ལྟ་བུར་རམ་རམ་སྐྱེས་

naked and wide awake:[386]Note 386 · p. 413 · The part opens mid-sentence (ste rjen yer re re…), continuing the previous part; Dharmamitra retranslated the words already rendered there, which are not repeated here. when it is recognized thus, that naked awareness strikes right upon the severing of the cord that connects the three times, and so this is called "the dharmakāya abiding in its own bed, in uninterrupted natural meditative concentration."

From the Great Garuḍa:

That primordial wisdom, without appearance and free of emptiness,[387]Note 387 · p. 413 · Khyung chen, line 1 (snang med stong dang bral ba): Dharmamitra has "free from appearance and emptiness"; with Gemini 4 Neon, Claude Fable 5.2 and GPT-6.2 Astra I read two predicates, "without appearance and free of emptiness".
not held, not let go, not adulterated, is in its own natural condition.
For whoever has struck upon the three with the one,[388]Note 388 · p. 413 · gcig gis gsum la su yis phog pa nyid: obscure. Following Longchenpa's own gloss just above (awareness striking upon the severed link of the three times), I take "the three" as the three times and "the one" as awareness.
neither false nor true, the way of abiding is vividly present.Khyung chenQuotation (named in the text: ཁྱུང་ཆེན་ལས)
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Garuḍa in Flight · tantra; Nyingma Gyubum
Identification: medium confidence (A Mind Class scripture, one of the Eighteen Mind Class texts.)
The quoted words are in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 84 % of the words.

So it is said. At this time, although it appears as conceptual thought, its own face has already emerged nakedly as non-conceptual primordial wisdom, because awareness in which the cord connecting apprehended and apprehender, and the three times, has been severed is clear in its own place. From the Lion's Perfect Dynamic Energy:

The essence of the self-appearance of primordial wisdom
is without the discursive thoughts of mentation:
the objects of the past and the objects of the future,
their appearance is cut through directly.Seng ge rtsal rdzogsQuotation (named in the text: སེང་གེ་རྩལ་རྫོགས་ལས)
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Perfected Lion's Dynamic Energy · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 100 % of the words.

So it is said.

3.3.3.2.2.2.2.2 Recognizing naked awareness when strong afflictions arise ཉོན་མོངས་དྲག་པོ་སྐྱེས་དུས་རིག་པ་རྗེན་པར་ངོས་བཟུང་བ3.3.3.2.2.2.2.2 Recognizing naked awareness when strong afflictions arise (topical division)
When the five poisons or any thought arise vehemently, there is nothing but awareness, so recognizing it nakedly makes the dharmakāya appear; this is the intent of the great natural resting of the dharmakāya. Cited: Heap of Jewels, Six Vast Expanses.

When cognition is roused by a forceful condition and something like the five poisons arises vehemently,

[p. 414]
དུས་ཐད་ཀ་ན་རིག་པ་མ་གཏོགས་པ་མེད་པས་ངོས་རྗེན་པར་བཟུང་དུས་ཡེ་ཤེས་ལྷག་པར་གསལ་ལ་ཤེས་པའི་སྟེང་དུ་དགའ་བ་དང་མི་དགའ་བ་དང་བར་མ་དང་བཟང་རྟོག་ངན་རྟོག་ཅི་ཤར་ཡང་རིག་པ་མ་གཏོགས་པ་མི་འཆར་བས་ངོས་ཟིན་དུས་ཆོས་སྐུ་རྗེན་པར་འཆར་ཏེ། རིན་ཆེན་སྤུངས་པ་ལས། གཟུགས་སྐུ་ཡུལ་དུ་སྣང་བའི་ཚེ།
།ང་ཡི་སྐུ་ཡི་རོལ་པ་ཡིན།
།འདི་ལ་ཡང་མེད་པའི་མི།
།ང་ཡི་སྐུ་ལ་འདི་ཡིས་རེག །གཏི་མུག་ཞེ་སྡང་འདོད་ཆགས་ཀྱི།
།ཞེན་པ་དྲག་པོ་ནམ་སྐྱེས་ན།
།ང་ཡི་རིག་པ་རྟོག་མེད་ཡིན།
།འདི་ཉིད་རང་གིས་རང་གྲོལ་བ།
།ང་ཡི་མིག་ལ་འདི་ཉིད་མཐོང༌།
།ཡིད་ཀྱི་དྲན་པ་ཕྱིར་སྣང་ཚེ།
།ང་ཡི་སྒྲིབ་པ་རང་དག་ཕྱིར།
།འདི་ལ་རྗེས་སུ་གཅོད་མེད་ན།
།ང་ཡི་སྒྲ་རྣམས་འདི་ཡིས་ཐོས།
།བསམ་པའི་རྟོག་ཚོགས་འདུས་པའི་ཚེ།
།ང་ཡི་ཏིང་འཛིན་མི་རྟོག་བཟང༌།
།འདི་ལ་ཞེན་པའི་བློ་མེད་ན།
།ང་

at that very moment, right there, there is nothing other than awareness; so, when it is recognized nakedly, primordial wisdom is all the clearer. And whatever arises upon cognition, whether joy, displeasure or what lies between, good thoughts or bad thoughts, nothing arises other than awareness; so, when it is recognized, the dharmakāya arises nakedly. From the Heap of Jewels:

When the rūpakāya (gzugs sku) appears as an object,
it is the play of my kāya.
The person who is undistracted[390]Note 390 · p. 414 · Same line: Adzom reads tshe for mi ("when there is no… in this" instead of "the person who…"). I keep mi, since the next line's 'di yis needs a personal antecedent. from this,[389]Note 389 · p. 414 · 'di la yang med pa'i mi: the line is one syllable short and evidently corrupt. I read yeng(s) ba med pa, "undistracted from this" (so Claude Fable 5.2, "does not waver"), which matches the parallel conditions in the following stanzas (not pursuing, not clinging). Gemini 4 Neon conjectures ya nga med pa ("has no fear"). GPT-6.2 Astra keeps the text as it stands ("for whom even this is absent"), and Dharmamitra is close to that ("free even from this"), which gives poor sense.
this one touches my kāya.[391]Note 391 · p. 414 · 'di yis reg / thos / tshor / 'dis… myong: I take 'di yis as the agent ("this one", the practitioner), as Gemini 4 Neon does; Claude Fable 5.2 and GPT-6.2 Astra read it as an instrument ("by this", "thereby") and Dharmamitra as "through this".
Whenever the fierce clinging
of bewilderment, hatred and desire[393]Note 393 · p. 414 · gti mug is "bewilderment" per the glossary (all drafts have "delusion"); yid is "mentation" and blo "intellect" throughout. arises,
it is my non-conceptual awareness.
This itself being liberated of itself by itself,
this very one beholds my eye.[392]Note 392 · p. 414 · nga yi mig la 'di nyid mthong: Dharmamitra and GPT-6.2 Astra make Samantabhadra's eye the seer ("my eyes behold just this"). I follow Gemini 4 Neon and Claude Fable 5.2 ("this very one beholds my eye"), in parallel with touching his kāya, hearing his sounds, smelling his scents and tasting his tastes.
When the recollections of mentation appear outwardly,
it is because my obscurations are naturally pure.
If there is no pursuing after this,
this one hears my sounds.
When the hosts of conceptual thoughts of reflection gather,
it is my excellent non-conceptual samādhi.
If there is no intellect that clings to this,

[p. 415]
ཡི་དྲི་རྣམས་འདི་ཡིས་ཚོར།
།རགས་པའི་གཟུགས་ལ་བློ་ཞུགས་ཚེ།
།ང་ཡི་ཉམས་མྱོང་ཤར་བས་ཡིན།
།འདི་ལ་གཅིག་དང་གཉིས་ཟད་ནས།
།འདིས་ནི་ང་ཡི་རོ་རྣམས་མྱོང༌།
།འདི་ལྟར་སྣང་ཚད་ཐོས་ཚད་ཀུན།
།ཀུན་བཟང་ང་ཡི་རོལ་པར་བཤད།
།རོལ་པའི་འཆར་བྱེད་མ་འགགས་པས།
།ང་ཡི་ཡོན་ཏན་ཉིད་དུ་འབྱུང༌།
།ཡོན་ཏན་སྣང་བྱེད་འདི་ཙམ་པས།
།ཟད་པར་མི་འགྱུར་ཟད་པ་མེད།
།དེ་ཕྱིར་སྐུ་གསུམ་ཕྱག་རྒྱའི་ཞིང༌།
།ཞེས་སོ། །དེ་ལྟ་བུའི་ངོ་བོ་ཉམས་སུ་ལེན་པའི་དུས་ཀྱི་རིག་པའི་ངང་དེ་ཉིད་ཆོས་སྐུ་རང་གཞག་ཆེན་པོའི་དགོངས་པ་སྟེ། ཀློང་དྲུག་པ་ལས། བྱུང་ཚོར་མེད་པའི་སེམས་ཉིད་ལ།
།མ་བསམས་ལྷག་མཐོང་སྣང་བ་ནི།
།འགྲོ་འོང་ཟད་པའི་དགོངས་པ་ཞེས།
།ཀུན་ཏུ་བཟང་པོ་ང་ཡིས་བསྟན།
།གཟུང་བ་མེད་པའི་སེམས་ཉིད་ལ། །མ་འགགས་དག་པའི་སྣང་བ་ནི། །

this one senses my scents.
When the intellect engages with coarse forms,
it is because my experience has arisen.
When one and two are exhausted in this,
this one savours my tastes.
Thus all that appears and all that is heard
is explained as the play of me, Samantabhadra.
Since what makes the play arise is unceasing,
it comes forth as my very qualities.
By just this much that makes the qualities appear[394]Note 394 · p. 415 · yon tan snang byed 'di tsam pas: Claude Fable 5.2 reads pas as a comparative ("is not merely this much"), Dharmamitra as a reason ("since they are merely this"). With Gemini 4 Neon and GPT-6.2 Astra I read it as instrumental: the qualities are not exhausted by this much manifestation.
they will not be exhausted; there is no exhaustion.
Therefore it is the field of the mudrā of the three kāyas.Rin po che spungs paQuotation (named in the text: རིན་ཆེན་སྤུངས་པ་ལས)
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པའི་རྒྱུད, rin po che spungs pa yon tan chen po ston pa'i rgyud, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 71 % of the words.

So it is said. That very state of awareness at the time of practising such an essence is the enlightened intent of the great natural resting of the dharmakāya.

From the Six Vast Expanses:

In mind itself, without anything arising or being felt,[396]Note 396 · p. 415 · byung tshor med pa: taken as "without anything arising or being felt"; Claude Fable 5.2's "noticed" is equally possible.
the appearance of special insight (lhag mthong),[395]Note 395 · p. 415 · dgongs pa is "enlightened intent" throughout (GPT-6.2 Astra has "realization", which the glossary reserves for rtogs pa); lhag mthong is "special insight" (Gemini 4 Neon "insight", Claude Fable 5.2 "higher insight"). not thought up,
is called "the enlightened intent in which going and coming are exhausted":
thus have I, Samantabhadra, taught.Klong drug paQuotation (named in the text: ཀློང་དྲུག་པ་ལས)
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Spaces of Samantabhadra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0062-vol-01-text (the text itself), 100 % of the words.

In mind itself, without anything apprehended,
the unceasing, pure appearance

[p. 416]
རོལ་པ་ཆེན་པོའི་ཏིང་འཛིན་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན།
།འཛིན་པ་མེད་པའི་སེམས་ཉིད་ལ།
།རང་ཤར་ཆེན་པོའི་སྣང་བ་ནི།
།མ་འགགས་མི་རྟོག་དགོངས་པ་ཞེས།
།ཀུན་ཏུ་བཟང་པོ་ང་ཡིས་བསྟན།
།ཟུག་རྔུ་མེད་པའི་སེམས་ཉིད་ལ།
།བདག་རྟོག་བྲལ་བའི་སྣང་བ་ནི།
།རང་གཞག་ཆེན་པོའི་དགོངས་པ་ཞེས།
།ཀུན་ཏུ་བཟང་པོ་ང་ཡིས་བསྟན།
།རྟག་ཆད་མེད་པའི་སེམས་ཉིད་ལ།
།བཟང་ངན་བྲལ་བའི་སྣང་བ་ནི།
།སྤང་བླང་བྲལ་བའི་དགོངས་པ་ཞེས།
།ཀུན་ཏུ་བཟང་པོ་ང་ཡིས་བསྟན།
།བླང་དོར་བྲལ་བའི་སེམས་ཉིད་ལ།
།ཕྱོགས་མེད་རང་གྲོལ་སྣང་བ་ནི།
།ཁྱབ་གདལ་ཆེན་པོའི་དགོངས་པ་ཞེས།
།ཀུན་ཏུ་བཟང་པོ་ང་ཡིས་བསྟན།
།ཞེས་སོ། །འདི་ལ་རིག་པ་འཕྲོ་འདུ་མེད་པར་གནས་པའི་དུས་ན་གནས་ཆའི་མི་རྟོག་པ་དེ་སྒོམ་དུ་འདོད་པ་མ་ཡིན། འདིའི་དུས་ཀྱི་རིག་གེ་སིང་ངེ་བའི་གསལ་དངས་ཀྱི་

is called "the samādhi of great play":
thus have I, Samantabhadra, taught.
In mind itself, without any apprehender,
the appearance of great self-arising
is called "the unceasing, non-conceptual enlightened intent":
thus have I, Samantabhadra, taught.
In mind itself, without the pang of pain,
the appearance free of the thought of a self
is called "the enlightened intent of great natural resting":
thus have I, Samantabhadra, taught.
In mind itself, without permanence or annihilation,
the appearance free of good and bad
is called "the enlightened intent free of abandoning and adopting":
thus have I, Samantabhadra, taught.
In mind itself, free of accepting and rejecting,
the impartial, self-liberated appearance
is called "the enlightened intent of great all-pervasiveness":
thus have I, Samantabhadra, taught.

So it is said.

3.3.3.2.2.2.2.3 The key point that looking at abiding or arising is not the meditation གནས་འཆར་ལ་ལྟ་བ་སྒོམ་མ་ཡིན་པའི་གནད3.3.3.2.2.2.2.3 The key point that looking at abiding or arising is not the meditation (topical division)
Neither the non-conceptual stillness nor the watching of arisings is meditation; what is sustained is the naked, lucid aspect of awareness until it becomes the vast expanse. This is the meaning of breakthrough (khregs gcod). Cited: Tantra Without Letters.

Here, at the time when awareness abides without radiating out or gathering in, that non-conceptuality of the abiding aspect is not held to be the meditation. At this time, the wakeful and lucid, limpidly clear[397]Note 397 · p. 416 · The final sentence is left open at the genitive gsal dangs kyi; its head noun (rig pa rjen pa de, "that naked awareness") and verb follow on the next page.

[p. 417]
རིག་པ་རྗེན་པ་དེ་མ་ཡེངས་པར་ཕྱལ་ལེ་སྐྱོང་བའོ། །ཡང་རིག་པ་ཡུལ་ལ་འཆར་དུས་གང་ཤར་ལ་ལྟ་བ་དེ་སྒོམ་དུ་ཡོད་པ་མ་ཡིན། དེའི་དུས་ཀྱི་རིག་པ་གསལ་རྗེན་རྗེན་པའི་ཆ་དེ་མ་ཡེངས་པར་སྐྱོང་བའོ། །གནད་འདི་མ་གོ་ན་གནས་པ་དང་འཆར་བ་གཉིས་ལ་ལྟ་བ་དེ་སྒོམ་པའི་ངོ་བོ་ཡིན་སྙམ་ནས་འཁྲུལ་པར་འགྱུར་རོ། །སེམས་གནས་པ་ཙམ་བསམ་གཏན་གྱི་ལྷ་དང་འདྲལ། །འཆར་བ་ཙམ་ཐ་མལ་གྱི་རྟོག་པ་དང་འདྲ་བས་དེ་ལ་བསྒོམས་ཀྱང་སངས་རྒྱས་ཐོབ་རེ་སྐན་ནོ། །འདིར་གང་གི་དུས་ཡིན་ཀྱང་རིག་པའི་ཆ་རྗེན་པ་ཟང་ཐལ་ཤེལ་གོང་འདྲ་བ་དེ་ཀློང་དུ་མ་གྱུར་རིང་ལ་སྐྱོང༌། གྱུར་ནས་དེའི་ངང་ལ་མི་འབྲལ་བར་གནས་པ་ཡིན་ནོ། །ཁྲེགས་གཅོད་ཀྱི་དོན་གོ་རིག་པ་རྗེན་ལ་ཕུད་ནས་སལ་སལ་སྐྱོང་བ་དེ་ལ་ཟེར་བས་གནད་འདི་ཁོ་ན་གལ་ཆེ་བར་ཡོད་པས་ངོ་ཤེས་པར་བྱའོ། །དེ་སྐད་དུའང་ཡི་གེ་མེད་པ་ལས།

naked awareness is what is to be sustained, evenly and without distraction. Again, at the time when awareness arises toward objects, looking at whatever has arisen is not the meditation. It is the clear, starkly naked aspect of the awareness of that time that is to be sustained without distraction. If this key point is not understood, one will fall into delusion, thinking that looking at the two, abiding and arising, is the essence of meditation. The mere abiding of mind is like the gods of the meditative concentrations, and mere arising is like ordinary conceptual thought; so even if one meditates on that, how could there be any hope of attaining buddhahood?[400]Note 400 · p. 417 · thob re skan: an idiom of impossibility, rendered "how could there be any hope" (Dharmamitra, GPT-6.2 Astra, Claude Fable 5.2). Gemini 4 Neon's "will never attain" is flatter. Here, whichever of these times it may be, that aspect of awareness which is naked and unimpededly transparent, like a crystal ball, is to be sustained for as long as it has not become the vast expanse;[398]Note 398 · p. 417 · klong du ma gyur ring la: rendered literally, "for as long as it has not become the vast expanse" (Gemini 4 Neon; Dharmamitra "the expanse", Claude Fable 5.2 "one's expanse"). The idiom means not yet fully mastered or internalized. once it has, one abides without separating from that state. "Understanding the meaning of breakthrough"[399]Note 399 · p. 417 · khregs gcod kyi don go rig pa rjen la phud nas: I read don go as "understanding the meaning" (with Dharmamitra, Gemini 4 Neon). GPT-6.2 Astra construes go with rig pa ("knowing awareness"), and Claude Fable 5.2 leaves go untranslated. The text may be slightly corrupt (go for ni?), but the sense is unaffected. is said of just this stripping awareness naked and sustaining it in its vivid lucidity; since this key point alone is therefore of great importance, it must be recognized. Accordingly, the Tantra Without Letters says:

[p. 418]
སེམས་འཛིན་ལྟ་སྒོམ་མེད་ན་ཆོས་སྐུ་དངོས་པོ་ཡིན།
ལྟ་བའི་རྩལ་གསུམ་འབྱོངས་ན་སྣང་བ་ཆོས་སྐུའི་ཀློང༌།
།བྱ་བྱེད་གཡེང་བ་མེད་ན་ཆོས་ཉིད་བདེ་བའི་ས།
།གཅིག་པུ་དལ་བར་འདུག་ན་རྩལ་གསུམ་རང་ལས་འབྱུང༌།
།ཐད་ཀ་གྲོགས་སུ་ཤེས་ན་ཅོག་གཞག་གཅིག་གི་ངང༌།
།དེ་དང་རྒྱུན་དུ་གནས་ན་དེ་ལ་ཅི་ཞིག་བྱ།
།སྣང་བ་ཆེན་པོ་ཀུན་ལ་ཡང་དག་གནས།
།གསང་བའི་སྔགས་ཀྱི་དངོས་པོ་དེ་ཉིད་དོ།
།ཞེས་སོ། །དོན་གསུམ་པ་ཡོངས་གྲོལ་མཉམ་པ་ཆེན་པོར་ཆིངས་སུ་བཅིང་བ་ལ་གཉིས་ཏེ། ཡོངས་གྲོལ་གྱི་གནས་ལུགས་སྤྱིར་བསྟན་པ་དང༌། དེའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ངོ་བོ་དང༌། དབྱེ་བ་གཉིས་ལས། ངོ་བོ་ནི་རིག་པ་རྗེན་པའི་དོན་དེ་ངོས་བཟུང་ལ། གནས་ན་གནས་ཐོག་ཏུ་ཕྱམ་གདལ། འཆར་ན་འཆར་ཐོག་ཏུ་དངས་ཕྱེ་ནས་བཞག་པས་རང་ཡལ་རྗེས་མེད་ཟང་ཐལ་ཏེ།

If there is no holding the mind, no view or meditation, that is the dharmakāya in actuality.
If the three dynamic energies of the view are mastered, appearances are the vast expanse of the dharmakāya.
If there is no distraction of deeds and doing, that is the level of the bliss of dharmatā.[401]Note 401 · p. 418 · chos nyid bde ba'i sa: "level" per the glossary (Gemini 4 Neon). Dharmamitra, GPT-6.2 Astra and Claude Fable 5.2 have "ground", which is reserved for gzhi.
If one stays alone and at ease, the three dynamic energies arise of themselves.
If one knows what is directly present as a friend, that is the state of the one free resting.
If one abides with that continuously, what is there to do about it?
The great appearance truly abides in all.[402]Note 402 · p. 418 · snang ba chen po kun la yang dag gnas: taken with Dharmamitra, GPT-6.2 Astra and Claude Fable 5.2 as "the great appearance truly abides in all". Gemini 4 Neon reads "genuinely abiding in all great appearances", which the grammar also allows.
That itself is the actuality of the Secret Mantra.Yi ge med paQuotation (named in the text: དེ་སྐད་དུའང་ཡི་གེ་མེད་པ་ལས)
ཡི་གེ་མེད་པའི་རྒྱུད་ཆེན་པོ, yi ge med pa'i rgyud chen po, The Tantra Without Letters · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (Also cited as the Secret Tantra Without Letters (gsang ba yi ge med pa).)
The quoted words are in Ngb-pt-0051-vol-01-text (the text itself), 66 % of the words.

So it is said.

3.3.3.2.2.3 Binding it fast within the great equality of total liberation ཡོངས་གྲོལ་མཉམ་པ་ཆེན་པོར་ཆིངས་སུ་བཅིང་བ3.3.3.2.2.3 Binding it fast within the great equality of total liberation
Total liberation: its essence, awareness vanishing without trace when left as it is, and its divisions, then the five modes of primordial, self-, naked, extreme-free and single liberation, each established by reasoning, scripture and proof, with examples and completeness of meaning.

The third point, binding it fast within the great equality[403]Note 403 · p. 418 · chings su bcing ba: rendered "binding it fast". The drafts vary ("framework", "universal frame", "drawing together"). Align with the rendering of chings fixed in earlier parts if it differs. of total liberation (yongs grol), has two parts: a general presentation of the abiding reality of total liberation, and a specific explanation of its enumerations.

3.3.3.2.2.3.1 General presentation of the abiding reality of total liberation ཡོངས་གྲོལ་གྱི་གནས་ལུགས་སྤྱིར་བསྟན་པ3.3.3.2.2.3.1 General presentation of the abiding reality of total liberation
Naked awareness left uncontrived liberates itself in place, avoiding stagnation and proliferation; per the Reverberation of Sound, modes and key points of liberation are subsumed in five, 'liberation' being merely conventional since there was never bondage.

The first has two parts: the essence and the divisions.

3.3.3.2.2.3.1.1 The essence ངོ་བོ3.3.3.2.2.3.1.1 The essence
Naked awareness, left right upon its abiding or arising, vanishes of itself without trace; appearance left uncontrived is liberated in its own place. Turning to the naked awareness of the moment avoids stagnant calm or proliferating thought. Cited: Reverberation of Sound, Great Garuḍa.

As for the essence: having identified what naked awareness actually is, if it abides, it is left evenly pervasive right upon the abiding; if it arises, it is left right upon the arising with its limpidity brought out.[404]Note 404 · p. 418 · dangs phye nas bzhag: read as "left with its limpidity brought out (separated out)", with Claude Fable 5.2 and Gemini 4 Neon. GPT-6.2 Astra's "let its clarity open up" is looser. Thereby it vanishes of itself, traceless and unimpededly transparent.

[p. 419]
ཐལ་འགྱུར་ལས། དགོངས་པ་གཅིག་ལས་གཡོས་པ་མེད།
།སྣང་བ་སྣང་བའི་ཐོག་གསལ་བས།
།བཞིན་དང་མེ་ལོང་ལྟ་བུ་ལས།
།གྲོལ་བ་དེ་དང་དེ་ཉིད་གྲོལ།
།ཤེས་པ་འགྱུ་བ་སྟོང་ཡལ་བས།
།མཐོང་ཞེས་རིག་པ་ཐ་དད་མིན།
།དེ་ཉིད་རང་གི་ཐོག་ཏུ་གྲོལ།
།གཅིག་ཤེས་པས་ནི་ཀུན་གྲོལ་ཕྱིར།
།གཉིས་དང་གསུམ་གྱི་གྲངས་མཐའ་ཟད།
རྟོག་ཅིང་འཛིན་པའི་ཡུལ་མི་སྣང༌།
།འགྱུ་དང་འཛིན་པ་ཡེ་ནས་སྟོང༌།
།སྟོང་པའི་དགོངས་པ་གསལ་རྫོགས་པས།
།དུ་མའི་གྲངས་མཐའ་ཟད་པའོ།
།ཞེས་པ་དང༌། ཁྱུང་ཆེན་ལས། ཆོས་ཀུན་སྤྲོས་དང་བྲལ་ཞིང་རྙོག་མེད་པས།
།བྱས་མེད་རང་སར་གྲོལ་བའི་གནད་འདི་རབ་ཏུ་ཆེ།
།རྒྱུ་འགགས་རྐྱེན་ཡལ་འབྲས་བུ་ཟད་པའི་གནད།
།གང་ལ་མ་བརྟེན་གཅིག་གྲོལ་ཀློང་ཉིད་དོ།
།སྤྱོད་བྲལ་སྒོམ་དག་བལྟ་རུ་མེད་པའི་དོན།
།མ་བཅོས་སྣང་བ་རང་

The Reverberation of Sound says:

There is no stirring from the single enlightened intent.[405]Note 405 · p. 419 · dgongs pa: "enlightened intent" per the glossary. Gemini 4 Neon's "realization" is reserved for rtogs pa, and Claude Fable 5.2's "wisdom-intent" is not house style.
Since appearance is clear right upon appearance,
as with a face and a mirror,
as for liberation, each is liberated as just itself.[406]Note 406 · p. 419 · grol ba de dang de nyid grol: a terse line. I take de dang de as "each one" and nyid as "itself" (close to GPT-6.2 Astra and Gemini 4 Neon). Dharmamitra's "liberation is just that, and that itself is liberated" is also possible.
Since the movement of cognition vanishes into emptiness,
the awareness called "seeing" is not something distinct;[407]Note 407 · p. 419 · mthong zhes rig pa tha dad min: Dharmamitra and Claude Fable 5.2 read "what is called 'seeing' is not other than awareness". GPT-6.2 Astra and Gemini 4 Neon read "there is no separate awareness called 'seeing'". The rendering keeps the ambiguity of the Tibetan.
that itself is liberated right upon itself.
Because by knowing one, all is liberated,
the numerical extremes of two and three are exhausted.
No object of conceptual thought and grasping appears;
movement and grasping are primordially empty.
Since the enlightened intent of emptiness is clear and complete,
the numerical extreme of the many is exhausted.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (The root tantra of the Seventeen Tantras; the name 'gsang ba sgra rgyud' appears to refer to it as well.)
The quoted words are in Klong chen rab byams gsung 'bum/volume 016 432 (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 88 % of the words.

And the Great Garuḍa says:

Since all phenomena are free from elaboration and unsullied,
this key point of liberation in its own place, with nothing done, is supremely great.
The key point where causes have ceased, conditions have vanished and results are exhausted
is the very vast expanse of single liberation (gcig grol), relying on nothing at all.
The meaning that is free of conduct, pure of meditation, with nothing to be viewed:
uncontrived appearance, by being left in its own

[p. 420]
སར་བཞག་པས་གྲོལ། །ཞེས་སོ། །སྣང་བ་སྣང་ཐོག་ལས་གཞན་དུ་སྤོ་ལག་དང་བཅས་བཅོས་མེད་པར་བཞག་པ་ཙམ་གྱིས་རང་ས་ནས་གྲོལ་བས་ལྟ་སྒོམ་ཟད་སར་སྐྱོལ་བའི་དགོངས་པ་སྟེ། ཐལ་འགྱུར་ལས། མ་དག་པ་ཡི་འཁྲུལ་པ་ལ།
དབང་པོའི་སྒོ་རྣམས་མ་བཅོས་པར།
།ཅོག་གིས་བཞག་པ་གནད་ཡིན་ལ།
།དེ་ལས་བསྒྱུར་བ་མན་ངག་གོ །གཟུང་བ་མེད་པའི་སྣང་བ་ལ།
།འཛིན་པ་མེད་པའི་སེམས་ཤར་བ།
།དཔྱོད་པ་མེད་པའི་མིག་གིས་མཐོང༌།
།ཆོས་ཉིད་མེད་པའི་ལམ་ནས་དྲངས།
།ལྟ་སྒོམ་མེད་པའི་གཞི་ལ་བསྐྱལ།
།བྱས་མེད་རྩོལ་བྲལ་འབྲས་བུར་སྨིན།
།འདི་ལ་སྣང་མཐའ་མི་གནས་སོ།
།ཞེས་སོ། །སྣང་ཐོག་ཏུ་བཞག་དུས་བསྒྱུར་བ་ནི་འདིའི་གནད་གལ་པོ་ཆེ་སྟེ། གཟུགས་སྣང་གི་སྟེང་དུ་ཤེས་པ་ཤར་དུས་དེ་ཀ་ལ་གཏད་ན་ཡང་ན་ཞི་གནས་ལྟེངས་སོ། །ཡང་ན་རྟོག་པ་འཕྲོ་རྒོད་གང་རུང་ཞིག་ལས་

place, is liberated.Khyung chenQuotation (named in the text: ཁྱུང་ཆེན་ལས)
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Garuḍa in Flight · tantra; Nyingma Gyubum
Identification: medium confidence (A Mind Class scripture, one of the Eighteen Mind Class texts.)
The quoted words are in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 62 % of the words.

So it is said. Since appearance is liberated right in its own place merely by being left upon the appearance itself, without being shifted anywhere else and without contrivance or alteration, this is the enlightened intent that delivers view and meditation to the place of their exhaustion.

The Reverberation of Sound says:

With regard to impure delusion,
to leave the doors of the sense faculties uncontrived,
in free resting, is the key point,
and turning it from that is the pith instruction.[408]Note 408 · p. 420 · de las bsgyur ba / snang thog tu bzhag dus bsgyur ba: rendered "turning". Longchenpa's gloss, completed on the next page (de'i ngang du bsgyur ba), shows it to be the practitioner's deliberate turning of attention into the state of naked awareness. GPT-6.2 Astra's "the shift that comes of this" and Dharmamitra's "to shift from that" obscure this. Gemini 4 Neon's "redirecting" has the same sense.
Upon appearance without anything apprehended,
the mind without any apprehender arises;
it is seen by the eye without analysis,
led along the path without dharmatā,
delivered to the ground without view or meditation,
and ripens as the fruition, with nothing done and free of effort.
In this, the extreme of appearance does not remain.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (The root tantra of the Seventeen Tantras; the name 'gsang ba sgra rgyud' appears to refer to it as well.)
The quoted words are in སྡེ་གསུམ་སྙིང་པོའི་དོན་འགྲེལ་གནས་ལུགས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་འགྲེལ་པ་བཞུགས། (a parallel: གནས་ལུགས་རིན་པོ་ཆེའི་མཛོད), 81 % of the words.

So it is said. The turning at the time of leaving it upon appearance is the most crucial key point here. When cognition arises upon the appearance of a form, if one directs it to just that, either calm abiding (zhi gnas) stagnates, or else one does not get beyond some conceptual thought[410]Note 410 · p. 420 · The last sentence runs on into the next page (… las mi 'da' bas). The verb mi 'da' ("does not get beyond") is already rendered here for the sake of English word order. The next part should resume with "bas" ("therefore, here …"). or other, whether scattering or agitated;[409]Note 409 · p. 420 · rtog pa 'phro rgod: Adzom reads rtogs pa ("realization"). I follow the e-text's rtog pa ("conceptual thought"), which the context requires (scattering or agitated thought as against stagnant calm abiding).

[p. 421]
མི་འདའ་བས་འདིར་དེ་དུས་ཀྱི་རིག་པ་རྗེན་པ་དེ་ངོས་བཟུང་ནས་དེའི་ངང་དུ་བསྒྱུར་བའོ། །གཉིས་པ་དབྱེ་བ་ནི། གྲོལ་ལུགས་བཞི་གནད་བཞི་དང་བཅས་པ་སྟེ། ཐལ་འགྱུར་ལས། རང་རིག་རྟོག་པ་ཀུན་བྲལ་བས།
།གྲོལ་ལུགས་བཞི་དང་བཅས་པའོ།
།གནད་བཞི་གྲོལ་པའི་གདེང་གིས་ནི།
།འཁོར་དང་མྱ་ངན་འདས་པའི་གནས།
།མ་བྱུང་བྱས་པ་མེད་པས་ན།
།གཞི་དང་རྩ་བ་མེད་པའོ།
།ཞེས་པ་དང༌། དེའི་དོན་རྒྱས་པར་བཤད་པ་ནི། །ཡང་དེ་ཉིད་ལས། རང་སེམས་གྲོལ་བ་ཞེས་བྱ་བ།
།གཅིག་ནས་གཅིག་ཏུ་སོང་བ་མེད།
།གང་གིས་བཅིངས་བཀྲོལ་མེད་པའི་སེམས།
།གཞི་ནས་རྫོགས་པས་འགྲོ་འོང་མེད།
།བརྟགས་པས་མ་རྙེད་རྒྱུ་མཚན་མེད།
།གཞི་རྩ་མེད་པས་སྟོང་གསལ་གནས།
།རང་གསལ་གནས་པའི་སེམས་དེ་ནི།
།གནད་ཀྱིས་གྲོལ་བས་ཕྱོགས་རིས་མེད།
།དུས་ཀྱིས་

therefore, here, one identifies the naked awareness of that very moment and turns to its state.[411]Note 411 · p. 421 · bsgyur ba is rendered "turns", continuing the previous part's "turning"; GPT-6.2 Astra, Gemini 4 Neon, Claude Fable 5.2 have "shifts", which the glossary keeps for 'pho ba, and Dharmamitra has "transform".

3.3.3.2.2.3.1.2 The divisions དབྱེ་བ3.3.3.2.2.3.1.2 The divisions
Four modes of liberation with four key points, per the Reverberation of Sound, subsumed in five; 'liberation' is only a convention since there was never bondage, and the yogin is freed by letting cognition range free. Cited also: Great Garuḍa.

Second, the divisions: there are four modes of liberation (grol lugs), together with four key points. The Reverberation of Sound says:

Since self-awareness is free of all conceptual thought,
it has four modes of liberation.
By the confidence of liberation through the four key points,
the abode of saṃsāra and nirvāṇa,
never having arisen and never having been made,
is without ground and without root.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (The root tantra of the Seventeen Tantras; the name 'gsang ba sgra rgyud' appears to refer to it as well.)
The quoted words are in Ngb-pt-0056-vol-01-text (the text itself), 56 % of the words.

So it is said; and, explaining the meaning of this at length, the same text also says:

What is called "the liberation of one's own mind"
is not a going from one thing to another.
The mind, which nothing at all has bound or released,
is complete from the ground, and so has no going or coming.
Not found when examined, it is without reason.[413]Note 413 · p. 421 · rgyu mtshan med: Dharmamitra "no defining mark", Gemini 4 Neon "no defining cause", GPT-6.2 Astra "nothing to account for it", Claude Fable 5.2 "no reason". Rendered literally as "without reason", i.e. no evidence by which it could be established.
Without ground or root, it abides empty and clear.[412]Note 412 · p. 421 · gzhi rtsa med pas stong gsal gnas: Adzom reads steng gsal ("clear upon"). I follow the e-text's stong gsal ("empty and clear"), the established compound and the only reading that makes sense here; steng is probably a slip.
That mind which abides self-clear
is liberated by the key point, and so is without partiality;

[p. 422]
གྲོལ་བས་ལྟོས་གཞི་མེད།
།འབད་མེད་གྲོལ་བས་བརྩོན་འགྲུས་མེད།
།གདེང་གིས་གྲོལ་བས་འབད་རྩོལ་མེད།
།དེ་ལ་གདེང་གིས་གྲོལ་བ་བཤད།
།ཡེ་ནས་གྲོལ་བས་བསྐྱར་གཞི་མེད།
།རང་གིས་གྲོལ་བས་གཉེན་པོ་མེད།
།ཅེར་གྱིས་གྲོལ་བས་མཐོང་སར་ཡལ།
།ཡོངས་སུ་གྲོལ་བས་འབད་མེད་པའོ།
།ཞེས་སོ། དེའང་རིག་པ་རྗེན་པར་མཐོང་བའི་གནད་ཀྱིས་གྲོལ་བ་དང༌། སྔ་ཕྱི་རིས་མེད་གཅིག་པར་དུས་ཀྱིས་གྲོལ་བ་དང༌། རང་གཞག་འབད་རྩོལ་མེད་པར་གྲོལ་བ་གསུམ་ནི་མཐའ་གྲོལ་གྱི་དོན་ཡིན་ལ། གདེང་གིས་གྲོལ་བ་བཞི་དང་བཅས་ན་ལྔར་འདུས་པ་ཡིན་ནོ། །རིག་པ་རྗེན་པ་ཡེ་ནས་བཅིངས་གྲོལ་མེད་པའི་ངོ་བོ་ལ་གྲོལ་ཞེས་ཐ་སྙད་བཏགས་པ་དེ་དོན་ལ་བཅིངས་པ་མེད་པས་གྲོལ་བ་མཚན་ཉིད་པ་ཡོད་པ་མ་ཡིན་ཏེ། ཁྱུང་ཆེན་ལས། རང་སྣང་དོན་དེ་གང་ལ་བཞིན་གསལ་བ།
།བསྒྱུར་བ་མེད་

liberated by time, and so has no basis of dependence;
liberated without effort, and so has no diligence;
liberated by confidence, and so has no effort or striving.
As to that, liberation by confidence is explained:
primordially liberated, it has nothing to be done again;
liberated by itself, it has no antidote;
nakedly liberated, it vanishes at the very place of seeing;
completely liberated, it is without effort.Thal 'gyurQuotation (the text says: the same source: ཡང་དེ་ཉིད་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (The root tantra of the Seventeen Tantras; the name 'gsang ba sgra rgyud' appears to refer to it as well.)
The quoted words are in Klong chen rab byams gsung 'bum/volume 016 432 (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 90 % of the words.

So it is said. Here, liberation by the key point of seeing awareness nakedly, liberation by time, in which earlier and later are one without division, and liberation in natural resting, without effort or striving: these three are the meaning of liberation from extremes; and when this is taken together with the four of liberation by confidence, they are subsumed in five.[414]Note 414 · p. 422 · gdeng gis grol ba bzhi dang bcas na lngar 'dus: the three liberations (by key point, by time, without effort) together make up liberation from extremes; with the four liberations by confidence (primordial, self-, naked, complete) this gives five. All drafts agree; the wording here makes the arithmetic explicit.

The convention "liberated" is applied to the essence of naked awareness, which is primordially without bondage or liberation; yet since in fact there is no bondage, there is no liberation (grol ba) in the fully qualified sense. The Great Garuḍa says:

That reality, self-appearance, clear just as it is in anything whatever,[415]Note 415 · p. 422 · rang snang don de gang la bzhin gsal ba: the line seems elliptical (as if gang la'ang ji bzhin). Read with GPT-6.2 Astra, Gemini 4 Neon, Claude Fable 5.2 as "clear just as it is in anything whatever"; Dharmamitra's "clear to whoever" is less likely.
is unaltered,

[p. 423]
ཅིང་མ་རྙོག་སུས་མ་འཕྲོགས།
།ཡེ་ཤེས་དངོས་ཏེ་གཅིག་དང་ཐ་དད་མེད།
།གཞི་མེད་ལམ་ཟད་འབྲས་བུ་ཡོད་མ་མྱོང༌།
།མཐོང་ཐོས་ལྟར་སྣང་གཅིག་གིས་གང་གྲོལ་བ།
།མ་བཙལ་སུས་མི་རྙེད་པ་ཀུན་གྱི་སྙིང་ལ་གནས།
།ཡེ་ནས་ཡོད་ཅིང་བལྟས་ཤིང་མཐོང་ལས་འདས།
།དེ་ཉིད་རང་དེ་མ་བཅོས་ཐོག་མའི་ངང༌།
།རྒྱུ་སྟོང་རྐྱེན་ཡལ་ངོ་བོ་འདུས་མ་བྱས།
།བྱ་བྱེད་སྤྱོད་དང་འཛིན་པའི་མཐའ་ལས་འདས།
།རིག་པས་བྱུང་དང་སོ་སོས་གང་བསྒྱུར་བ།
།གནས་ཐབས་ཉིད་དེ་དེ་ལས་བཅོས་ཅི་དགོས།
།རྩོལ་མེད་བཙལ་མི་དགོས་ཏེ་བྱུང་ཁུངས་ཀུན་གྱི་དངོས།
།རང་དག་དྲི་མའི་ཆོས་ནི་བཅས་ཤིང་བྱེད།
།འབད་འགགས་རྩོལ་བ་བྲལ་བར་ངས་རིག་སྟེ།
།ལྷག་པར་གྲོལ་དང་མ་གྲོལ་འདུག་གམ་ཅི།
།གང་ལ་སྲིད་དེ་ཡེ་ཤེས་ཁྱབ་གདལ་ལོ།
།ཞེས་སོ། །དེ་ཡང་བྱིས་པ་རྣམས་ཡུལ་དང་ཤེས་པར་

unsullied, and stolen away by no one.
It is actual primordial wisdom, neither one nor different.
Without ground, the path exhausted, a fruition has never existed.
That one by which whatever seems to be seen and heard is liberated,[416]Note 416 · p. 423 · mthong thos ltar snang gcig gis gang grol ba: the drafts diverge. GPT-6.2 Astra makes it a rhetorical question ("What could be freed by a mere semblance…?"); Dharmamitra has "liberated through a single apparent display". With Gemini 4 Neon and Claude Fable 5.2 I take gcig gis as "by the one" and gang grol ba as the subject of the next line ("unsought… abides in the heart of all"). The syntax remains uncertain.
unsought and found by no one, abides in the heart of all.
Primordially present, it is beyond looking and seeing.
Just that, itself, is the uncontrived, original state.
Empty of cause, its conditions vanished, its essence is unconditioned;
it is beyond the extremes of deed and doer, of conduct and grasping.
Whatever has arisen through awareness, and whatever each has altered,[417]Note 417 · p. 423 · rig pas byung dang so sos gang bsgyur ba: GPT-6.2 Astra reads a question ("what does anyone change?"); Dharmamitra and Gemini 4 Neon take so sos adverbially ("individually", "variously"). With Claude Fable 5.2 I read so sos as instrumental ("whatever each has altered"), both members being predicated as gnas thabs nyid, "the way of abiding itself".
is itself the way of abiding; what need is there to contrive it beyond that?
Effortless, it need not be sought: it is the actual source of everything.
It is natural purity; the phenomena of stain are what is fabricated and made.
I know it as effort ceased and free of striving;
over and above that, is there any "liberated" and "not liberated"?
In what could that be possible?[418]Note 418 · p. 423 · gang la srid de: Dharmamitra and Gemini 4 Neon read "in whatever exists, primordial wisdom is all-pervasive". Following the preceding question ('dug gam ci), I read it with GPT-6.2 Astra and Claude Fable 5.2 as rhetorical: "In what could that be possible?" Primordial wisdom is all-pervading.Khyung chenQuotation (named in the text: ཁྱུང་ཆེན་ལས)
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Garuḍa in Flight · tantra; Nyingma Gyubum
Identification: medium confidence (A Mind Class scripture, one of the Eighteen Mind Class texts.)
The quoted words are in Klong chen rab byams gsung 'bum/volume 002 028 (a parallel), 51 % of the words.

So it is said. Now, upon the very snare that binds the childish in object and cognition,

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 11 quotations, 11 found on this wiki.
# p. Tibetan English Source On this wiki
1 413 སྣང་མེད་སྟོང་དང་བྲལ་བའི་ཡེ་ཤེས་དེ། ། … རྫུན་མིན་བདེན་མིན་གནས་ཐབས་ལྷང་ངེ་བའོ། That primordial wisdom, without appearance and free of emptiness, … nor true, the way of abiding is vividly present. named: ཁྱུང་ཆེན་ལས
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Garuḍa in Flight · tantra; Nyingma Gyubum medium
parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད, 84 %
2 413 ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་ … མ་འོངས་ཡུལ། །སྣང་བ་ཐད་ཀར་བཅད་པའོ། The essence of the self-appearance of primordial wisdom is … of the future, their appearance is cut through directly. named: སེང་གེ་རྩལ་རྫོགས་ལས
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Perfected Lion's Dynamic Energy · tantra; Nyingma Gyubum, one of the Seventeen Tantras high
parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད, 100 %
3 414 གཟུགས་སྐུ་ཡུལ་དུ་སྣང་བའི་ཚེ། །ང་ཡི་ … པ་མེད། །དེ་ཕྱིར་སྐུ་གསུམ་ཕྱག་རྒྱའི་ཞིང༌། When the rūpakāya (gzugs sku) appears as an object, … the field of the mudrā of the three kāyas. named: རིན་ཆེན་སྤུངས་པ་ལས
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པའི་རྒྱུད, rin po che spungs pa yon tan chen po ston pa'i rgyud, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras high
parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད, 71 %
4 415 བྱུང་ཚོར་མེད་པའི་སེམས་ཉིད་ལ། །མ་བསམས་ … པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། In mind itself, without anything arising or being felt, … and coming are exhausted": thus have I, Samantabhadra, taught. named: ཀློང་དྲུག་པ་ལས
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Spaces of Samantabhadra · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0062-vol-01-text (the text itself), 100 %
5 418 སེམས་འཛིན་ལྟ་སྒོམ་མེད་ན་ཆོས་སྐུ་དངོས་ … གསང་བའི་སྔགས་ཀྱི་དངོས་པོ་དེ་ཉིད་དོ། If there is no holding the mind, no view … That itself is the actuality of the Secret Mantra. named: དེ་སྐད་དུའང་ཡི་གེ་མེད་པ་ལས
ཡི་གེ་མེད་པའི་རྒྱུད་ཆེན་པོ, yi ge med pa'i rgyud chen po, The Tantra Without Letters · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0051-vol-01-text (the text itself), 66 %
6 419 དགོངས་པ་གཅིག་ལས་གཡོས་པ་མེད། །སྣང་བ་ … གསལ་རྫོགས་པས། །དུ་མའི་གྲངས་མཐའ་ཟད་པའོ། There is no stirring from the single enlightened intent. … complete, the numerical extreme of the many is exhausted. named: ཐལ་འགྱུར་ལས
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras high
parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད, 88 %
7 419 ཆོས་ཀུན་སྤྲོས་དང་བྲལ་ཞིང་རྙོག་མེད་པས། ། … མ་བཅོས་སྣང་བ་རང་ སར་བཞག་པས་གྲོལ། Since all phenomena are free from elaboration and unsullied, … by being left in its own place, is liberated. named: ཁྱུང་ཆེན་ལས
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Garuḍa in Flight · tantra; Nyingma Gyubum medium
parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད, 62 %
8 420 མ་དག་པ་ཡི་འཁྲུལ་པ་ལ། དབང་པོའི་ … བུར་སྨིན། །འདི་ལ་སྣང་མཐའ་མི་གནས་སོ། With regard to impure delusion, to leave the doors … In this, the extreme of appearance does not remain. named: ཐལ་འགྱུར་ལས
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras high
parallel: གནས་ལུགས་རིན་པོ་ཆེའི་མཛོད, 81 %
9 421 རང་རིག་རྟོག་པ་ཀུན་བྲལ་བས། །གྲོལ་ལུགས་ … མེད་པས་ན། །གཞི་དང་རྩ་བ་མེད་པའོ། Since self-awareness is free of all conceptual thought, it … having been made, is without ground and without root. named: ཐལ་འགྱུར་ལས
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0056-vol-01-text (the text itself), 56 %
10 421 རང་སེམས་གྲོལ་བ་ཞེས་བྱ་བ། །གཅིག་ནས་ … སར་ཡལ། །ཡོངས་སུ་གྲོལ་བས་འབད་མེད་པའོ། What is called "the liberation of one's own mind" … place of seeing; completely liberated, it is without effort. “the same”: ཡང་དེ་ཉིད་ལས
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras high
parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད, 90 %
11 422 རང་སྣང་དོན་དེ་གང་ལ་བཞིན་གསལ་བ། ། … གང་ལ་སྲིད་དེ་ཡེ་ཤེས་ཁྱབ་གདལ་ལོ། That reality, self-appearance, clear just as it is in … what could that be possible? Primordial wisdom is all-pervading. named: ཁྱུང་ཆེན་ལས
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Garuḍa in Flight · tantra; Nyingma Gyubum medium
parallel: Klong chen rab byams gsung 'bum/volume 002 028, 51 %