Chos dbyings mdzod (Longchenpa): Chapter 3 commentary (2)

From Rangjung Yeshe Wiki Texts
Chos dbyings mdzod (Longchenpa)Chos dbyings mdzod (Longchenpa): Chapter 3 commentary (2)
< Chos dbyings mdzod (Longchenpa)
Revision as of 10:49, 24 November 2026 by Eric (talk | contribs) (Chos dbyings mdzod study edition (root verses and Lung gi gter mdzod): ten editions, critical edition, translation, bilingual text, outline and quotations)
(diff) ← Older revision | Latest revision (diff) | Newer revision → (diff)

Chos dbyings mdzod (Longchenpa)/Chapter 3 commentary (2)
Jump to navigation Jump to search
← Chapter 3 commentary (1)Chos dbyings mdzod: contentsChapter 3 commentary (3) →

Chapter 3, commentary · བྱང་ཆུབ་སེམས་ཀྱི་མཚོན་དཔེ་བསྟན་པ
Pages 174–183 of the corrected base text (W22920 vol. 3), part 2 of 3.

[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD84), gorn05 tibocr 2026: BDRC OCR on 338 pages, Mitra OCR on 144 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 265] ང་ལས་གོལ་ཞིང་ང་བསྒྲིབས་པས། །ཆོས་ཀྱི་སྙིང་པོ་མཐོང་མི་འགྱུར། །ཞེས་སོ། །དེ་

[p. 266] ལྟར་ནམ་མཁའི་དཔེས་མཚོན་པའི་རིག་པ་སྤྲོས་བྲལ་བསམ་བརྗོད་ལས་འདས་པའི་ངོ་བོ་ནི་ཀུན་ཏུ་བཟང་པོ་དང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དགོངས་པ་སྟེ། རྒྱུད་དེ་ཉིད་ལས། ཀུན་བཟང་དགོངས་པ་འདུས་པ་ནི། །ཇི་ལྟར་སྣང་བ་ཐམས་ཅད་ཀུན། །བཟང་ངན་བླང་དོར་མེད་པ་རུ། །ཀུན་བྱེད་མངོན་དུ་བྱུང་བར་འདུས། །རྡོ་རྗེ་སེམས་དགོངས་འདུས་པ་ནི། །མི་སྐྱེ་མི་འགག་དགོངས་པ་འདུས། །རབས་བདུན་ཤཱཀྱ་ཐུབ་པ་དང་། །སྟོང་རྩ་གཉིས་དང་རྡུལ་སྙེད་དང་། །སྐུ་གསུང་ཐུགས་ཀྱིས་དོན་མཛད་པའི། །བྱུང་ཡང་སྐུ་གསུང་ཐུགས་ལས་བྱུང་། །སྐུ་གསུང་ཐུགས་ཀྱི་ཆོས་ཉིད་ལ། །སྐུ་གསུང་ཐུགས་ཀྱིས་ངོས་ན་མཛད་ཚུལ། །དེ་ཡང་ཀུན་བྱེད་ཉིད་དུ་འདུས། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །ང་རུ་མ་འདུས་གཅིག་ཀྱང་མེད། །ནམ་མཁའི་ཁམས་ཀྱི་གཞལ་ཡས་ན། །ང་རུ་མ་འདུས་གཅི་ཀྱང་མེད། །ཅེས་སོ། །དེ་ལྟ་བུའི་རིག་པ་ཉི་མའི་སྙིང་པོ་ལྟར་བསྟན་པ་ནི། བྱང་ཆུབ་སེམས་ནི་ཉི་མའི་སྙིང་པོ་འདྲ། །ངང་གིས་འོད་གསལ་ཡེ་ནས་འདུས་མ་བྱས། །སྒྲིབ་པའི་ཆོས་མེད་ཟང་ཐལ་ལྷུན་གྱིས་གྲུབ། །སྤྲོས་པའི་ཆོས་མེད་མི་རྟོག་ཆོས་ཉིད་དང་། །ཞེས་མདོར་བསྟན་ཏེ། ངང་གིས་འོད་གསལ་ལ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་ཆོས་སྐུ་རིག་པ་ཟང་ཐལ་ཆེན་པོ་སྟེ། རང་ཤར་ལས། མཐའ་བཞི་བྲལ་བའི་ཆོས་སྐུ་ཆེན་པོ་ནི། །དྲེ་མེད་འོད་གསལ་མན་ཤེལ་དག་པ་འདྲ། །

[p. 267] མཐའ་བྲལ་ཆོས་སྐུ་མུན་པ་སངས་པའི་སྐུ། །དྲི་མེད་མུན་སེལ་ཉི་མའི་དཀྱིལ་འཁོར་ལྟར། །མཐའ་བཞིའི་མུན་སེལ་ཡེ་ནས་ལྷུན་གྱིས་གྲུབ། །ཅེས་སོ། །རྒྱས་པར་བཤད་པ་ནི། སྟོང་པས་ཆོས་སྐུ་གསལ་བས་ལོངས་སྤྱོད་རྫོགས། །ཟེར་ལྡན་སྤྲུལ་པ་སྐུ་གསུམ་འདུ་འབྲལ་མེད། །ཡེ་ནས་ཡོན་ཏན་ལྷུན་གྱི་གྲུབ་ཟིན་པས། །སྐྱོན་དང་ཉེས་ཆའི་མུན་པས་བསྒྲིབས་པ་མེད། །སྔ་ཕྱི་དུས་གསུམ་འཕོ་འགྱུར་མེད་པར་གཅིག །སངས་རྒྱས་སེམས་ཅན་ཀུན་ལ་ཁྱབ་པར་གཅིག །འདི་ནི་རང་བྱུང་བྱང་ཆུབ་སེམས་ཞེས་བྱ། །སེམས་ཉིད་སྟོང་པའི་ཆ་ནས་ཆོས་ཀྱི་སྐུ་དང་། གསལ་བའི་ཆ་ནས་ལོངས་སྤྱོད་རྫོགས་པའི་སྐུ་དང་། འཆར་བའི་ཆ་ནས་སྤྲུལ་པའི་སྐུ་ཞེས་མིང་དུ་བརྗོད་ཀྱང་། ངོ་བོ་ངོས་གཟུང་གི་ཆོས་སུ་གྲུབ་པ་ནི་ཅུང་ཟད་ཀྱང་མེད་ལ། དགོངས་པ་དེ་ཉིད་དུས་གསུམ་འཕོ་འགྱུར་མེ་དཔར་ལྷུན་གྱིས་གྲུབ་སྟེ། འཁོར་འདས་ཀུན་ལ་སྙིང་པོའི་ཚུལ་དུ་ཁྱབ་པའི་ཕྱིར། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་གསུངས་ཏེ། དེ་དག་ཀྱང་སྟོང་གསལ་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ནི། ཀུན་བྱེད་ལས། ཀུན་བྱེད་བྱང་ཆུབ་སེམས་པ་ནི། །རང་བཞིན་མ་བཅོས་རྣམ་གསུམ་ལས། །མིང་ཙམ་སྐུ་གསུམ་བྱུང་ཚུལ་བསྟན། །ངེས་པར་སྐུ་གསུམ་རང་བཞིན་ཀྱང་། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ད་ནི། །མ་སྐྱེས་

[p. 268] གཟུང་འཛིན་བྲལ་བ་ལས། །ཆོས་སྐུ་སྐྱེ་མེད་མིང་ཙམ་བྱུང་། །ངེས་པར་ཆོས་སྐུ་མིང་ཙམ་སྟེ། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་པ་ཡི། །ངོ་བོ་མིང་ཙམ་མངོན་བྱུང་བ། །ལོངས་སྤྱོད་རྫོགས་སྐུ་མིང་ཙམ་ཚུལ། །ངེས་པར་ལོངས་སྤྱོད་རྫོགས་སྐུ་དེ། །དེ་བཞིན་ཉིད་ལས་གཡོགས་པ་མེད། །ཀུན་བྱེད་བྱངས་ཆུབ་སེམས་པ་ཡི། །ཐུགས་རྗེ་སྤྲུལ་སྐུ་མངོན་ཕྱུང་བ། །ཐུགས་རྗེ་མ་བཅོས་རང་བཞིན་ལས། །མིང་ཙམ་སྤྲུལ་སྐུའི་ཚུལ་བྱུང་བ། །ངེས་པར་སྤྲུལ་པའི་སྐུ་དེ་ཡང་། །དེ་བཞིན་ཉིད་ལས་གཡོ་བ་མེད། །ཅེས་སོ། །དེ་ལྟ་བུའི་ངང་ལས་སྣང་སྲིད་ཤར་བར་བསྟན་པ་ནི། །དེ་ཡི་རྩལ་ནི་ཅིར་ཡང་འཆར་བ་སྟེ། །རྟོགས་དང་མི་རྟོགས་སྣང་སྲིད་སྣོད་བཅུད་དང་། །སྐྱེ་འགྲོའི་སྣང་བ་སྣ་ཚོགས་ཇི་སྙེད་དོ། །རིག་པའི་རང་བཞིན་མེ་ལོང་ལྟ་བུའི་ངང་ན་རང་རྩལ་གཟུགས་བརྙན་དང་འདྲ་བ་ཐམས་ཅད་འཆར་བའི་གཞིར་གནས་པས། སྣང་སྲིད་སྣོད་བཅུད་ཀྱི་སྣང་བ་སྣ་ཚོགས་སུ་ཤར་ཡང་རིག་པའི་ངོ་བོ་ལ་གོས་པ་དང་འཕོ་འགྱུར་མེད་དེ། གཟུགས་བརྙན་གྱིས་མེ་ལོང་ལ་མ་གོས་ཤིང་འཕོ་འགྱུར་གང་ཡང་མེད་པ་བཞིན་ནོ། །རང་ཤར་ལས། དུས་མེད་སྣང་བའི་རང་བྱུང་ཆེན་པོ་ནི། །ནམ་མཁའི་ངང་ནས་ཉི་ཟླའི་ཆོ་འཕྲུལ་འབྱུང་བ་ལྟར། །སྐྱེ་མེད་ངང་ལས་འགག་མེད་ཆོ་འཕྲུལ་འབྱུང་། །དེ་བཞིན་ཆོ་འཕྲུལ་ཆེན་པོ་དཀའ་བ་མིན། །ཞེས་པ་དང་། ཀུན་བྱེད་ལས། ཡང་དག་ཀུན་

[p. 269] གྱི་ངོ་བོ་བྱང་ཆུབ་ང་། །སྤྲོས་མེད་དབྱིངས་ཀྱི་ངོ་བོ་ང་ཡིན་ལ། །སངས་རྒྱས་ཀུན་གྱི་གསང་ཆེན་ང་ཡིན་པས། །རོལ་པ་ཁམས་གསུམ་འགྲོ་དྲུག་ང་ལས་ཤར། །ཞེས་སོ། །ཤར་པ་ཉིད་ནས་རང་བཞིན་མེད་དོ་ཞེས་བསྟན་པ་ནི། འདི་ཀུན་ཤར་ཡང་རང་བཞིན་འགའ་མེད་དེ། །སྨིག་རྒྱུའི་ཆུ་དང་རྨི་ལམ་སྒྲ་བརྙན་བཞིན། །སྤྲུལ་པ་གཟུགས་བརྙན་དྲི་ཟའི་གྲོང་ཁྱེར་དང་། །མིག་ཡོར་ཇི་བཞིན་མེད་པ་གསལ་སྣང་དུ། །གཞི་མེད་རྟེན་མེད་གློ་བུར་སྣང་བ་ཙམ། །བར་སྐབས་རེ་འགའི་ཆོས་སྐུ་རྟོགས་པར་བྱ། །རྨི་ལམ་གྱི་སྣང་བ་ནི་གཉིད་དུ་མ་སོང་བ་དང་སད་པའི་དུས་སྔ་ཕྱི་གཉིས་ཀར་མེད་ཀྱང་། གཉིད་ཁུང་ན་བར་དེར་སྣང་བ་ལྟར། འཁོར་བའི་འཁྲུལ་སྣང་ཡང་ཐོག་མ་ཆོས་ཉིད་གཞིའི་དུས་དང་། ཐ་མ་མྱ་ངན་ལས་འདས་པ་འབྲས་བུའི་དུས་གཉིས་ཀར་མེད་ལ། ད་ལྟ་བར་འདིར་བློ་འཁྲུལ་པ་ལ་སྣང་ཡང་སྣང་དུས་ཉིད་ནས་མེད་པ་གསལ་སྣང་གི་ངོ་བོ་སྟོང་གཟུགས་སྣང་བ་ཙམ་ལས་གང་དུའང་གྲུབ་པ་མེད་དེ། ཆོས་ཐམས་ཅད་རང་བཞིན་མེད་པས་སྐྱེ་འགག་གནས་གསུམ་དུ་གྲུབ་པ་མེད་པའི་ཕྱིར་རོ། །རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ཡང་འཇིག་པར་གསུངས། །ཞེས་པ་དང་། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། །འདི་ན་སུ་ཡང་མི་སྐྱེ་འཆི་བ་མེད། །སེམས་ཅན་

[p. 270] མི་དང་སྲོག་ཀྱང་མི་རྙེད་དེ། །ལས་བྱས་བསགས་པ་ནམ་ཡང་མེད་མི་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་དག་ཆོས་ཉིད་ལས་མ་གཡོས་པར་བསྟན་པ་ནི། ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །རོལ་པ་མ་འགགས་འཁོར་འདས་ཆོ་འཕྲུལ་འབྱུང་། །ཆོ་འཕྲུལ་དེ་ཀུན་དབྱིངས་སུ་འུབ་ཆུབ་པས། །གདོད་མའི་ངང་ལས་གཡོས་པ་མེད་ཤེས་བྱ། །འཁོར་འདས་ཇི་སྙེད་སྣང་ཡང་སྣང་དུས་ཉིད་ནས་བྱང་ཆུབ་སེམས་ཀྱི་ངོ་བོའི་ངང་ལས་མ་གཡོས་ཏེ། ཀུན་བྱེད་ལས། ཆོས་ཀུན་རྩ་བ་ཀུན་བྱེད་བྱང་ཆུབ་སེམས། །ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཡིན། །ཇི་ལྟར་བྱུང་བ་ང་ཡི་ཆོ་འཕྲུལ་ཡིན། །ཞེས་སོ། །ཐམས་ཅད་དབྱིངས་སུ་རྫོགས་པས་རྫོགས་པ་ཆེན་པོར་བསྟན་པ་ནི། འདིར་ནི་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང་། །གཅིག་རྫོགས་ཀུན་རྫོགས་མ་བྱས་དོན་ཀུན་རྫོགས། །རང་བཞིན་ལྷུན་རྫོགས་རང་བྱུང་ཡེ་ཤེས་སོ། །རིག་པའི་ངོ་བོ་ལ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷུན་གྱིས་རྫོགས་ཏེ། ཡི་གེ་མེད་པ་ལས། ང་ལ་སྐྱེ་དང་འཆི་མེད་པས། །འགག་པའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་ཕྱི་དང་ནང་མེད་པས། །གསལ་བའི་ཆོས་ནི་ཡོངས་སུ་རྫོགས།། ང་ལ་སྟོང་དང་དངོས་མེད་པས། །སྣང་བའི་ཆོས་ནི་ཡོངས་སུ་རྫོག་ས། །ང་ལ་དམིགས་པའི་ཡུལ་མེད་པས། །མཐོང་བའི་ཆོས་ནི་ཡོངས་སུ་རྫོངས། །ང་ལ་ལུས་དང་སེམས་

[p. 271] མེད་པས། །རང་སྣང་ཆོས་ནི་ཡོངས་སུ་རྫོགས། །ང་ལ་བདག་དང་གཞན་མེད་པས། །རིག་པའི་ཆོས་ནི་ཡོངས་སུ་རྫོགས། ང་ལ་བྱེད་པའི་རྒྱུ་མེད་པས། །བསམ་གཏན་ཆེན་པོ་ཡོངས་སུ་རྫོགས། །ང་ལ་ཕྱིན་པའི་ཡུལ་མེད་པས། །རང་སྣང་ཡུལ་ནི་ཡོངས་སུ་རྫོགས། །ང་ཡི་ཕྱོགས་དང་རིས་མེད་པས། །གསང་བའི་ཡེ་ཤེས་ཡོངས་སུ་རྫོགས། །ང་ལ་སྣང་བ་འགག་མེད་པས། །དབྱིངས་ཀྱི་ཆོས་གསུམ་ཡོངས་སུ་རྫོགས། །ང་ལ་གཅིག་དང་གཉིས་མེད་པས། །ཐིག་ལེའི་ཆོས་རྣམས་ཡོངས་སུ་རྫོགས། །ང་ལས་མུན་དང་སྣང་མེད་པས། །མངོན་པར་སྣང་བའི་ཆོས་རྣམས་རྫོགས། །ང་ལ་བདག་རྟོག་གཉིས་མེད་པས། །སྟོང་པའི་ཆོས་ནི་ཡོངས་སུ་རྫོག་ས། །ང་ལ་དྲི་མ་གཉིས་མེད་པས། །གསལ་བའི་ཆོས་ལྔ་ཡོངས་སུ་རྫོགས། །ང་ལ། སྤྲོ་ཞིང་བསྡུ་མེད་པས། །ཡི་གེའི་དོན་རྣམས་ཡོངས་སུ་རྫོགས། ཞེས་སོ། །དེའང་སྣང་ཚོད་མ་འགག་པར་བྱང་ཆུབ་སེམས་ཀྱི་ངོ་ཁ་ལ་ཡོད་སྣང་ཙམ་དུ་རྫོགས་ཚུལ་བསྟན་ན། ཀློང་དྲུག་པ་ལས་ཀྱང་། སྐྱེ་བ་ཡོད་པའི་སེམས་ཉིད་ལ། །འགྲོ་དྲུག་སྣང་བ་རང་ཤར་བས། །ཐ་དད་གཟུགས་རྣམས་འཛིན་པར་ནི། །སྣང་བ་གཟུགས་སུ་སྨིན་པར་རྫོགས། །འགག་པ་ཡོད་པའི་སེམས་ཉིད་ལ། མི་རྟག་རྒྱུ་རུ་རང་ཤར་བས། །རང་བཞིན་མེད་པའི་སྣང་བར་ནི། །དཔེར་ན་རྨི་ལམ་བཞིན་དུ་རྫོགས། །སྤྲོས་པ་ཡོད་

[p. 272] པའི་སེམས་ཉིད་ལ། །སྣ་ཚོགས་སྣང་བ་རང་ཤར་བས། །སྒོ་ལྔ་སོ་སོའི་སྣང་བར་ནི། །རང་ས་གཟུང་བའི་ཆ་ནས་རྫོགས། །བསྟན་དུ་ཡོད་པའི་སེམས་ཉིད་ལ། །སྒྲ་ཚིག་མིང་རྣམས་རང་ཤར་བས། །ཐ་སྙད་བློ་རྣམས་རང་དག་པར། །བླ་མའི་མན་ངག་གསང་བ་རྫོགས། །མཐོང་དུ་ཡོད་པའི་སེམས་ཉིད་ལ་། །བྱུང་རྐྱེན་དུ་མ་རང་ཤར་བས། །

[edit]
BDRC typed e-text UT22920_003_0001/0002 as downloaded (the base text was made from it).

ང་ལས་གོལ་ཞིང་ང་བསྒྲིབས་པས། །ཆོས་ཀྱི་སྙིང་པོ་མཐོང་མི་འགྱུར། །ཞེས་སོ། །དེ་ལྟར་ནམ་མཁའི་དཔེ་མཚོན་པའི་རིག་པ་སྤྲོས་བྲལ་བསམ་བརྗོད་ལས་འདས་པའི་ངོ་བོ་ནི་ཀུན་ཏུ་བཟང་པོ་དང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དགོངས་པ་སྟེ། རྒྱུད་དེ་ཉིད་ལས། ཀུན་བཟང་དགོངས་པ་འདུས་པ་ནི། །ཇི་ལྟར་སྣང་བ་ཐམས་ཅད་ཀུན། །བཟང་ངན་བླང་དོར་མེད་པ་རུ། །ཀུན་བྱེད་མངོན་དུ་ཕྱུང་བར་འདུས། །རྡོ་རྗེ་སེམས་དགོངས་འདུས་པ་ནི། །མི་སྐྱེ་མི་འགག་དགོངས་པ་འདུས། །རབས་བདུན་ཤཱཀྱ་ཐུབ་པ་དང༌། །སྟོང་རྩ་གཉིས་དང་རྡུལ་སྙེད་དང༌། །སྐུ་གསུང་ཐུགས་ཀྱི་དོན་མཛད་པའི། །བྱུང་ཡང་སྐུ་གསུང་ཐུགས་ལས་བྱུང༌། །སྐུ་གསུང་ཐུགས་ཀྱི་ཆོས་ཉིད་ལ། །སྐུ་གསུང་ཐུགས་ཀྱི་དོན་མཛད་ཚུལ། །དེ་ཡང་ཀུན་བྱེད་ཉིད་དུ་འདུས། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །ང་རུ་མ་འདུས་གཅིག་ཀྱང་མེད། །ནམ་མཁའི་ཁམས་ཀྱི་གཞན་ཡས་ན། །ང་རུ་མ་འདུས་གཅིག་ཀྱང་མེད། །ཅེས་སོ། །དེ་ལྟ་བུའི་རིག་པ་ཉི་མའི་སྙིང་པོ་ལྟར་བསྟན་པ་ནི། །བྱང་ཆུབ་སེམས་ནི་ཉི་མའི་སྙིང་པོ་འདྲ། །ངང་གིས་འོད་གསལ་ཡེ་ནས་འདུས་མ་བྱས། །སྒྲུབ་པའི་ཆོས་མེད་ཟང་ཐལ་ལྷུན་གྱིས་གྲུབ། །སྤྲོས་པའི་ཆོས་མེད་མི་རྟོག་ཆོས་ཉིད་དང༌། །ཞེས་མདོར་བསྟན་ཏེ། །ངང་གི་འོད་གསལ་ལ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་ཆོས་སྐུ་རིག་པ་ཟང་ཐལ་ཆེན་པོ་སྟེ། །རང་ཤར་ལས། མཐའ་བཞི་བྲལ་བའི་ཆོས་སྐུ་ཆེན་པོ་ནི། །དྲི་མེད་འོད་གསལ་མན་ཤེལ་དག་པ་འདྲ། །མཐའ་བྲལ་ཆོས་སྐུ་མུན་པ་སངས་པའི་སྐུ། །དྲི་མེད་མུན་སེལ་ཉི་མའི་དཀྱིལ་འཁོར་ལྟར། །མཐའ་བཞིའི་མུན་སེལ་ཡེ་ནས་ལྷུན་གྱིས་གྲུབ། །ཅེས་པར། །རྒྱས་པ་བཤད་པ་ནི། སྟོང་པས་ཆོས་ཉིད་སྐུ་གསལ་བས་ལོངས་སྤྱོད་རྫོགས། །ཟེར་ལྡན་སྤྲུལ་སྐུ་གསུམ་འདུ་བྲལ་མེད། །ཡེ་ནས་ཡོན་ཏན་ལྷུན་གྱིས་གྲུབ་ཟིན་པས། །སྐྱོན་དང་ཉེས་ཆའི་མུན་པས་བསྒྲིབས་པ་མེད། །སྔ་ཕྱི་དུས་གསུམ་འཕོ་འགྱུར་མེད་པར་གཅིག །སངས་རྒྱས་སེམས་ཅན་ཀུན་ལ་ཁྱབ་པར་གཅིག །འདི་ནི་རང་བྱུང་བྱང་ཆུབ་སེམས་ཞེས་བྱ། །སེམས་ཉིད་སྟོང་པའི་ཆ་ནས་ཆོས་ཀྱི་སྐུ་དང༌། གསལ་བའི་ཆ་ནས་ལོངས་སྤྱོད་རྫོགས་པའི་སྐུ་དང༌། འཆར་བའི་ཆ་ནས་སྤྲུལ་པའི་སྐུ་ཞེས་མིང་དུ་བརྗོད་ཀྱང༌། ངོ་བོ་ངོས་གཟུང་གི་ཆོས་སུ་གྲུབ་པ་ནི་ཅུང་ཟད་ཀྱང་མེད་ལ། དགོངས་པ་དེ་ཉིད་དུས་གསུམ་འཕོ་འགྱུར་མེད་པར་ལྷུན་གྱིས་གྲུབ་སྟེ། འཁོར་འདས་ཀུན་ལ་སྙིང་པོའི་ཚུལ་དུ་ཁྱབ་པའི་ཕྱིར། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་གསུངས་ཏེ། དེ་དག་ཀྱང་སྟོང་གསལ་རང་བྱུང་གི་ཡེ་ཤེས་བསྟན་པ་ནི། ཀུན་བྱེད་ལས། ཀུན་བྱེད་བྱང་ཆུབ་སེམས་ང་ནི། །རང་བཞིན་མ་བཅོས་རྣམ་གསུམ་ལས། །མིང་ཙམ་སྐུ་གསུམ་བྱུང་ཚུལ་བསྟན། །ངེས་པར་སྐུ་གསུམ་རང་བཞིན་ཀྱང༌། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་ནི། །མ་སྐྱེས་གཟུང་འཛིན་བྲལ་བ་ལས། །ཆོས་སྐུ་སྐྱེ་མེད་མིང་ཙམ་བྱུང༌། །ངེས་པར་ཆོས་སྐུ་མིང་ཙམ་སྟེ། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་ཡི། །ངོ་བོ་མིང་ཙམ་མངོན་ཕྱུང་བ། །ལོངས་སྤྱོད་རྫོགས་སྐུ་མིང་ཙམ་ཚུལ། །ངེས་པར་ལོངས་སྤྱོད་རྫོགས་སྐུ་དེ། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་ཡི། །ཐུགས་རྗེ་སྤྲུལ་སྐུ་མངོན་ཕྱུང་བ། །ཐུགས་རྗེ་མ་བཅོས་རང་བཞིན་ལས། །མིང་ཙམ་སྤྲུལ་སྐུའི་ཚུལ་བྱུང་བ། །ངེས་པར་སྤྲུལ་པའི་སྐུ་དེ་ཡང༌། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཅེས་སོ། །དེ་ལྟ་བུའི་ངང་ལས་སྣང་སྲིད་ཤར་བར་བསྟན་པ་ནི། །དེ་ཡི་རྩལ་ནི་ཅིར་ཡང་འཆར་བ་སྟེ། །རྟོགས་དང་མི་རྟོགས་སྣང་སྲིད་སྣོད་བཅུད་དང༌། །སྐྱེ་འགྲོའི་སྣང་བ་སྣ་ཚོགས་ཇི་སྙེད་དོ། །རིག་པའི་རང་བཞིན་མེ་ལོང་ལྟ་བུའི་ངང་ན་རང་རྩལ་གཟུགས་བརྙན་དང་འདྲ་བ་ཐམས་ཅད་འཆར་བའི་གཞིར་གནས་པས། སྣང་སྲིད་སྣོད་བཅུད་ཀྱི་སྣང་བ་སྣ་ཚོགས་སུ་ཤར་ཡང་རིག་པའི་ངོ་བོ་ལ་གོས་པ་དང་འཕོ་འགྱུར་མེད་དེ། གཟུགས་བརྙན་གྱིས་མེ་ལོང་ལ་མ་གོས་ཤིང་འཕོ་འགྱུར་གང་ཡང་མེད་པ་བཞིན་ནོ། །རང་ཤར་ལས། དུས་མེད་སྣང་བའི་རང་བྱུང་ཆེན་པོ་ནི། །ནམ་མཁའི་ངང་ནས་ཉི་ཟླའི་ཆོ་འཕྲུལ་འབྱུང་བ་ལྟར། །སྐྱེ་མེད་ང་ལས་འགག་མེད་ཆོ་འཕྲུལ་འབྱུང༌། །དེ་བཞིན་ཆོ་འཕྲུལ་ཆེན་པོ་དཀའ་བ་མིན། །ཞེས་པ་དང༌། ཀུན་བྱེད་ལས། ཡང་དག་ཀུན་གྱི་ངོ་བོ་བྱང་ཆུབ་ང༌། །སྤྲོས་མེད་དབྱིངས་ཀྱི་ངོ་བོ་ང་ཡིན་ལ། །སངས་རྒྱས་ཀུན་གྱི་གསང་ཆེན་ང་ཡིན་པས། །རོལ་པ་ཁམས་གསུམ་འགྲོ་དྲུག་ང་ལས་ཤར། །ཞེས་སོ། །ཤར་བ་ཉིད་ནས་རང་བཞིན་མེད་དོ་ཞེས་བསྟན་པ་ནི། འདི་ཀུན་ཤར་ཡང་རང་བཞིན་འགའ་མེད་དེ། །སྨིག་རྒྱུའི་ཆུ་དང་རྨི་ལམ་སྒྲ་བརྙན་བཞིན། །སྤྲུལ་པ་གཟུགས་བརྙན་དྲི་ཟའི་གྲོང་ཁྱེར་དང༌། །མིག་ཡོར་ཇི་བཞིན་མེད་པ་གསལ་སྣང་དུ། །གཞི་མེད་རྟེན་མེད་གློ་བུར་སྣང་བ་ཙམ། །བར་སྐབས་རེ་འགའི་ཆོས་སྐུ་རྟོགས་པར་བྱ། །རྨི་ལམ་གྱི་སྣང་བ་ནི་གཉིད་དུ་མ་སོང་བ་དང་སད་པའི་དུས་སྔ་ཕྱི་གཉིས་ཀར་མེད་ཀྱང༌། གཉིད་ཁུང་ན་བར་དེར་སྣང་བ་ལྟར། འཁོར་བའི་འཁྲུལ་སྣང་ཡང་ཐོག་མ་ཆོས་ཉིད་གཞིའི་དུས་དང༌། ཐ་མ་མྱ་ངན་ལས་འདས་པ་འབྲས་བུའི་དུས་གཉིས་ཀར་མེད་ལ། ད་ལྟ་བར་འདིར་བློ་འཁྲུལ་པ་ལ་སྣང་ཡང་སྣང་དུས་ཉིད་ནས་མེད་པ་གསལ་སྣང་གི་ངོ་བོ་སྟོང་གཟུགས་སྣང་བ་ཙམ་ལས་གང་དུའང་གྲུབ་པ་མེད་དེ། ཆོས་ཐམས་ཅད་རང་བཞིན་མེད་པས་སྐྱེ་འགག་ནས་གསུམ་དུ་གྲུབ་པ་མེད་པའི་ཕྱིར་རོ། །རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ཡང་འཇིག་པ་གསུངས། །ཞེས་པ་དང༌། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང༌། སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། །འདི་ན་སུ་ཡང་མི་སྐྱེ་འཆི་བ་མེད། །སེམས་ཅན་མི་དང་སྲོག་ཀྱང་མི་རྙེད་དེ། །ལས་བྱས་བསགས་པ་ནམ་ཡང་མེད་མི་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་དག་ཆོས་ཉིད་ལས་མ་གཡོས་པར་བསྟན་པ་ནི། ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །རོལ་པ་མ་འགགས་འཁོར་འདས་ཆོ་འཕྲུལ་འབྱུང༌། །ཆོ་འཕྲུལ་དེ་ཀུན་དབྱིངས་སུ་འུབ་ཆུབ་པས། །གདོད་མའི་ངང་ལས་གཡོས་པ་མེད་ཤེས་བྱ། །འཁོར་འདས་ཇི་སྙེད་སྣང་ཡང་སྣང་དུས་ཉིད་ནས་བྱང་ཆུབ་སེམས་ཀྱི་ངོ་བོའི་ངང་ལས་མ་གཡོས་ཏེ། ཀུན་བྱེད་ལས། ཆོས་ཀུན་རྩ་བ་ཀུན་བྱེད་བྱང་ཆུབ་སེམས། །ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཡིན། །ཇི་ལྟར་བྱུང་བ་ང་ཡི་ཆོས་འཕྲུལ་ཡིན། །ཞེས་སོ། །ཐམས་ཅད་དབྱིངས་སུ་རྫོགས་པས་རྫོགས་པ་ཆེན་པོར་བསྟན་པ་ནི། འདིར་ནི་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང༌། །གཅིག་རྫོགས་ཀུན་རྫོགས་མ་བྱས་དོན་ཀུན་རྫོགས། །རང་བཞིན་ལྷུན་རྫོགས་རང་བྱུང་ཡེ་ཤེས་སོ། །རིག་པའི་ངོ་བོ་ལ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷུན་གྱིས་རྫོགས་ཏེ། ཡི་གེ་མེད་པ་ལས། ང་ལ་སྐྱེ་དང་འཆི་མེད་པས། །འགག་པའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་ཕྱི་དང་ནང་མེད་པས། །གསལ་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་སྟོང་དང་དངོས་མེད་པས། །སྣང་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་དམིགས་པའི་ཡུལ་མེད་པས། །མཐོང་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་ལུས་དང་སེམས་མེད་པས། །རང་སྣང་ཆོས་ནི་ཡོངས་སུ་རྫོགས། །ང་ལ་བདག་དང་གཞན་མེད་པས། །རིག་པའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་བྱེད་པའི་རྒྱུ་མེད་པས། །བསམ་གཏན་ཆེན་པོ་ཡོངས་སུ་རྫོགས། །ང་ལ་ཕྱིན་པའི་ཡུལ་མེད་པས། །རང་སྣང་ཡུལ་ནི་ཡོངས་སུ་རྫོགས། །ང་ལ་ཕྱོགས་དང་རིས་མེད་པས། །གསང་བའི་ཡེ་ཤེས་ཡོངས་སུ་རྫོགས། །ང་ལ་སྣང་བ་འགག་མེད་པས། །དབྱིངས་ཀྱི་ཆོས་གསུམ་ཡོངས་སུ་རྫོགས། །ང་ལ་གཅིག་དང་གཉིས་མེད་པས། །ཐིག་ལེའི་ཆོས་རྣམས་ཡོངས་སུ་རྫོགས། །ང་ལ་མུན་དང་སྣང་མེད་པས། །མངོན་པར་སྣང་བའི་ཆོས་རྣམས་རྫོགས། །ང་ལ་བདག་རྟོག་གཉིས་མེད་པས། །སྟོང་པའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་དྲི་མ་གཉིས་མེད་པས། །གསལ་བའི་ཆོས་ལྔ་ཡོངས་སུ་རྫོགས། །ང་ལ་སྤྲོ་ཞིང་བསྡུ་མེད་པས། །ཡི་གེའི་དོན་རྣམས་ཡོངས་སུ་རྫོགས། །ཞེས་སོ། །དེའང་སྣ་ཚོད་མ་འགགས་པར་བྱང་ཆུབ་སེམས་ཀྱི་ངོ་བོ་ཁ་ལ་ཡོད་སྣང་ཙམ་དུ་རྫོགས་ཚུལ་བསྟན་ན། ཀློང་དྲུག་པ་ལས་ཀྱང༌། སྐྱེ་བ་ཡོད་པའི་སེམས་ཉིད་ལ། །འགྲོ་དྲུག་སྣང་བ་རང་ཤར་བ། །ཐ་དད་གཟུགས་རྣམས་འཛིན་པར་ནི། །སྣང་བ་གཟུགས་སུ་སྨིན་པར་རྫོགས། །འགག་པ་ཡོད་པའི་སེམས་ཉིད་ལ། །མི་རྟག་རྒྱུར་རུ་རང་ཤར་བས། །རང་བཞིན་མེད་པའི་སྣང་བར་ནི། །དཔེར་ན་རྨི་ལམ་བཞིན་དུ་རྫོགས། །སྤྲོས་པ་ཡོད་པའི་སེམས་ཉིད་ལ། །སྣ་ཚོགས་སྣང་བ་རང་ཤར་བས། །སྒོ་ལྔའི་སོ་སོའི་སྣང་བར་ནི། །རང་ས་གཟུང་བའི་ཆ་ནས་རྫོགས། །བསྟན་དུ་ཡོད་པའི་སེམས་ཉིད་ལ། །སྒྲ་ཚིག་མིང་རྣམས་རང་ཤར་བས། །ཐ་སྙད་བློ་རྣམས་རང་དག་པར། །བླ་མའི་མན་ངག་གསང་བ་རྫོགས། །མཐོང་དུ་ཡོད་པའི་སེམས་ཉིད་ལ། །བྱུང་རྐྱེན་དུ་མ་རང་ཤར་བས། །

[edit]
rywikitexts e-text of the Beijing 2009 edition (vol. 16), with its page numbers ༼N༽.

ང་ལས་གོལ་ཞིང་ང་བསྒྲིབས་པས། །ཆོས་ཀྱི་སྙིང་པོ་མཐོང་མི་འགྱུར། །ཞེས་སོ། །» «དེ་ལྟར་ནམ་མཁའི་དཔེས་མཚོན་པའི་རིག་པ་སྤྲོས་བྲལ་བསམ་བརྗོད་ལས་འདས་པའི་ངོ་བོ་ནི་ཀུན་ཏུ་བཟང་པོ་དང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དགོངས་པ་སྟེ། རྒྱུད་དེ་ཉིད་ལས། ཀུན་བཟང་དགོངས་པ་འདུས་པ་ནི། །ཇི་ལྟར་སྣང་བ་ཐམས་ཅད་ཀུན། །བཟང་ངན་བླང་དོར་མེད་པ་རུ། །ཀུན་བྱེད་མངོན་དུ་ཕྱུང་བར་འདུས། །རྡོ་རྗེ་སེམས་དགོངས་འདུས་པ་ནི། །མི་སྐྱེས་མི་འགག་དགོངས་པ་འདུས། །རབས་བདུན་ཤཱཀྱ་ཐུབ་པ་དང༌། །སྟོང་རྩ་གཉིས་དང་རྡུལ་སྙེད་དང༌། །སྐུ་གསུང་ཐུགས་ཀྱིས་དོན་མཛད་པའི། །བྱུང་ཡང་སྐུ་གསུང་ཐུགས་ལས་བྱུང༌། །སྐུ་གསུང་ཐུགས་ཀྱི་ཆོས་ཉིད་ལ། །སྐུ་གསུང་ཐུགས་ཀྱིས་དོན་མཛད་ཚུལ། །དེ་ཡང་ཀུན་བྱེད་ཉིད་དུ་འདུས། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །ང་རུ་མ་འདུས་གཅིག་ཀྱང་མེད། །ནམ་མཁའི་ཁམས་ཀྱི་གཞལ་ཡས་ན། །ང་རུ་མ་འདུས་གཅིག་ཀྱང་མེད། །ཅེས་སོ། །དེ་ལྟ་བུའི་རིག་པ་ཉི་མའི་སྙིང་པོ་ལྟར་བསྟན་པ་ནི། བྱང་ཆུབ་སེམས་ནི་ཉི་མའི་སྙིང་པོ་འདྲ། །ངང་གིས་འོད་གསལ་ཡེ་ནས་འདུས་མ་བྱས། །སྒྲིབ་པའི་ཆོས་མེད་ཟང་ཐལ་ལྷུན་གྱིས་གྲུབ། །སྤྲོས་པའི་ཆོས་མེད་མི་རྟོག་ཆོས་ཉིད་ངང༌། །ཞེས་མདོར་བསྟན་ཏེ། ངང་གིས་འོད་གསལ་ལ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་ཆོས་སྐུ་རིག་པ་ཟང་ཐལ་ཆེན་པོ་སྟེ། རང་ཤར་ལས། མཐའ་བཞི་བྲལ་བའི་ཆོས་སྐུ་ཆེན་པོ་ནི། །དྲི་མེད་འོད་གསལ་མན་ཤེལ་དག་པ་འདྲ། །མཐའ་བྲལ་ཆོས་སྐུ་མུན་པ་སངས་པའི་སྐུ། །དྲི་མེད་མུན་སེལ་ཉི་མའི་དཀྱིལ་འཁོར་ལྟར། །མཐའ་བཞིའི་མུན་སེལ་ཡེ་ནས་ལྷུན་གྱིས་གྲུབ། །ཅེས་» «སོ། །རྒྱས་པར་བཤད་པ་ནི། སྟོང་པས་ཆོས་སྐུ་གསལ་བས་ལོངས་སྤྱོད་» «རྫོགས། །ཟེར་ལྡན་སྤྲུལ་པ་སྐུ་གསུམ་འདུ་འབྲལ་མེད། །ཡེ་ནས་ཡོན་ཏན་ལྷུན་གྱིས་གྲུབ་ཟིན་པས། །སྐྱོན་དང་ཉེས་ཆའི་མུན་པས་བསྒྲིབས་པ་མེད། །སྔ་ཕྱི་དུས་གསུམ་འཕོ་འགྱུར་མེད་པར་གཅིག» «།སངས་རྒྱས་སེམས་ཅན་ཀུན་ལ་ཁྱབ་པར་གཅིག» «།འདི་ནི་རང་བྱུང་བྱང་ཆུབ་སེམས་ཞེས་བྱ། །སེམས་ཉིད་སྟོང་པའི་ཆ་ནས་ཆོས་ཀྱི་སྐུ་དང༌། གསལ་བའི་ཆ་ནས་ལོངས་སྤྱོད་རྫོགས་པའི་སྐུ་དང༌། འཆར་བའི་ཆ་ནས་སྤྲུལ་པའི་སྐུ་ཞེས་མིང་དུ་བརྗོད་ཀྱང༌། ངོ་བོ་ངོས་གཟུང་གི་ཆོས་སུ་གྲུབ་པ་ནི་ཅུང་ཟད་ཀྱང་མེད་ལ། དགོངས་པ་དེ་ཉིད་དུས་གསུམ་འཕོ་འགྱུར་མེད་པར་ལྷུན་གྱིས་གྲུབ་སྟེ། འཁོར་འདས་ཀུན་ལ་སྙིང་པོའི་ཚུལ་དུ་ཁྱབ་པའི་ཕྱིར། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་གསུངས་ཏེ། དེ་དག་ཀྱང་སྟོང་གསལ་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ནི། ཀུན་བྱེད་ལས། ཀུན་བྱེད་བྱང་ཆུབ་སེམས་ང་ནི། །རང་བཞིན་མ་བཅོས་རྣམ་གསུམ་ལས། །མིང་ཙམ་སྐུ་གསུམ་བྱུང་ཚུལ་བསྟན། །ངེས་པར་སྐུ་གསུམ་རང་བཞིན་ཀྱང༌། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་ནི། །མ་སྐྱེས་གཟུང་འཛིན་བྲལ་བ་ལས། །ཆོས་སྐུ་སྐྱེ་མེད་མིང་ཙམ་བྱུང༌། །ངེས་པར་ཆོས་སྐུ་མིང་ཙམ་» «སྟེ། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་ཡི། །ངོ་བོ་མིང་ཙམ་མངོན་བྱུང་བ། །ལོངས་སྤྱོད་རྫོགས་སྐུ་མིང་ཙམ་ཚུལ། །ངེས་པར་ལོངས་སྤྱོད་རྫོགས་སྐུ་དེ། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་ཡི། །ཐུགས་རྗེ་སྤྲུལ་སྐུ་མངོན་ཕྱུང་བ། །ཐུགས་རྗེ་མ་བཅོས་རང་བཞིན་ལས། །མིང་ཙམ་སྤྲུལ་སྐུའི་ཚུལ་བྱུང་བ། །ངེས་པར་སྤྲུལ་པའི་སྐུ་དེ་» «ཡང༌། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཅེས་སོ། །དེ་ལྟ་བུའི་ངང་ལས་སྣང་སྲིད་ཤར་བར་བསྟན་པ་ནི། དེ་ཡི་རྩལ་ནི་ཅིར་ཡང་འཆར་བ་སྟེ། །རྟོགས་དང་མི་རྟོགས་སྣང་སྲིད་སྣོད་བཅུད་དང༌། །སྐྱེ་འགྲོའི་སྣང་བ་སྣ་ཚོགས་ཇི་སྙེད་དོ། །རིག་པའི་རང་བཞིན་མེ་ལོང་ལྟ་བུའི་ངང་ན་རང་རྩལ་གཟུགས་བརྙན་དང་འདྲ་བ་ཐམས་ཅད་འཆར་བའི་གཞིར་གནས་པས། སྣང་སྲིད་སྣོད་བཅུད་ཀྱི་སྣང་བ་སྣ་ཚོགས་སུ་ཤར་ཡང་རིག་པའི་ངོ་བོ་ལ་གོས་པ་དང་འཕོ་འགྱུར་མེད་དེ། གཟུགས་བརྙན་གྱིས་མེ་ལོང་ལ་མ་གོས་ཤིང་འཕོ་འགྱུར་གང་ཡང་མེད་པ་བཞིན་ནོ། །རང་ཤར་ལས། དུས་མེད་སྣང་བའི་རང་བྱུང་ཆེན་པོ་ནི། །ནམ་མཁའི་ངང་ནས་ཉི་ཟླའི་ཆོ་འཕྲུལ་འབྱུང་བ་ལྟར། །སྐྱེ་མེད་ངང་ལས་འགག་མེད་ཆོ་འཕྲུལ་འབྱུང༌། །དེ་བཞིན་ཆོ་འཕྲུལ་ཆེན་པོ་དཀའ་བ་མིན། །ཞེས་པ་དང༌། ཀུན་བྱེད་ལས། ཡང་དག་ཀུན་གྱི་ངོ་བོ་བྱང་ཆུབ་ང༌། །སྤྲོས་མེད་དབྱིངས་ཀྱི་ངོ་བོ་ང་ཡིན་ལ། །སངས་རྒྱས་ཀུན་གྱི་གསང་ཆེན་ང་ཡིན་པས། །རོལ་པ་ཁམས་གསུམ་འགྲོ་དྲུག་ང་ལས་» «ཤར། །ཞེས་སོ། །ཤར་བ་ཉིད་ནས་རང་བཞིན་མེད་དོ་ཞེས་བསྟན་པ་ནི། འདི་ཀུན་ཤར་ཡང་རང་བཞིན་འགའ་མེད་དེ། །སྨིག་རྒྱུའི་ཆུ་དང་རྨི་ལམ་སྒྲ་བརྙན་བཞིན། །སྤྲུལ་པ་གཟུགས་བརྙན་དྲི་ཟའི་གྲོང་ཁྱེར་དང༌། །མིག་ཡོར་ཇི་བཞིན་མེད་པ་གསལ་སྣང་དུ། །གཞི་མེད་རྟེན་མེད་གློ་བུར་སྣང་བ་ཙམ། །བར་སྐབས་རེ་འགའི་ཆོས་སུ་རྟོགས་པར་བྱ། །རྨི་ལམ་གྱི་སྣང་བ་ནི་གཉིད་དུ་མ་སོང་བ་དང་སད་པའི་དུས་སྔ་ཕྱི་གཉིས་ཀར་མེད་ཀྱང༌། གཉིད་ཁུང་ན་བར་དེར་སྣང་བ་ལྟར། འཁོར་བའི་འཁྲུལ་སྣང་ཡང་ཐོག་མ་ཆོས་ཉིད་གཞིའི་དུས་དང༌། ཐ་མ་མྱ་ངན་ལས་འདས་པ་འབྲས་བུའི་དུས་གཉིས་ཀར་མེད་ལ། ད་ལྟ་བར་འདིར་བློ་འཁྲུལ་པ་ལ་སྣང་ཡང་སྣང་དུས་ཉིད་ནས་མེད་པ་གསལ་སྣང་གི་ངོ་བོ་སྟོང་གཟུགས་སྣང་བ་ཙམ་ལས་གང་དུའང་གྲུབ་པ་མེད་དེ། ཆོས་»«ཐམས་ཅད་«༼༡༽«རང་བཞིན་མེད་པས་སྐྱེ་འགག་གནས་གསུམ་དུ་གྲུབ་པ་མེད་པའི་ཕྱིར་རོ། །རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ཡང་འཇིག་པར་གསུངས། །ཞེས་པ་དང༌། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང༌། སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། །འདི་ན་སུ་ཡང་མི་སྐྱེ་འཆི་བ་མེད། །སེམས་ཅན་མིང་«༼༢༽«དང་སྲོག་ཀྱང་མི་རྙེད་དེ། །ལས་བྱས་བསགས་པ་ནམ་ཡང་མེད་མི་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་དག་ཆོས་ཉིད་ལས་མ་གཡོས་པར་བསྟན་པ་ནི། ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །རོལ་པ་མ་འགགས་འཁོར་འདས་ཆོ་འཕྲུལ་འབྱུང༌། །ཆོ་འཕྲུལ་དེ་ཀུན་དབྱིངས་སུ་འུབ་ཆུབ་པས། །གདོད་མའི་ངང་ལས་གཡོས་པ་མེད་ཤེས་བྱ། །འཁོར་འདས་ཇི་སྙེད་«༼༣༽«སྣང་ཡང་སྣང་དུས་ཉིད་ནས་བྱང་ཆུབ་སེམས་ཀྱི་ངོ་བོའི་ངང་ལས་མ་གཡོས་ཏེ། ཀུན་བྱེད་ལས། ཆོས་ཀུན་རྩ་བ་ཀུན་བྱེད་བྱང་ཆུབ་སེམས། །ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཡིན། །ཇི་ལྟར་བྱུང་བ་ང་ཡི་ཆོ་འཕྲུལ་ཡིན། །ཞེས་སོ། །ཐམས་ཅད་དབྱིངས་སུ་རྫོགས་པས་རྫོགས་པ་ཆེན་པོར་བསྟན་པ་ནི། འདིར་ནི་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང༌། །གཅིག་རྫོགས་ཀུན་རྫོགས་མ་བྱས་དོན་ཀུན་རྫོགས། །རང་བཞིན་ལྷུན་རྫོགས་རང་བྱུང་ཡེ་ཤེས་སོ། །རིག་པའི་ངོ་བོ་ལ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷུན་གྱིས་རྫོགས་ཏེ། ཡི་གེ་མེད་པ་ལས། ང་ལ་སྐྱེ་དང་འཆི་མེད་པས། །འགག་པའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་ཕྱི་དང་ནང་མེད་པས། །གསལ་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་སྟོང་དང་དངོས་མེད་པས། །སྣང་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་དམིགས་པའི་ཡུལ་མེད་པས། །མཐོང་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་ལུས་དང་སེམས་མེད་པས། །རང་སྣང་ཆོས་ནི་ཡོངས་སུ་» «རྫོགས། །ང་ལ་བདག་དང་གཞན་མེད་པས། །རིག་པའི་ཆོས་ནི་ཡོངས་སུ་» «རྫོགས། །ང་ལ་བྱེད་པའི་རྒྱུ་མེད་པས། །བསམ་གཏན་ཆེན་པོ་ཡོངས་སུ་» «རྫོགས། །ང་ལ་ཕྱིན་པའི་ཡུལ་མེད་པས། །རང་སྣང་ཡུལ་ནི་ཡོངས་སུ་» «རྫོགས། །ང་ལ་ཕྱོགས་དང་རིས་མེད་པས། །གསང་བའི་ཡེ་ཤེས་ཡོངས་སུ་རྫོགས། །ང་ལ་སྣང་བ་འགག་མེད་པས། །དབྱིངས་ཀྱི་ཆོས་གསུམ་ཡོངས་སུ་རྫོགས། །ང་ལ་གཅིག་དང་གཉིས་མེད་པས། །ཐིག་ལེའི་ཆོས་རྣམས་ཡོངས་སུ་རྫོགས། །ང་ལ་མུན་དང་སྣང་མེད་པས། །མངོན་པར་སྣང་བའི་ཆོས་རྣམས་རྫོགས། །ང་ལ་བདག་རྟོག་གཉིས་མེད་པས། །སྟོང་པའི་ཆོས་ནི་ཡོངས་སུ་» «རྫོགས། །ང་ལ་དྲི་མ་གཉིས་མེད་པས། །གསལ་བའི་ཆོས་ལྔ་ཡོངས་སུ་» «རྫོགས། །ང་ལ་སྤྲོ་ཞིང་བསྡུ་མེད་པས། །ཡི་གེའི་དོན་རྣམས་ཡོངས་སུ་» «རྫོགས། །ཞེས་སོ། །དེའང་སྣང་ཚོད་མ་འགག་པར་བྱང་ཆུབ་སེམས་ཀྱི་ངོ་ཁ་ལ་ཡོད་སྣང་ཙམ་དུ་རྫོགས་ཚུལ་བསྟན་ན། ཀློང་དྲུག་པ་ལས་ཀྱང༌། སྐྱེ་བ་ཡོད་པའི་སེམས་ཉིད་ལ། །འགྲོ་དྲུག་སྣང་བ་རང་ཤར་བས། །ཐ་དད་གཟུགས་རྣམས་འཛིན་པར་ནི། །སྣང་བ་གཟུགས་སུ་སྨིན་པར་རྫོགས། །འགག་པ་ཡོད་པའི་སེམས་ཉིད་ལ། །མི་རྟག་རྒྱུ་རུ་རང་ཤར་བས། །རང་བཞིན་མེད་པའི་སྣང་བར་» «ནི། །དཔེར་ན་རྨི་ལམ་བཞིན་དུ་རྫོགས། །སྤྲོས་པ་ཡོད་པའི་སེམས་ཉིད་ལ། །སྣ་ཚོགས་སྣང་བ་རང་ཤར་བས། །སྒོ་ལྔ་སོ་སོའི་སྣང་བར་ནི། །རང་ས་གཟུང་བའི་ཆ་ནས་རྫོགས། །བསྟན་དུ་ཡོད་པའི་སེམས་ཉིད་ལ། །སྒྲ་ཚིག་མིང་རྣམས་རང་ཤར་བས། །ཐ་སྙད་བློ་རྣམས་རང་དག་པར། །བླ་མའི་མན་ངག་གསང་བ་» «རྫོགས། །མཐོང་དུ་ཡོད་པའི་སེམས་ཉིད་ལ། །བྱུང་རྐྱེན་དུ་མ་རང་ཤར་བས། །

[edit]
OCR of the BDRC scans (I1CZ5001), gorn05 tibocr 2026: BDRC OCR on 236 pages, Mitra OCR on 78 pages (the model with more recognisable syllables on each page).

[p. 828] ལས་གོལ་ཞིང་ང་བསྒྲིབས་པས། །ཆོས་ཀྱི་སྙིང་པོ་མཐོང་མི་འགྱུར། །ཞེས་སོ། །དེ་ལྟར་ནམ་མཁའི་དཔེས་མཚོན་པའི་རིག་པ་སྤྲོས་བྲལ་བསམ་བརྗོད་ལས་འདས་པའི་ངོ་བོ་ནི་ཀུན་དུ་བཟང་པོ་ དང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དགོངས་པ་སྟེ། རྒྱུད་དེ་ཉིད་ལས། ཀུན་བཟངས་དགོངས་པ་འདུས་པ་ནི། །ཇི་ལྟར་སྣང་བ་ཐམས་ཅད་ཀུན། །བཟང་ངན་བླང་དོར་མེད་པ་རུ། །ཀུན་བྱེད་མངོན་ དུ་ཕྱུང་བར་འདུས། །རྡོ་རྗེ་སེམས་དགོངས་འདུས་པ་ནི། །མི་སྐྱེ་མི་འགགས་དགོངས་པ་འདུས། །རབས་བདུན་ཤཱཀྱ་ཐུབ་པ་དང་། །སྟོང་རྩ་གཉིས་དང་རྡུལ་སྙེད་དག །སྐུ་གསུང་ཐུགས་ཀྱིས་དོན་མཛད་ པའི། །བྱུང་ཡང་སྐུ་གསུང་ཐུགས་ལས་བྱུང་། །སྐུ་གསུང་ཐུགས་ཀྱི་ཆོས་ཉིད་ལ། །སྐུ་གསུང་ཐུགས་ཀྱི་དོན་མཛད་ཚུལ། །དེ་ཡང་ཀུན་བྱེད་ཉིད་དུ་འདུས། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །ང་རུ་མ་

[p. 829] ༄༅། །འདུས་གཅིག་ཀྱང་མེད། །ནམ་མཁའི་ཁམས་ཀྱི་གཞལ་ཡས་ན། །ང་རུ་མ་འདུས་གཅིག་ཀྱང་མེད། །ཅེས་སོ། །དེ་ལྟ་བུའི་རིག་པ་ཉི་མའི་སྙིང་པོ་ལྟར་བསྟན་པ་ནི། །བྱང་ ཆུབ་སེམས་ནི་ཉི་མའི་སྙིང་པོ་འདྲ། །ངང་གིས་འོད་གསལ་ཡེ་ནས་འདུས་མ་བྱས། །སྒྲིབ་པའི་ཆོས་མེད་ཟང་ཐལ་ལྷུན་གྱིས་གྲུབ། །སྤྲོས་པའི་ཆོས་མེད་མི་རྟོག་ཆོས་ཉིད་དང་། །ཞེས་མདོར་བསྟན་ཏེ། ངང་གིས་འོད་གསལ་ལ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་ཆོས་སྐུ་རིག་པ་ཟང་ཐལ་ཆེན་པོ་སྟེ། རང་ཤར་ལས། མཐའ་བཞི་བྲལ་བའི་ཆོས་སྐུ་ཆེན་པོ་ནི། །དྲི་མེད་འོད་གསལ་མན་ཤེལ་དག་པ་ འདྲ༑ ༑མཐའ་བྲལ་ཆོས་སྐུ་མུན་པ་སངས་པའི་སྐུ། །དྲི་མེད་མུན་སེལ་ཉི་མའི་དཀྱིལ་འཁོར་ལྟར། །མཐའ་བཞིའི་མུན་སེལ་ཡེ་ནས་ལྷུན་གྱིས་གྲུབ། །ཅེས་སོ། །རྒྱས་པར་བཤད་པ་ནི། །སྟོང་པས་ཆོས་སྐུ་ གསལ་བས་ལོངས་སྤྱོད་རྫོགས། །ཟེར་ལྡན་སྤྲུལ་པ་སྐུ་གསུམ་འདུ་འབྲལ་མེད། །ཡེ་ནས་ཡོན་ཏན་ལྷུན་གྱིས་གྲུབ་ཟིན་པས། །སྐྱོན་དང་ཉེས་ཆའི་མུན་པས་བསྒྲིབས་པ་མེད། །སྔ་ཕྱི་དུས་གསུམ་ འཕོ་འགྱུར་མེད་པར་གཅིག །སངས་རྒྱས་སེམས་ཅན་ཀུན་ལ་ཁྱབ་པར་གཅིག །འདི་ནི་རང་བྱུང་བྱང་ཆུབ་སེམས་ཞེས་བྱ། །སེམས་ཉིད་སྟོང་པའི་ཆ་ནས་ཆོས་ཀྱི་སྐུ་དང་། གསལ་བའི་ཆ་ནས་ལོངས་སྤྱོད་རྫོགས་

[p. 830] པའི་སྐུ་དང་། འཆར་བའི་ཆ་ནས་སྤྲུལ་པའི་སྐུ་ཞེས་མིང་དུ་བརྗོད་ཀྱང་། ངོ་བོ་ངོས་བཟུང་གི་ཆོས་སུ་གྲུབ་པ་ནི་ཅུང་ཟད་ཀྱང་མེད་ལ། དགོངས་པ་དེ་ཉིད་དུས་གསུམ་འཕོ་འགྱུར་མེད་པར་ལྷུན་གྱིས་གྲུབ་སྟེ། འཁོར་འདས་ ཀུན་ལ་སྙིང་པོའི་ཚུལ་དུ་ཁྱབ་པའི་ཕྱིར། །བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་གསུངས་ཏེ། དེ་དག་ཀྱང་སྟོད་གསལ་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ནི། ཀུན་བྱེད་ལས། ཀུན་བྱེད་བྱང་ཆུབ་ སེམས་པ་ནི། །རང་བཞིན་མ་བཅོས་རྣམ་གསུམ་ལས། །མིང་ཙམ་སྐུ་གསུམ་བྱུང་ཚུལ་བསྟན། །ངེས་པར་སྐུ་གསུམ་རང་བཞིན་ཀྱང་། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་པ་ནི། །མ་སྐྱེས་ གཟུང་འཛིན་བྲལ་བ་ལས། །ཆོས་སྐུ་སྐྱེ་མེད་མིང་ཙམ་བྱུང་། །ངེས་པར་ཆོས་སྐུ་མིང་ཙམ་སྟེ། །དེ་བཞིན་ཉིད་ལས་གཡས་པ་མེད། །ཀུན་བྱེད་བྱངས་ཆུབ་སེམས་པ་ཡི། །ངོ་བོ་མིང་ཙམ་མངོན་ཕྱུང་བ། །ལོངས་སྤྱོད་རྫོགས་སྐུ་ མིང་ཙམ་ཚུལ། །ངེས་པར་ལོངས་སྤྱོད་རྫོགས་སྐུ་དེ། །དེ་བཞིན་ཉིད་ལས་གཡོགས་པ་མེད། །ཀུན་བྱེད་བྱད་ཆུབ་སེམས་པ་ཡི། །ཐུགས་རྗེ་སྤྲུལ་སྐུ་མངོན་ཕྱུང་བ། །ཐུགས་རྗེ་མ་བཅོས་རང་བཞིན་ལས། །མིང་ཙམ་སྤྲུལ་སྐུའི་ ཚུལ་བྱུང་བ། །ངེས་པར་སྤྲུལ་པའི་སྐུ་དེ་ཡང་། །དེ་བཞིན་ཉིད་ལས་པ་གཡོས་པ་མེད། །ཅེས་སོ། །དེ་ལྟ་བུའི་ངང་ལས་སྣང་སྲིད་ཤར་བར་བསྟན་པ་ནི། །དེ་ཡི་རྩལ་ནི་ཅིར་ཡང་འཆར་བ་སྟེ། །རྟོགས་དང་མི་རྟོགས་སྣང་

[p. 831] ༄༅། །སྲིད་སྣོད་བཅུད་དང་། །སྐྱེ་འགྲོའི་སྣང་བ་སྣ་ཚོགས་ཇི་སྙེད་དོ། །རིག་པའི་རང་བཞིན་མེ་ལོང་ལྟ་བུའི་ངང་ན་རང་རྩལ་གཟུགས་བརྙན་དང་འདྲ་བ་ཐམས་ཅད་འཆར་བའི་གཞིར་ གནས་བས། སྣང་སྲིད་སྣོད་བཅུད་ཀྱི་སྣང་བ་སྣ་ཚོགས་སུ་ཤར་ཡང་རིག་པའི་ངོ་བོ་ལ་གོས་བ་དང་འཕོ་འགྱུར་མེད་དེ། གཟུགས་བརྙན་གྱིས་མེ་ལོང་ལ་མ་གོས་ཤིང་འཕོ་འགྱུར་གང་ཡང་མེད་པ་བཞིན་ནོ།། རང་ཤར་ལས། དུས་མེད་སྣང་བའི་རང་བྱུང་ཆེན་པོ་ནི། །ནམ་མཁའི་ངང་ནས་ཉི་ཟླའི་ཆོ་འཕྲུལ་འབྱུང་བ་ལྟར། །སྐྱེ་མེད་ངང་ལས་འགགས་མེད་ཆོ་འཕྲུལ་འབྱུང་། །དེ་བཞིན་ཆོ་འཕྲུལ་ཆེན་པོ་དཀའ་བ་ མིན། །ཞེས་པ་དང་། ཀུན་བྱེད་ལས། ཡང་དག་ཀུན་གྱི་ངོ་བོ་བྱང་ཆུབ་ང་། །སྤྲོས་མེད་དབྱིངས་ཀྱི་ངོ་བོ་ང་ཡིན་ལ། །སངས་རྒྱས་ཀུན་གྱི་གསང་ཆེན་ང་ཡིན་པས། །རོལ་པ་ཁམས་གསུམ་འགྲོ་དྲུག་ ང་ལས་ཤར། །ཞེས་སོ། །ཤར་བ་ཉིད་ནས་རང་བཞིན་མེད་དོ་ཞེས་བསྟན་པ་ནི། འདི་ཀུན་ཤར་ཡང་རང་བཞིན་འགའ་མེད་དེ། །སྨིག་རྒྱུའི་ཆུ་དང་རྨི་ལམ་སྒྲ་བརྙན་བཞིན། །སྤྲུལ་པ་གཟུགས་བརྙན་དྲི་ཟའི་ གྲོང་ཁྱེར་དང་། །མིག་ཡོར་ཇི་བཞིན་མེད་པ་གསལ་སྣང་དུ། །གཞི་མེད་རྟེན་མེད་གློ་བུར་སྣང་བ་ཙམ། །བར་སྐབས་རེ་འགའི་ཆོས་སྐུ་རྟོགས་པར་བྱ། །རྨི་ལམ་གྱི་སྣང་བ་ནི་གཉིད་དུ་མ་སོང་བ་དང་

[p. 832] སད་པའི་དུས་སྔ་ཕྱི་གཉིས་ཀར་མེད་ཀྱང་། གཉིད་ཁུང་ན་བར་དེར་སྣང་བ་ལྟར། འཁོར་བའི་འཁྲུལ་སྣང་ཡང་ཐོག་མ་ཆོས་ཉིད་གཞིའི་དུས་དང་། ཐ་མ་མྱ་ངན་ལས་འདས་པ་འབྲས་བུའི་དུས་གཉིས་ཀར་མེད་ལ། ད་ལྟར་བར་འདིར་བློ་འཁྲུལ་པ་ལ་སྣང་ཡང་སྣང་དུས་ཉིད་ནས་མེད་པ་གསལ་སྣང་གི་ངོ་བོ་སྟོང་གཟུགས་སྣང་བ་ཙམ་ལས་གང་དུའང་གྲུབ་པ་མེད་དེ། ཆོས་ཐམས་ཅད་རང་བཞིན་མེད་པས་སྐྱེ་འགགས་ གནས་གསུམ་དུ་གྲུབ་པ་མེད་པའི་ཕྱིར་རོ། །རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ཡང་འཇིག་པ་ གསུངས། ཞེས་པ་དང་། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། །སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། །འདི་ན་སུ་ཡང་མི་སྐྱེ་འཆི་བ་མེད། །སེམས་ཅན་མི་དང་སྲོག་ཀྱང་མི་རྙེད་དེ། ། ལས་བྱས་བསགས་པ་ནམ་ཡང་མེད་མི་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་དག་ཆོས་ཉིད་ལས་མ་གཡོས་པར་བསྟན་པ་ནི། ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །རོལ་པ་ མ་འགགས་འཁོར་འདས་ཆོ་འཕྲུལ་འབྱུང་། །ཆོ་འཕྲུལ་དེ་ཀུན་དབྱིངས་སུ་འུབ་ཆུབ་པས། །གདོད་མའི་ངང་ལས་གཡོས་པ་མེད་ཤེས་བྱ། །འཁོར་འདས་ཇི་སྙེད་སྣང་ཡང་སྣང་དུས་ཉིད་ནས་

[p. 833] ༄༅། །བྱང་ཆུབ་སེམས་ཀྱི་ངོ་བོའི་ངང་ལས་མ་གཡོས་ཏེ། ཀུན་བྱེད་ལས། ཆོས་ཀུན་རྩ་བ་ཀུན་བྱེད་བྱང་ཆུབ་སེམས། །ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཡིན། །ཇི་ལྟར་བྱུང་བ་ང་ཡི་ཆོ་ འཕྲུལ་ཡིན། །ཞེས་སོ། །ཐམས་ཅད་དབྱིངས་སུ་རྫོགས་པས་རྫོགས་པ་ཆེན་པོར་བསྟན་པ་ནི། འདིར་ནི་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང་། །གཅིག་རྫོགས་ཀུན་རྫོགས་མ་བྱས་དོན་ཀུན་རྫོགས། །རང་ བཞིན་ལྷུན་རྫོགས་རང་བྱུང་ཡེ་ཤེས་སོ། །རིག་པའི་ངོ་བོ་ལ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷུན་གྱིས་རྫོགས་ཏེ། ཡི་གེ་མེད་པ་ལས། ང་ལ་སྐྱེ་དང་འཆི་མེད་པས། །འགག་པའི་ཆོས་ནི་ཡོངས་ སུ་རྫོགས། །ང་ལ་ཕྱི་དང་ནང་མེད་པས། །གསལ་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་སྟོང་དང་དངོས་མེད་པས། །སྣང་བའི་ཆོས་ནི་ཡོངས་སུ་རྫོག་ས། །ང་ལ་དམིགས་པའི་ཡུལ་མེད་པས། །མཐོང་བའི་ ཆོས་ནི་ཡོངས་སུ་རྫོགས། །ད་ལ་ལུས་དང་སེམས་མེད་པས། །རང་སྣང་ཆོས་ནི་ཡོངས་སུ་རྫོགས། ང་ལ་བདག་དང་གཞན་མེད་པས། །རིག་པའི་ཆོས་ནི་ཡོངས་སུ་རྫོགས་ས། །ང་ལ་བྱེད་པའི་རྒྱུ་མེད་པས། ། བསམ་གཏན་ཆེན་པོ་ཡོངས་སུ་རྫོགས། །ང་ལ་ཕྱིན་པའི་ཡུལ་མེད་པས། །རང་སྣང་ཡུལ་ནི་ཡོངས་སུ་རྫོགས། །ངལ་ཕྱོགས་དང་རིས་མེད་པས། །གསང་བའི་ཡེ་ཤེས་ཡོངས་སུ་རྫོགས། །དེ་ལ་སྣང་བ།

[p. 834] འགག་མེད་པས། །དབྱིངས་ཀྱི་ཆོས་གསུམ་ཡོངས་སུ་རྫོགས། །ང་ལ་གཅིག་དང་གཉིས་མེད་པས། །ཐིག་ལེའི་ཆོས་རྣམས་ཡོངས་སུ་རྫོགས། །ང་ལ་མུན་དང་སྣང་མེད་པས། །མངོན་པར་སྣང་བའི་ཆོས་རྣམས་རྫོགས་ ང་ལ་བདག་རྟོག་གཉིས་མེད་པས། །སྟོང་པའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་དྲི་མ་གཉིས་མེད་པས། །གསལ་བའི་ཆོས་ལྔ་ཡོངས་སུ་རྫོགས། །ང་ལ་སྤྲོ་ཞིང་བསྡུ་མེད་པས། །ཡི་གེའི་དོན་རྣམས་ཡོངས་ སུ་རྫོགས། །ཞེས་སོ། །དེའང་སྣང་ཚོད་མ་འགགས་པར་བྱང་ཆུབ་སེམས་ཀྱི་ངོ་ཁ་ལ་ཡོད་སྣང་ཙམ་དུ་རྫོགས་ཚུལ་བསྟན་ན། ཀློང་དྲུག་པ་ལས་ཀྱང་། སྐྱེ་བ་ཡོད་པའི་སེམས་ཉིད་ལ། །འགྲོ་དྲུག་སྣང་ བ་རང་ཤར་བ། །ཐ་དང་གཟུགས་རྣམས་འཛིན་པར་ནི། །སྣང་བ་གཟུགས་སུ་སྨིན་པར་རྫོགས། །འགག་པ་ཡོད་པའི་སེམས་ཉིད་ལ།། མི་རྟག་རྒྱུ་རུ་རང་ཤར་བས། །རང་བཞིན་མེད་པའི་སྣང་བར་ནི། །དཔེར་ ན་རྨི་ལམ་བཞིན་དུ་རྫོགས། །སྤྲོས་པ་ཡོད་པའི་སེམས་ཉིད་ལ་། །སྣ་ཚོགས་སྣང་བ་རང་ཤར་བས། །སྒོ་ལྔ་སོ་སོའི་སྣང་བར་ནི། །རང་ས་གཟུང་བའི་ཆ་ནས་རྫོགས། །བསྟན་དུ་ཡོད་པའི་སེམས་ཉིད་ ལ། །སྒྲ་ཚིག་མིང་རྣམས་རང་ཤར་བས། །ཐ་སྙད་བློ་རྣམས་རང་དག་པར། །བླ་མའི་མན་ངག་གསང་བ་རྫོགས། །མཐོང་དུ་ཡོད་པའི་སེམས་ཉིད་ལ། བྱུང་རྐྱེན་དུ་མ་རང་ཤར་བས། །སྣང་བའི་ཡུལ་

[p. 835] ༄༅། །

[edit]
OCR of the BDRC scans (I2PD20601, I2PD20602), gorn05 tibocr 2026: BDRC OCR on 244 pages, Mitra OCR on 127 pages (the model with more recognisable syllables on each page).

[p. 41] ང་ལས་གོལ་ཞིང་ང་བསྒྲིབས་པས། །ཆོས་ཀྱི་སྙིང་པོ་མཐོང་མི་འགྱུར། །ཞེས་སོ། །དེ་ལྟར་ནམ་མཁའི་དཔེས་མཚོན་པའི་རིག་པ་སྤྲོས་བྲལ་བསམ་བརྗོད་ལས་འདས་པའི་ངོ་བོ་ནི་ཀུན་ཏུ་བཟང་པོ་དང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དགོངས་པ་སྟེ། རྒྱུད་དེ་ཉིད་ལས། ཀུན་བཟངས་དགོངས་པ་འདུས་པ་ནི། །ཇི་ལྟར་སྣང་བ་ཐམས་ཅད་ཀུན། །བཟང་ངན་བླང་དོར་མེད་པ་རུ། །ཀུན་བྱེད་མངོན་དུ་ཕྱུང་བར་འདུས། །རྡོ་རྗེ་སེམས་དགོངས་འདུས་པ་ནི། །

[p. 42] མི་སྐྱེ་མི་འགག་དགོངས་པ་འདུས། །རབས་བདུན་ཤཱཀྱ་ཐུབ་པ་དང་། །སྟོང་རྩ་གཉིས་དང་རྡུལ་སྙེད་དང་། །སྐུ་གསུང་ཐུགས་ཀྱིས་དོན་མཛད་པའི། །བྱུང་ཡང་སྐུ་གསུང་ཐུགས་ལས་བྱུང་། །སྐུ་གསུང་ཐུགས་ཀྱི་ཆོས་ཉིད་ལ། །སྐུ་གསུང་ཐུགས་ཀྱི་དོན་ མཛད་ཚུལ། །དེ་ཡང་ཀུན་བྱེད་ཉིད་དུ་འདུས། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །ང་རུ་མ་འདུས་གཅིག་ཀྱང་མེད། །ནམ་མཁའི་ཁམས་ཀྱི་གཞལ་ཡས་ན། །ང་རུ་མ་འདུས་གཅི་ཀྱང་མེད། །ཅེས་སོ། །དེ་ལྟ་བུའི་རིག་པ་ཉི་མའི་སྙིང་པོ་ལྟར་བསྟན་ པ་ནི། བྱང་ཆུབ་སེམས་ནི་ཉི་མའི་སྙིང་པོ་འདྲ། །ངང་གིས་འོད་གསལ་ཡེ་ནས་འདུས་མ་བྱས། །སྒྲིབ་པའི་ཆོས་མེད་ཟང་ཐལ་ལྷུན་གྱིས་གྲུབ། །སྤྲོས་པའི་ཆོས་མེད་མི་རྟོག་ཆོས་ཉིད་ངང་། །ཞེས་མདོར་བསྟན་ཏེ། ངང་གིས་འོད་གསལ་ལ་ འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་ཆོས་སྐུ་རིག་པ་ཟང་ཐལ་ཆེན་པོ་སྟེ། རང་ཤར་ལས། མཐའ་བཞི་བྲལ་བའི་ཆོས་སྐུ་ཆེན་པོ་ནི། །དྲི་མེད་འོད་གསལ་མེན་ཤེལ་དག་པ་འདྲ། །མཐའ་བྲལ་ཆོས་སྐུ་མུན་པ་སངས་པའི་སྐུ། །དྲི་མེད་མུན་སེལ་ ཉི་མའི་དཀྱིལ་འཁོར་ལྟར། །མཐའ་བཞིའི་མུན་སེལ་ཡེ་ནས་ལྷུན་གྱིས་གྲུབ། །ཅེས་སོ། །རྒྱས་པར་བཤད་པ་ནི། སྟོང་པས་ཆོས་སྐུ་གསལ་བས་ལོངས་སྤྱོད་རྫོགས། །ཟེར་ལྡན་སྤྲུལ་པ་སྐུ་གསུམ་འདུ་འབྲལ་མེད། །ཡེ་ནས་ཡོན་ཏན་ལྷུན་ གྱིས་གྲུབ་ཟིན་པས། །སྐྱོན་དང་ཉེས་ཆའི་མུན་པས་བསྒྲིབས་པ་མེད། །སྔ་ཕྱི་དུས་གསུམ་འཕོ་འགྱུར་མེད་པར་གཅིག །སངས་རྒྱས་སེམས་ཅན་ཀུན་ལ་ཁྱབ་པར་གཅིག །འདི་ནི་རང་བྱུང་བྱང་ཆུབ་སེམས་ཞེས་བྱ། །སེམས་ཉིད་སྟོང་པའི་ཆ་ནས་ ཆོས་ཀྱི་སྐུ་དང་། གསལ་བའི་ཆ་ནས་ལོངས་སྤྱོད་རྫོགས་པའི་སྐུ་དང་། འཆར་བའི་ཆ་ནས་སྤྲུལ་པའི་སྐུ་ཞེས་མིང་དུ་བརྗོད་ཀྱང་། ངོ་བོ་ངོས་གཟུང་གི་ཆོས་སུ་གྲུབ་པ་ནི་ཅུང་ཟད་ཀྱང་མེད་ལ། དགོངས་པ་དེ་ཉིད་དུས་གསུམ་འཕོ་འགྱུར་མང་བར་ལྷུན་

[p. 43] གྱིས་གྲུབ་སྟེ། འཁོར་འདས་ཀུན་ལ་སྙིང་པོའི་ཚུལ་དུ་ཁྱབ་པའི་ཕྱིར། །བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་གསུངས་ཏེ། དེ་དག་ཀྱང་སྟོང་གསལ་རིང་བྱུང་གི་ཡེ་ཤེས་སུ་བསྟན་པ་ནི། ཀུན་བྱེད་ལས། ཀུན་བྱེད་བྱང་ཆུབ་སེམས་ང་ནི། །རང་བཞིན་མ་བཅོས་རྣམ་གསུམ་ལས། །མིང་ཙམ་སྐུ་གསུམ་བྱུང་ཚུལ་བསྟན། །ངེས་པར་སྐུ་གསུམ་རང་བཞིན་ཀྱང་། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་ནི། །མ་སྐྱེས་གཟུང་འཛིན་བྲལ་བ་ལས། །ཆོས་སྐུ་སྐྱེ་མེད་མིང་ཙམ་བྱུང་། །ངེས་པར་ཆོས་སྐུ་མིང་ཙམ་སྟེ། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་ཡི། །ངོ་བོ་མིང་ཙམ་མངོན་བྱུང་བ། །ལོངས་སྤྱོད་རྫོགས་སྐུ་མིང་ཙམ་ཚུལ། །ངེས་པར་ལོངས་སྤྱོད་རྫོགས་སྐུ་དེ། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་ཡི། །ཐུགས་རྗེ་སྤྲུལ་སྐུ་མདོག་བྱུང་བ། །ཐུགས་རྗེ་མ་བཅོས་རང་བཞིན་ལས། །མིང་ཙམ་སྤྲུལ་སྐུའི་ཚུལ་བྱུང་བ། །ངེས་པར་སྤྲུལ་པའི་སྐུ་དེ་ཡང་། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཅེས་སོ། །དེ་ལྟ་བུའི་ངང་ལས་སྣང་སྲིད་ཤར་བར་བསྟན་པ་ནི། དེ་ཡི་རྩལ་ནི་ཅིར་ཡང་འཆར་བ་སྟེ། །རྟོགས་དང་མི་རྟོགས་སྣང་སྲིད་སྣོད་བཅུད་དང་། །སྐྱེ་འགྲོའི་སྣང་བ་སྣ་ཚོགས་ཇི་སྙེད་དོ། །རིག་པའི་རང་བཞིན་མེ་ལོང་ལྟ་བུའི་ངང་ན་རང་རྩལ་གཟུགས་བརྙན་དང་འདྲ་བ་ཐམས་ཅད་འཆར་བའི་གཞིར་གནས་པས། སྣང་སྲིད་སྣོད་བཅུད་ཀྱི་སྣང་བ་སྣ་ཚོགས་སུ་ཤར་ཡང་རིག་པའི་ངོ་བོ་ལ་གོས་པ་དང་འཕོ་འགྱུར་མེད་དེ། གཟུགས་བརྙན་གྱིས་མེ་ལོང་ལ་མ་གོས་ཤིང་འཕོ་འགྱུར་གང་ཡང་མེད་པ་བཞིན་ནོ། །རང་ཤར་ལས། དུས་མེད་སྣང་བའི་རང་བྱུང་ཆེན་པོ་ནི། །ནམ་མཁའི་ངང་ནས་ཉི་ཟླའི་ཆོ་འཕྲུལ་འབྱུང་བ་ལྟར། །སྐྱེ་མེད་ངང་ལས་འགག་མེད་ཆོ་འཕྲུལ་འབྱུང་། །དེ་བཞིན་ཆོ་འཕྲུལ་ཆེན་པོ་དཀའ་བ་མིན། །

[p. 44] ཞེས་པ་དང་། ཀུན་བྱེད་ལས། ཡང་དག་ཀུན་གྱི་ངོ་བོ་བྱང་ཆུབ་ང་། །སྤྲོས་མེད་དབྱིངས་ཀྱི་ངོ་བོ་ང་ཡིན་ལ། །སངས་རྒྱས་ཀུན་གྱི་གསང་ཆེན་ང་ཡིན་པས། །རོལ་པ་ཁམས་གསུམ་འགྲོ་དྲུག་ང་ལས་ཤར། །ཞེས་སོ། །ཤར་བ་ཉིད་ནས་རང་བཞིན་མེད་དོ་ཞེས་བསྟན་པ་ནི། འདི་ཀུན་ཤར་ཡང་རང་བཞིན་འགའ་མེད་དེ། །སྨིག་རྒྱུའི་ཆུ་དང་རྨི་ལམ་སྒྲ་བརྙན་བཞིན། །སྤྲུལ་པ་གཟུགས་བརྙན་དྲི་ཟའི་གྲོང་ཁྱེར་དང་། །མི་གཡོར་ཇི་བཞིན་མེད་པ་གསལ་སྣང་དུ། །གཞི་མེད་རྟེན་མེད་གློ་བུར་སྣང་བ་ཙམ། །བར་སྐབས་རེ་འགའི་ཆོས་སྐུ་རྟོགས་པར་བྱ། །རྨི་ལམ་གྱི་སྣང་བ་ནི་གཉིད་དུ་མ་སོང་བ་དང་སད་པའི་དུས་སྔ་ཕྱི་གཉིས་ཀར་མེད་ཀྱང་། གཉིད་ཁུང་ན་བར་དེར་སྣང་བ་ལྟར། འཁོར་བའི་འཁྲུལ་སྣང་ཡང་ཐོག་མ་ཆོས་ཉིད་གཞིའི་དུས་དང་། ཐ་མ་མྱ་ངན་ལས་འདས་པ་འབྲས་བུ་འདུས་གཉིས་ཀར་མེད་ལ། ད་ལྟ་བར་འདིར་བློ་འཁྲུལ་པ་ལ་སྣང་ཡང་སྣང་དུས་ཉིད་ནས་མེད་པ་གསལ་སྣང་གི་ངོ་བོ་སྟོང་གཟུགས་སྣང་བ་ཙམ་ལས་གང་དུའང་གྲུབ་པ་མེད་དེ། ཆོས་ཐམས་ཅད་རང་བཞིན་མེད་པས་སྐྱེ་འགག་གནས་གསུམ་དུ་གྲུབ་པ་མེད་པའི་ཕྱིར་རོ། །རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ཡང་འཇིག་པ་གསུངས། །ཞེས་པ་དང་། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། །འདི་ན་སུ་ཡང་མི་སྐྱེ་འཆི་བ་མེད། །སེམས་ཅན་མི་དང་སྲོག་ཀྱང་མི་རྙེད་དེ། །ལས་བྱས་བསགས་པ་ནམ་ཡང་མེད་མི་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་དག་ཆོས་ཉིད་ལས་མ་གཡོས་པར་བསྟན་པ་ནི། ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །རོལ་པ་མ་འགགས་འཁོར་འདས་ཆོ་འཕྲུལ་འབྱུང་། །ཆོ་འཕྲུལ་དེ་ཀུན་དབྱིངས་སུ་འུབ་ཆུབ་པས། །གདོད་མའི་ངང་ལས་གཡོས་པ་མེད་ཤེས་བྱ། །འཁོར་འདས་ཇི་སྙེད་སྣང་ཡང་སྣང་དུས་ཉིད་ནས་བྱང་ཆུབ་སེམས་ཀྱི་ངོ་བོའི་ངང་ལས་མ་

[p. 45] གཡོས་ཏེ། ཀུན་བྱེད་ལས། ཆོས་ཀུན་རྩ་བ་ཀུན་བྱེད་བྱང་ཆུབ་སེམས། །ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཡིན། །ཇི་ལྟར་བྱུང་བ་ང་ཡི་ཆོ་འཕྲུལ་ཡིན། །ཞེས་སོ། །ཐམས་ཅད་དབྱིངས་སུ་རྫོགས་པས་རྫོགས་པ་ཆེན་པོར་བསྟན་པ་ནི། འདིར་ནི་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང་། །གཅིག་རྫོགས་ཀུན་རྫོགས་མ་བྱས་དོན་ཀུན་རྫོགས། །རང་བཞིན་ལྷུན་རྫོགས་རང་བྱུང་ཡེ་ཤེས་སོ། །རིག་པའི་ངོ་བོ་ལ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷུན་གྱིས་རྫོགས་ཏེ། ཡི་གེ་མེད་པ་ལས། ང་ལ་སྐྱེ་དང་འཆི་མེད་པས། །འགག་པའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་ཕྱི་དང་ནང་མེད་པས། །གསལ་བའི་ཆོས་ནི་ཡོངས་སུ་རྫོགས།། ང་ལ་སྟོང་དང་དངོས་མེད་པས། །སྣང་བའི་ཆོས་ནི་ཡོངས་སུ་རྫོག་ས། །ང་ལ་དམིགས་པའི་ཡུལ་མེད་པས། །མཐོང་བའི་ཆོས་ནི་ཡོངས་སུ་རྫོངས། །ང་ལ་ལུས་དང་སེམས་མེད་པས། །རང་སྣང་ཆོས་ནི་ཡོངས་སུ་རྫོགས། ང་ལ་བདག་དང་གཞན་མེད་པས། །རིག་པའི་ཆོས་ནི་ཡོངས་སུ་རྫོང་། །ང་ལ་བྱེད་པའི་རྒྱུ་མེད་པས། །བསམ་གཏན་ཆེན་པོ་ཡོངས་སུ་རྫོགས། །ང་ལ་བྱིན་པའི་ཡུལ་མེད་པས། །རང་སྣང་ཡུལ་ནི་ཡོངས་སུ་རྫོགས། །ང་ཡི་ཕྱོགས་དང་རིས་མེད་པས། །གསང་བའི་ཡེ་ཤེས་ཡོངས་སུ་རྫོགས། །ང་ལ་སྣང་བ་འགག་མེད་པས། །དབྱིངས་ཀྱི་ཆོས་གསུམ་ཡོངས་སུ་རྫོགས། །ང་ལ་གཅིག་དང་གཉིས་མེད་པས། །ཐིག་ལེའི་ཆོས་རྣམས་ཡོངས་སུ་རྫོགས། །ང་ལས་མུན་དང་སྣང་མེད་པས། །མངོན་པར་སྣང་བའི་ཆོས་རྣམས་རྫོགས། །ང་ལ་བདག་རྟོག་གཉིས་མེད་པས། །སྟོང་པའི་ཆོས་ནི་ཡོངས་སུ་རྫོགས།། ང་ལ་དྲི་མ་གཉིས་མེད་པས། །གསལ་བའི་ཆོས་ལྔ་ཡོངས་སུ་རྫོགས། །ང་ལ་སྤྲོ་ཞིང་བསྡུ་མེད་པས། །ཡི་གེའི་དོན་རྣམས་ཡོངས་སུ་རྫོགས།། ཞེས་སོ། །དེའང་སྣང་ཚོད་མ་འགགས་པར་བྱང་ཆུབ་སེམས་ཀྱི་ངོ་ཁ་ལ་ཡོད་སྣང་ཙམ་དུ་རྫོགས་ཚུལ་བསྟན་ན། ཀློང་དྲུག་

[p. 46] པ་ལས་ཀྱང་། སྐྱེ་བ་ཡོད་པའི་སེམས་ཉིད་ལ། །འགྲོ་དྲུག་སྣང་བ་རང་ཤར་བ། །ཐ་དད་གཟུགས་རྣམས་འཛིན་པར་ནི། །སྣང་བ་གཟུགས་སུ་སྨིན་པར་རྫོགས། །འགག་པ་ཡོད་པའི་སེམས་ཉིད་ལ། མི་རྟག་རྒྱུ་རུ་རང་ཤར་བས། །རང་བཞིན་མེད་པའི་སྣང་བར་ནི། །དཔེར་ན་རྨི་ལམ་བཞིན་དུ་རྫོགས། །སྤྲོས་པ་ཡོད་པའི་སེམས་ཉིད་ལ་། །སྣ་ཚོགས་སྣང་བ་རང་ཤར་བས། །སྒོ་ལྔ་སོ་སོའི་སྣང་བར་ནི། །རང་ས་གཟུང་བའི་ཆ་ནས་རྫོགས། །བསྟན་དུ་ཡོད་པའི་སེམས་ཉིད་ལ།། །སྒྲ་ཚིག་མིང་རྣམས་རང་ཤར་བས། །ཐ་སྙད་བློ་རྣམས་རང་དག་པར། །བླ་མའི་མན་ངག་གསང་བ་རྫོགས། །མཐོང་དུ་ཡོད་པའི་སེམས་ཉིད་ལས། །བྱུང་རྐྱེན་དུ་མ་རང་ཤར་བས། །

[edit]
OCR of the BDRC scans (I3CN4267), gorn05 tibocr 2026: BDRC OCR on 226 pages, Mitra OCR on 175 pages (the model with more recognisable syllables on each page).

[p. 103] བསྒྲིབས་པས། །ཆོས་ཀྱི་སྙིང་པོ་མཐོང་མི་འགྱུར། །ཞེས་སོ། །དེ་ལྟར་ནམ་མཁའི་ དཔེས་མཚོན་པའི་རིག་པ་སྤྲོས་བྲལ་བསམ་བརྗོད་ལས་འདས་པའི་ངོ་བོ་ནི་ཀུན་ཏུ་ བཟང་པོ་དང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དགོངས་པ་སྟེ། རྒྱུད་དེ་ཉིད་ལས། ཀུན་བཟང་དགོངས་པ་འདུས་པ་ནི། །ཇི་ལྟར་སྣང་བ་ཐམས་ཅད་ཀུན། །བཟང་ ངན་བླང་དོར་མེད་པ་རུ། །ཀུན་བྱེད་མངོན་དུ་ཕྱུང་བར་འདུས། །རྡོ་རྗེ་སེམས་ དགོངས་འདུས་པ་ནི། །མི་སྐྱེས་མི་འགག་དགོངས་པ་འདུས། །རབས་བདུན་ཤཱཀྱ་ ཐུབ་པ་དང་། །སྟོང་རྩ་གཉིས་དང་རྡུལ་སྙེད་དང་། །སྐུ་གསུང་ཐུགས་ཀྱིས་དོན་ མཛད་པའི། །བྱུང་ཡང་སྐུ་གསུང་ཐུགས་ལས་བྱུང་། །སྐུ་གསུང་ཐུགས་ཀྱི་ཆོས་ཉིད་ ལ༑ ༑སྐུ་གསུང་ཐུགས་ཀྱིས་དོན་མཛད་ཚུལ། །དེ་ཡང་ཀུན་བྱེད་ཉིད་དུ་འདུས། ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །ང་རུ་མ་འདུས་གཅིག་ཀྱང་མེད། །ནམ་མཁའི་ ཁམས་ཀྱི་གཞལ་ཡས་ན། །ང་རུ་མ་འདུས་གཅིག་ཀྱང་མེད། །ཅེས་སོ། །དེ་ལྟ་བུའི་ རིག་པ་ཉི་མའི་སྙིང་པོ་ལྟར་བསྟན་པ་ནི། བྱང་ཆུབ་སེམས་ནི་ཉི་མའི་སྙིང་པོ་འདྲ། ། ངང་གིས་འོད་གསལ་ཡེ་ནས་འདུས་མ་བྱས། །སྒྲིབ་པའི་ཆོས་མེད་ཟང་ཐལ་ལྷུན་ གྱིས་གྲུབ། །སྤྲོས་པའི་ཆོས་མེད་མི་རྟོག་ཆོས་ཉིད་ངང་། །ཞེས་མདོར་བསྟན་ཏེ། ངང་གིས་འོད་གསལ་ལ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་ཆོས་སྐུ་རིག་པ་ཟང་ ཐལ་ཆེན་པོ་སྟེ། རང་ཤར་ལས། མཐའ་བཞི་བྲལ་བའི་ཆོས་སྐུ་ཆེན་པོ་ནི། །དྲི་

[p. 104] ༈ ལེའུ་གསུམ་པ་བྱང་ཆུབ་སེམས་ཀྱི་མཚོན་དཔེ་བསྟན་པ། མེད་འོད་གསལ་མན་ཤེལ་དག་པ་འདྲ། །མཐའ་བྲལ་ཆོས་སྐུ་མུན་པ་སངས་པའི་ སྐུ༑ ༑དྲི་མེད་མུན་སེལ་ཉི་མའི་དཀྱིལ་འཁོར་ལྟར། །མཐའ་བཞིའི་མུན་སེལ་ཡེ་ ནས་ལྷུན་གྱིས་གྲུབ། །ཅེས་སོ། །རྒྱས་པར་བཤད་པ་ནི། སྟོང་པས་ཆོས་སྐུ་གསལ་ བས་ལོངས་སྤྱོད་རྫོགས། །ཟེར་ལྡན་སྤྲུལ་པ་སྐུ་གསུམ་འདུ་འབྲལ་མེད། །ཡེ་ནས་ ཡོན་ཏན་ལྷུན་གྱིས་གྲུབ་ཟིན་པས། །སྐྱོན་དང་ཉེས་ཆའི་མུན་པས་བསྒྲིབས་པ་མེད། ། སྔ་ཕྱི་དུས་གསུམ་འཕོ་འགྱུར་མེད་པར་གཅིག །སངས་རྒྱས་སེམས་ཅན་ཀུན་ལ་ ཁྱབ་པར་གཅིག །འདི་ནི་རང་བྱུང་བྱང་ཆུབ་སེམས་ཞེས་བྱ། །སེམས་ཉིད་སྟོང་ པའི་ཆ་ནས་ཆོས་ཀྱི་སྐུ་དང་། གསལ་བའི་ཆ་ནས་ལོངས་སྤྱོད་རྫོགས་པའི་སྐུ་དང་། འཆར་བའི་ཆ་ནས་སྤྲུལ་པའི་སྐུ་ཞེས་མིང་དུ་བརྗོད་ཀྱང་། ངོ་བོ་ངོས་གཟུང་གི་ཆོས་ སུ་གྲུབ་པ་ནི་ཅུང་ཟད་ཀྱང་མེད་ལ། དགོངས་པ་དེ་ཉིད་དུས་གསུམ་འཕོ་འགྱུར་ མེད་པར་ལྷུན་གྱིས་གྲུབ་སྟེ། འཁོར་འདས་ཀུན་ལ་སྙིང་པོའི་ཚུལ་དུ་ཁྱབ་པའི་ཕྱིར། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་གསུངས་ཏེ། དེ་དག་ཀྱང་ སྟོང་གསལ་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ནི། ཀུན་བྱེད་ལས། ཀུན་བྱེད་བྱང་ ཆུབ་སེམས་ང་ནི། །རང་བཞིན་མ་བཅོས་རྣམ་གསུམ་ལས། །མིང་ཙམ་སྐུ་གསུམ་ བྱུང་ཚུལ་བསྟན། །ངེས་པར་སྐུ་གསུམ་རང་བཞིན་ཀྱང་། །དེ་བཞིན་ཉིད་ལས་ གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་ནི། །མ་སྐྱེས་གཟུང་འཛིན་བྲལ་བ་ ལས། །ཆོས་སྐུ་སྐྱེ་མེད་མིང་ཙམ་བྱུང་། །ངེས་པར་ཆོས་སྐུ་མིང་ཙམ་སྟེ། །དེ་བཞིན་ ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་ཡི། །ངོ་བོ་མིང་ཙམ་ མངོན་བྱུང་བ། །ལོངས་སྤྱོད་རྫོགས་སྐུ་མིང་ཙམ་ཚུལ། །ངེས་པར་ལོངས་སྤྱོད་ རྫོགས་སྐུ་དེ། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་

[p. 105] ༈ ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། ཡི༑ ༑ཐུགས་རྗེ་སྤྲུལ་སྐུ་མངོན་ཕྱུང་བ། །ཐུགས་རྗེ་མ་བཅོས་རང་བཞིན་ལས། ། མིང་ཙམ་སྤྲུལ་སྐུའི་ཚུལ་བྱུང་བ། །ངེས་པར་སྤྲུལ་པའི་སྐུ་དེ་ཡང་། །དེ་བཞིན་ཉིད་ ལས་གཡོས་པ་མེད། །ཅེས་སོ། །དེ་ལྟ་བུའི་ངང་ལས་སྣང་སྲིད་ཤར་བར་བསྟན་པ་ ནི༑ དེ་ཡི་རྩལ་ནི་ཅིར་ཡང་འཆར་བ་སྟེ། །རྟོགས་དང་མི་རྟོགས་སྣང་སྲིད་སྣོད་ བཅུད་དང་། །སྐྱེ་འགྲོའི་སྣང་བ་སྣ་ཚོགས་ཇི་སྙེད་དོ། །རིག་པའི་རང་བཞིན་མེ་ ལོང་ལྟ་བུའི་ངང་ན་རང་རྩལ་གཟུགས་བརྙན་དང་འདྲ་བ་ཐམས་ཅད་འཆར་བའི་ གཞིར་གནས་པས། སྣང་སྲིད་སྣོད་བཅུད་ཀྱི་སྣང་བ་སྣ་ཚོགས་སུ་ཤར་ཡང་རིག་ པའི་ངོ་བོ་ལ་གོས་པ་དང་འཕོ་འགྱུར་མེད་དེ། གཟུགས་བརྙན་གྱིས་མེ་ལོང་ལ་མ་ གོས་ཤིང་འཕོ་འགྱུར་གང་ཡང་མེད་པ་བཞིན་ནོ། །རང་ཤར་ལས། དུས་མེད་སྣང་ བའི་རང་བྱུང་ཆེན་པོ་ནི། །ནམ་མཁའི་ངང་ནས་ཉི་ཟླའི་ཆོ་འཕྲུལ་འབྱུང་བ་ལྟར། ། སྐྱེ་མེད་ངང་ལས་འགག་མེད་ཆོ་འཕྲུལ་འབྱུང་། །དེ་བཞིན་ཆོ་འཕྲུལ་ཆེན་པོ་དཀའ་ བ་མིན། །ཞེས་པ་དང་། ཀུན་བྱེད་ལས། ཡང་དག་ཀུན་གྱི་ངོ་བོ་བྱང་ཆུབ་ང་། ། སྤྲོས་མེད་དབྱིངས་ཀྱི་ངོ་བོ་ང་ཡིན་ལ། །སངས་རྒྱས་ཀུན་གྱི་གསང་ཆེན་ང་ཡིན་ པས། །རོལ་པ་ཁམས་གསུམ་འགྲོ་དྲུག་ང་ལས་ཤར། །ཞེས་སོ། །ཤར་བ་ཉིད་ ནས་རང་བཞིན་མེད་དོ་ཞེས་བསྟན་པ་ནི། འདི་ཀུན་ཤར་ཡང་རང་བཞིན་འགའ་ མེད་དེ། །སྨིག་རྒྱུའི་ཆུ་དང་རྨི་ལམ་སྒྲ་བརྙན་བཞིན། །སྤྲུལ་པ་གཟུགས་བརྙན་དྲི་ ཟའི་གྲོང་ཁྱེར་དང་། །མིག་ཡོར་ཇི་བཞིན་མེད་པ་གསལ་སྣང་དུ། །གཞི་མེད་རྟེན་ མེད་གློ་བུར་སྣང་བ་ཙམ། །བར་སྐབས་རེ་འགའི་ཆོས་སུ་རྟོགས་པར་བྱ། །རྨི་ལམ་ གྱི་སྣང་བ་ནི་གཉིད་དུ་མ་སོང་བ་དང་སད་པའི་དུས་སྔ་ཕྱི་གཉིས་ཀར་མེད་ཀྱང་། གཉིད་ཁུང་ན་བར་དེར་སྣང་བ་ལྟར། འཁོར་བའི་འཁྲུལ་སྣང་ཡང་ཐོག་མ་ཆོས་

[p. 106] ༈ ལེའུ་གསུམ་པ་བྱང་ཆུབ་སེམས་ཀྱི་མཚོན་དཔེ་བསྟན་པ། ཉིད་གཞིའི་དུས་དང་། ཐ་མ་མྱ་ངན་ལས་འདས་པ་འབྲས་བུའི་དུས་གཉིས་ཀར་ མེད་ལ། ད་ལྟ་བར་འདིར་བློ་འཁྲུལ་པ་ལ་སྣང་ཡང་སྣང་དུས་ཉིད་ནས་མེད་པ་ གསལ་སྣང་གི་ངོ་བོ་སྟོང་གཟུགས་སྣང་བ་ཙམ་ལས་གང་དུའང་གྲུབ་པ་མེད་དེ། ཆོས་ཐམས་ཅད་ཀྱི་རང་བཞིན་མེད་པས་སྐྱེ་འགག་གནས་གསུམ་དུ་གྲུབ་པ་མེད་ པའི་ཕྱིར་རོ། །རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ཡང་འཇིག་ པར་གསུངས། །ཞེས་པ་དང་། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། །འདི་ན་སུ་ཡང་མི་སྐྱེ་འཆི་བ་མེད། །སེམས་ ཅན་མིང་ཀྱི་དང་སྲོག་ཀྱང་མི་རྙེད་དེ། །ལས་བྱས་བསགས་པ་ནམ་ཡང་མེད་མི་ འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་དག་ཆོས་ཉིད་ལས་མ་གཡོས་པར་བསྟན་ པ་ནི། ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །རོལ་པ་མ་འགགས་འཁོར་ འདས་ཆོ་འཕྲུལ་འབྱུང་། །ཆོ་འཕྲུལ་དེ་ཀུན་དབྱིངས་སུ་འུབ་ཆུབ་པས། །གདོད་ མའི་ངང་ལས་གཡོས་པ་མེད་ཤེས་བྱ། །འཁོར་འདས་ཇི་སྙེད་ཀྱི་སྣང་ཡང་སྣང་དུས་ ཉིད་ནས་བྱང་ཆུབ་སེམས་ཀྱི་ངོ་བོའི་ངང་ལས་མ་གཡོས་ཏེ། ཀུན་བྱེད་ལས། ཆོས་ ཀུན་རྩ་བ་ཀུན་བྱེད་བྱང་ཆུབ་སེམས། །ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཡིན། །ཇི་ལྟར་ བྱུང་བ་ང་ཡི་ཆོ་འཕྲུལ་ཡིན། །ཞེས་སོ། །ཐམས་ཅད་དབྱིངས་སུ་རྫོགས་པས་ རྫོགས་པ་ཆེན་པོར་བསྟན་པ་ནི། འདིར་ནི་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང་། ། གཅིག་རྫོགས་ཀུན་རྫོགས་མ་བྱས་དོན་ཀུན་རྫོགས། །རང་བཞིན་ལྷུན་རྫོགས་རང་ བྱུང་ཡེ་ཤེས་སོ། །རིག་པའི་ངོ་བོ་ལ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ ལྷུན་གྱིས་རྫོགས་ཏེ། ཡི་གེ་མེད་པ་ལས། ང་ལ་སྐྱེ་དང་འཆི་མེད་པས། །འགག་

[p. 107] ༈ ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། པའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་ཕྱི་དང་ནང་མེད་པས། །གསལ་བའི་ཆོས་ནི་ ཡོངས་སུ་རྫོགས། །ང་ལ་སྟོང་དང་དངོས་མེད་པས། །སྣང་བའི་ཆོས་ནི་ཡོངས་སུ་ རྫོགས། །ང་ལ་དམིགས་པའི་ཡུལ་མེད་པས། །མཐོང་བའི་ཆོས་ནི་ཡོངས་སུ་ རྫོགས། །ང་ལ་ལུས་དང་སེམས་མེད་པས། །རང་སྣང་ཆོས་ནི་ཡོངས་སུ་རྫོགས། ། ང་ལ་བདག་དང་གཞན་མེད་པས། །རིག་པའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་ བྱེད་པའི་རྒྱུ་མེད་པས། །བསམ་གཏན་ཆེན་པོ་ཡོངས་སུ་རྫོགས། །ང་ལ་ཕྱིན་པའི་ ཡུལ་མེད་པས། །རང་སྣང་ཡུལ་ནི་ཡོངས་སུ་རྫོགས། །ང་ལ་ཕྱོགས་དང་རིས་མེད་ པས། །གསང་བའི་ཡེ་ཤེས་ཡོངས་སུ་རྫོགས། །ང་ལ་སྣང་བ་འགག་མེད་པས། ། དབྱིངས་ཀྱི་ཆོས་གསུམ་ཡོངས་སུ་རྫོགས། །ང་ལ་གཅིག་དང་གཉིས་མེད་པས། ། ཐིག་ལེའི་ཆོས་རྣམས་ཡོངས་སུ་རྫོགས། །ང་ལ་མུན་དང་སྣང་མེད་པས། །མངོན་ པར་སྣང་བའི་ཆོས་རྣམས་རྫོགས། །ང་ལ་བདག་རྟོག་གཉིས་མེད་པས། །སྟོང་པའི་ ཆོས་ནི་ཡོངས་སུ་རྫོགས། །ང་ལ་དྲི་མ་གཉིས་མེད་པས། །གསལ་བའི་ཆོས་ལྔ་ ཡོངས་སུ་རྫོགས། །ང་ལ་སྤྲོ་ཞིང་བསྡུ་མེད་པས། །ཡི་གེའི་དོན་རྣམས་ཡོངས་སུ་ རྫོགས། །ཞེས་སོ། །དེའང་སྣང་ཚོད་མ་འགག་པར་བྱང་ཆུབ་སེམས་ཀྱི་ངོ་ཁ་ལ་ ཡོད་སྣང་ཙམ་དུ་རྫོགས་ཚུལ་བསྟན་ན། ཀློང་དྲུག་པ་ལས་ཀྱང་། སྐྱེ་བ་ཡོད་པའི་ སེམས་ཉིད་ལ། །འགྲོ་དྲུག་སྣང་བ་རང་ཤར་བས། །ཐ་དད་གཟུགས་རྣམས་འཛིན་ པར་ནི། །སྣང་བ་གཟུགས་སུ་སྨིན་པར་རྫོགས། །འགག་པ་ཡོད་པའི་སེམས་ཉིད་ ལ༑ ༑མི་རྟག་རྒྱུ་རུ་རང་ཤར་བས། །རང་བཞིན་མེད་པའི་སྣང་བར་ནི། །དཔེར་ན་ རྨི་ལམ་བཞིན་དུ་རྫོགས། །སྤྲོས་པ་ཡོད་པའི་སེམས་ཉིད་ལ། །སྣ་ཚོགས་སྣང་བ་ རང་ཤར་བས། །སྒོ་ལྔ་སོ་སོའི་སྣང་བར་ནི། །རང་ས་གཟུང་བའི་ཆ་ནས་རྫོགས། །

[p. 108] ལེའུ་གསུམ་པ་བྱང་ཆུབ་སེམས་ཀྱི་མཚོན་དཔེ་བསྟན་པ། བསྟན་དུ་ཡོད་པའི་སེམས་ཉིད་ལ། །སྒྲ་ཚིག་མིང་རྣམས་རང་ཤར་བས། །ཐ་སྙད་ བློ་རྣམས་རང་དག་པར། །བླ་མའི་མན་ངག་གསང་བ་རྫོགས། །མཐོང་དུ་ཡོད་པའི་ སེམས་ཉིད་ལ། །བྱུང་རྐྱེན་དུ་མ་རང་ཤར་བས། །སྣང་བའི་ཡུལ་ལ་མངོན་པར་

[edit]
OCR of the BDRC scans (I3CN14273), gorn05 tibocr 2026: BDRC OCR on 317 pages, Mitra OCR on 187 pages (the model with more recognisable syllables on each page).

[p. 108] ལས་གོ་ལ་ཞིང་ང་བསྒྲིབས་པས། །ཆོས་ཀྱི་སྙིང་པོ་མཐོང་མི་འགྱུར། །ཞེས་སོ། །དེ་ལྟར་ན་མཁའི་དཔེས་མཚོན་པའི་རིག་པ་སྤྲོས་བྲལ་བསམ་བརྗོད་ལས་འདས་པའི་ངོ་བོ་ནི་ཀུན་དུ་བཟང་པོ་ དང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དགོངས་པ་སྟེ། རྒྱུད་དེ་ཉིད་ལས། ཀུན་བཟངས་དགོངས་པ་འདུས་པ་ནི། །ཇི་ལྟར་སྣང་བ་ཐམས་ཅད་ཀུན། །བཟང་ངན་བླང་དོར་མེད་པ་རུ། །ཀུན་བྱེད་མངོན་ དུ་ཕྱུང་བར་འདུས། །རྡོ་རྗེ་སེམས་དགོངས་འདུས་པ་ནི། །མི་སྐྱེ་མི་འགགས་དགོངས་པ་འདུས། །རབས་དེ་དུན་ཤཱཀྱ་ཐུབ་པ་དང་། །སྟོང་རྩ་གཉིས་དང་རྡུལ་སྙེད་དག། སྐུ་གསུང་ཐུགས་ཀྱིས་དོན་མཛད་ པའི། །བྱུང་ཡང་སྐུ་གསུང་ཐུགས་ལས་བྱུང་། །སྐུ་གསུང་ཐུགས་ཀྱི་ཆོས་ཉིད་ལ། །སྐུ་གསུང་ཐུགས་ཀྱི་དོན་མཛད་ཚུལ། །དེ་ཡང་ཀུན་བྱེད་ཉིད་དུ་འདུས། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །ང་དུ་མ་

[p. 109] ༄༅། །འདུས་གཅིག་ཀྱང་མེད། །ནམ་མཁའི་ཁམས་ཀྱི་གཞལ་ཡས་ན། །ང་རུ་མ་འདུས་གཅིག་ཀྱང་མེད། །ཅེས་སོ། །དེ་ལྟ་བུའི་རིག་པ་ཉི་མའི་སྙིང་པོ་ལྟར་བསྟན་པ་ནི། །བྱང་ ཆུབ་སེམས་ནི་ཉི་མའི་སྙིང་པོ་འདྲ། །ངང་གིས་འོད་གསལ་ཡེ་ནས་འདུས་མ་བྱས། །སྒྲིབ་པའི་ཆོས་མེད་ཟང་ཐལ་ལྷུན་གྱིས་གྲུབ། །སྤྲོས་པའི་ཆོས་མེད་མི་རྟོག་ཆོས་ཉིད་དང་། །ཞེས་མདོར་བསྟན་ཏེ། ངང་གིས་འོད་གསལ་ལ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་ཆོས་སྐུ་རིག་པ་ཟང་ཐལ་ཆེན་པོ་སྟེ། རང་ཤར་ལས། མཐའ་བཞི་བྲལ་བའི་ཆོས་སྐུ་ཆེན་པོ་ནི། །དྲི་མེད་འོད་གསལ་མན་ཤེལ་དག་པ་ འདྲ༑ ༑མཐའ་བྲལ་ཆོས་སྐུ་མུན་པ་སངས་པའི་སྐུ། །དྲི་མེད་མུན་སེལ་ཉི་མའི་དཀྱིལ་འཁོར་ལྟར། །མཐའ་བཞིའི་མུན་སེལ་ཡེ་ནས་ལྷུན་གྱིས་གྲུབ། །ཅེས་སོ། །རྒྱས་པར་བཤད་པ་ནི། །སྟོང་པས་ཆོས་སྐུ་ གསལ་བས་ལོངས་སྤྱོད་རྫོགས། །ཟེར་ལྡན་སྤྲུལ་པ་སྐུ་གསུམ་འདུ་འབྲལ་མེད། །ཡེ་ནས་ཡོན་ཏན་ལྷུན་གྱིས་གྲུབ་ཟིན་པས། །སྐྱོན་དང་ཉེས་ཆའི་མུན་པས་བསྒྲིབས་པ་མེད། །སྔ་ཕྱི་དུས་གསུམ་ འཕོ་འགྱུར་མེད་པར་གཅིག །སངས་རྒྱས་སེམས་ཅན་ཀུན་ལ་ཁྱབ་པར་གཅིག །འདི་ནི་རང་བྱུང་བྱང་ཆུབ་སེམས་ཞེས་བྱ། །སེམས་ཉིད་སྟོང་པའི་ཆ་ནས་ཆོས་ཀྱི་སྐུ་དང་། གསལ་བའི་ཆ་ནས་ལོངས་སྤྱོད་རྫོགས་

[p. 110] པའི་སྐུ་དང་། འཆར་བའི་ཆ་ནས་སྤྲུལ་པའི་སྐུ་ཞེས་མིང་དུ་བརྗོད་ཀྱང་། ངོ་བོ་ངོས་བཟུང་གི་ཆོས་སུ་གྲུབ་པ་ནི་ཅུང་ཟད་ཀྱང་མེད་ལ། དགོངས་པ་དེ་ཉིད་དུས་གསུམ་འཕོ་འགྱུར་མེད་པར་ལྷུན་གྱིས་གྲུབ་སྟེ། འཁོར་འདས་ ཀུན་ལ་སྙིང་པོའི་ཚུལ་དུ་ཁྱབ་པའི་ཕྱིར། །བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་གསུངས་ཏེ། དེ་དག་ཀྱང་སྟོང་གསལ་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ནི། ཀུན་བྱེད་ལས། ཀུན་བྱེད་བྱང་ཆུབ་ སེམས་པ་ནི། །རང་བཞིན་ལ་བཅོས་རྣམ་གསུམ་ལས། །མིང་ཙམ་སྐུ་གསུམ་བྱུང་ཚུལ་བསྟན། །ངེས་པར་སྐུ་གསུམ་རང་བཞིན་ཀྱང་། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་པ་ནི། །མ་སྐྱེས་ གཟུང་འཛིན་བྲལ་བ་ལས། །ཆོས་སྐུ་སྐྱེ་མེད་མིང་ཙམ་བྱུང་། །ངེས་པར་ཆོས་སྐུ་མིང་ཙམ་སྟེ། །དེ་བཞིན་ཉིད་ལས་གཡས་པ་མེད། །ཀུན་བྱེད་བྱངཆུབ་སེམས་པ་ཡི། །ངོ་བོ་མིང་ཙམ་མངོན་ཕྱུང་བ། །ལོངས་སྤྱོད་རྫོགས་སྐུ་ མིང་ཙམ་ཚུལ། །ངེས་པར་ལོངས་སྤྱོད་རྫོགས་སྐུ་དེ། །དེ་བཞིན་ཉིད་ལས་གཡོགས་པ་མེད། །ཀུན་བྱེད་བྱད་ཆུབ་སེམས་པ་ཡི། །ཐུགས་རྗེ་སྤྲུལ་སྐུ་མངོན་ཕྱུང་བ། །ཐུགས་རྗེ་མ་བཅོས་རང་བཞིན་ལས། །མིང་ཙམ་སྤྲུལ་སྐུའི་ ཚུལ་བྱུང་བ། །ངེས་པར་སྤྲུལ་པའི་སྐུ་དེ་ཡང་། །དེ་བཞིན་ཉིད་ལས་ཡིད་གཡོས་པ་མེད། །ཅེས་སོ། །དེ་ལྟ་བུའི་ངང་ལས་སྣང་སྲིད་ཤར་བར་བསྟན་པ་ནི། །དེ་ཡི་རྩལ་ནི་ཅིར་ཡང་འཆར་བ་སྟེ། །རྟོགས་དང་མི་རྟོགས་སྣང་

[p. 111] ༄༅། །སྲིད་སྣོད་བཅུད་དང་། །སྐྱེ་འགྲོའི་སྣང་བ་སྣ་ཚོགས་ཇི་སྙེད་དོ། །རིག་པའི་རང་བཞིན་མེ་ལོང་ལྟ་བུའི་ངང་ན་རང་ང་ལ་གཟུགས་བརྙན་དང་འདྲ་བ་ཐམས་ཅད་འཆར་བའི་གཞིར་ གནས་བས། སྣང་སྲིད་སྣོད་བཅུད་ཀྱི་སྣང་བ་སྣ་ཚོགས་སུ་ཤར་ཡང་རིག་པའི་ངོ་བོ་ལ་གོས་བ་དང་འཕོ་འགྱུར་མེད་དེ། གཟུགས་བརྙན་གྱིས་མེ་ལོང་ལ་མ་གོས་ཤིང་འཕོ་འགྱུར་མེད་ཡང་མེད་པ་བཞིན་ནོ།། རང་ཤར་ལས། དུས་མེད་སྣང་བའི་རང་བྱུང་ཆེན་པོ་ནི། །ནམ་མཁའི་ངང་ནས་ཉི་ཟླའི་ཆོ་འཕྲུལ་འབྱུང་བ་ལར། །སྐྱེ་མེད་ངང་ལས་འགགས་མེད་ཆོ་འཕྲུལ་འབྱུང་། །དེ་བཞིན་ཆོ་འཕྲུལ་ཆེན་པོ་དཀའ་བ་ མིན། །ཞེས་པ་དང་། ཀུན་བྱེད་ལས། ཡང་དག་ཀུན་གྱི་ངོ་བོ་བྱང་ཆུབ་ང་། །སྤྲོས་མེད་དབྱིངས་ཀྱི་ངོ་བོ་ང་ཡིན་ལ། །སངས་རྒྱས་ཀུན་གྱི་གསང་ཆེན་པ་ཡིན་པས། །རོལ་པ་ཁམས་གསུམ་འགྲོ་དྲུག་ ང་ལས་ཤར། །ཞེས་སོ། །ཤར་བ་ཉིད་ནས་རང་བཞིན་མེད་དོ་ཞེས་བསྟན་པ་ནི། འདི་ཀུན་ཤར་ཡང་རང་བཞིན་འགའ་མེད་དེ། །སྨིག་རྒྱུའི་ཆུ་དང་རྨི་ལམ་སྒྲ་བརྙན་བཞིན། །སྤྲུལ་པ་གཟུགས་བརྙན་དྲི་ཟའི་ གྲོང་ཁྱེར་དང་། །མིག་ཡོར་ཇི་བཞིན་མེད་པ་གསལ་སྣང་དུ། །གཞི་མེད་རྟེན་མེད་གློ་བུར་སྣང་བ་ཙམ། །བར་སྐབས་རེ་འགའི་ཆོས་སྐུ་རྟོགས་པར་བྱ། །རྨི་ལམ་གྱི་སྣང་བ་ནི་གཉིད་དུ་མ་སོང་བ་དང་

[p. 112] སད་པའི་དུས་སྔ་ཕྱི་གཉིས་ཀར་མེད་ཀྱང་། གཉིད་ཁུང་ན་བར་དེར་སྣང་བ་ལྟར། འཁོར་བའི་འཁྲུལ་སྣང་ཡང་ཐོག་མ་ཆོས་ཉིད་གཞིའི་དུས་དང་། ཐ་མ་མྱ་ངན་ལས་འདས་པ་འབྲས་བུའི་དུས་གཉིས་ཀར་མེད་ལ། ད་ལྟར་བར་འདིར་བློ་འཁྲུལ་པ་ལ་སྣང་ཡང་སྣང་དུས་ཉིད་ནས་མེད་པ་གསལ་སྣང་གི་ངོ་བོ་སྟོད་གཟུགས་སྣང་བ་ཙམ་ལས་གང་དུའང་གྲུབ་པ་མོད་དེ། ཆོས་ཐམས་ཅད་རང་བཞིན་མེད་པས་སྲེ་འགགས་ གནས་གསུམ་དུ་གྲུབ་པ་མེད་པའི་ཕྱིར་རོ། །རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ཡང་འཇིག་པ་ གསུངས། ཞེས་པ་དང་། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། །སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། །འདི་ན་སུ་ཡང་མི་སྐྱེ་འཆི་བ་མེད། །སེམས་ཅན་མི་དང་སྲོག་ཀྱང་མི་རྙེད་དེ། ། ལས་རྒྱལ་བསགས་པ་ནམ་ཡང་མེད་མི་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་དག་ཆོས་ཉིད་ལས་མ་གཡོས་པར་བསྟན་པ་ནི། ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །རོལ་པ་ མ་འགགས་འཁོར་འདས་ཆོ་འཕྲུལ་འབྱུང་། །ཆོ་འཕྲུལ་དེ་ཀུན་དབྱིངས་སུ་འུབ་ཆུབ་པས། །གདོད་མའི་ངང་ལས་གཡོས་པ་མེད་ཤེས་བྱ། །འཁོར་འདས་ཇི་སྙེད་སྣང་ཡང་སྣང་དུས་ཉིད་ནས་

[p. 113] ༄༅། །བྱང་ཆུབ་སེམས་ཀྱི་ངོ་བོའི་ངང་ལས་མ་གཡོས་ཏེ། ཀུན་བྱེད་ལས། ཆོས་ཀུན་ཐོ་བ་ཀུན་བྱེད་བྱང་ཆུབ་སེམས།།ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཡིན།།ཇི་ལྟར་བྱུང་བ་ང་ཡི་ཆོས་ འཕྲུལ་ཡིན།།ཞེས་སོ།།ཐམས་ཅད་དབྱིངས་སུ་རྫོགས་པས་རྫོགས་པ་ཆེན་པོར་བསྟན་པ་ནི། འཁོར་ནི་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང་།།གཅིག་རྫོགས་ཀུན་རྫོགས་མ་བྱས་དོན་ཀུན་རྫོགས།།རང་ བཞིན་ལྷུན་རྫོགས་རང་བྱུང་ཡེ་ཤེས་སོ།།རིག་པའི་ངོ་བོ་ལ་སྣང་སྲིད་འཁོར་འདས་ཀྱི་ཆོས།ཐམས་ཅད་ལྷུན་གྱིས་རྫོགས་ཏེ། ཡི་གེ་མེད་པ་ལས། ང་ལ་བྱེ་བ་ང་ཚ་མེད་པས།།འགོག་པའི་ཆོས་ནི་ཡོངས་ སུ་རྫོགས།།ང་ལ་ཕྱི་དང་ནང་མེད་པས།།གསལ་བའི་ཆོས་ནི་ཡོངས་སུ་རྫོགས།།ང་ལ་སྟོང་དང་དངོས་མེད་པས།།སྣང་བ་ནི།ཆོས་ནི་ཡོངས་སུ་རྫོགས། །ང་ལ་དམིགས་པའི་གྲུབ་མེད་པས།།མཐོང་བའི་ ཆོས་ནི་ཡོངས་སུ་རྫོགས།།ད་ལ་ལུས་དང་སེམས་མེད་པས།།རང་སྣང་ཆོས་ནི་ཡོངས་སུ་རྫོགས་།།ང་ལ་བདག་དང་གཞན་མེད་པས།།རིག་པའི་ཆོས་ནི་ཡོངས་སུ་རྫོགས།ད་ལ་བྱེད་པའི་རྒྱུ་མེད་པས།། བསམ་གཏན་ཆེན་པོ་ཡོངས་སུ་རྫོགས།།ང་ལ་ཕྱིན་པའི་ཡུལ་མེད་པས།།རང་སྣང་ཡུལ་ནི་ཡོངས་སུ་རྫོགས།།ང་ལས་ཕྱོགས་དང་རིས་མེད་པས།།གསང་བའི་ཡེ་ཤེས་ཡོངས་སུ་རྫོགས།།ང་ལ་སྣང་བ་

[p. 114] འགག་མེད་པས། །དབྱིངས་ཀྱི་ཆོས་གསུམ་ཡོངས་སུ་རྫོགས། །ང་ལ་གཅིག་དང་གཉིས་མེད་པས། །ཐིག་ལེའི་ཆོས་རྣམས་ཡོངས་སུ་རྫོགས། །ང་ལ་མུན་དང་སྣང་མེད་པས། །མངོན་པར་སྣང་པའི་ཆོས་རྣམས་རྫོགས། ། ང་ལ་བདག་རྟོག་གཉིས་མེད་པས། །སྟོང་པའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་དྲི་མ་གཉིས་མེད་པས། །གསལ་བའི་ཆོས་ལྔ་ཡོངས་སུ་རྫོགས། །ང་ལ་སྤྲོ་ཞིང་བསྡུ་མེད་པས། །ཡི་གེའི་དོན་རྣམས་ཡོངས་ སུ་རྫོགས། །ཞེས་སོ། །དེའང་སྣང་ཚོད་མ་འགགས་པར་བྱང་ཆུབ་སེམས་ཀྱི་ངོ་ཁ་ལ་ཡང་སྣང་ཙམ་དུ་རྫོགས་ཚུལ་བསྟན་ན། ཀློང་དྲུག་ཕ་ལས་ཀྱང་། །སྐྱེ་བ་ཡོད་པའི་སེམས་ཉིད་ལ། །འགྲོ་དྲུག་སྣང་ བ་རང་ཤར་བ། །ཐ་དད་གཟུགས་རྣམས་འཛིན་པར་ནི། །སྣང་བ་གཟུགས་སུ་སྨིན་པར་རྫོགས། །འགག་པ་ཡོད་པའི་སེམས་ཉིད་ལ།།མི་རྟག་རྒྱུ་རུ་རང་ཤར་བས། །རང་བཞིན་མེད་པའི་སྣང་བར་ནི། །དཔེར་ ན་རྨི་ལམ་བཞིན་དུ་རྫོགས། །སྤྲོས་པ་ཡོད་པའི་སེམས་ཉིད་ལ་། །སྣ་ཚོགས་སྣང་བ་རང་ཤར་བས། །སྒོ་ལ་སོ་སོའི་སྣང་བར་ནི། །རང་ས་གཟུང་བའི་ཆ་ནས་རྫོགས། །བསྟན་དུ་ཡོད་པའི་སེམས་ཉིད་ ལ། །སྒྲ་ཚིག་མིང་རྣམས་རང་ཤར་བས། །ཐ་སྙད་བློ་རྣམས་རང་དག་པར། །བླ་མའི་མན་ངག་གསང་བ་རྫོགས། །མཐོང་དུ་ཡོད་པའི་སེམས་ཉིད་ལ། བྱུང་རྐྱེན་དུ་མ་རང་ཤར་བས། །སྣང་བའི་ཡུལ་

[p. 115] ༄༅། །

[edit]
OCR of the BDRC scans (I1CZ2729), gorn05 tibocr 2026: BDRC OCR on 290 pages, Mitra OCR on 133 pages (the model with more recognisable syllables on each page).

[p. 57] ང་ལས་གོལ་ཞིང་ང་བསྒྲིབས་པས། །ཆོས་ཀྱི་སྙིང་པོ་མཐོང་མི་འགྱུར། །ཞེས་སོ། །དེ་

[p. 58] ལྟར་ནམ་མཁའི་དཔེས་མཚོན་པའི་རིག་པ་སྤྲོས་བྲལ་བསམ་བརྗོད་ལས་འདས་པའི་ངོ་བོ་ནི་ཀུན་ཏུ་བཟང་པོ་དང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དགོངས་པ་སྟེ། རྒྱུད་དེ་ཉིད་ལས། ཀུན་བཟང་དགོངས་པ་འདུས་པ་ནི། །ཇི་ལྟར་སྣང་བ་ཐམས་ཅད་ཀུན། །བཟང་ངན་བླང་དོར་མེད་པ་རུ། །ཀུན་བྱེད་མངོན་དུ་བྱུང་བར་འདུས། །རྡོ་རྗེ་སེམས་དགོངས་འདུས་པ་ནི། །མི་སྐྱེ་མི་འགག་དགོངས་པ་འདུས། །རབས་བདུན་ཤཱཀྱ་ཐུབ་པ་དང་། །སྟོང་རྩ་གཉིས་དང་རྡུལ་སྙེད་དང་། །སྐུ་གསུང་ཐུགས་ཀྱིས་དོན་མཛད་པའི། །བྱུང་ཡང་སྐུ་གསུང་ཐུགས་ལས་བྱུང་། །སྐུ་གསུང་ཐུགས་ཀྱི་ཆོས་ཉིད་ལ། །སྐུ་གསུང་ཐུགས་ཀྱིས་ངོས་མཛད་ཚུལ། །དེ་ཡང་ཀུན་བྱེད་ཉིད་དུ་འདུས། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །ང་རུ་མ་འདུས་གཅིག་ཀྱང་མེད། །ནམ་མཁའི་ཁམས་ཀྱི་གཞལ་ཡས་ན། །ང་རུ་མ་འདུས་གཅི་ཀྱང་མེད། །ཅེས་སོ། །དེ་ལྟ་བུའི་རིག་པ་ཉི་མའི་སྙིང་པོ་ལྟར་བསྟན་པ་ནི། བྱང་ཆུབ་སེམས་ནི་ཉི་མའི་སྙིང་པོ་འདྲ། །རང་གིས་འོད་གསལ་ཡེ་ནས་འདུས་མ་བྱས། །སྒྲིབ་པའི་ཆོས་མེད་ཟང་ཐལ་ལྷུན་གྱིས་གྲུབ། །སྤྲོས་པའི་ཆོས་མེད་མི་རྟོག་ཆོས་ཉིད་དང་། །ཞེས་མདོར་བསྟན་ཏེ། རང་གིས་འོད་གསལ་ལ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་ཆོས་སྐུ་རིག་པ་ཟང་ཐལ་ཆེན་པོ་སྟེ། རང་ཤར་ལས། མཐའ་བཞི་བྲལ་བའི་ཆོས་སྐུ་ཆེན་པོ་ནི། །དྲེ་མེད་འོད་གསལ་མན་ཤེལ་དག་པ་འདྲ། །

[p. 59] མཐའ་བྲལ་ཆོས་སྐུ་མུན་པ་སངས་པའི་སྐུ། །དྲི་མེད་མུན་སེལ་ཉི་མའི་དཀྱིལ་འཁོར་ལྟར། །མཐའ་བཞིའི་མུན་སེལ་ཡེ་ནས་ལྷུན་གྱིས་གྲུབ། །ཅེས་སོ། །རྒྱས་པར་བཤད་པ་ནི། སྟོང་པས་ཆོས་སྐུ་གསལ་བས་ལོངས་སྤྱོད་རྫོགས། །ཟེར་ལྡན་སྤྲུལ་བསྐུ་གསུམ་འདུ་འབྲལ་མེད། །ཡེ་ནས་ཡོན་ཏན་ལྷུན་གྱི་གྲུབ་ཟིན་པས། །སྐྱོན་དང་ཉེས་ཆའི་མུན་པས་བསྒྲིབས་པ་མེད། །སྔ་ཕྱི་དུས་གསུམ་དངོས་འགྱུར་མེད་པར་གཅིག །སངས་རྒྱས་སེམས་ཅན་ཀུན་ལ་ཁྱབ་པར་གཅིག །འདི་ནི་རང་བྱུང་བྱང་ཆུབ་སེམས་ཞེས་བྱ། །སེམས་ཉིད་སྟོང་པའི་ཆ་ནས་ཆོས་ཀྱི་སྐུ་དང་། གསལ་བའི་ཆ་ནས་ལོངས་སྤྱོད་རྫོགས་པའི་སྐུ་དང་། འཆར་བའི་ཆ་ནས་སྤྲུལ་པའི་སྐུ་ཞེས་མིང་དུ་བརྗོད་ཀྱང་། ངོ་བོ་ངོས་གཟུང་གི་ཆོས་སུ་གྲུབ་པ་ནི་ཅུང་ཟད་ཀྱང་མེད་ལ། དགོངས་པ་དེ་ཉིད་དུས་གསུམ་འཕོ་འགྱུར་མེད་པར་ལྷུན་གྱིས་གྲུབ་སྟེ། འཁོར་འདས་ཀུན་ལ་སྙིང་པོའི་ཚུལ་དུ་ཁྱབ་པའི་ཕྱིར། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་གསུངས་ཏེ། དེ་དག་ཀྱང་སྟོང་གསལ་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ནི། །ཀུན་བྱེད་ལས། ཀུན་བྱེད་བྱང་ཆུབ་སེམས་པ་ནི། །རང་བཞིན་མ་བཅོས་རྣམ་གསུམ་ལས། །མིང་ཙམ་སྐུ་གསུམ་བྱུང་ཚུལ་བསྟན། །ངེས་པར་སྐུ་གསུམ་རང་བཞིན་ཀྱང་། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ད་ནི། །མ་སྐྱེས་

[p. 60] གཟུང་འཛིན་བྲལ་བ་ལས། །ཆོས་སྐུ་སྐྱེ་མེད་མིང་ཙམ་བྱུང་། །ངེས་པར་ཆོས་སྐུ་མིང་ཙམ་སྟེ། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་ཡི། །ངོ་བོ་མིང་ཙམ་མངོན་བྱུང་བ། །ལོངས་སྤྱོད་ རྫོགས་སྐུ་མིང་ཙམ་ཚུལ། །ངེས་པར་ལོངས་སྤྱོད་རྫོགས་སྐུ་དེ། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་ཡི། །ཐུགས་རྗེ་སྤྲུལ་སྐུ་མངོན་ཕྱུང་བ། །ཐུགས་རྗེ་མ་བཅོས་རང་བཞིན་ལས། ། མིང་ཙམ་སྤྲུལ་སྐུའི་ཚུལ་བྱུང་བ། །ངེས་པར་སྤྲུལ་པའི་སྐུ་དེ་ཡང་། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཅེས་སོ། །དེ་ལྟ་བུའི་ངང་ལས་སྣང་སྲིད་ཤར་བར་བསྟན་པ་ནི། །དེ་ཡི་རྩལ་ནི་ཅིར་ཡང་འཆར་བ་སྟེ། །རྟོགས་ དང་མི་རྟོགས་སྣང་སྲིད་སྣོད་ད་ཅུང་དང་། །སྐྱེ་འགྲོའི་སྣང་བ་སྣ་ཚོགས་ཇི་སྙེད་དོ། །རིག་པའི་རང་བཞིན་མེ་ལོང་ལྟ་བུའི་ངང་ན་རང་རྩལ་གཟུགས་བརྙན་དང་འདྲ་བ་ཐམས་ཅད་འཆར་བའི་གཞིར་གནས་པས། སྣང་སྲིད་ སྣོད་བཅུད་ཀྱི་སྣང་བ་སྣ་ཚོགས་སུ་ཤར་ཡང་རིག་པའི་ངོ་བོ་ལ་གོས་པ་དང་འཕོ་འགྱུར་མེད་དེ། གཟུགས་བརྙན་གྱིས་མེ་ལོང་ལ་མ་གོས་ཤིང་འཕོ་འགྱུར་གང་ཡང་མེད་པ་བཞིན་ནོ། །རང་ཤར་ལས། དུས་མེད་སྣང་བའི་ རང་བྱུང་ཆེན་པོ་ནི། །ནམ་མཁའི་ངང་ནས་ཉི་ཟླའི་ཆོ་འཕྲུལ་འབྱུང་བ་ལྟར། །སྐྱེ་མེད་ངང་ལས་འགག་མེད་ཆོ་འཕྲུལ་འབྱུང་། །དེ་བཞིན་ཆོ་འཕྲུལ་ཆེན་པོ་དཀའ་བ་མིན། །ཞེས་པ་དང་། ཀུན་བྱེད་ལས། ཡང་དག་ཀུན་

[p. 61] གྱི་ངོ་བོ་བྱང་ཆུབ་ང་། །སྤྲོས་མེད་དབྱིངས་ཀྱི་ངོ་བོ་ང་ཡིན་ལ། །སངས་རྒྱས་ཀུན་གྱི་གསང་ཆེན་ང་ཡིན་པས། །རོལ་པ་ཁམས་གསུམ་འགྲོ་དྲུག་ང་ལས་ཤར། །ཞེས་སོ། །ཤར་པ་ཉིད་ནས་རང་བཞིན་མེད་དོ་ཞེས་བསྟན་པ་ནི། འདི་ཀུན་ཤར་ཡང་རང་བཞིན་འགའ་མེད་དེ། །སྨིག་རྒྱུའི་ཆུ་དང་རྨི་ལམ་སྒྲ་བརྙན་བཞིན། །སྤྲུལ་པ་གཟུགས་བརྙན་དྲི་ཟའི་གྲོང་ཁྱེར་དང་། །མིག་ཡོར་ཇི་བཞིན་མེད་པ་གསལ་སྣང་དུ། །གཞི་མེད་རྟེན་མེད་གློ་བུར་སྣང་བ་ཙམ། །བར་སྐབས་རེ་འགའི་ཆོས་སྐུ་རྟོགས་པར་བྱ། །རྨི་ལམ་གྱི་སྣང་བ་ནི་གཉིད་དུ་མ་སོང་བ་དང་སད་པའི་དུས་སྔ་ཕྱི་གཉིས་ཀར་མེད་ཀྱང་། གཉིད་ཁུང་ན་བར་དེར་སྣང་བ་ལྟར། འཁོར་བའི་འཁྲུལ་སྣང་ཡང་ཐོག་མ་ཆོས་ཉིད་གཞིའི་དུས་དང་། ཐ་མ་མྱ་ངན་ལས་འདས་པ་འབྲས་བུའི་དུས་གཉིས་ཀར་མེད་ལ། ད་ལྟ་བར་འདིར་བློ་འཁྲུལ་པ་ལ་སྣང་ཡང་སྣང་དུས་ཉིད་ནས་མེད་པ་གསལ་སྣང་གི་ངོ་བོ་སྟོང་གཟུགས་སྣང་བ་ཙམ་ལས་གང་དུའང་གྲུབ་པ་མེད་དེ། ཆོས་ཐམས་ཅད་རང་བཞིན་མེད་པས་སྐྱེ་འགག་གནས་གསུམ་དུ་གྲུབ་པ་མེད་པའི་ཕྱིར་རོ། །རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ཡང་འཇིག་པར་གསུངས། །ཞེས་པ་དང་། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། །འདི་ན་སུ་ཡང་མི་སྐྱེ་འཆི་བ་མེད། །སེམས་ཅན་

[p. 62] མི་དང་སྲོག་ཀྱང་མི་རྙེད་དེ། །ལས་བྱས་བསགས་པ་ནམ་ཡང་མེད་མི་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་དག་ཆོས་ཉིད་ལས་མ་གཡོས་པར་བསྟན་པ་ནི། ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །རོལ་པ་མ་འགགས་འཁོར་འདས་ཆོ་འཕྲུལ་འབྱུང་། །ཆོ་འཕྲུལ་དེ་ཀུན་དབྱིངས་སུ་འུབ་ཆུབ་པས། །གདོད་མའི་ངང་ལས་གཡོས་པ་མེད་ཤེས་བྱ། །འཁོར་འདས་ཇི་སྙེད་སྣང་ཡང་སྣང་དུས་ཉིད་ནས་བྱང་ཆུབ་སེམས་ཀྱི་ངོ་བོའི་ངང་ལས་མ་གཡོས་ཏེ། ཀུན་བྱེད་ལས། ཆོས་ཀུན་རྩ་བ་ཀུན་བྱེད་བྱང་ཆུབ་སེམས། །ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཡིན། །ཇི་ལྟར་བྱུང་བ་ང་ཡི་ཆོ་འཕྲུལ་ཡིན། །ཞེས་སོ། །ཐམས་ཅད་དབྱིངས་སུ་རྫོགས་པས་རྫོགས་པ་ཆེན་པོར་བསྟན་པ་ནི། འདིར་ནི་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང་། །གཅིག་རྫོགས་ཀུན་རྫོགས་མ་བྱས་དོན་ཀུན་རྫོགས། །རང་བཞིན་ལྷུན་རྫོགས་རང་བྱུང་ཡེ་ཤེས་སོ། །རིག་པའི་ངོ་བོ་ལ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷུན་གྱིས་རྫོགས་ཏེ། ཡི་གེ་མེད་པ་ལས། ང་ལ་སྐྱེ་དང་འཆི་མེད་པས། །འགག་པའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་ཕྱི་དང་ནང་མེད་པས། །གསལ་བའི་ཆོས་ནི་ཡོངས་སུ་རྫོགས།། ང་ལ་སྟོང་དང་དངོས་མེད་པས། །སྣང་བའི་ཆོས་ནི་ཡོངས་སུ་རྫོག་ས། །ང་ལ་དམིགས་པའི་ཡུལ་མེད་པས། །མཐོང་བའི་ཆོས་ནི་ཡོངས་སུ་རྗོགས། །ང་ལ་ལུས་དང་སེམས་

[p. 63] ༄༅། །མེད་པས། །རང་སྣང་ཆོས་ནི་ཡོངས་སུ་རྫོགས། །ང་ལ་བདག་དང་གཞན་མེད་པས། །རིག་པའི་ཆོས་ནི་ཡོངས་སུ་རྫོགས། ང་ལ་བྱེད་པའི་རྒྱུ་མེད་པས། །བསམ་གཏན་ཆེན་པོ་ཡོངས་སུ་ རྫོགས། །ང་ལ་ཕྱིན་པའི་ཡུལ་མེད་པས། །རང་སྣང་ཡུལ་ནི་ཡོངས་སུ་རྫོགས། །ང་ཡི་ཕྱོགས་དང་རིས་མེད་པས། །གསང་བའི་ཡེ་ཤེས་ཡོངས་སུ་རྫོགས། །ང་ལས་སྣང་བ་འགག་མེད་པས། །དབྱིངས་ཀྱི་ཆོས་ གསུམ་ཡོངས་སུ་རྫོགས། །ང་ལག་ཅིག་དང་གཉིས་མེད་པས། །ཐིག་ལེའི་ཆོས་རྣམས་ཡོངས་སུ་རྫོགས། །ང་ལུ་མུན་དང་སྣང་མེད་པས། །མངོན་པར་སྣང་བའི་ཆོས་རྣམས་རྫོགས། །ང་ལ་བདག་རྟོག་གཉིས་ མེད་པས། །སྟོང་པའི་ཆོས་ནི་ཡོངས་སུ་རྫོག་ས། །ང་ལ་དྲི་མ་གཉིས་མེད་པས། །གསལ་བའི་ཆོས་ལྔ་ཡོངས་སུ་རྫོགས། །ང་ལ། སྤྲོ་ཞིང་བསྡུ་མེད་པས། །ཡི་གེའི་དོན་རྣམས་ཡོངས་སུ་རྫོགས། ཞེས་སོ། །དེའང་ སྣང་ཚོད་མ་འགག་པར་བྱང་ཆུབ་སེམས་ཀྱི་ངོ་ཁ་ལ་ཡོང་སྣང་ཙམ་དུ་རྫོགས་ཚུལ་བསྟན་ན། ཀློང་དྲུག་པ་ལས་ཀྱང་། །སྐྱེ་བ་ཡོད་པའི་སེམས་ཉིད་ལ། །འགྲོ་དྲུག་སྣང་བ་རང་ཤར་བས། །ཐ་དད་གཟུགས་རྣམས་ འཛིན་པར་ནི། །སྣང་བ་གཟུགས་སུ་སྨིན་པར་རྫོགས། །འགག་པ་ཡོད་པའི་སེམས་ཉིད་ལ། མི་རྟག་རྒྱུ་རུ་རང་ཤར་བས། །རང་བཞིན་མེད་པའི་སྣང་བར་ནི། །དཔེར་ན་རྨི་ལམ་བཞིན་དུ་རྫོགས། །སྤྲོས་པ་ཡོད་

[p. 64] པའི་སེམས་ཉིད་ལ། །སྣ་ཚོགས་སྣང་བ་རང་ཤར་བས། །སྒོ་ལྔ་སོ་སོའི་སྣང་བར་ནི། །རང་ས་གཟུང་བའི་ཆ་ནས་རྫོགས། །བསྟན་དུ་ཡོད་པའི་སེམས་ཉིད་ལ། །སྒྲ་ཚིག་མིང་རྣམས་རང་ཤར་བས། །ཐ་སྙད་ བློ་རྣམས་རང་དག་པར། །བླ་མའི་མན་ངག་གསང་བ་རྫོགས། །མཐོང་དུ་ཡོད་པའི་སེམས་ཉིད་ལ། །བྱང་རྐྱེན་དུ་མ་རང་ཤར་བས། །

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 783 typing errors, November 2026), with the variants of the other editions under each page (55 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = root and commentary MW3CN3400; R = root and commentary MW3CN14271; C = commentary MW1CZ2550. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 174] བསྒྲིབས་པས། །ཆོས་ཀྱི་སྙིང་པོ་མཐོང་མི་འགྱུར། །ཞེས་སོ། །དེ་ལྟར་ནམ་མཁའི་དཔེས་མཚོན་པའི་རིག་པ་སྤྲོས་བྲལ་བསམ་བརྗོད་ལས་འདས་པའི་ངོ་བོ་ནི་ཀུན་ཏུ་བཟང་པོ་དང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དགོངས་པ་སྟེ། རྒྱུད་དེ་ཉིད་ལས། ཀུན་བཟང་དགོངས་པ་འདུས་པ་ནི། །ཇི་ལྟར་སྣང་བ་ཐམས་ཅད་ཀུན། །བཟང་ངན་བླང་དོར་མེད་པ་རུ། །ཀུན་བྱེད་མངོན་དུ་ཕྱུང་བར་འདུས། །རྡོ་རྗེ་སེམས་དགོངས་འདུས་པ་ནི། །མི་སྐྱེ་མི་འགག་དགོངས་པ་འདུས། །རབས་བདུན་ཤཱཀྱ་ཐུབ་པ་དང༌། །སྟོང་རྩ་གཉིས་དང་རྡུལ་སྙེད་དང༌། །སྐུ་གསུང་ཐུགས་ཀྱིས་དོན་མཛད་པའི། །བྱུང་ཡང་སྐུ་གསུང་ཐུགས་ལས་བྱུང༌། །སྐུ་གསུང་ཐུགས་ཀྱི་ཆོས་ཉིད་ལ། །སྐུ་གསུང་ཐུགས་ཀྱི་དོན་མཛད་ཚུལ། །དེ་ཡང་ཀུན་བྱེད་ཉིད་དུ་འདུས། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །ང་རུ་མ་འདུས་གཅིག་ཀྱང་མེད། །ནམ་མཁའི་ཁམས་ཀྱི་གཞལ་

ལྟར་ནམ་མཁའི་དཔེས་མཚོན་པའི ] དཔེ W · བོ་ནི་ཀུན་ཏུ་བཟང་པོ ] དུ D R · ཉིད་ལས་ཀུན་བཟང་དགོངས་པ ] བཟངས D G R · བྱེད་མངོན་དུ་ཕྱུང་བར་འདུས ] བྱུང A C · པ་ནི་མི་སྐྱེ་མི་འགག ] སྐྱེས P S · མི་སྐྱེ་མི་འགག་དགོངས་པ ] འགགས D R · དང་རྡུལ་སྙེད་དང་སྐུ་གསུང ] དག D R · སྐུ་གསུང་ཐུགས་ཀྱིས་དོན་མཛད ] ཀྱི W · སྐུ་གསུང་ཐུགས་ཀྱི་དོན་མཛད ] ཀྱིས P S · མཁའི་ཁམས་ཀྱི་གཞལ་ཡས་ན ] གཞན W

[p. 175] ཡས་ན། །ང་རུ་མ་འདུས་གཅིག་ཀྱང་མེད། །ཅེས་སོ། །དེ་ལྟ་བུའི་རིག་པ་ཉི་མའི་སྙིང་པོ་ལྟར་བསྟན་པ་ནི། །བྱང་ཆུབ་སེམས་ནི་ཉི་མའི་སྙིང་པོ་འདྲ། །ངང་གིས་འོད་གསལ་ཡེ་ནས་འདུས་མ་བྱས། །སྒྲིབ་པའི་ཆོས་མེད་ཟང་ཐལ་ལྷུན་གྱིས་གྲུབ། །སྤྲོས་པའི་ཆོས་མེད་མི་རྟོག་ཆོས་ཉིད་དང༌། །ཞེས་མདོར་བསྟན་ཏེ། །ངང་གིས་འོད་གསལ་ལ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་ཆོས་སྐུ་རིག་པ་ཟང་ཐལ་ཆེན་པོ་སྟེ། །རང་ཤར་ལས། མཐའ་བཞི་བྲལ་བའི་ཆོས་སྐུ་ཆེན་པོ་ནི། །དྲི་མེད་འོད་གསལ་མན་ཤེལ་དག་པ་འདྲ། །མཐའ་བྲལ་ཆོས་སྐུ་མུན་པ་སངས་པའི་སྐུ། །དྲི་མེད་མུན་སེལ་ཉི་མའི་དཀྱིལ་འཁོར་ལྟར། །མཐའ་བཞིའི་མུན་སེལ་ཡེ་ནས་ལྷུན་གྱིས་གྲུབ། །ཅེས་སོ། །རྒྱས་པར་བཤད་པ་ནི། སྟོང་པས་ཆོས་སྐུ་གསལ་བས་ལོངས་སྤྱོད་རྫོགས། །ཟེར་ལྡན་སྤྲུལ་པ་སྐུ་གསུམ་འདུ་འབྲལ་མེད། །

རུ་མ་འདུས་གཅིག་ཀྱང་མེད ] གཅི A G C · འདུས་མ་བྱས་སྒྲིབ་པའི་ཆོས ] སྒྲུབ W · རྟོག་ཆོས་ཉིད་དང་ཞེས་མདོར ] ངང P G S · བསྟན་ཏེ་ངང་གིས་འོད་གསལ ] གི W · ཆེན་པོ་ནི་དྲི་མེད་འོད ] དྲེ A C · གྱིས་གྲུབ་ཅེས་སོ་རྒྱས་པར ] པར W · ཅེས་སོ་རྒྱས་པར་བཤད་པ ] པ W · སྟོང་པས་ཆོས་⁁་སྐུ་གསལ ] ཉིད W · ཟེར་ལྡན་སྤྲུལ་པ་སྐུ་གསུམ ] om. W · སྐུ་གསུམ་འདུ་འབྲལ་མེད་ཡེ ] བྲལ W

[p. 176] ཡེ་ནས་ཡོན་ཏན་ལྷུན་གྱིས་གྲུབ་ཟིན་པས། །སྐྱོན་དང་ཉེས་ཆའི་མུན་པས་བསྒྲིབས་པ་མེད། །སྔ་ཕྱི་དུས་གསུམ་འཕོ་འགྱུར་མེད་པར་གཅིག །སངས་རྒྱས་སེམས་ཅན་ཀུན་ལ་ཁྱབ་པར་གཅིག །འདི་ནི་རང་བྱུང་བྱང་ཆུབ་སེམས་ཞེས་བྱ། །སེམས་ཉིད་སྟོང་པའི་ཆ་ནས་ཆོས་ཀྱི་སྐུ་དང༌། གསལ་བའི་ཆ་ནས་ལོངས་སྤྱོད་རྫོགས་པའི་སྐུ་དང༌། འཆར་བའི་ཆ་ནས་སྤྲུལ་པའི་སྐུ་ཞེས་མིང་དུ་བརྗོད་ཀྱང༌། ངོ་བོ་ངོས་གཟུང་གི་ཆོས་སུ་གྲུབ་པ་ནི་ཅུང་ཟད་ཀྱང་མེད་ལ། དགོངས་པ་དེ་ཉིད་དུས་གསུམ་འཕོ་འགྱུར་མེད་པར་ལྷུན་གྱིས་གྲུབ་སྟེ། འཁོར་འདས་ཀུན་ལ་སྙིང་པོའི་ཚུལ་དུ་ཁྱབ་པའི་ཕྱིར། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་གསུངས་ཏེ། དེ་དག་ཀྱང་སྟོང་གསལ་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ནི། ཀུན་བྱེད་ལས། ཀུན་བྱེད་བྱང་ཆུབ་སེམས་ང་ནི། །རང་བཞིན་མ་བཅོས་རྣམ་གསུམ་ལས། །མིང་

ཡོན་ཏན་ལྷུན་གྱིས་གྲུབ་ཟིན ] གྱི A C · ངོ་བོ་ངོས་གཟུང་གི་ཆོས ] བཟུང D R · གི་ཡེ་ཤེས་སུ་བསྟན་པ ] om. W · བྱང་ཆུབ་སེམས་ང་ནི་རང ] པ A D R C

[p. 177] ཙམ་སྐུ་གསུམ་བྱུང་ཚུལ་བསྟན། །ངེས་པར་སྐུ་གསུམ་རང་བཞིན་ཀྱང༌། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་ནི། །མ་སྐྱེས་གཟུང་འཛིན་བྲལ་བ་ལས། །ཆོས་སྐུ་སྐྱེ་མེད་མིང་ཙམ་བྱུང༌། །ངེས་པར་ཆོས་སྐུ་མིང་ཙམ་སྟེ། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་ཡི། །ངོ་བོ་མིང་ཙམ་མངོན་ཕྱུང་བ། །ལོངས་སྤྱོད་རྫོགས་སྐུ་མིང་ཙམ་ཚུལ། །ངེས་པར་ལོངས་སྤྱོད་རྫོགས་སྐུ་དེ། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་ཡི། །ཐུགས་རྗེ་སྤྲུལ་སྐུ་མངོན་ཕྱུང་བ། །ཐུགས་རྗེ་མ་བཅོས་རང་བཞིན་ལས། །མིང་ཙམ་སྤྲུལ་སྐུའི་ཚུལ་བྱུང་བ། །ངེས་པར་སྤྲུལ་པའི་སྐུ་དེ་ཡང༌། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཅེས་སོ། །དེ་ལྟ་བུའི་ངང་ལས་སྣང་སྲིད་ཤར་བར་བསྟན་པ་ནི། །དེ་ཡི་རྩལ་ནི་ཅིར་ཡང་འཆར་བ་སྟེ། །

བྱང་ཆུབ་སེམས་ང་ནི་མ ] ད A C · བྱང་ཆུབ་སེམས་ང་ནི་མ ] པ D R · བཞིན་ཉིད་ལས་གཡོས་པ་མེད ] གཡས D R · བྱང་ཆུབ་སེམས་ང་ཡི་ངོ ] པ A D R · མིང་ཙམ་མངོན་ཕྱུང་བ་ལོངས ] བྱུང A P G S C · བཞིན་ཉིད་ལས་གཡོས་པ་མེད ] གཡོགས A D R · མེད་ཀུན་བྱེད་བྱང་ཆུབ་སེམས ] བྱད D R · བྱང་ཆུབ་སེམས་ང་ཡི་ཐུགས ] པ A D R

[p. 178] རྟོགས་དང་མི་རྟོགས་སྣང་སྲིད་སྣོད་བཅུད་དང༌། །སྐྱེ་འགྲོའི་སྣང་བ་སྣ་ཚོགས་ཇི་སྙེད་དོ། །རིག་པའི་རང་བཞིན་མེ་ལོང་ལྟ་བུའི་ངང་ན་རང་རྩལ་གཟུགས་བརྙན་དང་འདྲ་བ་ཐམས་ཅད་འཆར་བའི་གཞིར་གནས་པས། སྣང་སྲིད་སྣོད་བཅུད་ཀྱི་སྣང་བ་སྣ་ཚོགས་སུ་ཤར་ཡང་རིག་པའི་ངོ་བོ་ལ་གོས་པ་དང་འཕོ་འགྱུར་མེད་དེ། གཟུགས་བརྙན་གྱིས་མེ་ལོང་ལ་མ་གོས་ཤིང་འཕོ་འགྱུར་གང་ཡང་མེད་པ་བཞིན་ནོ། །རང་ཤར་ལས། དུས་མེད་སྣང་བའི་རང་བྱུང་ཆེན་པོ་ནི། །ནམ་མཁའི་ངང་ནས་ཉི་ཟླའི་ཆོ་འཕྲུལ་འབྱུང་བ་ལྟར། །སྐྱེ་མེད་ངང་ལས་འགག་མེད་ཆོ་འཕྲུལ་འབྱུང༌། །དེ་བཞིན་ཆོ་འཕྲུལ་ཆེན་པོ་དཀའ་བ་མིན། །ཞེས་པ་དང༌། ཀུན་བྱེད་ལས། ཡང་དག་ཀུན་གྱི་ངོ་བོ་བྱང་ཆུབ་ང༌། །སྤྲོས་མེད་དབྱིངས་ཀྱི་ངོ་བོ་ང་ཡིན་ལ། །སངས་རྒྱས་ཀུན་གྱི་གསང་ཆེན་ང་ཡིན་པས། །རོལ་པ་ཁམས་གསུམ་འགྲོ་དྲུག་ང་

བའི་གཞིར་གནས་པས་སྣང་སྲིད ] བས D R · བོ་ལ་གོས་པ་དང་འཕོ ] བ D R · ལྟར་སྐྱེ་མེད་ངང་ལས་འགག ] ང W · མེད་ངང་ལས་འགག་མེད་ཆོ ] འགགས D R

[p. 179] ལས་ཤར། །ཞེས་སོ། །ཤར་བ་ཉིད་ནས་རང་བཞིན་མེད་དོ་ཞེས་བསྟན་པ་ནི། འདི་ཀུན་ཤར་ཡང་རང་བཞིན་འགའ་མེད་དེ། །སྨིག་རྒྱུའི་ཆུ་དང་རྨི་ལམ་སྒྲ་བརྙན་བཞིན། །སྤྲུལ་པ་གཟུགས་བརྙན་དྲི་ཟའི་གྲོང་ཁྱེར་དང༌། །མིག་ཡོར་ཇི་བཞིན་མེད་པ་གསལ་སྣང་དུ། །གཞི་མེད་རྟེན་མེད་གློ་བུར་སྣང་བ་ཙམ། །བར་སྐབས་རེ་འགའི་ཆོས་སྐུ་རྟོགས་པར་བྱ། །རྨི་ལམ་གྱི་སྣང་བ་ནི་གཉིད་དུ་མ་སོང་བ་དང་སད་པའི་དུས་སྔ་ཕྱི་གཉིས་ཀར་མེད་ཀྱང༌། གཉིད་ཁུང་ན་བར་དེར་སྣང་བ་ལྟར། འཁོར་བའི་འཁྲུལ་སྣང་ཡང་ཐོག་མ་ཆོས་ཉིད་གཞིའི་དུས་དང༌། ཐ་མ་མྱ་ངན་ལས་འདས་པ་འབྲས་བུའི་དུས་གཉིས་ཀར་མེད་ལ། ད་ལྟ་བར་འདིར་བློ་འཁྲུལ་པ་ལ་སྣང་ཡང་སྣང་དུས་ཉིད་ནས་མེད་པ་གསལ་སྣང་གི་ངོ་བོ་སྟོང་གཟུགས་སྣང་བ་ཙམ་ལས་གང་དུའང་གྲུབ་པ་མེད་དེ། ཆོས་ཐམས་ཅད་རང་བཞིན་མེད་པས་སྐྱེ་

ཞེས་སོ་ཤར་བ་ཉིད་ནས ] པ A C · རེ་འགའི་ཆོས་སྐུ་རྟོགས་པར ] སུ P S · མེད་ལ་ད་ལྟ་བར་འདིར ] ལྟར D R

[p. 180] འགག་གནས་གསུམ་དུ་གྲུབ་པ་མེད་པའི་ཕྱིར་རོ། །རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ཡང་འཇིག་པ་གསུངས། །ཞེས་པ་དང༌། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང༌། སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། །འདི་ན་སུ་ཡང་མི་སྐྱེ་འཆི་བ་མེད། །སེམས་ཅན་མི་དང་སྲོག་ཀྱང་མི་རྙེད་དེ། །ལས་བྱས་བསགས་པ་ནམ་ཡང་མེད་མི་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་དག་ཆོས་ཉིད་ལས་མ་གཡོས་པར་བསྟན་པ་ནི། ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །རོལ་པ་མ་འགགས་འཁོར་འདས་ཆོ་འཕྲུལ་འབྱུང༌། །ཆོ་འཕྲུལ་དེ་ཀུན་དབྱིངས་སུ་འུབ་ཆུབ་པས། །གདོད་མའི་ངང་ལས་གཡོས་པ་མེད་ཤེས་བྱ། །འཁོར་འདས་ཇི་སྙེད་སྣང་ཡང་སྣང་དུས་ཉིད་ནས་བྱང་ཆུབ་སེམས་ཀྱི་ངོ་བོའི་ངང་ལས་མ་

པས་སྐྱེ་འགག་གནས་གསུམ་དུ ] ནས W · དུ་ཡང་འཇིག་པ་གསུངས་ཞེས ] པར A P S C · མེད་སེམས་ཅན་མི་དང་སྲོག ] མིང P

[p. 181] གཡོས་ཏེ། ཀུན་བྱེད་ལས། ཆོས་ཀུན་རྩ་བ་ཀུན་བྱེད་བྱང་ཆུབ་སེམས། །ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཡིན། །ཇི་ལྟར་བྱུང་བ་ང་ཡི་ཆོ་འཕྲུལ་ཡིན། །ཞེས་སོ། །ཐམས་ཅད་དབྱིངས་སུ་རྫོགས་པས་རྫོགས་པ་ཆེན་པོར་བསྟན་པ་ནི། འདིར་ནི་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང༌། །གཅིག་རྫོགས་ཀུན་རྫོགས་མ་བྱས་དོན་ཀུན་རྫོགས། །རང་བཞིན་ལྷུན་རྫོགས་རང་བྱུང་ཡེ་ཤེས་སོ། །རིག་པའི་ངོ་བོ་ལ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷུན་གྱིས་རྫོགས་ཏེ། ཡི་གེ་མེད་པ་ལས། ང་ལ་སྐྱེ་དང་འཆི་མེད་པས། །འགག་པའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་ཕྱི་དང་ནང་མེད་པས། །གསལ་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་སྟོང་དང་དངོས་མེད་པས། །སྣང་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་དམིགས་པའི་ཡུལ་མེད་པས། །མཐོང་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་ལུས་དང་སེམས་

བ་ང་ཡི་ཆོ་འཕྲུལ་ཡིན ] ཆོས W R · ནི་ཡོངས་སུ་རྫོགས་ང་ལ ] རྫོག་ས A D G C · ནི་ཡོངས་སུ་རྫོགས་ང་ལ ] རྫོངས A G · ཡོངས་སུ་རྫོགས་ང་ལ་ལུས ] ད D R

[p. 182] མེད་པས། །རང་སྣང་ཆོས་ནི་ཡོངས་སུ་རྫོགས། །ང་ལ་བདག་དང་གཞན་མེད་པས། །རིག་པའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་བྱེད་པའི་རྒྱུ་མེད་པས། །བསམ་གཏན་ཆེན་པོ་ཡོངས་སུ་རྫོགས། །ང་ལ་ཕྱིན་པའི་ཡུལ་མེད་པས། །རང་སྣང་ཡུལ་ནི་ཡོངས་སུ་རྫོགས། །ང་ལ་ཕྱོགས་དང་རིས་མེད་པས། །གསང་བའི་ཡེ་ཤེས་ཡོངས་སུ་རྫོགས། །ང་ལ་སྣང་བ་འགག་མེད་པས། །དབྱིངས་ཀྱི་ཆོས་གསུམ་ཡོངས་སུ་རྫོགས། །ང་ལ་གཅིག་དང་གཉིས་མེད་པས། །ཐིག་ལེའི་ཆོས་རྣམས་ཡོངས་སུ་རྫོགས། །ང་ལ་མུན་དང་སྣང་མེད་པས། །མངོན་པར་སྣང་བའི་ཆོས་རྣམས་རྫོགས། །ང་ལ་བདག་རྟོག་གཉིས་མེད་པས། །སྟོང་པའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་དྲི་མ་གཉིས་མེད་པས། །གསལ་བའི་ཆོས་ལྔ་ཡོངས་སུ་རྫོགས། །ང་ལ་སྤྲོ་ཞིང་བསྡུ་མེད་པས། །ཡི་གེའི་དོན་རྣམས་ཡོངས་སུ་རྫོགས། །ཞེས་སོ། །

སུ་རྫོགས་ང་ལ་ཕྱོགས་དང ] ཡི A G C · སུ་རྫོགས་ང་ལ་མུན་དང ] ལས A G · ནི་ཡོངས་སུ་རྫོགས་ང་ལ ] རྫོག་ས A C

[p. 183] དེའང་སྣང་ཚོད་མ་འགགས་པར་བྱང་ཆུབ་སེམས་ཀྱི་ངོ་བོ་ཁ་ལ་ཡོད་སྣང་ཙམ་དུ་རྫོགས་ཚུལ་བསྟན་ན། ཀློང་དྲུག་པ་ལས་ཀྱང༌། སྐྱེ་བ་ཡོད་པའི་སེམས་ཉིད་ལ། །འགྲོ་དྲུག་སྣང་བ་རང་ཤར་བ། །ཐ་དད་གཟུགས་རྣམས་འཛིན་པར་ནི། །སྣང་བ་གཟུགས་སུ་སྨིན་པར་རྫོགས། །འགག་པ་ཡོད་པའི་སེམས་ཉིད་ལ། །མི་རྟག་རྒྱུ་རུ་རང་ཤར་བས། །རང་བཞིན་མེད་པའི་སྣང་བར་ནི། །དཔེར་ན་རྨི་ལམ་བཞིན་དུ་རྫོགས། །སྤྲོས་པ་ཡོད་པའི་སེམས་ཉིད་ལ། །སྣ་ཚོགས་སྣང་བ་རང་ཤར་བས། །སྒོ་ལྔ་སོ་སོའི་སྣང་བར་ནི། །རང་ས་གཟུང་བའི་ཆ་ནས་རྫོགས། །བསྟན་དུ་ཡོད་པའི་སེམས་ཉིད་ལ། །སྒྲ་ཚིག་མིང་རྣམས་རང་ཤར་བས། །ཐ་སྙད་བློ་རྣམས་རང་དག་པར། །བླ་མའི་མན་ངག་གསང་བ་རྫོགས། །མཐོང་དུ་ཡོད་པའི་སེམས་ཉིད་ལ། །བྱུང་རྐྱེན་དུ་མ་རང་ཤར་བས། །སྣང་བའི་ཡུལ་ལ་མངོན་པར་

ཞེས་སོ་དེའང་སྣང་ཚོད་མ ] སྣ W · སྣང་ཚོད་མ་འགགས་པར་བྱང ] འགག A P S C · སེམས་ཀྱི་ངོ་བོ་ཁ་ལ ] om. A P D G S R C · བ་རང་ཤར་བ་ཐ་དད ] བས A P S C · ལ་མི་རྟག་རྒྱུ་རུ་རང ] རྒྱུར W · ཤར་བས་སྒོ་ལྔ་སོ་སོའི ] ལྔའི W
[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the chapter's own divisions; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The complete outline of the work is on the contents page.
4 Awareness shown to be like the heart essence of the sun རིག་པ་ཉི་མའི་སྙིང་པོ་ལྟར་བསྟན་པ [p. 175]
Awakened mind is likened to the sun's heart essence: luminous, unconditioned, unobscured and free of elaboration, the dharmakāya of unobstructed awareness. The extensive explanation names mind itself as the three kāyas, dharmakāya as empty, saṃbhogakāya as lucid and nirmāṇakāya as arising, though none is established. Unchanging through the three times, it pervades all as sugatagarbha.
4.1 Brief presentation མདོར་བསྟན [p. 175]
Awakened mind, like the sun, is luminous, unconditioned, unobscured and free of elaboration; it is the dharmakāya of unobstructed awareness, illustrated by a citation from the Natural Arising on the dharmakāya free of the four extremes.
4.2 Extensive explanation རྒྱས་པར་བཤད་པ [p. 175]
Mind itself is named dharmakāya as empty, saṃbhogakāya as lucid and nirmāṇakāya as arising, yet nothing is established; unchanging through the three times, it pervades all as sugatagarbha. The All-Creating King shows the three kāyas as mere names never stirring from suchness.
5 All that appears and exists arises from within that state ངང་ལས་སྣང་སྲིད་ཤར་བར་བསྟན་པ [p. 177]
Awareness's dynamic energy arises as all appearances of world and beings, realized or not, like reflections in a mirror that neither stain nor alter it. Cites the Natural Arising and the All-Creating King.
6 From the very moment of arising, appearances are without intrinsic nature ཤར་བ་ཉིད་ནས་རང་བཞིན་མེད་པ [p. 179]
Root verse and commentary: appearances are like mirage, dream, echo and illusion, the lucid appearance of what does not exist. Like dream images, saṃsāric appearances exist neither at the ground nor at fruition and are not established as arising, abiding or ceasing; supported by the Root Verses Called Wisdom and King of Samādhi.
7 Appearances have not stirred from the nature of phenomena ཆོས་ཉིད་ལས་མ་གཡོས་པ [p. 180]
The magical display of saṃsāra and nirvāṇa arising from spontaneously present awakened mind is encompassed in basic space and never stirs from the original state, as the All-Creating King states.
8 Everything is perfect within basic space, hence the Great Perfection ཐམས་ཅད་དབྱིངས་སུ་རྫོགས་པས་རྫོགས་པ་ཆེན་པོ [p. 181]
All phenomena of saṃsāra and nirvāṇa are spontaneously perfect in the essence of awareness, as Without Letters shows. They are perfect on the surface of awakened mind without appearances ceasing, as the Six Expanses shows. Awareness is called the Great Perfection because it is perfect as the essence of the two truths and the three purities.
8.1 All phenomena spontaneously perfect in the essence of awareness ཆོས་ཐམས་ཅད་ལྷུན་གྱིས་རྫོགས་པ [p. 181] topical
All phenomena of saṃsāra and nirvāṇa are spontaneously perfect in the essence of awareness, illustrated by a long quotation from Without Letters listing what is perfect because of what is absent in awareness.
8.2 How all is perfect without appearances ceasing སྣང་ཚོད་མ་འགགས་པར་རྫོགས་ཚུལ [p. 183] topical
Without appearances ceasing, all is perfect on the surface of awakened mind as mere seeming existence, shown by an extended quotation from the Six Expanses enumerating aspects of mind itself and how each is perfect.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 174] > You will not see the heart essence of phenomena.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 82 % of the words.
[37]Note 37 · p. 174 · chos kyi snying po: "the heart essence of phenomena" (Claude Fable 5.2; Dharmamitra "of reality"), in keeping with the Kun byed's teaching that awakened mind is the heart essence of all phenomena. Gemini 4 Neon and GPT-6.2 Astra have "of the Dharma", which is also possible.

Thus the essence of awareness illustrated by the analogy of space, free of conceptual elaboration and beyond thought and expression, is the enlightened intent of Samantabhadra, Vajrasattva and the others. From that same tantra:

> As for how the enlightened intent of Samantabhadra is gathered:[39]Note 39 · p. 174 · 'dus pa: rendered "gathered" throughout, matching kun 'dus in the root verse. GPT-6.2 Astra's "comes down to this" and its recasting of the first stanza ("in all things… the All-Creator is made manifest") depart from the syntax: all appearances are what is gathered.
> All appearances, however they appear,
> With no good or bad, no accepting or rejecting,
> Are gathered in what the all-creating one (kun byed) has made manifest.[38]Note 38 · p. 174 · kun byed mngon du phyung bar 'dus: Adzom reads byung ("has become manifest", intransitive). The text's phyung ("made manifest", transitive, with the all-creating one as agent) is followed.
> As for how the enlightened intent of Vajrasattva is gathered:
> It is gathered in the enlightened intent of no birth and no cessation.
> The seven successive buddhas, Śākyamuni,[40]Note 40 · p. 174 · rabs bdun shākya thub pa: left neutral ("the seven successive buddhas, Śākyamuni"). Dharmamitra's "ending with Śākyamuni" is an interpretation, though a plausible one, since Śākyamuni is the seventh.
> The thousand and two, and those as numerous as dust motes,
> Who act for the benefit of beings through enlightened body, speech and mind (sku gsung thugs):
> Their arising, too, arises from enlightened body, speech and mind.
> Within the nature of phenomena that is enlightened body, speech and mind,
> The way in which enlightened body, speech and mind act for the benefit of beings,
> That too is gathered in the all-creating one itself.
> In the palace of the basic space of phenomena (chos kyi dbyings),
> There is not a single thing that is not gathered in me.Kun byedQuotation (the text says: the same source: རྒྱུད་དེ་ཉིད་ལས)

The quoted words are in Ngb-pt-0104-vol-02-text (the text itself), 90 % of the words.

> In the measureless mansion of the element of space,[41]Note 41 · p. 174 · nam mkha'i khams: rendered "the element of space" to keep it distinct from nam mkha'i dbyings ("the realm of space"). The last line runs on into the next page (gzhal | yas na) and is completed here; the next part begins with "there is not a single thing…".

[p. 175] > There is not a single thing that is not gathered in me.[42]Note 42 · p. 175 · The part begins after "In the measureless mansion of the element of space," which the previous part already rendered (gzhal yas na); Gemini 4 Neon, GPT-6.2 Astra and Claude Fable 5.2 partly repeat it.

Thus it is said.

4 Awareness shown to be like the heart essence of the sun རིག་པ་ཉི་མའི་སྙིང་པོ་ལྟར་བསྟན་པ4 Awareness shown to be like the heart essence of the sun
Awakened mind is likened to the sun's heart essence: luminous, unconditioned, unobscured and free of elaboration, the dharmakāya of unobstructed awareness. The extensive explanation names mind itself as the three kāyas, dharmakāya as empty, saṃbhogakāya as lucid and nirmāṇakāya as arising, though none is established. Unchanging through the three times, it pervades all as sugatagarbha.

Showing that such awareness is like the heart essence of the sun:[44]Note 44 · p. 175 · nyi ma'i snying po: "heart essence of the sun" per the glossary (Dharmamitra, Claude Fable 5.2 "heart"). Gemini 4 Neon and GPT-6.2 Astra have "essence", which is reserved for ngo bo.

4.1 Brief presentation མདོར་བསྟན4.1 Brief presentation
Awakened mind, like the sun, is luminous, unconditioned, unobscured and free of elaboration; it is the dharmakāya of unobstructed awareness, illustrated by a citation from the Natural Arising on the dharmakāya free of the four extremes.

Awakened mind is like the heart essence of the sun:
Inherently luminous,[45]Note 45 · p. 175 · ngang gis 'od gsal: rendered "inherently luminous", to keep "naturally" for rang- compounds and "state" for ngang as a noun. primordially (ye nas) unconditioned ('dus ma byas),
With no phenomena of obscuration (sgrib pa), it is unobstructed transparency (zang thal), spontaneously present;
With no phenomena of conceptual elaboration (spros pa), it is the state of the nonconceptual nature of phenomena.[43]Note 43 · p. 175 · Root verse, last line: the e-text reads chos nyid dang ("…nature of phenomena, and"). I read chos nyid ngang, "the state of the nature of phenomena", as the root text is usually transmitted and as Gemini 4 Neon and Claude Fable 5.2 imply ("state"). GPT-6.2 Astra and Dharmamitra leave the syllable untranslated.

Thus it is shown in brief. This is the dharmakāya, inherently luminous, unconditioned and spontaneously present: awareness in its great unobstructed transparency. From the Natural Arising (rang shar):

> The great dharmakāya, free of the four extremes,
> Is stainless and luminous, like a pure crystal.
> The dharmakāya free of extremes, the kāya in which darkness has cleared,
> Like the stainless orb of the sun[46]Note 46 · p. 175 · nyi ma'i dkyil 'khor: rendered "orb of the sun" rather than the glossary's "maṇḍala", as the context requires. that dispels darkness,
> Dispels the darkness of the four extremes and is primordially spontaneously present.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

Thus it is said.

4.2 Extensive explanation རྒྱས་པར་བཤད་པ4.2 Extensive explanation
Mind itself is named dharmakāya as empty, saṃbhogakāya as lucid and nirmāṇakāya as arising, yet nothing is established; unchanging through the three times, it pervades all as sugatagarbha. The All-Creating King shows the three kāyas as mere names never stirring from suchness.

The extensive explanation:

Being empty (stong pa), it is dharmakāya; being lucid, saṃbhogakāya[48]Note 48 · p. 175 · gsal ba: "lucid" per the glossary (so Claude Fable 5.2). Gemini 4 Neon and GPT-6.2 Astra "luminous/luminosity" blurs it with 'od gsal; Dharmamitra has "clarity". (longs spyod rdzogs pa);
Having rays, nirmāṇakāya (sprul pa):[47]Note 47 · p. 175 · sprul pa in the root verse stands for sprul pa'i sku (as the commentary confirms), hence "nirmāṇakāya" rather than "emanation". Dharmamitra and Claude Fable 5.2 have "emanation (body)". the three kāyas (sku gsum) neither join nor part.

[p. 176] Since its qualities (yon tan) are primordially, already spontaneously present,
It is not obscured by the darkness of faults and flaws.
It is one in being without transition or change throughout the three times, earlier or later;
It is one in pervading all buddhas and sentient beings.
This is called self-arisen awakened mind.

Although mind itself is spoken of by name as dharmakāya from the aspect of its being empty, as saṃbhogakāya from the aspect of its being lucid, and as nirmāṇakāya from the aspect of its arising, in essence there is not the slightest thing established as an identifiable phenomenon. That very enlightened intent[49]Note 49 · p. 176 · dgongs pa de nyid: "that very enlightened intent" (GPT-6.2 Astra, Claude Fable 5.2). Gemini 4 Neon and Dharmamitra "realization" is the rendering reserved for rtogs pa. is spontaneously present, without transition or change throughout the three times. And because it pervades all of saṃsāra and nirvāṇa as their heart essence, it is said:

> The sugatagarbha (bde gshegs snying po) wholly pervades all beings.source?Quotation (not named in the text)
Source not identified.
The quoted words are in ཟབ་མོ་ནང་དོན་གྱི་རྣམ་བཤད་སྙིང་པོ་གསལ་བར་བྱེད་པའི་ཉིན་བྱེད་འོད་ཀྱི་ཕྲེང་བ་བཞུགས། (a parallel), 100 % of the words.

That these, too, are empty and lucid self-arisen primordial wisdom[50]Note 50 · p. 176 · ye shes: "primordial wisdom" per the glossary, against "pristine wisdom" (Gemini 4 Neon, Dharmamitra), "wisdom" (GPT-6.2 Astra) and "timeless awareness" (Claude Fable 5.2). is shown in the All-Creating King:

> I, the all-creating awakened mind,
> From the three aspects of my uncontrived (ma bcos) nature

[p. 177] > Show how the three kāyas arise as mere names.
> In truth, the nature of the three kāyas, too,[51]Note 51 · p. 177 · nges par sku gsum rang bzhin kyang: taken as "In truth, the nature of the three kāyas, too" (Gemini 4 Neon, GPT-6.2 Astra, Claude Fable 5.2). Dharmamitra's "Even though they are definitely the nature of the three kāyas" misconstrues kyang as concessive.
> Has not stirred from suchnessKun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 81 % of the words.
(de bzhin nyid).
> I, the all-creating awakened mind:
> From my being unborn, free of perceived and perceiver,
> The mere name "unborn dharmakāya" arises.
> In truth, dharmakāya is a mere name;
> It has not stirred from suchness.
> The essence of me, the all-creating awakened mind,
> Made manifest as a mere name,[52]Note 52 · p. 177 · ngo bo ming tsam mngon phyung ba: Adzom reads mngon byung ba ("become manifest"). I keep mngon phyung ba ("made manifest"), supported by the parallel line thugs rje sprul sku mngon phyung ba.
> Is saṃbhogakāya, in the manner of a mere name.
> In truth, that saṃbhogakāya
> Has not stirred from suchness.
> The compassionate responsiveness (thugs rje) of me,[53]Note 53 · p. 177 · thugs rje: "compassionate responsiveness", since it stands in the triad with nature and essence (GPT-6.2 Astra, Claude Fable 5.2). Gemini 4 Neon and Dharmamitra have "compassion". the all-creating awakened mind,
> Is made manifest as nirmāṇakāya:
> From the uncontrived nature of compassionate responsiveness
> The mode of nirmāṇakāya arises as a mere name.
> In truth, that nirmāṇakāya, too,
> Has not stirred from suchness.

Thus it is said.

5 All that appears and exists arises from within that state ངང་ལས་སྣང་སྲིད་ཤར་བར་བསྟན་པ5 All that appears and exists arises from within that state
Awareness's dynamic energy arises as all appearances of world and beings, realized or not, like reflections in a mirror that neither stain nor alter it. Cites the Natural Arising and the All-Creating King.

Showing that from within such a state all that appears and exists (snang srid) arises:

Its dynamic energy arises as anything whatsoever:

[p. 178] Realization (rtogs pa) and nonrealization, all that appears and exists, the world and its inhabitants,
And the manifold appearances of living beings, however many there are.

Since the nature of awareness, within its mirror-like state, abides as the ground (gzhi) for the arising[54]Note 54 · p. 178 · rig pa'i rang bzhin … 'char ba'i gzhir gnas pas: I take the nature of awareness as what abides as the ground for the arising of its own dynamic energy (Gemini 4 Neon, GPT-6.2 Astra, Claude Fable 5.2). Dharmamitra makes the dynamic energy itself the ground. of all of its own dynamic energy (rang rtsal), which is like reflections, although this arises as the manifold appearances of all that appears and exists, the world and its inhabitants, the essence of awareness is neither stained nor subject to transition or change, just as a mirror is not stained by reflections and undergoes no transition or change whatsoever. From the Natural Arising:

> The great self-arisen that appears beyond time:[55]Note 55 · p. 178 · dus med snang ba'i rang byung chen po: taken as "the great self-arisen that appears beyond time", close to Gemini 4 Neon. GPT-6.2 Astra and Claude Fable 5.2 have "self-arising of timeless appearance". "Timeless" is avoided so as not to suggest ye.
> Just as the magical display (cho 'phrul) of sun and moon comes forth from within the state of space,
> From within the unborn state the unceasing magical display comes forth.
> Just so, the great magical display is not difficult.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

And from the All-Creating King:

> I am awakening,[57]Note 57 · p. 178 · byang chub nga: kept as "awakening" (Gemini 4 Neon, Dharmamitra, Claude Fable 5.2). GPT-6.2 Astra "awakened mind" supplies sems. the essence of all that is authentic.
> I am the essence of basic space (dbyings),[56]Note 56 · p. 178 · spros med dbyings: "basic space" per the glossary (Gemini 4 Neon, GPT-6.2 Astra, Claude Fable 5.2). Dharmamitra "expanse" is reserved for klong. free of conceptual elaboration.
> Since I am the great secret (gsang chen) of all buddhas,
> The display, the three realms (khams gsum) and the six classes of beings ('gro drug), arises from me.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 53 % of the words.
[58]Note 58 · p. 178 · The last verse line runs onto the next page (nga | las shar). I have completed the sentence in English ("arises from me"), so the next part should begin after las shar, with zhes so.

[p. 179] So it says.

6 From the very moment of arising, appearances are without intrinsic nature ཤར་བ་ཉིད་ནས་རང་བཞིན་མེད་པ6 From the very moment of arising, appearances are without intrinsic nature
Root verse and commentary: appearances are like mirage, dream, echo and illusion, the lucid appearance of what does not exist. Like dream images, saṃsāric appearances exist neither at the ground nor at fruition and are not established as arising, abiding or ceasing; supported by the Root Verses Called Wisdom and King of Samādhi.

Showing that from the very moment of arising they are without intrinsic nature (rang bzhin med pa):

Although all these arise, they have no intrinsic nature whatsoever.
Like the water of a mirage, a dream, an echo,
An emanation, a reflection, a city of gandharvas
And an optical illusion, they are the lucid appearance of what does not exist[60]Note 60 · p. 179 · med pa gsal snang du … rtogs par bya: the house rendering "the lucid appearance of what does not exist" is used in verse and commentary alike; the drafts have "clear" or "vivid". (med pa gsal snang):
Groundless (gzhi med), without support, merely adventitious appearances.
Realize them to be phenomena of an occasional interval.[59]Note 59 · p. 179 · Root verse, last line: the text prints bar skabs re 'ga'i chos sku rtogs par bya ("realize the dharmakāya of an occasional interval"), which GPT-6.2 Astra follows. I read chos su ("as phenomena"), with Claude Fable 5.2, Dharmamitra and Gemini 4 Neon. The commentary's dream analogy explains exactly this: deluded appearances are present only "in this interval", absent at ground and fruition. "Dharmakāya of an occasional interval" gives no sense here.

Just as the appearances of a dream, though they do not exist at either the earlier or the later time, before one has fallen asleep or once one has woken, appear in the interval between, in the depths of sleep, so too the deluded appearances ('khrul snang) of saṃsāra ('khor ba) do not exist either at the beginning, the time of the ground, the nature of phenomena,[61]Note 61 · p. 179 · thog ma chos nyid gzhi'i dus: read as apposition, "the time of the ground, the nature of phenomena" (Claude Fable 5.2, Gemini 4 Neon, GPT-6.2 Astra), not "the ground of the nature of phenomena" (Dharmamitra). chos nyid is "the nature of phenomena" per the glossary, against Gemini 4 Neon "reality itself" and GPT-6.2 Astra "dharmatā". or at the end, the time of the fruition ('bras bu), nirvāṇa (mya ngan las 'das pa). And although now, in this interval, they appear to the deluded intellect (blo), from the very moment of appearing they are in essence the lucid appearance of what does not exist: apart from the mere appearing of empty forms (stong gzugs), they are not established as anything at all, because all phenomena, being without intrinsic nature, are not established as the three of arising,

[p. 180] ceasing and abiding. From the Root Verses Called Wisdom:

> Like a dream, like an illusion (sgyu ma),
> Like a city of gandharvas:
> So is arising, so is abiding,
> And so too is destruction taught to be.Rtsa ba shes rabQuotation (named in the text: རྩ་བ་ཤེས་རབ་ལས)
དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ, dbu ma rtsa ba'i tshig le'ur byas pa shes rab, Root Verses on the Middle Way (Prajñā-nāma-mūlamadhyamakakārikā), by Nāgārjuna · shastra; Tengyur; Toh 3824
Identification: high confidence
The quoted words are in ཡིད་བཞིན་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་གླེགས་བམ་དང་པོ། (a parallel: ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ), 100 % of the words.

And from the noble King of Samādhi also:

> Beings in conditioned existence (srid pa) are like a dream:
> Here no one at all is born and no one dies.
> No sentient being, no person, no life-force is to be found,
> Yet karma (las) done and accumulated never comes to nothing.Ting nge 'dzin gyi rgyal poQuotation (named in the text: འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང)
འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ, 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po'i mdo, The King of Samādhi Sūtra (Samādhirājasūtra) · sutra; Kangyur; Toh 127
Identification: high confidence
The quoted words were not found among the texts on this wiki.

It is just as these declare.[63]Note 63 · p. 180 · GPT-6.2 Astra leaves out the closing formulas (zhes so, zhes gsungs pa bzhin no) throughout; they are restored.

7 Appearances have not stirred from the nature of phenomena ཆོས་ཉིད་ལས་མ་གཡོས་པ7 Appearances have not stirred from the nature of phenomena
The magical display of saṃsāra and nirvāṇa arising from spontaneously present awakened mind is encompassed in basic space and never stirs from the original state, as the All-Creating King states.

Showing that these have not stirred from the nature of phenomena:

From the nature of spontaneously present awakened mind,
As unceasing display, the magical display of saṃsāra and nirvāṇa comes forth.
Since all that magical display is wholly encompassed within basic space,
Know that it has not stirred from the original state.[62]Note 62 · p. 180 · gdod ma'i ngang: rendered "original state" per the glossary (gdod ma is "original"), against "primordial state" in all four drafts.

However much of saṃsāra and nirvāṇa appears, from the very moment of appearing it has not

[p. 181] stirred from the state of the essence of awakened mind. From the All-Creating King:

> The root of all phenomena is the all-creating awakened mind.[64]Note 64 · p. 181 · chos kun rtsa ba kun byed byang chub sems: GPT-6.2 Astra adds "I am bodhicitta"; the line has no first person and is rendered as it stands (Claude Fable 5.2, Dharmamitra, Gemini 4 Neon).
> However things appear, they are my essence.
> However things occur, they are my magical display.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 96 % of the words.

So it says.

8 Everything is perfect within basic space, hence the Great Perfection ཐམས་ཅད་དབྱིངས་སུ་རྫོགས་པས་རྫོགས་པ་ཆེན་པོ8 Everything is perfect within basic space, hence the Great Perfection
All phenomena of saṃsāra and nirvāṇa are spontaneously perfect in the essence of awareness, as Without Letters shows. They are perfect on the surface of awakened mind without appearances ceasing, as the Six Expanses shows. Awareness is called the Great Perfection because it is perfect as the essence of the two truths and the three purities.

Showing that, since everything is perfect within basic space, this is the Great Perfection:

Here, everything is the state of awakened mind:
One is perfect, all is perfect; with nothing done, every aim is perfect.[65]Note 65 · p. 181 · ma byas don kun rdzogs: don is taken as "aims", perfect with nothing done (Claude Fable 5.2, Dharmamitra, Gemini 4 Neon "purpose"), rather than "meanings" (GPT-6.2 Astra). ma byas is "with nothing done", not "uncontrived" (GPT-6.2 Astra) or "without effort" (Gemini 4 Neon).
Spontaneously perfect by nature, this is self-arisen primordial wisdom (rang byung ye shes).

8.1 All phenomena spontaneously perfect in the essence of awareness ཆོས་ཐམས་ཅད་ལྷུན་གྱིས་རྫོགས་པ8.1 All phenomena spontaneously perfect in the essence of awareness (topical division)
All phenomena of saṃsāra and nirvāṇa are spontaneously perfect in the essence of awareness, illustrated by a long quotation from Without Letters listing what is perfect because of what is absent in awareness.

Within the essence of awareness, all the phenomena of saṃsāra and nirvāṇa, all that appears and exists, are spontaneously perfect (lhun gyis rdzogs pa). From Without Letters:

> Since in me there is no birth and no death,
> The phenomena of cessation are utterly perfect.[66]Note 66 · p. 181 · chos throughout the Without Letters quotation is "phenomena" (Claude Fable 5.2, Dharmamitra), not "qualities" (Gemini 4 Neon, GPT-6.2 Astra). Longchenpa introduces the passage as showing that all phenomena (chos thams cad) are spontaneously perfect in awareness.
> Since in me there is no outer and no inner,
> The phenomena of lucidity are utterly perfect.
> Since in me there is neither emptiness nor substantial entity,
> The phenomena of appearance are utterly perfect.
> Since in me there is no object of reference,
> The phenomena of seeing are utterly perfect.
> Since in me there is no body and no mind,

[p. 182] > The phenomena of self-appearance are utterly perfect.
> Since in me there is no self and no other,
> The phenomena of awareness are utterly perfect.
> Since in me there is no cause that acts,
> Great meditative stability (bsam gtan) is utterly perfect.
> Since in me there is no place to be reached,[67]Note 67 · p. 182 · phyin pa'i yul / rang snang yul: yul is rendered "place" in both lines rather than the glossary's "object", since phyin pa'i yul is plainly a place to be reached; the repetition of the Tibetan is kept.
> The place of self-appearance is utterly perfect.
> Since in me there are no sides and no divisions,
> The secret primordial wisdom is utterly perfect.
> Since in me appearance is unceasing,
> The three phenomena of basic space are utterly perfect.
> Since in me there is neither one nor two,
> The phenomena of the sphere (thig le) are utterly perfect.
> Since in me there is neither darkness nor light,
> The phenomena that manifestly appear are perfect.
> Since in me the two conceptions of a self[68]Note 68 · p. 182 · bdag rtog gnyis med pas: read as "the two conceptions of a self" (of persons and of phenomena), with Gemini 4 Neon. This parallels dri ma gnyis ("the two stains") in the next couplet and fits "the phenomena of emptiness". Claude Fable 5.2 and GPT-6.2 Astra read "neither self nor concept"; Dharmamitra reads "no duality of self and conceptual thought". The Tibetan allows either. do not exist,
> The phenomena of emptiness are utterly perfect.
> Since in me the two stains do not exist,
> The five phenomena of lucidity are utterly perfect.
> Since in me there is no projection and no withdrawal (spro bsdu),
> The meanings of the letters are utterly perfect.Yi ge med paQuotation (named in the text: ཡི་གེ་མེད་པ་ལས)
ཡི་གེ་མེད་པའི་རྒྱུད་ཆེན་པོ, yi ge med pa'i rgyud chen po, The Tantra Without Letters · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0051-vol-01-text (the text itself), 92 % of the words.

So it says.

[p. 183]

8.2 How all is perfect without appearances ceasing སྣང་ཚོད་མ་འགགས་པར་རྫོགས་ཚུལ8.2 How all is perfect without appearances ceasing (topical division)
Without appearances ceasing, all is perfect on the surface of awakened mind as mere seeming existence, shown by an extended quotation from the Six Expanses enumerating aspects of mind itself and how each is perfect.

Moreover, to show how, without what appears ever ceasing, everything is perfect on the surface of the essence of awakened mind[69]Note 69 · p. 183 · Opening sentence, byang chub sems kyi ngo bo kha la yod snang tsam du: read as "on the surface (kha la) of the essence of awakened mind, as what merely seems to exist", with GPT-6.2 Astra, Claude Fable 5.2, Dharmamitra. Gemini 4 Neon's "within the very essence" drops kha la. as what merely seems to exist, the Six Expanses also says:

> In mind itself, in which there is birth,[71]Note 71 · p. 183 · The refrain "X yod pa'i sems nyid la" is "in which there is…" with nouns and "which can be…" with verbs. rang shar, rang dag and rang grol follow the glossary; Dharmamitra and Gemini 4 Neon "liberated/liberation" is corrected to "free/freedom".
> Since the appearances (snang ba) of the six classes of beings arise naturally,[72]Note 72 · p. 183 · Variant, stanza 1: the text has rang shar ba, Adzom rang shar bas ("since … arise naturally"). I follow Adzom, since rang shar bas is the recurring form of this line in most stanzas; the base reading would give simply "arise naturally;".
> In the grasping ('dzin pa) of their different forms[73]Note 73 · p. 183 · 'dzin par (stanza 1): Claude Fable 5.2 and Gemini 4 Neon read "taking on/assuming" forms (bodies), GPT-6.2 Astra and Dharmamitra "apprehending/grasping". The Tibetan allows both; the glossary's "grasping" is kept.
> Appearance is perfect as ripened into form.[70]Note 70 · p. 183 · rdzogs is "perfect" throughout (Dharmamitra, Gemini 4 Neon), not "complete" (GPT-6.2 Astra, Claude Fable 5.2). The passage ends by deriving the name Great Perfection from this verb, and the previous part has "utterly perfect".
>
> In mind itself, in which there is cessation,
> Since impermanence arises naturally as the cause,[74]Note 74 · p. 183 · mi rtag rgyu ru rang shar bas: GPT-6.2 Astra and Dharmamitra read "impermanence arises as the cause", Claude Fable 5.2 and Gemini 4 Neon "it arises as the cause of impermanence". I follow the former, on the parallel with the other stanzas (subject + rang shar; cf. snang srid gcig par rang shar bas), but the latter is possible.
> As appearances without intrinsic nature
> They are perfect, as, for example, in a dream.
>
> In mind itself, in which there is conceptual elaboration,
> Since manifold appearances arise naturally,
> As the appearances of each of the five sense doors
> They are perfect in that each holds its own place (rang sa).[75]Note 75 · p. 183 · rang sa gzung ba'i cha nas: read as "holding its own place" (rang sa bzung ba), with GPT-6.2 Astra, Dharmamitra and Gemini 4 Neon. Claude Fable 5.2 takes gzung ba as "what is apprehended" (the perceived object) in its own place.
>
> In mind itself, which can be shown,
> Since sounds, words and names arise naturally,
> With every intellect of conventional designation naturally pure,
> The secret pith instructions (man ngag) of the guru (bla ma) are perfect.
>
> In mind itself, which can be seen,
> Since the many conditions that occur arise naturally,
> They manifestly appear among appearing objects[76]Note 76 · p. 183 · The page break falls inside the line "mngon par | snang"; the marker is placed after that line. (snang yul),

Translation notes
  • 37. [p. 174] chos kyi snying po: "the heart essence of phenomena" (Claude Fable 5.2; Dharmamitra "of reality"), in keeping with the Kun byed's teaching that awakened mind is the heart essence of all phenomena. Gemini 4 Neon and GPT-6.2 Astra have "of the Dharma", which is also possible.
  • 38. [p. 174] kun byed mngon du phyung bar 'dus: Adzom reads byung ("has become manifest", intransitive). The text's phyung ("made manifest", transitive, with the all-creating one as agent) is followed.
  • 39. [p. 174] 'dus pa: rendered "gathered" throughout, matching kun 'dus in the root verse. GPT-6.2 Astra's "comes down to this" and its recasting of the first stanza ("in all things… the All-Creator is made manifest") depart from the syntax: all appearances are what is gathered.
  • 40. [p. 174] rabs bdun shākya thub pa: left neutral ("the seven successive buddhas, Śākyamuni"). Dharmamitra's "ending with Śākyamuni" is an interpretation, though a plausible one, since Śākyamuni is the seventh.
  • 41. [p. 174] nam mkha'i khams: rendered "the element of space" to keep it distinct from nam mkha'i dbyings ("the realm of space"). The last line runs on into the next page (gzhal | yas na) and is completed here; the next part begins with "there is not a single thing…".
  • 42. [p. 175] The part begins after "In the measureless mansion of the element of space," which the previous part already rendered (gzhal yas na); Gemini 4 Neon, GPT-6.2 Astra and Claude Fable 5.2 partly repeat it.
  • 43. [p. 175] Root verse, last line: the e-text reads chos nyid dang ("…nature of phenomena, and"). I read chos nyid ngang, "the state of the nature of phenomena", as the root text is usually transmitted and as Gemini 4 Neon and Claude Fable 5.2 imply ("state"). GPT-6.2 Astra and Dharmamitra leave the syllable untranslated.
  • 44. [p. 175] nyi ma'i snying po: "heart essence of the sun" per the glossary (Dharmamitra, Claude Fable 5.2 "heart"). Gemini 4 Neon and GPT-6.2 Astra have "essence", which is reserved for ngo bo.
  • 45. [p. 175] ngang gis 'od gsal: rendered "inherently luminous", to keep "naturally" for rang- compounds and "state" for ngang as a noun.
  • 46. [p. 175] nyi ma'i dkyil 'khor: rendered "orb of the sun" rather than the glossary's "maṇḍala", as the context requires.
  • 47. [p. 175] sprul pa in the root verse stands for sprul pa'i sku (as the commentary confirms), hence "nirmāṇakāya" rather than "emanation". Dharmamitra and Claude Fable 5.2 have "emanation (body)".
  • 48. [p. 175] gsal ba: "lucid" per the glossary (so Claude Fable 5.2). Gemini 4 Neon and GPT-6.2 Astra "luminous/luminosity" blurs it with 'od gsal; Dharmamitra has "clarity".
  • 49. [p. 176] dgongs pa de nyid: "that very enlightened intent" (GPT-6.2 Astra, Claude Fable 5.2). Gemini 4 Neon and Dharmamitra "realization" is the rendering reserved for rtogs pa.
  • 50. [p. 176] ye shes: "primordial wisdom" per the glossary, against "pristine wisdom" (Gemini 4 Neon, Dharmamitra), "wisdom" (GPT-6.2 Astra) and "timeless awareness" (Claude Fable 5.2).
  • 51. [p. 177] nges par sku gsum rang bzhin kyang: taken as "In truth, the nature of the three kāyas, too" (Gemini 4 Neon, GPT-6.2 Astra, Claude Fable 5.2). Dharmamitra's "Even though they are definitely the nature of the three kāyas" misconstrues kyang as concessive.
  • 52. [p. 177] ngo bo ming tsam mngon phyung ba: Adzom reads mngon byung ba ("become manifest"). I keep mngon phyung ba ("made manifest"), supported by the parallel line thugs rje sprul sku mngon phyung ba.
  • 53. [p. 177] thugs rje: "compassionate responsiveness", since it stands in the triad with nature and essence (GPT-6.2 Astra, Claude Fable 5.2). Gemini 4 Neon and Dharmamitra have "compassion".
  • 54. [p. 178] rig pa'i rang bzhin … 'char ba'i gzhir gnas pas: I take the nature of awareness as what abides as the ground for the arising of its own dynamic energy (Gemini 4 Neon, GPT-6.2 Astra, Claude Fable 5.2). Dharmamitra makes the dynamic energy itself the ground.
  • 55. [p. 178] dus med snang ba'i rang byung chen po: taken as "the great self-arisen that appears beyond time", close to Gemini 4 Neon. GPT-6.2 Astra and Claude Fable 5.2 have "self-arising of timeless appearance". "Timeless" is avoided so as not to suggest ye.
  • 56. [p. 178] spros med dbyings: "basic space" per the glossary (Gemini 4 Neon, GPT-6.2 Astra, Claude Fable 5.2). Dharmamitra "expanse" is reserved for klong.
  • 57. [p. 178] byang chub nga: kept as "awakening" (Gemini 4 Neon, Dharmamitra, Claude Fable 5.2). GPT-6.2 Astra "awakened mind" supplies sems.
  • 58. [p. 178] The last verse line runs onto the next page (nga | las shar). I have completed the sentence in English ("arises from me"), so the next part should begin after las shar, with zhes so.
  • 59. [p. 179] Root verse, last line: the text prints bar skabs re 'ga'i chos sku rtogs par bya ("realize the dharmakāya of an occasional interval"), which GPT-6.2 Astra follows. I read chos su ("as phenomena"), with Claude Fable 5.2, Dharmamitra and Gemini 4 Neon. The commentary's dream analogy explains exactly this: deluded appearances are present only "in this interval", absent at ground and fruition. "Dharmakāya of an occasional interval" gives no sense here.
  • 60. [p. 179] med pa gsal snang du … rtogs par bya: the house rendering "the lucid appearance of what does not exist" is used in verse and commentary alike; the drafts have "clear" or "vivid".
  • 61. [p. 179] thog ma chos nyid gzhi'i dus: read as apposition, "the time of the ground, the nature of phenomena" (Claude Fable 5.2, Gemini 4 Neon, GPT-6.2 Astra), not "the ground of the nature of phenomena" (Dharmamitra). chos nyid is "the nature of phenomena" per the glossary, against Gemini 4 Neon "reality itself" and GPT-6.2 Astra "dharmatā".
  • 62. [p. 180] gdod ma'i ngang: rendered "original state" per the glossary (gdod ma is "original"), against "primordial state" in all four drafts.
  • 63. [p. 180] GPT-6.2 Astra leaves out the closing formulas (zhes so, zhes gsungs pa bzhin no) throughout; they are restored.
  • 64. [p. 181] chos kun rtsa ba kun byed byang chub sems: GPT-6.2 Astra adds "I am bodhicitta"; the line has no first person and is rendered as it stands (Claude Fable 5.2, Dharmamitra, Gemini 4 Neon).
  • 65. [p. 181] ma byas don kun rdzogs: don is taken as "aims", perfect with nothing done (Claude Fable 5.2, Dharmamitra, Gemini 4 Neon "purpose"), rather than "meanings" (GPT-6.2 Astra). ma byas is "with nothing done", not "uncontrived" (GPT-6.2 Astra) or "without effort" (Gemini 4 Neon).
  • 66. [p. 181] chos throughout the Without Letters quotation is "phenomena" (Claude Fable 5.2, Dharmamitra), not "qualities" (Gemini 4 Neon, GPT-6.2 Astra). Longchenpa introduces the passage as showing that all phenomena (chos thams cad) are spontaneously perfect in awareness.
  • 67. [p. 182] phyin pa'i yul / rang snang yul: yul is rendered "place" in both lines rather than the glossary's "object", since phyin pa'i yul is plainly a place to be reached; the repetition of the Tibetan is kept.
  • 68. [p. 182] bdag rtog gnyis med pas: read as "the two conceptions of a self" (of persons and of phenomena), with Gemini 4 Neon. This parallels dri ma gnyis ("the two stains") in the next couplet and fits "the phenomena of emptiness". Claude Fable 5.2 and GPT-6.2 Astra read "neither self nor concept"; Dharmamitra reads "no duality of self and conceptual thought". The Tibetan allows either.
  • 69. [p. 183] Opening sentence, byang chub sems kyi ngo bo kha la yod snang tsam du: read as "on the surface (kha la) of the essence of awakened mind, as what merely seems to exist", with GPT-6.2 Astra, Claude Fable 5.2, Dharmamitra. Gemini 4 Neon's "within the very essence" drops kha la.
  • 70. [p. 183] rdzogs is "perfect" throughout (Dharmamitra, Gemini 4 Neon), not "complete" (GPT-6.2 Astra, Claude Fable 5.2). The passage ends by deriving the name Great Perfection from this verb, and the previous part has "utterly perfect".
  • 71. [p. 183] The refrain "X yod pa'i sems nyid la" is "in which there is…" with nouns and "which can be…" with verbs. rang shar, rang dag and rang grol follow the glossary; Dharmamitra and Gemini 4 Neon "liberated/liberation" is corrected to "free/freedom".
  • 72. [p. 183] Variant, stanza 1: the text has rang shar ba, Adzom rang shar bas ("since … arise naturally"). I follow Adzom, since rang shar bas is the recurring form of this line in most stanzas; the base reading would give simply "arise naturally;".
  • 73. [p. 183] 'dzin par (stanza 1): Claude Fable 5.2 and Gemini 4 Neon read "taking on/assuming" forms (bodies), GPT-6.2 Astra and Dharmamitra "apprehending/grasping". The Tibetan allows both; the glossary's "grasping" is kept.
  • 74. [p. 183] mi rtag rgyu ru rang shar bas: GPT-6.2 Astra and Dharmamitra read "impermanence arises as the cause", Claude Fable 5.2 and Gemini 4 Neon "it arises as the cause of impermanence". I follow the former, on the parallel with the other stanzas (subject + rang shar; cf. snang srid gcig par rang shar bas), but the latter is possible.
  • 75. [p. 183] rang sa gzung ba'i cha nas: read as "holding its own place" (rang sa bzung ba), with GPT-6.2 Astra, Dharmamitra and Gemini 4 Neon. Claude Fable 5.2 takes gzung ba as "what is apprehended" (the perceived object) in its own place.
  • 76. [p. 183] The page break falls inside the line "mngon par | snang"; the marker is placed after that line.
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the commentary announces and opens), gold the quotations, red the words of the root verses (or of a quotation) that the commentary quotes to explain them, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program, the root verses by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Root verses being explainedAuthor's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 174]
བསྒྲིབས་པས།
།ཆོས་ཀྱི་སྙིང་པོ་མཐོང་མི་འགྱུར།
།ཞེས་སོ། །དེ་ལྟར་ནམ་མཁའི་དཔེས་མཚོན་པའི་རིག་པ་སྤྲོས་བྲལ་བསམ་བརྗོད་ལས་འདས་པའི་ངོ་བོ་ནི་ཀུན་ཏུ་བཟང་པོ་དང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དགོངས་པ་སྟེ། རྒྱུད་དེ་ཉིད་ལས། ཀུན་བཟང་དགོངས་པ་འདུས་པ་ནི།
།ཇི་ལྟར་སྣང་བ་ཐམས་ཅད་ཀུན།
།བཟང་ངན་བླང་དོར་མེད་པ་རུ།
།ཀུན་བྱེད་མངོན་དུ་ཕྱུང་བར་འདུས།
།རྡོ་རྗེ་སེམས་དགོངས་འདུས་པ་ནི།
།མི་སྐྱེ་མི་འགག་དགོངས་པ་འདུས།
།རབས་བདུན་ཤཱཀྱ་ཐུབ་པ་དང༌།
།སྟོང་རྩ་གཉིས་དང་རྡུལ་སྙེད་དང༌།
།སྐུ་གསུང་ཐུགས་ཀྱིས་དོན་མཛད་པའི།
།བྱུང་ཡང་སྐུ་གསུང་ཐུགས་ལས་བྱུང༌།
།སྐུ་གསུང་ཐུགས་ཀྱི་ཆོས་ཉིད་ལ།
།སྐུ་གསུང་ཐུགས་ཀྱི་དོན་མཛད་ཚུལ།
།དེ་ཡང་ཀུན་བྱེད་ཉིད་དུ་འདུས།
།ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན།
།ང་རུ་མ་འདུས་གཅིག་ཀྱང་མེད།
།ནམ་མཁའི་ཁམས་ཀྱི་གཞལ་

> You will not see the heart essence of phenomena.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 82 % of the words.
[37]Note 37 · p. 174 · chos kyi snying po: "the heart essence of phenomena" (Claude Fable 5.2; Dharmamitra "of reality"), in keeping with the Kun byed's teaching that awakened mind is the heart essence of all phenomena. Gemini 4 Neon and GPT-6.2 Astra have "of the Dharma", which is also possible.

Thus the essence of awareness illustrated by the analogy of space, free of conceptual elaboration and beyond thought and expression, is the enlightened intent of Samantabhadra, Vajrasattva and the others. From that same tantra:

> As for how the enlightened intent of Samantabhadra is gathered:[39]Note 39 · p. 174 · 'dus pa: rendered "gathered" throughout, matching kun 'dus in the root verse. GPT-6.2 Astra's "comes down to this" and its recasting of the first stanza ("in all things… the All-Creator is made manifest") depart from the syntax: all appearances are what is gathered.
> All appearances, however they appear,
> With no good or bad, no accepting or rejecting,
> Are gathered in what the all-creating one (kun byed) has made manifest.[38]Note 38 · p. 174 · kun byed mngon du phyung bar 'dus: Adzom reads byung ("has become manifest", intransitive). The text's phyung ("made manifest", transitive, with the all-creating one as agent) is followed.
> As for how the enlightened intent of Vajrasattva is gathered:
> It is gathered in the enlightened intent of no birth and no cessation.
> The seven successive buddhas, Śākyamuni,[40]Note 40 · p. 174 · rabs bdun shākya thub pa: left neutral ("the seven successive buddhas, Śākyamuni"). Dharmamitra's "ending with Śākyamuni" is an interpretation, though a plausible one, since Śākyamuni is the seventh.
> The thousand and two, and those as numerous as dust motes,
> Who act for the benefit of beings through enlightened body, speech and mind (sku gsung thugs):
> Their arising, too, arises from enlightened body, speech and mind.
> Within the nature of phenomena that is enlightened body, speech and mind,
> The way in which enlightened body, speech and mind act for the benefit of beings,
> That too is gathered in the all-creating one itself.
> In the palace of the basic space of phenomena (chos kyi dbyings),
> There is not a single thing that is not gathered in me.Kun byedQuotation (the text says: the same source: རྒྱུད་དེ་ཉིད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 90 % of the words.

> In the measureless mansion of the element of space,[41]Note 41 · p. 174 · nam mkha'i khams: rendered "the element of space" to keep it distinct from nam mkha'i dbyings ("the realm of space"). The last line runs on into the next page (gzhal | yas na) and is completed here; the next part begins with "there is not a single thing…".

[p. 175]
ཡས་ན། །ང་རུ་མ་འདུས་གཅིག་ཀྱང་མེད། །ཅེས་སོ། །དེ་ལྟ་བུའི་རིག་པ་ཉི་མའི་སྙིང་པོ་ལྟར་བསྟན་པ་ནི། །བྱང་ཆུབ་སེམས་ནི་ཉི་མའི་སྙིང་པོ་འདྲ།
།ངང་གིས་འོད་གསལ་ཡེ་ནས་འདུས་མ་བྱས།
།སྒྲིབ་པའི་ཆོས་མེད་ཟང་ཐལ་ལྷུན་གྱིས་གྲུབ།
།སྤྲོས་པའི་ཆོས་མེད་མི་རྟོག་ཆོས་ཉིད་དང༌།
།ཞེས་མདོར་བསྟན་ཏེ། །ངང་གིས་འོད་གསལ་ལ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་ཆོས་སྐུ་རིག་པ་ཟང་ཐལ་ཆེན་པོ་སྟེ། །རང་ཤར་ལས། མཐའ་བཞི་བྲལ་བའི་ཆོས་སྐུ་ཆེན་པོ་ནི།
།དྲི་མེད་འོད་གསལ་མན་ཤེལ་དག་པ་འདྲ།
།མཐའ་བྲལ་ཆོས་སྐུ་མུན་པ་སངས་པའི་སྐུ།
།དྲི་མེད་མུན་སེལ་ཉི་མའི་དཀྱིལ་འཁོར་ལྟར།
།མཐའ་བཞིའི་མུན་སེལ་ཡེ་ནས་ལྷུན་གྱིས་གྲུབ།
།ཅེས་སོ། །རྒྱས་པར་བཤད་པ་ནི། སྟོང་པས་ཆོས་སྐུ་གསལ་བས་ལོངས་སྤྱོད་རྫོགས། །ཟེར་ལྡན་སྤྲུལ་པ་སྐུ་གསུམ་འདུ་འབྲལ་མེད། །

> There is not a single thing that is not gathered in me.[42]Note 42 · p. 175 · The part begins after "In the measureless mansion of the element of space," which the previous part already rendered (gzhal yas na); Gemini 4 Neon, GPT-6.2 Astra and Claude Fable 5.2 partly repeat it.

Thus it is said.

4 Awareness shown to be like the heart essence of the sun རིག་པ་ཉི་མའི་སྙིང་པོ་ལྟར་བསྟན་པ4 Awareness shown to be like the heart essence of the sun
Awakened mind is likened to the sun's heart essence: luminous, unconditioned, unobscured and free of elaboration, the dharmakāya of unobstructed awareness. The extensive explanation names mind itself as the three kāyas, dharmakāya as empty, saṃbhogakāya as lucid and nirmāṇakāya as arising, though none is established. Unchanging through the three times, it pervades all as sugatagarbha.

Showing that such awareness is like the heart essence of the sun:[44]Note 44 · p. 175 · nyi ma'i snying po: "heart essence of the sun" per the glossary (Dharmamitra, Claude Fable 5.2 "heart"). Gemini 4 Neon and GPT-6.2 Astra have "essence", which is reserved for ngo bo.

4.1 Brief presentation མདོར་བསྟན4.1 Brief presentation
Awakened mind, like the sun, is luminous, unconditioned, unobscured and free of elaboration; it is the dharmakāya of unobstructed awareness, illustrated by a citation from the Natural Arising on the dharmakāya free of the four extremes.

Awakened mind is like the heart essence of the sun:
Inherently luminous,[45]Note 45 · p. 175 · ngang gis 'od gsal: rendered "inherently luminous", to keep "naturally" for rang- compounds and "state" for ngang as a noun. primordially (ye nas) unconditioned ('dus ma byas),
With no phenomena of obscuration (sgrib pa), it is unobstructed transparency (zang thal), spontaneously present;
With no phenomena of conceptual elaboration (spros pa), it is the state of the nonconceptual nature of phenomena.[43]Note 43 · p. 175 · Root verse, last line: the e-text reads chos nyid dang ("…nature of phenomena, and"). I read chos nyid ngang, "the state of the nature of phenomena", as the root text is usually transmitted and as Gemini 4 Neon and Claude Fable 5.2 imply ("state"). GPT-6.2 Astra and Dharmamitra leave the syllable untranslated.

Thus it is shown in brief. This is the dharmakāya, inherently luminous, unconditioned and spontaneously present: awareness in its great unobstructed transparency. From the Natural Arising (rang shar):

> The great dharmakāya, free of the four extremes,
> Is stainless and luminous, like a pure crystal.
> The dharmakāya free of extremes, the kāya in which darkness has cleared,
> Like the stainless orb of the sun[46]Note 46 · p. 175 · nyi ma'i dkyil 'khor: rendered "orb of the sun" rather than the glossary's "maṇḍala", as the context requires. that dispels darkness,
> Dispels the darkness of the four extremes and is primordially spontaneously present.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

Thus it is said.

4.2 Extensive explanation རྒྱས་པར་བཤད་པ4.2 Extensive explanation
Mind itself is named dharmakāya as empty, saṃbhogakāya as lucid and nirmāṇakāya as arising, yet nothing is established; unchanging through the three times, it pervades all as sugatagarbha. The All-Creating King shows the three kāyas as mere names never stirring from suchness.

The extensive explanation:

Being empty (stong pa), it is dharmakāya; being lucid, saṃbhogakāya[48]Note 48 · p. 175 · gsal ba: "lucid" per the glossary (so Claude Fable 5.2). Gemini 4 Neon and GPT-6.2 Astra "luminous/luminosity" blurs it with 'od gsal; Dharmamitra has "clarity". (longs spyod rdzogs pa);
Having rays, nirmāṇakāya (sprul pa):[47]Note 47 · p. 175 · sprul pa in the root verse stands for sprul pa'i sku (as the commentary confirms), hence "nirmāṇakāya" rather than "emanation". Dharmamitra and Claude Fable 5.2 have "emanation (body)". the three kāyas (sku gsum) neither join nor part.

[p. 176]
ཡེ་ནས་ཡོན་ཏན་ལྷུན་གྱིས་གྲུབ་ཟིན་པས། །སྐྱོན་དང་ཉེས་ཆའི་མུན་པས་བསྒྲིབས་པ་མེད། །སྔ་ཕྱི་དུས་གསུམ་འཕོ་འགྱུར་མེད་པར་གཅིག །སངས་རྒྱས་སེམས་ཅན་ཀུན་ལ་ཁྱབ་པར་གཅིག །འདི་ནི་རང་བྱུང་བྱང་ཆུབ་སེམས་ཞེས་བྱ། །སེམས་ཉིད་སྟོང་པའི་ཆ་ནས་ཆོས་ཀྱི་སྐུ་དང༌། གསལ་བའི་ཆ་ནས་ལོངས་སྤྱོད་རྫོགས་པའི་སྐུ་དང༌། འཆར་བའི་ཆ་ནས་སྤྲུལ་པའི་སྐུ་ཞེས་མིང་དུ་བརྗོད་ཀྱང༌། ངོ་བོ་ངོས་གཟུང་གི་ཆོས་སུ་གྲུབ་པ་ནི་ཅུང་ཟད་ཀྱང་མེད་ལ། དགོངས་པ་དེ་ཉིད་དུས་གསུམ་འཕོ་འགྱུར་མེད་པར་ལྷུན་གྱིས་གྲུབ་སྟེ། འཁོར་འདས་ཀུན་ལ་སྙིང་པོའི་ཚུལ་དུ་ཁྱབ་པའི་ཕྱིར། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་གསུངས་ཏེ། དེ་དག་ཀྱང་སྟོང་གསལ་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ནི། ཀུན་བྱེད་ལས། ཀུན་བྱེད་བྱང་ཆུབ་སེམས་ང་ནི།
།རང་བཞིན་མ་བཅོས་རྣམ་གསུམ་ལས།
།མིང་

Since its qualities (yon tan) are primordially, already spontaneously present,
It is not obscured by the darkness of faults and flaws.
It is one in being without transition or change throughout the three times, earlier or later;
It is one in pervading all buddhas and sentient beings.
This is called self-arisen awakened mind.

Although mind itself is spoken of by name as dharmakāya from the aspect of its being empty, as saṃbhogakāya from the aspect of its being lucid, and as nirmāṇakāya from the aspect of its arising, in essence there is not the slightest thing established as an identifiable phenomenon. That very enlightened intent[49]Note 49 · p. 176 · dgongs pa de nyid: "that very enlightened intent" (GPT-6.2 Astra, Claude Fable 5.2). Gemini 4 Neon and Dharmamitra "realization" is the rendering reserved for rtogs pa. is spontaneously present, without transition or change throughout the three times. And because it pervades all of saṃsāra and nirvāṇa as their heart essence, it is said:

> The sugatagarbha (bde gshegs snying po) wholly pervades all beings.source?Quotation (not named in the text)
Source not identified.
The quoted words are in ཟབ་མོ་ནང་དོན་གྱི་རྣམ་བཤད་སྙིང་པོ་གསལ་བར་བྱེད་པའི་ཉིན་བྱེད་འོད་ཀྱི་ཕྲེང་བ་བཞུགས། (a parallel), 100 % of the words.

That these, too, are empty and lucid self-arisen primordial wisdom[50]Note 50 · p. 176 · ye shes: "primordial wisdom" per the glossary, against "pristine wisdom" (Gemini 4 Neon, Dharmamitra), "wisdom" (GPT-6.2 Astra) and "timeless awareness" (Claude Fable 5.2). is shown in the All-Creating King:

> I, the all-creating awakened mind,
> From the three aspects of my uncontrived (ma bcos) nature

[p. 177]
ཙམ་སྐུ་གསུམ་བྱུང་ཚུལ་བསྟན།
།ངེས་པར་སྐུ་གསུམ་རང་བཞིན་ཀྱང༌།
།དེ་བཞིན་ཉིད་ལས་གཡོས་པ་མེད།
།ཀུན་བྱེད་བྱང་ཆུབ་སེམས་ང་ནི།
།མ་སྐྱེས་གཟུང་འཛིན་བྲལ་བ་ལས།
།ཆོས་སྐུ་སྐྱེ་མེད་མིང་ཙམ་བྱུང༌།
།ངེས་པར་ཆོས་སྐུ་མིང་ཙམ་སྟེ།
།དེ་བཞིན་ཉིད་ལས་གཡོས་པ་མེད།
།ཀུན་བྱེད་བྱང་ཆུབ་སེམས་ང་ཡི།
།ངོ་བོ་མིང་ཙམ་མངོན་ཕྱུང་བ།
།ལོངས་སྤྱོད་རྫོགས་སྐུ་མིང་ཙམ་ཚུལ།
།ངེས་པར་ལོངས་སྤྱོད་རྫོགས་སྐུ་དེ།
།དེ་བཞིན་ཉིད་ལས་གཡོས་པ་མེད།
།ཀུན་བྱེད་བྱང་ཆུབ་སེམས་ང་ཡི།
།ཐུགས་རྗེ་སྤྲུལ་སྐུ་མངོན་ཕྱུང་བ།
།ཐུགས་རྗེ་མ་བཅོས་རང་བཞིན་ལས།
།མིང་ཙམ་སྤྲུལ་སྐུའི་ཚུལ་བྱུང་བ།
།ངེས་པར་སྤྲུལ་པའི་སྐུ་དེ་ཡང༌།
།དེ་བཞིན་ཉིད་ལས་གཡོས་པ་མེད།
།ཅེས་སོ། །དེ་ལྟ་བུའི་ངང་ལས་སྣང་སྲིད་ཤར་བར་བསྟན་པ་ནི། །དེ་ཡི་རྩལ་ནི་ཅིར་ཡང་འཆར་བ་སྟེ། །

> Show how the three kāyas arise as mere names.
> In truth, the nature of the three kāyas, too,[51]Note 51 · p. 177 · nges par sku gsum rang bzhin kyang: taken as "In truth, the nature of the three kāyas, too" (Gemini 4 Neon, GPT-6.2 Astra, Claude Fable 5.2). Dharmamitra's "Even though they are definitely the nature of the three kāyas" misconstrues kyang as concessive.
> Has not stirred from suchnessKun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 81 % of the words.
(de bzhin nyid).
> I, the all-creating awakened mind:
> From my being unborn, free of perceived and perceiver,
> The mere name "unborn dharmakāya" arises.
> In truth, dharmakāya is a mere name;
> It has not stirred from suchness.
> The essence of me, the all-creating awakened mind,
> Made manifest as a mere name,[52]Note 52 · p. 177 · ngo bo ming tsam mngon phyung ba: Adzom reads mngon byung ba ("become manifest"). I keep mngon phyung ba ("made manifest"), supported by the parallel line thugs rje sprul sku mngon phyung ba.
> Is saṃbhogakāya, in the manner of a mere name.
> In truth, that saṃbhogakāya
> Has not stirred from suchness.
> The compassionate responsiveness (thugs rje) of me,[53]Note 53 · p. 177 · thugs rje: "compassionate responsiveness", since it stands in the triad with nature and essence (GPT-6.2 Astra, Claude Fable 5.2). Gemini 4 Neon and Dharmamitra have "compassion". the all-creating awakened mind,
> Is made manifest as nirmāṇakāya:
> From the uncontrived nature of compassionate responsiveness
> The mode of nirmāṇakāya arises as a mere name.
> In truth, that nirmāṇakāya, too,
> Has not stirred from suchness.

Thus it is said.

5 All that appears and exists arises from within that state ངང་ལས་སྣང་སྲིད་ཤར་བར་བསྟན་པ5 All that appears and exists arises from within that state
Awareness's dynamic energy arises as all appearances of world and beings, realized or not, like reflections in a mirror that neither stain nor alter it. Cites the Natural Arising and the All-Creating King.

Showing that from within such a state all that appears and exists (snang srid) arises:

Its dynamic energy arises as anything whatsoever:

[p. 178]
རྟོགས་དང་མི་རྟོགས་སྣང་སྲིད་སྣོད་བཅུད་དང༌། །སྐྱེ་འགྲོའི་སྣང་བ་སྣ་ཚོགས་ཇི་སྙེད་དོ། །རིག་པའི་རང་བཞིན་མེ་ལོང་ལྟ་བུའི་ངང་ན་རང་རྩལ་གཟུགས་བརྙན་དང་འདྲ་བ་ཐམས་ཅད་འཆར་བའི་གཞིར་གནས་པས། སྣང་སྲིད་སྣོད་བཅུད་ཀྱི་སྣང་བ་སྣ་ཚོགས་སུ་ཤར་ཡང་རིག་པའི་ངོ་བོ་ལ་གོས་པ་དང་འཕོ་འགྱུར་མེད་དེ། གཟུགས་བརྙན་གྱིས་མེ་ལོང་ལ་མ་གོས་ཤིང་འཕོ་འགྱུར་གང་ཡང་མེད་པ་བཞིན་ནོ། །རང་ཤར་ལས། དུས་མེད་སྣང་བའི་རང་བྱུང་ཆེན་པོ་ནི།
།ནམ་མཁའི་ངང་ནས་ཉི་ཟླའི་ཆོ་འཕྲུལ་འབྱུང་བ་ལྟར།
།སྐྱེ་མེད་ངང་ལས་འགག་མེད་ཆོ་འཕྲུལ་འབྱུང༌།
།དེ་བཞིན་ཆོ་འཕྲུལ་ཆེན་པོ་དཀའ་བ་མིན།
།ཞེས་པ་དང༌། ཀུན་བྱེད་ལས། ཡང་དག་ཀུན་གྱི་ངོ་བོ་བྱང་ཆུབ་ང༌།
།སྤྲོས་མེད་དབྱིངས་ཀྱི་ངོ་བོ་ང་ཡིན་ལ།
།སངས་རྒྱས་ཀུན་གྱི་གསང་ཆེན་ང་ཡིན་པས།
།རོལ་པ་ཁམས་གསུམ་འགྲོ་དྲུག་ང་

Realization (rtogs pa) and nonrealization, all that appears and exists, the world and its inhabitants,
And the manifold appearances of living beings, however many there are.

Since the nature of awareness, within its mirror-like state, abides as the ground (gzhi) for the arising[54]Note 54 · p. 178 · rig pa'i rang bzhin … 'char ba'i gzhir gnas pas: I take the nature of awareness as what abides as the ground for the arising of its own dynamic energy (Gemini 4 Neon, GPT-6.2 Astra, Claude Fable 5.2). Dharmamitra makes the dynamic energy itself the ground. of all of its own dynamic energy (rang rtsal), which is like reflections, although this arises as the manifold appearances of all that appears and exists, the world and its inhabitants, the essence of awareness is neither stained nor subject to transition or change, just as a mirror is not stained by reflections and undergoes no transition or change whatsoever. From the Natural Arising:

> The great self-arisen that appears beyond time:[55]Note 55 · p. 178 · dus med snang ba'i rang byung chen po: taken as "the great self-arisen that appears beyond time", close to Gemini 4 Neon. GPT-6.2 Astra and Claude Fable 5.2 have "self-arising of timeless appearance". "Timeless" is avoided so as not to suggest ye.
> Just as the magical display (cho 'phrul) of sun and moon comes forth from within the state of space,
> From within the unborn state the unceasing magical display comes forth.
> Just so, the great magical display is not difficult.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

And from the All-Creating King:

> I am awakening,[57]Note 57 · p. 178 · byang chub nga: kept as "awakening" (Gemini 4 Neon, Dharmamitra, Claude Fable 5.2). GPT-6.2 Astra "awakened mind" supplies sems. the essence of all that is authentic.
> I am the essence of basic space (dbyings),[56]Note 56 · p. 178 · spros med dbyings: "basic space" per the glossary (Gemini 4 Neon, GPT-6.2 Astra, Claude Fable 5.2). Dharmamitra "expanse" is reserved for klong. free of conceptual elaboration.
> Since I am the great secret (gsang chen) of all buddhas,
> The display, the three realms (khams gsum) and the six classes of beings ('gro drug), arises from me.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 53 % of the words.
[58]Note 58 · p. 178 · The last verse line runs onto the next page (nga | las shar). I have completed the sentence in English ("arises from me"), so the next part should begin after las shar, with zhes so.

[p. 179]
ལས་ཤར། །ཞེས་སོ། །ཤར་བ་ཉིད་ནས་རང་བཞིན་མེད་དོ་ཞེས་བསྟན་པ་ནི། འདི་ཀུན་ཤར་ཡང་རང་བཞིན་འགའ་མེད་དེ། །སྨིག་རྒྱུའི་ཆུ་དང་རྨི་ལམ་སྒྲ་བརྙན་བཞིན།
།སྤྲུལ་པ་གཟུགས་བརྙན་དྲི་ཟའི་གྲོང་ཁྱེར་དང༌།
།མིག་ཡོར་ཇི་བཞིན་མེད་པ་གསལ་སྣང་དུ།
།གཞི་མེད་རྟེན་མེད་གློ་བུར་སྣང་བ་ཙམ།
།བར་སྐབས་རེ་འགའི་ཆོས་སྐུ་རྟོགས་པར་བྱ།
།རྨི་ལམ་གྱི་སྣང་བ་ནི་གཉིད་དུ་མ་སོང་བ་དང་སད་པའི་དུས་སྔ་ཕྱི་གཉིས་ཀར་མེད་ཀྱང༌། གཉིད་ཁུང་ན་བར་དེར་སྣང་བ་ལྟར། འཁོར་བའི་འཁྲུལ་སྣང་ཡང་ཐོག་མ་ཆོས་ཉིད་གཞིའི་དུས་དང༌། ཐ་མ་མྱ་ངན་ལས་འདས་པ་འབྲས་བུའི་དུས་གཉིས་ཀར་མེད་ལ། ད་ལྟ་བར་འདིར་བློ་འཁྲུལ་པ་ལ་སྣང་ཡང་སྣང་དུས་ཉིད་ནས་མེད་པ་གསལ་སྣང་གི་ངོ་བོ་སྟོང་གཟུགས་སྣང་བ་ཙམ་ལས་གང་དུའང་གྲུབ་པ་མེད་དེ། ཆོས་ཐམས་ཅད་རང་བཞིན་མེད་པས་སྐྱེ་

So it says.

6 From the very moment of arising, appearances are without intrinsic nature ཤར་བ་ཉིད་ནས་རང་བཞིན་མེད་པ6 From the very moment of arising, appearances are without intrinsic nature
Root verse and commentary: appearances are like mirage, dream, echo and illusion, the lucid appearance of what does not exist. Like dream images, saṃsāric appearances exist neither at the ground nor at fruition and are not established as arising, abiding or ceasing; supported by the Root Verses Called Wisdom and King of Samādhi.

Showing that from the very moment of arising they are without intrinsic nature (rang bzhin med pa):

Although all these arise, they have no intrinsic nature whatsoever.
Like the water of a mirage, a dream, an echo,
An emanation, a reflection, a city of gandharvas
And an optical illusion, they are the lucid appearance of what does not exist[60]Note 60 · p. 179 · med pa gsal snang du … rtogs par bya: the house rendering "the lucid appearance of what does not exist" is used in verse and commentary alike; the drafts have "clear" or "vivid". (med pa gsal snang):
Groundless (gzhi med), without support, merely adventitious appearances.
Realize them to be phenomena of an occasional interval.[59]Note 59 · p. 179 · Root verse, last line: the text prints bar skabs re 'ga'i chos sku rtogs par bya ("realize the dharmakāya of an occasional interval"), which GPT-6.2 Astra follows. I read chos su ("as phenomena"), with Claude Fable 5.2, Dharmamitra and Gemini 4 Neon. The commentary's dream analogy explains exactly this: deluded appearances are present only "in this interval", absent at ground and fruition. "Dharmakāya of an occasional interval" gives no sense here.

Just as the appearances of a dream, though they do not exist at either the earlier or the later time, before one has fallen asleep or once one has woken, appear in the interval between, in the depths of sleep, so too the deluded appearances ('khrul snang) of saṃsāra ('khor ba) do not exist either at the beginning, the time of the ground, the nature of phenomena,[61]Note 61 · p. 179 · thog ma chos nyid gzhi'i dus: read as apposition, "the time of the ground, the nature of phenomena" (Claude Fable 5.2, Gemini 4 Neon, GPT-6.2 Astra), not "the ground of the nature of phenomena" (Dharmamitra). chos nyid is "the nature of phenomena" per the glossary, against Gemini 4 Neon "reality itself" and GPT-6.2 Astra "dharmatā". or at the end, the time of the fruition ('bras bu), nirvāṇa (mya ngan las 'das pa). And although now, in this interval, they appear to the deluded intellect (blo), from the very moment of appearing they are in essence the lucid appearance of what does not exist: apart from the mere appearing of empty forms (stong gzugs), they are not established as anything at all, because all phenomena, being without intrinsic nature, are not established as the three of arising,

[p. 180]
འགག་གནས་གསུམ་དུ་གྲུབ་པ་མེད་པའི་ཕྱིར་རོ། །རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན།
།དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ།
།དེ་བཞིན་སྐྱེ་དང་དེ་བཞིན་གནས།
།དེ་བཞིན་དུ་ཡང་འཇིག་པ་གསུངས།
།ཞེས་པ་དང༌། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང༌། སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ།
།འདི་ན་སུ་ཡང་མི་སྐྱེ་འཆི་བ་མེད།
།སེམས་ཅན་མི་དང་སྲོག་ཀྱང་མི་རྙེད་དེ།
།ལས་བྱས་བསགས་པ་ནམ་ཡང་མེད་མི་འགྱུར།
།ཞེས་གསུངས་པ་བཞིན་ནོ། །དེ་དག་ཆོས་ཉིད་ལས་མ་གཡོས་པར་བསྟན་པ་ནི། ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །རོལ་པ་མ་འགགས་འཁོར་འདས་ཆོ་འཕྲུལ་འབྱུང༌། །ཆོ་འཕྲུལ་དེ་ཀུན་དབྱིངས་སུ་འུབ་ཆུབ་པས། །གདོད་མའི་ངང་ལས་གཡོས་པ་མེད་ཤེས་བྱ། །འཁོར་འདས་ཇི་སྙེད་སྣང་ཡང་སྣང་དུས་ཉིད་ནས་བྱང་ཆུབ་སེམས་ཀྱི་ངོ་བོའི་ངང་ལས་མ་

ceasing and abiding. From the Root Verses Called Wisdom:

> Like a dream, like an illusion (sgyu ma),
> Like a city of gandharvas:
> So is arising, so is abiding,
> And so too is destruction taught to be.Rtsa ba shes rabQuotation (named in the text: རྩ་བ་ཤེས་རབ་ལས)
དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ, dbu ma rtsa ba'i tshig le'ur byas pa shes rab, Root Verses on the Middle Way (Prajñā-nāma-mūlamadhyamakakārikā), by Nāgārjuna · shastra; Tengyur; Toh 3824
Identification: high confidence
The quoted words are in ཡིད་བཞིན་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་གླེགས་བམ་དང་པོ། (a parallel: ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ), 100 % of the words.

And from the noble King of Samādhi also:

> Beings in conditioned existence (srid pa) are like a dream:
> Here no one at all is born and no one dies.
> No sentient being, no person, no life-force is to be found,
> Yet karma (las) done and accumulated never comes to nothing.Ting nge 'dzin gyi rgyal poQuotation (named in the text: འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང)
འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ, 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po'i mdo, The King of Samādhi Sūtra (Samādhirājasūtra) · sutra; Kangyur; Toh 127
Identification: high confidence
The quoted words were not found among the texts on this wiki.

It is just as these declare.[63]Note 63 · p. 180 · GPT-6.2 Astra leaves out the closing formulas (zhes so, zhes gsungs pa bzhin no) throughout; they are restored.

7 Appearances have not stirred from the nature of phenomena ཆོས་ཉིད་ལས་མ་གཡོས་པ7 Appearances have not stirred from the nature of phenomena
The magical display of saṃsāra and nirvāṇa arising from spontaneously present awakened mind is encompassed in basic space and never stirs from the original state, as the All-Creating King states.

Showing that these have not stirred from the nature of phenomena:

From the nature of spontaneously present awakened mind,
As unceasing display, the magical display of saṃsāra and nirvāṇa comes forth.
Since all that magical display is wholly encompassed within basic space,
Know that it has not stirred from the original state.[62]Note 62 · p. 180 · gdod ma'i ngang: rendered "original state" per the glossary (gdod ma is "original"), against "primordial state" in all four drafts.

However much of saṃsāra and nirvāṇa appears, from the very moment of appearing it has not

[p. 181]
གཡོས་ཏེ། ཀུན་བྱེད་ལས། ཆོས་ཀུན་རྩ་བ་ཀུན་བྱེད་བྱང་ཆུབ་སེམས།
།ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཡིན།
།ཇི་ལྟར་བྱུང་བ་ང་ཡི་ཆོ་འཕྲུལ་ཡིན།
།ཞེས་སོ། །ཐམས་ཅད་དབྱིངས་སུ་རྫོགས་པས་རྫོགས་པ་ཆེན་པོར་བསྟན་པ་ནི། འདིར་ནི་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང༌། །གཅིག་རྫོགས་ཀུན་རྫོགས་མ་བྱས་དོན་ཀུན་རྫོགས། །རང་བཞིན་ལྷུན་རྫོགས་རང་བྱུང་ཡེ་ཤེས་སོ། །རིག་པའི་ངོ་བོ་ལ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷུན་གྱིས་རྫོགས་ཏེ། ཡི་གེ་མེད་པ་ལས། ང་ལ་སྐྱེ་དང་འཆི་མེད་པས།
།འགག་པའི་ཆོས་ནི་ཡོངས་སུ་རྫོགས།
།ང་ལ་ཕྱི་དང་ནང་མེད་པས།
།གསལ་བའི་ཆོས་ནི་ཡོངས་སུ་རྫོགས།
།ང་ལ་སྟོང་དང་དངོས་མེད་པས།
།སྣང་བའི་ཆོས་ནི་ཡོངས་སུ་རྫོགས།
།ང་ལ་དམིགས་པའི་ཡུལ་མེད་པས།
།མཐོང་བའི་ཆོས་ནི་ཡོངས་སུ་རྫོགས།
།ང་ལ་ལུས་དང་སེམས་

stirred from the state of the essence of awakened mind. From the All-Creating King:

> The root of all phenomena is the all-creating awakened mind.[64]Note 64 · p. 181 · chos kun rtsa ba kun byed byang chub sems: GPT-6.2 Astra adds "I am bodhicitta"; the line has no first person and is rendered as it stands (Claude Fable 5.2, Dharmamitra, Gemini 4 Neon).
> However things appear, they are my essence.
> However things occur, they are my magical display.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 96 % of the words.

So it says.

8 Everything is perfect within basic space, hence the Great Perfection ཐམས་ཅད་དབྱིངས་སུ་རྫོགས་པས་རྫོགས་པ་ཆེན་པོ8 Everything is perfect within basic space, hence the Great Perfection
All phenomena of saṃsāra and nirvāṇa are spontaneously perfect in the essence of awareness, as Without Letters shows. They are perfect on the surface of awakened mind without appearances ceasing, as the Six Expanses shows. Awareness is called the Great Perfection because it is perfect as the essence of the two truths and the three purities.

Showing that, since everything is perfect within basic space, this is the Great Perfection:

Here, everything is the state of awakened mind:
One is perfect, all is perfect; with nothing done, every aim is perfect.[65]Note 65 · p. 181 · ma byas don kun rdzogs: don is taken as "aims", perfect with nothing done (Claude Fable 5.2, Dharmamitra, Gemini 4 Neon "purpose"), rather than "meanings" (GPT-6.2 Astra). ma byas is "with nothing done", not "uncontrived" (GPT-6.2 Astra) or "without effort" (Gemini 4 Neon).
Spontaneously perfect by nature, this is self-arisen primordial wisdom (rang byung ye shes).

8.1 All phenomena spontaneously perfect in the essence of awareness ཆོས་ཐམས་ཅད་ལྷུན་གྱིས་རྫོགས་པ8.1 All phenomena spontaneously perfect in the essence of awareness (topical division)
All phenomena of saṃsāra and nirvāṇa are spontaneously perfect in the essence of awareness, illustrated by a long quotation from Without Letters listing what is perfect because of what is absent in awareness.

Within the essence of awareness, all the phenomena of saṃsāra and nirvāṇa, all that appears and exists, are spontaneously perfect (lhun gyis rdzogs pa). From Without Letters:

> Since in me there is no birth and no death,
> The phenomena of cessation are utterly perfect.[66]Note 66 · p. 181 · chos throughout the Without Letters quotation is "phenomena" (Claude Fable 5.2, Dharmamitra), not "qualities" (Gemini 4 Neon, GPT-6.2 Astra). Longchenpa introduces the passage as showing that all phenomena (chos thams cad) are spontaneously perfect in awareness.
> Since in me there is no outer and no inner,
> The phenomena of lucidity are utterly perfect.
> Since in me there is neither emptiness nor substantial entity,
> The phenomena of appearance are utterly perfect.
> Since in me there is no object of reference,
> The phenomena of seeing are utterly perfect.
> Since in me there is no body and no mind,

[p. 182]
མེད་པས།
།རང་སྣང་ཆོས་ནི་ཡོངས་སུ་རྫོགས།
།ང་ལ་བདག་དང་གཞན་མེད་པས།
།རིག་པའི་ཆོས་ནི་ཡོངས་སུ་རྫོགས།
།ང་ལ་བྱེད་པའི་རྒྱུ་མེད་པས།
།བསམ་གཏན་ཆེན་པོ་ཡོངས་སུ་རྫོགས།
།ང་ལ་ཕྱིན་པའི་ཡུལ་མེད་པས།
།རང་སྣང་ཡུལ་ནི་ཡོངས་སུ་རྫོགས།
།ང་ལ་ཕྱོགས་དང་རིས་མེད་པས།
།གསང་བའི་ཡེ་ཤེས་ཡོངས་སུ་རྫོགས།
།ང་ལ་སྣང་བ་འགག་མེད་པས།
།དབྱིངས་ཀྱི་ཆོས་གསུམ་ཡོངས་སུ་རྫོགས།
།ང་ལ་གཅིག་དང་གཉིས་མེད་པས།
།ཐིག་ལེའི་ཆོས་རྣམས་ཡོངས་སུ་རྫོགས།
།ང་ལ་མུན་དང་སྣང་མེད་པས།
།མངོན་པར་སྣང་བའི་ཆོས་རྣམས་རྫོགས།
།ང་ལ་བདག་རྟོག་གཉིས་མེད་པས།
།སྟོང་པའི་ཆོས་ནི་ཡོངས་སུ་རྫོགས།
།ང་ལ་དྲི་མ་གཉིས་མེད་པས།
།གསལ་བའི་ཆོས་ལྔ་ཡོངས་སུ་རྫོགས།
།ང་ལ་སྤྲོ་ཞིང་བསྡུ་མེད་པས།
།ཡི་གེའི་དོན་རྣམས་ཡོངས་སུ་རྫོགས།
།ཞེས་སོ། །

> The phenomena of self-appearance are utterly perfect.
> Since in me there is no self and no other,
> The phenomena of awareness are utterly perfect.
> Since in me there is no cause that acts,
> Great meditative stability (bsam gtan) is utterly perfect.
> Since in me there is no place to be reached,[67]Note 67 · p. 182 · phyin pa'i yul / rang snang yul: yul is rendered "place" in both lines rather than the glossary's "object", since phyin pa'i yul is plainly a place to be reached; the repetition of the Tibetan is kept.
> The place of self-appearance is utterly perfect.
> Since in me there are no sides and no divisions,
> The secret primordial wisdom is utterly perfect.
> Since in me appearance is unceasing,
> The three phenomena of basic space are utterly perfect.
> Since in me there is neither one nor two,
> The phenomena of the sphere (thig le) are utterly perfect.
> Since in me there is neither darkness nor light,
> The phenomena that manifestly appear are perfect.
> Since in me the two conceptions of a self[68]Note 68 · p. 182 · bdag rtog gnyis med pas: read as "the two conceptions of a self" (of persons and of phenomena), with Gemini 4 Neon. This parallels dri ma gnyis ("the two stains") in the next couplet and fits "the phenomena of emptiness". Claude Fable 5.2 and GPT-6.2 Astra read "neither self nor concept"; Dharmamitra reads "no duality of self and conceptual thought". The Tibetan allows either. do not exist,
> The phenomena of emptiness are utterly perfect.
> Since in me the two stains do not exist,
> The five phenomena of lucidity are utterly perfect.
> Since in me there is no projection and no withdrawal (spro bsdu),
> The meanings of the letters are utterly perfect.Yi ge med paQuotation (named in the text: ཡི་གེ་མེད་པ་ལས)
ཡི་གེ་མེད་པའི་རྒྱུད་ཆེན་པོ, yi ge med pa'i rgyud chen po, The Tantra Without Letters · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0051-vol-01-text (the text itself), 92 % of the words.

So it says.

[p. 183]
དེའང་སྣང་ཚོད་མ་འགགས་པར་བྱང་ཆུབ་སེམས་ཀྱི་ངོ་བོ་ཁ་ལ་ཡོད་སྣང་ཙམ་དུ་རྫོགས་ཚུལ་བསྟན་ན། ཀློང་དྲུག་པ་ལས་ཀྱང༌། སྐྱེ་བ་ཡོད་པའི་སེམས་ཉིད་ལ།
།འགྲོ་དྲུག་སྣང་བ་རང་ཤར་བ།
།ཐ་དད་གཟུགས་རྣམས་འཛིན་པར་ནི།
།སྣང་བ་གཟུགས་སུ་སྨིན་པར་རྫོགས།
།འགག་པ་ཡོད་པའི་སེམས་ཉིད་ལ།
།མི་རྟག་རྒྱུ་རུ་རང་ཤར་བས།
།རང་བཞིན་མེད་པའི་སྣང་བར་ནི།
།དཔེར་ན་རྨི་ལམ་བཞིན་དུ་རྫོགས།
།སྤྲོས་པ་ཡོད་པའི་སེམས་ཉིད་ལ།
།སྣ་ཚོགས་སྣང་བ་རང་ཤར་བས།
།སྒོ་ལྔ་སོ་སོའི་སྣང་བར་ནི།
།རང་ས་གཟུང་བའི་ཆ་ནས་རྫོགས།
།བསྟན་དུ་ཡོད་པའི་སེམས་ཉིད་ལ།
།སྒྲ་ཚིག་མིང་རྣམས་རང་ཤར་བས།
།ཐ་སྙད་བློ་རྣམས་རང་དག་པར།
།བླ་མའི་མན་ངག་གསང་བ་རྫོགས།
།མཐོང་དུ་ཡོད་པའི་སེམས་ཉིད་ལ།
།བྱུང་རྐྱེན་དུ་མ་རང་ཤར་བས།
།སྣང་བའི་ཡུལ་ལ་མངོན་པར་
8.2 How all is perfect without appearances ceasing སྣང་ཚོད་མ་འགགས་པར་རྫོགས་ཚུལ8.2 How all is perfect without appearances ceasing (topical division)
Without appearances ceasing, all is perfect on the surface of awakened mind as mere seeming existence, shown by an extended quotation from the Six Expanses enumerating aspects of mind itself and how each is perfect.

Moreover, to show how, without what appears ever ceasing, everything is perfect on the surface of the essence of awakened mind[69]Note 69 · p. 183 · Opening sentence, byang chub sems kyi ngo bo kha la yod snang tsam du: read as "on the surface (kha la) of the essence of awakened mind, as what merely seems to exist", with GPT-6.2 Astra, Claude Fable 5.2, Dharmamitra. Gemini 4 Neon's "within the very essence" drops kha la. as what merely seems to exist, the Six Expanses also says:

> In mind itself, in which there is birth,[71]Note 71 · p. 183 · The refrain "X yod pa'i sems nyid la" is "in which there is…" with nouns and "which can be…" with verbs. rang shar, rang dag and rang grol follow the glossary; Dharmamitra and Gemini 4 Neon "liberated/liberation" is corrected to "free/freedom".
> Since the appearances (snang ba) of the six classes of beings arise naturally,[72]Note 72 · p. 183 · Variant, stanza 1: the text has rang shar ba, Adzom rang shar bas ("since … arise naturally"). I follow Adzom, since rang shar bas is the recurring form of this line in most stanzas; the base reading would give simply "arise naturally;".
> In the grasping ('dzin pa) of their different forms[73]Note 73 · p. 183 · 'dzin par (stanza 1): Claude Fable 5.2 and Gemini 4 Neon read "taking on/assuming" forms (bodies), GPT-6.2 Astra and Dharmamitra "apprehending/grasping". The Tibetan allows both; the glossary's "grasping" is kept.
> Appearance is perfect as ripened into form.[70]Note 70 · p. 183 · rdzogs is "perfect" throughout (Dharmamitra, Gemini 4 Neon), not "complete" (GPT-6.2 Astra, Claude Fable 5.2). The passage ends by deriving the name Great Perfection from this verb, and the previous part has "utterly perfect".
>
> In mind itself, in which there is cessation,
> Since impermanence arises naturally as the cause,[74]Note 74 · p. 183 · mi rtag rgyu ru rang shar bas: GPT-6.2 Astra and Dharmamitra read "impermanence arises as the cause", Claude Fable 5.2 and Gemini 4 Neon "it arises as the cause of impermanence". I follow the former, on the parallel with the other stanzas (subject + rang shar; cf. snang srid gcig par rang shar bas), but the latter is possible.
> As appearances without intrinsic nature
> They are perfect, as, for example, in a dream.
>
> In mind itself, in which there is conceptual elaboration,
> Since manifold appearances arise naturally,
> As the appearances of each of the five sense doors
> They are perfect in that each holds its own place (rang sa).[75]Note 75 · p. 183 · rang sa gzung ba'i cha nas: read as "holding its own place" (rang sa bzung ba), with GPT-6.2 Astra, Dharmamitra and Gemini 4 Neon. Claude Fable 5.2 takes gzung ba as "what is apprehended" (the perceived object) in its own place.
>
> In mind itself, which can be shown,
> Since sounds, words and names arise naturally,
> With every intellect of conventional designation naturally pure,
> The secret pith instructions (man ngag) of the guru (bla ma) are perfect.
>
> In mind itself, which can be seen,
> Since the many conditions that occur arise naturally,
> They manifestly appear among appearing objects[76]Note 76 · p. 183 · The page break falls inside the line "mngon par | snang"; the marker is placed after that line. (snang yul),

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 11 quotations, 8 found on this wiki.
# p. Tibetan English Source On this wiki
1 174 ཀུན་བཟང་དགོངས་པ་འདུས་པ་ནི། །ཇི་ལྟར་ … བྲང་ན། །ང་རུ་མ་འདུས་གཅིག་ཀྱང་མེད། As for how the enlightened intent of Samantabhadra is … a single thing that is not gathered in me. “the same”: རྒྱུད་དེ་ཉིད་ལས
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
Ngb-pt-0104-vol-02-text (the text itself), 90 %
2 175 མཐའ་བཞི་བྲལ་བའི་ཆོས་སྐུ་ཆེན་པོ་ནི། ། … མཐའ་བཞིའི་མུན་སེལ་ཡེ་ནས་ལྷུན་གྱིས་གྲུབ། The great dharmakāya, free of the four extremes, > … of the four extremes and is primordially spontaneously present. named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras high
not found
3 176 བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། The sugatagarbha (bde gshegs snying po) wholly pervades all beings. not named:
not identified
parallel: ཟབ་མོ་ནང་དོན་གྱི་རྣམ་བཤད་སྙིང་པོ་གསལ་བར་བྱེད་པའི་ཉིན་བྱེད་འོད་ཀྱི་ཕྲེང་བ་བཞུགས།, 100 %
4 176 ཀུན་བྱེད་བྱང་ཆུབ་སེམས་ང་ནི། །རང་བཞིན་ … བཞིན་ཀྱང༌། །དེ་བཞིན་ཉིད་ལས་གཡོས་པ་མེད། I, the all-creating awakened mind, > From the three … three kāyas, too, > Has not stirred from suchness named: ཀུན་བྱེད་ལས
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
Ngb-pt-0104-vol-02-text (the text itself), 81 %
5 178 དུས་མེད་སྣང་བའི་རང་བྱུང་ཆེན་པོ་ནི། ། … དེ་བཞིན་ཆོ་འཕྲུལ་ཆེན་པོ་དཀའ་བ་མིན། The great self-arisen that appears beyond time: > Just … Just so, the great magical display is not difficult. named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras high
not found
6 178 ཡང་དག་ཀུན་གྱི་ངོ་བོ་བྱང་ཆུབ་ང༌། ། … རོལ་པ་ཁམས་གསུམ་འགྲོ་དྲུག་ང་ ལས་ཤར། I am awakening, the essence of all that is … six classes of beings ('gro drug), arises from me. named: ཀུན་བྱེད་ལས
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
Ngb-pt-0104-vol-02-text (the text itself), 53 %
7 180 རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་ … བཞིན་གནས། །དེ་བཞིན་དུ་ཡང་འཇིག་པ་གསུངས། Like a dream, like an illusion (sgyu ma), > … > And so too is destruction taught to be. named: རྩ་བ་ཤེས་རབ་ལས
དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ, dbu ma rtsa ba'i tshig le'ur byas pa shes rab, Root Verses on the Middle Way (Prajñā-nāma-mūlamadhyamakakārikā), by Nāgārjuna · shastra; Tengyur; Toh 3824 high
parallel: ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ, 100 %
8 180 སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། ། … ལས་བྱས་བསགས་པ་ནམ་ཡང་མེད་མི་འགྱུར། Beings in conditioned existence (srid pa) are like a … karma (las) done and accumulated never comes to nothing. named: འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང
འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ, 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po'i mdo, The King of Samādhi Sūtra (Samādhirājasūtra) · sutra; Kangyur; Toh 127 high
not found
9 181 ཆོས་ཀུན་རྩ་བ་ཀུན་བྱེད་བྱང་ཆུབ་སེམས། ། … ཇི་ལྟར་བྱུང་བ་ང་ཡི་ཆོ་འཕྲུལ་ཡིན། The root of all phenomena is the all-creating awakened … > However things occur, they are my magical display. named: ཀུན་བྱེད་ལས
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
Ngb-pt-0104-vol-02-text (the text itself), 96 %
10 181 ང་ལ་སྐྱེ་དང་འཆི་མེད་པས། །འགག་པའི་ … མེད་པས། །ཡི་གེའི་དོན་རྣམས་ཡོངས་སུ་རྫོགས། Since in me there is no birth and no … > The meanings of the letters are utterly perfect. named: ཡི་གེ་མེད་པ་ལས
ཡི་གེ་མེད་པའི་རྒྱུད་ཆེན་པོ, yi ge med pa'i rgyud chen po, The Tantra Without Letters · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0051-vol-01-text (the text itself), 92 %
11 183 སྐྱེ་བ་ཡོད་པའི་སེམས་ཉིད་ལ། །འགྲོ་དྲུག་ … དུ་ཡོད་པའི་སེམས་ཉིད་ལ། །ཉོན་མོངས་རྣམས་ In mind itself, in which there is birth, > … > > In mind itself, which can be transformed, named: ཀློང་དྲུག་པ་ལས་ཀྱང
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Expanses · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0062-vol-01-text (the text itself), 69 %