ཆོས་ཀྱི་དབྱིངས་སུ་བསྟོད་པ།

From Rangjung Yeshe Wiki Texts
Revision as of 22:18, 4 February 2013 by Eric (talk | contribs) (Created page with "༄༅། །རྒྱ་གར་སྐད་དུ། དྷརྨ་དྷཱ་ཏུ་སྟ་བཾ། བོད་སྐད་དུ། ཆོས་ཀྱི་དབ...")
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

༄༅། །རྒྱ་གར་སྐད་དུ། དྷརྨ་དྷཱ་ཏུ་སྟ་བཾ། བོད་སྐད་དུ། ཆོས་ཀྱི་དབྱིངས་སུ་བསྟོད་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ཞིག་ཀུན་དུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་བ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཇི་ལྟར་འོ་མ་དང་འདྲེས་པས།