Tshig don mdzod (Longchenpa): Vajra topic 8 (10)

From Rangjung Yeshe Wiki Texts
Tshig don mdzod (Longchenpa)Tshig don mdzod (Longchenpa): Vajra topic 8 (10)
< Tshig don mdzod (Longchenpa)
Tshig don mdzod (Longchenpa)/Vajra topic 8 (10)
Jump to navigation Jump to search
← Vajra topic 8 (9)Tshig don mdzod: contentsVajra topic 8 (11) →

Vajra topic 8 · The Stages of How to Practise · ཇི་ལྟར་ཉམས་སུ་བླང་བའི་རིམ་པ
Pages 401–412 of the corrected base text (W22920 vol. 4), part 10 of 21.

[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD85), gorn05 tibocr 2026: BDRC OCR on 338 pages, Mitra OCR on 147 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 250] སྡུག་བསྔལ་ཚལ་འདེབས་བདེ་བའི་ཆོས། །བརྗོད་པ་མེད་པར་རང་གནས་པ། །སུས་མ་ཤེས་པ་བློ་རེ་རྟུལ། །འཁོར་བའི་བག་ཆགས་ཡང་བརྩེགས་པ། །ཡེ་ནས་ཆོས་

[p. 251] ཀྱི་སྐུར་འདུག་པ། །གང་གིས་མ་མཐོང་སྙིང་རྗེའི་གནས། །དབང་པོ་བདག་རྟོག་ཡུལ་ཤར་ནས། །དྲན་བསམ་འགྱུ་བ་སྣ་ཚོགས་རྣམས། །ཡེ་ནས་ལོངས་སྐུར་རང་ཤར་བ། །འདི་ཀུན་མ་དྲན་བརྗེད་རེ་ངས། །བྱ་བྱེད་སྤྱོད་པ་རྩོལ་སྒྲུབ་དང་། །སྐྱེ་བོ་འདུ་བའི་ཅ་ཅོ་ཀུན། །ཡེ་ནས་སྤྲུལ་པའི་སྐུ་ཡིན་པར། །སུས་མ་ཤེས་པར་ཡོངས་རེ་རྟུལ། །ཇི་ལྟར་བསམ་དང་དྲན་འགྲུས་པ། །ཆུ་བོའི་རྒྱུན་བཞིན་བར་མེད་པར། །རྟག་ཏུ་རང་གི་ཡིད་འཕྲོག་པ། །རྩོལ་མེད་རང་གཞག་སྒོམ་པར་ནི། །ཉམས་སུ་མ་ཆུད་སེམས་རེ་ཡེངས། །སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང་། །གྲོང་ཁྱེར་རྒྱུན་གཅོད་ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། །ཞེས་པ་དང་། གཞི་རྩ་མེད་པའི་ཆོས་ཉིད་ལ། །མ་བཙལ་བཞག་པས་ངོ་མཚར་ཆེ། །འགྲོ་དང་འོང་བའི་རིག་པ་ལ། །ཐུག་པ་མེད་པ་ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ཡེ་ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། །ཞེས་སོ། །དེ་དག་ཀྱང་རྡོ་རྗེའི་གད་མོ་བཅུ་གཉིས་དང་ངོ་མཚར་གྱི་གསང་ཚིག་རྣམ་པ་བདུན་གྱིས་ཆོས་ཟད་ཀ་དག་ཆེན་པོར་ལ་བཟླ་བར་བྱ་སྟེ། རྒྱུད་དེ་ཉིད་ལས། ཀྱེ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་སྙིང་པོ་ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང་། དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་ངོ་མཚར། གཞི་མ་བསྐྱོད་པས་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་དངོས་པོ་གཤིས་ཀྱི་

[p. 252] གནས་ལུགས་ལ་ལྟོས་དང་། སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར། བདེ་སྡུག་ཇི་ལྟར་བསམས་ཀྱང་དོན་ལ་འགྱུར་བ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ལ་ལྟོས་དང་། དྲན་ བསམ་གྱི་སྤྱོད་པ་སྣ་ཚོགས་ཅི་བྱས་ཀྱང་རོལ་པར་ཤར་ཏེ་ངོ་མཚར། ཇི་ལྟར་བྱས་ཀྱང་སྐྱེ་མེད་ཀྱི་ཀློང་དུ་འགག་མེད་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ཆོས་ཉིད་སྟོང་པ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང་། སྐྱེ་བ་མེད་པ་དང་ཡེ་ ནས་ལྷན་ཅིག་གནས་པ་ངོ་མཚར། སྐྱེས་བུས་མཚོན་རྣོན་པོ་ཐོགས་ནས་འགྲོ་བ་རྣམས་དུས་གཅིག་ལ་བསྒྲལ་ཀྱང་གང་ཟག་དེའི་རྒྱུད་ལ་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རང་གི་ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ ཤེས་ལ་ལྟོས་དང་། གང་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་འཆར་བ་ངོ་མཚར། ཇི་ལྟར་སྣང་ཡང་རང་གི་གཞི་ལས་གཡོས་པ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོ་རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང་། རང་གི་གཉེན་པོར་རང་ཆེ་བ་ངོ་མཚར། ཉོན་མོངས་པ་རྣམས་རང་གིས་རང་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་སྟོང་པ་ཀུན་དག་གི་ངོ་བོ་ལ་ལྟོས་དང་། འབད་རྩོལ་མེད་པར་འབྲས་བུ་རང་རྙེད་པ་ངོ་མཚར། གཅིག་ཟིན་པས་ འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཀུན་བཞག་གི་ཚད་ལ་ལྟོས་དང་། འགྲོ་དྲུག་སྐུ་གསུམ་དུ་སྣང་བ་ངོ་མཚར། འགྲོ་བ་རྣམས་ཀྱིས་སྒོམ་པ་རྡུལ་ཙམ་ཡང་མ་

[p. 253] ༄༅། །བྱས་པར་དུས་གཅིག་ལ་འཚང་རྒྱ་བ་ཧ་ཧ། །ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང་། དུས་གསུམ་འདུ་འབྲལ་མེད་པ་ངོ་མཚར། ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པར་ ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་ཅེར་གཞག་སྟོང་པ་ཆེན་པོ་ཀུན་མཉམ་ལ་ལྟོས་དང་། བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ངོ་མཚར། སྤོང་ལེན་ཐམས་ཅད་ལྟ་བས་གྲོལ་བ་ཧ་ཧ། ཀྱེ་གསུང་ གི་རྡོ་རྗེ་སྟོང་པའི་སྟོང་པ་ཡེ་སྟོང་ཆེན་པོ་ལ་ལྟོས་དང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པར་འདུག་པ་ངོ་མཚར། བྱ་བྱེད་བསྒོམས་པས་ལྟུང་བར་འགྱུར་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་མི་སྟོང་པའི་སྟོང་པ་དངོས་ཅན་ལ་ལྟོས་ དང༑ མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་ངོ་མཚར། སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ་ཞེས་སོ། །འདི་དག་གཤིས་ཀྱི་འདུག་ཚུལ་དང་། རང་ངོ་རྗེན་པ་དང་། རྟོགས་པ་ཀློང་དུ་གྱུར་པའི་རྣལ་འབྱོར་པ་ལ་སྦྱར་ཏེ་བཤད་ པར་བྱའོ། །ངོ་མཚར་གྱི་གསང་ཚིག་པ་དུན་ནི་རྒྱུད་དེ་ཉིད་ལས། ཨེ་མ་ཧོ། གསུང་གི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག །རང་གི་རིག་པ་ཉིད་སྐྱེ་ཤི་དང་བྲལ་བའི་གནད་ཀྱིས་སེམས་ཅན་བྱེ་བའི་སྲོག་གཅད་པ་དང་། ཕ་རོལ་ཏུ་ ཕྱིན་པ་བཅུ་རྟག་ཏུ་སྤྱད་པའི་གང་ཟག་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་དུ་བཟང་པོ་ངས་བསྟན་པའོ། །སངས་རྒྱས་ཀུན་གྱི་གསུང་གི་རྡོ་རྗེ་ཆོས་ཉིད་ལ་སྤྲོས་པ་མེད་པའི་གནད་ཀྱིས་རྟག་ཏུ་སྟོང་པ་ཉིད་ལ་གོམས་

[p. 254] པར་བསྒོམས་པའི་སྐྱེས་བུ་དང་སྟོང་པ་ཉིད་ཡིད་ལ་སྐད་ཅིག་ཙམ་མ་བྱས་པའི་གང་ཟག་གཉིས་འཚང་རྒྱ་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་དུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པ་ཉིད་འདུས་མ་བྱས་ པའི་གནད་ཀྱིས། འདུས་བྱས་ཀྱི་དགེ་བ་དཔག་ཏུ་མེད་པ་བྱས་པའི་དད་པ་ཅན་དང་སྲོག་གཅོད་པ་ལ་རྟག་ཏུ་བརྩོན་པའི་མི་གཉིས་ཚོགས་རྫོགས་པའི་སྒོ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་དུ་བཟང་པོ་ངས་བསྟན་པའོ། ། ཀྱེ་གསུང་གི་རྡོ་རྗེ་རིག་པའི་ཡེ་ཤེས་ལ་འགྲོ་འོང་མེད་པའི་གནད་ཀྱིས་ཆོས་ཉིད་ཀྱི་རྟགས་སྣ་ཚོགས་ལུས་ངག་ལ་བྱུང་བའི་སྐྱེས་བུ་དང་ཐོས་བསམ་ལ་བློ་སྐད་ཅིག་ཀྱང་མ་སྦྱངས་པའི་གང་ཟག་གཉིས་དངོས་པོ་མཐོང་ བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་དུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་ཆོས་ཉིད་ལ་སྐྱེ་འགག་མེད་པའི་གནད་ཀྱིས་དམྱལ་བ་ཚ་གྲང་ཉམས་སུ་མྱོང་བའི་སྐྱེས་བུ་དང་སངས་རྒྱས་རྣམས་ཀྱི་བདེ་བ་སྣ་ ཚོགས་སུ་མྱོང་བའི་སྐྱེས་བུ་གཉིས་རྟོགས་པའི་སྒོ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་དུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པ་ལས་འགྱུར་བ་མེད་པའི་གནད་ཀྱིས་ཡིད་དཔྱོད་ཀྱི་སྤྲོས་པ་ཆོད་ པའི་སྐྱེས་བུ་དང་བདག་རྟག་པར་ལྟ་བ་གཉིས་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་དུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་ཆོས་སྐུ་རང་ལ་ཡོད་པའི་གནད་ཀྱིས་ཕྱི་རོལ་དུ་མཆོད་པ་དང་བསྟོད་པ་དང་

[p. 255] ༄༅། །གསོལ་བ་སྣ་ཚོགས་བཏབ་པའི་སྐྱེས་བུ་དང་ལས་སུ་བྱ་བྱེད་དང་བྲལ་བར་འདུག་པ་གཉིས་ལ་འབྲས་བུ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་དུ་བཟང་པོ་ངས་བསྟན་པའོ། །གསུང་གི་རྡོ་རྗེ་ དེའི་ཕྱིར་ན་རང་བྱུང་ཆེན་པོའི་ཚིག་འདི་དག་ལ་སྤྱོད་པའི་སྐྱེས་བུ་ནི་འབད་པ་མེད་པར་ཉམས་སུ་ལོན་པའི་གདེང་རྙེད་ནས་སྣང་བ་དང་སྐུ་གསུམ་དབྱེར་མེད་དུ་འཚང་རྒྱ་བ་ཡིན་ནོ་ཞེས་སོ། །འདི་དག་ནི་རྫོགས་པ་ཆེན་པོ་ འདིའི་རིག་པ་མངོན་སུམ་རྗེན་པའི་སྒོ་མཐོང་ནས་ཉམས་སུ་ལེན་པའི་ངོ་བོ་ལ་སྦྱར་ནས་བཤད་དེ། གཞན་ལས་ཁྱད་པར་དུ་འཕགས་པའི་གནད་རླབས་པོ་ཆེ་ལ་ལ་བཟླ་བ་ཡིན་ནོ། །དོན་གཉིས་པ་བྱ་བྲལ་ཟང་ཐལ་རྗེན་པར་ འགག་བསྡམ་པ་ལ་གཉིས་ཏེ། ཆོས་སྐུ་ངོས་གཟུང་པ་དང་། ངང་དེར་འགག་བསྡམ་པའོ། །དང་པོ་ནི། ཚོགས་དྲུག་གི་ཡུལ་ལ་ཕར་འཆར་རམ་རང་གནས་ཀྱི་ཤེས་པ་ནང་དུ་གནས་པའམ་གང་ཡིན་ཀྱང་རིག་པའི་ཆ་ པ་རང་གསལ་རྗེན་པ་གསལ་རིག་ཏུ་ལྷག་གེ་བ། ངན་རྟོག་ཏུ་ཤར་ཡང་རང་སངས་སུ་རྗེན་ནེ། བཟང་རྟོག་ཏུ་ཤར་ཡང་མཐའ་གྲོལ་དུ་སངས་སེ། རངས་ན་གནས་ཀྱང་བར་མེད་དུ་ཧ་རེ་བ་ཡུལ་གྱིས་མ་བསྒྱུར། འཛིན་ པས་མ་བསླད། སྤང་གཉེན་མ་ཞུགས་པར་ས་ལེ་སང་ངེ་བའི་རིག་ཆ་དེ་ཟང་ཐལ་རྗེན་པའི་ཆོས་སྐུར་ངོས་བཟུང་སྟེ། ཤེས་རིག་མ་ཡིན་ན་ཕར་ཞོག །ཡིན་ན་ངོ་བོ་དེ་ཆོས་སྐུར་མ་ཡིན་པ་མི་སྲིད་པས་ངོ་ཤེས་པར་བྱ་བ་ནི།

[p. 256] ཁྱུང་ཆེན་ལས། མ་བསྒོམས་བཞག་པ་དེ་ཉིད་རང་རིག་པ། །སྒྲ་དང་བློ་བྲལ་ཀུན་གྱི་ཕ་རོལ་ཞིང་། །དམིགས་བཅས་རང་སོ་ཉིད་དེ་བཅོས་ཅི་དགོས། །གནས་པས་འགག་པ་འགྱུས་པས་རང་སར་དག །མེད་མཐོང་མ་སྤངས་དེ་ལ་སངས་པ་མེད། །ས་མེད་འདི་ཉིད་གནས་དེ་གང་གི་ཡུལ། །འཇུག་སྟེ་གང་གི་ཕ་རོལ་སོང་མེད་པའོ། །རང་བཞིན་ཡོད་མེད་བརྟག་དཀའི་སེམས་ལ་རེག་ནུས་ཤིང་། །མ་བསམས་འཁྲུལ་པ་མེད་པའི་ཡེ་ཤེས་ཉིད། །བྱ་བྲལ་གླེན་པའི་ཤུགས་འཆང་བློ་བདེ་བ། །སྤྲོས་མེད་ནམ་མཁའི་ཡིད་ཅན་རྣམས་ཀྱིས་བྱོས། །ཞེས་སོ། །འདི་ཉིད་ཀྱི་ངོ་བོ་ལ་ཡེ་སངས་རྗེན་པར་རང་བྱུང་གི་ཡེ་ཤེས་ཞེས་བྱ་སྟེ། ཡིན་ལུགས་ཀྱི་ཆོས་སྐུར་རང་མལ་དུ་རང་ངོ་ཤེས་པས་དབྱིངས་རིག་མ་བུ་འདྲེས་པར་བརྗོད་ཀྱང་དོན་ལ་རང་གནས་ཆོས་ཟད་ཀྱི་དགོངས་པ་ངོས་ཟིན་པས་འཁོར་བ་ཆོས་སྐུར་སངས་པ་ཞེས་བྱའོ། །འདིའི་ངོ་བོ་ལ་སྒྲོ་སྐུར་གྱི་དྲི་མ་བསལ་བ་ནི། མུ་ཏིག་ཕྲེང་བ་ལས། རང་བཞིན་དག་པའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག །གཟུགས་འཛིན་མེད་པས་འཁྲུལ་པ་ལོག །འགྱུ་བ་མེད་པས་ལས་རླུང་ལོག །ཟང་ཐལ་ཡིན་པས་དངོས་པོ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྫོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་སྒོམ་པ་ལོག །མངོན་

[p. 257] དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་མ་མྱོང་བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློ་རྒྱ་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡིན་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་ཕྲད་པས་སྤྲུལ་སྐུར་བྱུང་། །རྟོགས་སུ་ཡོད་པས་ཐབས་སུ་བྱུང་། །བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །བཅུད་དུ་འདྲིལ་བས་རིག་པར་གསལ། །རང་གྲོལ་ཡིན་པས་ཅོག་གཞག་ཡིན། །དེ་ཉིད་ལོག་པའི་རིག་པ་ནི། །རང་ལས་འབྱུང་བས་གྲོལ་ཞེས་བྱ། །གནས་པ་ཡིན་པས་ཁྱབ་ཅེས་བྱ། །མཚན་མ་མེད་པས་སྟོང་ཞེས་བྱ། །ནུབ་པ་མེད་པས་ཤར་ཞེས་བྱ། །རྡོས་བཅས་མེད་པས་ཟང་ཐལ་པོ། །གྲོལ་བར་གནས་པས་ལོག་ཅེས་བྱ། །སྣ་ཚོགས་སྣང་བས་གདངས་ཞེས་བྱ། །གཉིས་སུ་མེད་པས་གཅིག་པུ་ཉིད། །ཐམས་ཅད་བསྐྱེད་པས་རྒྱུ་ཞེས་བྱ། །མ་ལུས་རྫོགས་པས་འབྲས་བུ་ཉིད། །དམིགས་པ་དག་པས་ལམ་ཞེས་བྱ། །འཁྲུལ་པ་ཟད་པས་ལུང་ཡང་ཡིན། །རང་ལ་གནས་པས་རྒྱུད་ཅེས་བྱ། །མཚོན་དུ་ཡོད་པས་མན་ངག་ཡིན། །གྲངས་ལས་འདས་པས་རྩིས་ཞེས་བྱ། །དེ་ལྟ་བུ་ཡི་སེམས་ཉིད་ནི། །དགོས་འདོད་སྐང་བས་

[p. 258] ནོར་བུ་འདྲ། །དགོས་པ་ཚང་བས་བང་མཛོད་བཞིན། །གང་བསྟན་སྣང་བས་མེ་ལོང་འདྲ། །དྲི་མེད་གསལ་བས་ཤེལ་གོང་འདྲ། །སྣ་ཚོགས་ཟ་འོག་གུར་ཁྱིམ་འདྲ། །སྤྲོ་བསྡུ་མེད་པས་ཁྱུང་ཆེན་འདྲ། །ལྟ་བའི་རྩལ་རྫོགས་སེང་གེ་འདྲ། །གཏིང་རྫོགས་ཁྱབ་པས་རྒྱ་མཚོ་འདྲ། །ནང་བྱུང་གྲོལ་གཞི་ནམ་མཁའ་བཞིན། །ཞེས་སོ། །གཉིས་པ་དང་དེར་འགག་བསྡམ་པ་ནི།

[edit]
BDRC typed e-text UT22920_004_0001 as downloaded (the base text was made from it).

སྡུག་བསྔལ་ཚལ་འདེབས་བདེ་བའི་ཆོས། །བརྗོད་པ་མེད་པར་རང་གནས་པ། །སུས་མ་ཤེས་པའི་བློ་རེ་རྟུལ། །འཁོར་བའི་བག་ཆགས་ཡང་བརྩེགས་པ། །ཡེ་ནས་ཆོས་ཀྱི་སྐུར་འདུག་པ། །གང་གིས་མ་མཐོང་སྙིང་རྗེའི་གནས། །དབང་པོ་བདག་རྟོག་ཡུལ་ཤར་ནས། །དྲན་བསམ་འགྱུ་བ་སྣ་ཚོགས་རྣམས། །ཡེ་ནས་ལོངས་སྐུར་རང་ཤར་བ། །འདི་ཀུན་མ་དྲན་བརྗེད་རེ་ངས། །བྱ་བྱེད་སྤྱོད་པ་རྩོལ་སྒྲུབ་དང༌། །སྐྱེ་བོ་འདུ་བའི་ཅ་ཅོ་ཀུན། །ཡེ་ནས་སྤྲུལ་པའི་སྐུ་ཡིན་པར། །སུས་མ་ཤེས་པར་ཡོངས་རེ་རྟུལ། །ཇི་ལྟར་བསམ་དང་དྲན་འགྱུས་པས། །ཆུ་བོའི་རྒྱུན་བཞིན་བར་མེད་པར། །རྟག་ཏུ་རང་གི་ཡིད་འཕྲོག་པ། །རྩོལ་མེད་རང་གཞག་སྒོམ་པར་ནི། །ཉམས་སུ་མ་ཆུང་སེམས་རེ་ཡེངས། །སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང༌། །གྲོང་ཁྱེར་རྒྱུན་གཅད་ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། །ཞེས་པ་དང༌། གཞི་རྩ་མེད་པའི་ཆོས་ཉིད་ལ། །མ་བཙལ་བཞག་པས་ངོ་མཚར་ཆེ། །འགྲོ་དང་འོང་བའི་རིག་པ་ལ། །ཐུག་པ་མེད་པ་ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ཡེ་ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། །ཞེས་སོ། །དེ་དག་ཀྱང་རྡོ་རྗེའི་གད་མོ་བཅུ་གཉིས་དང༌། །ངོ་མཚར་གྱི་གསང་ཚིག་རྣམ་བདུན་གྱིས་ཆོས་ཟད་ཀ་དག་ཆེན་པོར་ལ་བཟླ་བར་བྱ་སྟེ། རྒྱུད་དེ་ཉིད་ལས། ཀྱེ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་སྙིང་པོ་ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང༌། དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་ངོ་མཚར། གཞི་མ་བསྐྱོད་པས་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་དངོས་པོ་གཤིས་ཀྱི་གནས་ལུགས་ལ་ལྟོས་དང༌། སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར། བདེ་སྡུག་ཇི་ལྟར་བསམས་ཀྱང་དོན་ལ་འགྱུར་བ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ལ་ལྟོས་དང༌། དྲན་བསམ་གྱི་སྤྱོད་པ་སྣ་ཚོགས་ཅི་བྱས་ཀྱང་རོལ་པར་ཤར་ཏེ་ངོ་མཚར། ཇི་ལྟར་བྱས་ཀྱང་སྐྱེ་མེད་ཀྱི་ཀློང་དུ་འགག་མེད་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ཆོས་ཉིད་སྟོང་པ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང༌། སྐྱེ་བ་མེད་པ་དང་ཡེ་ནས་ལྷན་ཅིག་གནས་པ་ངོ་མཚར། སྐྱེས་བུ་མཚོན་རྣོན་པོ་ཐོགས་ནས་འགྲོ་བ་རྣམས་དུས་གཅིག་ལ་བསྒྲལ་ཀྱང་གང་ཟག་དེའི་རྒྱུན་ལ་ཕན་གནོད་དང་བྲལ་བར་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རང་གི་ ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང༌། གང་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་འཆར་བ་ངོ་མཚར། ཇི་ལྟར་སྣང་ཡང་རང་གི་གཞི་ལས་གཡོས་པ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོ་རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང༌། རང་གི་གཉེན་པོར་རང་ཆེ་བ་ངོ་མཚར། ཉོན་མོངས་པ་རྣམས་རང་གིས་རང་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་སྟོང་པ་ཀུན་དག་གི་ངོ་བོ་ལ་ལྟོས་དང༌། འབད་རྩོལ་མེད་པར་འབྲས་བུ་རང་རྙེད་པ་ངོ་མཚར། གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཀུན་བཞག་གི་ཚད་ལ་ལྟོས་དང༌། འགྲོ་དྲུག་སྐུ་གསུམ་སྣང་བ་ངོ་མཚར། འགྲོ་བ་རྣམས་ཀྱིས་སྒོམ་པ་རྡུལ་ཙམ་ཡང་མ་བྱས་པར་དུས་གཅིག་ལ་འཚང་རྒྱ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང༌། དུས་གསུམ་འདུ་འབྲལ་མེད་པ་ངོ་མཚར། ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པར་ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་ཅེར་གཞག་སྟོང་པ་ཆེན་པོ་ཀུན་མཉམ་ལ་ལྟོས་དང༌། བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ངོ་མཚར། སྤོང་ལེན་ཐམས་ཅད་ལྟ་བས་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པ་ཡེ་སྟོང་ཆེན་པོ་ལ་ལྟོས་དང༌། སངས་རྒྱས་ཐམས་ཅད་ཀྱི་དགོངས་པར་འདུག་པ་ངོ་མཚར། བྱ་བྱེད་བསྒོམས་པས་ལྟུང་བར་འགྱུར་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་མི་སྟོང་པའི་སྟོང་པ་དངོས་ཅན་ལ་ལྟོས་དང༌། མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་ངོ་མཚར། སྐྱེས་པས་སྐྱེས་མེད་ཐོབ་པ་ཧ་ཧ་ཞེས་སོ། །འདི་དག་གཤིས་ཀྱི་འདུག་ཚུལ་དང༌། །རང་ངོ་རྗེན་པ་དང༌། རྟོགས་པ་ཀློང་དུ་གྱུར་པའི་རྣལ་འབྱོར་པ་ལ་སྦྱར་ཏེ་བཤད་པར་བྱའོ། །ངོ་མཚར་གྱི་གསང་ཚིག་བདུན་ནི་རྒྱུད་དེ་ཉིད་ལས། ཨེ་མ་ཧོ། གསུང་གི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག །རང་གི་རིག་པ་ཉིད་སྐྱེ་ཤི་དང་བྲལ་བའི་གནད་ཀྱིས་སེམས་ཅན་བྱེ་བའི་སྲོག་བཅད་པ་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་རྟག་ཏུ་སྤྱད་པའི་གང་ཟག་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །སངས་རྒྱས་ཀུན་གྱི་གསུང་གི་རྡོ་རྗེ་ཆོས་ཉིད་ལ་སྤྲོས་པ་མེད་པའི་གནད་ཀྱིས་རྟག་ཏུ་སྟོང་པ་ཉིད་ལ་གོམས་པར་བསྒོམས་པའི་སྐྱེས་བུ་དང་སྟོང་པ་ཉིད་ཡིད་ལ་སྐད་ཅིག་ཙམ་མ་བྱས་པའི་གང་ཟག་གཉིས་འཚང་རྒྱ་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པ་ཉིད་འདུས་མ་བྱས་པའི་གནད་ཀྱིས། འདུས་བྱས་ཀྱི་དགེ་བ་དཔག་ཏུ་མེད་པ་བྱས་པའི་དད་པ་ཅན་དང་སྲོག་གཅོད་པ་ལ་རྟག་ཏུ་བརྩོན་པའི་མི་གཉིས་ཚོགས་རྫོགས་པའི་སྒོ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པའི་ཡེ་ཤེས་ལ་འགྲོ་འོང་མེད་པའི་གནད་ཀྱིས་ཆོས་ཉིད་ཀྱི་རྟགས་སྣ་ཚོགས་ལུས་ངག་ལ་བྱུང་བའི་སྐྱེས་བུ་དང་ཐོས་བསམ་ལ་བློ་སྐད་ཅིག་ཀྱང་མ་སྦྱངས་པའི་གང་ཟག་གཉིས་དངོས་པོ་མཐོང་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་ཀྱི་རྡོ་རྗེ་ཆོས་ཉིད་ལ་སྐྱེ་འགག་མེད་པའི་གནད་ཀྱིས་དམྱལ་བ་ཚ་གྲང་ཉམས་སུ་མྱོང་བའི་སྐྱེས་བུ་དང་སངས་རྒྱས་རྣམས་ཀྱི་བདེ་བ་སྣ་ཚོགས་སུ་མྱོང་བའི་སྐྱེས་བུ་གཉིས་རྟོགས་པའི་་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པ་ལ་འགྱུར་བ་མེད་པའི་གནད་ཀྱིས་ཡིད་དཔྱོད་ཀྱི་སྤྲོས་པ་ཆོད་པའི་སྐྱེས་བུ་དང་བདག་རྟག་པར་ལྟ་བ་གཉིས་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་ཆོས་སྐུ་རང་ལ་ཡོད་པའི་གནད་ཀྱིས་ཕྱི་རོལ་ཏུ་མཆོད་པ་དང་བསྟོད་པ་དང་གསོལ་བ་སྣ་ཚོགས་བཏབ་པའི་སྐྱེས་བུ་དང་ལས་སུ་བྱ་བྱེད་དང་བྲལ་བར་འདུག་པ་གཉིས་ལ་འབྲས་བུ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །གསུང་གི་རྡོ་རྗེ་དེའི་ཕྱིར་ན་རང་བྱུང་ཆེན་པོའི་ཚིག་འདི་དག་ལ་སྤྱོད་པའི་སྐྱེས་བུ་ནི་འབད་པ་མེད་པར་ཉམས་སུ་ལོན་པའི་གདེང་རྙེད་ནས་སྣང་བ་དང་སྐུ་གསུམ་དབྱེར་མེད་དུ་འཚང་རྒྱ་བ་ཡིན་ནོ་ཞེས་སོ། །འདི་དག་ནི་རྫོགས་པ་ཆེན་པོ་འདིའི་རིག་པ་མངོན་སུམ་རྗེན་པའི་སྒོ་མཐོང་ནས་ཉམས་སུ་ལེན་པའི་ངོ་བོ་ལ་སྦྱར་ནས་བཤད་དེ། གཞན་ལས་ཁྱད་པར་དུ་འཕགས་པའི་གནད་རླབས་པོ་ཆེ་ལ་ལ་བཟླ་བ་ཡིན་ནོ། །དོན་གཉིས་པ་བྱ་བྲལ་ཟང་ཐལ་རྗེན་པར་འགག་བསྡམ་པ་གཉིས་ཏེ། ཆོས་སྐུ་ངོས་གཟུང་བ་དང༌། ངང་དེར་འགག་བསྡམ་པའོ། །དང་པོ་ནི། ཚོགས་དྲུག་གི་ཡུལ་ལ་ཕར་འཆར་རམ་རང་གནས་ཀྱི་ཤེས་པ་ནང་དུ་གནས་པའམ་གང་ཡིན་ཀྱང་རིག་པའི་ཆ་ལ་རང་གསལ་རྗེན་པར་གསལ་རིག་ཏུ་ལྷག་གེ་བ། ངན་རྟོག་ཏུ་ཤར་ཡང་རང་སངས་་རྗེན་ནེ། བཟང་རྟོག་ཏུ་ཤར་ཡང་མཐའ་གྲོལ་དུ་སངས་སེ། རང་ས་ན་གནས་ཀྱང་བར་མེད་དུ་ཧ་རེ་བ་ཡུལ་གྱིས་མ་བསྒྱུར། འཛིན་པས་མ་བསླད། སྤང་གཉེན་མ་ཞུགས་པར་ས་ལེ་སང་ངེ་བའི་རིག་ཆ་དེ་ཟང་ཐལ་རྗེན་པའི་ཆོས་སྐུར་ངོས་བཟུང་སྟེ། ཤེས་རིག་མ་ཡིན་ན་ཕར་ཞོག ཡིན་ན་ངོ་བོ་དེ་ཆོས་སྐུར་མ་ཡིན་པ་མི་སྲིད་པས་ངོ་ཤེས་པར་བྱ་བ་ནི། ཁྱུང་ཆེན་ལས། མ་བསྒོམས་བཞག་པ་དེ་ཉིད་རང་རིག་པ། །སྒྲ་དང་བློ་བྲལ་ཀུན་གྱི་ཕ་རོལ་ཞིང༌། །དམིགས་བཅས་རང་སོ་ཉིད་དེ་བཅོས་ཅི་དགོས། །གནས་པས་འགག་ལ་འགྱུས་པས་རང་སར་དག །མེད་མཐོང་མ་སྤངས་དེ་ལ་སངས་པ་མེད། །ས་མེད་འདི་ཉིད་གནས་དེ་གང་གི་ཡུལ། །འཇུག་སྟེ་གང་གི་ཕ་རོལ་སོང་མེད་པའོ། །རང་བཞིན་ཡོད་མེད་བརྟག་དཀའི་སེམས་ལ་རེག་ནུས་ཤིང༌། །མ་བསམ་འཁྲུལ་པ་མེད་པའི་ཡེ་ཤེས་ཉིད། །བྱ་བྲལ་གླེན་པའི་ཤུགས་འཆང་བློ་བདེ་བ། །སྤྲོས་མེད་ནམ་མཁའི་ཡིད་ཅན་རྣམས་ཀྱིས་བྱོས། །ཞེས་སོ། །འདི་ཉིད་ཀྱི་ངོ་བོ་ལ་ཡེ་སངས་རྗེན་པར་རང་བྱུང་གི་ཡེ་ཤེས་ཞེས་བྱ་སྟེ། ཡིན་ལུགས་ཀྱི་ཆོས་སྐུ་རང་མལ་དུ་རང་ངོ་ཤེས་པས་དབྱིངས་རིག་མ་བུ་འདྲེས་པས་བརྗོད་ཀྱང་དོན་ལ་རང་གནས་ཆོས་ཟད་ཀྱི་དགོངས་པ་ངོས་ཟིན་པས་འཁོར་བ་ཆོས་སྐུར་སངས་པ་ཞེས་བྱའོ། །འདིའི་ངོ་བོ་ལ་སྒྲོ་སྐུར་གྱི་དྲི་མ་བསལ་བ་ནི། མུ་ཏིག་ཕྲེང་བ་ལས། རང་བཞིན་དག་པའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག །གཟུང་འཛིན་མེད་པས་འཁྲུལ་པ་ལོག །འགྱུ་བ་མེད་པས་ལས་རླུང་ལོག །ཟང་ཐལ་ཡིན་པས་དངོས་པོ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྫོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་སྒོམ་པ་ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་མ་མྱོང་བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློ་རྒྱ་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡིན་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་ཕྲད་པས་སྤྲུལ་སྐུར་བྱུང༌། །རྟོགས་སུ་ཡོད་པས་ཐབས་སུ་བྱུང༌། །བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །བཅུད་དུ་འདྲིལ་བས་རིག་པར་གསལ། །རང་གྲོལ་ཡིན་པས་ཅོག་གཞག་ཡིན། །དེ་ཉིད་ལོག་པའི་རིག་པ་ནི། །རང་ལས་འབྱུང་བས་གྲོལ་ཞེས་བྱ། །གནས་པ་ཡིན་པས་ཁྱབ་ཅེས་བྱ། །མཚན་མ་མེད་པས་སྟོང་ཞེས་བྱ། །ནུབ་པ་མེད་པས་ཤར་ཞེས་བྱ། །རྡོས་བཅས་མེད་པས་ཟང་ཐལ་པོ། །གྲོལ་བར་གནས་པས་ལོག་ཅེས་བྱ། །སྣ་ཚོགས་སྣང་བས་གདངས་ཞེས་བྱ། །གཉིས་སུ་མེད་པས་གཅིག་པུ་ཉིད། །ཐམས་ཅད་བསྐྱེད་པས་རྒྱུ་ཞེས་བྱ། །མ་ལུས་རྫོགས་པས་འབྲས་བུ་ཉིད། །དམིགས་པ་དག་པས་ལམ་ཞེས་བྱ། །འཁྲུལ་པ་ཟད་པས་ལུང་ཡང་ཡིན། །རང་ལ་གནས་པས་རྒྱུད་ཅེས་བྱ། །མཚོན་དུ་ཡོད་པས་མན་ངག་ཡིན། །གྲངས་ལས་འདས་པས་རྩིས་ཞེས་བྱ། །དེ་ལྟ་བུ་ཡི་སེམས་ཉིད་ནི། །དགོས་འདོད་སྐོང་བས་ནོར་བུ་འདྲ། །དགོས་པ་ཚང་བས་བང་མཛོད་བཞིན། །གང་བསྟན་སྣང་བས་མེ་ལོང་འདྲ། །དྲི་མེད་གསལ་བས་ཤེལ་གོང་འདྲ། །སྣ་ཚོགས་ཟ་འོག་གུར་ཁྱིམ་འདྲ། །སྤྲོ་བསྡུ་མེད་པས་ཁྱུང་ཆེན་འདྲ། །ལྟ་བའི་རྩལ་རྫོགས་སེང་གེ་འདྲ། །གཏིང་རྫོགས་ཁྱབ་པས་རྒྱ་མཚོ་འདྲ། །ནང་བྱུང་གྲོལ་གཞི་ནམ་མཁའ་བཞིན། །ཞེས་སོ། །གཉིས་པ་དང་དེར་འགག་བསྡམ་པ་ནི།

[edit]
rywikitexts e-text of the Beijing 2009 edition (vol. 19), with its page numbers ༼N༽.

སྡུག་བསྔལ་ཚལ་««༼༡༽«འདེབས་བདེ་བའི་ཆོས། །བརྗོད་པ་མེད་པར་རང་གནས་པ། །སུས་མ་ཤེས་པ་བློ་རེ་རྟུལ། །འཁོར་བའི་བག་ཆགས་ཡང་བརྩེགས་པ། །ཡེ་ནས་ཆོས་ཀྱི་སྐུར་འདུག་པ། །གང་གིས་མ་མཐོང་སྙིང་རྗེའི་གནས། །དབང་པོ་བདག་རྟོག་ཡུལ་ཤར་ནས། །དྲན་བསམ་འགྱུ་བ་སྣ་ཚོགས་རྣམས། །ཡེ་ནས་ལོངས་སྐུར་རང་ཤར་བ། །འདི་ཀུན་མ་དྲན་བརྗེད་རེ་» «ངས། །བྱ་བྱེད་སྤྱོད་པ་རྩོལ་སྒྲུབ་དང༌། །སྐྱེ་བོ་འདུ་བའི་ཅ་ཅོ་ཀུན། །ཡེ་ནས་སྤྲུལ་པའི་སྐུ་ཡིན་པར། །སུས་མ་ཤེས་པར་ཡོངས་རེ་རྟུལ། །ཇི་ལྟར་བསམ་དང་དྲན་འགྱུས་པ། །ཆུ་བོའི་རྒྱུན་བཞིན་བར་མེད་པར། །རྟག་ཏུ་རང་གི་ཡིད་འཕྲོག་པ། །རྩོལ་མེད་རང་གཞག་སྒོམ་པར་ནི། །ཉམས་སུ་མ་ཆུད་སེམས་རེ་ཡེངས། །སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང༌། །གྲོང་ཁྱེར་རྒྱུན་གཅོད་«༼༢༽«ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། །ཞེས་པ་དང༌། གཞི་རྩ་མེད་པའི་ཆོས་ཉིད་ལ། །མ་བཙལ་བཞག་པས་ངོ་མཚར་ཆེ། །འགྲོ་དང་འོང་བའི་རིག་པ་ལ། །ཐུག་པ་མེད་པ་ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ཡེ་ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། །ཞེས་སོ། །དེ་དག་ཀྱང་རྡོ་རྗེའི་གད་མོ་བཅུ་གཉིས་དང་ངོ་མཚར་གྱི་གསང་ཚིག་རྣམ་པ་བདུན་གྱིས་ཆོས་ཟད་ཀ་དག་ཆེན་པོར་ལ་བཟླ་བར་བྱ་སྟེ། རྒྱུད་དེ་ཉིད་ལས། ཀྱེ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་སྙིང་པོ་ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང༌། དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་ངོ་མཚར། གཞི་མ་བསྐྱོད་པས་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་དངོས་པོ་གཤིས་ཀྱི་གནས་ལུགས་ལ་ལྟོས་དང༌། སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར། བདེ་སྡུག་ཇི་ལྟར་བསམས་ཀྱང་དོན་ལ་འགྱུར་བ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ལ་ལྟོས་དང༌། དྲན་བསམ་གྱི་སྤྱོད་པ་སྣ་ཚོགས་ཅི་བྱས་ཀྱང་རོལ་པར་ཤར་ཏེ་ངོ་མཚར། ཇི་ལྟར་བྱས་ཀྱང་སྐྱེ་མེད་ཀྱི་ཀློང་དུ་འགག་མེད་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ཆོས་ཉིད་སྟོང་པ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང༌། སྐྱེ་བ་མེད་པ་དང་ཡེ་ནས་ལྷན་ཅིག་གནས་པ་ངོ་མཚར། སྐྱེས་བུས་མཚོན་རྣོན་པོ་ཐོགས་ནས་འགྲོ་བ་རྣམས་དུས་གཅིག་ལ་བསྒྲལ་ཀྱང་གང་ཟག་དེའི་རྒྱུད་ལ་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རང་གི་ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང༌། གང་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་འཆར་བ་ངོ་མཚར། ཇི་ལྟར་སྣང་ཡང་རང་གི་གཞི་ལས་གཡོས་པ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོ་རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང༌། རང་གི་གཉེན་པོར་རང་ཆེ་བ་ངོ་མཚར། ཉོན་མོངས་པ་རྣམས་རང་གིས་རང་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་སྟོང་པ་ཀུན་དག་གི་ངོ་བོ་ལ་ལྟོས་དང༌། འབད་རྩོལ་མེད་པར་འབྲས་བུ་རང་རྙེད་པ་ངོ་མཚར། གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཀུན་བཞག་གི་ཚད་ལ་ལྟོས་དང༌། འགྲོ་དྲུག་སྐུ་གསུམ་དུ་སྣང་བ་ངོ་མཚར། འགྲོ་བ་རྣམས་ཀྱིས་སྒོམ་པ་རྡུལ་ཙམ་ཡང་མ་བྱས་པར་དུས་གཅིག་ལ་འཚང་རྒྱ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང༌། དུས་གསུམ་འདུ་འབྲལ་མེད་པ་ངོ་མཚར། ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པར་ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་ཅེར་གཞག་སྟོང་པ་ཆེན་པོ་ཀུན་མཉམ་ལ་ལྟོས་དང༌། བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ངོ་མཚར། སྤོང་ལེན་ཐམས་ཅད་ལྟ་བས་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པའི་སྟོང་པ་ཡེ་སྟོང་ཆེན་པོ་ལ་ལྟོས་དང༌། སངས་རྒྱས་ཐམས་ཅད་ཀྱི་དགོངས་པར་འདུག་པ་ངོ་མཚར། བྱ་བྱེད་བསྒོམས་པས་ལྟུང་བར་འགྱུར་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་མི་སྟོང་པའི་སྟོང་པ་དངོས་ཅན་ལ་ལྟོས་དང༌། མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་ངོ་མཚར། སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ་ཞེས་» «སོ། །འདི་དག་གཤིས་ཀྱི་འདུག་ཚུལ་དང༌། རང་ངོ་རྗེན་པ་དང༌། རྟོགས་པ་ཀློང་དུ་གྱུར་པའི་རྣལ་འབྱོར་པ་ལ་སྦྱར་ཏེ་བཤད་པར་བྱའོ། །ངོ་མཚར་གྱི་གསང་ཚིག་བདུན་ནི་རྒྱུད་དེ་ཉིད་ལས། ཨེ་མ་ཧོ། གསུང་གི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག» «།རང་གི་རིག་པ་ཉིད་སྐྱེ་ཤི་དང་བྲལ་བའི་གནད་ཀྱིས་སེམས་ཅན་བྱེ་བའི་སྲོག་གཅད་«༼༡༽«པ་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་རྟག་ཏུ་སྤྱད་པའི་གང་ཟག་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །སངས་རྒྱས་ཀུན་གྱི་གསུང་གི་རྡོ་རྗེ་ཆོས་ཉིད་ལ་སྤྲོས་པ་མེད་པའི་གནད་ཀྱིས་རྟག་ཏུ་སྟོང་པ་ཉིད་ལ་གོམས་པར་བསྒོམས་པའི་སྐྱེས་བུ་དང་སྟོང་པ་ཉིད་ཡིད་ལ་སྐད་ཅིག་ཙམ་མ་བྱས་པའི་གང་ཟག་གཉིས་འཚང་རྒྱ་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པ་ཉིད་འདུས་མ་བྱས་པའི་གནད་ཀྱིས། འདུས་བྱས་ཀྱི་དགེ་བ་དཔག་ཏུ་མེད་པ་བྱས་པའི་དད་པ་ཅན་དང་སྲོག་གཅོད་པ་ལ་རྟག་ཏུ་བརྩོན་པའི་མི་གཉིས་ཚོགས་རྫོགས་པའི་སྒོ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པའི་ཡེ་ཤེས་ལ་འགྲོ་འོང་མེད་པའི་གནད་ཀྱིས་ཆོས་ཉིད་ཀྱི་རྟགས་སྣ་ཚོགས་ལུས་ངག་ལ་བྱུང་བའི་སྐྱེས་བུ་དང་ཐོས་བསམ་ལ་བློ་སྐད་ཅིག་ཀྱང་མ་སྦྱངས་པའི་གང་ཟག་གཉིས་དངོས་པོ་མཐོང་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་ཆོས་ཉིད་ལ་སྐྱེ་འགག་མེད་པའི་གནད་ཀྱིས་དམྱལ་བ་ཚ་གྲང་ཉམས་སུ་མྱོང་བའི་སྐྱེས་བུ་དང་སངས་རྒྱས་རྣམས་ཀྱི་བདེ་བ་སྣ་ཚོགས་སུ་མྱོང་བའི་སྐྱེས་བུ་གཉིས་རྟོགས་པའི་སྒོ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པ་ལས་«༼༡༽«འགྱུར་བ་མེད་པའི་གནད་ཀྱིས་ཡིད་དཔྱོད་ཀྱི་སྤྲོས་པ་ཆོད་པའི་སྐྱེས་བུ་དང་བདག་རྟག་པར་ལྟ་བ་གཉིས་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་ཆོས་སྐུ་རང་ལ་ཡོད་པའི་གནད་ཀྱིས་ཕྱི་རོལ་དུ་མཆོད་པ་དང་བསྟོད་པ་དང་གསོལ་བ་སྣ་ཚོགས་བཏབ་པའི་སྐྱེས་བུ་དང་ལས་སུ་བྱ་བྱེད་དང་བྲལ་བར་འདུག་པ་གཉིས་ལ་འབྲས་བུ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། ། གསུང་གི་རྡོ་རྗེ་དེའི་ཕྱིར་ན་རང་བྱུང་ཆེན་པོའི་ཚིག་འདི་དག་ལ་སྤྱོད་པའི་སྐྱེས་བུ་ནི་འབད་པ་མེད་པར་ཉམས་སུ་ལོན་པའི་གདེང་རྙེད་ནས་སྣང་བ་དང་སྐུ་གསུམ་དབྱེར་མེད་དུ་འཚང་རྒྱ་བ་ཡིན་ནོ་ཞེས་སོ། །འདི་དག་ནི་རྫོགས་པ་ཆེན་པོ་འདིའི་རིག་པ་མངོན་སུམ་རྗེན་པའི་སྒོ་མཐོང་ནས་ཉམས་སུ་ལེན་པའི་ངོ་བོ་ལ་སྦྱར་ནས་བཤད་དེ། གཞན་ལས་ཁྱད་པར་དུ་འཕགས་པའི་གནད་རླབས་པོ་ཆེ་ལ་ལ་བཟླ་བ་ཡིན་ནོ། །དོན་གཉིས་པ་བྱ་བྲལ་ཟང་ཐལ་རྗེན་པར་འགག་བསྡམ་པ་ལ་གཉིས་ཏེ། ཆོས་སྐུ་ངོས་གཟུང་བ་དང༌། ངང་དེར་འགག་བསྡམ་པའོ། །དང་པོ་ནི། ཚོགས་དྲུག་གི་ཡུལ་ལ་ཕར་འཆར་རམ་རང་གནས་ཀྱི་ཤེས་པ་ནང་དུ་གནས་པའམ་གང་ཡིན་ཀྱང་རིག་པའི་ཆ་ལ་རང་གསལ་རྗེན་པ་གསལ་རིག་ཏུ་ལྷག་གེ་བ། ངན་རྟོག་ཏུ་ཤར་ཡང་རང་སངས་སུ་རྗེན་ནེ། བཟང་རྟོག་ཏུ་ཤར་ཡང་མཐའ་གྲོལ་དུ་སངས་སེ། རང་ས་ན་གནས་ཀྱང་བར་མེད་དུ་ཧ་རེ་བ་ཡུལ་གྱིས་མ་བསྒྱུར། འཛིན་པས་མ་བསླད། སྤང་གཉེན་མ་ཞུགས་པར་ས་ལེ་སང་ངེ་བའི་རིག་ཆ་དེ་ཟང་ཐལ་རྗེན་པའི་ཆོས་སྐུར་ངོས་བཟུང་སྟེ། ཤེས་རིག་མ་ཡིན་ན་ཕར་ཞོག» «ཡིན་ན་ངོ་བོ་དེ་ཆོས་སྐུར་མ་ཡིན་པ་མི་སྲིད་པས་ངོ་ཤེས་པར་བྱ་བ་ནི། ཁྱུང་ཆེན་ལས། མ་བསྒོམས་བཞག་པ་དེ་ཉིད་རང་རིག་ པ། །སྒྲ་དང་བློ་བྲལ་ཀུན་གྱི་ཕ་རོལ་ཞིང༌། །དམིགས་བཅས་རང་སོ་ཉིད་དེ་བཅོས་ཅི་«༼༡༽«དགོས། །གནས་པས་འགག་ལ་འགྱུས་པས་རང་སར་དག» «།མེད་མཐོང་མ་སྤངས་དེ་ལ་སངས་པ་མེད། །ས་མེད་འདི་ཉིད་གནས་དེ་གང་གི་ ཡུལ། །འཇུག་སྟེ་གང་གི་ཕ་རོལ་སོང་མེད་པའོ། །རང་བཞིན་ཡོད་མེད་བརྟག་དཀའི་སེམས་ལ་རེག་ནུས་ཤིང༌། །མ་བསམས་འཁྲུལ་པ་མེད་པའི་ཡེ་ཤེས་ཉིད། །བྱ་བྲལ་གླེན་པའི་ཤུགས་འཆང་བློ་བདེ་བ། །སྤྲོས་མེད་ནམ་མཁའི་ཡིད་ཅན་རྣམས་ཀྱིས་བྱོས། །ཞེས་སོ། །འདི་ཉིད་ཀྱི་ངོ་བོ་ལ་ཡེ་སངས་རྗེན་པར་རང་བྱུང་གི་ཡེ་ཤེས་ཞེས་བྱ་སྟེ། ཡིན་ལུགས་ཀྱི་ཆོས་སྐུར་རང་མལ་དུ་རང་ངོ་ཤེས་པས་དབྱིངས་རིག་མ་བུ་འདྲེས་པར་བརྗོད་ཀྱང་དོན་ལ་རང་གནས་ཆོས་ཟད་ཀྱི་དགོངས་པ་ངོས་ཟིན་པས་འཁོར་བ་ཆོས་སྐུར་སངས་པ་ཞེས་བྱའོ། །འདིའི་ངོ་བོ་ལ་སྒྲོ་སྐུར་གྱི་དྲི་མ་བསལ་བ་ནི། མུ་ཏིག་ཕྲེང་བ་ལས། རང་བཞིན་དག་པའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག» «།གཟུགས་««༼༡༽«འཛིན་མེད་པས་འཁྲུལ་པ་ལོག» «།འགྱུ་བ་མེད་པས་ལས་རླུང་ལོག» «།ཟང་ཐལ་ཡིན་པས་དངོས་པོ་ལོག» «།རང་གྲོལ་ཡིན་པས་སྣང་བ་ལོག» «།གསལ་བ་ཡིན་ཕྱིར་སྟོང་པ་ལོག» «།» «ཡེ་ནས་རྫོགས་པས་བསྐྱེད་རིམ་ལོག» «།རྩོལ་བ་མེད་པས་སྤྱོད་པ་ལོག» «། མ་བཙལ་བཞག་པས་སྒོམ་པ་ལོག» «།མངོན་དུ་སྣང་བས་ལྟ་བ་ལོག» «།སྒྲ་ཚིག་མེད་པས་ཐ་སྙད་ལོག» «།ཡོད་མ་མྱོང་བས་ཞེན་པ་ལོག» «།མེད་མ་མྱོང་བས་གཞན་ལྟོས་ལོག» «།གཟུང་དུ་མེད་པས་བློ་རྒྱ་ལོག» «།ཉག་གཅིག་ཡིན་པས་གྲངས་མཐའ་ལོག» «།ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡིན་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་ཕྲད་པས་སྤྲུལ་སྐུར་བྱུང༌། །རྟོགས་སུ་ཡོད་པས་ཐབས་སུ་བྱུང༌། །བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །བཅུད་དུ་འདྲིལ་བས་རིག་པར་གསལ། །རང་གྲོལ་ཡིན་པས་ཅོག་གཞག་ཡིན། །དེ་ཉིད་ལོག་པའི་རིག་པ་ནི། །རང་ལས་འབྱུང་བས་གྲོལ་ཞེས་བྱ། །གནས་པ་ཡིན་པས་ཁྱབ་ཅེས་བྱ། །མཚན་མ་མེད་པས་སྟོང་ཞེས་» «བྱ། །ནུབ་པ་མེད་པས་ཤར་ཞེས་བྱ། །རྡོས་བཅས་མེད་པས་ཟང་ཐལ་པོ་» «༼༢༽«། །གྲོལ་བར་གནས་པས་ལོག་ཅེས་བྱ། །སྣ་ཚོགས་སྣང་བས་གདངས་ཞེས་བྱ། །གཉིས་སུ་མེད་པས་གཅིག་པུ་ཉིད། །ཐམས་ཅད་བསྐྱེད་པས་རྒྱུ་ཞེས་» «བྱ། །མ་ལུས་རྫོགས་པས་འབྲས་བུ་ཉིད། །དམིགས་པ་དག་པས་ལམ་ཞེས་» «བྱ། །འཁྲུལ་པ་ཟད་པས་ལུང་ཡང་ཡིན། །རང་ལ་གནས་པས་རྒྱུད་ཅེས་» «བྱ། །མཚོན་དུ་ཡོད་པས་མན་ངག་ཡིན། །གྲངས་ལས་འདས་པས་རྩིས་ཞེས་» «བྱ། །དེ་ལྟ་བུ་ཡི་སེམས་ཉིད་ནི། །དགོས་འདོད་སྐོང་བས་ནོར་བུ་འདྲ། །དགོས་པ་ཚང་བས་བང་མཛོད་བཞིན། །གང་བསྟན་སྣང་བས་མེ་ལོང་འདྲ། །དྲི་མེད་གསལ་བས་ཤེལ་གོང་འདྲ། །སྣ་ཚོགས་ཟ་འོག་གུར་ཁྱིམ་འདྲ། །སྤྲོ་བསྡུ་མེད་པས་ཁྱུང་ཆེན་འདྲ། །ལྟ་བའི་རྩལ་རྫོགས་སེང་གེ་འདྲ། །གཏིང་རྫོགས་ཁྱབ་པས་རྒྱ་མཚོ་འདྲ། །ནང་བྱུང་གྲོལ་གཞི་ནམ་མཁའ་བཞིན། །ཞེས་སོ། །གཉིས་པ་ངང་དེར་འགག་བསྡམ་པ་ནི།

[edit]
OCR of the BDRC scans (I1CZ5003), gorn05 tibocr 2026: BDRC OCR on 239 pages, Mitra OCR on 125 pages (the model with more recognisable syllables on each page).

[p. 344] ཆལ་འདེབས་བདེ་བའི་ཆོས། །བརྗོད་པ་མེད་པར་རང་གནས་པ། །སུས་མ་ཤེས་པ་བློ་རེ་རྟུལ། །འཁོར་བའི་བག་ཆགས་ཡང་བརྩེགས་པ། །ཡེ་ནས་ཆོས་ཀྱི་སྐུར་འདུག་པ། །གང་གིས་མ་མཐོང་སྙིང་རྗེའི་གནས། །དབང་པོ་བདག་རྟོག་ཡུལ་ ཤར་ནས། །དྲན་བསམ་འགྱུ་བ་སྣ་ཚོགས་རྣམས། །ཡེ་ནས་ལོངས་སྐུར་རང་ཤར་བ། །འདི་ཀུན་མ་དྲན་བརྗེད་རེ་ངས། །བྱ་བྱེད་སྤྱོད་པ་རྩོལ་སྒྲུབ་དང་། །སྐྱེ་བོ་འདུ་བའི་ཅ་ཅོ་ཀུན། །ཡེ་ནས་སྤྲུལ་པའི་སྐུ་ཡིན་པར། །སུས་མ་ཤེས་པར་ ཡོངས་རེ་རྟུལ། །ཇི་ལྟར་བསམ་དང་དྲན་འགྱུས་པ། །ཆུ་བོའི་རྒྱུན་བཞིན་བར་མེད་པར། །རྟག་ཏུ་རང་གི་ཡིད་འཕྲོག་པ། །རྩོལ་མེད་རང་གཞག་སྒོམ་པར་ནི། །ཉམས་སུ་མ་ཆུང་སེམས་རེ་ཡེངས། །སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་ རང་བཞིན་མེད་པར་ཡང་། །གྲོང་ཁྱེར་རྒྱུན་གཅད་ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། །ཞེས་པ་དང་། གཞི་རྩ་མེད་པའི་ཆོས་ཉིད་ལ། །མ་བཙལ་བཞག་པས་ངོ་མཚར་ཆེ། །འགྲོ་དང་འོང་བའི་རིས་ པ་ལ། །ཐུག་པ་མེད་པ་ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ཡེ་ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། །ཞེས་སོ། །དེ་དག་ཀྱང་རྡོ་རྗེའི་གད་མོ་བཅུ་གཉིས་དང་ངོ་མཚར་གྱི་གསང་ཚིག་རྣམ་པ་བདུན་གྱིས་ཆོས་ཟང་ཀ་དག་ཆེན་པོར་ལ་བཟླ་བར་བྱ་སྟེ། རྒྱུད་དེ་ཉིད་ལས། ཀྱེ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་སྙིང་པོ་ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང་། དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་ངོ་མཚར། གཞི་མ་བསྐྱོད་པས་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ དངོས་པོ་གཤིས་ཀྱི་གནས་ལུགས་ལ་ལྟོས་དང་། སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར། བདེ་སྡུག་ཇི་ལྟར་བསམས་ཀྱང་དོན་ལ་འགྱུར་བ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗི་སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ལ་ལྟོས་དག །དྲན་བསམ་གྱི་སྤྱོད་པ་སྣ་

[p. 345] ༄༅། །ཚོགས་ཅི་བྱས་ཀྱང་རོལ་པར་ཤར་ཏེ་ངོ་མཚར། ཇི་ལྟར་བྱས་ཀྱང་སྐྱེ་མེད་ཀྱི་ཀློང་དུ་འགག་མེད་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ཆོས་ཉིད་སྟོང་པ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང་། སྐྱེ་བ་མེད་པ་དང་ཡེ་ནས་ལྷན་ཅིག་གནས་པ་ངོ་མཚར། སྐྱེས་ དུས་མཚོན་རྣོན་པོ་ཐོགས་ནས་འགྲོ་བ་རྣམས་དུས་གཅིག་ལ་བསྒྲལ་ཀྱང་གང་ཟག་དེའི་རྒྱུད་ལ་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རང་གི་ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང་། གང་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་འཆར་བ་ངོ་ མཚར། ཇི་ལྟར་སྣང་ཡང་རང་གི་གཞི་ལས་གཡོས་པ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོ་རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང་། རང་གི་གཉེན་པོར་རང་ཆེ་བ་ངོ་མཚར། ཉོན་མོངས་པ་རྣམས་རང་གིས་རང་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་ པ་སྟོང་པ་ཀུན་དག་གི་ངོ་བོ་ལ་ལྟོས་དང་། འབད་རྩོལ་མེད་པར་འབྲས་བུ་རང་རྙེད་པ་ངོ་མཚར། གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཀུན་བཞག་གི་ཚད་ལ་ལྟོས་དང་། འགྲོ་དྲུག་སྐུ་ གསུམ་དུ་སྣང་བ་ངོ་མཚར། འགྲོ་བ་རྣམས་ཀྱིས་སྒོམ་པ་རྡུལ་ཙམ་ཡང་མ་བྱས་པར་དུས་གཅིག་ལ་འཚང་རྒྱ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང་། དུས་གསུམ་འདུ་འབྲལ་མེད་པ་ངོ་མཚར། ཕ་རོལ་ཏུ་ཕྱིན་ པ་དྲུག་མ་སྤྱད་པར་ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་ཅེར་གཞག་སྟོང་པ་ཆེན་པོ་ཀུན་མཉམ་ལ་ལྟོས་དང་། བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ངོ་མཚར། སྤོང་ལེན་ཐམས་ཅད་ལྟ་བས་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ སྟོང་པའི་སྟོང་པ་ཡེ་སྟོང་ཆེན་པོ་ལ་ལྟོས་དང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པར་འདུག་པ་ངོ་མཚར། བྱ་བྱེད་བསྒོམས་པས་ལྟུང་བར་འགྱུར་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་མི་སྟོང་པའི་སྟོང་པ་དངོས་ཅན་ལ་ལྟོས་དང་། མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་

[p. 346] ངོ་མཚར། སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ་ཞེས་སོ། །འདི་དག་གཤིས་ཀྱི་འདུག་ཚུལ་དང་། རང་རྡོ་རྗེ་ན་པ་དང་། རྟོགས་པ་ཀློང་དུ་གྱུར་པའི་རྣལ་འབྱོར་པ་ལ་སྦྱར་ཏེ་བཤད་པར་བྱའོ། །ངོ་མཚར་གྱི་གསང་ཚིག་བདུན་ནི་རྒྱུད་དེ་ཉིད་ལས། ཨེ་མ་ཧོ། གསུང་ གི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག །རང་གི་རིག་པ་ཉིད་སྐྱེ་ཤི་དང་བྲལ་བའི་གནད་ཀྱིས་སེམས་ཅན་ཕྱེ་བའི་སྲོག་གཅད་པ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་རྟག་ཏུ་སྤྱད་པའི་གང་ཟག་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་དུ་བཟང་པོ་ངས་བསྟན་པའོ། །སངས་རྒྱས་ཀུན་ གྱི་གསུང་གི་རྡོ་རྗེ་ཆོས་ཉིད་ལ་སྤྲོས་པ་མེད་པའི་གནད་ཀྱིས་རྟག་ཏུ་སྟོང་པ་ཉིད་ལ་གོམས་པར་བསྒོམས་པའི་སྐྱེས་བུ་དང་སྟོང་པ་ཉིད་ཡིད་ལ་སྐད་ཅིག་ཙམ་མ་བྱས་པའི་གང་ཟག་གཉིས་འཚང་རྒྱ་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་དུ་བཟང་པོ་ངས་བསྟན་པའོ། ། ཀྱེ་གསུང་གི་རྡོ་རྗེ་རིག་པ་ཉིད་འདུས་མ་བྱས་པའི་གནད་ཀྱིས། འདུས་བྱས་ཀྱི་དགེ་བ་དཔག་ཏུ་མེད་པ་བྱས་པའི་དད་པ་ཅན་དང་སྲོག་གཅོད་པ་ལ་རྟག་ཏུ་བརྩོན་པའི་མི་གཉིས་ཚོགས་རྫོགས་པའི་སྒོ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་དུ་བཟང་པོ་ངས་བསྟན་ པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པའི་ཡེ་ཤེས་ལ་འགྲོ་འོང་མེད་པའི་གནད་ཀྱིས་ཆོས་ཉིད་ཀྱི་རྟགས་སྣ་ཚོགས་ལུས་ངག་ལ་བྱུང་བའི་སྐྱེས་བུ་དང་ཐོས་བསམ་ལ་བློ་སྐད་ཅིག་ཀྱང་མ་སྦྱངས་པའི་གང་ཟག་གཉིས་དངོས་པོ་མཐོང་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་ པར་ཀུན་དུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་ཆོས་ཉིད་ལ་སྐྱེ་འགག་མེད་པའི་གནད་ཀྱིས་དམྱལ་བ་ཚ་གྲང་ཉམས་སུ་མྱོང་བའི་སྐྱེས་བུ་དང་སངས་རྒྱས་རྣམས་ཀྱི་བདེ་བ་སྣ་ཚོགས་སུ་མྱང་བའི་སྐྱེས་བུ་གཉིས་རྟོགས་པའི་སྒོ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ ཡང་མེད་པར་ཀུན་དུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པ་ལ་འགྱུར་བ་མེད་པའི་གནད་ཀྱིས་ཡིད་དཔྱོད་ཀྱི་སྤྲོས་པ་ཆོད་པའི་སྐྱེས་བུ་དང་བདག་རྟག་པར་ལྟ་བ་གཉིས་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་དུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་ཆོས་

[p. 347] ༄༅། །སྐུ་རང་ལ་ཡོད་པའི་གནད་ཀྱིས་ཕྱི་རོལ་དུ་མཆོད་པ་དང་བསྟོད་པ་དང་གསོལ་བ་སྣ་ཚོགས་བཏབ་པའི་སྐྱེས་བུ་དང་ལས་སུ་བྱ་བྱེད་དང་བྲལ་བར་འདུག་པ་གཉིས་ལ་འབྲས་བུ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་དུ་བཟང་པོ་ངས་བསྟན་ པའོ༑ །གསུང་གི་རྡོ་རྗེ་དེའི་ཕྱིར་ན་རང་བྱུང་ཆེན་པོའི་ཚིག་འདི་དག་ལ་སྤྱོད་པའི་སྐྱེས་བུ་ནི་འབད་པ་མེད་པར་ཉམས་སུ་ལོན་པའི་གདེང་རྙེད་ནས་སྣང་བ་དང་སྐུ་གསུམ་དབྱེར་མེད་དུ་འཚང་རྒྱ་བ་ཡིན་ནོ་ཞེས་སོ། །འདི་དག་ནི་རྫོགས་པ་ཆེན་པོ་འདིའི་རིག་པ་མངོན་སུམ་རྗེན་ པའི་སྒོ་མཐོང་ནས་ཉམས་སུ་ལེན་པའི་ངོ་བོ་ལ་སྦྱར་ནས་བཤད་དེ། གཞན་ལས་ཁྱད་པར་དུ་འཕགས་པའི་གནད་བླངས་པོ་ཆེ་ལ་ལ་བཟླ་བ་ཡིན་ནོ། །དོན་གཉིས་པ་བྱ་བྲལ་ཟང་ཐལ་རྗེན་པར་འགག་བསྡམ་པ་ལ་གཉིས་ཏེ། ཆོས་སྐུ་ངོས་གཟུང་བ་དང་། ངང་དེར་འགག་བསྡམ་པའོ། །དང་པོ་ནི། ཚོགས་དྲུག་གི་ཡུལ་ལ་ཕར་འཆར་རམ་རང་གནས་ཀྱི་ཤེས་པ་ནང་དུ་གནས་པའམ་གང་ཡིན་ཀྱང་རིག་པའི་ཆ་ལ་རང་གསལ་རྗེན་པ་གསལ་རིག་ཏུ་ལྷག་གེ་བ། ངན་རྟོག་ཏུ་ཤར་ཡང་རང་སངས་སུ་རྗེན་ནེ། བཟང་ རྟོག་ཏུ་ཤར་ཡང་མཐའ་གྲོལ་དུ་སངས་སེ། རང་ས་ན་གནས་ཀྱང་བར་མེད་དུ་ཧ་རེ་བ་ཡུལ་གྱིས་མ་བསྒྱུར། འཛིན་པས་མ་བསླད། སྣང་གཉེན་མ་ཞུགས་པར་ས་ལེ་སང་རེ་བའི་རིག་ཆ་དེ་ཟང་ཐལ་རྗེན་པའི་ཆོས་སྐུར་ངོས་བཟུང་སྟེ། ཤེས་རིག་མ་ཡིན་ན་ པར་ཞོག །ཡིན་ན་ངོ་བོ་དེ་ཆོས་སྐུར་མ་ཡིན་པ་མི་སྲིད་པས་ངོ་ཤེས་པར་བྱ་བ་ནི། ཁྱུང་ཆེན་ལས། མ་བསྒོམས་བཞག་པ་དེ་ཉིད་རང་རིག་པ། །སྒྲ་དང་བློ་བྲལ་ཀུན་གྱི་ཕ་རོལ་ཞིང་། །དམིགས་བཅས་རང་ས་ཉིད་དེ་བཅོས་ཅི་དགོས། །གནས་པས་ འགག་ལ་འགྱུས་པས་རང་སར་དག །མེད་མཐོང་མ་སྤངས་དེ་ལ་སངས་པ་མེད། །ས་མེད་འདི་ཉིད་གནས་དེ་གང་གི་ཡུལ། །འཇུག་སྟེ་གང་གི་ཕ་རོལ་སོང་མེད་པའོ། །རང་བཞིན་ཡོད་མེད་བརྟག་དཀའི་སེམས་ལ་རེག་ནུས་ཤིང་། །མ་བསམས་

[p. 348] འཁྲུལ་པ་མེད་པའི་ཡེ་ཤེས་ཉིད། །བྱ་བྲལ་གླེན་པའི་ཤུགས་འཆང་བློ་བདེ་བ། །སྤྲོས་མེད་ནམ་མཁའི་ཡིད་ཅན་རྣམས་ཀྱིས་བྱོས། །ཞེས་སོ། །འདི་ཉིད་ཀྱི་ངོ་བོ་ལ་ཡེ་སངས་རྗེན་པར་རང་བྱུང་གི་ཡེ་ཤེས་ཞེས་བྱ་སྟེ། ཡིན་ལུགས་ཀྱི་ཆོས་སྐུར་ རང་མལ་དུ་རང་ངོ་ཤེས་པས་དབྱིངས་རིག་མ་བུ་འདྲེས་པར་བརྗོད་ཀྱང་དོན་ལ་རང་གནས་ཆོས་ཟད་ཀྱི་དགོངས་པ་ངོས་ཟིན་པས་འཁོར་བ་ཆོས་སྐུར་སངས་པ་ཞེས་བྱའོ། །འདིའི་ངོ་བོ་ལ་སྒྲོ་སྐུར་གྱི་དྲི་མ་བསལ་བ་ནི། མུ་ཏིག་ཕྲེང་བ་ལས། རང་བཞིན་ དག་པའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག །གཟུང་འཛིན་མེད་པས་འཁྲུལ་པ་ལོག །འགྱུ་བ་མེད་པས་ལས་རླུང་ལོག །ཟང་ཐལ་ཡིན་པས་དངོས་པོ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །གསལ་བ་ཡིན་ཕྱིར་ སྟོང་པ་ལོག །ཡེ་ནས་རྫོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་སྒོམ་པ་ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་མ་མྱོང་བས་ཞེན་པ་ལོག །མེད་ མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློ་རྒྱ་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡིན་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་ བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་ཕྲད་པས་སྤྲུལ་སྐུར་བྱུང་། །རྟོགས་སུ་ཡོད་པས་ཐབས་སུ་བྱུང་། །བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །བཅུད་དུ་འདྲིལ་བས་རིག་པར་གསལ། །རང་ གྲོལ་ཡིན་པས་ཅོག་གཞག་ཡིན། །དེ་ཉིད་ལོག་པའི་རིག་པ་ནི། །རང་ལས་འབྱུང་བས་གྲོལ་ཞེས་བྱ། །གནས་པ་ཡིན་པས་ཁྱབ་ཅེས་བྱ། །མཚན་མ་མེད་པས་སྟོང་ཞེས་བྱ། །ནུབ་པ་མེད་པས་ཤར་ཞེས་བྱ། །རྡོས་བཅས་མེད་པས་

[p. 349] ཟང་ཐལ་ལོ། །གྲོལ་བར་གནས་པས་ལོག་ཅེས་བྱ། །སྣ་ཚོགས་སྣང་བས་གདངས་ཞེས་བྱ། །གཉིས་སུ་མེད་པས་གཅིག་པུ་ཉིད། །ཐམས་ཅད་བསྐྱེད་པས་རྒྱུ་ཞེས་བྱ། །མ་ལུས་རྫོགས་པས་འབྲས་བུ་ཉིད། །དམིགས་པ་དག་པས་ལམ་ཞེས་བྱ། །འཁྲུལ་པ་ཟད་པས་ལུང་ཡང་ཡིན། །རང་ལ་གནས་པས་རྒྱུད་ཅེས་བྱ། །མཚོན་དུ་ཡོད་པས་མན་ངག་ཡིན། །གྲངས་ལས་འདས་པས་རྩིས་ཞེས་བྱ། །དེ་ལྟ་བུ་ཡི་སེམས་ཉིད་ནི། །དགོས་འདོད་སྐོང་བས་ནོར་བུ་འདྲ། །དགོས་པ་ཚང་བས་བང་མཛོད་བཞིན། །གང་བསྟན་སྣང་བས་མེ་ལོང་འདྲ། །དྲི་མེད་གསལ་བས་ཤེལ་གོང་འདྲ། །སྣ་ཚོགས་ཟ་འོག་གུར་ཁྱིམ་འདྲ། །སྤྲོ་བསྡུ་མེད་པས་ཁྱུང་ཆེན་འདྲ། །ལྟ་བའི་རྩལ་རྫོགས་སེང་གེ་འདྲ། །གཏིང་རྫོགས་ཁྱབ་པས་རྒྱ་མཚོ་འདྲ། །ནང་བྱུང་གྲོལ་གཞི་ནམ་མཁའ་བཞིན། །ཞེས་སོ། །གཉིས་པ་དང་དེར་འགག་བསྡམ་པ་ནི། །

[edit]
OCR of the BDRC scans (I2PD20603), gorn05 tibocr 2026: BDRC OCR on 248 pages, Mitra OCR on 119 pages (the model with more recognisable syllables on each page).

[p. 568] ཆ་ལ་འདེབས་བདེ་བའི་ཆོས། །བརྗོད་པ་མེད་པར་རང་གནས་པ། །སུས་མ་ཤེས་པ་བློ་རེ་རྟུལ། །འཁོར་བའི་བག་ཆགས་ཡང་བརྩེགས་པ། །ཡེ་ནས་ཆོས་ཀྱི་སྐུར་འདུག་པ། །གང་གིས་མ་མཐོང་སྙིང་རྗེའི་གནས། །དབང་པོ་བདག་རྟོག་ཡུལ་ཤར་ནས། །དྲན་བསམ་འགྱུ་བ་སྣ་ཚོགས་རྣམས། །ཡེ་ནས་ལོངས་སྐུར་རང་ཤར་བ། །འདི་ཀུན་མ་དྲན་བརྗེད་རེ་ངས། །བྱ་བྱེད་སྤྱོད་པ་རྩོལ་སྒྲུབ་དང་། །སྐྱེ་བོ་འདུ་བའི་ཅ་ཅོ་ཀུན། །ཡེ་ནས་སྤྲུལ་པའི་སྐུ་ཡིན་པར། །སུས་མ་ཤེས་པར་ཡོངས་རེ་རྟུལ། །ཇི་ལྟར་བསམ་དང་དྲན་འགྱུས་པ། །ཆུ་བོའི་རྒྱུན་བཞིན་བར་མེད་པར། །རྟག་ཏུ་རང་གི་ཡིད་འཕྲོག་པ། །རྩོལ་མེད་རང་གཞག་སྒོམ་པར་ནི། །ཉམས་སུ་མ་ཆུང་སེམས་རེ་ཡེངས། །སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང་། །གྲོང་ཁྱེར་རྒྱུན་གཅད་ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། །ཞེས་པ་དང་། གཞི་རྩ་མེད་པའི་ཆོས་ཉིད་ལ། །མ་བཙལ་བཞག་པས་ངོ་མཚར་ཆེ། །འགྲོ་དང་པོང་བའི་རིས་ཡལ། །ཐུག་པ་མེད་པ་ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ཡེ་ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། །ཞེས་སོ། །དེ་དག་ཀྱང་རྡོ་རྗེའི་གད་མོ་བཅུ་གཉིས་དང་ངོ་མཚར་གྱི་གསང་ཚིག་རྣམ་པ་བདུན་གྱིས་ཆོས་ཟང་ཀ་དག་ཆེན་པོར་ལ་བཟླ་བར་བྱ་སྟེ། རྒྱུད་དེ་ཉིད་ལས། ཀྱེ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་སྙིང་པོ་ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང་། དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་ངོ་མཚར། གཞི་མ་བསྐྱོད་པས་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་ཕན་གནོད་དང་བྲལ་བ་ཧ། ཀྱེ་གསུང་གི་རྡོ་རྗེ་དངོས་པོ་གཤིས་ཀྱི་གནས་ལུགས་ལ་ལྟོས་དང་། སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར། བདེ་སྡུག་ཇི་ལྟར་བསམས་ཀྱང་དོན་ལ་འགྱུར་བ་མེད་པ་ཧ། ཀྱེ་གསུང་གི་རྡོ་རྗེའི་སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ལ་ལྟོས་དག །དྲན་བསམ་གྱི་སྤྱོད་པ་སྣ་

[p. 569] ༄༅། །ཚོགས་ཅི་བྱས་ཀྱང་རོལ་པར་ཤར་ཏེ་ངོ་མཚར། ཇི་ལྟར་བྱས་ཀྱང་སྐྱེ་མེད་ཀྱི་ཀློང་དུ་འགག་མེད་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ཆོས་ཉིད་སྟོང་པ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང་། སྐྱེ་བ་མེད་པ་དང་ཡེ་ནས་ལྷན་ཅིག་གནས་པ་ངོ་མཚར། སྐྱེས་ དུས་མཚོན་རྣོན་པོ་ཐོགས་ནས་འགྲོ་བ་རྣམས་དུས་གཅིག་ལ་བསྒྲལ་ཀྱང་གང་ཟག་དེའི་རྒྱུད་ལ་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རང་གི་ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང་། གང་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་འཆར་བ་ངོ་ མཚར། ཇི་ལྟར་སྣང་ཡང་རང་གི་གཞི་ལས་གཡོས་པ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོ་རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང་། རང་གི་གཉེན་པོར་རང་ཆེ་བ་ངོ་མཚར། ཉོན་མོངས་པ་རྣམས་རང་གིས་རང་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་ པ་སྟོང་པ་ཀུན་དག་གི་ངོ་བོ་ལ་ལྟོས་དང་། འབད་རྩོལ་མེད་པར་འབྲས་བུ་རང་རྙེད་ཀྱང་ངོ་མཚར། གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཀུན་བཞག་གི་ཚད་ལ་ལྟོས་དང་། འགྲོ་དྲུག་སྐུ་ གསུམ་དུ་སྣང་བ་ངོ་མཚར། འགྲོ་བ་རྣམས་ཀྱིས་སྒོམ་པ་རྡུལ་ཙམ་ཡང་མ་བྱས་པར་དུས་གཅིག་ལ་འཚང་རྒྱ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཡི་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང་། དུས་གསུམ་འདུ་འབྲལ་མེད་པ་ངོ་མཚར། ཕ་རོལ་ཏུ་ཕྱིན་ པ་དྲུག་མ་སྤྱད་པར་ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་ཅེར་གཞག་སྟོང་པ་ཆེན་པོ་ཀུན་མཉམ་ལ་ལྟོས་དང་། བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ངོ་མཚར། སྤོང་ལེན་ཐམས་ཅད་ལྟ་བས་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ སྟོང་པའི་སྟོང་པ་ཡེ་སྟོང་ཆེན་པོ་ལ་ལྟོས་དང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པར་འདུག་པ་ངོ་མཚར། བྱ་བྱེད་བསྒོམས་པས་ལྟུང་བར་འགྱུར་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་མི་སྟོང་པའི་སྟོང་པ་དངོས་ཅན་ལ་ལྟོས་དང་། མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་

[p. 570] ངོ་མཚར། སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ་ཞེས་སོ། །འདི་དག་གཤིས་ཀྱི་འདུག་ཚུལ་དང་། རང་ངོ་རྗེན་པ་དང་། རྟོགས་པ་ཀློང་དུ་གྱུར་པའི་རྣལ་འབྱོར་པ་ལ་སྦྱར་ཏེ་བཤད་པར་བྱའོ། །ངོ་མཚར་གྱི་གསང་ཚིག་བདུན་ནི་རྒྱུད་དེ་ཉིད་ལས། ཨེ་མ་ཧོ། གསུང་གི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག །རང་གི་རིག་པ་ཉིད་སྐྱེ་ཤི་དང་བྲལ་བའི་གནད་ཀྱིས་སེམས་ཅན་བྱེ་བའི་སྲོག་གཅད་པ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་རྟག་ཏུ་སྤྱད་པའི་གང་ཟག་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །སངས་རྒྱས་ཀུན་གྱི་གསུང་གི་རྡོ་རྗེ་ཆོས་ཉིད་ལ་སྤྲོས་པ་མེད་པའི་གནད་ཀྱིས་རྟག་ཏུ་སྟོང་པ་ཉིད་ལ་གོམས་པར་བསྒོམས་པའི་སྐྱེས་བུ་དང་སྟོང་པ་ཉིད་ཡིད་ལ་སྐད་ཅིག་ཙམ་མ་བྱས་པའི་གང་ཟག་གཉིས་འཚང་རྒྱ་བ་ལ་ཁྱད་པར་རྡུལ་ཙམ་ཡག་མེད་པར་ཀུན་ཏུ་བཟང་པོས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པ་ཉིད་འདུས་མ་བྱས་པའི་གནད་ཀྱིས། འདུས་བྱས་ཀྱི་དགེ་བ་དཔག་ཏུ་མེད་པ་བྱས་པའི་དད་པ་ཅན་དང་སྲོག་གཅོད་པ་ལ་རྟག་ཏུ་བརྩོན་པའི་མི་གཉིས་ཚོགས་རྫོགས་པའི་སྒོ་ལ་ཁྱད་པར་རྡུལ་ཙམ་མེད་པར་ཀུན་ཏུ་བཟང་པོར་ངས་བསྟན་པའོ། །ཀྱེ་གསུངས་ཀྱི་རྡོ་རྗེ་རིག་པའི་ཡེ་ཤེས་ལ་འགྲོ་འོང་མེད་པའི་གནད་ཀྱིས་ཆོས་ཉིད་ཀྱི་རྟགས་སྣ་ཚོགས་ལུས་ངག་ལ་བྱུང་བའི་སྐྱེས་བུ་དང་ཐོས་བསམ་ལ་བློ་སྐད་ཅིག་ཀྱང་མ་སྦྱངས་པའི་གང་ཟག་གཉིས་དངོས་པོ་མཐོང་བ་ལ་ཁྱད་པར་རྡུལ་ཙམ། ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསང་གི་རྡོ་རྗེ་ཆོས་ཉིད་ལ་སྐྱེ་འགག་མེད་པའི་གནད་ཀྱིས་དམྱལ་བ་ཚ་གྲང་ཉམས་སུ་མྱོང་བའི་སྐྱེས་བུ་དང་སངས་རྒྱས་རྣམས་ཀྱི་བདེ་བ་སྣ་ཚོགས་སུ་མྱོང་བའི་སྐྱེས་བུ་གཉིས་རྟོགས་པའི་སྒོ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟངས་པོ་ངས་བསྟན་པའོ། །ཀྱཻ་གསུང་གི་རྡོ་རྗེ་ཆོས་

[p. 571] སྐུ་རང་ལ་ཡོད་པའི་གནད་ཀྱིས་ཕྱི་རོལ་དུ་མཆོད་པ་དང་བསྟོད་པ་དང་གསོལ་བ་སྣ་ཚོགས་བཏབ་པའི་སྐྱེས་བུ་དང་ལས་སུ་བྱ་བྱེད་དང་བྲལ་བར་འདུག་པ་གཉིས་ལ་འབྲས་བུ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །གསུང་གི་རྡོ་རྗེ་དེའི་ཕྱིར་ན་རང་བྱུང་ཆེན་པོའི་ཚིག་འདི་དག་ལ་སྤྱོད་པའི་སྐྱེས་བུ་ནི་འབད་པ་མེད་པར་ཉམས་སུ་ལོན་པའི་གདེང་རྙེད་ནས་སྣང་བ་དང་སྐུ་གསུམ་དབྱེར་མེད་དུ་འཚང་རྒྱ་བ་ཡིན་ནོ་ཞེས་སོ། །འདི་དག་ནི་རྫོགས་པ་ཆེན་པོ་འདིའི་རིག་པ་མངོན་སུམ་རྗེན་པའི་སྒོ་མཐོང་ནས་ཉམས་སུ་ལེན་པའི་ངོ་བོ་ལ་སྦྱར་ནས་བཤད་དེ། གཞན་ལས་ཁྱད་པར་དུ་འཕགས་པའི་གནད་རླབས་པོ་ཆེ་ལ་ལ་བཟླ་བ་ཡིན་ནོ། །དོན་གཉིས་པ་བྱ་བྲལ་ཟང་ཐལ་རྗེན་པར་འགག་བསྡམ་པ་ལ་གཉིས་ཏེ། ཆོས་སྐུ་ངོས་གཟུང་བ་དང་། ངང་དེར་འགག་བསྡམ་པའོ། །དང་པོ་ནི། ཚོགས་དྲུག་གི་ཡུལ་ལ་ཕར་འཆར་རམ་རང་གནས་ཀྱི་ཤེས་པ་ནང་དུ་གནས་པའམ་གང་ཡིན་ཀྱང་རིག་པའི་ཆ་ལ་རང་གསལ་རྗེན་པ་གསལ་རིག་ཏུ་ལྷག་གེ་བ། ངན་རྟོག་ཏུ་ཤར་ཡང་རང་སངས་སུ་རྗེན་ནེ། བཟང་རྟོག་ཏུ་ཤར་ཡང་མཐའ་གྲོལ་དུ་སངས་སེ། རང་ས་ན་གནས་ཀྱང་བར་མེད་དུ་ཧ་རེ་བ་ཡུལ་གྱིས་མ་བསྒྱུར། འཛིན་པས་མ་བསླད། སྤང་གཉེན་མ་ཞུགས་པར་ས་ལེ་སང་ངེ་བའི་རིག་ཆ་དེ་ཟང་ཐལ་རྗེན་པའི་ཆོས་སྐུར་ངོས་བཟུང་སྟེ། ཤེས་རིག་མ་ཡིན་ན་ཕར་ཞོག །ཡིན་ན་ངོ་བོ་དེ་ཆོས་སྐུར་མ་ཡིན་པ་མི་སྲིད་པས་ངོ་ཤེས་པར་བྱ་བ་ནི། ཁྱུང་ཆེན་ལས། མ་བསྒོམས་བཞག་པ་དེ་ཉིད་རང་རིག་པ། །སྒྲ་དང་བློ་བྲལ་ཀུན་གྱི་ཕ་རོལ་ཞིང་། །དམིགས་བཅས་རང་སོ་ཉིད་དེ་བཅོས་ཅི་དགོས། །གནས་པས་འགག་ལ་འགྱུས་པས་རང་སར་དག །མེད་མཐོང་མ་སྤངས་དེ་ལ་སངས་པ་མེད། །ས་མེད་འདི་ཉིད་གནས་དེ་གང་གི་ཡུལ། །འཇུག་སྟེ་གང་གི་ཕ་རོལ་སོང་མེད་པའོ། །རང་བཞིན་ཡོད་མེད་བརྟག་དཀའི་སེམས་ལ་རེག་ནུས་ཤིང་། །མ་བསམས་

[p. 572] འཁྲུལ་པ་མེད་པའི་ཡེ་ཤེས་ཉིད། །བྱ་བྲལ་གླེན་པའི་ཤུགས་འཆང་བློ་བདེ་བ། །སྤྲོས་མེད་ནམ་མཁའི་ཡིད་ཅན་རྣམས་ཀྱིས་བྱོས། །ཞེས་སོ། །འདི་ཉིད་ཀྱི་ངོ་བོ་ལ་ཡེ་སངས་རྗེན་པར་རང་བྱུང་གི་ཡེ་ཤེས་ཞེས་བྱ་སྟེ། ཡིན་ལུགས་ཀྱི་ཆོས་སྐུར་རང་མལ་དུ་རང་ངོ་ཤེས་པས་དབྱིངས་རིག་མ་བུ་འདྲེས་པར་བརྗོད་ཀྱང་དོན་ལ་རང་གནས་ཆོས་ཟད་ཀྱི་དགོངས་པ་ངོས་ཟིན་པས་འཁོར་བ་ཆོས་སྐུར་སངས་པ་ཞེས་བྱའོ། །འདིའི་ངོ་བོ་ལ་སྒྲོ་སྐུར་གྱི་དྲི་མ་བསལ་བ་ནི། མུ་ཏིག་ཕྲེང་བ་ལས། རང་བཞིན་དག་པའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག །གཟུང་འཛིན་མེད་པས་འཁྲུལ་པ་ལོག །འགྱུ་བ་མེད་པས་ལས་རླུང་ལོག །ཟང་ཐལ་ཡིན་པས་དངོས་པོ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྫོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་སྒོམ་པ་ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་མ་མྱོང་བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློ་རྒྱ་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡིན་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་ཕྲད་པས་སྤྲུལ་སྐུར་བྱུང་། །རྟོགས་སུ་ཡོད་པས་ཐབས་སུ་བྱུང་། །བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །བཅུད་དུ་འདྲིལ་བས་རིག་པར་གསལ། །རང་གྲོལ་ཡིན་པས་ཅོག་གཞག་ཡིན། །དེ་ཉིད་ལོག་པའི་རིག་པ་ནི། །རང་ལས་འབྱུང་བས་གྲོལ་ཞེས་བྱ། །གནས་པ་ཡིན་པས་ཁྱབ་ཅེས་བྱ། །མཚན་མ་མེད་པས་སྟོང་ཞེས་བྱ། །ནུབ་པ་མེད་པས་ཤར་ཞེས་བྱ། །རྡོས་བཅས་མེད་པས་

[p. 573] ༄༅། །ཟང་ཐལ་ལོ། །གྲོལ་བར་གནས་པས་ལོག་ཅེས་བྱ། །སྣ་ཚོགས་སྣང་བས་གདངས་ཞེས་བྱ། །གཉིས་སུ་མེད་པས་གཅིག་པུ་ཉིད། །ཐམས་ཅད་བསྐྱེད་པས་རྒྱུ་ཞེས་བྱ། །མ་ལུས་རྫོགས་པས་འབྲས་བུ་ཉིད། །དམིགས་ པ་དག་པས་ལ་མ་ཞེས་བྱ། །འཁྲུལ་པ་ཟད་པས་ལུང་ཡང་ཡིན། །རང་ལ་གནས་པས་རྒྱུད་ཅེས་བྱ། །མཚོན་དུ་ཡོད་པས་མན་ངག་ཡིན། །གྲངས་ལས་འདས་པས་རྩིས་ཞེས་བྱ། །དེ་ལྟ་བུ་ཡི་སེམས་ཉིད་ནི། །དགོས་འདོད་སྐོང་བས་ནོར་བུ་ འདྲ། །དགོས་པ་ཚང་བས་བང་མཛོད་བཞིན། །གང་བསྟན་སྣང་བས་མེ་ལོང་འདྲ། །དྲི་མེད་གསལ་བས་ཤེལ་གོང་འདྲ། །སྣ་ཚོགས་ཟ་འོག་གུར་ཁྱིམ་འདྲ། །སྤྲོ་བསྡུ་མེད་པས་ཁྱུང་ཆེན་འདྲ། །ལྟ་བའི་རྩལ་རྫོགས་སེང་གེ་འདྲ། །བ་ཏིང་ རྫོགས་ཁྱབ་པས་རྒྱ་མཚོ་འདྲ། །ནང་བྱུང་གྲོལ་གཞི་ནམ་མཁའ་བཞིན། །ཞེས་སོ། །གཉིས་པ་དང་དེར་འགག་བསྡམ་པ་ནི། །རིག་པ་རྗེན་པ་དེ་འཆར་རམ་གནས་ཀྱང་ཅོག་གཞག་བཅོས་བསླད་མེད་པར་རང་སོར་གློད་ནས་དངས་ཕྱིན་པར་གསལ་

[edit]
OCR of the BDRC scans (I3CN4959), gorn05 tibocr 2026: BDRC OCR on 159 pages, Mitra OCR on 256 pages (the model with more recognisable syllables on each page).

[p. 236] སྡུག་བསྔལ་ཚལ་འདེབས་བདེ་བའི་ཆོས། །བརྗོད་པ་ མེད་པར་རང་གནས་པ། །སུས་མ་ཤེས་པ་བློ་རེ་རྟུལ། །འཁོར་བའི་བག་ཆགས་ ཡང་བརྩེགས་པ། །ཡེ་ནས་ཆོས་ཀྱི་སྐུར་འདུག་པ། །གང་གིས་མ་མཐོང་སྙིང་རྗེའི་ གནས། །དབང་པོ་བདག་རྟོག་ཡུལ་ཤར་ནས། །དྲན་བསམ་འགྱུ་བ་སྣ་ཚོགས་ རྣམས། །ཡེ་ནས་ལོངས་སྐུར་རང་ཤར་བ། །འདི་ཀུན་མ་དྲན་བརྗེད་རེ་ངས། །བྱ་ བྱེད་སྤྱོད་པ་རྩོལ་སྒྲུབ་དང་། །སྐྱེ་བོ་འདུ་བའི་ཅ་ཅོ་ཀུན། །ཡེ་ནས་སྤྲུལ་པའི་སྐུ་ ཡིན་པར། །སུས་མ་ཤེས་པར་ཡོངས་རེ་རྟུལ། །ཇི་ལྟར་བསམ་དང་དྲན་འགྱུས་པ། ། ཆུ་བོའི་རྒྱུན་བཞིན་བར་མེད་པར། །རྟག་ཏུ་རང་གི་ཡིད་འཕྲོག་པ། །རྩོལ་མེད་རང་ གཞག་སྒོམ་པར་ནི། །ཉམས་སུ་མ་ཆུད་སེམས་རེ་ཡེངས། །སྣོད་བཅུད་ཡོད་ཐོས་ སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང་། །གྲོང་ཁྱེར་རྒྱུན་གཅོད་ ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། ། ཞེས་པ་དང་། གཞི་རྩ་མེད་པའི་ཆོས་ཉིད་ལ། །མ་བཙལ་བཞག་པས་ངོ་མཚར་ཆེ། ། འགྲོ་དང་འོང་བའི་རིག་པ་ལ། །ཐུག་པ་མེད་པ་ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ ཡེ་ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། །ཞེས་སོ། །དེ་དག་ཀྱང་རྡོ་རྗེའི་གད་ མོ་བཅུ་གཉིས་དང་ངོ་མཚར་གྱི་གསང་ཚིག་རྣམ་པ་བདུན་གྱིས་ཆོས་ཟད་ཀ་དག་

[p. 237] ༈ ཚིག་དོན་རིན་པོ་ཆེའི་མཛོད། ཆེན་པོར་ལ་བཟླ་བར་བྱ་སྟེ། རྒྱུད་དེ་ཉིད་ལས། ཀྱེ་སངས་རྒྱས་ཐམས་ཅད་ཀྱི་ གསུང་གི་རྡོ་རྗེ་སྙིང་པོ་ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང་། དགེ་སྡིག་དང་ལྟ་ སྒོམ་ལས་འདས་པ་ངོ་མཚར། གཞི་མ་བསྐྱོད་པས་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་ ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་དངོས་པོ་གཤིས་ཀྱི་གནས་ ལུགས་ལ་ལྟོས་དང་། སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར། བདེ་ སྡུག་ཇི་ལྟར་བསམས་ཀྱང་དོན་ལ་འགྱུར་བ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་ པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ལ་ལྟོས་དང་། དྲན་བསམ་གྱི་སྤྱོད་པ་སྣ་ཚོགས་ཅི་ བྱས་ཀྱང་རོལ་པར་ཤར་ཏེ་ངོ་མཚར། ཇི་ལྟར་བྱས་ཀྱང་སྐྱེ་མེད་ཀྱི་ཀློང་དུ་འགག་ མེད་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ཆོས་ཉིད་སྟོང་པ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ ལྟོས་དང་། སྐྱེ་བ་མེད་པ་དང་ཡེ་ནས་ལྷན་ཅིག་གནས་པ་ངོ་མཚར། སྐྱེས་བུས་ མཚོན་རྣོན་པོ་ཐོགས་ནས་འགྲོ་བ་རྣམས་དུས་གཅིག་ལ་བསྒྲལ་ཀྱང་གང་ཟག་དེའི་ རྒྱུད་ལ་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རང་གི་ཤེས་པ་སྟོང་པ་ ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང་། གང་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་ འཆར་བ་ངོ་མཚར། ཇི་ལྟར་སྣང་ཡང་རང་གི་གཞི་ལས་གཡོས་པ་མེད་པ་ཧ་ཧ། ཀྱེ་ གསུང་གི་རྡོ་རྗེ་སྙིང་པོ་རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང་། རང་གི་ གཉེན་པོར་རང་ཆེ་བ་ངོ་མཚར། ཉོན་མོངས་པ་རྣམས་རང་གིས་རང་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་སྟོང་པ་ཀུན་དག་གི་ངོ་བོ་ལ་ལྟོས་དང་། འབད་རྩོལ་མེད་ པར་འབྲས་བུ་རང་རྙེད་པ་ངོ་མཚར། གཅིག་ཟིན་པས་འཁོར་འདས་ཐམས་ཅད་ གཉིས་མེད་དུ་དག་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཀུན་ བཞག་གི་ཚད་ལ་ལྟོས་དང་། འགྲོ་དྲུག་སྐུ་གསུམ་དུ་སྣང་བ་ངོ་མཚར། འགྲོ་བ་

[p. 238] ། རྡོ་རྗེའི་གནས་བརྒྱད་པ་ཇི་ལྟར་ཉམས་སུ་བླང་བའི་རིམ་པ་རྒྱ་ཆེར་བཤད་པ། རྣམས་ཀྱིས་སྒོམ་པ་རྡུལ་ཙམ་ཡང་མ་བྱས་པར་དུས་གཅིག་ལ་འཚང་རྒྱ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང་། དུས་གསུམ་འདུ་འབྲལ་མེད་པ་ངོ་མཚར། ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པར་ ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་ཅེར་ གཞག་སྟོང་པ་ཆེན་པོ་ཀུན་མཉམ་ལ་ལྟོས་དང་། བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ ངོ་མཚར། སྤོང་ལེན་ཐམས་ཅད་ལྟ་བས་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་ པའི་སྟོང་པ་ཡེ་སྟོང་ཆེན་པོ་ལ་ལྟོས་དང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པར་ འདུག་པ་ངོ་མཚར། བྱ་བྱེད་བསྒོམས་པས་ལྟུང་བར་འགྱུར་བ་ཧ་ཧ། ཀྱེ་གསུང་གི་ རྡོ་རྗེ་མི་སྟོང་པའི་སྟོང་པ་དངོས་ཅན་ལ་ལྟོས་དང་། མེད་པ་ལ་བདག་ཏུ་འཛིན་པའི་ ཐེག་པ་ངོ་མཚར། སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ་ཞེས་སོ། །འདི་དག་གཤིས་ཀྱི་ འདུག་ཚུལ་དང་། རང་ངོ་རྗེན་པ་དང་། རྟོགས་པ་ཀློང་དུ་གྱུར་པའི་རྣལ་འབྱོར་པ་ ལ་སྦྱར་ཏེ་བཤད་པར་བྱའོ། །ངོ་མཚར་གྱི་གསང་ཚིག་བདུན་ནི་རྒྱུད་དེ་ཉིད་ལས། ཨེ་མ་ཧོ། གསུང་གི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག རང་གི་རིག་པ་ཉིད་སྐྱེ་ཤི་དང་བྲལ་ བའི་གནད་ཀྱིས་སེམས་ཅན་བྱེ་བའི་སྲོག་གཅད་྾པ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་ རྟག་ཏུ་སྤྱད་པའི་གང་ཟག་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ ངས་བསྟན་པའོ། །སངས་རྒྱས་ཀུན་གྱི་གསུང་གི་རྡོ་རྗེ་ཆོས་ཉིད་ལ་སྤྲོས་པ་མེད་ པའི་གནད་ཀྱིས་རྟག་ཏུ་སྟོང་པ་ཉིད་ལ་གོམས་པར་བསྒོམས་པའི་སྐྱེས་བུ་དང་སྟོང་ པ་ཉིད་ཡིད་ལ་སྐད་ཅིག་ཙམ་མ་བྱས་པའི་གང་ཟག་གཉིས་འཚང་རྒྱ་བ་ལ་ཁྱད་ པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་ རིག་པ་ཉིད་འདུས་མ་བྱས་པའི་གནད་ཀྱིས། འདུས་བྱས་ཀྱི་དགེ་བ་དཔག་ཏུ་མེད་

[p. 239] ༈ ཚིག་དོན་རིན་པོ་ཆེའི་མཛོད། པ་བྱས་པའི་དད་པ་ཅན་དང་སྲོག་གཅོད་པ་ལ་རྟག་ཏུ་བརྩོན་པའི་མི་གཉིས་ཚོགས་ རྫོགས་པའི་སྒོ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་ པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པའི་ཡེ་ཤེས་ལ་འགྲོ་འོང་མེད་པའི་གནད་ཀྱིས་ཆོས་ ཉིད་ཀྱི་རྟགས་སྣ་ཚོགས་ལུས་ངག་ལ་བྱུང་བའི་སྐྱེས་བུ་དང་ཐོས་བསམ་ལ་བློ་སྐད་ ཅིག་ཀྱང་མ་སྦྱངས་པའི་གང་ཟག་གཉིས་དངོས་པོ་མཐོང་བ་ལ་ཁྱད་པར་རྡུལ་ཙམ་ ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་ཆོས་ཉིད་ལ་ སྐྱེ་འགག་མེད་པའི་གནད་ཀྱིས་དམྱལ་བ་ཚ་གྲང་ཉམས་སུ་མྱོང་བའི་སྐྱེས་བུ་དང་ སངས་རྒྱས་རྣམས་ཀྱི་བདེ་བ་སྣ་ཚོགས་སུ་མྱོང་བའི་སྐྱེས་བུ་གཉིས་རྟོགས་པའི་སྒོ་ ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་ གསུང་གི་རྡོ་རྗེ་རིག་པ་ལས་྾འགྱུར་བ་མེད་པའི་གནད་ཀྱིས་ཡིད་དཔྱོད་ཀྱི་སྤྲོས་ པ་ཆོད་པའི་སྐྱེས་བུ་དང་བདག་རྟག་པར་ལྟ་བ་གཉིས་ལ་ཁྱད་པར་རྡུལ་ཙམ་ཡང་ མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་ཆོས་སྐུ་རང་ལ་ ཡོད་པའི་གནད་ཀྱིས་ཕྱི་རོལ་དུ་མཆོད་པ་དང་བསྟོད་པ་དང་གསོལ་བ་སྣ་ཚོགས་ བཏབ་པའི་སྐྱེས་བུ་དང་ལས་སུ་བྱ་བྱེད་དང་བྲལ་བར་འདུག་པ་གཉིས་ལ་འབྲས་ བུ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། ། གསུང་གི་རྡོ་རྗེ་དེའི་ཕྱིར་ན་རང་བྱུང་ཆེན་པོའི་ཚིག་འདི་དག་ལ་སྤྱོད་པའི་སྐྱེས་བུ་ ནི་འབད་པ་མེད་པར་ཉམས་སུ་ལོན་པའི་གདེང་རྙེད་ནས་སྣང་བ་དང་སྐུ་གསུམ་ དབྱེར་མེད་དུ་འཚང་རྒྱ་བ་ཡིན་ནོ་ཞེས་སོ། །འདི་དག་ནི་རྫོགས་པ་ཆེན་པོ་འདིའི་ རིག་པ་མངོན་སུམ་རྗེན་པའི་སྒོ་མཐོང་ནས་ཉམས་སུ་ལེན་པའི་ངོ་བོ་ལ་སྦྱར་ནས་ བཤད་དེ། གཞན་ལས་ཁྱད་པར་དུ་འཕགས་པའི་གནད་རླབས་པོ་ཆེ་ལ་ལ་བཟླ་བ་

[p. 240] ༈ རྡོ་རྗེའི་གནས་བརྒྱད་པ་ཇི་ལྟར་ཉམས་སུ་བླང་བའི་རིམ་པ་རྒྱ་ཆེར་བཤད་པ། ཡིན་ནོ། །དོན་གཉིས་པ་བྱ་བྲལ་ཟང་ཐལ་རྗེན་པར་འགག་བསྡམ་པ་ལ་གཉིས་ཏེ། ཆོས་སྐུ་ངོས་གཟུང་བ་དང་། ངང་དེར་འགག་བསྡམ་པའོ། །དང་པོ་ནི། ཚོགས་དྲུག་ གི་ཡུལ་ལ་ཕར་འཆར་རམ་རང་གནས་ཀྱི་ཤེས་པ་ནང་དུ་གནས་པའམ་གང་ཡིན་ ཀྱང་རིག་པའི་ཆ་ལ་རང་གསལ་རྗེན་པ་གསལ་རིག་ཏུ་ལྷག་གེ་བ། ངན་རྟོག་ཏུ་ ཤར་ཡང་རང་སངས་སུ་རྗེན་ནེ། བཟང་རྟོག་ཏུ་ཤར་ཡང་མཐའ་གྲོལ་དུ་སངས་སེ། རང་ས་ན་གནས་ཀྱང་བར་མེད་དུ་ཧ་རེ་བ་ཡུལ་གྱིས་མ་བསྒྱུར། འཛིན་པས་མ་ བསླད། སྤང་གཉེན་མ་ཞུགས་པར་ས་ལེ་སང་ངེ་བའི་རིག་ཆ་དེ་ཟང་ཐལ་རྗེན་པའི་ ཆོས་སྐུར་ངོས་བཟུང་སྟེ། ཤེས་རིག་མ་ཡིན་ན་ཕར་ཞོག ཡིན་ན་ངོ་བོ་དེ་ཆོས་སྐུར་ མ་ཡིན་པ་མི་སྲིད་པས་ངོ་ཤེས་པར་བྱ་བ་ནི། ཁྱུང་ཆེན་ལས། མ་བསྒོམས་བཞག་པ་ དེ་ཉིད་རང་རིག་པ། །སྒྲ་དང་བློ་བྲལ་ཀུན་གྱི་ཕ་རོལ་ཞིང་། །དམིགས་བཅས་རང་ སོ་ཉིད་དེ་བཅོས་ཅི་༧དགོས། །གནས་པས་འགག་ལ་འགྱུས་པས་རང་སར་དག ། མེད་མཐོང་མ་སྤངས་དེ་ལ་སངས་པ་མེད། །ས་མེད་འདི་ཉིད་གནས་དེ་གང་གི་ ཡུལ། །འཇུག་སྟེ་གང་གི་ཕ་རོལ་སོང་མེད་པའོ། །རང་བཞིན་ཡོད་མེད་བརྟག་ དཀའི་སེམས་ལ་རེག་ནུས་ཤིང་། །མ་བསམས་འཁྲུལ་པ་མེད་པའི་ཡེ་ཤེས་ཉིད། ། བྱ་བྲལ་གླེན་པའི་ཤུགས་འཆང་བློ་བདེ་བ། །སྤྲོས་མེད་ནམ་མཁའི་ཡིད་ཅན་རྣམས་ ཀྱིས་བྱོས། །ཞེས་སོ། །འདི་ཉིད་ཀྱི་ངོ་བོ་ལ་ཡེ་སངས་རྗེན་པར་རང་བྱུང་གི་ཡེ་ ཤེས་ཞེས་བྱ་སྟེ། ཡིན་ལུགས་ཀྱི་ཆོས་སྐུར་རང་མལ་དུ་རང་ངོ་ཤེས་པས་དབྱིངས་ རིག་མ་བུ་འདྲེས་པར་བརྗོད་ཀྱང་དོན་ལ་རང་གནས་ཆོས་ཟད་ཀྱི་དགོངས་པ་ངོས་ ཟིན་པས་འཁོར་བ་ཆོས་སྐུར་སངས་པ་ཞེས་བྱའོ། །འདིའི་ངོ་བོ་ལ་སྒྲོ་སྐུར་གྱི་དྲི་མ་ བསལ་བ་ནི། མུ་ཏིག་ཕྲེང་བ་ལས། རང་བཞིན་དག་པའི་ཆོས་རྣམས་ལ། །དྲི་མ་

[p. 241] ༈ ཚིག་དོན་རིན་པོ་ཆེའི་མཛོད། མེད་པས་ཕྲ་རགས་ལོག །གཟུགས་྾འཛིན་མེད་པས་འཁྲུལ་པ་ལོག །འགྱུ་བ་ མེད་པས་ལས་རླུང་ལོག །ཟང་ཐལ་ཡིན་པས་དངོས་པོ་ལོག །རང་གྲོལ་ཡིན་པས་ སྣང་བ་ལོག །གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྫོགས་པས་བསྐྱེད་རིམ་ ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་སྒོམ་པ་ལོག །མངོན་ དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་མ་མྱོང་བས་ཞེན་པ་ ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློ་རྒྱ་ལོག །ཉག་ གཅིག་ཡིན་པས་གྲངས་མཐའ་ལོག །ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། ། རང་ཤར་ཡིན་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་ བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་ཕྲད་པས་སྤྲུལ་སྐུར་བྱུང་། །རྟོགས་སུ་ཡོད་ པས་ཐབས་སུ་བྱུང་། །བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་ གྲུབ་མཐའ་རྫོགས། །བཅུད་དུ་འདྲིལ་བས་རིག་པར་གསལ། །རང་གྲོལ་ཡིན་པས་ ཅོག་གཞག་ཡིན། །དེ་ཉིད་ལོག་པའི་རིག་པ་ནི། །རང་ལས་འབྱུང་བས་གྲོལ་ཞེས་ བྱ༑ ༑གནས་པ་ཡིན་པས་ཁྱབ་ཅེས་བྱ། །མཚན་མ་མེད་པས་སྟོང་ཞེས་བྱ། །ནུབ་ པ་མེད་པས་ཤར་ཞེས་བྱ། །རྡོས་བཅས་མེད་པས་ཟང་ཐལ་པོ་྾། །གྲོལ་བར་ གནས་པས་ལོག་ཅེས་བྱ། །སྣ་ཚོགས་སྣང་བས་གདངས་ཞེས་བྱ། །གཉིས་སུ་མེད་ པས་གཅིག་པུ་ཉིད། །ཐམས་ཅད་བསྐྱེད་པས་རྒྱུ་ཞེས་བྱ། །མ་ལུས་རྫོགས་པས་ འབྲས་བུ་ཉིད། །དམིགས་པ་དག་པས་ལམ་ཞེས་བྱ། །འཁྲུལ་པ་ཟད་པས་ལུང་ ཡང་ཡིན། །རང་ལ་གནས་པས་རྒྱུད་ཅེས་བྱ། །མཚོན་དུ་ཡོད་པས་མན་ངག་ཡིན། ། གྲངས་ལས་འདས་པས་རྩིས་ཞེས་བྱ། །དེ་ལྟ་བུ་ཡི་སེམས་ཉིད་ནི། །དགོས་འདོད་ སྐོང་བས་ནོར་བུ་འདྲ། །དགོས་པ་ཚང་བས་བང་མཛོད་བཞིན། །གང་བསྟན་སྣང་

[p. 242] ། རྡོ་རྗེའི་གནས་བརྒྱད་པ་ཇི་ལྟར་ཉམས་སུ་བླང་བའི་རིམ་པ་རྒྱ་ཆེར་བཤད་པ། བས་མེ་ལོང་འདྲ། །དྲི་མེད་གསལ་བས་ཤེལ་གོང་འདྲ། །སྣ་ཚོགས་ཟ་འོག་གུར་ ཁྱིམ་འདྲ། །སྤྲོ་བསྡུ་མེད་པས་ཁྱུང་ཆེན་འདྲ། །ལྟ་བའི་རྩལ་རྫོགས་སེང་གེ་འདྲ། ། གཏིང་རྫོགས་ཁྱབ་པས་རྒྱ་མཚོ་འདྲ། །ནང་བྱུང་གྲོལ་གཞི་ནམ་མཁའ་བཞིན། ། ཞེས་སོ། །གཉིས་པ་ངང་དེར་འགག་བསྡམ་པ་ནི། རིག་པ་རྗེན་པ་དེ་འཆར་རམ་ གནས་ཀྱང་ཅོག་གཞག་བཅོས་བསླད་མེད་པར་རང་སོར་གློད་ནས་དངས་ཕྱིན་པར་

[edit]
OCR of the BDRC scans (I8LS32911), gorn05 tibocr 2026: BDRC OCR on 307 pages, Mitra OCR on 201 pages (the model with more recognisable syllables on each page).

[p. 269] སྡུག་བསྔལ་ཆལ་འདེབས་བདེ་བའི་ཆོས། །བརྗོད་པ་མེད་པར་རང་གནས་པ། །སུས་མ་ཤེས་པ་ཟླ་རེ་རྟུལ། །འཁོར་བའི་བག་ཆགས་ ཡང་བརྩེགས་པ། །ཡེ་ནས་ཆོས་ཀྱི་སྐུར་འདུག་པ། །གང་གིས་མ་མཐོང་སྙིང་རྗེའི་གནས། །དབང་པོ་བདག་རྟོག་ཡུལ་ཤར་ནས། །དྲན་བསམ་འགྱུ་བ་སྣ་ཚོགས་རྣམས། །ཡེ་ནས་ལོངས་སྐུར་རང་ཤར་བ། །འདི་ཀུན་ མ་དྲན་བརྗེད་རེ་ངས། །བྱ་བྱེད་སྤྱོད་པ་རྩོལ་སྒྲུབ་དང་། །སྐྱེ་བོ་འདུ་བའི་ཅ་ཅོ་ཀུན། །ཡེ་ནས་སྤྲུལ་པའི་སྐུ་ཡིན་པར། །སུས་མ་ཤེས་པར་ཡོངས་རྟུལ། །ཇི་ལྟར་བསམ་དང་དྲན་འགྱུས་པ། །ཆུ་བོའི་རྒྱུན་བཞིན་ བར་མེད་པར། །རྟག་ཏུ་རང་གི་ཡིད་འཕྲོག་པ། །རྩོལ་མེད་རང་གཞག་སྒོམ་པར་ནི། །ཉམས་སུ་མ་ཆུང་སེམས་རེ་ཡེངས། །སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང་། །གྲོང་

[p. 270] ༄༅། །ཅད་ལྟ་བས་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པའི་སྟོང་པ་ཡེ་སྟོང་ཆེན་པོ་ལ་ལྟོས་དང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པར་འདུག་པ་ངོ་མཚར། བྱ་བྱེད་བསྒོམས་པས་ལྟུང་ བར་འགྱུར་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་མི་སྟོང་པའི་སྟོང་པ་དངོས་ཅན་ལ་ལྟོས་དང་། མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་ངོ་མཚར། སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ་ཞེས་སོ། །འདི་དག་གཤིས་ཀྱི་འདུག་ ཚུལ་དང་། རང་ངོ་རྗེན་པ་དང་། རྟོགས་པ་ཀློང་དུ་གྱུར་པའི་རྣལ་འབྱོར་པ་ལ་སྦྱར་ཏེ་བཤད་པར་བྱའོ། །ངོ་མཚར་གྱི་གསང་ཚིག་བདུན་ནི་རྒྱུད་དེ་ཉིད་ལས། ཨེ་མ་ཧོ། གསུང་གི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག། རང་གི་རིག་པ་ཉིད་སྐྱེ་ཤི་དང་བྲལ་བའི་གནད་ཀྱིས་སེམས་ཅན་བྱེ་བའི་སྲོག་གཅད་པ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་རྟག་ཏུ་སྤྱད་པའི་གང་ཟག་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་དུ་བཟང་པོ་ངས་བསྟན་པའོ། ། སངས་རྒྱས་ཀུན་གྱི་གསུང་གི་རྡོ་རྗེ་ཆོས་ཉིད་ལ་སྤྲོས་པ་མེད་པའི་གནད་ཀྱིས་རྟག་ཏུ་སྟོང་པ་ཉིད་ལ་གོམས་པར་བསྒོམས་པའི་སྐྱེས་བུ་དང་སྟོང་པ་ཉིད་ཡིད་ལ་སྐད་ཅིག་ཙམ་མ་བྱས་པའི་གང་ཟག་གཉིས་ འཚང་རྒྱ་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་དུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པ་ཉིད་འདུས་མ་བྱས་པའི་གནད་ཀྱིས། འདུས་བྱས་ཀྱི་དགེ་བ་དཔག་ཏུ་མེད་པ་བྱས་པའི་དད་པ་ཅན་

[p. 271] སྐྱེས་བུས་མཚོན་རྣོན་པོ་ཐོགས་ནས་འགྲོ་བ་རྣམས་དུས་གཅིག་ལ་བསྒྲལ་ཀྱང་གང་ཟག་དེའི་རྒྱུད་ལ་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རང་གི་ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང་། གང་ ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་འཆར་བ་ངོ་མཚར། ཇི་ལྟར་སྣང་ཡང་རང་གི་གཞི་ལས་གཡོས་པ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོ་རིག་པ་སྟོང་པ་ཀུན་བྲལ་གྱི་སྣང་བ་ལ་ལྟོས་དང་། རང་གི་ གཉེན་པོར་རང་ཆེ་བ་ངོ་མཚར། ཉོན་མོངས་པ་རྣམས་རང་གིས་རང་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་སྟོང་པ་ཀུན་དག་གི་ངོ་བོ་ལ་ལྟོས་དང་། འབད་རྩོལ་མེད་པར་འབྲས་བུ་རང་རྙེད་པ་ངོ་མཚར། གཅིག་ཟིན་ པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཀུན་བཞག་གི་ཚད་ལ་ལྟོས་དང་། འགྲོ་དྲུག་སྐུ་གསུམ་དུ་སྣང་བ་ངོ་མཚར། འགྲོ་བ་རྣམས་ཀྱིས་སྒོམ་པ་ རྡུལ་ཙམ་ཡང་མ་བྱས་པར་དུས་གཅིག་ལ་འཆིང་རྒྱབ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང་། དུས་གསུམ་འདུ་འབྲལ་མེད་པ་ངོ་མཚར། ཕ་རོལ་ཏུ་ཕྱིན་པ་དྲུག་ མ་སྤྱད་པར་ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་ཅེར་གཞག་སྟོང་པ་ཆེན་པོ་ཀུན་མཉམ་ལ་ལྟོས་དང་། བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ངོ་མཚར། སྤོང་ལེན་ཐམས་

[p. 272] ༄༅། །༈ ། ། ། ། ། །། ། ། ། ། ། སྐུ་གསུམ་དབྱེ་བ་མེད་དུ་འཆར་བྱ་བ་ཡིན་ནོ་ཞེས་སོ། ། གཉི་དགའི་ཚོགས་པ་མེད་ལ་དེའི་ཆོས་ཐམས་ཅད་མ་ཤི་སྟེ་འཐོར་ནས་ཉམས་སུ་ལེན་པའི་དོ་ལ་སྦྱར་ནས་བཤད་ དོ། ། གཞན་ལས་ཁྱད་པར་དུ་འཕགས་པའི་གནད་ཐབས་པོ་ཆེ་ལ་ལ་བཟུང་བ་ཡིན་ནོ། ། དོན་གཉིས་སུ་བྱ་བའི་ཁང་བལ་རྟེན་པར་ཞིག་གི་བསྔལ་བ་ལ་གཉིས་ཏེ། ཆོས་སྐུ་ངོས་གཟུང་བ་དང་། ངང་དེར་ འགག་བསྒོམ་པའོ། ། དང་པོ་ནི། ཚོགས་དྲུག་གི་ཡུལ་ལ་ཕར་འཆར་ནམ་ཟང་གནས་ཀྱི་ཤེས་པ་ནང་དུ་གནས་པའམ་གང་ཡིན་ཀྱང་རིག་པའི་རྟེན་དུ་དེ་གསལ་རྗེན་པ་གསལ་དག་ཏུ་ལྷག་གེ་བྱ། དོན་རྟོག་ ཏུ་ཤར་ཡང་རང་སངས་སུ་རྗེན་ནོ། ། ཟ་ཟང་རྟོག་ཏུ་ཤར་ཡང་མཐའ་གྲོལ་དུ་སངས་སེ། རང་ས་ན་གནས་བྱ་བ་བར་མེད་དུ་ཉེ་བ་ཡུལ་གྱི་ས་མ་བསྒྱུར། འཛིན་པས་མ་བསླད། སྤང་གཉེན་མ་ཞུགས་པར་ས་ལེ་ སང་ངེ་བའི་རིག་ཆ་དེ་ཟང་ཐལ་རྗེན་པའི་ཆོས་སྐུར་ངོས་བཟུང་སྟེ། ཤེས་རིག་མ་ཡིན་ན་ཕར་ཞོག ། ཡིན་ན་ངོ་བོ་དེ་ཆོས་སྐུར་མ་ཡིན་པ་མི་སྲིད་པས་དེ་ཤེས་པར་བྱ་བ་ནི། ཁྱུང་ཆེན་ལས། མ་བསྒོམས་བཞག་པ་ དེ་ཉིད་རང་རིག་པ། ། སྒྲ་དང་བློ་བྲལ་ཀུན་གྱི་ཕར་ལ་ཞིང་། ། དམིགས་བཅས་རང་སོ་ཉིད་དེ་བཅོས་ཅི་དགོས། ། གནས་པས་འགག་ལ་འགྱུས་པས་རང་སར་དག ། མེད་མཐོང་མ་སྤངས་དེ་ལ་སངས་པ་མེད། ། ས་

[p. 273] དང་སྲོག་གཅོད་པ་ལ་རྟག་ཏུ་བརྩོན་པའི་མི་གཉིས་ཚོགས་རྫོགས་པའི་སྒོ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་དུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པའི་ཡེ་ཤེས་ལ་འགྲོ་འོང་མེད་པའི་གནད་ཀྱིས་ཆོས་ ཉིད་ཀྱི་རྟགས་སྣ་ཚོགས་ལུས་ངག་ལ་བྱུང་བའི་སྐྱེས་བུ་དང་འོས་བསམ་ལ་བློ་སྐད་ཅིག་ཀྱང་མ་སྦྱངས་པའི་གང་ཟག་གཉིས་དངོས་པོ་མཐོང་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་དུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་ རྡོ་རྗེ་ཆོས་ཉིད་ལ་སྐྱེ་འགག་མེད་པའི་གནད་ཀྱིས་དམྱལ་བ་ཆེ་གྲང་ཉམས་སུ་མྱོང་བའི་སྐྱེས་བུ་དང་སངས་རྒྱས་རྣམས་ཀྱི་བདེ་བ་སྣ་ཚོགས་སུ་མྱོང་བའི་སྐྱེས་བུ་གཉིས་རྟོགས་པའི་སྒོ་ཐོབ་པར་ཁྱད་པར་རྡུལ་ཙམ་ཡང་མེད་པར་ ཀུན་དུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པ་ལ་འགྱུར་བ་མེད་པའི་གནད་ཀྱིས་ཡིད་དཔྱོད་ཀྱི་སྤྲོས་པ་ཆོད་པའི་སྐྱེས་བུ་དང་བདག་རྟག་པར་ལྟ་བ་གཉིས་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་དུ་བཟང་པོ་ ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་ཆོས་སྐུ་རང་ལ་ཡོད་པའི་གནད་ཀྱིས་ཕྱི་རོལ་དུ་མཆོད་པ་དང་བསྟོད་པ་དང་གསོལ་བ་སྣ་ཚོགས་བཏབ་པའི་སྐྱེས་བུ་དང་ལས་སུ་བྱ་བྱེད་དང་བྲལ་བར་འདུག་ལ་གཉིས་ལ་འབྲས་བུ་ཐོབ་པ་ ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་དུ་བཟང་པོ་ངས་བསྟན་པའོ། །གསུང་གི་རྡོ་རྗེ་དེའི་ཕྱིར་ན་རང་བྱུང་ཆེན་པོའི་ཚིག་འདི་དག་ལ་སྐྱོད་པའི་སྐྱེས་བུ་ནི་འབད་པ་མེད་པར་ཉམས་སུ་ལོན་པའི་གདེང་རྙེད་ནས་སྣང་བ་དང་

[p. 274] ༄༅། །མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་ཕྲད་པས་སྤྲུལ་སྐུར་བྱུང་། །རྟོགས་སུ་ཡོད་པས་ཐབས་སུ་བྱུང་། །བསམ་འདས་ ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །བཅུད་དུ་འདྲིལ་བས་རིག་པར་གསལ། །རང་གྲོལ་ཡིན་པས་ཅོག་གཞག་ཡིན། །དེ་ཉིད་ལོག་པའི་རིག་པ་ནི། །རང་ལས་འབྱུང་བས་གྲོལ་ ཞེས་བྱ། །གནས་པ་ཡིན་པས་ཁྱབ་ཅེས་བྱ། །མཚན་མ་མེད་པས་སྟོང་ཞེས་བྱ། །ནུབ་པ་མེད་པས་ཤར་ཞེས་བྱ། །རྡོས་བཅས་མེད་པས་ཟང་ཐལ་ལོ། །གྲོལ་བར་གནས་པས་ལོག་ཅེས་བྱ། །སྣ་ཚོགས་ སྣང་བས་གདངས་ཞེས་བྱ། །གཉིས་སུ་མེད་པས་གཅིག་པུ་ཉིད། །ཐམས་ཅད་བསྐྱེད་པས་རྒྱུ་ཞེས་བྱ། །མ་ལུས་རྫོགས་པས་འབྲས་བུ་ཉིད། །དམིགས་པ་དག་པས་ལམ་ཞེས་བྱ། །འཁྲུལ་བ་ཟད་པས་ལུང་ཡང་ ཡིན༑ ༑རང་ལ་གནས་པས་རྒྱུད་ཅེས་བྱ། །མཚོན་དུ་ཡོད་པས་མན་ངག་ཡིན། །གྲངས་ལས་འདས་པས་རྩིས་ཞེས་བྱ། །དེ་ལྟ་བུ་ཡི་སེམས་ཉིད་ནི། །དགོས་འདོད་སྐོང་བས་ནོར་བུ་འདྲ། །དགོས་པ་ཚང་བས་བང་མཛོད་ བཞིན༑ ༑གང་བསྟན་སྣང་བས་མེ་ལོང་འདྲ། །དྲི་མེད་གསལ་བས་ཤེལ་གོང་འདྲ། །སྣ་ཚོགས་ཟ་འོག་གུར་ཁྱིམ་འདྲ། །སྤྲོ་བསྡུ་མེད་པས་ཁྱུང་ཆེན་འདྲ། །ལྟ་བའི་རྩལ་རྫོགས་སེང་གེ་འདྲ། །གཏིང་རྫོགས་ཁྱབ་

[p. 275] མེད་འདི་ཉིད་གནས་དེ་གང་གི་ཡུལ། །འཇུག་སྟེ་གང་གི་ཕ་རོལ་སོང་མེད་པའོ། །རང་བཞིན་ཡོད་མེད་བརྟག་དཀའི་སེམས་ལ་རེག་ནུས་ཤིང་། །མ་བསམས་འཁྲུལ་པ་མེད་པའི་ཡེ་ཤེས་ཉིད། །བྱ་བྲལ་གླེཌ་ པའི་ཤུགས་འཆང་བློ་བདེ་བ། །སྤྲོས་མེད་ནམ་མཁའི་ཡིད་ཅན་རྣམས་ཀྱིས་བྱོས། །ཞེས་སོ། །འདི་ཉིད་ཀྱི་ངོ་བོ་ལ་ཡེ་སངས་རྗེན་པར་རང་བྱུང་གི་ཡེ་ཤེས་ཞེས་བྱ་སྟེ། ཡིན་ལུགས་ཀྱི་ཆོས་སྐུར་རང་མལ་དུ་རང་ངོ་ཤེས་ པས་དབྱིངས་རིག་མ་བུ་འདྲེས་པར་བརྗོད་ཀྱང་དོན་ལ་རང་གནས་ཆོས་ཟད་ཀྱི་དགོངས་པ་ངོས་ཟིན་པས་འཁོར་བ་ཆོས་སྐུར་སངས་ཕ་ཞེས་བྱའོ། །འདིའི་ངོ་བོ་ལ་སྒྲོ་སྐུར་གྱི་དྭ་མ་བསལ་བ་ནི། མུ་ཏིག་ཕྲེང་བ་ལས། རང་བཞིན་ དགེ་བའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག །གཟུང་འཛིན་མེད་པས་འཁྲུལ་པ་ལོག །འགྱུ་བ་མེད་པས་ལས་རླུང་ལོག །ཟང་ཐལ་ཡིན་པས་དངོས་པོ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །གསལ་ བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྫོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་སྒོམ་པ་ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་ མ་མྱོང་བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློ་རྒྱ་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 1009 typing errors, November 2026), with the variants of the other editions under each page (35 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = Tshig don mdzod MW3CN4957; X = Tshig don mdzod MW8LS32779. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 401] བདེ་བའི་ཆོས། །བརྗོད་པ་མེད་པར་རང་གནས་པ། །སུས་མ་ཤེས་པ་བློ་རེ་རྟུལ། །འཁོར་བའི་བག་ཆགས་ཡང་བརྩེགས་པ། །ཡེ་ནས་ཆོས་ཀྱི་སྐུར་འདུག་པ། །གང་གིས་མ་མཐོང་སྙིང་རྗེའི་གནས། །དབང་པོ་བདག་རྟོག་ཡུལ་ཤར་ནས། །དྲན་བསམ་འགྱུ་བ་སྣ་ཚོགས་རྣམས། །ཡེ་ནས་ལོངས་སྐུར་རང་ཤར་བ། །འདི་ཀུན་མ་དྲན་བརྗེད་རེ་ངས། །བྱ་བྱེད་སྤྱོད་པ་རྩོལ་སྒྲུབ་དང༌། །སྐྱེ་བོ་འདུ་བའི་ཅ་ཅོ་ཀུན། །ཡེ་ནས་སྤྲུལ་པའི་སྐུ་ཡིན་པར། །སུས་མ་ཤེས་པར་ཡོངས་རེ་རྟུལ། །ཇི་ལྟར་བསམ་དང་དྲན་འགྱུས་པ། །ཆུ་བོའི་རྒྱུན་བཞིན་བར་མེད་པར། །རྟག་ཏུ་རང་གི་ཡིད་འཕྲོག་པ། །རྩོལ་མེད་རང་གཞག་སྒོམ་པར་ནི། །ཉམས་སུ་མ་ཆུང་སེམས་རེ་ཡེངས། །སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང༌། །གྲོང་ཁྱེར་རྒྱུན་གཅད་ལྟ་བར་ནི། །ཡེ་ནས་འདུག་པ་མ་

སུས་མ་ཤེས་པ་བློ་རེ ] པའི W · དང་དྲན་འགྱུས་པ་ཆུ་བོའི ] པས W · ཉམས་སུ་མ་ཆུང་སེམས་རེ ] ཆུད A P S · གྲོང་ཁྱེར་རྒྱུན་གཅད་ལྟ་བར ] གཅོད A P S

[p. 402] མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། །ཞེས་པ་དང༌། གཞི་རྩ་མེད་པའི་ཆོས་ཉིད་ལ། །མ་བཙལ་བཞག་པས་ངོ་མཚར་ཆེ། །འགྲོ་དང་འོང་བའི་རིག་པ་ལ། །ཐུག་པ་མེད་པ་ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ཡེ་ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། །ཞེས་སོ། །དེ་དག་ཀྱང་རྡོ་རྗེའི་གད་མོ་བཅུ་གཉིས་དང༌། །ངོ་མཚར་གྱི་གསང་ཚིག་རྣམ་པ་བདུན་གྱིས་ཆོས་ཟད་ཀ་དག་ཆེན་པོར་ལ་བཟླ་བར་བྱ་སྟེ། རྒྱུད་དེ་ཉིད་ལས། ཀྱེ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་སྙིང་པོ་ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང༌། དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་ངོ་མཚར། གཞི་མ་བསྐྱོད་པས་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་དངོས་པོ་གཤིས་ཀྱི་གནས་ལུགས་ལ་ལྟོས་དང༌། སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར། བདེ་སྡུག་ཇི་ལྟར་བསམས་ཀྱང་དོན་ལ་

གསང་ཚིག་རྣམ་པ་བདུན་གྱིས ] om. W · བདུན་གྱིས་ཆོས་ཟད་ཀ་དག ] ཟང D G

[p. 403] འགྱུར་བ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ལ་ལྟོས་དང༌། དྲན་བསམ་གྱི་སྤྱོད་པ་སྣ་ཚོགས་ཅི་བྱས་ཀྱང་རོལ་པར་ཤར་ཏེ་ངོ་མཚར། ཇི་ལྟར་བྱས་ཀྱང་སྐྱེ་མེད་ཀྱི་ཀློང་དུ་འགག་མེད་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ཆོས་ཉིད་སྟོང་པ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང༌། སྐྱེ་བ་མེད་པ་དང་ཡེ་ནས་ལྷན་ཅིག་གནས་པ་ངོ་མཚར། སྐྱེས་བུས་མཚོན་རྣོན་པོ་ཐོགས་ནས་འགྲོ་བ་རྣམས་དུས་གཅིག་ལ་བསྒྲལ་ཀྱང་གང་ཟག་དེའི་རྒྱུད་ལ་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རང་གི་ ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང༌། གང་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་འཆར་བ་ངོ་མཚར། ཇི་ལྟར་སྣང་ཡང་རང་གི་གཞི་ལས་གཡོས་པ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོ་རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང༌། རང་གི་གཉེན་པོར་རང་ཆེ་བ་ངོ་མཚར།

ཤེས་ལ་ལྟོས་དང་དྲན་བསམ ] དག D G · ངོ་མཚར་སྐྱེས་བུས་མཚོན་རྣོན ] དུས D G · ངོ་མཚར་སྐྱེས་བུས་མཚོན་རྣོན ] བུ W · གང་ཟག་དེའི་རྒྱུད་ལ་ཕན ] རྒྱུན W · གནོད་དང་བྲལ་བ་ཧ་ཧ ] བར W

[p. 404] ཉོན་མོངས་པ་རྣམས་རང་གིས་རང་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་སྟོང་པ་ཀུན་དག་གི་ངོ་བོ་ལ་ལྟོས་དང༌། འབད་རྩོལ་མེད་པར་འབྲས་བུ་རང་རྙེད་པ་ངོ་མཚར། གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཀུན་བཞག་གི་ཚད་ལ་ལྟོས་དང༌། འགྲོ་དྲུག་སྐུ་གསུམ་དུ་སྣང་བ་ངོ་མཚར། འགྲོ་བ་རྣམས་ཀྱིས་སྒོམ་པ་རྡུལ་ཙམ་ཡང་མ་བྱས་པར་དུས་གཅིག་ལ་འཚང་རྒྱ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང༌། དུས་གསུམ་འདུ་འབྲལ་མེད་པ་ངོ་མཚར། ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པར་ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་ཅེར་གཞག་སྟོང་པ་ཆེན་པོ་ཀུན་མཉམ་ལ་ལྟོས་དང༌། བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ངོ་མཚར། སྤོང་ལེན་ཐམས་ཅད་ལྟ་བས་

དྲུག་སྐུ་གསུམ་དུ་སྣང་བ ] om. W

[p. 405] གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པའི་སྟོང་པ་ཡེ་སྟོང་ཆེན་པོ་ལ་ལྟོས་དང༌། སངས་རྒྱས་ཐམས་ཅད་ཀྱི་དགོངས་པར་འདུག་པ་ངོ་མཚར། བྱ་བྱེད་བསྒོམས་པས་ལྟུང་བར་འགྱུར་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་མི་སྟོང་པའི་སྟོང་པ་དངོས་ཅན་ལ་ལྟོས་དང༌། མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་ངོ་མཚར། སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ་ཞེས་སོ། །འདི་དག་གཤིས་ཀྱི་འདུག་ཚུལ་དང༌། །རང་ངོ་རྗེན་པ་དང༌། རྟོགས་པ་ཀློང་དུ་གྱུར་པའི་རྣལ་འབྱོར་པ་ལ་སྦྱར་ཏེ་བཤད་པར་བྱའོ། །ངོ་མཚར་གྱི་གསང་ཚིག་བདུན་ནི་རྒྱུད་དེ་ཉིད་ལས། ཨེ་མ་ཧོ། གསུང་གི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག །རང་གི་རིག་པ་ཉིད་སྐྱེ་ཤི་དང་བྲལ་བའི་གནད་ཀྱིས་སེམས་ཅན་བྱེ་བའི་སྲོག་གཅད་པ་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་རྟག་ཏུ་སྤྱད་པའི་གང་ཟག་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །སངས་

གི་རྡོ་རྗེ་སྟོང་པའི་སྟོང་པ ] om. W · མཚར་སྐྱེས་པས་སྐྱེ་མེད་ཐོབ ] སྐྱེས W · བྱེ་བའི་སྲོག་གཅད་པ་དང ] བཅད W · མེད་པར་ཀུན་ཏུ་བཟང་པོ ] དུ A D X

[p. 406] རྒྱས་ཀུན་གྱི་གསུང་གི་རྡོ་རྗེ་ཆོས་ཉིད་ལ་སྤྲོས་པ་མེད་པའི་གནད་ཀྱིས་རྟག་ཏུ་སྟོང་པ་ཉིད་ལ་གོམས་པར་བསྒོམས་པའི་སྐྱེས་བུ་དང་སྟོང་པ་ཉིད་ཡིད་ལ་སྐད་ཅིག་ཙམ་མ་བྱས་པའི་གང་ཟག་གཉིས་འཚང་རྒྱ་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པ་ཉིད་འདུས་མ་བྱས་པའི་གནད་ཀྱིས། འདུས་བྱས་ཀྱི་དགེ་བ་དཔག་ཏུ་མེད་པ་བྱས་པའི་དད་པ་ཅན་དང་སྲོག་གཅོད་པ་ལ་རྟག་ཏུ་བརྩོན་པའི་མི་གཉིས་ཚོགས་རྫོགས་པའི་སྒོ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པའི་ཡེ་ཤེས་ལ་འགྲོ་འོང་མེད་པའི་གནད་ཀྱིས་ཆོས་ཉིད་ཀྱི་རྟགས་སྣ་ཚོགས་ལུས་ངག་ལ་བྱུང་བའི་སྐྱེས་བུ་དང་ཐོས་བསམ་ལ་བློ་སྐད་ཅིག་ཀྱང་མ་སྦྱངས་པའི་གང་ཟག་གཉིས་དངོས་པོ་མཐོང་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །

མེད་པར་ཀུན་ཏུ་བཟང་པོ ] དུ A D X · མེད་པར་ཀུན་ཏུ་བཟང་པོ ] དུ A D X · མེད་པར་ཀུན་ཏུ་བཟང་པོ ] དུ A D X

[p. 407] ཀྱེ་གསུང་གི་རྡོ་རྗེ་ཆོས་ཉིད་ལ་སྐྱེ་འགག་མེད་པའི་གནད་ཀྱིས་དམྱལ་བ་ཚ་གྲང་ཉམས་སུ་མྱོང་བའི་སྐྱེས་བུ་དང་སངས་རྒྱས་རྣམས་ཀྱི་བདེ་བ་སྣ་ཚོགས་སུ་མྱོང་བའི་སྐྱེས་བུ་གཉིས་རྟོགས་པའི་སྒོ་་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པ་ལ་འགྱུར་བ་མེད་པའི་གནད་ཀྱིས་ཡིད་དཔྱོད་ཀྱི་སྤྲོས་པ་ཆོད་པའི་སྐྱེས་བུ་དང་བདག་རྟག་པར་ལྟ་བ་གཉིས་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་ཆོས་སྐུ་རང་ལ་ཡོད་པའི་གནད་ཀྱིས་ཕྱི་རོལ་ཏུ་མཆོད་པ་དང་བསྟོད་པ་དང་གསོལ་བ་སྣ་ཚོགས་བཏབ་པའི་སྐྱེས་བུ་དང་ལས་སུ་བྱ་བྱེད་དང་བྲལ་བར་འདུག་པ་གཉིས་ལ་འབྲས་བུ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །གསུང་གི་རྡོ་རྗེ་དེའི་ཕྱིར་ན་རང་བྱུང་ཆེན་པོའི་ཚིག་འདི་

པའོ་ཀྱེ་གསུང་གི་རྡོ་རྗེ ] ཀྱི W · གཉིས་རྟོགས་པའི་སྒོ་ཐོབ་པ ] om. W · མེད་པར་ཀུན་ཏུ་བཟང་པོ ] དུ A D X · རྗེ་རིག་པ་ལ་འགྱུར་བ ] ལས A P S · མེད་པར་ཀུན་ཏུ་བཟང་པོ ] དུ A D X · ཀྱིས་ཕྱི་རོལ་ཏུ་མཆོད་པ ] དུ A P D G S X · མེད་པར་ཀུན་ཏུ་བཟང་པོ ] དུ A D X

[p. 408] དག་ལ་སྤྱོད་པའི་སྐྱེས་བུ་ནི་འབད་པ་མེད་པར་ཉམས་སུ་ལོན་པའི་གདེང་རྙེད་ནས་སྣང་བ་དང་སྐུ་གསུམ་དབྱེར་མེད་དུ་འཚང་རྒྱ་བ་ཡིན་ནོ་ཞེས་སོ། །འདི་དག་ནི་རྫོགས་པ་ཆེན་པོ་འདིའི་རིག་པ་མངོན་སུམ་རྗེན་པའི་སྒོ་མཐོང་ནས་ཉམས་སུ་ལེན་པའི་ངོ་བོ་ལ་སྦྱར་ནས་བཤད་དེ། གཞན་ལས་ཁྱད་པར་དུ་འཕགས་པའི་གནད་རླབས་པོ་ཆེ་ལ་ལ་བཟླ་བ་ཡིན་ནོ། །དོན་གཉིས་པ་བྱ་བྲལ་ཟང་ཐལ་རྗེན་པར་འགག་བསྡམ་པ་ལ་གཉིས་ཏེ། ཆོས་སྐུ་ངོས་གཟུང་བ་དང༌། ངང་དེར་འགག་བསྡམ་པའོ། །དང་པོ་ནི། ཚོགས་དྲུག་གི་ཡུལ་ལ་ཕར་འཆར་རམ་རང་གནས་ཀྱི་ཤེས་པ་ནང་དུ་གནས་པའམ་གང་ཡིན་ཀྱང་རིག་པའི་ཆ་ལ་རང་གསལ་རྗེན་པ་གསལ་རིག་ཏུ་ལྷག་གེ་བ། ངན་རྟོག་ཏུ་ཤར་ཡང་རང་སངས་སུ་་རྗེན་ནེ། བཟང་རྟོག་ཏུ་ཤར་ཡང་མཐའ་གྲོལ་དུ་སངས་སེ། རང་ས་ན་གནས་ཀྱང་བར་མེད་དུ་ཧ་རེ་བ་ཡུལ་གྱིས་མ་བསྒྱུར། འཛིན་

འགག་བསྡམ་པ་ལ་གཉིས་ཏེ ] om. W · རང་གསལ་རྗེན་པ་གསལ་རིག ] པར W · ཡང་རང་སངས་སུ་རྗེན་ནེ ] om. W

[p. 409] པས་མ་བསླད། སྤང་གཉེན་མ་ཞུགས་པར་ས་ལེ་སང་ངེ་བའི་རིག་ཆ་དེ་ཟང་ཐལ་རྗེན་པའི་ཆོས་སྐུར་ངོས་བཟུང་སྟེ། ཤེས་རིག་མ་ཡིན་ན་ཕར་ཞོག ཡིན་ན་ངོ་བོ་དེ་ཆོས་སྐུར་མ་ཡིན་པ་མི་སྲིད་པས་ངོ་ཤེས་པར་བྱ་བ་ནི། ཁྱུང་ཆེན་ལས། མ་བསྒོམས་བཞག་པ་དེ་ཉིད་རང་རིག་པ། །སྒྲ་དང་བློ་བྲལ་ཀུན་གྱི་ཕ་རོལ་ཞིང༌། །དམིགས་བཅས་རང་སོ་ཉིད་དེ་བཅོས་ཅི་དགོས། །གནས་པས་འགག་ལ་འགྱུས་པས་རང་སར་དག །མེད་མཐོང་མ་སྤངས་དེ་ལ་སངས་པ་མེད། །ས་མེད་འདི་ཉིད་གནས་དེ་གང་གི་ཡུལ། །འཇུག་སྟེ་གང་གི་ཕ་རོལ་སོང་མེད་པའོ། །རང་བཞིན་ཡོད་མེད་བརྟག་དཀའི་སེམས་ལ་རེག་ནུས་ཤིང༌། །མ་བསམས་འཁྲུལ་པ་མེད་པའི་ཡེ་ཤེས་ཉིད། །བྱ་བྲལ་གླེན་པའི་ཤུགས་འཆང་བློ་བདེ་བ། །སྤྲོས་མེད་ནམ་མཁའི་ཡིད་ཅན་རྣམས་ཀྱིས་བྱོས། །ཞེས་སོ། །འདི་ཉིད་ཀྱི་ངོ་བོ་ལ་ཡེ་སངས་

ནུས་ཤིང་མ་བསམས་འཁྲུལ་པ ] བསམ W

[p. 410] རྗེན་པར་རང་བྱུང་གི་ཡེ་ཤེས་ཞེས་བྱ་སྟེ། ཡིན་ལུགས་ཀྱི་ཆོས་སྐུར་རང་མལ་དུ་རང་ངོ་ཤེས་པས་དབྱིངས་རིག་མ་བུ་འདྲེས་པར་བརྗོད་ཀྱང་དོན་ལ་རང་གནས་ཆོས་ཟད་ཀྱི་དགོངས་པ་ངོས་ཟིན་པས་འཁོར་བ་ཆོས་སྐུར་སངས་པ་ཞེས་བྱའོ། །འདིའི་ངོ་བོ་ལ་སྒྲོ་སྐུར་གྱི་དྲི་མ་བསལ་བ་ནི། མུ་ཏིག་ཕྲེང་བ་ལས། རང་བཞིན་དག་པའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག །གཟུང་འཛིན་མེད་པས་འཁྲུལ་པ་ལོག །འགྱུ་བ་མེད་པས་ལས་རླུང་ལོག །ཟང་ཐལ་ཡིན་པས་དངོས་པོ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྫོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་སྒོམ་པ་ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་མ་མྱོང་བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་

ལུགས་ཀྱི་ཆོས་སྐུར་རང་མལ ] སྐུ W · མ་བུ་འདྲེས་པར་བརྗོད་ཀྱང ] པས W · ཕྲ་རགས་ལོག་གཟུང་འཛིན་མེད ] གཟུགས A P S

[p. 411] མེད་པས་བློ་རྒྱ་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡིན་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་ཕྲད་པས་སྤྲུལ་སྐུར་བྱུང༌། །རྟོགས་སུ་ཡོད་པས་ཐབས་སུ་བྱུང༌། །བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །བཅུད་དུ་འདྲིལ་བས་རིག་པར་གསལ། །རང་གྲོལ་ཡིན་པས་ཅོག་གཞག་ཡིན། །དེ་ཉིད་ལོག་པའི་རིག་པ་ནི། །རང་ལས་འབྱུང་བས་གྲོལ་ཞེས་བྱ། །གནས་པ་ཡིན་པས་ཁྱབ་ཅེས་བྱ། །མཚན་མ་མེད་པས་སྟོང་ཞེས་བྱ། །ནུབ་པ་མེད་པས་ཤར་ཞེས་བྱ། །རྡོས་བཅས་མེད་པས་ཟང་ཐལ་པོ། །གྲོལ་བར་གནས་པས་ལོག་ཅེས་བྱ། །སྣ་ཚོགས་སྣང་བས་གདངས་ཞེས་བྱ། །གཉིས་སུ་མེད་པས་གཅིག་པུ་ཉིད། །ཐམས་

པས་ཟང་ཐལ་པོ་གྲོལ་བར ] ལོ D G

[p. 412] ཅད་བསྐྱེད་པས་རྒྱུ་ཞེས་བྱ། །མ་ལུས་རྫོགས་པས་འབྲས་བུ་ཉིད། །དམིགས་པ་དག་པས་ལམ་ཞེས་བྱ། །འཁྲུལ་པ་ཟད་པས་ལུང་ཡང་ཡིན། །རང་ལ་གནས་པས་རྒྱུད་ཅེས་བྱ། །མཚོན་དུ་ཡོད་པས་མན་ངག་ཡིན། །གྲངས་ལས་འདས་པས་རྩིས་ཞེས་བྱ། །དེ་ལྟ་བུ་ཡི་སེམས་ཉིད་ནི། །དགོས་འདོད་སྐོང་བས་ནོར་བུ་འདྲ། །དགོས་པ་ཚང་བས་བང་མཛོད་བཞིན། །གང་བསྟན་སྣང་བས་མེ་ལོང་འདྲ། །དྲི་མེད་གསལ་བས་ཤེལ་གོང་འདྲ། །སྣ་ཚོགས་ཟ་འོག་གུར་ཁྱིམ་འདྲ། །སྤྲོ་བསྡུ་མེད་པས་ཁྱུང་ཆེན་འདྲ། །ལྟ་བའི་རྩལ་རྫོགས་སེང་གེ་འདྲ། །གཏིང་རྫོགས་ཁྱབ་པས་རྒྱ་མཚོ་འདྲ། །ནང་བྱུང་གྲོལ་གཞི་ནམ་མཁའ་བཞིན། །ཞེས་སོ། །གཉིས་པ་དང་དེར་འགག་བསྡམ་པ་ནི། རིག་པ་རྗེན་པ་དེ་འཆར་རམ་གནས་ཀྱང་ཅོག་གཞག་བཅོས་བསླད་མེད་པར་རང་སོར་གློད་ནས་དངས་ཕྱིན་པར་གསལ་ངར་དང་བཅས་པ་

སོ་གཉིས་པ་དང་དེར་འགག ] ངང P S
[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the divisions of each unit; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The first levels of the outline of the whole work are on the contents page.
3 The stages of the instructions that bring about complete liberation ཡོངས་སུ་གྲོལ་བྱེད་གདམས་པའི་རིམ་པ [p. 328]
3.3 Settling the actual instructions གདམས་པ་དངོས་གཏན་ལ་དབབ་པ [p. 331]
3.3.3 The stages of practice for those whose intellect is that of awareness's self-appearance རིག་པ་རང་སྣང་གི་བློ་ཅན་རྣམས་ཀྱིས་ཉམས་སུ་བླང་བའི་རིམ་པ [p. 384]
3.3.3.2 The teaching of the actual instruction གདམས་པ་དངོས་བསྟན་པ [p. 385]
3.3.3.2.2 Explaining the pith instructions themselves that have that connection འབྲེལ་བ་ཅན་གྱི་མན་ངག་ཉིད་བཤད་པ [p. 386]
3.3.3.2.2.1 Decisive resolution in the great primordial purity that is the exhaustion of phenomena ཆོས་ཟད་ཀ་དག་ཆེན་པོར་ལ་བཟླ་བ [p. 387]
3.3.3.2.2.1.6 The twelve vajra laughs and the seven secret words of wonder རྡོ་རྗེའི་གད་མོ་བཅུ་གཉིས་དང་ངོ་མཚར་གྱི་གསང་ཚིག [p. 402] topical
The resolution is also made through the twelve vajra laughs and seven secret words of wonder: a tantra passage addresses the Vajra of Speech, pointing to aspects of awareness and emptiness, each declared "wondrous!" and "ha ha!".
3.3.3.2.2.2 Binding the crux in naked unimpeded transparency free of action བྱ་བྲལ་ཟང་ཐལ་རྗེན་པར་འགག་བསྡམ་པ [p. 408]
Naked, lucid awareness untouched by grasping is identified as the dharmakāya and then sustained: loosened in free resting, recognized even in strong afflictions, and distinguished from mere stillness or watching arisings, which is the meaning of breakthrough.
3.3.3.2.2.2.1 Identifying the dharmakāya ཆོས་སྐུ་ངོས་གཟུང་བ [p. 408]
Whatever arises or abides, its naked, lucid aspect of awareness, unaltered by objects and untouched by grasping or antidotes, is identified as the dharmakāya. Supported by the Great Garuḍa and the Garland of Pearls, which lists what this awareness reverses and the similes for mind itself.
3.3.3.2.2.2.2 Binding the crux within that state ངང་དེར་འགག་བསྡམ་པ [p. 412]
Naked awareness is left uncontrived so it severs the three times; when afflictions arise strongly they are recognized as awareness; neither stillness nor watching thoughts counts as meditation, only sustaining awareness's lucid aspect, citing the Great Garuḍa, Heap of Jewels and Without Letters.
3.3.3.2.2.2.2.1 Loosening naked awareness in free resting རིག་པ་རྗེན་པ་ཅོག་གཞག་ཏུ་གློད་པ [p. 412] topical
Naked awareness, arising or abiding, is loosened uncontrived in its natural condition; it then severs the cord of the three times and apprehended–apprehender, the dharmakāya resting in its own bed. Cited: Great Garuḍa, Lion's Perfect Dynamic Energy.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 401] the Dharma of bliss[345]Note 345 · p. 401 · Dharmamitra omits the opening words bde ba'i chos ("the Dharma of bliss"), which complete the line the previous part broke off in; restored with GPT-6.2 Astra, Claude Fable 5.2, Gemini 4 Neon.
abides of itself, beyond expression;
that no one knows it: how dull the intellect!
The habitual tendencies of saṃsāra, piled layer upon layer,
are primordially present as the dharmakāya;
whoever has not seen this is an object of compassion.
Once the sense faculties, the conceptual thought of self and objects[346]Note 346 · p. 401 · dbang po bdag rtog yul shar nas: GPT-6.2 Astra reads "as objects appear to the senses and the thought of 'I'"; I follow Claude Fable 5.2, Gemini 4 Neon, Dharmamitra in taking the three as a list, which is the plainer reading. bdag rtog is rendered "conceptual thought of self", as in the previous part. have arisen,
all the various movements of recollection and thought
are primordially self-arising as the saṃbhogakāya;
not to recollect all this: how forgetful!
Deeds and doings, conduct, effort and accomplishment,
and all the clamor of people gathering
are primordially the nirmāṇakāya;
that no one knows this: how utterly dull!
However thought and recollection stir,
like the stream of a river, without interruption,
forever carrying off one's mentation,[347]Note 347 · p. 401 · rang gi yid 'phrog pa: the glossary's "mentation" is kept for yid, to hold it apart from sems ("mind") in the same verse; the idiom means simply "captivating, carrying one's mind away".
as the meditation of effortless natural resting
this is not taken into experience:[348]Note 348 · p. 401 · nyams su ma chung (e-text) / ma chud (Adzom): I follow Adzom, "not taken into experience"; chung ("small") gives no sense here. All drafts tacitly read chud. how distracted the mind!
These appearances of the world and its inhabitants, said to exist,[349]Note 349 · p. 401 · yod thos snang ba: the reading is doubtful (perhaps for yod tshad, "all that exists"). I translate it as it stands, "said (lit. heard) to exist", with GPT-6.2 Astra; Claude Fable 5.2 and Dharmamitra have "exists and is heard", Gemini 4 Neon "all that exists".
though, when examined, they are without nature,
are, as the view that severs the stream of the cities,[350]Note 350 · p. 401 · grong khyer rgyun gcad: taken as the "cities" of saṃsāric birth (plural, with GPT-6.2 Astra and Claude Fable 5.2; Gemini 4 Neon and Dharmamitra have "the city").
primordially present; not to have seen this:

[p. 402] are the doors of the sense faculties blocked?Rin po che spungs paQuotation (named in the text: རིན་པོ་ཆེ་སྤུངས་པ་ལས)
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པའི་རྒྱུད, rin po che spungs pa yon tan chen po ston pa'i rgyud, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in སྡེ་གསུམ་སྙིང་པོའི་དོན་འགྲེལ་གནས་ལུགས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་འགྲེལ་པ་བཞུགས། (a parallel: གནས་ལུགས་རིན་པོ་ཆེའི་མཛོད), 75 % of the words.

And:

In dharmatā, without ground or root,
resting without seeking: how great the wonder!
Awareness, going and coming,
meets no limit:[351]Note 351 · p. 402 · thug pa med pa: "meets no limit" (GPT-6.2 Astra) covers both "without end" (Gemini 4 Neon, Dharmamitra) and "nothing it runs up against" (Claude Fable 5.2). how great the wonder!
For the primordial wisdom of the great primordial abiding
there is no antidote: how great the wonder!Rin po che spungs paQuotation (not named in the text)

The quoted words are in Ngb-pt-0054-vol-01-text (the text itself), 70 % of the words.

So it says.

3.3.3.2.2.1.6 The twelve vajra laughs and the seven secret words of wonder རྡོ་རྗེའི་གད་མོ་བཅུ་གཉིས་དང་ངོ་མཚར་གྱི་གསང་ཚིག3.3.3.2.2.1.6 The twelve vajra laughs and the seven secret words of wonder (topical division)
The resolution is also made through the twelve vajra laughs and seven secret words of wonder: a tantra passage addresses the Vajra of Speech, pointing to aspects of awareness and emptiness, each declared "wondrous!" and "ha ha!".

These too are to be decisively resolved[352]Note 352 · p. 402 · The glossary's "decisive resolution" for la bzla ba is applied; the drafts have a bare "resolved". in the great primordial purity of the exhaustion of phenomena by means of the twelve vajra laughs (rdo rje'i gad mo bcu gnyis) and the seven secret words of wonder (ngo mtshar gyi gsang tshig rnam pa bdun). As that same tantra says:

Kye! Vajra of the Speech of all the buddhas, look at the heart, the view, self-arisen primordial wisdom! It is beyond virtue and evil, beyond view and meditation: wondrous! Since the ground is unmoved, whatever actions of body and speech are done, they are free of benefit and harm: ha ha!

Kye! Vajra of Speech, look at the abiding reality of the fundamental character (gshis) of entities! These appearances have not changed a hair or altered their color: wondrous! However one thinks of happiness and suffering, in fact

[p. 403] there is no change: ha ha!

Kye! Vajra of Speech, look at the primordial wisdom of the great emptiness from which all arises! Whatever various conduct of recollection and thought[355]Note 355 · p. 403 · dran bsam: "recollection and thought"; Dharmamitra's "thought and concept" is inexact. is engaged in, it arises as play: wondrous! Whatever is done, it is unceasingly liberated in the vast expanse of the unborn: ha ha!

Kye! Vajra of Speech, look at the primordial wisdom of dharmatā, the all-pervading emptiness![353]Note 353 · p. 402 · The objects of "look at" follow one pattern: a subject, a named emptiness (stong pa kun khyab, kun snang, kun grol, kun dag, kun bzhag, ye rdzogs, kun mnyam; compare stong pa'i stong pa on the next page), then a genitive and head noun. I render them uniformly as "the X of Y, the emptiness in which all…". GPT-6.2 Astra and Gemini 4 Neon make "empty" an adjective of awareness or dharmatā, and Claude Fable 5.2 sets the members in loose apposition, which obscures the series. It primordially dwells together with the unborn: wondrous! Even if a person took up a sharp weapon and slew all beings at one time,[354]Note 354 · p. 403 · bsgral: "slew" (GPT-6.2 Astra, Claude Fable 5.2, Gemini 4 Neon). Dharmamitra's "liberate" misses the plain sense needed for "a sharp weapon" and "free of benefit and harm". that individual's mindstream would be free of benefit and harm: ha ha!

Kye! Vajra of Speech, look at the primordial wisdom of your own cognition, the emptiness in which all appears! All appearances, whatever they may be, arise as one's own friends: wondrous! However they appear, they have not moved from their own ground: ha ha!

Kye! Vajra of Speech, look at the heart, the appearance of awareness, the emptiness in which all is liberated! It is itself great as its own antidote: wondrous!

[p. 404] The afflictions are liberated of themselves, by themselves: ha ha!

Kye! Vajra of Speech, look at the essence of awareness, the all-pure emptiness! Without effort or exertion the fruition is found of itself: wondrous! By seizing the one, all of saṃsāra and nirvāṇa is pure as nondual: ha ha!

Kye! Vajra of Speech, look at the measure of the three kāyas, the great emptiness in which all is left as it is! The six destinies appear as the three kāyas: wondrous! Without having done even a particle of meditation, beings awaken at one time: ha ha!

Kye! Vajra of Speech, look at the fruition of the three kāyas, the great emptiness, primordially perfect! The three times are without union or separation: wondrous! Without the six pāramitās (pha rol tu phyin pa drug) having been practiced, the accumulations are perfected at one time: ha ha!

Kye! Vajra of Speech, look at awareness nakedly resting, the great emptiness in which all is equal! All deeds and doings arise as ornaments: wondrous! All abandoning and adopting, by the view,[356]Note 356 · p. 404 · The part ends mid-sentence at lta bas ("by the view,"); Dharmamitra completes it from the next page ("are liberated… ha ha"), which belongs to the next part.

[p. 405] are liberated: ha ha!

Kye! Vajra of Speech, look at the emptiness of the empty, the great primordial emptiness! It abides as the enlightened intent of all the buddhas:[357]Note 357 · p. 405 · dgongs pa: Claude Fable 5.2 has "realization"; the glossary reserves that for rtogs pa, so "enlightened intent" with Gemini 4 Neon, GPT-6.2 Astra, Dharmamitra. wondrous! By meditating with deeds and doings[358]Note 358 · p. 405 · bya byed bsgoms pas: rendered "deeds and doings" to match the previous part; Gemini 4 Neon/Dharmamitra "effortful action" and GPT-6.2 Astra "making meditation something one does" are paraphrases. one comes to fall: ha ha!

Kye! Vajra of Speech, look at the emptiness of the non-empty, endowed with entity![359]Note 359 · p. 405 · mi stong pa'i stong pa dngos can: kept parallel to stong pa'i stong pa ("emptiness of the empty / of the non-empty") with Claude Fable 5.2, GPT-6.2 Astra; Dharmamitra's "substantial emptiness that is not empty" reverses the construction. dngos can is rendered "endowed with entity" after the glossary's dngos po. The vehicles that grasp at a self in what does not exist: wondrous! What is born attains the unborn:[360]Note 360 · p. 405 · skyes pas skye med thob pa: ambiguous. Claude Fable 5.2 reads "by one who has been born", Dharmamitra "by means of what is born"; I keep the bare paradox with Gemini 4 Neon/GPT-6.2 Astra. ha ha!Rin po che spungs paQuotation (the text says: the same source: རྒྱུད་དེ་ཉིད་ལས)
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པའི་རྒྱུད, rin po che spungs pa yon tan chen po ston pa'i rgyud, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in ༄༅། །གནས་ལུགས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་འགྲེལ་པ་བཞུགས། (a parallel: གནས་ལུགས་རིན་པོའི་ཆེའི་མཛོད), 85 % of the words.

So it is said. These are to be explained by applying them to the way the fundamental nature abides, to the naked own face,[362]Note 362 · p. 405 · gshis kyi 'dug tshul, rang ngo rjen pa, rtogs pa klong du gyur pa'i rnal 'byor pa: taken as three referents, as in all drafts. rang ngo is "own face" per the glossary, against "nature" in Gemini 4 Neon, GPT-6.2 Astra, Dharmamitra. and to the yogin whose realization has become the vast expanse.

As for the seven wondrous secret words, that same tantra says:

Emaho! Vajra Heart of Speech,[361]Note 361 · p. 405 · gsung gi rdo rje snying po: all drafts have "Essence"; the glossary reserves "essence" for ngo bo and gives rdo rje snying po as "vajra heart", hence "Vajra Heart of Speech". listen! By the key point that one's own awareness itself is free of birth and death, I, Samantabhadra, have taught that there is not even a particle of difference between one who has taken the lives of ten million sentient beings and a person who has constantly practiced the ten pāramitās.

[p. 406] Vajra of Speech of all the buddhas! By the key point that in dharmatā there is no elaboration, I, Samantabhadra, have taught that between a person who has constantly meditated so as to grow familiar with emptiness and an individual who has not brought emptiness to mind for even an instant, there is not even a particle of difference in awakening to buddhahood.

Kye! Vajra of Speech, by the key point that awareness itself is unconditioned, I, Samantabhadra, have taught that between a faithful one who has performed immeasurable conditioned virtue and a man who constantly strives in the taking of life, there is not even a particle of difference as to the door of perfecting the accumulations.

Kye! Vajra of Speech, by the key point that in the primordial wisdom of awareness there is no going or coming, I, Samantabhadra, have taught that between a person in whose body and speech the various signs of dharmatā have arisen and an individual who has not trained the intellect in hearing and reflection[364]Note 364 · p. 406 · blo ma sbyangs pa: "intellect" per the glossary; Claude Fable 5.2, GPT-6.2 Astra, Dharmamitra have "mind", which is reserved for sems. (thos bsam) for even an instant, there is not even a particle of difference in seeing the real.[363]Note 363 · p. 406 · dngos po mthong ba: here dngos po is the actual thing itself, not an "entity" to be refuted, so "seeing the real" (with Claude Fable 5.2), departing from the glossary's "entity".

[p. 407] Kye! Vajra of Speech, by the key point that in dharmatā there is no arising or ceasing, I, Samantabhadra, have taught that between a person who is experiencing the hot and cold hells and a person who is experiencing the bliss of the buddhas in all its variety, there is not even a particle of difference in attaining the door of realization.

Kye! Vajra of Speech, by the key point that in awareness there is no change,[365]Note 365 · p. 407 · rig pa la 'gyur ba med pa: Adzom reads rig pa las ("no change away from awareness"). I follow the e-text's la ("in awareness there is no change"), which parallels chos nyid la… med pa in the neighbouring statements. I, Samantabhadra, have taught that there is not even a particle of difference between a person who has cut through the elaborations of mental analysis and one who views the self as permanent.

Kye! Vajra of Speech, by the key point that the dharmakāya is present in oneself, I, Samantabhadra, have taught that between a person who outwardly makes offerings, praises and manifold supplications and one who remains free of any deeds and doings to be performed,[366]Note 366 · p. 407 · las su bya byed dang bral bar 'dug pa: "free of any deeds and doings to be performed" (close to Claude Fable 5.2); Gemini 4 Neon/Dharmamitra "effortful action" and GPT-6.2 Astra "without undertaking anything at all" are looser. there is not even a particle of difference in attaining the fruition.

Vajra of Speech, for that reason the person who acts upon these words of the great self-arisen,

[p. 408] having found the confidence of having taken them into experience[367]Note 367 · p. 408 · 'bad pa med par nyams su lon pa'i gdeng: Gemini 4 Neon/Dharmamitra have "confidence of effortless realization"; nyams su lon pa is taking into experience, not rtogs pa, so I follow Claude Fable 5.2/GPT-6.2 Astra. without effort, awakens to buddhahood with appearances and the three kāyas indivisible.Rin po che spungs paQuotation (the text says: the same source: རྒྱུད་དེ་ཉིད་ལས)
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པའི་རྒྱུད, rin po che spungs pa yon tan chen po ston pa'i rgyud, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Klong chen rab byams gsung 'bum/volume 016 432 (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 80 % of the words.

So it is said. These are explained by applying them to the essence of the practice undertaken once one has seen the door of this Great Perfection's awareness, directly perceived and naked; they are a decisive resolution upon the mighty key point[368]Note 368 · p. 408 · gnad rlabs po che: singular "mighty key point" (Gemini 4 Neon, Claude Fable 5.2, GPT-6.2 Astra); Dharmamitra has the plural. that is especially exalted above others.

3.3.3.2.2.2 Binding the crux in naked unimpeded transparency free of action བྱ་བྲལ་ཟང་ཐལ་རྗེན་པར་འགག་བསྡམ་པ3.3.3.2.2.2 Binding the crux in naked unimpeded transparency free of action
Naked, lucid awareness untouched by grasping is identified as the dharmakāya and then sustained: loosened in free resting, recognized even in strong afflictions, and distinguished from mere stillness or watching arisings, which is the meaning of breakthrough.

The second topic, binding the crux in naked unimpeded transparency free of action, has two parts: identifying the dharmakāya, and binding the crux within that state.

3.3.3.2.2.2.1 Identifying the dharmakāya ཆོས་སྐུ་ངོས་གཟུང་བ3.3.3.2.2.2.1 Identifying the dharmakāya
Whatever arises or abides, its naked, lucid aspect of awareness, unaltered by objects and untouched by grasping or antidotes, is identified as the dharmakāya. Supported by the Great Garuḍa and the Garland of Pearls, which lists what this awareness reverses and the similes for mind itself.

First: whether it arises outward toward the objects of the six collections of consciousness, or the self-abiding cognition abides within, or whichever it may be, in its aspect of awareness it is a naked self-clarity, vividly present as clear awareness (gsal rig); though it arises as a bad thought, it is starkly naked in clearing of itself;[370]Note 370 · p. 408 · rang sangs su rjen ne / mtha' grol du sangs se / bar med du ha re ba: the expressive particles are rendered "starkly naked", "limpidly clear", "wide open"; mtha' grol is "liberation from extremes" per the glossary (Claude Fable 5.2 has "free of limits"). though it arises as a good thought, it is limpidly clear in liberation from extremes (mtha' grol); though it abides in its own place, it is wide open without interval; unaltered by objects,[369]Note 369 · p. 408 · The final sentence continues onto the next page ('dzin pas ma bslad… chos skur ngos bzung ste). I stop after "unaltered by objects," (yul gyis ma bsgyur), as Dharmamitra does; Gemini 4 Neon, Claude Fable 5.2, GPT-6.2 Astra begin the next clause with "grasping". The next part should continue with "unadulterated by grasping…" and supply the main clause, "that aspect of awareness is identified as the dharmakāya".

[p. 409] unadulterated by grasping; that aspect of awareness, bright and wide awake, into which neither what is to be abandoned nor any antidote has entered, is identified as the naked, unimpededly transparent dharmakāya. Were it not cognizant awareness (shes rig), that would be another matter; but if it is, it is impossible for that essence not to be the dharmakāya, and so it is to be recognized. As the Great Garuḍa says:

Left without meditating, that itself is self-awareness;
free of sound and intellect, it lies beyond everything.[371]Note 371 · p. 409 · kun gyi pha rol zhing: zhing is read as the connective ("is beyond everything, and…"), with Claude Fable 5.2. Gemini 4 Neon, Dharmamitra and GPT-6.2 Astra take it as a noun ("realm/domain beyond all"), which is also possible.
Even with a reference point it is just its own natural condition: what need is there to alter it?
By abiding it ceases, and by moving it is pure in its own place.
Seen to be nonexistent, it is not abandoned;[372]Note 372 · p. 409 · med mthong ma spangs: read as "seen to be nonexistent, it is not abandoned" (Claude Fable 5.2). Gemini 4 Neon has "seeing its nonexistence without rejecting it"; Dharmamitra and GPT-6.2 Astra have "seeing nothing, nothing is abandoned". The line is terse and all three are defensible. in it there is nothing to be cleared away.
This itself is without levels;[373]Note 373 · p. 409 · sa med: rendered "without levels" (bhūmi), since the next line speaks of "entering" and "going beyond", and the glossary reserves "ground" for gzhi. Gemini 4 Neon, Claude Fable 5.2 and Dharmamitra have "groundless/absence of ground"; GPT-6.2 Astra has "no location". that abode, whose object is it?
One enters, yet there is no having gone beyond anything.
Able to touch the mind, whose nature is hard to examine as existent or nonexistent,
unthought, it is the very primordial wisdom free from delusion.
Free of action, holding the force of a simpleton, the intellect at ease:
let those whose minds are like space, without elaboration, do just this.Khyung chenQuotation (named in the text: ཁྱུང་ཆེན་ལས)
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Garuḍa in Flight · tantra; Nyingma Gyubum
Identification: medium confidence (A Mind Class scripture, one of the Eighteen Mind Class texts.)
The quoted words are in Klong chen rab byams gsung 'bum/volume 002 028 (a parallel), 66 % of the words.
[374]Note 374 · p. 409 · bya bral … byos: Dharmamitra fuses the last two lines into one imperative ("Act with the carefree ease…"). The syntax of Gemini 4 Neon/Claude Fable 5.2 is kept: three qualifications, then "let those … do".

So it is said. As for the essence of this itself, primordially cleared and[375]Note 375 · p. 409 · ye sangs / 'khor ba chos skur sangs pa: sangs is rendered "cleared" throughout the passage (also sangs pa med, mun pa sangs, dran pa sangs), so that the wordplay stays visible, with Gemini 4 Neon and GPT-6.2 Astra. Claude Fable 5.2 and Dharmamitra have "awakened", which is the implied overtone (sangs rgyas).

[p. 410] naked, it is called "self-arisen primordial wisdom." Because it recognizes its own face, in its own resting place, as the dharmakāya of the way it is, this is spoken of as the mingling of mother and child, expanse and awareness (dbyings rig); yet in fact, because the self-abiding enlightened intent of the exhaustion of phenomena[376]Note 376 · p. 410 · rang gnas chos zad kyi dgongs pa: dgongs pa is "enlightened intent" per the glossary, against "realization" in Gemini 4 Neon and Dharmamitra. has been identified, it is called "saṃsāra cleared into the dharmakāya."

As for clearing away the stains of superimposition and denial with regard to its essence, the Garland of Pearls says:

In phenomena that are pure by nature,
since there is no stain, subtle and coarse are reversed.[379]Note 379 · p. 410 · log: rendered "reversed" throughout (Claude Fable 5.2, partly Dharmamitra), so that de nyid log pa'i rig pa and log ces bya stay consistent. Gemini 4 Neon has "turned back", GPT-6.2 Astra "fall away", and Dharmamitra shifts from "dispelled" to "reversed" at the page break.
Since there is no apprehended and apprehender,[377]Note 377 · p. 410 · gzung 'dzin med pas: Adzom reads gzugs 'dzin ("grasping at form"). The e-text's gzung 'dzin ("apprehended and apprehender") is followed, as the standard pair whose absence undoes delusion. delusion is reversed.
Since there is no movement, the karmic wind (las rlung) is reversed.
Since it is unimpeded transparency, concrete entities are reversed.
Since it is self-liberated, appearance is reversed.
Because it is clarity,[378]Note 378 · p. 410 · gsal ba yin phyir: "clarity" per the glossary. Gemini 4 Neon, Dharmamitra and GPT-6.2 Astra have "luminous/luminosity", which is reserved for 'od gsal. emptiness is reversed.
Since it is primordially perfect, the generation stage is reversed.
Since there is no effort, conduct is reversed.
Since it is left unsought, meditation is reversed.
Since it appears manifestly, the view is reversed.
Since there are no sounds or words, convention is reversed.
Since it has never existed, clinging is reversed.
Since it has never been nonexistent, dependence on another is reversed.

[p. 411] Since there is nothing to apprehend, the confines of the intellect are reversed.[380]Note 380 · p. 411 · blo rgya: taken as the "confines" (seal or snare) of the intellect, with GPT-6.2 Astra. Gemini 4 Neon has "scope", Claude Fable 5.2 "seal", Dharmamitra "limitations".
Since it is the sole one, the limits of number are reversed.
Since it pervades all, arising from another has ceased.
Since it is self-arising, darkness is cleared.
Since it is the heart, it pervades as the dharmakāya.
Since it appears clearly, it unfolds as the saṃbhogakāya.
Since mother and child meet, it comes forth as the nirmāṇakāya.
Since it can be realized, it comes forth as skillful means.
Since it is beyond thought, recollection is cleared.
Since there is neither permanence nor annihilation, tenet systems are brought to completion.[381]Note 381 · p. 411 · grub mtha' rdzogs: rdzogs can mean "perfected" (Gemini 4 Neon, Dharmamitra) or "finished, come to an end" (GPT-6.2 Astra). "Brought to completion" keeps both senses.
Since all is gathered into the quintessence, it is clear as awareness.
Since it is self-liberated, it is free resting.
As for the awareness in which just this is reversed:
since it arises from itself, it is called "liberated."
Since it abides, it is called "pervasive."
Since it has no marks, it is called "empty."
Since it never sets, it is called "risen."
Since it has no solidity, it is unimpededly transparent.
Since it abides as liberated, it is called "reversed."
Since it appears as variety, it is called "radiance" (gdangs).
Since it is without duality, it is the one alone.

[p. 412] Since it generates everything, it is called "cause."
Since all without remainder is complete, it is the result itself.[382]Note 382 · p. 412 · 'bras bu nyid: "result", since it stands opposite "cause" (glossary rule). Gemini 4 Neon and Dharmamitra have "fruition", Claude Fable 5.2 and GPT-6.2 Astra "fruit".
Since reference points are purified, it is called "path."
Since delusion is exhausted, it is also "scripture."
Since it abides within oneself,[383]Note 383 · p. 412 · rang la gnas pas rgyud: "within oneself", playing on rgyud as mindstream (Claude Fable 5.2, Dharmamitra, GPT-6.2 Astra). Gemini 4 Neon has "in itself". it is called "tantra."
Since it can be pointed out, it is "pith instruction."
Since it is beyond number, it is called "calculation."
Mind itself, being such as this,
fulfilling needs and wishes, is like a jewel.
With all that is needed complete, it is like a treasury.
Since whatever is shown appears, it is like a mirror.
Stainless and clear, it is like a crystal globe.
In its variety, it is like a pavilion of brocade.
Without emanating or gathering in, it is like the great garuḍa.
The dynamic energy of the view perfected, it is like a lion.
Complete in its depths and all-pervading, it is like the ocean.
The ground of liberation (grol gzhi) of what arises within, it is like space.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Klong chen rab byams gsung 'bum/volume 016 432 (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 72 % of the words.

So it is said.

3.3.3.2.2.2.2 Binding the crux within that state ངང་དེར་འགག་བསྡམ་པ3.3.3.2.2.2.2 Binding the crux within that state
Naked awareness is left uncontrived so it severs the three times; when afflictions arise strongly they are recognized as awareness; neither stillness nor watching thoughts counts as meditation, only sustaining awareness's lucid aspect, citing the Great Garuḍa, Heap of Jewels and Without Letters.

Second, binding the crux within that state:[384]Note 384 · p. 412 · gnyis pa dang der: read as gnyis pa ngang der, as the earlier outline requires ("binding the crux within that state"). All drafts read it so.

3.3.3.2.2.2.2.1 Loosening naked awareness in free resting རིག་པ་རྗེན་པ་ཅོག་གཞག་ཏུ་གློད་པ3.3.3.2.2.2.2.1 Loosening naked awareness in free resting (topical division)
Naked awareness, arising or abiding, is loosened uncontrived in its natural condition; it then severs the cord of the three times and apprehended–apprehender, the dharmakāya resting in its own bed. Cited: Great Garuḍa, Lion's Perfect Dynamic Energy.

whether that naked awareness arises or abides, one loosens it in its own natural condition, in free resting without alteration or adulteration; thoroughly limpid, with the keen edge of its clarity,[385]Note 385 · p. 412 · Dharmamitra omits the closing "zhes so" and the whole opening of the second topic; these are supplied from the Tibetan. The sentence runs on into p. 413 (… gsal ngar dang bcas pa ste), and the translation stops at the page break.

Translation notes
  • 345. [p. 401] Dharmamitra omits the opening words bde ba'i chos ("the Dharma of bliss"), which complete the line the previous part broke off in; restored with GPT-6.2 Astra, Claude Fable 5.2, Gemini 4 Neon.
  • 346. [p. 401] dbang po bdag rtog yul shar nas: GPT-6.2 Astra reads "as objects appear to the senses and the thought of 'I'"; I follow Claude Fable 5.2, Gemini 4 Neon, Dharmamitra in taking the three as a list, which is the plainer reading. bdag rtog is rendered "conceptual thought of self", as in the previous part.
  • 347. [p. 401] rang gi yid 'phrog pa: the glossary's "mentation" is kept for yid, to hold it apart from sems ("mind") in the same verse; the idiom means simply "captivating, carrying one's mind away".
  • 348. [p. 401] nyams su ma chung (e-text) / ma chud (Adzom): I follow Adzom, "not taken into experience"; chung ("small") gives no sense here. All drafts tacitly read chud.
  • 349. [p. 401] yod thos snang ba: the reading is doubtful (perhaps for yod tshad, "all that exists"). I translate it as it stands, "said (lit. heard) to exist", with GPT-6.2 Astra; Claude Fable 5.2 and Dharmamitra have "exists and is heard", Gemini 4 Neon "all that exists".
  • 350. [p. 401] grong khyer rgyun gcad: taken as the "cities" of saṃsāric birth (plural, with GPT-6.2 Astra and Claude Fable 5.2; Gemini 4 Neon and Dharmamitra have "the city").
  • 351. [p. 402] thug pa med pa: "meets no limit" (GPT-6.2 Astra) covers both "without end" (Gemini 4 Neon, Dharmamitra) and "nothing it runs up against" (Claude Fable 5.2).
  • 352. [p. 402] The glossary's "decisive resolution" for la bzla ba is applied; the drafts have a bare "resolved".
  • 353. [p. 402] The objects of "look at" follow one pattern: a subject, a named emptiness (stong pa kun khyab, kun snang, kun grol, kun dag, kun bzhag, ye rdzogs, kun mnyam; compare stong pa'i stong pa on the next page), then a genitive and head noun. I render them uniformly as "the X of Y, the emptiness in which all…". GPT-6.2 Astra and Gemini 4 Neon make "empty" an adjective of awareness or dharmatā, and Claude Fable 5.2 sets the members in loose apposition, which obscures the series.
  • 354. [p. 403] bsgral: "slew" (GPT-6.2 Astra, Claude Fable 5.2, Gemini 4 Neon). Dharmamitra's "liberate" misses the plain sense needed for "a sharp weapon" and "free of benefit and harm".
  • 355. [p. 403] dran bsam: "recollection and thought"; Dharmamitra's "thought and concept" is inexact.
  • 356. [p. 404] The part ends mid-sentence at lta bas ("by the view,"); Dharmamitra completes it from the next page ("are liberated… ha ha"), which belongs to the next part.
  • 357. [p. 405] dgongs pa: Claude Fable 5.2 has "realization"; the glossary reserves that for rtogs pa, so "enlightened intent" with Gemini 4 Neon, GPT-6.2 Astra, Dharmamitra.
  • 358. [p. 405] bya byed bsgoms pas: rendered "deeds and doings" to match the previous part; Gemini 4 Neon/Dharmamitra "effortful action" and GPT-6.2 Astra "making meditation something one does" are paraphrases.
  • 359. [p. 405] mi stong pa'i stong pa dngos can: kept parallel to stong pa'i stong pa ("emptiness of the empty / of the non-empty") with Claude Fable 5.2, GPT-6.2 Astra; Dharmamitra's "substantial emptiness that is not empty" reverses the construction. dngos can is rendered "endowed with entity" after the glossary's dngos po.
  • 360. [p. 405] skyes pas skye med thob pa: ambiguous. Claude Fable 5.2 reads "by one who has been born", Dharmamitra "by means of what is born"; I keep the bare paradox with Gemini 4 Neon/GPT-6.2 Astra.
  • 361. [p. 405] gsung gi rdo rje snying po: all drafts have "Essence"; the glossary reserves "essence" for ngo bo and gives rdo rje snying po as "vajra heart", hence "Vajra Heart of Speech".
  • 362. [p. 405] gshis kyi 'dug tshul, rang ngo rjen pa, rtogs pa klong du gyur pa'i rnal 'byor pa: taken as three referents, as in all drafts. rang ngo is "own face" per the glossary, against "nature" in Gemini 4 Neon, GPT-6.2 Astra, Dharmamitra.
  • 363. [p. 406] dngos po mthong ba: here dngos po is the actual thing itself, not an "entity" to be refuted, so "seeing the real" (with Claude Fable 5.2), departing from the glossary's "entity".
  • 364. [p. 406] blo ma sbyangs pa: "intellect" per the glossary; Claude Fable 5.2, GPT-6.2 Astra, Dharmamitra have "mind", which is reserved for sems.
  • 365. [p. 407] rig pa la 'gyur ba med pa: Adzom reads rig pa las ("no change away from awareness"). I follow the e-text's la ("in awareness there is no change"), which parallels chos nyid la… med pa in the neighbouring statements.
  • 366. [p. 407] las su bya byed dang bral bar 'dug pa: "free of any deeds and doings to be performed" (close to Claude Fable 5.2); Gemini 4 Neon/Dharmamitra "effortful action" and GPT-6.2 Astra "without undertaking anything at all" are looser.
  • 367. [p. 408] 'bad pa med par nyams su lon pa'i gdeng: Gemini 4 Neon/Dharmamitra have "confidence of effortless realization"; nyams su lon pa is taking into experience, not rtogs pa, so I follow Claude Fable 5.2/GPT-6.2 Astra.
  • 368. [p. 408] gnad rlabs po che: singular "mighty key point" (Gemini 4 Neon, Claude Fable 5.2, GPT-6.2 Astra); Dharmamitra has the plural.
  • 369. [p. 408] The final sentence continues onto the next page ('dzin pas ma bslad… chos skur ngos bzung ste). I stop after "unaltered by objects," (yul gyis ma bsgyur), as Dharmamitra does; Gemini 4 Neon, Claude Fable 5.2, GPT-6.2 Astra begin the next clause with "grasping". The next part should continue with "unadulterated by grasping…" and supply the main clause, "that aspect of awareness is identified as the dharmakāya".
  • 370. [p. 408] rang sangs su rjen ne / mtha' grol du sangs se / bar med du ha re ba: the expressive particles are rendered "starkly naked", "limpidly clear", "wide open"; mtha' grol is "liberation from extremes" per the glossary (Claude Fable 5.2 has "free of limits").
  • 371. [p. 409] kun gyi pha rol zhing: zhing is read as the connective ("is beyond everything, and…"), with Claude Fable 5.2. Gemini 4 Neon, Dharmamitra and GPT-6.2 Astra take it as a noun ("realm/domain beyond all"), which is also possible.
  • 372. [p. 409] med mthong ma spangs: read as "seen to be nonexistent, it is not abandoned" (Claude Fable 5.2). Gemini 4 Neon has "seeing its nonexistence without rejecting it"; Dharmamitra and GPT-6.2 Astra have "seeing nothing, nothing is abandoned". The line is terse and all three are defensible.
  • 373. [p. 409] sa med: rendered "without levels" (bhūmi), since the next line speaks of "entering" and "going beyond", and the glossary reserves "ground" for gzhi. Gemini 4 Neon, Claude Fable 5.2 and Dharmamitra have "groundless/absence of ground"; GPT-6.2 Astra has "no location".
  • 374. [p. 409] bya bral … byos: Dharmamitra fuses the last two lines into one imperative ("Act with the carefree ease…"). The syntax of Gemini 4 Neon/Claude Fable 5.2 is kept: three qualifications, then "let those … do".
  • 375. [p. 409] ye sangs / 'khor ba chos skur sangs pa: sangs is rendered "cleared" throughout the passage (also sangs pa med, mun pa sangs, dran pa sangs), so that the wordplay stays visible, with Gemini 4 Neon and GPT-6.2 Astra. Claude Fable 5.2 and Dharmamitra have "awakened", which is the implied overtone (sangs rgyas).
  • 376. [p. 410] rang gnas chos zad kyi dgongs pa: dgongs pa is "enlightened intent" per the glossary, against "realization" in Gemini 4 Neon and Dharmamitra.
  • 377. [p. 410] gzung 'dzin med pas: Adzom reads gzugs 'dzin ("grasping at form"). The e-text's gzung 'dzin ("apprehended and apprehender") is followed, as the standard pair whose absence undoes delusion.
  • 378. [p. 410] gsal ba yin phyir: "clarity" per the glossary. Gemini 4 Neon, Dharmamitra and GPT-6.2 Astra have "luminous/luminosity", which is reserved for 'od gsal.
  • 379. [p. 410] log: rendered "reversed" throughout (Claude Fable 5.2, partly Dharmamitra), so that de nyid log pa'i rig pa and log ces bya stay consistent. Gemini 4 Neon has "turned back", GPT-6.2 Astra "fall away", and Dharmamitra shifts from "dispelled" to "reversed" at the page break.
  • 380. [p. 411] blo rgya: taken as the "confines" (seal or snare) of the intellect, with GPT-6.2 Astra. Gemini 4 Neon has "scope", Claude Fable 5.2 "seal", Dharmamitra "limitations".
  • 381. [p. 411] grub mtha' rdzogs: rdzogs can mean "perfected" (Gemini 4 Neon, Dharmamitra) or "finished, come to an end" (GPT-6.2 Astra). "Brought to completion" keeps both senses.
  • 382. [p. 412] 'bras bu nyid: "result", since it stands opposite "cause" (glossary rule). Gemini 4 Neon and Dharmamitra have "fruition", Claude Fable 5.2 and GPT-6.2 Astra "fruit".
  • 383. [p. 412] rang la gnas pas rgyud: "within oneself", playing on rgyud as mindstream (Claude Fable 5.2, Dharmamitra, GPT-6.2 Astra). Gemini 4 Neon has "in itself".
  • 384. [p. 412] gnyis pa dang der: read as gnyis pa ngang der, as the earlier outline requires ("binding the crux within that state"). All drafts read it so.
  • 385. [p. 412] Dharmamitra omits the closing "zhes so" and the whole opening of the second topic; these are supplied from the Tibetan. The sentence runs on into p. 413 (… gsal ngar dang bcas pa ste), and the translation stops at the page break.
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the text announces and opens), gold the quotations, red the words of a quotation that Longchenpa repeats in order to explain them, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Words of a quotation being explainedAuthor's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 401]
བདེ་བའི་ཆོས།
།བརྗོད་པ་མེད་པར་རང་གནས་པ།
།སུས་མ་ཤེས་པ་བློ་རེ་རྟུལ།
།འཁོར་བའི་བག་ཆགས་ཡང་བརྩེགས་པ།
།ཡེ་ནས་ཆོས་ཀྱི་སྐུར་འདུག་པ།
།གང་གིས་མ་མཐོང་སྙིང་རྗེའི་གནས།
།དབང་པོ་བདག་རྟོག་ཡུལ་ཤར་ནས།
།དྲན་བསམ་འགྱུ་བ་སྣ་ཚོགས་རྣམས།
།ཡེ་ནས་ལོངས་སྐུར་རང་ཤར་བ།
།འདི་ཀུན་མ་དྲན་བརྗེད་རེ་ངས།
།བྱ་བྱེད་སྤྱོད་པ་རྩོལ་སྒྲུབ་དང༌།
།སྐྱེ་བོ་འདུ་བའི་ཅ་ཅོ་ཀུན།
།ཡེ་ནས་སྤྲུལ་པའི་སྐུ་ཡིན་པར།
།སུས་མ་ཤེས་པར་ཡོངས་རེ་རྟུལ།
།ཇི་ལྟར་བསམ་དང་དྲན་འགྱུས་པ།
།ཆུ་བོའི་རྒྱུན་བཞིན་བར་མེད་པར།
།རྟག་ཏུ་རང་གི་ཡིད་འཕྲོག་པ།
།རྩོལ་མེད་རང་གཞག་སྒོམ་པར་ནི།
།ཉམས་སུ་མ་ཆུང་སེམས་རེ་ཡེངས།
།སྣོད་བཅུད་ཡོད་ཐོས་སྣང་བ་འདི།
།བརྟགས་པས་རང་བཞིན་མེད་པར་ཡང༌།
།གྲོང་ཁྱེར་རྒྱུན་གཅད་ལྟ་བར་ནི།
།ཡེ་ནས་འདུག་པ་མ་

the Dharma of bliss[345]Note 345 · p. 401 · Dharmamitra omits the opening words bde ba'i chos ("the Dharma of bliss"), which complete the line the previous part broke off in; restored with GPT-6.2 Astra, Claude Fable 5.2, Gemini 4 Neon.
abides of itself, beyond expression;
that no one knows it: how dull the intellect!
The habitual tendencies of saṃsāra, piled layer upon layer,
are primordially present as the dharmakāya;
whoever has not seen this is an object of compassion.
Once the sense faculties, the conceptual thought of self and objects[346]Note 346 · p. 401 · dbang po bdag rtog yul shar nas: GPT-6.2 Astra reads "as objects appear to the senses and the thought of 'I'"; I follow Claude Fable 5.2, Gemini 4 Neon, Dharmamitra in taking the three as a list, which is the plainer reading. bdag rtog is rendered "conceptual thought of self", as in the previous part. have arisen,
all the various movements of recollection and thought
are primordially self-arising as the saṃbhogakāya;
not to recollect all this: how forgetful!
Deeds and doings, conduct, effort and accomplishment,
and all the clamor of people gathering
are primordially the nirmāṇakāya;
that no one knows this: how utterly dull!
However thought and recollection stir,
like the stream of a river, without interruption,
forever carrying off one's mentation,[347]Note 347 · p. 401 · rang gi yid 'phrog pa: the glossary's "mentation" is kept for yid, to hold it apart from sems ("mind") in the same verse; the idiom means simply "captivating, carrying one's mind away".
as the meditation of effortless natural resting
this is not taken into experience:[348]Note 348 · p. 401 · nyams su ma chung (e-text) / ma chud (Adzom): I follow Adzom, "not taken into experience"; chung ("small") gives no sense here. All drafts tacitly read chud. how distracted the mind!
These appearances of the world and its inhabitants, said to exist,[349]Note 349 · p. 401 · yod thos snang ba: the reading is doubtful (perhaps for yod tshad, "all that exists"). I translate it as it stands, "said (lit. heard) to exist", with GPT-6.2 Astra; Claude Fable 5.2 and Dharmamitra have "exists and is heard", Gemini 4 Neon "all that exists".
though, when examined, they are without nature,
are, as the view that severs the stream of the cities,[350]Note 350 · p. 401 · grong khyer rgyun gcad: taken as the "cities" of saṃsāric birth (plural, with GPT-6.2 Astra and Claude Fable 5.2; Gemini 4 Neon and Dharmamitra have "the city").
primordially present; not to have seen this:

[p. 402]
མཐོང་བ།
།དབང་པོ་རྣམས་ཀྱི་སྒོ་འགགས་སམ།
།ཞེས་པ་དང༌། གཞི་རྩ་མེད་པའི་ཆོས་ཉིད་ལ།
།མ་བཙལ་བཞག་པས་ངོ་མཚར་ཆེ།
།འགྲོ་དང་འོང་བའི་རིག་པ་ལ།
།ཐུག་པ་མེད་པ་ངོ་མཚར་ཆེ།
།ཡེ་གནས་ཆེན་པོའི་ཡེ་ཤེས་ལ།
།གཉེན་པོ་མེད་པ་ངོ་མཚར་ཆེ།
།ཞེས་སོ། །དེ་དག་ཀྱང་རྡོ་རྗེའི་གད་མོ་བཅུ་གཉིས་དང༌། །ངོ་མཚར་གྱི་གསང་ཚིག་རྣམ་པ་བདུན་གྱིས་ཆོས་ཟད་ཀ་དག་ཆེན་པོར་ལ་བཟླ་བར་བྱ་སྟེ། རྒྱུད་དེ་ཉིད་ལས། ཀྱེ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་སྙིང་པོ་ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང༌། དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་ངོ་མཚར། གཞི་མ་བསྐྱོད་པས་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་དངོས་པོ་གཤིས་ཀྱི་གནས་ལུགས་ལ་ལྟོས་དང༌། སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར། བདེ་སྡུག་ཇི་ལྟར་བསམས་ཀྱང་དོན་ལ་

are the doors of the sense faculties blocked?Rin po che spungs paQuotation (named in the text: རིན་པོ་ཆེ་སྤུངས་པ་ལས)
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པའི་རྒྱུད, rin po che spungs pa yon tan chen po ston pa'i rgyud, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in སྡེ་གསུམ་སྙིང་པོའི་དོན་འགྲེལ་གནས་ལུགས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་འགྲེལ་པ་བཞུགས། (a parallel: གནས་ལུགས་རིན་པོ་ཆེའི་མཛོད), 75 % of the words.

And:

In dharmatā, without ground or root,
resting without seeking: how great the wonder!
Awareness, going and coming,
meets no limit:[351]Note 351 · p. 402 · thug pa med pa: "meets no limit" (GPT-6.2 Astra) covers both "without end" (Gemini 4 Neon, Dharmamitra) and "nothing it runs up against" (Claude Fable 5.2). how great the wonder!
For the primordial wisdom of the great primordial abiding
there is no antidote: how great the wonder!Rin po che spungs paQuotation (not named in the text)
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པའི་རྒྱུད, rin po che spungs pa yon tan chen po ston pa'i rgyud, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0054-vol-01-text (the text itself), 70 % of the words.

So it says.

3.3.3.2.2.1.6 The twelve vajra laughs and the seven secret words of wonder རྡོ་རྗེའི་གད་མོ་བཅུ་གཉིས་དང་ངོ་མཚར་གྱི་གསང་ཚིག3.3.3.2.2.1.6 The twelve vajra laughs and the seven secret words of wonder (topical division)
The resolution is also made through the twelve vajra laughs and seven secret words of wonder: a tantra passage addresses the Vajra of Speech, pointing to aspects of awareness and emptiness, each declared "wondrous!" and "ha ha!".

These too are to be decisively resolved[352]Note 352 · p. 402 · The glossary's "decisive resolution" for la bzla ba is applied; the drafts have a bare "resolved". in the great primordial purity of the exhaustion of phenomena by means of the twelve vajra laughs (rdo rje'i gad mo bcu gnyis) and the seven secret words of wonder (ngo mtshar gyi gsang tshig rnam pa bdun). As that same tantra says:

Kye! Vajra of the Speech of all the buddhas, look at the heart, the view, self-arisen primordial wisdom! It is beyond virtue and evil, beyond view and meditation: wondrous! Since the ground is unmoved, whatever actions of body and speech are done, they are free of benefit and harm: ha ha!

Kye! Vajra of Speech, look at the abiding reality of the fundamental character (gshis) of entities! These appearances have not changed a hair or altered their color: wondrous! However one thinks of happiness and suffering, in fact

[p. 403]
འགྱུར་བ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ལ་ལྟོས་དང༌། དྲན་བསམ་གྱི་སྤྱོད་པ་སྣ་ཚོགས་ཅི་བྱས་ཀྱང་རོལ་པར་ཤར་ཏེ་ངོ་མཚར། ཇི་ལྟར་བྱས་ཀྱང་སྐྱེ་མེད་ཀྱི་ཀློང་དུ་འགག་མེད་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ཆོས་ཉིད་སྟོང་པ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང༌། སྐྱེ་བ་མེད་པ་དང་ཡེ་ནས་ལྷན་ཅིག་གནས་པ་ངོ་མཚར། སྐྱེས་བུས་མཚོན་རྣོན་པོ་ཐོགས་ནས་འགྲོ་བ་རྣམས་དུས་གཅིག་ལ་བསྒྲལ་ཀྱང་གང་ཟག་དེའི་རྒྱུད་ལ་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རང་གི་ ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང༌། གང་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་འཆར་བ་ངོ་མཚར། ཇི་ལྟར་སྣང་ཡང་རང་གི་གཞི་ལས་གཡོས་པ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོ་རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང༌། རང་གི་གཉེན་པོར་རང་ཆེ་བ་ངོ་མཚར།

there is no change: ha ha!

Kye! Vajra of Speech, look at the primordial wisdom of the great emptiness from which all arises! Whatever various conduct of recollection and thought[355]Note 355 · p. 403 · dran bsam: "recollection and thought"; Dharmamitra's "thought and concept" is inexact. is engaged in, it arises as play: wondrous! Whatever is done, it is unceasingly liberated in the vast expanse of the unborn: ha ha!

Kye! Vajra of Speech, look at the primordial wisdom of dharmatā, the all-pervading emptiness![353]Note 353 · p. 402 · The objects of "look at" follow one pattern: a subject, a named emptiness (stong pa kun khyab, kun snang, kun grol, kun dag, kun bzhag, ye rdzogs, kun mnyam; compare stong pa'i stong pa on the next page), then a genitive and head noun. I render them uniformly as "the X of Y, the emptiness in which all…". GPT-6.2 Astra and Gemini 4 Neon make "empty" an adjective of awareness or dharmatā, and Claude Fable 5.2 sets the members in loose apposition, which obscures the series. It primordially dwells together with the unborn: wondrous! Even if a person took up a sharp weapon and slew all beings at one time,[354]Note 354 · p. 403 · bsgral: "slew" (GPT-6.2 Astra, Claude Fable 5.2, Gemini 4 Neon). Dharmamitra's "liberate" misses the plain sense needed for "a sharp weapon" and "free of benefit and harm". that individual's mindstream would be free of benefit and harm: ha ha!

Kye! Vajra of Speech, look at the primordial wisdom of your own cognition, the emptiness in which all appears! All appearances, whatever they may be, arise as one's own friends: wondrous! However they appear, they have not moved from their own ground: ha ha!

Kye! Vajra of Speech, look at the heart, the appearance of awareness, the emptiness in which all is liberated! It is itself great as its own antidote: wondrous!

[p. 404]
ཉོན་མོངས་པ་རྣམས་རང་གིས་རང་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་སྟོང་པ་ཀུན་དག་གི་ངོ་བོ་ལ་ལྟོས་དང༌། འབད་རྩོལ་མེད་པར་འབྲས་བུ་རང་རྙེད་པ་ངོ་མཚར། གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཀུན་བཞག་གི་ཚད་ལ་ལྟོས་དང༌། འགྲོ་དྲུག་སྐུ་གསུམ་དུ་སྣང་བ་ངོ་མཚར། འགྲོ་བ་རྣམས་ཀྱིས་སྒོམ་པ་རྡུལ་ཙམ་ཡང་མ་བྱས་པར་དུས་གཅིག་ལ་འཚང་རྒྱ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང༌། དུས་གསུམ་འདུ་འབྲལ་མེད་པ་ངོ་མཚར། ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པར་ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་ཅེར་གཞག་སྟོང་པ་ཆེན་པོ་ཀུན་མཉམ་ལ་ལྟོས་དང༌། བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ངོ་མཚར། སྤོང་ལེན་ཐམས་ཅད་ལྟ་བས་

The afflictions are liberated of themselves, by themselves: ha ha!

Kye! Vajra of Speech, look at the essence of awareness, the all-pure emptiness! Without effort or exertion the fruition is found of itself: wondrous! By seizing the one, all of saṃsāra and nirvāṇa is pure as nondual: ha ha!

Kye! Vajra of Speech, look at the measure of the three kāyas, the great emptiness in which all is left as it is! The six destinies appear as the three kāyas: wondrous! Without having done even a particle of meditation, beings awaken at one time: ha ha!

Kye! Vajra of Speech, look at the fruition of the three kāyas, the great emptiness, primordially perfect! The three times are without union or separation: wondrous! Without the six pāramitās (pha rol tu phyin pa drug) having been practiced, the accumulations are perfected at one time: ha ha!

Kye! Vajra of Speech, look at awareness nakedly resting, the great emptiness in which all is equal! All deeds and doings arise as ornaments: wondrous! All abandoning and adopting, by the view,[356]Note 356 · p. 404 · The part ends mid-sentence at lta bas ("by the view,"); Dharmamitra completes it from the next page ("are liberated… ha ha"), which belongs to the next part.

[p. 405]
གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པའི་སྟོང་པ་ཡེ་སྟོང་ཆེན་པོ་ལ་ལྟོས་དང༌། སངས་རྒྱས་ཐམས་ཅད་ཀྱི་དགོངས་པར་འདུག་པ་ངོ་མཚར། བྱ་བྱེད་བསྒོམས་པས་ལྟུང་བར་འགྱུར་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་མི་སྟོང་པའི་སྟོང་པ་དངོས་ཅན་ལ་ལྟོས་དང༌། མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་ངོ་མཚར། སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ་ཞེས་སོ། །འདི་དག་གཤིས་ཀྱི་འདུག་ཚུལ་དང༌། །རང་ངོ་རྗེན་པ་དང༌། རྟོགས་པ་ཀློང་དུ་གྱུར་པའི་རྣལ་འབྱོར་པ་ལ་སྦྱར་ཏེ་བཤད་པར་བྱའོ། །ངོ་མཚར་གྱི་གསང་ཚིག་བདུན་ནི་རྒྱུད་དེ་ཉིད་ལས། ཨེ་མ་ཧོ། གསུང་གི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག །རང་གི་རིག་པ་ཉིད་སྐྱེ་ཤི་དང་བྲལ་བའི་གནད་ཀྱིས་སེམས་ཅན་བྱེ་བའི་སྲོག་གཅད་པ་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་རྟག་ཏུ་སྤྱད་པའི་གང་ཟག་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །སངས་

are liberated: ha ha!

Kye! Vajra of Speech, look at the emptiness of the empty, the great primordial emptiness! It abides as the enlightened intent of all the buddhas:[357]Note 357 · p. 405 · dgongs pa: Claude Fable 5.2 has "realization"; the glossary reserves that for rtogs pa, so "enlightened intent" with Gemini 4 Neon, GPT-6.2 Astra, Dharmamitra. wondrous! By meditating with deeds and doings[358]Note 358 · p. 405 · bya byed bsgoms pas: rendered "deeds and doings" to match the previous part; Gemini 4 Neon/Dharmamitra "effortful action" and GPT-6.2 Astra "making meditation something one does" are paraphrases. one comes to fall: ha ha!

Kye! Vajra of Speech, look at the emptiness of the non-empty, endowed with entity![359]Note 359 · p. 405 · mi stong pa'i stong pa dngos can: kept parallel to stong pa'i stong pa ("emptiness of the empty / of the non-empty") with Claude Fable 5.2, GPT-6.2 Astra; Dharmamitra's "substantial emptiness that is not empty" reverses the construction. dngos can is rendered "endowed with entity" after the glossary's dngos po. The vehicles that grasp at a self in what does not exist: wondrous! What is born attains the unborn:[360]Note 360 · p. 405 · skyes pas skye med thob pa: ambiguous. Claude Fable 5.2 reads "by one who has been born", Dharmamitra "by means of what is born"; I keep the bare paradox with Gemini 4 Neon/GPT-6.2 Astra. ha ha!Rin po che spungs paQuotation (the text says: the same source: རྒྱུད་དེ་ཉིད་ལས)
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པའི་རྒྱུད, rin po che spungs pa yon tan chen po ston pa'i rgyud, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in ༄༅། །གནས་ལུགས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་འགྲེལ་པ་བཞུགས། (a parallel: གནས་ལུགས་རིན་པོའི་ཆེའི་མཛོད), 85 % of the words.

So it is said. These are to be explained by applying them to the way the fundamental nature abides, to the naked own face,[362]Note 362 · p. 405 · gshis kyi 'dug tshul, rang ngo rjen pa, rtogs pa klong du gyur pa'i rnal 'byor pa: taken as three referents, as in all drafts. rang ngo is "own face" per the glossary, against "nature" in Gemini 4 Neon, GPT-6.2 Astra, Dharmamitra. and to the yogin whose realization has become the vast expanse.

As for the seven wondrous secret words, that same tantra says:

Emaho! Vajra Heart of Speech,[361]Note 361 · p. 405 · gsung gi rdo rje snying po: all drafts have "Essence"; the glossary reserves "essence" for ngo bo and gives rdo rje snying po as "vajra heart", hence "Vajra Heart of Speech". listen! By the key point that one's own awareness itself is free of birth and death, I, Samantabhadra, have taught that there is not even a particle of difference between one who has taken the lives of ten million sentient beings and a person who has constantly practiced the ten pāramitās.

[p. 406]
རྒྱས་ཀུན་གྱི་གསུང་གི་རྡོ་རྗེ་ཆོས་ཉིད་ལ་སྤྲོས་པ་མེད་པའི་གནད་ཀྱིས་རྟག་ཏུ་སྟོང་པ་ཉིད་ལ་གོམས་པར་བསྒོམས་པའི་སྐྱེས་བུ་དང་སྟོང་པ་ཉིད་ཡིད་ལ་སྐད་ཅིག་ཙམ་མ་བྱས་པའི་གང་ཟག་གཉིས་འཚང་རྒྱ་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པ་ཉིད་འདུས་མ་བྱས་པའི་གནད་ཀྱིས། འདུས་བྱས་ཀྱི་དགེ་བ་དཔག་ཏུ་མེད་པ་བྱས་པའི་དད་པ་ཅན་དང་སྲོག་གཅོད་པ་ལ་རྟག་ཏུ་བརྩོན་པའི་མི་གཉིས་ཚོགས་རྫོགས་པའི་སྒོ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པའི་ཡེ་ཤེས་ལ་འགྲོ་འོང་མེད་པའི་གནད་ཀྱིས་ཆོས་ཉིད་ཀྱི་རྟགས་སྣ་ཚོགས་ལུས་ངག་ལ་བྱུང་བའི་སྐྱེས་བུ་དང་ཐོས་བསམ་ལ་བློ་སྐད་ཅིག་ཀྱང་མ་སྦྱངས་པའི་གང་ཟག་གཉིས་དངོས་པོ་མཐོང་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །

Vajra of Speech of all the buddhas! By the key point that in dharmatā there is no elaboration, I, Samantabhadra, have taught that between a person who has constantly meditated so as to grow familiar with emptiness and an individual who has not brought emptiness to mind for even an instant, there is not even a particle of difference in awakening to buddhahood.

Kye! Vajra of Speech, by the key point that awareness itself is unconditioned, I, Samantabhadra, have taught that between a faithful one who has performed immeasurable conditioned virtue and a man who constantly strives in the taking of life, there is not even a particle of difference as to the door of perfecting the accumulations.

Kye! Vajra of Speech, by the key point that in the primordial wisdom of awareness there is no going or coming, I, Samantabhadra, have taught that between a person in whose body and speech the various signs of dharmatā have arisen and an individual who has not trained the intellect in hearing and reflection[364]Note 364 · p. 406 · blo ma sbyangs pa: "intellect" per the glossary; Claude Fable 5.2, GPT-6.2 Astra, Dharmamitra have "mind", which is reserved for sems. (thos bsam) for even an instant, there is not even a particle of difference in seeing the real.[363]Note 363 · p. 406 · dngos po mthong ba: here dngos po is the actual thing itself, not an "entity" to be refuted, so "seeing the real" (with Claude Fable 5.2), departing from the glossary's "entity".

[p. 407]
ཀྱེ་གསུང་གི་རྡོ་རྗེ་ཆོས་ཉིད་ལ་སྐྱེ་འགག་མེད་པའི་གནད་ཀྱིས་དམྱལ་བ་ཚ་གྲང་ཉམས་སུ་མྱོང་བའི་སྐྱེས་བུ་དང་སངས་རྒྱས་རྣམས་ཀྱི་བདེ་བ་སྣ་ཚོགས་སུ་མྱོང་བའི་སྐྱེས་བུ་གཉིས་རྟོགས་པའི་སྒོ་་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པ་ལ་འགྱུར་བ་མེད་པའི་གནད་ཀྱིས་ཡིད་དཔྱོད་ཀྱི་སྤྲོས་པ་ཆོད་པའི་སྐྱེས་བུ་དང་བདག་རྟག་པར་ལྟ་བ་གཉིས་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་ཆོས་སྐུ་རང་ལ་ཡོད་པའི་གནད་ཀྱིས་ཕྱི་རོལ་ཏུ་མཆོད་པ་དང་བསྟོད་པ་དང་གསོལ་བ་སྣ་ཚོགས་བཏབ་པའི་སྐྱེས་བུ་དང་ལས་སུ་བྱ་བྱེད་དང་བྲལ་བར་འདུག་པ་གཉིས་ལ་འབྲས་བུ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །གསུང་གི་རྡོ་རྗེ་དེའི་ཕྱིར་ན་རང་བྱུང་ཆེན་པོའི་ཚིག་འདི་

Kye! Vajra of Speech, by the key point that in dharmatā there is no arising or ceasing, I, Samantabhadra, have taught that between a person who is experiencing the hot and cold hells and a person who is experiencing the bliss of the buddhas in all its variety, there is not even a particle of difference in attaining the door of realization.

Kye! Vajra of Speech, by the key point that in awareness there is no change,[365]Note 365 · p. 407 · rig pa la 'gyur ba med pa: Adzom reads rig pa las ("no change away from awareness"). I follow the e-text's la ("in awareness there is no change"), which parallels chos nyid la… med pa in the neighbouring statements. I, Samantabhadra, have taught that there is not even a particle of difference between a person who has cut through the elaborations of mental analysis and one who views the self as permanent.

Kye! Vajra of Speech, by the key point that the dharmakāya is present in oneself, I, Samantabhadra, have taught that between a person who outwardly makes offerings, praises and manifold supplications and one who remains free of any deeds and doings to be performed,[366]Note 366 · p. 407 · las su bya byed dang bral bar 'dug pa: "free of any deeds and doings to be performed" (close to Claude Fable 5.2); Gemini 4 Neon/Dharmamitra "effortful action" and GPT-6.2 Astra "without undertaking anything at all" are looser. there is not even a particle of difference in attaining the fruition.

Vajra of Speech, for that reason the person who acts upon these words of the great self-arisen,

[p. 408]
དག་ལ་སྤྱོད་པའི་སྐྱེས་བུ་ནི་འབད་པ་མེད་པར་ཉམས་སུ་ལོན་པའི་གདེང་རྙེད་ནས་སྣང་བ་དང་སྐུ་གསུམ་དབྱེར་མེད་དུ་འཚང་རྒྱ་བ་ཡིན་ནོ་ཞེས་སོ། །འདི་དག་ནི་རྫོགས་པ་ཆེན་པོ་འདིའི་རིག་པ་མངོན་སུམ་རྗེན་པའི་སྒོ་མཐོང་ནས་ཉམས་སུ་ལེན་པའི་ངོ་བོ་ལ་སྦྱར་ནས་བཤད་དེ། གཞན་ལས་ཁྱད་པར་དུ་འཕགས་པའི་གནད་རླབས་པོ་ཆེ་ལ་ལ་བཟླ་བ་ཡིན་ནོ། །དོན་གཉིས་པ་བྱ་བྲལ་ཟང་ཐལ་རྗེན་པར་འགག་བསྡམ་པ་ལ་གཉིས་ཏེ། ཆོས་སྐུ་ངོས་གཟུང་བ་དང༌། ངང་དེར་འགག་བསྡམ་པའོ། །དང་པོ་ནི། ཚོགས་དྲུག་གི་ཡུལ་ལ་ཕར་འཆར་རམ་རང་གནས་ཀྱི་ཤེས་པ་ནང་དུ་གནས་པའམ་གང་ཡིན་ཀྱང་རིག་པའི་ཆ་ལ་རང་གསལ་རྗེན་པ་གསལ་རིག་ཏུ་ལྷག་གེ་བ། ངན་རྟོག་ཏུ་ཤར་ཡང་རང་སངས་སུ་་རྗེན་ནེ། བཟང་རྟོག་ཏུ་ཤར་ཡང་མཐའ་གྲོལ་དུ་སངས་སེ། རང་ས་ན་གནས་ཀྱང་བར་མེད་དུ་ཧ་རེ་བ་ཡུལ་གྱིས་མ་བསྒྱུར། འཛིན་

having found the confidence of having taken them into experience[367]Note 367 · p. 408 · 'bad pa med par nyams su lon pa'i gdeng: Gemini 4 Neon/Dharmamitra have "confidence of effortless realization"; nyams su lon pa is taking into experience, not rtogs pa, so I follow Claude Fable 5.2/GPT-6.2 Astra. without effort, awakens to buddhahood with appearances and the three kāyas indivisible.Rin po che spungs paQuotation (the text says: the same source: རྒྱུད་དེ་ཉིད་ལས)
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པའི་རྒྱུད, rin po che spungs pa yon tan chen po ston pa'i rgyud, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Klong chen rab byams gsung 'bum/volume 016 432 (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 80 % of the words.

So it is said. These are explained by applying them to the essence of the practice undertaken once one has seen the door of this Great Perfection's awareness, directly perceived and naked; they are a decisive resolution upon the mighty key point[368]Note 368 · p. 408 · gnad rlabs po che: singular "mighty key point" (Gemini 4 Neon, Claude Fable 5.2, GPT-6.2 Astra); Dharmamitra has the plural. that is especially exalted above others.

3.3.3.2.2.2 Binding the crux in naked unimpeded transparency free of action བྱ་བྲལ་ཟང་ཐལ་རྗེན་པར་འགག་བསྡམ་པ3.3.3.2.2.2 Binding the crux in naked unimpeded transparency free of action
Naked, lucid awareness untouched by grasping is identified as the dharmakāya and then sustained: loosened in free resting, recognized even in strong afflictions, and distinguished from mere stillness or watching arisings, which is the meaning of breakthrough.

The second topic, binding the crux in naked unimpeded transparency free of action, has two parts: identifying the dharmakāya, and binding the crux within that state.

3.3.3.2.2.2.1 Identifying the dharmakāya ཆོས་སྐུ་ངོས་གཟུང་བ3.3.3.2.2.2.1 Identifying the dharmakāya
Whatever arises or abides, its naked, lucid aspect of awareness, unaltered by objects and untouched by grasping or antidotes, is identified as the dharmakāya. Supported by the Great Garuḍa and the Garland of Pearls, which lists what this awareness reverses and the similes for mind itself.

First: whether it arises outward toward the objects of the six collections of consciousness, or the self-abiding cognition abides within, or whichever it may be, in its aspect of awareness it is a naked self-clarity, vividly present as clear awareness (gsal rig); though it arises as a bad thought, it is starkly naked in clearing of itself;[370]Note 370 · p. 408 · rang sangs su rjen ne / mtha' grol du sangs se / bar med du ha re ba: the expressive particles are rendered "starkly naked", "limpidly clear", "wide open"; mtha' grol is "liberation from extremes" per the glossary (Claude Fable 5.2 has "free of limits"). though it arises as a good thought, it is limpidly clear in liberation from extremes (mtha' grol); though it abides in its own place, it is wide open without interval; unaltered by objects,[369]Note 369 · p. 408 · The final sentence continues onto the next page ('dzin pas ma bslad… chos skur ngos bzung ste). I stop after "unaltered by objects," (yul gyis ma bsgyur), as Dharmamitra does; Gemini 4 Neon, Claude Fable 5.2, GPT-6.2 Astra begin the next clause with "grasping". The next part should continue with "unadulterated by grasping…" and supply the main clause, "that aspect of awareness is identified as the dharmakāya".

[p. 409]
པས་མ་བསླད། སྤང་གཉེན་མ་ཞུགས་པར་ས་ལེ་སང་ངེ་བའི་རིག་ཆ་དེ་ཟང་ཐལ་རྗེན་པའི་ཆོས་སྐུར་ངོས་བཟུང་སྟེ། ཤེས་རིག་མ་ཡིན་ན་ཕར་ཞོག ཡིན་ན་ངོ་བོ་དེ་ཆོས་སྐུར་མ་ཡིན་པ་མི་སྲིད་པས་ངོ་ཤེས་པར་བྱ་བ་ནི། ཁྱུང་ཆེན་ལས། མ་བསྒོམས་བཞག་པ་དེ་ཉིད་རང་རིག་པ།
།སྒྲ་དང་བློ་བྲལ་ཀུན་གྱི་ཕ་རོལ་ཞིང༌།
།དམིགས་བཅས་རང་སོ་ཉིད་དེ་བཅོས་ཅི་དགོས།
།གནས་པས་འགག་ལ་འགྱུས་པས་རང་སར་དག །མེད་མཐོང་མ་སྤངས་དེ་ལ་སངས་པ་མེད།
།ས་མེད་འདི་ཉིད་གནས་དེ་གང་གི་ཡུལ།
།འཇུག་སྟེ་གང་གི་ཕ་རོལ་སོང་མེད་པའོ།
།རང་བཞིན་ཡོད་མེད་བརྟག་དཀའི་སེམས་ལ་རེག་ནུས་ཤིང༌།
།མ་བསམས་འཁྲུལ་པ་མེད་པའི་ཡེ་ཤེས་ཉིད།
།བྱ་བྲལ་གླེན་པའི་ཤུགས་འཆང་བློ་བདེ་བ།
།སྤྲོས་མེད་ནམ་མཁའི་ཡིད་ཅན་རྣམས་ཀྱིས་བྱོས།
།ཞེས་སོ། །འདི་ཉིད་ཀྱི་ངོ་བོ་ལ་ཡེ་སངས་

unadulterated by grasping; that aspect of awareness, bright and wide awake, into which neither what is to be abandoned nor any antidote has entered, is identified as the naked, unimpededly transparent dharmakāya. Were it not cognizant awareness (shes rig), that would be another matter; but if it is, it is impossible for that essence not to be the dharmakāya, and so it is to be recognized. As the Great Garuḍa says:

Left without meditating, that itself is self-awareness;
free of sound and intellect, it lies beyond everything.[371]Note 371 · p. 409 · kun gyi pha rol zhing: zhing is read as the connective ("is beyond everything, and…"), with Claude Fable 5.2. Gemini 4 Neon, Dharmamitra and GPT-6.2 Astra take it as a noun ("realm/domain beyond all"), which is also possible.
Even with a reference point it is just its own natural condition: what need is there to alter it?
By abiding it ceases, and by moving it is pure in its own place.
Seen to be nonexistent, it is not abandoned;[372]Note 372 · p. 409 · med mthong ma spangs: read as "seen to be nonexistent, it is not abandoned" (Claude Fable 5.2). Gemini 4 Neon has "seeing its nonexistence without rejecting it"; Dharmamitra and GPT-6.2 Astra have "seeing nothing, nothing is abandoned". The line is terse and all three are defensible. in it there is nothing to be cleared away.
This itself is without levels;[373]Note 373 · p. 409 · sa med: rendered "without levels" (bhūmi), since the next line speaks of "entering" and "going beyond", and the glossary reserves "ground" for gzhi. Gemini 4 Neon, Claude Fable 5.2 and Dharmamitra have "groundless/absence of ground"; GPT-6.2 Astra has "no location". that abode, whose object is it?
One enters, yet there is no having gone beyond anything.
Able to touch the mind, whose nature is hard to examine as existent or nonexistent,
unthought, it is the very primordial wisdom free from delusion.
Free of action, holding the force of a simpleton, the intellect at ease:
let those whose minds are like space, without elaboration, do just this.Khyung chenQuotation (named in the text: ཁྱུང་ཆེན་ལས)
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Garuḍa in Flight · tantra; Nyingma Gyubum
Identification: medium confidence (A Mind Class scripture, one of the Eighteen Mind Class texts.)
The quoted words are in Klong chen rab byams gsung 'bum/volume 002 028 (a parallel), 66 % of the words.
[374]Note 374 · p. 409 · bya bral … byos: Dharmamitra fuses the last two lines into one imperative ("Act with the carefree ease…"). The syntax of Gemini 4 Neon/Claude Fable 5.2 is kept: three qualifications, then "let those … do".

So it is said. As for the essence of this itself, primordially cleared and[375]Note 375 · p. 409 · ye sangs / 'khor ba chos skur sangs pa: sangs is rendered "cleared" throughout the passage (also sangs pa med, mun pa sangs, dran pa sangs), so that the wordplay stays visible, with Gemini 4 Neon and GPT-6.2 Astra. Claude Fable 5.2 and Dharmamitra have "awakened", which is the implied overtone (sangs rgyas).

[p. 410]
རྗེན་པར་རང་བྱུང་གི་ཡེ་ཤེས་ཞེས་བྱ་སྟེ། ཡིན་ལུགས་ཀྱི་ཆོས་སྐུར་རང་མལ་དུ་རང་ངོ་ཤེས་པས་དབྱིངས་རིག་མ་བུ་འདྲེས་པར་བརྗོད་ཀྱང་དོན་ལ་རང་གནས་ཆོས་ཟད་ཀྱི་དགོངས་པ་ངོས་ཟིན་པས་འཁོར་བ་ཆོས་སྐུར་སངས་པ་ཞེས་བྱའོ། །འདིའི་ངོ་བོ་ལ་སྒྲོ་སྐུར་གྱི་དྲི་མ་བསལ་བ་ནི། མུ་ཏིག་ཕྲེང་བ་ལས། རང་བཞིན་དག་པའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག །གཟུང་འཛིན་མེད་པས་འཁྲུལ་པ་ལོག །འགྱུ་བ་མེད་པས་ལས་རླུང་ལོག །ཟང་ཐལ་ཡིན་པས་དངོས་པོ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྫོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་སྒོམ་པ་ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་མ་མྱོང་བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་

naked, it is called "self-arisen primordial wisdom." Because it recognizes its own face, in its own resting place, as the dharmakāya of the way it is, this is spoken of as the mingling of mother and child, expanse and awareness (dbyings rig); yet in fact, because the self-abiding enlightened intent of the exhaustion of phenomena[376]Note 376 · p. 410 · rang gnas chos zad kyi dgongs pa: dgongs pa is "enlightened intent" per the glossary, against "realization" in Gemini 4 Neon and Dharmamitra. has been identified, it is called "saṃsāra cleared into the dharmakāya."

As for clearing away the stains of superimposition and denial with regard to its essence, the Garland of Pearls says:

In phenomena that are pure by nature,
since there is no stain, subtle and coarse are reversed.[379]Note 379 · p. 410 · log: rendered "reversed" throughout (Claude Fable 5.2, partly Dharmamitra), so that de nyid log pa'i rig pa and log ces bya stay consistent. Gemini 4 Neon has "turned back", GPT-6.2 Astra "fall away", and Dharmamitra shifts from "dispelled" to "reversed" at the page break.
Since there is no apprehended and apprehender,[377]Note 377 · p. 410 · gzung 'dzin med pas: Adzom reads gzugs 'dzin ("grasping at form"). The e-text's gzung 'dzin ("apprehended and apprehender") is followed, as the standard pair whose absence undoes delusion. delusion is reversed.
Since there is no movement, the karmic wind (las rlung) is reversed.
Since it is unimpeded transparency, concrete entities are reversed.
Since it is self-liberated, appearance is reversed.
Because it is clarity,[378]Note 378 · p. 410 · gsal ba yin phyir: "clarity" per the glossary. Gemini 4 Neon, Dharmamitra and GPT-6.2 Astra have "luminous/luminosity", which is reserved for 'od gsal. emptiness is reversed.
Since it is primordially perfect, the generation stage is reversed.
Since there is no effort, conduct is reversed.
Since it is left unsought, meditation is reversed.
Since it appears manifestly, the view is reversed.
Since there are no sounds or words, convention is reversed.
Since it has never existed, clinging is reversed.
Since it has never been nonexistent, dependence on another is reversed.

[p. 411]
མེད་པས་བློ་རྒྱ་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡིན་པས་མུན་པ་སངས།
།སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ།
།གསལ་བར་སྣང་བས་ལོངས་སྐུར་རྒྱས།
།མ་བུ་ཕྲད་པས་སྤྲུལ་སྐུར་བྱུང༌།
།རྟོགས་སུ་ཡོད་པས་ཐབས་སུ་བྱུང༌།
།བསམ་འདས་ཡིན་པས་དྲན་པ་སངས།
།རྟག་ཆད་མེད་པས་གྲུབ་མཐའ་རྫོགས།
།བཅུད་དུ་འདྲིལ་བས་རིག་པར་གསལ།
།རང་གྲོལ་ཡིན་པས་ཅོག་གཞག་ཡིན།
།དེ་ཉིད་ལོག་པའི་རིག་པ་ནི།
།རང་ལས་འབྱུང་བས་གྲོལ་ཞེས་བྱ།
།གནས་པ་ཡིན་པས་ཁྱབ་ཅེས་བྱ།
།མཚན་མ་མེད་པས་སྟོང་ཞེས་བྱ།
།ནུབ་པ་མེད་པས་ཤར་ཞེས་བྱ།
།རྡོས་བཅས་མེད་པས་ཟང་ཐལ་པོ།
།གྲོལ་བར་གནས་པས་ལོག་ཅེས་བྱ།
།སྣ་ཚོགས་སྣང་བས་གདངས་ཞེས་བྱ།
།གཉིས་སུ་མེད་པས་གཅིག་པུ་ཉིད།
།ཐམས་

Since there is nothing to apprehend, the confines of the intellect are reversed.[380]Note 380 · p. 411 · blo rgya: taken as the "confines" (seal or snare) of the intellect, with GPT-6.2 Astra. Gemini 4 Neon has "scope", Claude Fable 5.2 "seal", Dharmamitra "limitations".
Since it is the sole one, the limits of number are reversed.
Since it pervades all, arising from another has ceased.
Since it is self-arising, darkness is cleared.
Since it is the heart, it pervades as the dharmakāya.
Since it appears clearly, it unfolds as the saṃbhogakāya.
Since mother and child meet, it comes forth as the nirmāṇakāya.
Since it can be realized, it comes forth as skillful means.
Since it is beyond thought, recollection is cleared.
Since there is neither permanence nor annihilation, tenet systems are brought to completion.[381]Note 381 · p. 411 · grub mtha' rdzogs: rdzogs can mean "perfected" (Gemini 4 Neon, Dharmamitra) or "finished, come to an end" (GPT-6.2 Astra). "Brought to completion" keeps both senses.
Since all is gathered into the quintessence, it is clear as awareness.
Since it is self-liberated, it is free resting.
As for the awareness in which just this is reversed:
since it arises from itself, it is called "liberated."
Since it abides, it is called "pervasive."
Since it has no marks, it is called "empty."
Since it never sets, it is called "risen."
Since it has no solidity, it is unimpededly transparent.
Since it abides as liberated, it is called "reversed."
Since it appears as variety, it is called "radiance" (gdangs).
Since it is without duality, it is the one alone.

[p. 412]
ཅད་བསྐྱེད་པས་རྒྱུ་ཞེས་བྱ། །མ་ལུས་རྫོགས་པས་འབྲས་བུ་ཉིད།
།དམིགས་པ་དག་པས་ལམ་ཞེས་བྱ།
།འཁྲུལ་པ་ཟད་པས་ལུང་ཡང་ཡིན།
།རང་ལ་གནས་པས་རྒྱུད་ཅེས་བྱ།
།མཚོན་དུ་ཡོད་པས་མན་ངག་ཡིན།
།གྲངས་ལས་འདས་པས་རྩིས་ཞེས་བྱ།
།དེ་ལྟ་བུ་ཡི་སེམས་ཉིད་ནི།
།དགོས་འདོད་སྐོང་བས་ནོར་བུ་འདྲ།
།དགོས་པ་ཚང་བས་བང་མཛོད་བཞིན།
།གང་བསྟན་སྣང་བས་མེ་ལོང་འདྲ།
།དྲི་མེད་གསལ་བས་ཤེལ་གོང་འདྲ།
།སྣ་ཚོགས་ཟ་འོག་གུར་ཁྱིམ་འདྲ།
།སྤྲོ་བསྡུ་མེད་པས་ཁྱུང་ཆེན་འདྲ།
།ལྟ་བའི་རྩལ་རྫོགས་སེང་གེ་འདྲ།
།གཏིང་རྫོགས་ཁྱབ་པས་རྒྱ་མཚོ་འདྲ།
།ནང་བྱུང་གྲོལ་གཞི་ནམ་མཁའ་བཞིན།
།ཞེས་སོ། །གཉིས་པ་དང་དེར་འགག་བསྡམ་པ་ནི། རིག་པ་རྗེན་པ་དེ་འཆར་རམ་གནས་ཀྱང་ཅོག་གཞག་བཅོས་བསླད་མེད་པར་རང་སོར་གློད་ནས་དངས་ཕྱིན་པར་གསལ་ངར་དང་བཅས་པ་

Since it generates everything, it is called "cause."
Since all without remainder is complete, it is the result itself.[382]Note 382 · p. 412 · 'bras bu nyid: "result", since it stands opposite "cause" (glossary rule). Gemini 4 Neon and Dharmamitra have "fruition", Claude Fable 5.2 and GPT-6.2 Astra "fruit".
Since reference points are purified, it is called "path."
Since delusion is exhausted, it is also "scripture."
Since it abides within oneself,[383]Note 383 · p. 412 · rang la gnas pas rgyud: "within oneself", playing on rgyud as mindstream (Claude Fable 5.2, Dharmamitra, GPT-6.2 Astra). Gemini 4 Neon has "in itself". it is called "tantra."
Since it can be pointed out, it is "pith instruction."
Since it is beyond number, it is called "calculation."
Mind itself, being such as this,
fulfilling needs and wishes, is like a jewel.
With all that is needed complete, it is like a treasury.
Since whatever is shown appears, it is like a mirror.
Stainless and clear, it is like a crystal globe.
In its variety, it is like a pavilion of brocade.
Without emanating or gathering in, it is like the great garuḍa.
The dynamic energy of the view perfected, it is like a lion.
Complete in its depths and all-pervading, it is like the ocean.
The ground of liberation (grol gzhi) of what arises within, it is like space.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Klong chen rab byams gsung 'bum/volume 016 432 (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 72 % of the words.

So it is said.

3.3.3.2.2.2.2 Binding the crux within that state ངང་དེར་འགག་བསྡམ་པ3.3.3.2.2.2.2 Binding the crux within that state
Naked awareness is left uncontrived so it severs the three times; when afflictions arise strongly they are recognized as awareness; neither stillness nor watching thoughts counts as meditation, only sustaining awareness's lucid aspect, citing the Great Garuḍa, Heap of Jewels and Without Letters.

Second, binding the crux within that state:[384]Note 384 · p. 412 · gnyis pa dang der: read as gnyis pa ngang der, as the earlier outline requires ("binding the crux within that state"). All drafts read it so.

3.3.3.2.2.2.2.1 Loosening naked awareness in free resting རིག་པ་རྗེན་པ་ཅོག་གཞག་ཏུ་གློད་པ3.3.3.2.2.2.2.1 Loosening naked awareness in free resting (topical division)
Naked awareness, arising or abiding, is loosened uncontrived in its natural condition; it then severs the cord of the three times and apprehended–apprehender, the dharmakāya resting in its own bed. Cited: Great Garuḍa, Lion's Perfect Dynamic Energy.

whether that naked awareness arises or abides, one loosens it in its own natural condition, in free resting without alteration or adulteration; thoroughly limpid, with the keen edge of its clarity,[385]Note 385 · p. 412 · Dharmamitra omits the closing "zhes so" and the whole opening of the second topic; these are supplied from the Tibetan. The sentence runs on into p. 413 (… gsal ngar dang bcas pa ste), and the translation stops at the page break.

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 5 quotations, 5 found on this wiki.
# p. Tibetan English Source On this wiki
1 402 གཞི་རྩ་མེད་པའི་ཆོས་ཉིད་ལ། །མ་བཙལ་ … ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། In dharmatā, without ground or root, resting without seeking: … abiding there is no antidote: how great the wonder! not named:
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པའི་རྒྱུད, rin po che spungs pa yon tan chen po ston pa'i rgyud, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0054-vol-01-text (the text itself), 70 %
2 402 ཀྱེ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་ … མཚར། སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ་ Kye! Vajra of the Speech of all the buddhas, … wondrous! What is born attains the unborn: ha ha! “the same”: རྒྱུད་དེ་ཉིད་ལས
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པའི་རྒྱུད, rin po che spungs pa yon tan chen po ston pa'i rgyud, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras high
parallel: གནས་ལུགས་རིན་པོའི་ཆེའི་མཛོད, 85 %
3 405 ཨེ་མ་ཧོ། གསུང་གི་རྡོ་རྗེ་སྙིང་པོ་ … གསུམ་དབྱེར་མེད་དུ་འཚང་རྒྱ་བ་ཡིན་ནོ་ Emaho! Vajra Heart of Speech, listen! By the key … to buddhahood with appearances and the three kāyas indivisible. “the same”: རྒྱུད་དེ་ཉིད་ལས
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པའི་རྒྱུད, rin po che spungs pa yon tan chen po ston pa'i rgyud, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras high
parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད, 80 %
4 409 མ་བསྒོམས་བཞག་པ་དེ་ཉིད་རང་རིག་པ། ། … སྤྲོས་མེད་ནམ་མཁའི་ཡིད་ཅན་རྣམས་ཀྱིས་བྱོས། Left without meditating, that itself is self-awareness; free of … minds are like space, without elaboration, do just this. named: ཁྱུང་ཆེན་ལས
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Garuḍa in Flight · tantra; Nyingma Gyubum medium
parallel: Klong chen rab byams gsung 'bum/volume 002 028, 66 %
5 410 རང་བཞིན་དག་པའི་ཆོས་རྣམས་ལ། །དྲི་མ་ … མཚོ་འདྲ། །ནང་བྱུང་གྲོལ་གཞི་ནམ་མཁའ་བཞིན། In phenomena that are pure by nature, since there … gzhi) of what arises within, it is like space. named: མུ་ཏིག་ཕྲེང་བ་ལས
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras high
parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད, 72 %