Tshig don mdzod (Longchenpa): Vajra topic 2 (3)

From Rangjung Yeshe Wiki Texts
Tshig don mdzod (Longchenpa)Tshig don mdzod (Longchenpa): Vajra topic 2 (3)
< Tshig don mdzod (Longchenpa)
Revision as of 15:00, 26 November 2026 by Eric (talk | contribs) (Tshig don mdzod study edition: editions, critical edition, translation, bilingual text, outline and quotations (November 2026))
(diff) ← Older revision | Latest revision (diff) | Newer revision → (diff)

Tshig don mdzod (Longchenpa)/Vajra topic 2 (3)
Jump to navigation Jump to search
← Vajra topic 2 (2)Tshig don mdzod: contentsVajra topic 2 (4) →

Vajra topic 2 · The Stages of How Delusion Arises in Existence · སྲིད་པར་འཁྲུལ་ཚུལ་གྱི་རིམ་པ
Pages 83–93 of the corrected base text (W22920 vol. 4), part 3 of 6.

[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD85), gorn05 tibocr 2026: BDRC OCR on 338 pages, Mitra OCR on 147 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 53] སྒོ་གསུམ་སྐུ་གསུང་ཐུགས་སུ་གྲོལ་བའི་རང་བཞིན་ནི་སྐྱེ་རྒ་ན་འཆིའི་སྣང་བ་ཆོས་དབྱིངས་ཡེ་ཤེས་རོལ་པར་ཤར་ཞིང་། བྱ་བྱེད་དང་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་ལྟ་སྒོ་མ་རང་ཤར་ཆེན་པོར་སྣང་བའི་རྣམ་དག་བཤད་པ་ནི། ཐལ་འགྱུར་ལས། གཞན་ཡང་རབ་ཏུ་བཤད་བྱ་བ། །སྣང་བ་འཁྲུལ་པའི་རང་བཞིན་ནི། །ཡེ་ཤེས་ཡིན་པར་སྔར་མ་མཐོང་། །རྟོག་བཅས་འཁྲུལ་པའི་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་པའི་རང་རྟོག་རྒྱུན་ཆད་དོ། །དེ་ལྟར་འཁྲུལ་མེད་སྣང་བ་ནི། །ཡེ་ནས་གྲོལ་བའི་གནད་ལས་བྱུང་། །འགྲོ་བའི་ཕུང་པོ་སངས་རྒྱས་སྐུ། །ཡེ་ནས་ཡིན་པར་སུས་མ་རིག །ཕུང་པོ་སངས་རྒྱས་མངའ་བདག་ཏུ། །རྩ་གནས་ཡི་གེར་གྲུབ་ལས་བྱུང་། །ཆུ་བུར་མིག་ལས་ཡེ་ཤེས་ནི། །རང་སྣང་ཡིན་པར་སུས་མ་མཐོང་། །དེ་ལས་འཁྲུལ་པའི་སྣང་བ་ནི། །སྒྲོན་མའི་གནད་ལས་བྱུང་བའོ། །གཞན་ཡང་ལུས་ཀྱི་སྤྱོད་ལམ་ཉིད། །སྐུ་གསུམ་དག་ཏུ་གྲོལ་བའི་ཕྱིར། །བྱ་བྱེད་ཐམས་ཅད་ཆོས་ཉིད་དོ། །ངག་ཏུ་ཇི་ལྟར་སྨྲས་པ་ཀུན། །གསང་སྔགས་གསང་བའི་བཟླས་པ་སྟེ། །ཡིག་འབྲུ་རྣམ་སྤྲུལ་གནད་ལས་བྱུང་། །འགྲོ་བའི་སེམས་ཀྱི་རྟོག་ཚོགས་

[p. 54] ཀུན། །བསམ་གཏན་ཡིན་པ་ཅིས་མ་ཤེས། །རང་སེམས་རྟོགས་ལས་གྲོལ་བས་ན། །དེ་ནི་འབྱུང་བའི་གནད་ལས་བྱུང་། །དེ་ལྟར་ཐམས་ཅད་ཆོས་ཉིད་པས། །བླང་བར་བྱ་བ་གང་མེད་ཅིང་། །གཞག་པར་བྱ་བ་ཅུང་ཟད་མེད། །གང་དུ་མེད་པའི་ཆོས་ཉིད་དོ། །བྱ་བྱེད་བརྗོད་དང་བསམ་པ་ལས། །འཁོར་འདས་གྲོལ་བའི་གནད་རྟོགས་ཏེ། །སངས་མ་རྒྱས་པ་གཅིག་ཀྱང་མེད། །ཁམས་གསུམ་འཁོར་བ་དོང་སྤྲུག་གོ། །གཞན་ཡང་ཁམས་གསུམ་སེམས་ཅན་ཀུན། །ལུས་ངག་ཡིད་ལས་མ་འདས་པས། །སྐུ་གསུམ་གཞན་དུ་བཙལ་མི་དགོས། །བཙལ་ཀྱང་རྙེད་པའི་གནས་མེད་དོ། །མ་བྱུང་བྱུང་བ་མེད་པ་ལ། །བལྟས་པས་མཐོང་བ་ངོ་མཚར་ཆེ། །ངོ་མཚར་ཆེན་པོའི་རོལ་པ་ནི། །སངས་རྒྱས་སེམས་ཅན་འབྱེད་པ་མེད། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །རང་བྱུང་རང་ལ་རྫོགས་པས་ཞི། །ཆོས་ཉིད་མངོན་སུམ་ཁྱད་པར་གྱིས། །དབང་པོ་རྣོ་དང་རྟུལ་མེད་པས། །སེམས་ཅན་ཐམས་ཅད་སངས་རྒྱས་ལས། །གཞན་དུ་གནས་པ་མ་ཡིན་ནོ། །ལུས་ཅན་སེམས་ཀྱིས་ཁྱབ་པའི་ཕྱིར། །སངས་རྒྱས་མ་ཡིན་སེམས་ཅན་མེད། །ས་བོན་ལས་ནི་འབྲས་བུ་བཞིན། །རང་གི་རང་བཞིན་གཤིས་ཀྱི་གནད། །བརྗོད་པའི་ཚིག་གིས་མ་ཡིན་པར། །དབང་པོའི་ཡུལ་ལ་གསལ་སྣང་བས། །ཅེར་མཐོང་གྲོལ་བའི་བདག་ཉིད་དོ། །གཞན་ཡང་རྐྱེན་གྱིས་སེམས་ཅན་རྣམས། །

[p. 55] སངས་མ་རྒྱས་པ་གཅིག་ཀྱང་མེད། །རང་སྣང་ཡེ་ཤེས་ཆོས་མཐུན་ཕྱིར། །འཁོར་བ་ཡེ་ནས་ཡོད་མ་ཡིན། །དེ་ཕྱིར་རང་རང་སངས་རྒྱས་སོ། །སྐྱེ་བ་ཉིད་ནི་རྟོགས་པ་ལས། །མངལ་དུ་གནས་པ་ཆོས་ཀྱི་དབྱིངས། །ལུས་སེམས་འདུས་པས་དབྱིངས་རིག་འབྲེལ། །ལུས་སུ་གནས་པས་སྐུ་གསུམ་སྟེ། །རྒས་པས་ཆོས་ཟད་འཁྲུལ་སྣང་འགག །ན་བས་ཆོས་ཉིད་ཉམས་སུ་མྱོང་། །ཤི་བས་སྟོང་པ་ངོས་གཟུང་མེད། །དེས་ན་སེམས་ཅན་སངས་རྒྱས་སོ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། ཇི་ལྟར་སྨྲ་དང་བྱ་བྱེད་རྣམས། །སྟོང་རིག་གསལ་བའི་སྤྱོད་པ་ཡིན། །བཟང་དང་ངན་པའི་རྟོག་པ་རྣམས། །སྒོམ་པ་ཆུ་བོའི་ཀློང་ཆེན་ཡིན། །ལོག་ལྟ་ཡང་དག་འདོད་པ་རྣམས། །རྣལ་འབྱོར་རིས་མེད་ལྟ་བ་ཡིན། །རེ་དང་དོགས་པར་འཛིན་པ་ཀུན། །ཟང་མ་ཐལ་བྱུང་འབྲས་བུ་ཡིན། །ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །བཟའ་དང་བཏུང་བ་བསྙེན་པ་ལ། །ཉལ་དང་འདུག་པ་སྒྲུབ་པའོ། །འདུ་བྱེད་རྣམས་ནི་ལྷག་གནས་ཡིན། །ཀླད་དང་ལུད་པ་དཀྱིལ་འཁོར་སྒྲུབ། །སྟོང་གསུམ་ཐམས་ཅད་དཀྱིལ་འཁོར་ལ། །ཆར་དང་ཁུ་རླངས་ཆག་ཆག་བཏབ། །འགྲོ་བའི་ལམ་དམིགས་ཐེག་ཆེན་ཏེ། །རྐང་པའི་རྗེས་ནི་དུ་ལ་ཚོན་རིས། །འགྲོ་བར་འདོད་པ་སྟང་སྟབས་ཉིད། །ཡན་ལག་བསྐྱོད་པ་ཕྱག་རྒྱའོ། །ཇི་ལྟར་སྨྲས་པ་སྔགས་ཀྱི་ཚིག །

[p. 56] བསམ་པ་རྣམས་ནི་བསྐྱེད་རིམ་ཡིན། །ཡིད་ལ་འགྱུ་བ་མཆོད་པ་ཉིད། །གཟུགས་སུ་སྣང་བ་ལྷ་ཡི་སྐུ། །སྒྲ་ཆེན་བརྗོད་པ་རོལ་མོ་ཉིད། །རང་གི་ལུས་ནི་བུམ་པ་ལ། །སྐྲ་ནི་ལོ་འདབ་ཁ་རྒྱན་མཛེས། །ཁྲག་དང་ཆུ་སེར་ཆུ་རྣམས་ཉིད། །དོན་སྙིང་ལ་སོགས་རྫས་ཀྱིས་གཏམས། །རང་ལ་སྣང་བའི་དབང་རྣམས་བྱིན། །མ་བསྐུར་ཉིད་ལ་རྫོགས་པའོ། །འདའ་བར་འདོད་པ་དམ་ཚིག་ལ། །བསྲུང་བར་འདོད་པ་བཅིངས་པ་ཡིན། །གྲོལ་བར་འདོད་པ་ཉམས་པ་སྟེ། །མེད་པར་འདོད་པ་ཐུབ་མཆོག་ཡིན། །མཐོང་བ་རྣམས་ནི་ཕྱག་རྒྱའི་བརྡ། །དེ་ལ་ཆགས་པ་ཉམས་མྱོང་ཡིན། །ཤེས་རིག་གསལ་བ་གདམས་ངག་ལ། །ལུས་སེམས་གཉིས་འདུས་གདབ་པའི་ཡུལ། །སྐྱེ་རྒ་ན་འཆི་གོམས་པའི་གནད། །ཚོགས་དྲུག་མ་འགགས་རྟོགས་པའོ། །ཞེས་གསུངས་སོ། །སྤྱི་དོན་གཉིས་པ་ལུས་གྲུབ་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། རྟེན་ལུས་ཀྱི་གྲུབ་ཚུལ་དངོས། བརྟེན་པ་རྩ་ཐིག་རླུང་གསུམ་གྱི་རང་བཞིན། ཁྱབ་བྱེད་འབྱུང་བའི་ཚང་ཚུལ་ལོ། །དང་པོ་ནི། སྒྲོན་མ་སྣང་བྱེད་ལས། དེ་ནས་རིམ་གྱིས་སྣོད་བཅུད་ཀྱི། །སྣང་བ་དུ་མས་གཟུགས་བསྡུས་པ། །འདི་ཉིད་མི་ཤེས་བྱིས་པ་རྣམས། །ཟོ་ཆུ་བཞིན་ཏེ་བརྒྱུད་མར་གནས། །སོ་སོའི་ལུས་དང་ཚད་ལེན་པའོ། །ཞེས་པ་དང་། ཇི་ལྟར་ལེན་ན། ཉི་ཟླ་ཁ་སྦྱོར་ལས། དེ་ནས་མངལ་གྱི་སྒོར་ཚུད་ནས། །ཕ་དང་མ་ཡི་རྒྱུ་རྐྱེན་ལས། །མེར་མེར་པོ་དང་

[p. 57] ནུར་ནུར་པོ། །ལྟར་ལྟར་པོ་དང་གོར་གོར་པོ། །མཁྲང་འགྱུར་ཉིད་དང་ཉ་ལྟ་བུ། །རུས་སྦལ་བཞིན་དང་སྦལ་བ་བཞིན། །དེ་བཞིན་ཞག་ནི་བདུན་ཕྲག་བདུན། །ལྟེ་བ་ལས་ནི་ལུས་རྣམས་བསྐྱེད། །ཟླ་དགུ་དེ་བཞིན་ངོ་བཅུ་ན། །ལུས་རྫོགས་མ་ཡི་མངལ་ནས་འཐོན། །ཞེས་པས་བར་མདོའི་སེམས་ཅན་ལུས་འཚོལ་བ་དཔག་ཏུ་མེད་པ་ཕ་མ་སྦྱོར་བ་བྱེད་པའི་མངལ་སྒོར་དབྱར་གྱི་ཤ་རུལ་ལ་སྦྲང་མ་སྤུངས་བ་ལྟར་འདུ་བ་ལས། ཚ་ཚད་མ་རྫོགས་པ་ཞག་བདུན་ཚན་ལ་སླེབས་པ་རྣམས་ཕལ་ཆེར་འཆི་ལ། ཚེ་ཚད་རྫོགས་ཤིང་ལས་མཐུན་པ་ཞིག་བཤད་ལམ་ནས་མངལ་དུ་ཞུགས་ཏེ་ལུས་ལེན་པའི་རླུང་དང་སེམས་གཉིས། ཕ་ལས་བྱུང་བའི་རྒྱུ་དངས་མ་དཀར་པོ། མ་ལས་བྱུང་བའི་རྐྱེན་དངས་མ་དམར་པོ་སྟེ་བཞི་པོ་དེ་ཁྲག་དང་འོ་མ་འདྲེས་པ་ལྟར་ཀྲུག་གིས་འདྲེས་ཏེ་ལུས་སུ་གྲུབ་དུས་རྒྱུ་རྐྱེན་གཉིས་པོ་དེས་ཀུན་རྫོབ་ཀྱི་འབྱུང་བ་བཞིའི་ལས་བྱེད་པས་འཕེལ་སོག་གི་ཆ་དང་། རླུང་སེམས་གཉིས་པོ་དེས་དོན་དམ་གྱི་འབྱུང་བ་བཞིའི་ལས་བྱེད་བས་ལུས་འཛིན་པ་དང་འབྱེད་སྡུད་ཀྱི་སྨིན་སོར་བྱེད་པས་ལུས་བསྐྱེད་དོ། །དེ་ཡང་ཞག་བདུན་ཚན་དུ་ངེས་པ་ནི། འབྱུང་བ་སོ་སོ་ལ་ཞག་རེ། གཉིས་གཉིས་འདུས་པ་ལ་ཞག་གཉིས། གཅིག་འདུས་པ་ལ་ཞག་གཅིག་སྟེ་བདུན་ནོ། །འདི་ལ་འབྱུང་བཞིས་བསྐྱེད་ཚུལ་གྱི་རིམ་པ་སྤྱིར་བསྟན་པ་དང་། ཞག་གི་འབྱུང་བའི་ཆ་དབྱེ་བ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། །

[p. 58] འབྱུང་བཞིའི་བྱེད་ལས་བཞི་ལས་ཞག་དང་པོ་ལ་ཆུའི་ཟུག་པས་བསྡུས། དེ་ནས་བྱེར་བས་སོ་སོར་བྱ། སྙོམས་པར་གཅིག་ཏུ་བསྲེས་པ་ལས་ཆུའི་རྩ་རབ་ཏུ་ཕྲ་བ་རྟ་རྔ་བརྒྱར་གཤགས་པ་ཙམ་ཞིག་མའི་གཡས་སུ་ཐང་ཆོད་དུ་བརྐྱངས་ནས་ཆགས་སོ། །དེའི་དུས་སུ་མའི་ལུས་ཀྱང་རབ་ཏུ་གྲང་ངོ་། །དེ་ནས་ཞག་གཉིས་པ་ལ་སའི་བྱེད་པའི་ལས་གསུམ་བྱས་པས་སའི་རྩ་དེ་ཙམ་ཞིག་གཡོན་དུ་ཐང་ཆོད་དུ་ཆགས་པས་མ་ཡང་མགོ་འཁོར་ཞིང་ཤེས་པ་ལྕིའོ། །དེ་ནས་གསུམ་པ་ལ་མེའི་བྱེད་པའི་ལས་གསུམ་གྱིས་གོང་ལྟར་བྱས་པས་རྒྱབ་ཏུ་རྩ་དེ་ཙམ་ཆགས་པས་མ་ལ་རྡུལ་འབྱུང་ཞིང་ལུས་ཚའོ། །དེ་ནས་བཞི་པ་ལ་རླུང་གི་ལས་གསུམ་གྱིས་དང་པོས་བསྡུས་པར་དུ་གཏོར། མཐར་བསྲེས་པས་མའི་མདུན་དུ་རླུང་གི་རྩ་རྟ་རྔ་བརྒྱའི་ཆ་ཙམ་ཆགས་ཏེ་འདིའི་དུས་སུ་མའི་ཤེས་པ་ཡང་ཤིན་ཏུ་གསལ་ལོ། །འདིའི་སྐབས་སུ་འབྱུང་བཞི་སོ་སོའི་ཆ་ཆེ་ཆུང་གིས་མའི་ལུས་ཀྱང་སོ་སོར་འབྱུང་བའི་སྨིན་སོ་བྱེད་དོ། །ལྔ་པ་ལ་ཆུ་དང་ས་གཉིས་ཀྱིས་གཅིག་ཏུ་བསྡུས་ཤིང་བརྟན་པར་བྱས། དྲུག་པ་ལ་མེ་དང་རླུང་གིས་སྨིན་ཅིང་གསལ་བར་བྱས། བདུན་པ་ལ་མ་ནིང་གི་འབྱུང་བ་ནམ་མཁའི་ལས་ཀྱིས་གོ་ཕྱེ་བས་གོང་གི་བཞི་པོ་དེ་གཅིག་ཏུ་བྱས་པ་ལས་རྩ་ཕྲ་མོ་བཞི་པོ་དེའི་ནང་དུ་རྩ་གནས་ཀྱི་ཡི་གེ་ཁཾ་སུཾ་རཾ་ཡཾ་བཞི་གསལ་བར་ཆགས་སོ། །དེ་ལྟར་འབྱུང་བཞི་སོ་སོའི་བྱེད་ལས་ཀྱིས་རླུང་སེམས་གཉིས་རྒྱུ་རྐྱེན་གཉིས་

[p. 59] ༄༅། །ཏེ་མེར་མེར་པོའི་རྣམ་པ་ཡུངས་འབྲུ་ཉིས་འགྱུར་ཙམ་དུ་གནས་པའི་ཐིག་ལེ་ཟླུམ་པོའི་ནང་དུ་ཐིག་ལེ་མིག་ཆུང་ཤིན་ཏུ་སྲ་བ་གཅིག་ཆགས་སོ། །དེ་དག་ནི་འབྱུང་བ་རང་ངོའི་བྱེད་ལས་ཏེ་འདི་དུས་སུ་མེར་ མེར་པོ་དེ་ཆུའི་བརླན་གྱིས་བཤིག། སའི་ལྗིད་ཀྱིས་མནན། མེའི་དྲོད་ཀྱིས་བསྲེགས། རླུང་གི་ཤུགས་ཀྱིས་གཏོར་བས་ནམ་མཁའ་ལ་སྤྲིན་ཆད་པའི་རྣམ་པ་ལྟར་དུ་མ་བུར་ལོང་གིས་སོང་ངོ། །དེ་ནས་ཡང་ལས་དང་ བག་ཆགས་ཀྱི་དབང་གིས་ནུབ་བརྒྱད་པ་ལ་ཆུས་གཅིག་ཏུ་བསྡུས་ཏེ་ནུར་ནུར་པོའི་རྟེན་སྲན་མ་བཅུ་ཆ་ཙམ་ལས་ཤར་གྱི་རྩ་བསྐྱེད། དགུ་པ་ལ་སས་གཅིག་ཏུ་བསྲེད་ཏེ་སྲན་མ་དགུ་ཆ་ཙམ་ལས་ལྷོའི་རྩ་བསྐྱེད། བཅུ་པ་ལ་མེས་ སྨིན་པར་བྱས་ཏེ་སྲན་མ་བདུན་ཆ་ཙམ་ལས་ནུབ་ཀྱི་རྩ་བསྐྱེད། བཅུ་གཅིག་པ་ལ་རླུང་གིས་བསྐྱོད་པས་སྲན་མ་ལྔ་ཆའི་ནང་དུ་བྱང་གི་རྩ་བསྐྱེད། བཅུ་གཉིས་པ་ལ་ཆུ་དང་སས་བསྡུས་ཤིང་བརྟན་པར་བྱས་ཏེ་སྲན་མའི་རྡོག་པོ་ཙམ་ ལ་ནུར་ནུར་པོའི་མིག་ཆུང་གཉིས་དང་འབྱུང་བ་བཞིའི་རྩ་རེ་ཐག་བརྒྱངས་པ་ལྟ་བུ་བཞི་ཆགས། བཅུ་གསུམ་པ་ལ་མེ་དང་རླུང་གིས་སྨིན་པར་བྱས། བཅུ་བཞི་པ་ལ་ནམ་མཁས་གོ་ཕྱེ་བས་ལུས་ཀྱི་དབུས་ལྟེ་བའི་རྩ་མདུད་ལས་ རྩ་བཞི་རེ་ཐག་བརྒྱངས་པ་ལྟར་ཆགས་པའི་དབུས་ཀྱི་སྒྲོན་མའི་སྤྱན་དང་འབྱུང་བའི་སྤྱན་གྱི་མིག་ཆུང་གཉིས་པོ་དེ་སྔར་བས་རབ་ཏུ་གསལ་བར་བྱས་སོ། །མིག་ཆུང་གི་ནང་དུ་ཡེ་ཤེས་ཀྱི་ངོ་བོ་ཤིན་ཏུ་ཕྲ་ཞིང་བརྟག་པར་དཀའ་བ་

[p. 60] ཞིག་ཀྱང་གནས་སོ། །

[edit]
BDRC typed e-text UT22920_004_0001 as downloaded (the base text was made from it).

སྒོ་གསུམ་སྐུ་གསུང་ཐུགས་སུ་གྲོལ་བའི་རང་བཞིན་ནི་སྐྱེ་རྒ་ན་འཆིའི་སྣང་བ་ཆོས་དབྱིངས་ཡེ་ཤེས་རོལ་པར་ཤར་ཞིང༌། བྱ་བྱེད་དང་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་ལྟ་སྒོམ་རང་ཤར་ཆེན་པོ་སྣང་བའི་རྣམ་དག་བཤད་པ་ནི། ཐལ་འགྱུར་ལས། གཞན་ཡང་རབ་ཏུ་བཤད་བྱ་བ། །སྣང་བ་འཁྲུལ་པའི་རང་བཞིན་ནི། །ཡེ་ཤེས་ཡིན་པར་སྔར་མ་མཐོང༌། །རྟོག་བཅས་འཁྲུལ་པའི་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་པའི་རང་རྟོག་རྒྱུན་ཆད་དོ། །དེ་ལྟར་འཁྲུལ་མེད་སྣང་བ་ནི། །ཡེ་ནས་འགྲོལ་བའི་གནད་ལས་བྱུང༌། །འགྲོ་བའི་ཕུང་པོ་སངས་རྒྱས་སྐུ། །ཡེ་ནས་ཡིན་པར་སུས་མ་རིག །ཕུང་པོ་སངས་རྒྱས་མངའ་བདག་ཏུ། །རྩ་གནས་ཡི་གེར་གྲུབ་ལས་བྱུང༌། །ཆུ་བུར་མིག་ལས་ཡེ་ཤེས་ནི། །རང་སྣང་ཡིན་པར་སུས་མ་མཐོང༌། །དེ་ལས་འཁྲུལ་པའི་སྣང་བ་ནི། །སྒྲོན་མའི་གནད་ལས་བྱུང་བའོ། །གཞན་ཡང་ལུས་ཀྱི་སྤྱོད་ལམ་ཉིད། །སྐུ་གསུམ་དག་ཏུ་གྲོལ་བའི་ཕྱིར། །བྱ་བྱེད་ཐམས་ཅད་ཆོས་ཉིད་དོ། །ངག་ཏུ་ཇི་ལྟར་སྨྲས་པ་ཀུན། །གསང་སྔགས་གསང་བའི་བཟླས་པ་སྟེ། །ཡིག་འབྲུ་རྣམ་སྤྲུལ་གནད་ལས་བྱུང༌། །འགྲོ་བའི་སེམས་ཀྱི་རྟོག་ཚོགས་ཀུན། །བསམ་གཏན་ཡིན་པ་ཅིས་མ་ཤེས། །རང་སེམས་རྟོགས་ལས་གྲོལ་བས་ན། །དེ་ནི་འབྱུང་བའི་གནད་ལས་བྱུང༌། །དེ་ལྟར་ཐམས་ཅད་ཆོས་ཉིད་པས། །བླང་བར་བྱ་བ་གང་མེད་ཅིང༌། །གཞག་པར་བྱ་བ་ཅུང་ཟད་མེད། །གང་དུ་མེད་པའི་ཆོས་ཉིད་དོ། །བྱ་བྱེད་བརྗོད་དང་བསམ་པ་ལས། །འཁོར་འདས་གྲོལ་བའི་གནད་རྟོགས་ཏེ། །སངས་མ་རྒྱས་པ་གཅིག་ཀྱང་མེད། །ཁམས་གསུམ་འཁོར་བ་དོང་སྤྲུག་གོ །གཞན་ཡང་ཁམས་གསུམ་སེམས་ཅན་ཀུན། །ལུས་ངག་ཡིད་ལས་མ་འདས་པས། །སྐུ་གསུམ་གཞན་དུ་བཙལ་མི་དགོས། །བཙལ་ཀྱང་རྙེད་པའི་གནས་མེད་དོ། །མ་བྱུང་བྱུང་བ་མེད་པ་ལ། །བལྟས་པས་མཐོང་བ་ངོ་མཚར་ཆེ། །ངོ་མཚར་ཆེན་པོའི་རོལ་པ་ནི། །སངས་རྒྱས་སེམས་ཅན་འབྱེད་པ་མེད། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །རང་བྱུང་རང་ལ་རྫོགས་པས་ཞི། །ཆོས་ཉིད་མངོན་སུམ་ཁྱབ་པར་གྱིས། །དབང་པོ་རྣོ་དང་རྟུལ་མེད་པས། །སེམས་ཅན་ཐམས་ཅད་སངས་རྒྱས་ལས། །གཞན་དུ་གནས་པ་མ་ཡིན་ནོ། །ལུས་ཅན་སེམས་ཀྱིས་ཁྱབ་པའི་ཕྱིར། །སངས་རྒྱས་མ་ཡིན་སེམས་ཅན་མེད། །སོ་བོན་ལས་ནི་འབྲས་བུ་བཞིན། །རང་གི་རང་བཞིན་གཤིས་ཀྱི་གནད། །བརྗོད་པའི་ཚིག་གིས་མ་ཡིན་པར། །དབང་པོའི་ཡུལ་ལ་གསལ་སྣང་བས། །ཅེར་མཐོང་གྲོལ་བའི་བདག་ཉིད་དོ། །གཞན་ཡང་རྐྱེན་གྱིས་སེམས་ཅན་རྣམས། །སངས་མ་རྒྱས་པ་གཅིག་ཀྱང་མེད། །རང་སྣང་ཡེ་ཤེས་ཆོས་མཐུན་ཕྱིར། །འཁོར་བ་ཡེ་ནས་ཡོད་མ་ཡིན། །དེ་ཕྱིར་རང་རང་སངས་རྒྱས་སོ། །སྐྱེ་བ་ཉིད་ནི་རྟོགས་པ་ལས། །མངལ་དུ་གནས་པ་ཆོས་ཀྱི་དབྱིངས། །ལུས་སེམས་འདུས་པས་དབྱིངས་རིག་འབྲེལ། །ལུས་སུ་གནས་པས་སྐུ་གསུམ་སྟེ། །རྒས་པས་ཆོས་ཟད་འཁྲུལ་སྣང་འགག །ན་བས་ཆོས་ཉིད་ཉམས་སུ་མྱོང༌། །ཤི་བས་སྟོང་པ་ངོས་གཟུང་མེད། །དེས་ན་སེམས་ཅན་སངས་རྒྱས་སོ། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། ཇི་ལྟར་སྨྲ་དང་བྱ་བྱེད་རྣམས། །སྟོང་རིག་གསལ་བའི་སྤྱོད་པ་ཡིན། །བཟང་དང་ངན་པའི་རྟོག་པ་རྣམས། །སྒོམ་པ་ཆུ་བོའི་ཀློང་ཆེན་ཡིན། །ལོག་ལྟ་ཡང་དག་འདོད་པ་རྣམས། །རྣལ་འབྱོར་རིས་མེད་ལྟ་བ་ཡིན། །རེ་དང་དོགས་པ་འཛིན་པ་ཀུན། །ཟང་མ་ཐལ་བྱུང་འབྲས་བུ་ཡིན། །ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །བཟའ་དང་བཏུང་བ་བསྙེན་པ་ལ། །ཉལ་དང་འདུག་པ་སྒྲུབ་པའོ། །འདུ་བྱེད་རྣམས་ནི་ལྷག་གནས་ཡིན། །ཀླད་དང་ལུད་པ་དཀྱིལ་འཁོར་སྒྲུབ། །སྟོང་གསུམ་ཐམས་ཅད་དཀྱིལ་འཁོར་ཆག་ཆག་བཏབ། །འགྲོ་བའི་ལམ་དམིགས་ཐེག་ཆེན་ཏེ། །རྐང་པའི་རྗེས་ནི་རྡུལ་ཚོན་རིས། །འགྲོ་བར་འདོད་པ་སྟང་སྟབས་ཉིད། །ཡན་ལག་བསྐྱོད་པ་ཕྱག་རྒྱའོ། །ཇི་ལྟར་སྨྲས་པ་སྔགས་ཀྱི་ཚིག །བསམ་པ་རྣམས་ནི་བསྐྱེད་རིམ་ཡིན། །ཡིད་ལ་འགྱུ་བ་མཆོད་པ་ཉིད། །གཟུགས་སུ་སྣང་བ་ལྷ་ཡི་སྐུ། །སྒྲ་ཆེན་བརྗོད་པ་རོལ་མོ་ཉིད། །རང་གི་ལུས་ནི་བུམ་པ་ལ། །སྐྲ་ནི་ལོ་འདབ་ཁ་རྒྱན་མཛེས། །ཁྲག་དང་ཆུ་སེར་ཆུ་རྣམས་ཉིད། །དོན་སྙིང་ལ་སོགས་རྫས་ཀྱིས་གཏམས། །རང་ལ་སྣང་བའི་དབང་རྣམས་བྱིན། །མ་བསྐུར་ཉིད་ལ་རྫོགས་པའོ། །འདའ་བར་འདོད་པ་དམ་ཚིག་ལ། །བསྲུང་བར་འདོད་པ་བཅིངས་པ་ཡིན། །གྲོལ་བར་འདོད་པ་ཉམས་པ་སྟེ། །མེད་པར་འདོད་པ་ཐུབ་མཆོག་ཡིན། །མཐོང་བ་རྣམས་ནི་ཕྱག་རྒྱའི་བརྡ། །དེ་ལ་ཆགས་པ་ཉམས་མྱོང་ཡིན། །ཤེས་རིག་གསལ་བ་གདམས་ངག་ལ། །ལུས་སེམས་གཉིས་འདུས་གདབ་པའི་ཡུལ། །སྐྱེ་རྒ་ན་འཆི་གོམས་པའི་གནད། །ཚོགས་དྲུག་མ་འགགས་རྟོགས་པའོ། །ཞེས་གསུངས་སོ། །སྤྱི་དོན་གཉིས་པ་ལུས་གྲུབ་བྱེ་རག་ཏུ་བཤད་པ་ལ་གསུམ་སྟེ། རྟེན་ལུས་ཀྱི་གྲུབ་ཚུལ་དངོས། །བརྟེན་པ་རྩ་ཐིག་རླུང་གསུམ་གྱི་རང་བཞིན། ཁྱབ་བྱེད་འབྱུང་བའི་ཚང་ཚུལ་ལོ། །དང་པོ་ནི། སྒྲོན་མ་སྣང་བྱེད་ལས། དེ་ནས་རིམ་གྱིས་སྣོད་བཅུད་ཀྱི། །སྣང་བ་དུ་མས་གཟུགས་བསྡུས་པ། །འདི་ཉིད་མི་ཤེས་བྱིས་པ་རྣམས། །ཟོ་ཆུ་བཞིན་ཏེ་བརྒྱུད་མར་གནས། །སོ་སོའི་ལུས་དང་ཚད་ལེན་པའོ། །ཞེས་པ་དང༌། ཇི་ལྟར་ལེན་ན། ཉི་ཟླ་ཁ་སྦྱོར་ལས། དེ་ནས་མངལ་གྱི་སྒོར་ཚུད་ནས། །ཕ་དང་མ་ཡི་རྒྱུ་རྐྱེན་ལས། །མེར་མེར་པོ་དང་ནུར་ནུར་པོ། །ལྟར་ལྟར་པོ་དང་གོར་གོར་པོ། །མཁྲང་འགྱུར་ཉིད་དང་ཉ་ལྟ་བུ། །རུས་སྦལ་བཞིན་དང་སྦལ་པ་བཞིན། །དེ་བཞིན་ཞག་ནི་བདུན་ཕྲག་བདུན། །ལྟེ་བ་ལས་ནི་ལུས་རྣམས་བསྐྱེད། །ཟླ་དགུ་དེ་བཞིན་ངོ་བཅུ་ན། །ལུས་རྫོགས་མ་ཡི་མངལ་ནས་འཐོན། །ཞེས་པས་བར་མ་དོའི་སེམས་ཅན་ལུས་འཚོལ་བ་དཔག་ཏུ་མེད་པ་ཕ་མ་སྦྱོར་བ་བྱེད་པའི་མངལ་སྒོར་དབྱར་གྱི་ཤ་རུལ་ལ་སྦྲང་མ་སྤུངས་པ་ལྟར་འདུ་བ་ལས། ཚེ་ཚད་མ་རྫོགས་པ་ཞག་བདུན་ཚན་ལ་སླེབས་པ་རྣམས་ཕལ་ཆེར་འཆི་ལ། ཚེ་ཚད་རྫོགས་ཤིང་ལས་མཐུན་པ་ཞིག་བཤང་ལམ་ནས་མངལ་དུ་ཞུགས་ཏེ་ལུས་ལེན་པའི་རླུང་དང་སེམས་གཉིས། ཕ་ལས་བྱུང་བའི་རྒྱུ་དྭངས་མ་དཀར་པོ། མ་ལས་བྱུང་བའི་རྐྱེན་དྭངས་མ་དམར་པོ་སྟེ་བཞི་པོ་དེ་ཁྲག་དང་འོ་མ་འདྲེས་པ་ལྟར་ཀྲུག་གིས་འདྲེས་ཏེ་ལུས་སུ་གྲུབ་དུས་རྒྱུ་རྐྱེན་གཉིས་པོ་དེས་ཀུན་རྫོབ་ཀྱི་འབྱུང་བ་བཞིའི་ལས་བྱེད་པས་འཕེལ་སོག་གི་ཆ་དང༌། རླུང་སེམས་གཉིས་པོ་དེས་དོན་དམ་གྱི་འབྱུང་བ་བཞིའི་ལས་བྱེད་པས་ལུས་འཛིན་པ་དང་འབྱེད་སྡུད་ཀྱི་སྨིན་སོར་བྱེད་པས་ལུས་བསྐྱེད་དོ། །དེ་ཡང་ཞག་བདུན་ཚན་དུ་ངེས་པ་ནི། འབྱུང་བ་སོ་སོ་ལ་ཞག་རེ། གཉིས་གཉིས་འདུས་པ་ལ་ཞག་གཉིས། གཅིག་འདུས་པ་ལ་ཞག་གཅིག་སྟེ་བདུན་ནོ། །འདི་ལ་འབྱུང་བཞིས་བསྐྱེད་ཚུལ་གྱི་རིམ་པ་སྤྱིར་བསྟན་པ་དང༌། ཞིག་གི་འབྱུང་བའི་ཆ་དབྱེ་བ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ལས། དང་པོ་ནི། འབྱུང་བཞིའི་བྱེད་ལས་བཞི་ལས་ཞག་དང་པོ་ལ་ཆུའི་ཟུག་པས་བསྡུས། དེ་ནས་བྱེར་བས་སོ་སོར་བྱེད། སྙོམས་པར་གཅིག་ཏུ་བསྲེས་པ་ལས་ཆུའི་རྩ་རབ་ཏུ་ཕྲ་བ་རྟ་རྔ་བརྒྱར་གཤགས་པ་ཙམ་ཞིག་མའི་གཡས་སུ་ཐང་ཆོད་དུ་བརྒྱངས་ནས་ཆགས་སོ། །དེའི་དུས་སུ་མའི་ལུས་ཀྱང་རབ་ཏུ་གྲང་ངོ༌། །དེ་ནས་ཞག་གཉིས་པ་ལ་སའི་བྱེད་པའི་ལས་གསུམ་བྱས་པས་སའི་རྩ་དེ་ཙམ་ཞིག་གཡོན་དུ་ཐང་ཆོད་དུ་ཆགས་པས་མ་ཡང་མགོ་འཁོར་ཞིང་ཤེས་པའི་ལྕིའོ། །དེ་ནས་གསུམ་པ་ལ་མེའི་བྱེད་པའི་ལས་གསུམ་གྱིས་གོང་ལྟར་བྱས་པས་རྒྱབ་ཏུ་དེ་ཙམ་ཆགས་པས་མ་ལ་རྔུལ་འབྱུང་ཞིང་ལུས་ཚའོ། །དེ་ནས་བཞི་པ་ལ་རླུང་གི་ལས་གསུམ་གྱིས་དང་པོས་བསྡུས་བར་དུ་གཏོར། མཐར་བསྲེས་པས་མའི་མདུན་དུ་རླུང་གི་རྩ་ལྟ་རྔ་བརྒྱའི་ཆ་ཙམ་ཆགས་ཏེ་འདིའི་དུས་ས་མའི་ཤེས་པ་ཡང་ཤིན་ཏུ་གསལ་ལོ། །འདིའི་སྐབས་སུ་འབྱུང་བཞི་སོ་སོའི་ཆ་ཆེ་ཆུང་གིས་མའི་ལུས་ཀྱང་སོ་སོར་འབྱུང་བའི་སྨིན་སོ་བྱེད་དོ། །ལྔ་པ་ལ་ཆུ་དང་གཉིས་ཀྱིས་གཅིག་ཏུ་བསྡུས་ཤིང་བརྟན་པར་བྱས། དྲུག་པ་ལ་མེ་དང་རླུང་གིས་སྨིན་ཅིང་གསལ་བར་བྱས། བདུན་པ་ལ་མ་ནིང་གི་འབྱུང་བ་ནམ་མཁའི་ལས་ཀྱིས་གོ་ཕྱེ་བས་གོང་གི་བཞི་པོ་དེ་གཅིག་ཏུ་བབས་པ་ལས་རྩ་ཕྲ་མོ་བཞི་པོ་དེའི་ནང་དུ་རྩ་གནས་ཀྱི་ཡི་གེ་ཁཾ་སུཾ་རཾ་ཡཾ་བཞི་གསལ་བར་ཆགས་སོ། །དེ་ལྟར་འབྱུང་བཞི་སོ་སོའི་བྱེད་ལས་ཀྱིས་རླུང་སེམས་གཉིས་རྒྱུ་རྐྱེན་གཉིས་ཏེ་མེར་མེར་པོའི་རྣམ་པ་ཡུངས་འབྲུ་ཉིས་འགྱུར་ཙམ་དུ་གནས་པའི་ཐིག་ལེ་ཟླུམ་པོའི་ནང་དུ་ཐིག་ལེ་མིག་ཆུང་ཤིན་ཏུ་ཕྲ་བ་གཅི་ཆགས་སོ། །དེ་དག་ནི་འབྱུང་བ་རང་ངོའི་བྱེད་ལས་ཏེ་འདི་དུས་སུ་མེར་མེར་པོ་དེ་ཆུའི་བརླན་གྱིས་བཤིག སའི་ལྗིད་ཀྱིས་མནན། མེའི་དྲོད་ཀྱིས་བསྲེགས། རླུང་གི་ཤུགས་ཀྱིས་གཏོར་བས་ནམ་མཁའ་ལ་སྤྲིན་ཆད་པའི་རྣམ་པ་ལྟར་དུམ་བུར་ལོང་གིས་སོང་ངོ༌། །དེ་ནས་ཡང་ལས་དང་བག་ཆགས་ཀྱི་དབང་གིས་ནུབ་བརྒྱད་པ་ལ་ཆུས་གཅིག་ཏུ་བསྡུས་ཏེ་ནུར་ནུར་པོའི་རྟེན་སྲན་མ་བཅུ་ཆ་ཙམ་ལས་ཤར་གྱི་རྩ་བསྐྱེད། །དགུ་པ་ལ་སས་གཅིག་ཏུ་བསྲེས་ཏེ་སྲན་མ་དགུ་ཆ་ཙམ་ལས་ལྷོའི་རྩ་བསྐྱེད། བཅུ་པ་ལ་མེས་སྨིན་པར་བྱས་ཏེ་སྲན་ཆ་ཙམ་ལས་ནུབ་ཀྱི་རྩ་བསྐྱེད། བཅུ་གཅིག་པ་ལ་རླུང་གིས་བསྐྱོད་པས་སྲན་མ་ལྔ་ཆའི་ནང་དུ་བྱང་གི་རྩ་བསྐྱེད། བཅུ་གཉིས་པ་ལ་ཆུ་དང་སས་བསྡུས་ཤིང་བརྟན་པར་བྱས་ཏེ་སྲན་མའི་རྡོག་པོ་ཙམ་ལ་ནུར་ནུར་པོའི་མིག་ཆུང་གཉིས་དང་འབྱུང་བ་བཞིའི་རྩ་རེ་ཐག་བརྒྱངས་པ་ལྟ་བུ་བཞི་ཆགས། བཅུ་གསུམ་པ་ལ་མེ་དང་རླུང་གིས་སྨིན་པར་བྱས། བཅུ་བཞི་པ་ལ་ནམ་མཁའ་གོ་ཕྱེ་བས་ལུས་ཀྱི་དུས་ལྟེ་བའི་རྩ་མདུད་ལས་རྩ་བཞི་རེ་ཐག་བརྒྱངས་པ་ལྟར་ཆགས་པའི་དབུས་ཀྱི་སྒྲོན་མའི་སྤྱན་དང་འབྱུང་བའི་སྤྱན་གྱི་མིག་ཆུང་གཉིས་པོ་དེ་སྔར་བས་རབ་ཏུ་གསལ་བར་བྱས་སོ། །མིག་ཆུང་གི་ནང་དུ་ཡེ་ཤེས་ཀྱི་ངོ་བོ་ཤིན་ཏུ་ཕྲ་ཞིང་བརྟག་པར་དཀའ་བ་ཞིག་ཀྱང་གནས་སོ། །

[edit]
rywikitexts e-text of the Beijing 2009 edition (vol. 19), with its page numbers ༼N༽.

སྒོ་གསུམ་སྐུ་གསུང་ཐུགས་སུ་གྲོལ་བའི་རང་བཞིན་ནི་སྐྱེ་རྒ་ན་འཆིའི་སྣང་བ་ཆོས་དབྱིངས་ཡེ་ཤེས་རོལ་པར་ཤར་ཞིང༌། བྱ་བྱེད་དང་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་ལྟ་སྒོམ་རང་ཤར་ཆེན་པོར་སྣང་བའི་རྣམ་དག་བཤད་པ་ནི། ཐལ་འགྱུར་ལས། གཞན་ཡང་རབ་ཏུ་བཤད་བྱ་བ། །སྣང་བ་འཁྲུལ་པའི་རང་བཞིན་ནི། །» «ཡེ་ཤེས་ཡིན་པར་སྔར་མ་མཐོང༌། །རྟོག་བཅས་འཁྲུལ་པའི་གཞི་མེད་པས། །» «ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་པའི་རང་རྟོག་རྒྱུན་ཆད་དོ། །དེ་ལྟར་འཁྲུལ་མེད་སྣང་བ་ནི། །ཡེ་ནས་གྲོལ་བའི་གནད་ལས་བྱུང༌། །འགྲོ་བའི་ཕུང་པོ་སངས་རྒྱས་སྐུ། །ཡེ་ནས་ཡིན་པར་སུས་མ་རིག» «།ཕུང་པོ་སངས་རྒྱས་མངའ་བདག་ཏུ། །རྩ་གནས་ཡི་གེར་གྲུབ་ལས་བྱུང༌། །ཆུ་བུར་མིག་ལས་ཡེ་ཤེས་ནི། །རང་སྣང་ཡིན་པར་སུས་མ་མཐོང༌། །དེ་ལས་འཁྲུལ་པའི་སྣང་བ་» «ནི། །སྒྲོན་མའི་གནད་ལས་བྱུང་བའོ། །གཞན་ཡང་ལུས་ཀྱི་སྤྱོད་ལམ་ཉིད། །སྐུ་གསུམ་དག་ཏུ་གྲོལ་བའི་ཕྱིར། །བྱ་བྱེད་ཐམས་ཅད་ཆོས་ཉིད་དོ། །ངག་ཏུ་ཇི་ལྟར་སྨྲས་པ་ཀུན། །གསང་སྔགས་གསང་བའི་བཟླས་པ་སྟེ། །ཡིག་འབྲུ་རྣམ་སྤྲུལ་གནད་ལས་བྱུང༌། །འགྲོ་བའི་སེམས་ཀྱི་རྟོག་ཚོགས་ཀུན། །བསམ་གཏན་ཡིན་པ་ཅིས་མ་ཤེས། །རང་སེམས་རྟོགས་ལས་གྲོལ་བས་ན། །དེ་ནི་འབྱུང་བའི་གནད་ལས་བྱུང༌། །དེ་ལྟར་ཐམས་ཅད་ཆོས་ཉིད་པས། །བླང་བར་བྱ་བ་གང་མེད་ཅིང༌། །གཞག་པར་བྱ་བ་ཅུང་ཟད་མེད། །གང་དུ་མེད་པའི་ཆོས་ཉིད་དོ། །བྱ་བྱེད་བརྗོད་དང་བསམ་པ་ལས། །འཁོར་འདས་གྲོལ་བའི་གནད་རྟོགས་ཏེ། །སངས་མ་རྒྱས་པ་གཅིག་ཀྱང་མེད། ཁམས་གསུམ་འཁོར་བ་དོང་སྤྲུག་གོ» «།གཞན་ཡང་ཁམས་གསུམ་སེམས་ཅན་ཀུན། །ལུས་ངག་ཡིད་ལས་མ་འདས་པས། །སྐུ་གསུམ་གཞན་དུ་བཙལ་མི་དགོས། །བཙལ་ཀྱང་རྙེད་པའི་གནས་མེད་དོ། །མ་བྱུང་བྱུང་བ་མེད་པ་ལ། །བལྟས་པས་མཐོང་བ་ངོ་མཚར་» «ཆེ། །ངོ་མཚར་ཆེན་པོའི་རོལ་པ་ནི། །སངས་རྒྱས་སེམས་ཅན་འབྱེད་པ་» «མེད། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །རང་བྱུང་རང་ལ་རྫོགས་པས་ཞི། །» «ཆོས་ཉིད་མངོན་སུམ་ཁྱད་པར་གྱིས། །དབང་པོ་རྣོ་དང་རྟུལ་མེད་པས། །» «སེམས་ཅན་ཐམས་ཅད་སངས་རྒྱས་ལས། །གཞན་དུ་གནས་པ་མ་ཡིན་ནོ། །» «ལུས་ཅན་སེམས་ཀྱིས་ཁྱབ་པའི་ཕྱིར། །སངས་རྒྱས་མ་ཡིན་སེམས་ཅན་མེད། །» «ས་བོན་ལས་ནི་འབྲས་བུ་བཞིན། །རང་གི་རང་བཞིན་གཤིས་ཀྱི་གནད། །» «བརྗོད་པའི་ཚིག་གིས་མ་ཡིན་པར། །དབང་པོའི་ཡུལ་ལ་གསལ་སྣང་བས། །» «ཅེར་མཐོང་གྲོལ་བའི་བདག་ཉིད་དོ། །གཞན་ཡང་རྐྱེན་གྱིས་སེམས་ཅན་» «རྣམས། །སངས་མ་རྒྱས་པ་གཅིག་ཀྱང་མེད། །རང་སྣང་ཡེ་ཤེས་ཆོས་མཐུན་ཕྱིར། །འཁོར་བ་ཡེ་ནས་ཡོད་མ་ཡིན། །དེ་ཕྱིར་རང་རང་སངས་རྒྱས་སོ། །སྐྱེ་བ་ཉིད་ནི་རྟོགས་པ་ལས། །མངལ་དུ་གནས་པ་ཆོས་ཀྱི་དབྱིངས། །ལུས་སེམས་འདུས་པས་དབྱིངས་རིག་འབྲེལ། །ལུས་སུ་གནས་པས་སྐུ་གསུམ་སྟེ། །རྒས་པས་ཆོས་ཟད་འཁྲུལ་སྣང་འགག» «།ན་བས་ཆོས་ཉིད་ཉམས་སུ་མྱོང༌། །ཤི་བས་སྟོང་པ་ངོས་གཟུང་མེད། །དེས་ན་སེམས་ཅན་སངས་རྒྱས་སོ། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། ཇི་ལྟར་སྨྲ་དང་བྱ་བྱེད་རྣམས། །སྟོང་རིག་གསལ་བའི་སྤྱོད་པ་ཡིན། །བཟང་དང་ངན་པའི་རྟོག་པ་རྣམས། །སྒོམ་པ་ཆུ་བོའི་ཀློང་ཆེན་ཡིན། །ལོག་ལྟ་ཡང་དག་འདོད་པ་རྣམས། །རྣལ་འབྱོར་རིས་མེད་ལྟ་བ་» «ཡིན། །རེ་དང་དོགས་པར་འཛིན་པ་ཀུན། །ཟང་མ་ཐལ་བྱུང་འབྲས་བུ་ཡིན། །» «ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །བཟའ་དང་བཏུང་བ་བསྙེན་པ་ལ། །ཉལ་དང་འདུག་པ་བསྒྲུབ་པའོ། །འདུ་བྱེད་རྣམས་ནི་ལྷག་གནས་ཡིན། །ཀླད་དང་ལུད་པ་དཀྱིལ་འཁོར་སྒྲུབ། །སྟོང་གསུམ་ཐམས་ཅད་དཀྱིལ་འཁོར་ལ། །ཆར་དང་ཁུ་རླངས་ཆག་ཆག་བཏབ། །འགྲོ་བའི་ལམ་དམིགས་ཐེག་ཆེན་ཏེ། །རྐང་པའི་རྗེས་ནི་རྡུལ་ཚོན་རིས། །འགྲོ་བར་འདོད་པ་སྟངས་སྟབས་ཉིད། །ཡན་ལག་བསྐྱོད་པ་ཕྱག་རྒྱའོ། །ཇི་ལྟར་སྨྲས་པ་སྔགས་ཀྱི་ཚིག» «།བསམ་པ་རྣམས་ནི་བསྐྱེད་རིམ་ཡིན། །ཡིད་ལ་འགྱུ་བ་མཆོད་པ་ཉིད། །གཟུགས་སུ་སྣང་བ་ལྷ་ཡི་སྐུ། །སྒྲ་ཆེན་བརྗོད་པ་རོལ་མོ་ཉིད། །རང་གི་ལུས་ནི་བུམ་པ་ལ། །སྐྲ་ནི་ལོ་འདབ་ཁ་རྒྱན་མཛེས། །ཁྲག་དང་ཆུ་སེར་ཆུ་རྣམས་ཉིད། །དོན་སྙིང་ལ་སོགས་རྫས་ཀྱིས་གཏམས། །རང་ལ་སྣང་བའི་དབང་རྣམས་བྱིན། །མ་བསྐུར་ཉིད་ལ་རྫོགས་པའོ། །འདའ་བར་འདོད་པ་དམ་ཚིག་ལ། །བསྲུང་བར་འདོད་པ་བཅིངས་པ་ཡིན། །གྲོལ་བར་འདོད་པ་ཉམས་པ་སྟེ། །མེད་པར་འདོད་པ་ཐུབ་མཆོག་ཡིན། །མཐོང་བ་རྣམས་ནི་ཕྱག་རྒྱའི་བརྡ། །དེ་ལ་ཆགས་པ་ཉམས་མྱོང་ཡིན། །ཤེས་རིག་གསལ་བ་གདམས་ངག་ལ། །ལུས་སེམས་གཉིས་འདུས་གདབ་པའི་ཡུལ། །སྐྱེ་རྒ་ན་འཆི་གོམས་པའི་གནད། །ཚོགས་དྲུག་མ་འགགས་རྟོགས་པའོ། །ཞེས་གསུངས་སོ། །སྤྱི་དོན་གཉིས་པ་ལུས་གྲུབ་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། རྟེན་ལུས་ཀྱི་གྲུབ་ཚུལ་དངོས། བརྟེན་པ་རྩ་ཐིག་རླུང་གསུམ་གྱི་རང་བཞིན། ཁྱབ་བྱེད་འབྱུང་བའི་ཚང་ཚུལ་ལོ། །དང་པོ་ནི། སྒྲོན་མ་སྣང་བྱེད་ལས། དེ་ནས་རིམ་གྱིས་སྣོད་བཅུད་ཀྱི། །སྣང་བ་དུ་མས་གཟུགས་བསྡུས་པ། །འདི་ཉིད་མི་ཤེས་བྱིས་པ་རྣམས། །ཟོ་ཆུ་བཞིན་ཏེ་བརྒྱུད་མར་གནས། །སོ་སོའི་ལུས་དང་ཚད་ལེན་པའོ། །ཞེས་པ་དང༌། ཇི་ལྟར་ལེན་ན། ཉི་ཟླ་ཁ་སྦྱོར་ལས། དེ་ནས་མངལ་གྱི་སྒོར་ཚུད་ནས། །ཕ་དང་མ་ཡི་རྒྱུ་རྐྱེན་» «ལས། །མེར་མེར་པོ་དང་ནུར་ནུར་པོ། །ལྟར་ལྟར་པོ་དང་གོར་གོར་པོ། །མཁྲང་འགྱུར་ཉིད་དང་ཉ་ལྟ་བུ། །རུས་སྦལ་བཞིན་དང་སྦལ་བ་བཞིན། །དེ་བཞིན་ཞག་ནི་བདུན་ཕྲག་བདུན། །ལྟེ་བ་ལས་ནི་ལུས་རྣམས་བསྐྱེད། །ཟླ་དགུ་དེ་བཞིན་ངོ་བཅུ་ན། །ལུས་རྫོགས་མ་ཡི་མངལ་ནས་འཐོན། །ཞེས་པས་བར་མ་དོའི་སེམས་ཅན་ལུས་འཚོལ་བ་དཔག་ཏུ་མེད་པ་ཕ་མ་སྦྱོར་བ་བྱེད་པའི་མངལ་སྒོར་དབྱར་གྱི་ཤ་རུལ་ལ་སྦྲང་མ་སྤུངས་པ་ལྟར་འདུ་བ་ལས། ཚེ་ཚད་མ་རྫོགས་པ་ཞག་བདུན་ཚན་ལ་སླེབས་པ་རྣམས་ཕལ་ཆེར་འཆི་ལ། ཚེ་ཚད་རྫོགས་ཤིང་ལས་མཐུན་པ་ཞིག་བཤང་ལམ་ནས་མངལ་དུ་ཞུགས་ཏེ་ལུས་ལེན་པའི་རླུང་དང་སེམས་གཉིས། ཕ་ལས་བྱུང་བའི་རྒྱུ་དངས་མ་དཀར་པོ། མ་ལས་བྱུང་བའི་རྐྱེན་དངས་མ་དམར་པོ་སྟེ་བཞི་པོ་དེ་ཁྲག་དང་འོ་མ་འདྲེས་པ་ལྟར་ཀྲུག་གིས་འདྲེས་ཏེ་ལུས་སུ་གྲུབ་དུས་རྒྱུ་རྐྱེན་གཉིས་པོ་དེས་ཀུན་རྫོབ་ཀྱི་འབྱུང་བ་བཞིའི་ལས་བྱེད་པས་འཕེལ་སོག་གི་ཆ་དང༌། རླུང་སེམས་གཉིས་པོ་དེས་དོན་དམ་གྱི་འབྱུང་བ་བཞིའི་ལས་བྱེད་པས་ལུས་འཛིན་པ་དང་འབྱེད་སྡུད་ཀྱི་སྨིན་སོར་བྱེད་པས་ལུས་བསྐྱེད་དོ། །དེ་ཡང་ཞག་བདུན་ཚན་དུ་ངེས་པ་ནི། འབྱུང་བ་སོ་སོ་ལ་ཞག་རེ། གཉིས་གཉིས་འདུས་པ་ལ་ཞག་གཉིས། གཅིག་འདུས་པ་ལ་ཞག་གཅིག་སྟེ་བདུན་ནོ། །འདི་ལ་འབྱུང་བཞིས་བསྐྱེད་ཚུལ་གྱི་རིམ་པ་སྤྱིར་བསྟན་པ་དང༌། ཞག་གི་འབྱུང་བའི་ཆ་དབྱེ་བ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། འབྱུང་བཞིའི་བྱེད་ལས་བཞི་ལས་ཞག་དང་པོ་ལ་ཆུའི་ཟུག་པས་བསྡུས། དེ་ནས་བྱེར་བས་སོ་སོར་བྱེ། སྙོམས་པར་གཅིག་ཏུ་བསྲེས་པ་ལས་ཆུའི་རྩ་རབ་ཏུ་ཕྲ་བ་རྟ་རྔ་བརྒྱར་གཤགས་པ་ཙམ་ཞིག་མའི་གཡས་སུ་ཐང་ཆོད་དུ་བརྒྱངས་ནས་ཆགས་སོ། །དེའི་དུས་སུ་མའི་ལུས་ཀྱང་རབ་ཏུ་གྲང་ངོ༌། །དེ་ནས་ཞག་གཉིས་པ་ལ་སའི་བྱེད་པའི་ལས་གསུམ་བྱས་པས་སའི་རྩ་དེ་ཙམ་ཞིག་གཡོན་དུ་ཐང་ཆོད་དུ་ཆགས་པས་མ་ཡང་མགོ་འཁོར་ཞིང་ཤེས་པ་ལྕིའོ། །དེ་ནས་གསུམ་པ་ལ་མེའི་བྱེད་པའི་ལས་གསུམ་གྱིས་གོང་ལྟར་བྱས་པས་རྒྱབ་ཏུ་རྩ་དེ་ཙམ་ཆགས་པས་མ་ལ་རྡུལ་འབྱུང་ཞིང་ལུས་ཚའོ། །དེ་ནས་བཞི་པ་ལ་རླུང་གི་ལས་གསུམ་གྱིས་དང་པོས་བསྡུས་བར་དུ་གཏོར། མཐར་བསྲེས་པས་མའི་མདུན་དུ་རླུང་གི་རྩ་རྟ་རྔ་བརྒྱའི་ཆ་ཙམ་ཆགས་ཏེ་འདིའི་དུས་སུ་མའི་ཤེས་པ་ཡང་ཤིན་ཏུ་གསལ་ལོ། །འདིའི་སྐབས་སུ་འབྱུང་བཞི་སོ་སོའི་ཆ་ཆེ་ཆུང་གིས་མའི་ལུས་ཀྱང་སོ་སོར་འབྱུང་བའི་སྨིན་སོ་བྱེད་དོ། །ལྔ་པ་ལ་ཆུ་དང་ས་གཉིས་ཀྱིས་གཅིག་ཏུ་བསྡུས་ཤིང་བརྟན་པར་བྱས། དྲུག་པ་ལ་«༼༡༽«མེ་དང་རླུང་གིས་སྨིན་ཅིང་གསལ་བར་བྱས། བདུན་པ་ལ་མ་ནིང་གི་འབྱུང་བ་ནམ་མཁའི་ལས་ཀྱིས་གོ་ཕྱེ་བས་གོང་གི་བཞི་པོ་དེ་གཅིག་ཏུ་བྱས་པ་ལས་རྩ་ཕྲ་མོ་བཞི་པོ་དེའི་ནང་དུ་རྩ་གནས་ཀྱི་ཡི་གེ་ཁཾ་སུཾ་རཾ་ཡཾ་བཞི་གསལ་བར་ཆགས་སོ། །དེ་ལྟར་འབྱུང་བཞི་སོ་སོའི་བྱེད་ལས་ཀྱིས་རླུང་སེམས་གཉིས་རྒྱུ་རྐྱེན་གཉིས་ཏེ་མེར་མེར་པོའི་རྣམ་པ་ཡུངས་འབྲུ་ཉིས་འགྱུར་ཙམ་དུ་གནས་པའི་ཐིག་ལེ་ཟླུམ་པོའི་ནང་དུ་ཐིག་ལེ་མིག་ཆུང་ཤིན་ཏུ་ཕྲ་བ་གཅིག་ཆགས་སོ། །དེ་དག་ནི་འབྱུང་བ་རང་ངོའི་བྱེད་ལས་ཏེ་འདི་དུས་སུ་མེར་མེར་པོ་དེ་ཆུའི་བརླན་གྱིས་བཤིག་སའི་ལྗིད་ཀྱིས་མནན། མེའི་དྲོད་ཀྱིས་བསྲེགས། རླུང་གི་ཤུགས་ཀྱིས་གཏོར་བས་ནམ་མཁའ་ལ་སྤྲིན་ཆད་པའི་རྣམ་པ་ལྟར་དུམ་བུར་ལོང་གིས་སོང་ངོ༌། །དེ་ནས་ཡང་ལས་དང་བག་ཆགས་ཀྱི་དབང་གིས་ནུབ་བརྒྱད་པ་ལ་ཆུས་གཅིག་ཏུ་བསྡུས་ཏེ་ནུར་ནུར་པོའི་རྟེན་སྲན་མ་བཅུ་ཆ་ཙམ་ལས་ཤར་གྱི་རྩ་བསྐྱེད། དགུ་པ་ལ་སས་གཅིག་ཏུ་བསྲེས་ཏེ་སྲན་མ་དགུ་ཆ་ཙམ་ལས་ལྷོའི་རྩ་བསྐྱེད། བཅུ་པ་ལ་མེས་སྨིན་པར་བྱས་ཏེ་སྲན་མ་བདུན་ཆ་ཙམ་ལས་ནུབ་ཀྱི་རྩ་བསྐྱེད། བཅུ་གཅིག་པ་ལ་རླུང་གིས་བསྐྱོད་པས་སྲན་མ་ལྔ་ཆའི་ནང་དུ་བྱང་གི་རྩ་བསྐྱེད། བཅུ་གཉིས་པ་ལ་ཆུ་དང་སས་བསྡུས་ཤིང་བརྟན་པར་བྱས་ཏེ་སྲན་མའི་རྡོག་པོ་ཙམ་ལ་ནུར་ནུར་པོའི་མིག་ཆུང་གཉིས་དང་འབྱུང་བ་བཞིའི་རྩ་རེ་ཐག་བརྒྱངས་པ་ལྟ་བུ་བཞི་ཆགས། བཅུ་གསུམ་པ་ལ་མེ་དང་རླུང་གིས་སྨིན་པར་བྱས། བཅུ་བཞི་པ་ལ་ནམ་མཁས་གོ་ཕྱེ་བས་ལུས་ཀྱི་དབུས་ལྟེ་བའི་རྩ་མདུད་ལས་རྩ་བཞི་རེ་ཐག་བརྒྱངས་པ་ལྟར་ཆགས་པའི་དབུས་ཀྱི་སྒྲོན་མའི་སྤྱན་དང་འབྱུང་བའི་སྤྱན་གྱི་མིག་ཆུང་གཉིས་པོ་དེ་སྔར་བས་རབ་ཏུ་གསལ་བར་བྱས་སོ། །མིག་ཆུང་གི་ནང་དུ་ཡེ་ཤེས་ཀྱི་ངོ་བོ་ཤིན་ཏུ་ཕྲ་ཞིང་བརྟག་པར་དཀའ་བ་ཞིག་ཀྱང་གནས་» «སོ། །

[edit]
OCR of the BDRC scans (I1CZ5003), gorn05 tibocr 2026: BDRC OCR on 239 pages, Mitra OCR on 125 pages (the model with more recognisable syllables on each page).

[p. 196] སྒོ་གསུམ་སྐུ་གསུང་ཐུགས་སུ་གྲོལ་བའི་རང་བཞིན་ནི་སྐྱེ་རྒ་ན་འཆིའི་སྣང་བ་ཆོས་དབྱིངས་ཡེ་ཤེས་རོལ་པར་ཤར་ཞིང་། བྱ་བྱེད་དང་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་ལྟ་སྒོམ་རང་ཤར་ཆེན་པོར་སྣང་བའི་རྣམ་དག་བཤད་པ་ནི། ཐལ་འགྱུར་ལས།

[p. 197] གཞན་ཡང་རབ་ཏུ་བཤད་བྱ་བ། །སྣང་བ་འཁྲུལ་པའི་རང་བཞིན་ནི། །ཡེ་ཤེས་ཡིན་པར་སྔར་མ་མཐོང་། །རྟོག་བཅས་འཁྲུལ་པའི་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་པའི་རང་རྟོག་རྒྱུན་ཆད་དོ། །དེ་ལྟར་འཁྲུལ་མེད་སྣང་བ་ནི། །ཡེ་ནས་གྲོལ་བའི་གནད་ལས་བྱུང་། །འགྲོ་བའི་ཕུང་པོ་སངས་རྒྱས་སྐུ། །ཡེ་ནས་ཡིན་པར་སུས་མ་རིག །ཕུང་པོ་སངས་རྒྱས་མངའ་བདག་ཏུ། །རྩ་གནས་ཡི་གེར་གྲུབ་ལས་བྱུང་། །ཆུ་བུར་མིག་ལས་ཡེ་ཤེས་ནི། །རང་སྣང་ཡིན་པར་སུས་མ་མཐོང་། །དེ་ལས་འཁྲུལ་པའི་སྣང་བ་ནི། །སྒྲོན་མའི་གནད་ལས་བྱུང་བའོ། །གཞན་ཡང་ལུས་ཀྱི་སྤྱོད་ལམ་ཉིད། །སྐུ་གསུམ་དག་ཏུ་གྲོལ་བའི་ཕྱིར། །བྱ་བྱེད་ཐམས་ཅད་ཆོས་ཉིད་དོ། །ངག་ཏུ་ཇི་ལྟར་སྨྲས་པ་ཀུན། །གསང་སྔགས་གསང་བའི་བཟླས་པ་སྟེ། །ཡིག་འབྲུ་རྣམ་སྤྲུལ་གནད་ལས་བྱུང་། །འགྲོ་པའི་སེམས་ཀྱི་རྟོག་ཚོགས་ཀུན། །བསམ་གཏན་ཡིན་པ་ཅིས་མ་ཤེས། །རང་སེམས་རྟོགས་ལས་གྲོལ་བས་ན། །དེ་ནི་འབྱུང་བའི་གནད་ལས་བྱུང་། དེ་ལྟར་ཐམས་ཅད་ཆོས་ཉིད་པས། །བླང་བར་བྱ་བ་གང་མེད་ཅིང་། །གཞག་པར་བྱ་བ་ཅུང་ཟད་མེད། །གང་དུ་མེད་པའི་ཆོས་ཉིད་དོ། །བྱ་བྱེད་བརྗོད་དང་བསམ་པ་ལས། །འཁོར་འདས་གྲོལ་བའི་གནད་རྟོགས་ཏེ། །སངས་མ་རྒྱས་པ་གཅིག་ཀྱང་མེད། །ཁམས་གསུམ་འཁོར་བ་དོང་སྤྲུག་གོ། །གཞན་ཡང་ཁམས་གསུམ་སེམས་ཅན་ཀུན། །ལུས་ངག་ཡིད་ལས་མ་འདས་པས། །སྐུ་གསུམ་གཞན་དུ་བཙལ་མི་དགོས། །བཙལ་ཀྱང་རྙེད་པའི་གནས་མེད་དོ། །མ་བྱུང་བྱུང་བ་མེད་པ་ལ། །བལྟས་པས་མཐོང་བ་ངོ་མཚར་ཆེ། །ངོ་མཚར་ཆེན་པོའི་རོལ་པ་ནི། །སངས་རྒྱས་སེམས་ཅན་འབྱེད་པ་མེད། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །རང་བྱུང་རང་ལ་རྫོགས་པས་ཞི། །ཆོས་ཉིད་མངོན་སུམ་ཁྱད་པར་གྱིས། །དབང་པོ་

[p. 198] རྣོ་དང་རྟུལ་མེད་པས། །སེམས་ཅན་ཐམས་ཅད་སངས་རྒྱས་ལས། །གཞན་དུ་གནས་པ་མ་ཡིན་ནོ། །ལུས་ཅན་སེམས་ཀྱིས་ཁྱབ་པའི་ཕྱིར། །སངས་རྒྱས་མ་ཡིན་སེམས་ཅན་མེད། །ས་བོན་ལས་ནི་འབྲས་བུ་བཞིན། །རང་གི་རང་བཞིན་གཤིས་ཀྱི་གནད། །བརྗོད་པའི་ཚིག་གིས་མ་ཡིན་པར། །དབང་པོའི་ཡུལ་ལ་གསལ་སྣང་བས། །ཅེར་མཐོང་གྲོལ་བའི་བདག་ཉིད་དོ། །གཞན་ཡང་རྐྱེན་གྱིས་སེམས་ཅན་རྣམས། །སངས་མ་རྒྱས་པ་གཅིག་ཀྱང་མེད། །རང་སྣང་ཡེ་ཤེས་ཆོས་མཐུན་ཕྱིར། །འཁོར་བ་ཡེ་ནས་ཡོད་མ་ཡིན། །དེ་ཕྱིར་རང་རང་སངས་རྒྱས་སོ། །སྐྱེ་བ་ཉིད་ནི་རྟོགས་པ་ལས། །མངལ་དུ་གནས་པ་ཆོས་ཀྱི་དབྱིངས། །ལུས་སེམས་འདུས་པས་དབྱིངས་རིག་འབྲེལ། །ལུས་སུ་གནས་པས་སྐུ་གསུམ་སྟེ། །རྒས་པས་ཆོས་ཟད་འཁྲུལ་སྣང་འགག །ན་བས་ཆོས་ཉིད་ཉམས་སུ་མྱོང་། །ཤི་བས་སྟོང་པ་ངོས་གཟུང་མེད། །དེས་ན་སེམས་ཅན་སངས་རྒྱས་སོ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། ཇི་ལྟར་སྨྲ་དང་བྱ་བྱེད་རྣམས། །སྟོང་རིག་གསལ་བའི་སྤྱོད་པ་ཡིན། །བཟང་དང་འཇམ་པའི་རྟོག་པ་རྣམས། །སྒོམ་པ་ཆུ་བོའི་ཀློང་ཆེན་ཡིན། །ལོག་ལྟ་ཡང་དག་འདོད་པ་རྣམས། །རྣལ་འབྱོར་རིས་མེད་ལྟ་བ་ཡིན། །རེ་དང་དོགས་པར་འཛིན་པ་ཀུན། །ཟད་མ་ཐལ་བྱུང་འབྲས་བུ་ཡིན། །ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །བཟའ་དང་བཏུང་བ་བསྙེན་པ་ལ། །ཉལ་དང་འདུག་པ་སྒྲུབ་པའོ། །འདུ་བྱེད་རྣམས་ནི་ལྷག་གནས་ཡིན། །ཀླད་དང་ལུད་པ་དཀྱིལ་འཁོར་སྒྲུབ། །སྟོང་གསུམ་ཐམས་ཅད་དཀྱིལ་འཁོར་ལ། །ཆར་དང་ཁུ་རླངས་ཆག་ཆག་བཏབ། །འགྲོ་བའི་ལམ་དམིགས་ཐེག་ཆེན་ཏེ། །རྐང་པའི་རྗེས་ནི་རྡུལ་ཚོན་རིས། །འགྲོ་བར་འདོད་པ་སྟང་སྟབས་ཉིད། །ཡན་ལག་བསྐྱོད་པ་ཕྱག་རྒྱའོ། །ཇི་ལྟར་སྨྲས་པ་སྔགས་ཀྱི་ཚིག །བསམ་པ་རྣམས་ནི་བསྐྱེད་རིམ་ཡིན། །ཡིད་ལ་འགྱུ་བ་མཆོད་པ་ཉིད། །

[p. 199] གཟུགས་སུ་སྣང་བ་ལྷ་ཡི་སྐུ། །སྒྲ་ཆེན་བརྗོད་པ་རོལ་མོ་ཉིད། །རང་གི་ལུས་ནི་བུམ་པ་ལ། །སྐྲ་ནི་ལོ་འདབ་ཁ་རྒྱན་མཛེས། །ཁྲག་དང་ཆུ་སེར་ཆུ་རྣམས་ཉིད། །དོན་སྙིང་ལ་སོགས་རྫས་ཀྱིས་གཏམས། །རང་ལ་སྣང་བའི་དབང་ རྣམས་བྱིན། །མ་བསྐུར་ཉིད་ལ་རྫོགས་པའོ། །འདའ་བར་འདོད་པ་དམ་ཚིག་ལ། །བསྲུང་བར་འདོད་པ་བཅིངས་པ་ཡིན། །གྲོལ་བར་འདོད་པ་ཉམས་པ་སྟེ། །མེད་པར་འདོད་པ་ཐུབ་མཆོག་ཡིན། །མཐོང་བ་རྣམས་ནི་ཕྱག་རྒྱའི་བརྡ། །དེ་ལ་ཆགས་པ་ ཉམས་མྱོང་ཡིན། །ཤེས་རིག་གསལ་བ་གདམས་ངག་ལ། །ལུས་སེམས་གཉིས་འདུས་གདབ་པའི་ཡུལ། །སྐྱེ་རྒ་ན་འཆི་གོམས་པའི་གནད། །ཚོགས་དྲུག་མ་འགགས་རྟོགས་པའོ། །ཞེས་གསུངས་སོ། །སྤྱི་དོན་གཉིས་པ་ལུས་གྲུབ་ཚུལ་ བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། རྟེན་ལུས་ཀྱི་གྲུབ་ཚུལ་དངོས། བརྟེན་པ་རྩ་ཐིག་རླུང་གསུམ་གྱི་རང་བཞིན། ཁྱབ་བྱེད་འབྱུང་བའི་ཚང་ཚུལ་ལོ། །དང་པོ་ནི། སྒྲོན་མ་སྣང་བྱེད་ལས། དེ་ནས་རིམ་གྱིས་སྣོད་བཅུད་ཀྱི། །སྣང་བ་དུ་མས་གཟུགས་ བསྡུས་པ། །འདི་ཉིད་མི་ཤེས་བྱིས་པ་རྣམས། །ཟོ་ཆུ་བཞིན་ཏེ་བརྒྱུད་མར་གནས། །སོ་སོའི་ལུས་དང་ཚད་ལེན་པའོ། །ཞེས་པ་དང་། ཇི་ལྟར་ལེན་ན། ཉི་ཟླ་ཁ་སྦྱོར་ལས། དེ་ནས་མངལ་གྱི་སྒོར་ཚུད་ནས། །ཕ་དང་མ་ཡི་རྒྱུ་རྐྱེན་ལས། །མེར་མེར་ པོ་དང་ནུར་ནུར་པོ། །ལྟར་ལྟར་པོ་དང་གོར་གོར་པོ། །མཁྲང་འགྱུར་ཉིད་དང་ཉ་ལྟ་བུ། །རུས་སྦལ་བཞིན་དང་སྦལ་པ་བཞིན། །དེ་བཞིན་ཞག་ནི་བདུན་ཕྲག་བདུན། །ལྟེ་བ་ལས་ནི་ལུས་རྣམས་བསྐྱེད། །ཟླ་དགུ་དེ་བཞིན་ངོ་བཅུ་ན། །ལུས་རྫོགས་ མ་ཡི་མངལ་ནས་འཐོན། །ཞེས་པས་བར་མ་དོའི་སེམས་ཅན་ལུས་འཚོལ་བ་དཔག་ཏུ་མེད་པ་ཕ་མ་སྦྱོར་བ་བྱེད་པའི་མངལ་སྒོར་དབྱར་གྱི་ཤ་རུལ་ལ་སྦྲང་མ་སྤུངས་པ་ལྟར་འདུ་བ་ལས། ཆེ་ཚད་མ་རྫོགས་པ་ཞག་བདུན་ཚན་ལ་སླེབས་པ་རྣམས་ཕལ་ཆེར་

[p. 200] འཆི་ལ། ཚེ་ཚད་རྫོགས་ཤིང་ལས་མཐུན་པ་ཞིག་བཤད་ལམ་ནས་མངལ་དུ་ཞུགས་ཏེ་ལུས་ལེན་པའི་རླུང་དང་སེམས་གཉིས། ཕ་ལས་བྱུང་བའི་རྒྱུ་དངས་མ་དཀར་པོ། མ་ལས་བྱུང་བའི་རྐྱེན་དངས་མ་དམར་པོ་སྟེ་བཞི་པོ་དེ་ཁྲག་དང་འོ་མ་འདྲེས་ པ་ལྟར་ཀྲུག་གིས་འདྲེས་ཏེ་ལུས་སུ་གྲུབ་དུས་རྒྱུ་རྐྱེན་གཉིས་པོ་དེས་ཀུན་རྫོབ་ཀྱི་འབྱུང་བ་བཞིའི་ལས་བྱེད་པས་འཕེལ་སོག་གི་ཆ་དང་། རླུང་སེམས་གཉིས་པོ་དེས་དོན་དམ་གྱི་འབྱུང་བ་བཞིའི་ལས་བྱེད་པས་ལུས་འཛིན་པ་དང་འབྱེད་སྡུད་ཀྱི་སྨིན་ སོར་བྱེད་པས་ལུས་བསྐྱེད་དོ། །དེ་ཡང་ཞག་བདུན་ཚན་དུ་ངེས་པ་ནི། འབྱུང་བ་སོ་སོ་ལ་ཞག་རེ། གཉིས་གཉིས་འདུས་པ་ལ་ཞག་གཉིས། གཅིག་འདུས་པ་ལ་ཞག་གཅིག་སྟེ་བདུན་ནོ། །འདི་ལ་འབྱུང་བཞིས་བསྐྱེད་ཚུལ་གྱི་རིམ་པ་ སྤྱིར་བསྟན་པ་དང་། ཞག་གི་འབྱུང་བའི་ཆ་དབྱེ་བ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། འབྱུང་བཞིའི་བྱེད་ལས་བཞི་ལས་ཞག་དང་པོ་ལ་ཆུའི་དྲུག་པས་བསྡུས། དེ་ནས་བྱེར་བས་སོ་སོར་བྱེ། སྙོམས་པར་གཅིག་ཏུ་བསྲེས་པ་ལས་ ཆུའི་རྩ་རབ་ཏུ་ཕྲ་བ་རྟ་རྔ་བརྒྱར་གཤགས་པ་ཙམ་ཞིག་མའི་གཡས་སུ་ཐང་ཆོད་དུ་བརྒྱངས་ནས་ཆགས་སོ། །དེའི་དུས་སུ་མའི་ལུས་ཀྱང་རབ་ཏུ་གྲང་ངོ། །དེ་ནས་ཞག་གཉིས་པ་ལ་སའི་བྱེད་པའི་ལས་གསུམ་བྱས་པས་སའི་རྩ་དེ་ཙམ་ཞིག་གཡོན་དུ་ ཐང་ཆོད་དུ་ཆགས་པས་མ་ཡང་མགོ་འཁོར་ཞིང་ཤེས་པ་ལྕིའོ། །དེ་ནས་གསུམ་པ་ལ་མེའི་བྱེད་པའི་ལས་གསུམ་གྱིས་གོང་ལྟར་བྱས་པས་རྒྱབ་ཏུ་རྩ་དེ་ཙམ་ཆགས་པས་མ་ལ་རྡུལ་འབྱུང་ཞིང་ལུས་ཆའོ། །དེ་ནས་བཞི་པ་ལ་རླུང་གི་ལས་གསུམ་གྱིས་དང་ པོས་བསྡུས་པར་དུ་གཏོར། མཐར་བསྲེས་པས་མའི་མདུན་དུ་རླུང་གི་རྩ་རྟ་རྔ་བརྒྱའི་ཆ་ཙམ་ཆགས་ཏེ་འདིའི་དུས་སུ་མའི་ཤེས་པ་ཡང་ཤིན་ཏུ་གསལ་ལོ། །འདིའི་སྐབས་སུ་འབྱུང་བཞི་སོ་སོའི་ཆ་ཆེ་ཆུང་གིས་མའི་ལུས་ཀྱང་སེ་སོར་འབྱུང་བའི་སྨིན་སོ་

[p. 201] ༄༅། །ལས་ཀྱིས་གོང་གོར་པོའི་གཞིར་སྨིན་པ་སྟེ་འབྱུང་བ་བཞི་ཆར་གྱི་ལས་འཁྲུགས་པས་བཤིག་ནས་རྩ་དགུ་པའི་ནུབ་མོ་ཆུས་བསྡུས། སས་བརྟན། མེས་སྨིན། རླུང་གིས་འཕེལ་བའི་ལས་བྱས་པ་ལས་འཁོར་ལོ་བཞི་ལ་དབང་པོ་ ལྔའི་རྟེན་གྱི་རྩ་ཆགས་ཏེ། སྐྱེད་བྱེད་དང་པོའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་འབྱུང་བའི་སྤྱན་དང་སྒྲོན་མའི་སྤྱན་གཉིས་དང་བཅས་པ་བསྐྱེད། དེ་ནས་ཞག་གཅིག་ཏུ་གོང་ལྟར་བྱས་པས་དྲན་པ་འདུས་པའི་འཁོར་ལོ་རྩ་བ་བརྒྱད་ལས་རྒྱས་པའི་རྩ་འདབ་ སུམ་ཅུ་རྩ་གཉིས་སྤྱན་གཉིས་དང་བཅས་པ་བསྐྱེད། དེ་ནས་ཞག་གཉིས་སུ་གོང་ལྟར་བྱས་པས་རོ་རྣམས་འདུས་པར་རྩ་འདབ་བཅུ་དྲུག་སྤྱན་གཉིས་དང་བཅས་པ་བསྐྱེད། དེ་ནས་གོང་ལྟར་ཞག་གཉིས་བྱས་པས་རྩེ་མོ་རྣམ་བཀོད་དུ་རྩ་འདབ་སུམ་བརྒྱ་དང་ དྲུག་ཅུ་སྤྱན་གཉིས་དང་བཅས་པ་སྨིན་པར་བྱས་སོ། །དེ་ནས་འབྱུང་བའི་ལས་ཞག་གཅིག་ཏུ་བྱས་པས་མཁྲང་འགྱུར་ཞེས་བྱ་སྟེ། དེ་དག་རབ་ཏུ་སྲ་བ་གཅིག་ཏུ་གྱུར་ནས་འཁོར་ལོ་བཞིའི་དབུས་སུ་རོ་རྐྱང་དང་ཀུན་འདར་མ་གསུམ་ཀ་བའི་ཚུལ་དུ་རབ་ཏུ་ གསལ་བར་འགྱུར་རོ། །དེ་ནས་ཡང་མཁྲང་འགྱུར་ཡང་ཆུའི་བརླན་གྱིས་བཤིག །སས་གཅིག་ཏུ་བསྡུས། རླུང་གིས་སོ་སོར་ཕྱེ་ཞིང་གཏོར། མེས་སྨིན་པར་བྱས་པ་ལས་ཞག་བཞི་ནས་དབང་པོ་རྣམས་བསྐྱེད། དེ་ནས་ཞག་གཅིག་ཏུ་མེས་བསྲེགས་ཏེ་ སྟོངས་པར་བྱས། རླུང་གིས་སོ་སོར་ཕྱེ། སས་གཅིག་ཏུ་མནན་པར་བྱས། ཆུས་འཕེལ་བའི་ལས་བྱས་པས་ལུས་སྤྱི་བསྐྱེད། དེ་ནས་ཞག་གཅིག་ཏུ་འབྱུང་བ་རྣམས་གཅིག་ཏུ་གྱུར་པས་ཁྱབ་འཇུག་ཉི་ལྟ་བུ་མའི་ཕྱག་གང་པ་ཞིག་ཏུ་བྱས་སོ། །དེ་ནས་ཡང་ འབྱུང་བའི་ལས་ཐ་དད་པས་ཞག་གཉིས་སུ་ཆུས་གོང་མ་དེ་བཤིག་ནས་ཡང་བསྡུས་པས་གཟུགས་སུ་གྲུབ་པར་བྱས། ཞག་གཅིག་ཏུ་སས་བཟུང་བས་དབང་པོ་དང་དོན་སྣོད་རྣམས་ཐ་དད་དུ་བྱས། དེ་ནས་ཞག་གཅིག་ཏུ་མེས་སྨིན་པར་བྱས་པས་དབང་པོ་

[p. 202] རྣམས་ཀྱི་སྒོ་གསལ་བར་དོད། དེ་ནས་རླུང་གིས་ཞག་གཅིག་ཏུ་ཕྱེ་བས་མིག་ལ་སོགས་པ་སོ་སོར་མ་འདྲེས་པར་བྱས་སོ། །དེ་ནས་འབྱུང་བའི་ལས་དངོས་སུ་མེད་ཤུགས་ལས་བྱས་པས་ལུས་བསྐྱེད་པ་ནི། ཆུས་བརླན་པའི་ལས་བྱས་པས་ཆེར་འཕེལ་ བ་ལ་ཞག་གཅིག །སས་སྲ་ཞིང་བརྟན་པས་གཟུགས་སུ་གྲུབ་པར་བྱས་པ་ལ་གཅིག་སྟེ་ཞག་དྲུག །དེ་ནས་ཞག་གཅིག་ཏུ་མེ་དང་རླུང་གིས་ཕྱེ་ཞིང་སྨིན་པས་དབྱིབས་དེ་རུས་སྦལ་བཞིན་དུ་དབང་པོ་དང་ལུས་ཀྱི་རྣམ་སྤྱི་གསལ་བ་ལ་ཡན་ལག་མེད་པ་མ་དེའི་ མཁྱིད་གང་པར་བྱས་སོ། །དེ་ནས་ཞག་གཅིག་ཏུ་མེས་ཚ་ཞིང་སྲེག་པའི་ལས་བྱས་པས་ཡན་ལག་བསྐྱེད། དེ་ནས་ཞག་གཉིས་སུ་རླུང་གིས་ཡང་ཞིང་བསྐྱོད་པའི་ལས་བྱས་པས་རླུང་ཨ་ཝ་དྷཱུ་ཏཱིར་ཚུད། འདིའི་དུས་སུ་འབྱུང་བ་ལྔའི་ཆོས་སུ་སྨིན་ནོ། །དེ་ནས་ཡང་ ཞག་གཉིས་སུ་ཆུས་གྲང་བའི་ལས་བྱས་པས་ནད་འདུ་བ་བཞིར་སྨིན་པའི་རྒྱུ་བྱས། དེ་ནས་ཞག་གཉིས་སུ་སས་ལྕི་ཞིང་འཐས་པའི་ལས་བྱས་པས་ཤ་ཁྲག་དངོས་སུ་གྲུབ་ནས་ཁྱབ་འཇུག་སྦལ་པ་བཞིན་དུ་ཡན་ལག་རྫོགས་པ་མ་དེའི་མཐོ་གང་དུ་བྱས་སོ། །འདི་མན་ ཆད་དུ་འབྱུང་བ་ཚོགས་པའི་ལས་བྱེད་པས་མ་ནིང་གི་འབྱུང་ལས་ཞེས་བྱ་སྟེ་གཅིག་ཁོ་ནར་མ་ཆད་པའི་ཕྱིར་ན་འབྱུང་བ་གཉིས་གཉིས་ཀྱི་བྱེད་པའི་ལས་གཙོ་བའོ། །དེ་ནས་མེས་ཚ་བར་བྱས་པས་དབང་པོ་གསལ་བ་དང་མི་གསལ་བར་བྱས། རླུང་གིས་ཕྱེ་བས་ཡན་ལག་ དང་དབང་པོ་ལ་སོགས་སོ་སོ་ན་གསལ་ཞིང་དོད་པར་བྱས། ཆུས་གཤེར་བ་ལས་གོང་དུ་འཕེལ་བར་བྱས། སས་བརྟན་པ་ལས་རྫོགས་ཤིང་བསྐྱེད་པ་དང་འཕེལ་བའི་གཞི་འཛིན་པར་བྱས་ཏེ་ཞག་བཞི་བཅུ་རྩ་དགུའི་བར་དུ་མའི་མངལ་དུ་ལུས་ཆགས་ཤིང་རྣམ་པ་རྫོགས་ པར་བྱས་ནས། དེ་ཕན་ཆད་ལུས་བསྐྱེད་པའི་ལས་ཏེ་མས་ཟས་སྐོམ་འཐུངས་ཟོས་བྱས་པའི་དངས་མ་བུའི་ལྟེ་བ་ན་མར་སོང་བས་རྒྱུ་བྱས་ཏེ་བུའི་ལུས་ཀྱི་པགས་པ་དང་སྐྲ་དང་བ་སྤུ་རྣམས་ཆགས་ཏེ། ཟླ་བ་གཅིག་དང་ཞག་ཉེར་དྲུག་ན་ཨ་ཝ་དྷཱུ་ཏཱིའི་རླུང་དང་ཉོན་མོངས་

[p. 203] ༄༅། །བྱེད་དོ། །ལྔ་པ་ལ་ཆུ་དང་ས་གཉིས་ཀྱིས་གཅིག་ཏུ་བསྡུས་ཤིང་བརྟན་པར་བྱས། དྲུག་པ་ལ་མེ་དང་རླུང་གིས་སྨིན་ཅིང་གསལ་བར་བྱས། བདུན་པ་ལམ་ནིང་གི་འབྱུང་བ་ནམ་མཁའི་ལས་ཀྱིས་གོ་ཕྱེ་བས་གོང་གི་བཞི་པོ་དེ་གཅིག་ ཏུ་བྱས་པ་ལས་རྩ་ཕྲ་མོ་བཞི་པོ་དེའི་ནང་དུ་རྩ་གནས་ཀྱི་ཡི་གེ་ཁཾ་སུཾ་རཾ་ཡཾ་བཞི་གསལ་བར་ཆགས་སོ། །དེ་ལྟར་འབྱུང་བཞི་སོ་སོའི་བྱེད་ལས་ཀྱིས་རླུང་སེམས་གཉིས་རྒྱུ་རྐྱེན་གཉིས་ཏེ་མེར་མེར་པོའི་རྣམ་པ་ཡུངས་འབྲུ་ཉིས་འགྱུར་ཙམ་དུ་གནས་པའི་ ཐིག་ལེ་ཟླུམ་པོའི་ནང་དུ་ཐིག་ལེ་མིག་ཆུང་ཤིན་ཏུ་ཕྲ་བ་གཅིག་ཆགས་སོ། །དེ་དག་ནི་འབྱུང་བ་རང་ངོའི་བྱེད་ལས་ཏེ་འདི་དུས་སུ་མེར་མེར་པོ་དེ་ཆུའི་བརླན་གྱིས་བཤིག། སའི་ལྗིད་ཀྱིས་མནན། མེའི་དྲོད་ཀྱིས་བསྲེགས། རླུང་གི་ཤུགས་ཀྱིས་གཏོར་ བས་ནམ་མཁའ་ལ་སྤྲིན་ཆད་པའི་རྣམ་པ་ལྟར་དུམ་བུར་ལོང་གིས་སོང་ངོ། །དེ་ནས་ཡང་ལས་དང་བག་ཆགས་ཀྱི་དབང་གིས་ནུབ་བརྒྱད་པ་ལ་ཆུས་གཅིག་ཏུ་བསྡུས་ཏེ་ནུར་ནུར་པོའི་རྟེན་སྲན་མ་བཅུ་ཆ་ཙམ་ལས་ཤར་གྱི་རྩ་བསྐྱེད། དགུ་པ་ལ་སས་ གཅིག་ཏུ་བསྲེས་ཏེ་སྲན་མ་དགུ་ཆ་ཙམ་ལས་ལྷོའི་རྩ་བསྐྱེད། བཅུ་པ་ལ་མེས་སྨིན་པར་བྱས་ཏེ་སྲན་མ་བདུན་ཆ་ཙམ་ལས་ནུབ་ཀྱི་རྩ་བསྐྱེད། བཅུ་གཅིག་པ་ལ་རླུང་གིས་བསྐྱོད་པས་སྲན་མ་ལྔ་ཆའི་ནང་དུ་བྱང་གི་རྩ་བསྐྱེད། བཅུ་གཉིས་པ་ལ་ཆུ་དང་ སས་བསྡུས་ཤིང་བརྟན་པར་བྱས་ཏེ་སྲན་མའི་རྡོག་པོ་ཙམ་ལ་ནུར་ནུར་པོའི་མིག་ཆུང་གཉིས་དང་འབྱུང་བ་བཞིའི་རྩ་རེ་ཐག་བརྒྱངས་པ་ལྟ་བུ་བཞི་ཆགས། བཅུ་གསུམ་པ་ལ་མེ་དང་རླུང་གིས་སྨིན་པར་བྱས། བཅུ་བཞི་པ་ལ་ནམ་མཁས་གོ་ཕྱེ་བས་ལུས་ཀྱི་ དབུས་ལྟེ་བའི་རྩ་མདུད་ལས་རྩ་བཞི་རེ་ཐག་བརྒྱངས་པ་ལྟར་ཆགས་པའི་དབུས་ཀྱི་སྒྲོན་མའི་སྤྱན་དང་འབྱུང་བའི་སྤྱན་གྱི་མིག་ཆུང་གཉིས་པོ་དེ་སྔར་བས་རབ་ཏུ་གསལ་བར་བྱས་སོ། །མིག་ཆུང་གི་ནང་དུ་ཡེ་ཤེས་ཀྱི་ངོ་བོ་ཤིན་ཏུ་ཕྲ་ཞིང་བརྟག་པར་དཀའ་བ་ཞིག་ཀྱང་

[p. 204] གནས་སོ། །

[edit]
OCR of the BDRC scans (I2PD20603), gorn05 tibocr 2026: BDRC OCR on 248 pages, Mitra OCR on 119 pages (the model with more recognisable syllables on each page).

[p. 418] སྒོ་གསུམ་སྐུ་གསུང་ཐུགས་སུ་གྲོལ་བའི་རང་བཞིན་ནི་སྐྱེ་རྒ་ན་འཆིའི་སྣང་བ་ཆོས་དབྱིངས་ཡེ་ཤེས་རོལ་པར་ཤར་ཞིང་། བྱ་བྱེད་དང་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་ལྟ་སྒོམ་རང་ཤར་ཆེན་པོར་སྣང་བའི་རྣམ་དག་བཤད་པ་ནི། ཐལ་འགྱུར་ལས།

[p. 419] གཞན་ཡང་རབ་ཏུ་བཤད་བྱ་བ། །སྣང་བ་འཁྲུལ་པའི་རང་བཞིན་ནི། །ཡེ་ཤེས་ཡིན་པར་སྔར་མ་མཐོང་། །རྟོག་བཅས་འཁྲུལ་པའི་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་པའི་རང་རྟོག་རྒྱུན་ཆད་དོ། །དེ་ལྟར་འཁྲུལ་མེད་སྣང་བ་ནི། །ཡེ་ནས་གྲོལ་བའི་གནད་ལས་བྱུང་། །འགྲོ་བའི་ཕུང་པོ་སངས་རྒྱས་སྐུ། །ཡེ་ནས་ཡིན་པར་སུས་མ་རིག །ཕུང་པོ་སངས་རྒྱས་མངའ་བདག་ཏུ། །རྩ་གནས་ཡི་གེར་གྲུབ་ལས་བྱུང་། །ཆུ་བུར་མིག་ལས་ཡེ་ཤེས་ནི། །རང་སྣང་ཡིན་པར་སུས་མ་མཐོང་། །དེ་ལས་འཁྲུལ་པའི་སྣང་བ་ནི། །སྒྲོན་མའི་གནད་ལས་བྱུང་བའོ། །གཞན་ཡང་ལུས་ཀྱི་སྤྱོད་ལམ་ཉིད། །སྐུ་གསུམ་དག་ཏུ་གྲོལ་བའི་ཕྱིར། །བྱ་བྱེད་ཐམས་ཅད་ཆོས་ཉིད་དོ། །ངག་ཏུ་ཇི་ལྟར་སྨྲས་པ་ཀུན། །གསང་སྔགས་གསང་བའི་བཟླས་པ་སྟེ། །ཡིག་འབྲུ་རྣམ་སྤྲུལ་གནད་ལས་བྱུང་། །འགྲོ་པའི་སེམས་ཀྱི་རྟོག་ཚོགས་ཀུན། །བསམ་གཏན་ཡིན་པ་ཅིས་མ་ཤེས། །རང་སེམས་རྟོགས་ལས་གྲོལ་བས་ན། །དེ་ནི་འབྱུང་བའི་གནད་ལས་བྱུང་། དེ་ལྟར་ཐམས་ཅད་ཆོས་ཉིད་པས། །བླང་བར་བྱ་བ་གང་མེད་ཅིང་། །གཞག་པར་བྱ་བ་ཅུང་ཟད་མེད། །གང་དུ་མེད་པའི་ཆོས་ཉིད་དོ། །བྱ་བྱེད་བརྗོད་དང་བསམ་པ་ལས། །འཁོར་འདས་གྲོལ་བའི་གནད་རྟོགས་ཏེ། །སངས་མ་རྒྱས་པ་གཅིག་ཀྱང་མེད། །ཁམས་གསུམ་འཁོར་བ་དོང་སྤྲུག་གོ། །གཞན་ཡང་ཁམས་གསུམ་སེམས་ཅན་ཀུན། །ལུས་ངག་ཡིད་ལས་མ་འདས་པས། །སྐུ་གསུམ་གཞན་དུ་བཙལ་མི་དགོས། །བཙལ་ཀྱང་རྙེད་པའི་གནས་མེད་དོ། །མ་བྱུང་བྱུང་བ་མེད་པ་ལ། །བལྟས་པས་མཐོང་བ་ངོ་མཚར་ཆེ། །ངོ་མཚར་ཆེན་པོའི་རོལ་པ་ནི། །སངས་རྒྱས་སེམས་ཅན་འབྱེད་པ་མེད། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །རང་བྱུང་རང་ལ་རྫོགས་པས་ཞི། །ཆོས་ཉིད་མངོན་སུམ་ཁྱད་པར་གྱིས། །དབང་པོ་

[p. 420] རྣོ་དང་རྟུལ་མེད་པས། །སེམས་ཅན་ཐམས་ཅད་སངས་རྒྱས་ལས། །གཞན་དུ་གནས་པ་མ་ཡིན་ནོ། །ལུས་ཅན་སེམས་ཀྱིས་ཁྱབ་པའི་ཕྱིར། །སངས་རྒྱས་མ་ཡིན་སེམས་ཅན་མེད། །ས་བོན་ལས་ནི་འབྲས་བུ་བཞིན། །རང་གི་རང་བཞིན་གཤིས་ཀྱི་གནད། །བརྗོད་པའི་ཚིག་གིས་མ་ཡིན་པར། །དབང་པོའི་ཡུལ་ལ་གསལ་སྣང་བས། །ཅེར་མཐོང་གྲོལ་བའི་བདག་ཉིད་དོ། །གཞན་ཡང་རྐྱེན་གྱིས་སེམས་ཅན་རྣམས། །སངས་མ་རྒྱས་པ་གཅིག་ཀྱང་མེད། །རང་སྣང་ཡེ་ཤེས་ཆོས་མཐུན་ཕྱིར། །འཁོར་བ་ཡེ་ནས་ཡོད་མ་ཡིན། །དེ་ཕྱིར་རང་རང་སངས་རྒྱས་སོ། །སྐྱེ་བ་ཉིད་ནི་རྟོགས་པ་ལས། །མངལ་དུ་གནས་པ་ཆོས་ཀྱི་དབྱིངས། །ལུས་སེམས་འདུས་པས་དབྱིངས་རིག་འབྲེལ། །ལུས་སུ་གནས་པས་སྐུ་གསུམ་སྟེ། །རྒས་པས་ཆོས་ཟད་འཁྲུལ་སྣང་འགག །ན་བས་ཆོས་ཉིད་ཉམས་སུ་མྱོང་། །ཤི་བས་སྟོང་པ་ངོས་གཟུང་མེད། །དེས་ན་སེམས་ཅན་སངས་རྒྱས་སོ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། ཇི་ལྟར་སྨྲ་དང་བྱ་བྱེད་རྣམས། །སྟོང་རིག་གསལ་བའི་སྤྱོད་པ་ཡིན། །བཟང་དང་ངན་པའི་རྟོག་པ་རྣམས། །སྒོམ་པ་ཆུ་བོའི་ཀློང་ཆེན་ཡིན། །ལོག་ལྟ་ཡང་དག་འདོད་པ་རྣམས། །རྣལ་འབྱོར་རིས་མེད་ལྟ་བ་ཡིན། །རེ་དང་དོགས་པར་འཛིན་པ་ཀུན། །ཟང་མ་ཐལ་བྱུང་འབྲས་བུ་ཡིན། །ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །བཟའ་དང་བཏུང་བ་བསྙེན་པ་ལ། །ཉལ་དང་འདུག་པ་སྒྲུབ་པའོ། །འདུ་བྱེད་རྣམས་ནི་ལྷག་གནས་ཡིན། །ཀླད་དང་ལུད་པ་དཀྱིལ་འཁོར་སྒྲུབ། །སྟོང་གསུམ་ཐམས་ཅད་དཀྱིལ་འཁོར་ལ། །ཆར་དང་ཁུ་རླངས་ཆག་ཆག་བཏབ། །འགྲོ་བའི་ལམ་དམིགས་ཐེག་ཆེན་ཏེ། །རྐང་པའི་རྗེས་ནི་རྡུལ་ཚོན་རིས། །འགྲོ་བར་འདོད་པ་སྟང་སྟབས་ཉིད། །ཡན་ལག་བསྐྱོད་པ་ཕྱག་རྒྱའོ། །ཇི་ལྟར་སྨྲས་པ་སྔགས་ཀྱི་ཚིག །བསམ་པ་རྣམས་ནི་བསྐྱེད་རིམ་ཡིན། །ཡིད་ལ་འགྱུ་བ་མཆོད་པ་ཉིད། །

[p. 421] གཟུགས་སུ་སྣང་བ་ལྷ་ཡི་སྐུ། །སྒྲ་ཆེན་བརྗོད་པ་རོལ་མོ་ཉིད། །རང་གི་ལུས་ནི་བུམ་པ་ལ། །སྐྲ་ནི་ལོ་འདབ་ཁ་རྒྱན་མཛེས། །ཁྲག་དང་ཆུ་སེར་ཆུ་རྣམས་ཉིད། །དོན་སྙིང་ལ་སོགས་རྫས་ཀྱིས་གཏམས། །རང་ལ་སྣང་བའི་དབང་ རྣམས་བྱིན། །མ་བསྐུར་ཉིད་ལ་རྫོགས་པའོ། །འདའ་བར་འདོད་པ་དམ་ཚིག་ལ། །བསྲུང་བར་འདོད་པ་བཅིངས་པ་ཡིན། །གྲོལ་བར་འདོད་པ་ཉམས་པ་སྟེ། །མེད་པར་འདོད་པ་ཐུབ་མཆོག་ཡིན། །མཐོང་བ་རྣམས་ནི་ཕྱག་རྒྱའི་བརྡ། །དེ་ལ་ཆགས་པ་ ཉམས་མྱོང་ཡིན། །ཤེས་རིག་གསལ་བ་གདམས་ངག་ལ། །ལུས་སེམས་གཉིས་འདུས་གདབ་པའི་ཡུལ། །སྐྱེ་རྒ་ན་འཆི་གོམས་པའི་གནད། །ཚོགས་དྲུག་མ་འགགས་རྟོགས་པའོ། །ཞེས་གསུངས་སོ། །སྤྱི་དོན་གཉིས་པ་ལུས་གྲུབ་ཚུལ་ བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། རྟེན་ལུས་ཀྱི་གྲུབ་ཚུལ་དངོས། བརྟེན་པ་རྩ་ཐིག་རླུང་གསུམ་གྱི་རང་བཞིན། ཁྱབ་བྱེད་འབྱུང་བའི་ཚང་ཚུལ་ལོ། །དང་པོ་ནི། སྒྲོན་མ་སྣང་བྱེད་ལས། དེ་ནས་རིམ་གྱིས་སྣོད་བཅུད་ཀྱི། །སྣང་བ་དུ་མས་གཟུགས་ བསྡུས་པ། །འདི་ཉིད་མི་ཤེས་བྱིས་པ་རྣམས། །ཟོ་ཆུ་བཞིན་ཏེ་བརྒྱུད་མར་གནས། །སོ་སོའི་ལུས་དང་ཚད་ལེན་པའོ། །ཞེས་པ་དང་། ཇི་ལྟར་ལེན་ན། ཉི་ཟླ་ཁ་སྦྱོར་ལས། དེ་ནས་མངལ་གྱི་སྒོར་ཚུད་ནས། །ཕ་དང་མ་ཡི་རྒྱུ་རྐྱེན་ལས། །མེར་མེར་ པོ་དང་ནུར་ནུར་པོ། །ལྟར་ལྟར་པོ་དང་གོར་གོར་པོ། །མཁྲང་འགྱུར་ཉིད་དང་ཉ་ལྟ་བུ། །རུས་སྦལ་བཞིན་དང་སྦལ་པ་བཞིན། །དེ་བཞིན་ཞག་ནི་བདུན་ཕྲག་བདུན། །ལྟེ་བ་ལས་ནི་ལུས་རྣམས་བསྐྱེད། །ཟླ་དགུ་དེ་བཞིན་ངོ་བཅུ་ན། །ལུས་རྫོགས་ མ་ཡི་མངལ་ནས་འཐོན། །ཞེས་པས་བར་མ་དོའི་སེམས་ཅན་ལུས་འཚོལ་བ་དཔག་ཏུ་མེད་པ་ཕ་མ་སྦྱོར་བ་བྱེད་པའི་མངལ་སྒོར་དབྱར་གྱི་ཤ་རུལ་ལ་སྦྲང་མ་སྤུངས་པ་ལྟར་འདུ་བ་ལས། ཆེ་ཚད་མ་རྫོགས་པ་ཞག་བདུན་ཚན་ལ་སླེབས་པ་རྣམས་ཕལ་ཆེར་

[p. 422] འཆིལ། ཚེ་ཚད་རྫོགས་ཤིང་ལས་མཐུན་པ་ཞིག་བཤད་ལ་མ་ནས་མངལ་དུ་ཞུགས་ཏེ་ལུས་ལེན་པའི་རླུང་དང་སེམས་གཉིས། ཕ་ལས་བྱུང་བའི་རྒྱུ་དངས་མ་དཀར་པོ། མ་ལས་བྱུང་བའི་རྐྱེན་དངས་མ་དམར་པོ་སྟེ་བཞི་པོ་དེ་ཁྲག་དང་འོ་མ་འདྲེས་ པ་ལྟར་ཀླུག་གིས་འདྲེས་ཏེ་ལུས་སུ་གྲུབ་དུས་རྒྱུ་རྐྱེན་གཉིས་པོ་དེས་ཀུན་རྫོབ་ཀྱི་འབྱུང་བ་བཞིའི་ལས་བྱེད་པས་འཕེལ་སོག་གི་ཆ་དང་། རླུང་སེམས་གཉིས་པོ་དེས་དོན་དམ་གྱི་འབྱུང་བ་བཞིའི་ལས་བྱེད་པས་ལུས་འཛིན་པ་དང་འབྱེད་གྱུར་གྱི་སྨིན་ སོར་བྱེད་པས་ལུས་བསྐྱེད་དོ། །དེ་ཡང་ཞག་བདུན་ཚན་དུ་ངེས་པ་ནི། འབྱུང་བ་སོ་སོ་ལ་ཞག་རེ། གཉིས་གཉིས་འདུས་པ་ལ་ཞག་གཉིས། གཅིག་འདུས་པ་ལ་ཞག་གཅིག་སྟེ་བདུན་ནོ། །འདི་ལ་འབྱུང་བཞིས་བསྐྱེད་ཚུལ་གྱི་རིམ་པ་ སྤྱིར་བསྟན་པ་དང་། ཞག་གི་འབྱུང་བའི་ཆ་དབྱེ་བ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། འབྱུང་བཞིའི་བྱེད་ལས་བཞི་ལས་ཞག་དང་པོ་ལ་ཆུའི་ཟུག་པས་བསྡུས། དེ་ནས་ཕྱིར་བས་སོ་སོར་བྱེ། སྙོམས་པར་གཅིག་ཏུ་བསྲེས་པ་ལས་ ཆུའི་རྩ་རབ་ཏུ་ཕྲ་བ་རྟ་རྔ་བརྒྱར་གཤགས་པ་ཙམ་ཞིག་མའི་གཡས་སུ་ཐང་ཆོད་དུ་བརྒྱངས་ནས་ཆགས་སོ། །དེའི་དུས་སུ་མའི་ལུས་ཀྱང་རབ་ཏུ་གྲང་ངོ། །དེ་ནས་ཞག་གཉིས་པ་ལ་སའི་བྱེད་པའི་ལས་གསུམ་བྱས་པས་སའི་རྩ་དེ་ཙམ་ཞིག་གཡོན་དུ་ ཐང་ཆོད་དུ་ཆགས་པས་མ་ཡང་མགོ་འཁོར་ཞིང་ཤེས་པ་ལྕིའོ། །དེ་ནས་གསུམ་པ་ལ་མེའི་བྱེད་པའི་ལས་གསུམ་གྱིས་གོང་ལྟར་བྱས་པས་རྒྱབ་ཏུ་རྩ་དེ་ཙམ་ཆགས་པས་མ་ལ་རྡུལ་འབྱུང་ཞིང་ལུས་ཆའོ། །དེ་ནས་བཞི་པ་ལ་རླུང་གི་ལས་གསུམ་གྱིས་དང་ པོས་བསྡུས་པར་དུ་གཏོར། མཐར་བསྲེས་པས་མའི་མདུན་དུ་རླུང་གི་རྩ་རྟ་རྔ་བརྒྱ་རེ་ཆ་ཙམ་ཆགས་ཏེ་འདིའི་དུས་སུ་མའི་ཤེས་པ་ཡང་ཤིན་ཏུ་གསལ་ལོ། །འདིའི་སྐབས་སུ་འབྱུང་བཞི་སོ་སོའི་ཆ་ཆེ་ཆུང་གིས་མའི་ལུས་ཀྱང་སོ་སོར་འབྱུང་བའི་སྨིན་སོ་

[p. 423] ༄༅། །བྱེད་དོ། །ལྔ་པ་ལ་ཆུ་དང་ས་གཉིས་ཀྱིས་གཅིག་ཏུ་བསྡུས་ཤིང་བརྟན་པར་བྱས། དྲུག་པ་ལ་མེ་དང་རླུང་གིས་སྨིན་ཅིང་གསལ་བར་བྱས། བདུན་པ་ལ་མ་ནིང་གི་འབྱུང་བ་ནམ་མཁའི་ལས་ཀྱིས་གོ་ཕྱེ་བས་གོང་གི་བཞི་པོ་དེ་གཅིག་ ཏུ་བྱས་པ་ལས་རྩ་ཕྲ་མོ་བཞི་པོ་དེའི་ནང་དུ་རྩ་གནས་ཀྱི་ཡི་གེ་ཁཾ་སུཾ་རཾ་ཡཾ་བཞི་གསལ་བར་ཆགས་སོ། །དེ་ལྟར་འབྱུང་བཞི་སོ་སོའི་བྱེད་ལས་ཀྱིས་རླུང་སེམས་གཉིས་རྒྱུ་རྐྱེན་གཉིས་ཏེ་མེར་མེར་པོའི་རྣམ་པ་ཡུངས་འབྲུ་ཉིས་འགྱུར་ཙམ་དུ་གནས་པའི། ཐིག་ལེ་ཟླུམ་པོའི་ནང་དུ་ཐིག་ལེ་མིག་ཆུང་ཤིན་ཏུ་ཕྲ་བ་གཅིག་ཆགས་སོ། །དེ་དག་ནི་འབྱུང་བ་རང་ངོའི་བྱེད་ལས་ཏེ་འདི་དུས་སུ་མེར་མེར་པོ་དེ་ཆུའི་བརླན་གྱིས་བཤིག། སའི་ལྗིད་ཀྱིས་མནན། མེའི་དྲོད་ཀྱིས་བསྲེགས། རླུང་གི་ཤུགས་ཀྱིས་གཏོར་ བས་ནམ་མཁའ་ལ་སྤྲིན་ཆད་པའི་རྣམ་པ་ལྟར་དུམ་བུར་ལོང་གིས་སོང་ངོ། །དེ་ནས་ཡང་ལས་དང་བག་ཆགས་ཀྱི་དབང་གིས་ནུབ་བརྒྱད་པ་ལ་ཆུས་གཅིག་ཏུ་བསྡུས་ཏེ་ནུར་ནུར་པོའི་རྟེན་སྲན་མ་བཅུ་ཆ་ཙམ་ལས་ཤར་གྱི་རྩ་བསྐྱེད། དགུ་པ་ལ་སངས་ གཅིག་ཏུ་བསྲེས་ཏེ་སྲན་མ་དགུ་ཆ་ཙམ་ལས་ལྷོའི་རྩ་བསྐྱེད། བཅུ་པ་ལ་མེས་སྨིན་པར་བྱས་ཏེ་སྲན་མ་བདུན་ཆ་ཙམ་ལས་ནུབ་ཀྱི་རྩ་བསྐྱེད། བཅུ་གཅིག་པ་ལ་རླུང་གིས་བསྐྱོད་པས་སྲན་མ་ལྔ་ཆའི་ནང་དུ་བྱང་གི་རྩ་བསྐྱེད། བཅུ་གཉིས་པ་ལ་ཆུ་དང་ སས་བསྡུས་ཤིང་བརྟན་པར་བྱས་ཏེ་སྲན་མའི་རྡོག་པོ་ཙམ་ལ་ནུར་ནུར་པོའི་མིག་ཆུང་གཉིས་དང་འབྱུང་བ་བཞིའི་རྩ་རེ་ཐག་བརྒྱངས་པ་ལྟ་བུ་བཞི་ཆགས། བཅུ་གསུམ་པ་ལ་མེ་དང་རླུང་གིས་སྨིན་པར་བྱས། བཅུ་བཞི་པ་ལ་ནམ་མཁས་གོ་ཕྱེ་བས་ལུས་ཀྱི་ དབུས་ལྟེ་བའི་རྩ་མདུད་ལས་རྩ་བཞི་རེ་ཐག་བརྒྱངས་པ་ལྟར་ཆགས་པའི་དབུས་ཀྱི་སྒྲོན་མའི་སྤྱན་དང་འབྱུང་བའི་སྤྱན་གྱི་མིག་ཆུང་གཉིས་པོ་དེ་སྔར་བས་རབ་ཏུ་གསལ་བར་བྱས་སོ། །མིག་ཆུང་གི་ནང་དུ་ཡེ་ཤེས་ཀྱི་ངོ་བོ་ཤིན་ཏུ་ཕྲ་ཞིང་བརྟག་པར་དཀའ་བ་ཞིག་ཀྱང་

[p. 424] གནས་སོ། །

[edit]
OCR of the BDRC scans (I3CN4959), gorn05 tibocr 2026: BDRC OCR on 159 pages, Mitra OCR on 256 pages (the model with more recognisable syllables on each page).

[p. 77] གསུང་ཐུགས་སུ་གྲོལ་བའི་རང་བཞིན་ནི་སྐྱེ་རྒ་ན་འཆིའི་སྣང་བ་ཆོས་དབྱིངས་ཡེ་ ཤེས་རོལ་པར་ཤར་ཞིང་། བྱ་བྱེད་དང་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་ལྟ་སྒོམ་རང་ ཤར་ཆེན་པོར་སྣང་བའི་རྣམ་དག་བཤད་པ་ནི། ཐལ་འགྱུར་ལས། གཞན་ཡང་རབ་ ཏུ་བཤད་བྱ་བ། །སྣང་བ་འཁྲུལ་པའི་རང་བཞིན་ནི། །ཡེ་ཤེས་ཡིན་པར་སྔར་མ་ མཐོང་། །རྟོག་བཅས་འཁྲུལ་པའི་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་ རྟོགས། །འཁྲུལ་པའི་རང་རྟོག་རྒྱུན་ཆད་དོ། །དེ་ལྟར་འཁྲུལ་མེད་སྣང་བ་ནི། །ཡེ་

[p. 78] རྡོ་རྗེའི་གནས་གཉིས་པ་སྲིད་པར་འཁྲུལ་ཚུལ་གྱི་རིམ་པ་རྒྱ་ཆེར་བཤད་པ། ནས་གྲོལ་བའི་གནད་ལས་བྱུང་། །འགྲོ་བའི་ཕུང་པོ་སངས་རྒྱས་སྐུ། །ཡེ་ནས་ཡིན་ པར་སུས་མ་རིག །ཕུང་པོ་སངས་རྒྱས་མངའ་བདག་ཏུ། །རྩ་གནས་ཡི་གེར་གྲུབ་ ལས་བྱུང་། །ཆུ་བུར་མིག་ལས་ཡེ་ཤེས་ནི། །རང་སྣང་ཡིན་པར་སུས་མ་མཐོང་། ། དེ་ལས་འཁྲུལ་པའི་སྣང་བ་ནི། །སྒྲོན་མའི་གནད་ལས་བྱུང་བའོ། །གཞན་ཡང་ ལུས་ཀྱི་སྤྱོད་ལམ་ཉིད། །སྐུ་གསུམ་དག་ཏུ་གྲོལ་བའི་ཕྱིར། །བྱ་བྱེད་ཐམས་ཅད་ ཆོས་ཉིད་དོ། །ངག་ཏུ་ཇི་ལྟར་སྨྲས་པ་ཀུན། །གསང་སྔགས་གསང་བའི་བཟླས་པ་ སྟེ༑ ༑ཡིག་འབྲུ་རྣམ་སྤྲུལ་གནད་ལས་བྱུང་། །འགྲོ་པའི་སེམས་ཀྱི་རྟོག་ཚོགས་ཀུན། ། བསམ་གཏན་ཡིན་པ་ཅིས་མ་ཤེས། །རང་སེམས་རྟོགས་ལས་གྲོལ་བས་ན། །དེ་ནི་ འབྱུང་བའི་གནད་ལས་བྱུང་། །དེ་ལྟར་ཐམས་ཅད་ཆོས་ཉིད་པས། །བླང་བར་བྱ་བ་ གང་མེད་ཅིང་། །གཞག་པར་བྱ་བ་ཅུང་ཟད་མེད། །གང་དུ་མེད་པའི་ཆོས་ཉིད་དོ། ། བྱ་བྱེད་བརྗོད་དང་བསམ་པ་ལས། །འཁོར་འདས་གྲོལ་བའི་གནད་རྟོགས་ཏེ། ། སངས་མ་རྒྱས་པ་གཅིག་ཀྱང་མེད། །ཁམས་གསུམ་འཁོར་བ་དོང་སྤྲུག་གོ །གཞན་ ཡང་ཁམས་གསུམ་སེམས་ཅན་ཀུན། །ལུས་ངག་ཡིད་ལས་མ་འདས་པས། །སྐུ་ གསུམ་གཞན་དུ་བཙལ་མི་དགོས། །བཙལ་ཀྱང་རྙེད་པའི་གནས་མེད་དོ། །མ་བྱུང་ བྱུང་བ་མེད་པ་ལ། །བལྟས་པས་མཐོང་བ་ངོ་མཚར་ཆེ། །ངོ་མཚར་ཆེན་པོའི་རོལ་ པ་ནི། །སངས་རྒྱས་སེམས་ཅན་འབྱེད་པ་མེད། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། ། རང་བྱུང་རང་ལ་རྫོགས་པས་ཞི། །ཆོས་ཉིད་མངོན་སུམ་ཁྱད་པར་གྱིས། །དབང་པོ་ རྣོ་དང་རྟུལ་མེད་པས། །སེམས་ཅན་ཐམས་ཅད་སངས་རྒྱས་ལས། །གཞན་དུ་ གནས་པ་མ་ཡིན་ནོ། །ལུས་ཅན་སེམས་ཀྱིས་ཁྱབ་པའི་ཕྱིར། །སངས་རྒྱས་མ་ཡིན་ སེམས་ཅན་མེད། །ས་བོན་ལས་ནི་འབྲས་བུ་བཞིན། །རང་གི་རང་བཞིན་གཤིས་

[p. 79] ༈ ཚིག་དོན་རིན་པོ་ཆེའི་མཛོད། ཀྱི་གནད། །བརྗོད་པའི་ཚིག་གིས་མ་ཡིན་པར། །དབང་པོའི་ཡུལ་ལ་གསལ་སྣང་ བས། །ཅེར་མཐོང་གྲོལ་བའི་བདག་ཉིད་དོ། །གཞན་ཡང་རྐྱེན་གྱིས་སེམས་ཅན་ རྣམས། །སངས་མ་རྒྱས་པ་གཅིག་ཀྱང་མེད། །རང་སྣང་ཡེ་ཤེས་ཆོས་མཐུན་ཕྱིར། ། འཁོར་བ་ཡེ་ནས་ཡོད་མ་ཡིན། །དེ་ཕྱིར་རང་རང་སངས་རྒྱས་སོ། །སྐྱེ་བ་ཉིད་ནི་ རྟོགས་པ་ལས། །མངལ་དུ་གནས་པ་ཆོས་ཀྱི་དབྱིངས། །ལུས་སེམས་འདུས་པས་ དབྱིངས་རིག་འབྲེལ། །ལུས་སུ་གནས་པས་སྐུ་གསུམ་སྟེ། །རྒས་པས་ཆོས་ཟད་ འཁྲུལ་སྣང་འགག །ན་བས་ཆོས་ཉིད་ཉམས་སུ་མྱོང་། །ཤི་བས་སྟོང་པ་ངོས་གཟུང་ མེད། །དེས་ན་སེམས་ཅན་སངས་རྒྱས་སོ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། ཇི་ལྟར་སྨྲ་དང་བྱ་བྱེད་རྣམས། །སྟོང་རིག་གསལ་བའི་སྤྱོད་པ་ཡིན། །བཟང་དང་ ངན་པའི་རྟོག་པ་རྣམས། །སྒོམ་པ་ཆུ་བོའི་ཀློང་ཆེན་ཡིན། །ལོག་ལྟ་ཡང་དག་འདོད་ པ་རྣམས། །རྣལ་འབྱོར་རིས་མེད་ལྟ་བ་ཡིན། །རེ་དང་དོགས་པར་འཛིན་པ་ཀུན། ། ཟང་མ་ཐལ་བྱུང་འབྲས་བུ་ཡིན། །ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །བཟའ་དང་ བཏུང་བ་བསྙེན་པ་ལ། །ཉལ་དང་འདུག་པ་བསྒྲུབ་པའོ། །འདུ་བྱེད་རྣམས་ནི་ལྷག་ གནས་ཡིན། །ཀླད་དང་ལུད་པ་དཀྱིལ་འཁོར་སྒྲུབ། །སྟོང་གསུམ་ཐམས་ཅད་ དཀྱིལ་འཁོར་ལ། །ཆར་དང་ཁུ་རླངས་ཆག་ཆག་བཏབ། །འགྲོ་བའི་ལམ་དམིགས་ ཐེག་ཆེན་ཏེ། །རྐང་པའི་རྗེས་ནི་རྡུལ་ཚོན་རིས། །འགྲོ་བར་འདོད་པ་སྟངས་སྟབས་ ཉིད། །ཡན་ལག་བསྐྱོད་པ་ཕྱག་རྒྱའོ། །ཇི་ལྟར་སྨྲས་པ་སྔགས་ཀྱི་ཚིག །བསམ་པ་ རྣམས་ནི་བསྐྱེད་རིམ་ཡིན། །ཡིད་ལ་འགྱུ་བ་མཆོད་པ་ཉིད། །གཟུགས་སུ་སྣང་བ་ ལྷ་ཡི་སྐུ། །སྒྲ་ཆེན་བརྗོད་པ་རོལ་མོ་ཉིད། །རང་གི་ལུས་ནི་བུམ་པ་ལ། །སྒྲ་ནི་ལོ་ འདབ་ཁ་རྒྱན་མཛེས། །ཁྲག་དང་ཆུ་སེར་ཆུ་རྣམས་ཉིད། །དོན་སྙིང་ལ་སོགས་

[p. 80] ༈ རྡོ་རྗེའི་གནས་གཉིས་པ་སྲིད་པར་འཁྲུལ་ཚུལ་གྱི་རིམ་པ་རྒྱ་ཆེར་བཤད་པ། རྫས་ཀྱིས་གཏམས། །རང་ལ་སྣང་བའི་དབང་རྣམས་བྱིན། །མ་བསྐུར་ཉིད་ལ་ རྫོགས་པའོ། །འདའ་བར་འདོད་པ་དམ་ཚིག་ལ། །བསྲུང་བར་འདོད་པ་བཅིངས་ པ་ཡིན། །གྲོལ་བར་འདོད་པ་ཉམས་པ་སྟེ། །མེད་པར་འདོད་པ་ཐུབ་མཆོག་ཡིན། ། མཐོང་བ་རྣམས་ནི་ཕྱག་རྒྱའི་བརྡ། །དེ་ལ་ཆགས་པ་ཉམས་མྱོང་ཡིན། །ཤེས་ རིག་གསལ་བ་གདམས་ངག་ལ། །ལུས་སེམས་གཉིས་འདུས་གདབ་པའི་ཡུལ། ། སྐྱེ་རྒ་ན་འཆི་གོམས་པའི་གནད། །ཚོགས་དྲུག་མ་འགགས་རྟོགས་པའོ། །ཞེས་ གསུངས་སོ། ། སྤྱི་དོན་གཉིས་པ་ལུས་གྲུབ་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། རྟེན་ལུས་ཀྱི་ གྲུབ་ཚུལ་དངོས། བརྟེན་པ་རྩ་ཐིག་རླུང་གསུམ་གྱི་རང་བཞིན། ཁྱབ་བྱེད་འབྱུང་ བའི་ཚང་ཚུལ་ལོ། །དང་པོ་ནི། སྒྲོན་མ་སྣང་བྱེད་ལས། དེ་ནས་རིམ་གྱིས་སྣོད་ བཅུད་ཀྱི། །སྣང་བ་དུ་མས་གཟུགས་བསྡུས་པ། །འདི་ཉིད་མི་ཤེས་བྱིས་པ་རྣམས། ། ཟོ་ཆུ་བཞིན་ཏེ་བརྒྱུད་མར་གནས། །སོ་སོའི་ལུས་དང་ཚད་ལེན་པའོ། །ཞེས་པ་ དང་། ཇི་ལྟར་ལེན་ན། ཉི་ཟླ་ཁ་སྦྱོར་ལས། དེ་ནས་མངལ་གྱི་སྒོར་ཚུད་ནས། །ཕ་ དང་མ་ཡི་རྒྱུ་རྐྱེན་ལས། །མེར་མེར་པོ་དང་ནུར་ནུར་པོ། །ལྟར་ལྟར་པོ་དང་གོར་ གོར་པོ། །མཁྲང་འགྱུར་ཉིད་དང་ཉ་ལྟ་བུ། །རུས་སྦལ་བཞིན་དང་སྦལ་བ་བཞིན། ། དེ་བཞིན་ཞག་ནི་བདུན་ཕྲག་བདུན། །ལྟེ་བ་ལས་ནི་ལུས་རྣམས་བསྐྱེད། །ཟླ་དགུ་ དེ་བཞིན་ངོ་བཅུ་ན། །ལུས་རྫོགས་མ་ཡི་མངལ་ནས་འཐོན། །ཞེས་པས་བར་མ་ དོའི་སེམས་ཅན་ལུས་འཚོལ་བ་དཔག་ཏུ་མེད་པ་ཕ་མ་སྦྱོར་བ་བྱེད་པའི་མངལ་ སྒོར་དབྱར་གྱི་ཤ་རུལ་ལ་སྦྲང་མ་སྤུངས་པ་ལྟར་འདུ་བ་ལས། ཚེ་ཚད་མ་རྫོགས་པ་ ཞག་བདུན་ཚན་ལ་སླེབས་པ་རྣམས་ཕལ་ཆེར་འཆི་ལ། ཚེ་ཚད་རྫོགས་ཤིང་ལས་

[p. 81] ༈ ཚིག་དོན་རིན་པོ་ཆེའི་མཛོད། མཐུན་པ་ཞིག་བཤང་ལམ་ནས་མངལ་དུ་ཞུགས་ཏེ་ལུས་ལེན་པའི་རླུང་དང་སེམས་ གཉིས། ཕ་ལས་བྱུང་བའི་རྒྱུ་དངས་མ་དཀར་པོ། མ་ལས་བྱུང་བའི་རྐྱེན་དངས་མ་ དམར་པོ་སྟེ་བཞི་པོ་དེ་ཁྲག་དང་འོ་མ་འདྲེས་པ་ལྟར་ཀྲུག་གིས་འདྲེས་ཏེ་ལུས་སུ་ གྲུབ་དུས་རྒྱུ་རྐྱེན་གཉིས་པོ་དེས་ཀུན་རྫོབ་ཀྱི་འབྱུང་བ་བཞིའི་ལས་བྱེད་པས་ འཕེལ་སོག་གི་ཆ་དང་། རླུང་སེམས་གཉིས་པོ་དེས་དོན་དམ་གྱི་འབྱུང་བ་བཞིའི་ ལས་བྱེད་པས་ལུས་འཛིན་པ་དང་འབྱེད་སྡུད་ཀྱི་སྨིན་སོར་བྱེད་པས་ལུས་བསྐྱེད་དོ། ། དེ་ཡང་ཞག་བདུན་ཚན་དུ་ངེས་པ་ནི། འབྱུང་བ་སོ་སོ་ལ་ཞག་རེ། གཉིས་གཉིས་ འདུས་པ་ལ་ཞག་གཉིས། གཅིག་འདུས་པ་ལ་ཞག་གཅིག་སྟེ་བདུན་ནོ། །འདི་ལ་ འབྱུང་བཞིས་བསྐྱེད་ཚུལ་གྱི་རིམ་པ་སྤྱིར་བསྟན་པ་དང་། ཞག་གི་འབྱུང་བའི་ཆ་ དབྱེ་བ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། འབྱུང་བཞིའི་བྱེད་ལས་བཞི་ ལས་ཞག་དང་པོ་ལ་ཆུའི་ཟུག་པས་བསྡུས། དེ་ནས་བྱེར་བས་སོ་སོར་བྱེ། སྙོམས་ པར་གཅིག་ཏུ་བསྲེས་པ་ལས་ཆུའི་རྩ་རབ་ཏུ་ཕྲ་བ་རྟ་རྔ་བརྒྱར་གཤགས་པ་ཙམ་ ཞིག་མའི་གཡས་སུ་ཐང་ཆོད་དུ་བརྒྱངས་ནས་ཆགས་སོ། །དེའི་དུས་སུ་མའི་ལུས་ ཀྱང་རབ་ཏུ་གྲང་ངོ་། །དེ་ནས་ཞག་གཉིས་པ་ལ་སའི་བྱེད་པའི་ལས་གསུམ་བྱས་ པས་སའི་རྩ་དེ་ཙམ་ཞིག་གཡོན་དུ་ཐང་ཆོད་དུ་ཆགས་པས་མ་ཡང་མགོ་འཁོར་ཞིང་ ཤེས་པ་ལྕིའོ། །དེ་ནས་གསུམ་པ་ལ་མེའི་བྱེད་པའི་ལས་གསུམ་གྱིས་གོང་ལྟར་བྱས་ པས་རྒྱབ་ཏུ་རྩ་དེ་ཙམ་ཆགས་པས་མ་ལ་རྡུལ་འབྱུང་ཞིང་ལུས་ཚའོ། །དེ་ནས་བཞི་པ་ ལ་རླུང་གི་ལས་གསུམ་གྱིས་དང་པོས་བསྡུས་བར་དུ་གཏོར། མཐར་བསྲེས་པས་ མའི་མདུན་དུ་རླུང་གི་རྩ་རྟ་རྔ་བརྒྱའི་ཆ་ཙམ་ཆགས་ཏེ་འདིའི་དུས་སུ་མའི་ཤེས་པ་ ཡང་ཤིན་ཏུ་གསལ་ལོ། །འདིའི་སྐབས་སུ་འབྱུང་བཞི་སོ་སོའི་ཆ་ཆེ་ཆུང་གིས་མའི་

[p. 82] ༈ རྡོ་རྗེའི་གནས་གཉིས་པ་སྲིད་པར་འཁྲུལ་ཚུལ་གྱི་རིམ་པ་རྒྱ་ཆེར་བཤད་པ། ལུས་ཀྱང་སོ་སོར་འབྱུང་བའི་སྨིན་སོ་བྱེད་དོ། །ལྔ་པ་ལ་ཆུ་དང་ས་གཉིས་ཀྱིས་ གཅིག་ཏུ་བསྡུས་ཤིང་བརྟན་པར་བྱས། དྲུག་པ་ལ ༡.་མེ་དང་རླུང་གིས་སྨིན་ཅིང་ གསལ་བར་བྱས། བདུན་པ་ལ་མ་ནིང་གི་འབྱུང་བ་ནམ་མཁའི་ལས་ཀྱིས་གོ་ཕྱེ་ བས་གོང་གི་བཞི་པོ་དེ་གཅིག་ཏུ་བྱས་པ་ལས་རྩ་ཕྲ་མོ་བཞི་པོ་དེའི་ནང་དུ་རྩ་ གནས་ཀྱི་ཡི་གེ་ཁཾ་སུཾ་རཾ་ཡཾ་བཞི་གསལ་བར་ཆགས་སོ། །དེ་ལྟར་འབྱུང་བཞི་སོ་ སོའི་བྱེད་ལས་ཀྱིས་རླུང་སེམས་གཉིས་རྒྱུ་རྐྱེན་གཉིས་ཏེ་མེར་མེར་པོའི་རྣམ་པ་ ཡུངས་འབྲུ་ཉིས་འགྱུར་ཙམ་དུ་གནས་པའི་ཐིག་ལེ་ཟླུམ་པོའི་ནང་དུ་ཐིག་ལེ་མིག་ ཆུང་ཤིན་ཏུ་ཕྲ་བ་གཅིག་ཆགས་སོ། །དེ་དག་ནི་འབྱུང་བ་རང་ངོའི་བྱེད་ལས་ཏེ་འདི་ དུས་སུ་མེར་མེར་པོ་དེ་ཆུའི་བརླན་གྱིས་བཤིག་སའི་ལྗིད་ཀྱིས་མནན། མེའི་དྲོད་ ཀྱིས་བསྲེགས། རླུང་གི་ཤུགས་ཀྱིས་གཏོར་བས་ནམ་མཁའ་ལ་སྤྲིན་ཆད་པའི་རྣམ་ པ་ལྟར་དུམ་བུར་ལོང་གིས་སོང་ངོ་། །དེ་ནས་ཡང་ལས་དང་བག་ཆགས་ཀྱི་དབང་ གིས་ནུབ་བརྒྱད་པ་ལ་ཆུས་གཅིག་ཏུ་བསྡུས་ཏེ་ནུར་ནུར་པོའི་རྟེན་སྲན་མ་བཅུ་ཆ་ ཙམ་ལས་ཤར་གྱི་རྩ་བསྐྱེད། དགུ་པ་ལ་སས་གཅིག་ཏུ་བསྲེས་ཏེ་སྲན་མ་དགུ་ཆ་ ཙམ་ལས་ལྷོའི་རྩ་བསྐྱེད། བཅུ་པ་ལ་མེས་སྨིན་པར་བྱས་ཏེ་སྲན་མ་བདུན་ཆ་ཙམ་ ལས་ནུབ་ཀྱི་རྩ་བསྐྱེད། བཅུ་གཅིག་པ་ལ་རླུང་གིས་བསྐྱོད་པས་སྲན་མ་ལྔ་ཆའི་ ནང་དུ་བྱང་གི་རྩ་བསྐྱེད། བཅུ་གཉིས་པ་ལ་ཆུ་དང་སས་བསྡུས་ཤིང་བརྟན་པར་ བྱས་ཏེ་སྲན་མའི་རྡོག་པོ་ཙམ་ལ་ནུར་ནུར་པོའི་མིག་ཆུང་གཉིས་དང་འབྱུང་བ་ བཞིའི་རྩ་རེ་ཐག་བརྒྱངས་པ་ལྟ་བུ་བཞི་ཆགས། བཅུ་གསུམ་པ་ལ་མེ་དང་རླུང་གིས་ སྨིན་པར་བྱས། བཅུ་བཞི་པ་ལ་ནམ་མཁས་གོ་ཕྱེ་བས་ལུས་ཀྱི་དབུས་ལྟེ་བའི་རྩ་ མདུད་ལས་རྩ་བཞི་རེ་ཐག་བརྒྱངས་པ་ལྟར་ཆགས་པའི་དབུས་ཀྱི་སྒྲོན་མའི་སྤྱན་

[p. 83] ༈ ཚིག་དོན་རིན་པོ་ཆེའི་མཛོད། དང་འབྱུང་བའི་སྤྱན་གྱི་མིག་ཆུང་གཉིས་པོ་དེ་སྔར་བས་རབ་ཏུ་གསལ་བར་བྱས་སོ། ། མིག་ཆུང་གི་ནང་དུ་ཡེ་ཤེས་ཀྱི་ངོ་བོ་ཤིན་ཏུ་ཕྲ་ཞིང་བརྟག་པར་དཀའ་བ་ཞིག་ཀྱང་ གནས་སོ། །དེ་ནས་ཡང་འབྱུང་བ་བཞི་ཆར་གྱི་བྱེད་ལས་འཁྲུགས་པས་ཡང་བཤིག་ ནས་ཟླ་བ་ཕྱེད་པའི་ནུབ་མོ་སྔ་མ་བཞིན་བསྡུས་ཏེ་སྲན་མ་ཉིས་འགྱུར་ཙམ་དུ་བྱས་

[edit]
OCR of the BDRC scans (I8LS32911), gorn05 tibocr 2026: BDRC OCR on 307 pages, Mitra OCR on 201 pages (the model with more recognisable syllables on each page).

[p. 56] འཁོར་བ་ཡེ་ནས་ཡོད་མ་ཡིན། །དེ་ཕྱིར་རང་རང་སངས་རྒྱས་སོ། །སྐྱེ་བ་ཉིད་ནི་རྟོགས་པ་ལས། །མངལ་དུ་གནས་པ་ཆོས་ཀྱི་དབྱིངས། །ལུས་སེམས་ འདུས་པས་དབྱིངས་རིག་འབྲེལ། །ལུས་སུ་གནས་པས་སྐུ་གསུམ་སྟེ། །རྒས་པས་ཆོས་ཟད་འཁྲུལ་སྣང་འགག། ན་བས་ཆོས་ཉིད་ཉམས་སུ་མྱོང་། །ཤི་བས་སྟོང་པ་ངོས་གཟུང་མེད། ། དེས་ན་སེམས་ཅན་སངས་རྒྱས་སོ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། ཇི་ལྟར་སྨྲ་དང་བྱ་བྱེད་རྣམས། །སྟོང་རིག་གསལ་བའི་སྤྱོད་པ་ཡིན། །བཟང་དང་ངན་པའི་རྟོག་པ་རྣམས། །སྒོམ་པ་ཆུ་བོའི་

[p. 57] ལས་བྱུང་། །ཆུ་བུར་མིག་ལས་ཡེ་ཤེས་ནི། །རང་སྣང་ཡིན་པར་སུས་མ་མཐོང་། །དེ་ལས་འཁྲུལ་བའི་སྣང་བ་ནི། །སྒྲོན་མའི་གནད་ལས་བྱུང་བའོ། །གཞན་ཡང་ལུས་ཀྱི་སྤྱོད་ལམ་ཉིད། ། སྐུ་གསུམ་དག་ཏུ་གྲོལ་བའི་ཕྱིར། །བྱ་བྱེད་ཐམས་ཅད་ཆོས་ཉིད་དོ། །ངག་ཏུ་ཇི་ལྟར་སྨྲས་པ་ཀུན། གསང་སྔགས་གསང་བའི་བཟླས་པ་སྟེ། །ཡིག་འབྲུ་རྣམ་སྤྲུལ་གནད་ལས་བྱུང་། །འགྲོ་བའི་ སེམས་ཀྱི་རྟོག་ཚོགས་ཀུན། །བསམ་གཏན་ཡིན་པ་ཅིས་མ་ཤེས། །རང་སེམས་རྟོགས་ལས་གྲོལ་བས་ན། །དེ་ནི་འབྱུང་བའི་གནད་ལས་བྱུང་། །དེ་ལྟར་ཐམས་ཅད་ཆོས་ཉིད་པས། །བླང་བར་བྱ་ བ་གང་མེད་ཅིང་། །གཞག་པར་བྱ་བ་ཅུང་ཟད་མེད། །གང་དུ་མེད་པའི་ཆོས་ཉིད་དོ། །བྱ་བྱེད་བརྗོད་དང་བསམ་པ་ལས། །འཁོར་འདས་གྲོལ་བའི་གནད་རྟོགས་ཏེ། །སངས་མ་རྒྱས་པ་གཅིག་ཀྱང་ མེད༑ ༑ཁམས་གསུམ་འཁོར་བ་དོང་སྤྲུག་པོ། །གཞན་ཡང་ཁམས་གསུམ་སེམས་ཅན་ཀུན། །ལུས་ངག་ཡིད་ལས་མ་འདས་པས། །སྐུ་གསུམ་གཞན་དུ་བཙལ་མི་དགོས། །བཙལ་ཀྱང་རྙེད་ པའི་གནས་མེད་དོ། །མ་བྱུང་བྱུང་བ་མེད་པ་ལ། །བལྟས་པས་མཐོང་བ་ངོ་མཚར་ཆེ། །ངོ་མཚར་ཆེན་པོའི་རོལ་པ་ནི། །སངས་རྒྱས་སེམས་ཅན་འབྱེད་པ་མེད། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །

[p. 58] ༄༅། །པའི་ཡུལ། །སྐྱེ་རྒ་ན་འཆི་གོམས་པའི་གནད། །ཚོགས་དྲུག་མ་འགགས་རྟོགས་པའོ། །ཞེས་གསུངས་སོ། །སྤྱི་དོན་གཉིས་པ་ལུས་གྲུབ་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གསུམ་ སྟེ༑ རྟེན་ལུས་ཀྱི་གྲུབ་ཚུལ་དངོས། བརྟེན་པ་རྩ་ཐིག་རླུང་གསུམ་གྱི་རང་བཞིན། ཁྱབ་བྱེད་འབྱུང་བའི་ཚང་ཚུལ་ལོ། །དང་པོ་ནི། སྒྲོན་མ་སྣང་བྱེད་ལས། དེ་ནས་རིམ་གྱིས་སྣོད་བཙུད་ཀྱི། །སྣང་བ་དུ་མས་ གཟུགས་བསྡུས་པ། །འདི་ཉིད་མི་ཤེས་བྱིས་པ་རྣམས། །ཟོ་ཆུ་བཞིན་ཏེ་བརྒྱུད་མར་གནས། །སོ་སོའི་ལུས་དང་ཚད་ལེན་པའོ། །ཞེས་པ་དང་། ཇི་ལྟར་ལེན་ན། ཉི་ཟླ་བ་སྦྱོར་ལས། དེ་ནས་མངལ་གྱི་སྒོར་ ཚུད་ནས། །ཕ་དང་མ་ཡི་རྒྱུ་རྐྱེན་ལས། །མེར་མེར་པོ་དང་ནུར་ནུར་པོ། །ལྟར་ལྟར་པོ་དང་གོར་གོར་པོ། །མཁྲང་འགྱུར་ཉིད་དང་ཉ་ལྟ་བུ། །རུས་སྦལ་བཞིན་དང་སྦལ་པ་བཞིན། །དེ་བཞིན་ཞག་ནི་ བདུན་ཕྲག་བདུན། །ལྟེ་བ་ལས་ནི་ལུས་རྣམས་བསྐྱེད། །ཟླ་དགུ་དེ་བཞིན་ངོ་བཅུ་ན། །ལུས་རྫོགས་མ་ཡེ་མངལ་ནས་འཐོན། །ཞེས་པས་བར་མ་དེའི་སེམས་ཅན་ལུས་འཚོལ་བ་དཔག་ཏུ་མེད་པ་ཕ་མ་ སྦྱོར་བ་བྱེད་པའི་མངལ་སྒོར་དབྱར་གྱི་ཤ་རུལ་ལ་སྦྲང་མ་སྦྱངས་པ་ལྟར་འདུ་བ་ལས། ཚེ་ཚད་མ་རྫོགས་པ་ཞག་བདུན་ཚན་ལ་སླེབས་པ་རྣམས་ཕལ་ཆེར་འཆི་ལ། ཚེ་ཚད་རྫོགས་ཤིང་ལས་མཐུན་པ་ཞིག་

[p. 59] ཀློང་ཆེན་ཡིན། །ལོག་ལྟ་ཡང་དག་འདོད་པ་རྣམས། །རྣལ་འབྱོར་རིས་མེད་ལྟ་བ་ཡིན། །རོ་དང་དོགས་པར་འཛིན་པ་ཀུན། །ཟང་མ་ཐལ་བྱུང་འབྲས་བུ་ཡིན། །ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །མཐའ་དང་ བཏུང་བ་བསྙེན་པ་ལ། །ཉལ་དང་འདུག་པ་སྒྲུབ་པའོ། །འདུ་བྱེད་རྣམས་ནི་ལྷག་གནས་ཡིན། །ཀླད་དང་ལུད་པ་དཀྱིལ་འཁོར་སྒྲུབ། །སྟོང་གསུམ་ཐམས་ཅད་དཀྱིལ་འཁོར་ལ། །ཆར་དང་ཁུ་རླངས་ཆག་ཆག་ བཏབ། །འགྲོ་བའི་ལམ་དམིགས་ཐེག་ཆེན་ཏེ། །རྐང་པའི་རྗེས་ནི་རྡུལ་ཚན་རིས། །འགྲོ་བར་འདོད་པ་སྟང་སྟབས་ཉིད། །ཡན་ལག་བསྐྱོད་པ་ཕྱག་རྒྱའོ། །ཇི་ལྟར་སྨྲས་པ་སྔགས་ཀྱི་ཚིག །བསམ་པ་རྣམས་ནི་ བསྐྱེད་རིམ་ཡིན། །ཡིད་ལ་འགྱུ་བ་མཆོད་པ་ཉིད། །གཟུགས་སུ་སྣང་བ་ལྷ་ཡི་སྐུ། །སྒྲ་ཆེན་བརྗོད་པ་རོལ་མོ་ཉིད། །རང་གི་ལུས་ནི་བུམ་པ་ལ། །སྐྲ་ནི་ལོ་འདབ་ཁ་རྒྱན་མཛེས། །ཁྲག་དང་ཆུ་སེར་ཆུ་རྣམས་ཉིད། ། དོན་སྙིང་ལ་སོགས་རྫས་ཀྱིས་གཏམས། །རང་ལ་སྣང་བའི་དབང་རྣམས་བྱིན། །མ་བསྐུར་ཉིད་ལ་རྫོགས་པའོ། །འདའ་བར་འདོད་པ་དམ་ཚིག་ལ། །བསྲུང་བར་འདོད་པ་བཅིངས་པ་ཡིན། །གྲོལ་བར་འདོད་པ་ ཉམས་པ་སྟེ། །མེད་པར་འདོད་པ་ཐུབ་མཆོག་ཡིན། །མཐོང་བ་རྣམས་ནི་ཕྱག་རྒྱའི་བརྡ། །དེ་ལ་ཆགས་པ་ཉམས་མྱོང་ཡིན། །ཤེས་རིག་གསལ་བ་གདམས་ངག་ལ། །ལུས་སེམས་གཉིས་འདུས་གདབ་

[p. 60] ༄༅། །མེའི་བྱེད་པའི་ལས་གསུམ་གྱིས་གོང་ལྟར་བྱས་པས་རྒྱབ་ཏུ་རྩ་དེ་ཙམ་ཆགས་པས་མ་ལ་རྡུལ་འབྱུང་ཞིང་ལུས་ཆེའོ། །དེ་ནས་བཞི་པ་ལ་རླུང་གི་ལས་གསུམ་གྱིས་ དང་པོས་བསྡུས་བར་དུ་གཏོར། །མཐར་བསྲེས་པས་མའི་མདུན་དུ་རླུང་གི་རྩ་རྟ་རྔ་བརྒྱའི་ཆ་ཙམ་ཆགས་ཏེ་འདིའི་དུས་སུ་མའི་ཤེས་པ་ཡང་ཤིན་ཏུ་གསལ་ལོ། །འདིའི་སྐབས་སུ་འབྱུང་བཞི་སོ་སོའི་ ཆ་ཆ་ཆུང་གིས་མའི་ལུས་ཀྱང་སོ་སོར་འབྱུང་བའི་སྨིན་སོ་བྱེད་དོ། །ལྔ་པ་ལ་ཆུ་དང་ས་གཉིས་ཀྱིས་གཅིག་ཏུ་བསྡུས་ཤིང་བརྟན་པར་བྱས། དྲུག་པ་ལ་མེ་དང་རླུང་གིས་སྨིན་ཅིང་གསལ་བར་བྱས། བདུན་པ་ལ་མ་ནིང་གི་འབྱུང་བ་ནམ་མཁའི་ལས་ཀྱིས་གོ་ཕྱེ་བས་གོང་གི་བཞི་པོ་དེ་གཅིག་ཏུ་བྱས་པ་ལས་རྩ་ཕྲ་མོ་བཞི་པོ་དེའི་ནང་དུ་རྩ་གནས་ཀྱི་ཡི་གེ་ཁཾ་སུཾ་རཾ་ཡཾ་བཞི་གསལ་བར་ཆགས་སོ། ། དེ་ལྟར་འབྱུང་བཞི་སོ་སོའི་བྱེད་ལས་ཀྱིས་རླུང་སེམས་གཉིས་རྒྱུ་རྐྱེན་གཉིས་ཏེ་མར་མེར་པོའི་རྣམ་པ་ཡུངས་འབྲུ་ཉིས་འགྱུར་ཙམ་དུ་གནས་པའི་ཐིག་ལེ་ཟླུམ་པོའི་ནང་དུ་ཐིག་ལེ་མིག་ཆུང་ཤིན་ཏུ་ ཕྲ་བ་གཅིག་ཆགས་སོ། །དེ་དག་ནི་འབྱུང་བ་རང་ངོའི་བྱེད་ལས་ཏེ་འདི་དུས་སུ་མེར་མེར་པོ་དེ་ཆུའི་བརླན་གྱིས་བཤིག །སའི་ལྗིད་ཀྱིས་མནན། མེའི་དྲོད་ཀྱིས་བསྲེགས། རླུང་གི་ཤུགས་ཀྱིས་

[p. 61] བཤད་ལམ་ནས་མངལ་དུ་ཞུགས་ཏེ་ལུས་ལེན་པའི་རླུང་དང་སེམས་གཉིས། ཕ་ལས་བྱུང་བའི་རྒྱུ་དང་ས་མ་དཀར་པོ། མ་ལས་བྱུང་བའི་རྐྱེན་དང་ས་མ་དམར་པོ་སྟེ་བཞི་པོ་དེ་ཁྲག་དང་འོ་མ་འདྲེས་པ་ལྟར་ཀུག་ གིས་འདྲེས་ཏེ་ལུས་སུ་གྲུབ་དུས་རྒྱ་རྐྱེན་གཉིས་པོ་དེས་ཀུན་རྫོབ་ཀྱི་འབྱུང་བ་བཞིའི་ལས་བྱེད་པས་འདི་ལ་སོག་གི་ཆ་དང་། རླུང་སེམས་གཉིས་པོ་དེས་དོན་དམ་གྱི་འབྱུང་བ་བཞིའི་ལས་བྱེད་པས་ལུས་འཛིན་པ་ དང་འབྱེད་སྡུད་ཀྱི་སྨིན་སེར་བྱེད་པས་ལུས་བསྐྱེད་དོ། །དེ་ཡང་ཞག་བདུན་ཚན་དུ་ངེས་པ་ནི། འབྱུང་བ་སོ་སོ་ལ་ཞག་རེ། གཉིས་གཉིས་འདུས་པ་ལ་ཞག་གཉིས། གཅིག་འདུས་པ་ལ་ཞག་གཅིག་སྟེ་བདུན་ནོ།། འདི་ལ་འབྱུང་བཞིས་བསྐྱེད་ཚུལ་གྱི་རིམ་པ་སྦྱོར་བསྟན་པ་དང་། ཞག་གི་འབྱུང་བའི་ཆད་བྱེ་བ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། འབྱུང་བཞིའི་བྱེད་ལས་བཞི་ལས་ཞག་དང་པོ་ལ་ཆུའི་ཟུག་བས་ བསྡུས། དེ་ནས་ཕྱེར་ཟོས་སོ་སོར་སྐྱེ། སྙོམས་པར་གཅིག་ཏུ་བསྲེས་པ་ལས་ཆུའི་རྩ་རབ་ཏུ་ཕྲ་བ་རྟ་རྔ་བརྒྱར་བཤགས་པ་ཙམ་ཞིག་མའི་གཡས་སུ་དང་ཆོད་དུ་བརྒྱངས་ནས་ཆགས་སོ། །དེའི་དུས་སུ་མའི་ལུས་ ཀྱང་རབ་ཏུ་གྲང་ངོ་། །དེ་ནས་ཞག་གཉིས་པ་ལ་སའི་བྱེད་པའི་ལས་གསུམ་བྱས་པས་སའི་རྩ་དེ་ཙམ་ཞིག་གཡོན་དུ་ཐང་ཆོད་དུ་ཆགས་པས་མ་ཡང་མགོ་འཁོར་ཞིང་ཤེས་པ་ལྕེའོ། །དེ་ནས་གསུམ་པ་ལ་

[p. 62] ༄༅། །དེ་ནས་ཡང་གེ་ལ་བཀྲུ་བས་བས་བོད་ཀྱི་དངས་རི་ཤིན་ཏུ་སྲུབ་པ་སྤྲང་བུའི་གཤོག་པ་ལ་བརྒྱར་གཤགས་པ་ཙམ་ཞིག་ནུབ་ཕྱོགས་ཀྱི་རྩ་ནང་དུ་ཆགས་པས་ཤེས་པའི་དངས་མ་རབ་ཏུ་གསལ་བར་ གནས་སོ། །དེ་ནས་ཞག་གཉིས་སུ་ལས་བྱེད་ཅིང་དཀྲུགས་པས་ཁ་དོག་གསལ་བ་འབྲས། དེ་ནས་ཡང་ཞག་གཉིས་སུ་བསྐྱོད་ཅིང་དཀྲུགས་པས་ཤེས་པའི་རྟེན་རྣམས་བསྡུས། དེ་ནས་ཞག་གཉིས་སུ་ལས་ ཀྱི་རླུང་གིས་བསྐྱོད་ཅིང་དཀྲུགས་པ་ལས་ལྟར་ལྟར་པོའི་གཞི་མཐེ་བོང་ཙམ་དུ་བྱས་པ་སྟེ། ཡང་བཤིག་ནས་ཞག་ཉི་ཤུ་རྩ་གཉིས་པ་ལ་ཆུས་བསྡུས་ཤིང་བརླན་པར་བྱས་པ་ལས་ཤར་གྱི་རྩ་ནང་དུ་ཐིག་ལེ་ཕྲ་མོ་ ཞིག་བསྐྱེད། དེ་ནས་རྩ་གསུམ་པ་ལ་ཐིག་ལེའི་ནང་དུ་རྟོག་མེད་ཀྱི་ཤེས་པ་གནས་པར་བྱས། རྩ་བཞི་པ་ལ་ལྷའི་རྩ་ནང་དུ་ཤའི་དངས་མ་ཁ་དོག་དཀར་བའི་ནང་དུ་ཡིད་དང་སེམས་ཀྱི་རྟེན་ཐིག་ལེ་ཕྲ་མོར་ གནས་པར་བྱས། རྩ་ལྔ་པ་ལ་ཡང་ཆུས་བསྡུས་ཤིང་བརླན་པ་ལས་བྱང་གི་རྩའི་ནང་དུ་དབུགས་ཀྱི་དབུས་མ་གསར་འོག་ཏུ་བཙུག་པའི་རླངས་པ་ཙམ་ཁ་དོག་སྔོ་ཞིང་དམར་བ་ཆགས་པ་ལས་ཡེ་ཤེས་དང་རེག་ པའི་རྩལ་གསལ་བར་རང་ཤེས་དང་བཅས་པ་བརྟེན་ནས་གནས་སོ། །རྩ་དྲུག་པ་ལ་ཆུས་བསྡུས་ཤིང་བརླན་པར་བྱས་པ་ལས་རྟེན་དེ་དག་རེ་རེའི་ནང་གི་ནུབ་ན་ཤེས་པ་དང་བློ་དང་དྲན་པའི་རྟེན་གསལ་བར་བྱས་

[p. 63] གཏོར་བས་ནམ་མཁའ་ལ་སྤྲིན་ཆད་པའི་རྣམ་པ་ལྟར་དུམ་བུར་ལོང་གིས་སོང་ངོ་། །དེ་ནས་ཡང་ལས་དང་བག་ཆགས་ཀྱི་དབང་གིས་ནུབ་བརྒྱད་པ་ལ་ཚུས་གཅིག་ཏུ་བསྡུས་ཏེ་ནུར་ནུར་པོའི་རྟེན་སྲན་མ་ བཅུ་ཆ་ཙམ་ལས་ཤར་གྱི་རྩ་བསྐྱེད། དགུ་པ་ལ་སས་གཅིག་ཏུ་བསྲེས་ཏེ་སྲན་མ་དགུ་ཆ་ཙམ་ལས་ལྷོའི་རྩ་བསྐྱེད། བཅུ་པ་ལ་མེས་སྨིན་པར་བྱས་ཏེ་སྲན་མ་བདུན་ཆ་ཙམ་ལས་ནུབ་ཀྱི་རྩ་བསྐྱེད། བཅུ་ གཅིག་པ་ལ་རླུང་གིས་བསྐྱོད་བས་སྲན་མ་ལྕ་ཆའི་ནང་དུ་བྱང་གི་རྩ་བསྐྱེད། བཅུ་གཉིས་ཕ་ལ་ཆུ་དང་སས་བསྡུས་ཤིང་བརྟན་པར་བྱས་ཏེ་སྲན་མའི་རྡོག་པོ་ཙམ་ལ་ནུར་ནུར་པོའི་མིག་ཆུང་གཉིས་དང་འབྱུང་བ་ བཞིའི་རྩ་རེ་ཐག་བརྒྱངས་པ་ལྟ་བུ་བཞི་ཆགས། བཅུ་གསུམ་པ་ལ་མ་དང་རླུང་གིས་སྨིན་པར་བྱས། །བཅུ་བཞི་པ་ལ་ནམ་མཁས་གོ་ཕྱེ་བས་ལུས་ཀྱི་དབུས་ལྟེ་བའི་རྩ་མདུད་ལས་རྩ་བཞི་རེ་ཐག་བརྒྱངས་པ་ ལྟར་ཆགས་པའི་དབུས་ཀྱི་སྒྲོན་མའི་སྤྱན་དང་འབྱུང་བའི་སྤྱན་གྱི་མིག་ཆུང་གཉིས་པ་དེ་སྔར་བས་རབ་ཏུ་གསལ་བར་བྱས་སོ། །མིག་ཆུང་གི་ནང་དུ་ཡེ་ཤེས་ཀྱི་ངོ་བོ་ཤིན་ཏུ་ཕྲ་ཞིང་བརྟག་པར་དཀའ་བ་ཞིག་ ཀྱང་གནས་སོ། །

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 1009 typing errors, November 2026), with the variants of the other editions under each page (33 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = Tshig don mdzod MW3CN4957; X = Tshig don mdzod MW8LS32779. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 83] ཡེ་ཤེས་རོལ་པར་ཤར་ཞིང༌། བྱ་བྱེད་དང་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་ལྟ་སྒོམ་རང་ཤར་ཆེན་པོར་སྣང་བའི་རྣམ་དག་བཤད་པ་ནི། ཐལ་འགྱུར་ལས། གཞན་ཡང་རབ་ཏུ་བཤད་བྱ་བ། །སྣང་བ་འཁྲུལ་པའི་རང་བཞིན་ནི། །ཡེ་ཤེས་ཡིན་པར་སྔར་མ་མཐོང༌། །རྟོག་བཅས་འཁྲུལ་པའི་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་པའི་རང་རྟོག་རྒྱུན་ཆད་དོ། །དེ་ལྟར་འཁྲུལ་མེད་སྣང་བ་ནི། །ཡེ་ནས་གྲོལ་བའི་གནད་ལས་བྱུང༌། །འགྲོ་བའི་ཕུང་པོ་སངས་རྒྱས་སྐུ། །ཡེ་ནས་ཡིན་པར་སུས་མ་རིག །ཕུང་པོ་སངས་རྒྱས་མངའ་བདག་ཏུ། །རྩ་གནས་ཡི་གེར་གྲུབ་ལས་བྱུང༌། །ཆུ་བུར་མིག་ལས་ཡེ་ཤེས་ནི། །རང་སྣང་ཡིན་པར་སུས་མ་མཐོང༌། །དེ་ལས་འཁྲུལ་པའི་སྣང་བ་ནི། །སྒྲོན་མའི་གནད་ལས་བྱུང་བའོ། །གཞན་ཡང་ལུས་ཀྱི་སྤྱོད་ལམ་ཉིད། །སྐུ་གསུམ་དག་ཏུ་གྲོལ་བའི་

རང་ཤར་ཆེན་པོར་སྣང་བའི ] པོ W · ནི་ཡེ་ནས་གྲོལ་བའི་གནད ] འགྲོལ W

[p. 84] ཕྱིར། །བྱ་བྱེད་ཐམས་ཅད་ཆོས་ཉིད་དོ། །ངག་ཏུ་ཇི་ལྟར་སྨྲས་པ་ཀུན། །གསང་སྔགས་གསང་བའི་བཟླས་པ་སྟེ། །ཡིག་འབྲུ་རྣམ་སྤྲུལ་གནད་ལས་བྱུང༌། །འགྲོ་བའི་སེམས་ཀྱི་རྟོག་ཚོགས་ཀུན། །བསམ་གཏན་ཡིན་པ་ཅིས་མ་ཤེས། །རང་སེམས་རྟོགས་ལས་གྲོལ་བས་ན། །དེ་ནི་འབྱུང་བའི་གནད་ལས་བྱུང༌། །དེ་ལྟར་ཐམས་ཅད་ཆོས་ཉིད་པས། །བླང་བར་བྱ་བ་གང་མེད་ཅིང༌། །གཞག་པར་བྱ་བ་ཅུང་ཟད་མེད། །གང་དུ་མེད་པའི་ཆོས་ཉིད་དོ། །བྱ་བྱེད་བརྗོད་དང་བསམ་པ་ལས། །འཁོར་འདས་གྲོལ་བའི་གནད་རྟོགས་ཏེ། །སངས་མ་རྒྱས་པ་གཅིག་ཀྱང་མེད། །ཁམས་གསུམ་འཁོར་བ་དོང་སྤྲུག་གོ །གཞན་ཡང་ཁམས་གསུམ་སེམས་ཅན་ཀུན། །ལུས་ངག་ཡིད་ལས་མ་འདས་པས། །སྐུ་གསུམ་གཞན་དུ་བཙལ་མི་དགོས། །བཙལ་ཀྱང་རྙེད་པའི་གནས་མེད་དོ། །མ་བྱུང་བྱུང་བ་མེད་པ་ལ། །

ལས་བྱུང་འགྲོ་བའི་སེམས་ཀྱི ] པའི D G S

[p. 85] བལྟས་པས་མཐོང་བ་ངོ་མཚར་ཆེ། །ངོ་མཚར་ཆེན་པོའི་རོལ་པ་ནི། །སངས་རྒྱས་སེམས་ཅན་འབྱེད་པ་མེད། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །རང་བྱུང་རང་ལ་རྫོགས་པས་ཞི། །ཆོས་ཉིད་མངོན་སུམ་ཁྱད་པར་གྱིས། །དབང་པོ་རྣོ་དང་རྟུལ་མེད་པས། །སེམས་ཅན་ཐམས་ཅད་སངས་རྒྱས་ལས། །གཞན་དུ་གནས་པ་མ་ཡིན་ནོ། །ལུས་ཅན་སེམས་ཀྱིས་ཁྱབ་པའི་ཕྱིར། །སངས་རྒྱས་མ་ཡིན་སེམས་ཅན་མེད། །ས་བོན་ལས་ནི་འབྲས་བུ་བཞིན། །རང་གི་རང་བཞིན་གཤིས་ཀྱི་གནད། །བརྗོད་པའི་ཚིག་གིས་མ་ཡིན་པར། །དབང་པོའི་ཡུལ་ལ་གསལ་སྣང་བས། །ཅེར་མཐོང་གྲོལ་བའི་བདག་ཉིད་དོ། །གཞན་ཡང་རྐྱེན་གྱིས་སེམས་ཅན་རྣམས། །སངས་མ་རྒྱས་པ་གཅིག་ཀྱང་མེད། །རང་སྣང་ཡེ་ཤེས་ཆོས་མཐུན་ཕྱིར། །འཁོར་བ་ཡེ་ནས་ཡོད་མ་ཡིན། །དེ་ཕྱིར་རང་རང་སངས་རྒྱས་སོ། །སྐྱེ་བ་

ཉིད་མངོན་སུམ་ཁྱད་པར་གྱིས ] ཁྱབ W · སེམས་ཅན་མེད་ས་བོན་ལས ] སོ W

[p. 86] ཉིད་ནི་རྟོགས་པ་ལས། །མངལ་དུ་གནས་པ་ཆོས་ཀྱི་དབྱིངས། །ལུས་སེམས་འདུས་པས་དབྱིངས་རིག་འབྲེལ། །ལུས་སུ་གནས་པས་སྐུ་གསུམ་སྟེ། །རྒས་པས་ཆོས་ཟད་འཁྲུལ་སྣང་འགག །ན་བས་ཆོས་ཉིད་ཉམས་སུ་མྱོང༌། །ཤི་བས་སྟོང་པ་ངོས་གཟུང་མེད། །དེས་ན་སེམས་ཅན་སངས་རྒྱས་སོ། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། ཇི་ལྟར་སྨྲ་དང་བྱ་བྱེད་རྣམས། །སྟོང་རིག་གསལ་བའི་སྤྱོད་པ་ཡིན། །བཟང་དང་ངན་པའི་རྟོག་པ་རྣམས། །སྒོམ་པ་ཆུ་བོའི་ཀློང་ཆེན་ཡིན། །ལོག་ལྟ་ཡང་དག་འདོད་པ་རྣམས། །རྣལ་འབྱོར་རིས་མེད་ལྟ་བ་ཡིན། །རེ་དང་དོགས་པར་འཛིན་པ་ཀུན། །ཟང་མ་ཐལ་བྱུང་འབྲས་བུ་ཡིན། །ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །བཟའ་དང་བཏུང་བ་བསྙེན་པ་ལ། །ཉལ་དང་འདུག་པ་སྒྲུབ་པའོ། །འདུ་བྱེད་རྣམས་ནི་ལྷག་གནས་ཡིན། །ཀླད་དང་ལུད་པ་དཀྱིལ་འཁོར་སྒྲུབ། །

རེ་དང་དོགས་པར་འཛིན་པ ] པ W · དང་འདུག་པ་སྒྲུབ་པའོ་འདུ ] བསྒྲུབ P S

[p. 87] སྟོང་གསུམ་ཐམས་ཅད་དཀྱིལ་འཁོར་ལ། །ཆར་དང་ཁུ་རླངས་ཆག་ཆག་བཏབ། །འགྲོ་བའི་ལམ་དམིགས་ཐེག་ཆེན་ཏེ། །རྐང་པའི་རྗེས་ནི་རྡུལ་ཚོན་རིས། །འགྲོ་བར་འདོད་པ་སྟང་སྟབས་ཉིད། །ཡན་ལག་བསྐྱོད་པ་ཕྱག་རྒྱའོ། །ཇི་ལྟར་སྨྲས་པ་སྔགས་ཀྱི་ཚིག །བསམ་པ་རྣམས་ནི་བསྐྱེད་རིམ་ཡིན། །ཡིད་ལ་འགྱུ་བ་མཆོད་པ་ཉིད། །གཟུགས་སུ་སྣང་བ་ལྷ་ཡི་སྐུ། །སྒྲ་ཆེན་བརྗོད་པ་རོལ་མོ་ཉིད། །རང་གི་ལུས་ནི་བུམ་པ་ལ། །སྐྲ་ནི་ལོ་འདབ་ཁ་རྒྱན་མཛེས། །ཁྲག་དང་ཆུ་སེར་ཆུ་རྣམས་ཉིད། །དོན་སྙིང་ལ་སོགས་རྫས་ཀྱིས་གཏམས། །རང་ལ་སྣང་བའི་དབང་རྣམས་བྱིན། །མ་བསྐུར་ཉིད་ལ་རྫོགས་པའོ། །འདའ་བར་འདོད་པ་དམ་ཚིག་ལ། །བསྲུང་བར་འདོད་པ་བཅིངས་པ་ཡིན། །གྲོལ་བར་འདོད་པ་ཉམས་པ་སྟེ། །མེད་པར་འདོད་པ་ཐུབ་མཆོག་ཡིན། །མཐོང་བ་རྣམས་ནི་ཕྱག་རྒྱའི་

ཅད་དཀྱིལ་འཁོར་ལ་ཆར་དང་ཁུ་རླངས་ཆག་ཆག ] om. W · བར་འདོད་པ་སྟང་སྟབས་ཉིད ] སྟངས P S

[p. 88] བརྡ། །དེ་ལ་ཆགས་པ་ཉམས་མྱོང་ཡིན། །ཤེས་རིག་གསལ་བ་གདམས་ངག་ལ། །ལུས་སེམས་གཉིས་འདུས་གདབ་པའི་ཡུལ། །སྐྱེ་རྒ་ན་འཆི་གོམས་པའི་གནད། །ཚོགས་དྲུག་མ་འགགས་རྟོགས་པའོ། །ཞེས་གསུངས་སོ། །སྤྱི་དོན་གཉིས་པ་ལུས་གྲུབ་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། རྟེན་ལུས་ཀྱི་གྲུབ་ཚུལ་དངོས། །བརྟེན་པ་རྩ་ཐིག་རླུང་གསུམ་གྱི་རང་བཞིན། ཁྱབ་བྱེད་འབྱུང་བའི་ཚང་ཚུལ་ལོ། །དང་པོ་ནི། སྒྲོན་མ་སྣང་བྱེད་ལས། དེ་ནས་རིམ་གྱིས་སྣོད་བཅུད་ཀྱི། །སྣང་བ་དུ་མས་གཟུགས་བསྡུས་པ། །འདི་ཉིད་མི་ཤེས་བྱིས་པ་རྣམས། །ཟོ་ཆུ་བཞིན་ཏེ་བརྒྱུད་མར་གནས། །སོ་སོའི་ལུས་དང་ཚད་ལེན་པའོ། །ཞེས་པ་དང༌། ཇི་ལྟར་ལེན་ན། ཉི་ཟླ་ཁ་སྦྱོར་ལས། དེ་ནས་མངལ་གྱི་སྒོར་ཚུད་ནས། །ཕ་དང་མ་ཡི་རྒྱུ་རྐྱེན་ལས། །མེར་མེར་པོ་དང་ནུར་ནུར་པོ། །ལྟར་ལྟར་པོ་དང་གོར་གོར་པོ། །

པ་ལུས་གྲུབ་ཚུལ་བྱེ་བྲག ] om. W · གྲུབ་ཚུལ་བྱེ་བྲག་ཏུ་བཤད ] རག W

[p. 89] མཁྲང་འགྱུར་ཉིད་དང་ཉ་ལྟ་བུ། །རུས་སྦལ་བཞིན་དང་སྦལ་པ་བཞིན། །དེ་བཞིན་ཞག་ནི་བདུན་ཕྲག་བདུན། །ལྟེ་བ་ལས་ནི་ལུས་རྣམས་བསྐྱེད། །ཟླ་དགུ་དེ་བཞིན་ངོ་བཅུ་ན། །ལུས་རྫོགས་མ་ཡི་མངལ་ནས་འཐོན། །ཞེས་པས་བར་མ་དོའི་སེམས་ཅན་ལུས་འཚོལ་བ་དཔག་ཏུ་མེད་པ་ཕ་མ་སྦྱོར་བ་བྱེད་པའི་མངལ་སྒོར་དབྱར་གྱི་ཤ་རུལ་ལ་སྦྲང་མ་སྤུངས་པ་ལྟར་འདུ་བ་ལས། ཚེ་ཚད་མ་རྫོགས་པ་ཞག་བདུན་ཚན་ལ་སླེབས་པ་རྣམས་ཕལ་ཆེར་འཆི་ལ། ཚེ་ཚད་རྫོགས་ཤིང་ལས་མཐུན་པ་ཞིག་བཤང་ལམ་ནས་མངལ་དུ་ཞུགས་ཏེ་ལུས་ལེན་པའི་རླུང་དང་སེམས་གཉིས། ཕ་ལས་བྱུང་བའི་རྒྱུ་དངས་མ་དཀར་པོ། མ་ལས་བྱུང་བའི་རྐྱེན་དངས་མ་དམར་པོ་སྟེ་བཞི་པོ་དེ་ཁྲག་དང་འོ་མ་འདྲེས་པ་ལྟར་ཀྲུག་གིས་འདྲེས་ཏེ་ལུས་སུ་གྲུབ་དུས་རྒྱུ་རྐྱེན་གཉིས་པོ་དེས་ཀུན་རྫོབ་ཀྱི་འབྱུང་བ་བཞིའི་ལས་བྱེད་པས་འཕེལ་སོག་

བཞིན་དང་སྦལ་པ་བཞིན་དེ ] བ A P S · འདུ་བ་ལས་ཚེ་ཚད་མ ] ཆེ D G · མཐུན་པ་ཞིག་བཤང་ལམ་ནས ] བཤད A D · བྱུང་བའི་རྒྱུ་དངས་མ་དཀར ] དྭངས W · བྱུང་བའི་རྐྱེན་དངས་མ་དམར ] དྭངས W

[p. 90] གི་ཆ་དང༌། རླུང་སེམས་གཉིས་པོ་དེས་དོན་དམ་གྱི་འབྱུང་བ་བཞིའི་ལས་བྱེད་པས་ལུས་འཛིན་པ་དང་འབྱེད་སྡུད་ཀྱི་སྨིན་སོར་བྱེད་པས་ལུས་བསྐྱེད་དོ། །དེ་ཡང་ཞག་བདུན་ཚན་དུ་ངེས་པ་ནི། འབྱུང་བ་སོ་སོ་ལ་ཞག་རེ། གཉིས་གཉིས་འདུས་པ་ལ་ཞག་གཉིས། གཅིག་འདུས་པ་ལ་ཞག་གཅིག་སྟེ་བདུན་ནོ། །འདི་ལ་འབྱུང་བཞིས་བསྐྱེད་ཚུལ་གྱི་རིམ་པ་སྤྱིར་བསྟན་པ་དང༌། ཞག་གི་འབྱུང་བའི་ཆ་དབྱེ་བ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། འབྱུང་བཞིའི་བྱེད་ལས་བཞི་ལས་ཞག་དང་པོ་ལ་ཆུའི་ཟུག་པས་བསྡུས། དེ་ནས་བྱེར་བས་སོ་སོར་བྱེ། སྙོམས་པར་གཅིག་ཏུ་བསྲེས་པ་ལས་ཆུའི་རྩ་རབ་ཏུ་ཕྲ་བ་རྟ་རྔ་བརྒྱར་གཤགས་པ་ཙམ་ཞིག་མའི་གཡས་སུ་ཐང་ཆོད་དུ་བརྒྱངས་ནས་ཆགས་སོ། །དེའི་དུས་སུ་མའི་ལུས་ཀྱང་རབ་ཏུ་གྲང་ངོ༌། །དེ་ནས་ཞག་གཉིས་པ་ལ་སའི་བྱེད་པའི་ལས་གསུམ་བྱས་པས་སའི་རྩ་དེ་ཙམ་ཞིག་

བསྟན་པ་དང་ཞག་གི་འབྱུང ] ཞིག W · ཏུ་བཤད་པ་⁁་གཉིས་ལས ] ལ W · བས་སོ་སོར་བྱེ་སྙོམས་པར ] བྱེད W

[p. 91] གཡོན་དུ་ཐང་ཆོད་དུ་ཆགས་པས་མ་ཡང་མགོ་འཁོར་ཞིང་ཤེས་པ་ལྕིའོ། །དེ་ནས་གསུམ་པ་ལ་མེའི་བྱེད་པའི་ལས་གསུམ་གྱིས་གོང་ལྟར་བྱས་པས་རྒྱབ་ཏུ་རྩ་དེ་ཙམ་ཆགས་པས་མ་ལ་རྡུལ་འབྱུང་ཞིང་ལུས་ཚའོ། །དེ་ནས་བཞི་པ་ལ་རླུང་གི་ལས་གསུམ་གྱིས་དང་པོས་བསྡུས་བར་དུ་གཏོར། མཐར་བསྲེས་པས་མའི་མདུན་དུ་རླུང་གི་རྩ་རྟ་རྔ་བརྒྱའི་ཆ་ཙམ་ཆགས་ཏེ་འདིའི་དུས་སུ་མའི་ཤེས་པ་ཡང་ཤིན་ཏུ་གསལ་ལོ། །འདིའི་སྐབས་སུ་འབྱུང་བཞི་སོ་སོའི་ཆ་ཆེ་ཆུང་གིས་མའི་ལུས་ཀྱང་སོ་སོར་འབྱུང་བའི་སྨིན་སོ་བྱེད་དོ། །ལྔ་པ་ལ་ཆུ་དང་ས་གཉིས་ཀྱིས་གཅིག་ཏུ་བསྡུས་ཤིང་བརྟན་པར་བྱས། དྲུག་པ་ལ་མེ་དང་རླུང་གིས་སྨིན་ཅིང་གསལ་བར་བྱས། བདུན་པ་ལ་མ་ནིང་གི་འབྱུང་བ་ནམ་མཁའི་ལས་ཀྱིས་གོ་ཕྱེ་བས་གོང་གི་བཞི་པོ་དེ་གཅིག་ཏུ་བྱས་པ་ལས་རྩ་ཕྲ་མོ་བཞི་པོ་དེའི་ནང་དུ་རྩ་གནས་ཀྱི་ཡི་གེ་ཁཾ་སུཾ་རཾ་ཡཾ་བཞི་

འཁོར་ཞིང་ཤེས་པ་ལྕིའོ་དེ ] པའི W · པས་རྒྱབ་ཏུ་རྩ་དེ་ཙམ ] om. W · པས་མ་ལ་རྡུལ་འབྱུང་ཞིང ] རྔུལ W · འབྱུང་ཞིང་ལུས་ཚའོ་དེ་ནས ] ཆའོ D G · དང་པོས་བསྡུས་བར་དུ་གཏོར ] པར A D G · རླུང་གི་རྩ་རྟ་རྔ་བརྒྱའི ] ལྟ W · ཏེ་འདིའི་དུས་སུ་མའི་ཤེས ] ས W · ལ་ཆུ་དང་ས་གཉིས་ཀྱིས ] om. W · དེ་གཅིག་ཏུ་བྱས་པ་ལས ] བབས W

[p. 92] གསལ་བར་ཆགས་སོ། །དེ་ལྟར་འབྱུང་བཞི་སོ་སོའི་བྱེད་ལས་ཀྱིས་རླུང་སེམས་གཉིས་རྒྱུ་རྐྱེན་གཉིས་ཏེ་མེར་མེར་པོའི་རྣམ་པ་ཡུངས་འབྲུ་ཉིས་འགྱུར་ཙམ་དུ་གནས་པའི་ཐིག་ལེ་ཟླུམ་པོའི་ནང་དུ་ཐིག་ལེ་མིག་ཆུང་ཤིན་ཏུ་ཕྲ་བ་གཅིག་ཆགས་སོ། །དེ་དག་ནི་འབྱུང་བ་རང་ངོའི་བྱེད་ལས་ཏེ་འདི་དུས་སུ་མེར་མེར་པོ་དེ་ཆུའི་བརླན་གྱིས་བཤིག སའི་ལྗིད་ཀྱིས་མནན། མེའི་དྲོད་ཀྱིས་བསྲེགས། རླུང་གི་ཤུགས་ཀྱིས་གཏོར་བས་ནམ་མཁའ་ལ་སྤྲིན་ཆད་པའི་རྣམ་པ་ལྟར་དུམ་བུར་ལོང་གིས་སོང་ངོ༌། །དེ་ནས་ཡང་ལས་དང་བག་ཆགས་ཀྱི་དབང་གིས་ནུབ་བརྒྱད་པ་ལ་ཆུས་གཅིག་ཏུ་བསྡུས་ཏེ་ནུར་ནུར་པོའི་རྟེན་སྲན་མ་བཅུ་ཆ་ཙམ་ལས་ཤར་གྱི་རྩ་བསྐྱེད། །དགུ་པ་ལ་སས་གཅིག་ཏུ་བསྲེས་ཏེ་སྲན་མ་དགུ་ཆ་ཙམ་ལས་ལྷོའི་རྩ་བསྐྱེད། བཅུ་པ་ལ་མེས་སྨིན་པར་བྱས་ཏེ་སྲན་མ་བདུན་ཆ་ཙམ་ལས་ནུབ་ཀྱི་རྩ་བསྐྱེད། བཅུ་གཅིག་པ་ལ་

ཏུ་ཕྲ་བ་གཅིག་ཆགས་སོ ] གཅི W · བྱས་ཏེ་སྲན་མ་བདུན་ཆ་ཙམ ] om. W

[p. 93] རླུང་གིས་བསྐྱོད་པས་སྲན་མ་ལྔ་ཆའི་ནང་དུ་བྱང་གི་རྩ་བསྐྱེད། བཅུ་གཉིས་པ་ལ་ཆུ་དང་སས་བསྡུས་ཤིང་བརྟན་པར་བྱས་ཏེ་སྲན་མའི་རྡོག་པོ་ཙམ་ལ་ནུར་ནུར་པོའི་མིག་ཆུང་གཉིས་དང་འབྱུང་བ་བཞིའི་རྩ་རེ་ཐག་བརྒྱངས་པ་ལྟ་བུ་བཞི་ཆགས། བཅུ་གསུམ་པ་ལ་མེ་དང་རླུང་གིས་སྨིན་པར་བྱས། བཅུ་བཞི་པ་ལ་ནམ་མཁས་གོ་ཕྱེ་བས་ལུས་ཀྱི་དབུས་ལྟེ་བའི་རྩ་མདུད་ལས་རྩ་བཞི་རེ་ཐག་བརྒྱངས་པ་ལྟར་ཆགས་པའི་དབུས་ཀྱི་སྒྲོན་མའི་སྤྱན་དང་འབྱུང་བའི་སྤྱན་གྱི་མིག་ཆུང་གཉིས་པོ་དེ་སྔར་བས་རབ་ཏུ་གསལ་བར་བྱས་སོ། །མིག་ཆུང་གི་ནང་དུ་ཡེ་ཤེས་ཀྱི་ངོ་བོ་ཤིན་ཏུ་ཕྲ་ཞིང་བརྟག་པར་དཀའ་བ་ཞིག་ཀྱང་གནས་སོ། །དེ་ནས་ཡང་འབྱུང་བ་བཞི་ཆར་གྱི་བྱེད་ལས་འཁྲུགས་པས་ཡང་བཤིག་ནས་ཟླ་བ་ཕྱེད་པའི་ནུབ་མོ་སྔ་མ་བཞིན་བསྡུས་ཏེ་སྲན་མ་ཉིས་འགྱུར་ཙམ་དུ་བྱས་པ་ལས་རླུང་གིས་བསྐྱོད་ཅིང་དཀྲུགས་པས་དྲོད་

པ་ལ་ནམ་མཁས་གོ་ཕྱེ ] མཁའ W · བས་ལུས་ཀྱི་དབུས་ལྟེ་བའི ] དུས W · ཡང་འབྱུང་བ་བཞི་ཆར་གྱི ] བཞིར W
[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the divisions of each unit; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The first levels of the outline of the whole work are on the contents page.
2 Detailed explanation of how the body is formed ལུས་གྲུབ་ཚུལ་བྱེ་བྲག་ཏུ་བཤད་པ [p. 88]
Explains how the deluded being's body forms in the womb through the relative and ultimate elements, the channels, winds and bindus it supports, and the completeness of the fivefold pervading elements within it.
2.1 The actual way in which the body, the support, is formed རྟེན་ལུས་ཀྱི་གྲུབ་ཚུལ་དངོས [p. 88]
Following the Illuminating Lamp and Union of Sun and Moon, describes conception and the day-by-day growth of the embryo over forty-nine days through the elements. It explains which element predominates each week, its link to the afflictions, and how relative and ultimate elements complete the body until birth.
2.1.1 General presentation of the stages of how the four elements generate the body འབྱུང་བཞིས་བསྐྱེད་ཚུལ་གྱི་རིམ་པ་སྤྱིར་བསྟན་པ [p. 90]
A day-by-day account of embryonic development: the creamy stage with its channels, syllables and bindu; the gelatinous, elongated and rounded stages; then the four wheels, three main channels, sense faculties and limbs, until the body is complete at forty-nine days.
2.1.1.1 Formation of the creamy stage in the first seven days མེར་མེར་པོ་ཞག་བདུན་དུ་ཆགས་ཚུལ [p. 90] topical
In the first week each element forms a fine channel on the right, left, back and front, with effects on the mother; combined elements and space set the syllables khaṃ, suṃ, raṃ, yaṃ in them, forming the creamy bindu with its small eye, which is then broken apart.
2.1.1.2 The gelatinous, elongated and rounded stages ནུར་ནུར་པོ་ལྟར་ལྟར་པོ་གོར་གོར་པོའི་རིམ་པ [p. 92] topical
From the eighth to the twenty-eighth day the four directional channels, the eyes of the lamps and of the elements, the refined essences of warmth, flesh and breath, and the supports of cognition, mind and afflictions form, producing the gelatinous, elongated and rounded stages.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 83] arise as the play of the primordial wisdom of the dharmadhātu (chos dbyings ye shes), and all activity and all appearances appear as the great self-arising of the view and meditation (lta sgom) of dharmatā. The explanation of this utter purity[75]Note 75 · p. 83 · snang ba'i rnam dag: Claude Fable 5.2 takes this as "purity of appearances". I read snang ba'i with the preceding rang shar chen por ("the utter purity in which all appear as the great self-arising…"), as Dharmamitra and Gemini 4 Neon do. is given in the Reverberation of Sound (Thal 'gyur):

Further, what is to be thoroughly explained:
That the nature of deluded appearance
Is primordial wisdom was not seen before.
Since delusion with its conceptual thought has no ground,
The all-ground (kun gzhi) is realized (rtogs pa) as the great dharmakāya;
The stream of delusion's own conceptual thought is cut.
Appearance thus free of delusion
Comes from the key point (gnad) of primordial liberation (ye nas grol ba).
That the aggregates of beings are primordially
The kāya of buddhahood (sangs rgyas), no one has recognized.[76]Note 76 · p. 83 · sus ma rig / sus ma mthong: Dharmamitra, GPT-6.2 Astra, Gemini 4 Neon render these as rhetorical questions ("who has not recognized…?"), which in English suggests that everyone has. In parallel with the declarative sngar ma mthong ("was not seen before") I follow Claude Fable 5.2: "no one has recognized / seen".
That the aggregates are the sovereign buddhas
Comes from the places of the channels (rtsa) being established as syllables.[77]Note 77 · p. 83 · rtsa gnas yi ger grub: read as "the places of the channels being established as syllables" (so GPT-6.2 Astra, Gemini 4 Neon, Claude Fable 5.2); Dharmamitra takes gnas as a verb ("the channels' abiding as syllables").
That the primordial wisdom from the water-bubble eye (chu bur mig)
Is self-appearance, no one has seen.
The deluded appearances that come from that
Come from the key point of the lamps (sgron ma).
Further, because the very comportment of the body
Is liberated as the three kāyas (sku gsum),

[p. 84] All activity is dharmatā.
All that is spoken in speech, however it is said,
Is the secret recitation of Secret Mantra (gsang sngags);
It comes from the key point of the emanation of seed syllables.
That all the hosts of conceptual thoughts in the minds of beings
Are meditative concentration (bsam gtan)—why is this not known?
Since there is liberation through realizing one's own mind,[78]Note 78 · p. 84 · rang sems rtogs las grol bas na: the text has rtogs ("realization"). Dharmamitra and Gemini 4 Neon translate as if it read rtog ("liberated/free from conceptualization"); I follow the text with GPT-6.2 Astra and Claude Fable 5.2 ("liberation through realizing one's own mind").
That comes from the key point of the elements.[80]Note 80 · p. 84 · 'byung ba'i gnad: rendered "key point of the elements" with all drafts; "key point of arising" is conceivable but less likely alongside the parallel key points of channels, lamps and syllables.
Since everything is thus dharmatā,
There is nothing whatever to be taken up
And not the slightest thing to be set aside:
It is dharmatā, which exists nowhere.
From doing, speaking and thinking[79]Note 79 · p. 84 · bya byed brjod dang bsam pa las: Dharmamitra construes this as "liberated from activity, expression and thought". The las goes with rtogs: it is from doing, speaking and thinking (the three doors) that the key point is realized (so GPT-6.2 Astra, Gemini 4 Neon, Claude Fable 5.2).
The key point of the liberation of saṃsāra and nirvāṇa is realized;
There is not even one who has not awakened,
And the three realms of saṃsāra are emptied from their depths.
Further, since all sentient beings of the three realms
Do not go beyond body, speech and mind,
The three kāyas need not be sought elsewhere;
Even if sought, there is no place where they are found.
At what has not arisen and has no arising,

[p. 85] To look and thereby see is a great wonder.
In the play of this great wonder
There is no dividing buddhas from sentient beings.
Like clouds in the sky,
Self-arisen, it is complete in itself, and so at peace.
By the distinctive feature of the direct perception of dharmatā (chos nyid mngon sum)
There are neither sharp nor dull faculties,
And so all sentient beings
Do not abide as anything other than buddha.
Because embodied beings are pervaded by mind,
There is no sentient being who is not a buddha.
Like the fruit from a seed,
The key point of the fundamental disposition, one's own nature,
Is not a matter of spoken words;
Since it appears clearly as an object (yul) of the sense faculties,
It is the very identity of liberation through naked seeing (cer mthong).
Further, by way of conditions (rkyen),[81]Note 81 · p. 85 · rkyen gyis: Gemini 4 Neon's "sentient beings formed through conditions" and GPT-6.2 Astra's "given the conditions, … fails to awaken" miss the sense. The following lines (birth, womb, aging, sickness, death) show that the conditions themselves are the grounds for beings' buddhahood, hence "by way of conditions" (Claude Fable 5.2). among sentient beings
There is not even one who has not awakened.
Because self-appearance accords in character with primordial wisdom,
Saṃsāra has primordially never existed.
Therefore each and every one is buddha.
When birth itself is realized,[82]Note 82 · p. 85 · The page ends on skye ba, the first word of a verse line completed on p. 86 (skye ba nyid ni rtogs pa las). I have rendered that whole line ("When birth itself is realized,") so that the next part can begin at mngal du gnas pa.

[p. 86] Abiding in the womb is the dharmadhātu[83]Note 83 · p. 86 · The opening words ཉིད་ནི་རྟོགས་པ་ལས were already rendered at the end of the previous part ("When birth itself is realized,") and are not repeated; the translation begins with མངལ་དུ་གནས་པ. (chos kyi dbyings).
Since body and mind come together, expanse and awareness (dbyings rig) are connected.
Since one abides in a body, there are the three kāyas.
Through aging, phenomena are exhausted (chos zad) and deluded appearances cease.
Through sickness, dharmatā is experienced.
Through death, there is emptiness (stong pa), with nothing to identify.
Therefore sentient beings are buddhas.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (The root tantra of the Seventeen Tantras; the name 'gsang ba sgra rgyud' appears to refer to it as well.)
The quoted words were not found among the texts on this wiki.

And the Pearl Garland says:

However one speaks and whatever one does
Is the conduct (spyod pa) of clear, empty awareness.
Conceptual thoughts of good and bad
Are the meditation (sgom pa), a river's great vast expanse[84]Note 84 · p. 86 · སྒོམ་པ་ཆུ་བོའི་ཀློང་ཆེན་ཡིན: GPT-6.2 Astra and Dharmamitra read "the great expanse of the river of meditation". With Claude Fable 5.2 and Gemini 4 Neon I take sgom pa as the predicate, parallel to conduct, view and fruition in the neighbouring couplets. (klong).
Wrong views and those held to be authentic[86]Note 86 · p. 86 · ལོག་ལྟ་ཡང་དག་འདོད་པ་རྣམས: read as a pair, "wrong views and those held to be authentic", parallel to good/bad and hope/fear, as all drafts do; "those who hold wrong views to be authentic" is grammatically possible but less likely.
Are the view (lta ba) of yoga (rnal 'byor), free of partiality.
All grasping in hope and fear
Is the fruition ('bras bu), unimpeded transparency (zang ma thal byung)[85]Note 85 · p. 86 · ཟང་མ་ཐལ་བྱུང is taken as a metrical variant of zang thal and rendered with the glossary's "unimpeded transparency"; the drafts have "open and unobstructed", "unimpeded openness" and the like. come forth.
For one who truly desires mahāmudrā (phyag rgya chen po),
Eating and drinking are the approach,
And lying down and sitting are the accomplishment.
Formations are the preparatory consecration.
Brain and phlegm accomplish the maṇḍala[87]Note 87 · p. 86 · ཀླད་དང་ལུད་པ ("brain and phlegm") is translated as it stands; the ritual correspondence intended is not certain. (dkyil 'khor).

[p. 87] The whole trichiliocosm is the maṇḍala,
And rain and mist are the water sprinkled upon it.
The path one walks, held in view,[88]Note 88 · p. 87 · འགྲོ་བའི་ལམ་དམིགས: Dharmamitra takes 'gro ba as "wandering beings". The surrounding lines (footprints, the wish to go, moving the limbs) show it means "going", as in GPT-6.2 Astra, Claude Fable 5.2 and Gemini 4 Neon. is the Great Vehicle (theg chen),
And the footprints are the designs in coloured powder.
The wish to go is itself the dance stance;
Moving the limbs is the mudrā (phyag rgya).
Whatever is spoken is the words of mantra (sngags).
Thoughts are the generation stage.
Movement in mentation (yid) is itself the offering.
What appears as form is the kāya of the deity (lha).[89]Note 89 · p. 87 · ལྷ་ཡི་སྐུ: "kāya of the deity" by the glossary rule for sku; the drafts have "body of the deity".
Uttering loud sounds is itself the music.
One's own body is the vase,
And the hair is its foliage, the beautiful ornament of its mouth.
Blood and lymph are themselves its waters.
It is filled with substances, the heart and the other vital organs.
The empowerments (dbang) that appear to oneself are bestowed;
Without being conferred, they are complete.
Wishing to transgress is the samaya[90]Note 90 · p. 87 · འདའ་བར་འདོད་པ་དམ་ཚིག: Dharmamitra has "the wish to transcend it"; 'da' ba with samaya is "to transgress", as in GPT-6.2 Astra, Claude Fable 5.2 and Gemini 4 Neon. (dam tshig),
And wishing to guard it is bondage.
Wishing to be liberated is its impairment;
Wishing there to be none is the supreme Sage.[91]Note 91 · p. 87 · མེད་པར་འདོད་པ་ཐུབ་མཆོག་ཡིན: Claude Fable 5.2 reads 'dod pa as "holding (it) to be nonexistent", Dharmamitra as "the wish for nothingness". I keep "wishing", parallel to the three preceding lines, and leave open what is wished absent (most naturally the samaya).
All that is seen is the mudrā's

[p. 88] Symbol;
Attachment to it is meditative experience.
Clear cognizant awareness (shes rig) is the oral instruction (gdams ngag),
And the coming together of body and mind is the object to which it is applied.[92]Note 92 · p. 88 · གདབ་པའི་ཡུལ: Gemini 4 Neon has "the recipient to whom it is imparted". I follow GPT-6.2 Astra, Claude Fable 5.2 and Dharmamitra: body and mind together are the object to which the instruction is applied.
Birth, aging, sickness and death are the key point of familiarization (goms pa).
The unceasing six collections of consciousness (tshogs drug) are realization.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Klong chen rab byams gsung 'bum/volume 016 432 (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 82 % of the words.

So it is said.

2 Detailed explanation of how the body is formed ལུས་གྲུབ་ཚུལ་བྱེ་བྲག་ཏུ་བཤད་པ2 Detailed explanation of how the body is formed
Explains how the deluded being's body forms in the womb through the relative and ultimate elements, the channels, winds and bindus it supports, and the completeness of the fivefold pervading elements within it.

The second general topic, the detailed explanation of how the body is formed, has three parts: the actual way in which the body, the support (rten), is formed; the nature of what is supported, the three of channels, bindus (thig le) and winds (rlung); and the way in which the pervading elements are complete.

2.1 The actual way in which the body, the support, is formed རྟེན་ལུས་ཀྱི་གྲུབ་ཚུལ་དངོས2.1 The actual way in which the body, the support, is formed
Following the Illuminating Lamp and Union of Sun and Moon, describes conception and the day-by-day growth of the embryo over forty-nine days through the elements. It explains which element predominates each week, its link to the afflictions, and how relative and ultimate elements complete the body until birth.

As for the first:

The Illuminating Lamp says:

Then, by stages, the manifold appearances
Of the world and its inhabitants draw form together.
The childish, who do not know this very thing,
Remain in unbroken succession, like a water-wheel,
Taking on their respective bodies and measures (tshad).Sgron ma snang byedQuotation (named in the text: སྒྲོན་མ་སྣང་བྱེད་ལས)
སྒྲོན་མ་སྣང་བྱེད་ཀྱི་རྒྱུད, sgron ma snang byed kyi rgyud, The Illuminating Lamp · tantra
Identification: low confidence (Not one of the Seventeen Tantras; the scripture itself has not been traced.)
The quoted words are in Klong chen rab byams gsung 'bum/volume 007 198 (a parallel: མཁའ་འགྲོ་སྙིང་ཏིག་གི་མན་ངག་ཟབ་དོན་རྒྱ་མཚོའི་སྤྲིན), 77 % of the words.
[93]Note 93 · p. 88 · ཚད in སོ་སོའི་ལུས་དང་ཚད: Dharmamitra has "life spans". I keep the open "measures", which may cover size and lifespan alike.

And as for how these are taken on, the Union of Sun and Moon says:

Then, having entered the door of the womb,
From the cause and condition of father and mother
Come the creamy stage and the gelatinous stage[94]Note 94 · p. 88 · The four embryonic stages follow the house glossary (creamy, gelatinous, elongated, rounded); the drafts' renderings vary and partly conflict with it. (nur nur po),
The elongated stage (ltar ltar po) and the rounded stage (gor gor po),

[p. 89] The hardening itself, and the likeness of a fish,
The likeness of a tortoise and the likeness of a frog.
Thus, over seven periods of seven days,
The parts of the body are generated from the navel.
After nine months, in the tenth by count,[95]Note 95 · p. 89 · ཟླ་དགུ་དེ་བཞིན་ངོ་བཅུ་ན: the idiom is nine full months, ten by count (so Claude Fable 5.2). GPT-6.2 Astra and Gemini 4 Neon have "nine months or ten".
The body is complete and emerges from the mother's womb.Nyi zla kha sbyorQuotation (named in the text: ཉི་ཟླ་ཁ་སྦྱོར་ལས)
ཉི་མ་དང་ཟླ་བ་ཁ་སྦྱོར་བ་ཆེན་པོ་གསང་བའི་རྒྱུད, nyi ma dang zla ba kha sbyor ba chen po gsang ba'i rgyud, The Union of Sun and Moon · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Klong chen rab byams gsung 'bum/volume 009 278 (a parallel), 64 % of the words.

As this says, countless sentient beings of the intermediate state (bar ma do) who are seeking a body gather at the womb-door of a father and mother engaged in union, like flies heaped upon rotten meat in summer. Of these, those whose span of life is not complete, on reaching a seven-day period, for the most part die,[97]Note 97 · p. 89 · ཚེ་ཚད་མ་རྫོགས་པ་…འཆི: translated literally. GPT-6.2 Astra and Dharmamitra add "in that state / in the intermediate state", which is a likely interpretation but is not in the Tibetan. while one whose span of life is complete and whose karma accords enters the womb by way of the anal passage.[96]Note 96 · p. 89 · བཤང་ལམ is the passage of excrement, hence "anal passage" (GPT-6.2 Astra; Dharmamitra "passage of waste"). Gemini 4 Neon's "secret passage" is a mistranslation and Claude Fable 5.2's "lower passage" a euphemism. The two, wind and mind, that take up a body; the cause, the white refined essence (dangs ma) that comes from the father; and the condition, the red refined essence that comes from the mother: these four blend all at once, like blood and milk being mixed. When they are forming into a body, those two, the cause and the condition, perform the function of the four relative elements (kun rdzob kyi 'byung ba bzhi), and so there is the aspect of[99]Note 99 · p. 89 · The last sentence runs on to p. 90. I have drawn in གི་ཆ ("the aspect of") from the top of the next page for the sake of English word order and stop there. Dharmamitra translated on into p. 90; that material belongs to the next part. growth and accumulation,[98]Note 98 · p. 89 · འཕེལ་སོག: read as "growth and accumulation" (sog = gsog), with Claude Fable 5.2 and Dharmamitra. GPT-6.2 Astra and Gemini 4 Neon ("growth and the like / and so forth") read it as sogs.

[p. 90] and those two, wind and mind, perform the function[100]Note 100 · p. 90 · The opening words གི་ཆ་དང་ were already rendered at the end of the previous part ("the aspect of growth and accumulation,"), so the translation resumes with རླུང་སེམས་གཉིས་པོ་དེས. Dharmamitra omits this whole sentence on wind and mind and the four ultimate elements. of the four ultimate elements (don dam gyi 'byung ba bzhi), and so they hold the body and bring about the ripening of separating and gathering; thereby the body is generated.

Now, that this is fixed in periods of seven days is as follows: there is one day for each of the elements individually, two days for their combining two by two, and one day for their combining into one, making seven. Regarding this there are two parts: a general presentation of the stages of how the four elements ('byung ba bzhi) generate the body, and a specific explanation dividing the portions of the elements by days.

2.1.1 General presentation of the stages of how the four elements generate the body འབྱུང་བཞིས་བསྐྱེད་ཚུལ་གྱི་རིམ་པ་སྤྱིར་བསྟན་པ2.1.1 General presentation of the stages of how the four elements generate the body
A day-by-day account of embryonic development: the creamy stage with its channels, syllables and bindu; the gelatinous, elongated and rounded stages; then the four wheels, three main channels, sense faculties and limbs, until the body is complete at forty-nine days.

First:

2.1.1.1 Formation of the creamy stage in the first seven days མེར་མེར་པོ་ཞག་བདུན་དུ་ཆགས་ཚུལ2.1.1.1 Formation of the creamy stage in the first seven days (topical division)
In the first week each element forms a fine channel on the right, left, back and front, with effects on the mother; combined elements and space set the syllables khaṃ, suṃ, raṃ, yaṃ in them, forming the creamy bindu with its small eye, which is then broken apart.

from among the four functions of the four elements,[101]Note 101 · p. 90 · འབྱུང་བཞིའི་བྱེད་ལས་བཞི་ལས: the text says "four functions", although three functions (gathering, separating, blending) are then listed for each element. Translated as it stands. on the first day water, by penetrating, gathers them; then, by dispersing, it separates them out individually; and from its blending them evenly into one, an extremely fine water channel, only about a horsetail hair split into a hundred, forms, stretched taut on the mother's right. At that time the mother's body, too, is very cold. Then, on the second day, the three functions that earth performs are carried out, and so an earth channel of just that size

[p. 91] forms, taut, on the left; because of this the mother, too, is dizzy and her cognition is heavy.[103]Note 103 · p. 91 · ཤེས་པ་ of the mother is rendered "cognition" per the glossary (Gemini 4 Neon, Claude Fable 5.2, GPT-6.2 Astra "mind", Dharmamitra "consciousness"). Then, on the third, the three functions that fire performs act as above, and so a channel of just that size forms at the back; because of this the mother perspires and her body is hot.[102]Note 102 · p. 91 · མ་ལ་རྡུལ་འབྱུང་: the text reads rdul ("dust"; also menstrual blood, as GPT-6.2 Astra takes it). With Gemini 4 Neon, Claude Fable 5.2 and Dharmamitra I read rngul, "sweat", an easy scribal confusion. It suits the fire element and the parallel maternal symptoms (cold, heaviness, heat, clarity). The emendation is conjectural. Then, on the fourth, through the three functions of wind, of which the first gathers, the intermediate one scatters and the last blends, a wind channel only about a hundredth part of a horsetail hair forms at the mother's front; and at this time the mother's cognition, too, is extremely clear. On this occasion, according to the greater or lesser share of each of the four elements, the mother's body, too, undergoes the ripening of the elements individually.

On the fifth, water and earth together gather them into one and make them stable. On the sixth, fire and wind ripen them and make them clear. On the seventh, the function of space, the neuter (ma ning) element,[104]Note 104 · p. 91 · མ་ནིང་གི་འབྱུང་བ་: "neuter" (Gemini 4 Neon, Claude Fable 5.2) rather than "neutral" (GPT-6.2 Astra, Dharmamitra), which the glossary reserves for lung ma bstan. opens up room, whereby those four above are made one; and from this, within those four fine channels, the four syllables that abide in the channels, khaṃ, suṃ, raṃ and yaṃ,

[p. 92] form clearly.

In that way, through the functions of each of the four elements, the two, wind and mind, and the two, cause and condition,[105]Note 105 · p. 92 · རླུང་སེམས་གཉིས་རྒྱུ་རྐྱེན་གཉིས་ཏེ: taken as the four constituents named earlier (wind, mind, the father's white essence as cause, the mother's red essence as condition), with Gemini 4 Neon, Claude Fable 5.2, GPT-6.2 Astra. Dharmamitra's "wind and mind serving as the two causes and conditions" contradicts the preceding definition of cause and condition. are present in the aspect of the creamy stage[106]Note 106 · p. 92 · མེར་མེར་པོ་ and ནུར་ནུར་པོ་ follow the glossary ("creamy stage", "gelatinous stage"); the drafts' renderings vary (Gemini 4 Neon and Dharmamitra even use "gelatinous"/"oval" for mer mer po). as a round bindu about twice the size of a mustard seed; and within it there forms a single, extremely fine bindu, the small eye (mig chung). Those are the functions of the elements in their own right.[107]Note 107 · p. 92 · འབྱུང་བ་རང་ངོའི་བྱེད་ལས: rang ngo here means "in their own right / themselves", not the glossary's technical "own face". At this time that mass at the creamy stage is broken down by the moisture of water, pressed down by the weight of earth, burned by the heat of fire and scattered by the force of wind, so that, in the manner of clouds breaking up in the sky, it billows apart into fragments.[108]Note 108 · p. 92 · དུམ་བུར་ལོང་གིས་སོང་: long gis is taken as an ideophone of billowing (cf. long long), with GPT-6.2 Astra; Claude Fable 5.2 and Dharmamitra have "suddenly".

2.1.1.2 The gelatinous, elongated and rounded stages ནུར་ནུར་པོ་ལྟར་ལྟར་པོ་གོར་གོར་པོའི་རིམ་པ2.1.1.2 The gelatinous, elongated and rounded stages (topical division)
From the eighth to the twenty-eighth day the four directional channels, the eyes of the lamps and of the elements, the refined essences of warmth, flesh and breath, and the supports of cognition, mind and afflictions form, producing the gelatinous, elongated and rounded stages.

Then again, through the power of karma and habitual tendencies, on the eighth night water gathers it into one, and from the support of the gelatinous stage, about a tenth of a pea in size, the eastern channel is generated. On the ninth, earth blends it into one, and from what is about a ninth of a pea the southern channel is generated. On the tenth, fire ripens it, and from what is about a seventh of a pea the western channel is generated. On the eleventh,

[p. 93] wind moves it, whereby within what is a fifth of a pea the northern channel is generated. On the twelfth, water and earth gather it and make it stable, and in what is about the size of a whole pea there form the two small eyes of the gelatinous stage and the four channels of the four elements, like hair-cords stretched taut.[109]Note 109 · p. 93 · རེ་ཐག་བརྒྱངས་པ་: since the phrase recurs unchanged after རྩ་བཞི, I take re thag as a compound, a cord of coarse hair (re ba), as with tent ropes: Gemini 4 Neon "tent cords", Claude Fable 5.2 "hair-ropes". GPT-6.2 Astra reads re as "each". The exact sense of re thag is uncertain. On the thirteenth, fire and wind ripen it. On the fourteenth, space opens up room, whereby those two small eyes, the eye of the lamps (sgron ma'i spyan) and the eye of the elements ('byung ba'i spyan), at the centre of the four channels that have formed[110]Note 110 · p. 93 · ཆགས་པའི་དབུས་ཀྱི་སྒྲོན་མའི་སྤྱན་: dbus kyi is construed with the preceding clause, "at the centre of the four channels that have formed" (Gemini 4 Neon, Claude Fable 5.2, GPT-6.2 Astra), not as "the central lamp" (Dharmamitra). like hair-cords stretched taut from the channel-knot (rtsa mdud) of the navel at the centre of the body, are made far clearer than before. Within the small eyes there also abides the essence of primordial wisdom,[111]Note 111 · p. 93 · ཡེ་ཤེས་ is "primordial wisdom" per the glossary (Claude Fable 5.2 "gnosis", GPT-6.2 Astra "knowing", Dharmamitra "wisdom"). something extremely subtle and difficult to examine.

Then once again the functions of all four elements are thrown into turmoil, and so it is broken down again; on the night of the half-month it is gathered as before and made about twice the size of a pea, from which, as wind moves and churns it, an extremely thin refined essence of warmth, only about a fly's wing split into a hundred,[112]Note 112 · p. 93 · The last sentence runs on to the next page (དྲོད་ / ཀྱི་དངས་མ་…གནས་སོ།). Because the genitive is split across the page break, I have finished the sentence here, as Dharmamitra does; the next part should begin after རབ་ཏུ་གསལ་བར་གནས་སོ. སྦྲང་བུ་ is rendered "fly" (Dharmamitra "bee"). forms within the channel of the western direction, so that the refined essence of cognition abides with great clarity.

Translation notes
  • 75. [p. 83] snang ba'i rnam dag: Claude Fable 5.2 takes this as "purity of appearances". I read snang ba'i with the preceding rang shar chen por ("the utter purity in which all appear as the great self-arising…"), as Dharmamitra and Gemini 4 Neon do.
  • 76. [p. 83] sus ma rig / sus ma mthong: Dharmamitra, GPT-6.2 Astra, Gemini 4 Neon render these as rhetorical questions ("who has not recognized…?"), which in English suggests that everyone has. In parallel with the declarative sngar ma mthong ("was not seen before") I follow Claude Fable 5.2: "no one has recognized / seen".
  • 77. [p. 83] rtsa gnas yi ger grub: read as "the places of the channels being established as syllables" (so GPT-6.2 Astra, Gemini 4 Neon, Claude Fable 5.2); Dharmamitra takes gnas as a verb ("the channels' abiding as syllables").
  • 78. [p. 84] rang sems rtogs las grol bas na: the text has rtogs ("realization"). Dharmamitra and Gemini 4 Neon translate as if it read rtog ("liberated/free from conceptualization"); I follow the text with GPT-6.2 Astra and Claude Fable 5.2 ("liberation through realizing one's own mind").
  • 79. [p. 84] bya byed brjod dang bsam pa las: Dharmamitra construes this as "liberated from activity, expression and thought". The las goes with rtogs: it is from doing, speaking and thinking (the three doors) that the key point is realized (so GPT-6.2 Astra, Gemini 4 Neon, Claude Fable 5.2).
  • 80. [p. 84] 'byung ba'i gnad: rendered "key point of the elements" with all drafts; "key point of arising" is conceivable but less likely alongside the parallel key points of channels, lamps and syllables.
  • 81. [p. 85] rkyen gyis: Gemini 4 Neon's "sentient beings formed through conditions" and GPT-6.2 Astra's "given the conditions, … fails to awaken" miss the sense. The following lines (birth, womb, aging, sickness, death) show that the conditions themselves are the grounds for beings' buddhahood, hence "by way of conditions" (Claude Fable 5.2).
  • 82. [p. 85] The page ends on skye ba, the first word of a verse line completed on p. 86 (skye ba nyid ni rtogs pa las). I have rendered that whole line ("When birth itself is realized,") so that the next part can begin at mngal du gnas pa.
  • 83. [p. 86] The opening words ཉིད་ནི་རྟོགས་པ་ལས were already rendered at the end of the previous part ("When birth itself is realized,") and are not repeated; the translation begins with མངལ་དུ་གནས་པ.
  • 84. [p. 86] སྒོམ་པ་ཆུ་བོའི་ཀློང་ཆེན་ཡིན: GPT-6.2 Astra and Dharmamitra read "the great expanse of the river of meditation". With Claude Fable 5.2 and Gemini 4 Neon I take sgom pa as the predicate, parallel to conduct, view and fruition in the neighbouring couplets.
  • 85. [p. 86] ཟང་མ་ཐལ་བྱུང is taken as a metrical variant of zang thal and rendered with the glossary's "unimpeded transparency"; the drafts have "open and unobstructed", "unimpeded openness" and the like.
  • 86. [p. 86] ལོག་ལྟ་ཡང་དག་འདོད་པ་རྣམས: read as a pair, "wrong views and those held to be authentic", parallel to good/bad and hope/fear, as all drafts do; "those who hold wrong views to be authentic" is grammatically possible but less likely.
  • 87. [p. 86] ཀླད་དང་ལུད་པ ("brain and phlegm") is translated as it stands; the ritual correspondence intended is not certain.
  • 88. [p. 87] འགྲོ་བའི་ལམ་དམིགས: Dharmamitra takes 'gro ba as "wandering beings". The surrounding lines (footprints, the wish to go, moving the limbs) show it means "going", as in GPT-6.2 Astra, Claude Fable 5.2 and Gemini 4 Neon.
  • 89. [p. 87] ལྷ་ཡི་སྐུ: "kāya of the deity" by the glossary rule for sku; the drafts have "body of the deity".
  • 90. [p. 87] འདའ་བར་འདོད་པ་དམ་ཚིག: Dharmamitra has "the wish to transcend it"; 'da' ba with samaya is "to transgress", as in GPT-6.2 Astra, Claude Fable 5.2 and Gemini 4 Neon.
  • 91. [p. 87] མེད་པར་འདོད་པ་ཐུབ་མཆོག་ཡིན: Claude Fable 5.2 reads 'dod pa as "holding (it) to be nonexistent", Dharmamitra as "the wish for nothingness". I keep "wishing", parallel to the three preceding lines, and leave open what is wished absent (most naturally the samaya).
  • 92. [p. 88] གདབ་པའི་ཡུལ: Gemini 4 Neon has "the recipient to whom it is imparted". I follow GPT-6.2 Astra, Claude Fable 5.2 and Dharmamitra: body and mind together are the object to which the instruction is applied.
  • 93. [p. 88] ཚད in སོ་སོའི་ལུས་དང་ཚད: Dharmamitra has "life spans". I keep the open "measures", which may cover size and lifespan alike.
  • 94. [p. 88] The four embryonic stages follow the house glossary (creamy, gelatinous, elongated, rounded); the drafts' renderings vary and partly conflict with it.
  • 95. [p. 89] ཟླ་དགུ་དེ་བཞིན་ངོ་བཅུ་ན: the idiom is nine full months, ten by count (so Claude Fable 5.2). GPT-6.2 Astra and Gemini 4 Neon have "nine months or ten".
  • 96. [p. 89] བཤང་ལམ is the passage of excrement, hence "anal passage" (GPT-6.2 Astra; Dharmamitra "passage of waste"). Gemini 4 Neon's "secret passage" is a mistranslation and Claude Fable 5.2's "lower passage" a euphemism.
  • 97. [p. 89] ཚེ་ཚད་མ་རྫོགས་པ་…འཆི: translated literally. GPT-6.2 Astra and Dharmamitra add "in that state / in the intermediate state", which is a likely interpretation but is not in the Tibetan.
  • 98. [p. 89] འཕེལ་སོག: read as "growth and accumulation" (sog = gsog), with Claude Fable 5.2 and Dharmamitra. GPT-6.2 Astra and Gemini 4 Neon ("growth and the like / and so forth") read it as sogs.
  • 99. [p. 89] The last sentence runs on to p. 90. I have drawn in གི་ཆ ("the aspect of") from the top of the next page for the sake of English word order and stop there. Dharmamitra translated on into p. 90; that material belongs to the next part.
  • 100. [p. 90] The opening words གི་ཆ་དང་ were already rendered at the end of the previous part ("the aspect of growth and accumulation,"), so the translation resumes with རླུང་སེམས་གཉིས་པོ་དེས. Dharmamitra omits this whole sentence on wind and mind and the four ultimate elements.
  • 101. [p. 90] འབྱུང་བཞིའི་བྱེད་ལས་བཞི་ལས: the text says "four functions", although three functions (gathering, separating, blending) are then listed for each element. Translated as it stands.
  • 102. [p. 91] མ་ལ་རྡུལ་འབྱུང་: the text reads rdul ("dust"; also menstrual blood, as GPT-6.2 Astra takes it). With Gemini 4 Neon, Claude Fable 5.2 and Dharmamitra I read rngul, "sweat", an easy scribal confusion. It suits the fire element and the parallel maternal symptoms (cold, heaviness, heat, clarity). The emendation is conjectural.
  • 103. [p. 91] ཤེས་པ་ of the mother is rendered "cognition" per the glossary (Gemini 4 Neon, Claude Fable 5.2, GPT-6.2 Astra "mind", Dharmamitra "consciousness").
  • 104. [p. 91] མ་ནིང་གི་འབྱུང་བ་: "neuter" (Gemini 4 Neon, Claude Fable 5.2) rather than "neutral" (GPT-6.2 Astra, Dharmamitra), which the glossary reserves for lung ma bstan.
  • 105. [p. 92] རླུང་སེམས་གཉིས་རྒྱུ་རྐྱེན་གཉིས་ཏེ: taken as the four constituents named earlier (wind, mind, the father's white essence as cause, the mother's red essence as condition), with Gemini 4 Neon, Claude Fable 5.2, GPT-6.2 Astra. Dharmamitra's "wind and mind serving as the two causes and conditions" contradicts the preceding definition of cause and condition.
  • 106. [p. 92] མེར་མེར་པོ་ and ནུར་ནུར་པོ་ follow the glossary ("creamy stage", "gelatinous stage"); the drafts' renderings vary (Gemini 4 Neon and Dharmamitra even use "gelatinous"/"oval" for mer mer po).
  • 107. [p. 92] འབྱུང་བ་རང་ངོའི་བྱེད་ལས: rang ngo here means "in their own right / themselves", not the glossary's technical "own face".
  • 108. [p. 92] དུམ་བུར་ལོང་གིས་སོང་: long gis is taken as an ideophone of billowing (cf. long long), with GPT-6.2 Astra; Claude Fable 5.2 and Dharmamitra have "suddenly".
  • 109. [p. 93] རེ་ཐག་བརྒྱངས་པ་: since the phrase recurs unchanged after རྩ་བཞི, I take re thag as a compound, a cord of coarse hair (re ba), as with tent ropes: Gemini 4 Neon "tent cords", Claude Fable 5.2 "hair-ropes". GPT-6.2 Astra reads re as "each". The exact sense of re thag is uncertain.
  • 110. [p. 93] ཆགས་པའི་དབུས་ཀྱི་སྒྲོན་མའི་སྤྱན་: dbus kyi is construed with the preceding clause, "at the centre of the four channels that have formed" (Gemini 4 Neon, Claude Fable 5.2, GPT-6.2 Astra), not as "the central lamp" (Dharmamitra).
  • 111. [p. 93] ཡེ་ཤེས་ is "primordial wisdom" per the glossary (Claude Fable 5.2 "gnosis", GPT-6.2 Astra "knowing", Dharmamitra "wisdom").
  • 112. [p. 93] The last sentence runs on to the next page (དྲོད་ / ཀྱི་དངས་མ་…གནས་སོ།). Because the genitive is split across the page break, I have finished the sentence here, as Dharmamitra does; the next part should begin after རབ་ཏུ་གསལ་བར་གནས་སོ. སྦྲང་བུ་ is rendered "fly" (Dharmamitra "bee").
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the text announces and opens), gold the quotations, red the words of a quotation that Longchenpa repeats in order to explain them, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Words of a quotation being explainedAuthor's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 83]
ཡེ་ཤེས་རོལ་པར་ཤར་ཞིང༌། བྱ་བྱེད་དང་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་ལྟ་སྒོམ་རང་ཤར་ཆེན་པོར་སྣང་བའི་རྣམ་དག་བཤད་པ་ནི། ཐལ་འགྱུར་ལས། གཞན་ཡང་རབ་ཏུ་བཤད་བྱ་བ།
།སྣང་བ་འཁྲུལ་པའི་རང་བཞིན་ནི།
།ཡེ་ཤེས་ཡིན་པར་སྔར་མ་མཐོང༌།
།རྟོག་བཅས་འཁྲུལ་པའི་གཞི་མེད་པས།
།ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས།
།འཁྲུལ་པའི་རང་རྟོག་རྒྱུན་ཆད་དོ།
།དེ་ལྟར་འཁྲུལ་མེད་སྣང་བ་ནི།
།ཡེ་ནས་གྲོལ་བའི་གནད་ལས་བྱུང༌།
།འགྲོ་བའི་ཕུང་པོ་སངས་རྒྱས་སྐུ།
།ཡེ་ནས་ཡིན་པར་སུས་མ་རིག །ཕུང་པོ་སངས་རྒྱས་མངའ་བདག་ཏུ།
།རྩ་གནས་ཡི་གེར་གྲུབ་ལས་བྱུང༌།
།ཆུ་བུར་མིག་ལས་ཡེ་ཤེས་ནི།
།རང་སྣང་ཡིན་པར་སུས་མ་མཐོང༌།
།དེ་ལས་འཁྲུལ་པའི་སྣང་བ་ནི།
།སྒྲོན་མའི་གནད་ལས་བྱུང་བའོ།
།གཞན་ཡང་ལུས་ཀྱི་སྤྱོད་ལམ་ཉིད།
།སྐུ་གསུམ་དག་ཏུ་གྲོལ་བའི་

arise as the play of the primordial wisdom of the dharmadhātu (chos dbyings ye shes), and all activity and all appearances appear as the great self-arising of the view and meditation (lta sgom) of dharmatā. The explanation of this utter purity[75]Note 75 · p. 83 · snang ba'i rnam dag: Claude Fable 5.2 takes this as "purity of appearances". I read snang ba'i with the preceding rang shar chen por ("the utter purity in which all appear as the great self-arising…"), as Dharmamitra and Gemini 4 Neon do. is given in the Reverberation of Sound (Thal 'gyur):

Further, what is to be thoroughly explained:
That the nature of deluded appearance
Is primordial wisdom was not seen before.
Since delusion with its conceptual thought has no ground,
The all-ground (kun gzhi) is realized (rtogs pa) as the great dharmakāya;
The stream of delusion's own conceptual thought is cut.
Appearance thus free of delusion
Comes from the key point (gnad) of primordial liberation (ye nas grol ba).
That the aggregates of beings are primordially
The kāya of buddhahood (sangs rgyas), no one has recognized.[76]Note 76 · p. 83 · sus ma rig / sus ma mthong: Dharmamitra, GPT-6.2 Astra, Gemini 4 Neon render these as rhetorical questions ("who has not recognized…?"), which in English suggests that everyone has. In parallel with the declarative sngar ma mthong ("was not seen before") I follow Claude Fable 5.2: "no one has recognized / seen".
That the aggregates are the sovereign buddhas
Comes from the places of the channels (rtsa) being established as syllables.[77]Note 77 · p. 83 · rtsa gnas yi ger grub: read as "the places of the channels being established as syllables" (so GPT-6.2 Astra, Gemini 4 Neon, Claude Fable 5.2); Dharmamitra takes gnas as a verb ("the channels' abiding as syllables").
That the primordial wisdom from the water-bubble eye (chu bur mig)
Is self-appearance, no one has seen.
The deluded appearances that come from that
Come from the key point of the lamps (sgron ma).
Further, because the very comportment of the body
Is liberated as the three kāyas (sku gsum),

[p. 84]
ཕྱིར།
།བྱ་བྱེད་ཐམས་ཅད་ཆོས་ཉིད་དོ།
།ངག་ཏུ་ཇི་ལྟར་སྨྲས་པ་ཀུན།
།གསང་སྔགས་གསང་བའི་བཟླས་པ་སྟེ།
།ཡིག་འབྲུ་རྣམ་སྤྲུལ་གནད་ལས་བྱུང༌།
།འགྲོ་བའི་སེམས་ཀྱི་རྟོག་ཚོགས་ཀུན།
།བསམ་གཏན་ཡིན་པ་ཅིས་མ་ཤེས།
།རང་སེམས་རྟོགས་ལས་གྲོལ་བས་ན།
།དེ་ནི་འབྱུང་བའི་གནད་ལས་བྱུང༌།
།དེ་ལྟར་ཐམས་ཅད་ཆོས་ཉིད་པས།
།བླང་བར་བྱ་བ་གང་མེད་ཅིང༌།
།གཞག་པར་བྱ་བ་ཅུང་ཟད་མེད།
།གང་དུ་མེད་པའི་ཆོས་ཉིད་དོ།
།བྱ་བྱེད་བརྗོད་དང་བསམ་པ་ལས།
།འཁོར་འདས་གྲོལ་བའི་གནད་རྟོགས་ཏེ།
།སངས་མ་རྒྱས་པ་གཅིག་ཀྱང་མེད།
།ཁམས་གསུམ་འཁོར་བ་དོང་སྤྲུག་གོ །གཞན་ཡང་ཁམས་གསུམ་སེམས་ཅན་ཀུན།
།ལུས་ངག་ཡིད་ལས་མ་འདས་པས།
།སྐུ་གསུམ་གཞན་དུ་བཙལ་མི་དགོས།
།བཙལ་ཀྱང་རྙེད་པའི་གནས་མེད་དོ།
།མ་བྱུང་བྱུང་བ་མེད་པ་ལ།
།

All activity is dharmatā.
All that is spoken in speech, however it is said,
Is the secret recitation of Secret Mantra (gsang sngags);
It comes from the key point of the emanation of seed syllables.
That all the hosts of conceptual thoughts in the minds of beings
Are meditative concentration (bsam gtan)—why is this not known?
Since there is liberation through realizing one's own mind,[78]Note 78 · p. 84 · rang sems rtogs las grol bas na: the text has rtogs ("realization"). Dharmamitra and Gemini 4 Neon translate as if it read rtog ("liberated/free from conceptualization"); I follow the text with GPT-6.2 Astra and Claude Fable 5.2 ("liberation through realizing one's own mind").
That comes from the key point of the elements.[80]Note 80 · p. 84 · 'byung ba'i gnad: rendered "key point of the elements" with all drafts; "key point of arising" is conceivable but less likely alongside the parallel key points of channels, lamps and syllables.
Since everything is thus dharmatā,
There is nothing whatever to be taken up
And not the slightest thing to be set aside:
It is dharmatā, which exists nowhere.
From doing, speaking and thinking[79]Note 79 · p. 84 · bya byed brjod dang bsam pa las: Dharmamitra construes this as "liberated from activity, expression and thought". The las goes with rtogs: it is from doing, speaking and thinking (the three doors) that the key point is realized (so GPT-6.2 Astra, Gemini 4 Neon, Claude Fable 5.2).
The key point of the liberation of saṃsāra and nirvāṇa is realized;
There is not even one who has not awakened,
And the three realms of saṃsāra are emptied from their depths.
Further, since all sentient beings of the three realms
Do not go beyond body, speech and mind,
The three kāyas need not be sought elsewhere;
Even if sought, there is no place where they are found.
At what has not arisen and has no arising,

[p. 85]
བལྟས་པས་མཐོང་བ་ངོ་མཚར་ཆེ།
།ངོ་མཚར་ཆེན་པོའི་རོལ་པ་ནི།
།སངས་རྒྱས་སེམས་ཅན་འབྱེད་པ་མེད།
།ནམ་མཁའ་ལ་ནི་སྤྲིན་བཞིན་དུ།
།རང་བྱུང་རང་ལ་རྫོགས་པས་ཞི།
།ཆོས་ཉིད་མངོན་སུམ་ཁྱད་པར་གྱིས།
།དབང་པོ་རྣོ་དང་རྟུལ་མེད་པས།
།སེམས་ཅན་ཐམས་ཅད་སངས་རྒྱས་ལས།
།གཞན་དུ་གནས་པ་མ་ཡིན་ནོ།
།ལུས་ཅན་སེམས་ཀྱིས་ཁྱབ་པའི་ཕྱིར།
།སངས་རྒྱས་མ་ཡིན་སེམས་ཅན་མེད།
།ས་བོན་ལས་ནི་འབྲས་བུ་བཞིན།
།རང་གི་རང་བཞིན་གཤིས་ཀྱི་གནད།
།བརྗོད་པའི་ཚིག་གིས་མ་ཡིན་པར།
།དབང་པོའི་ཡུལ་ལ་གསལ་སྣང་བས།
།ཅེར་མཐོང་གྲོལ་བའི་བདག་ཉིད་དོ།
།གཞན་ཡང་རྐྱེན་གྱིས་སེམས་ཅན་རྣམས།
།སངས་མ་རྒྱས་པ་གཅིག་ཀྱང་མེད།
།རང་སྣང་ཡེ་ཤེས་ཆོས་མཐུན་ཕྱིར།
།འཁོར་བ་ཡེ་ནས་ཡོད་མ་ཡིན།
།དེ་ཕྱིར་རང་རང་སངས་རྒྱས་སོ།
།སྐྱེ་བ་

To look and thereby see is a great wonder.
In the play of this great wonder
There is no dividing buddhas from sentient beings.
Like clouds in the sky,
Self-arisen, it is complete in itself, and so at peace.
By the distinctive feature of the direct perception of dharmatā (chos nyid mngon sum)
There are neither sharp nor dull faculties,
And so all sentient beings
Do not abide as anything other than buddha.
Because embodied beings are pervaded by mind,
There is no sentient being who is not a buddha.
Like the fruit from a seed,
The key point of the fundamental disposition, one's own nature,
Is not a matter of spoken words;
Since it appears clearly as an object (yul) of the sense faculties,
It is the very identity of liberation through naked seeing (cer mthong).
Further, by way of conditions (rkyen),[81]Note 81 · p. 85 · rkyen gyis: Gemini 4 Neon's "sentient beings formed through conditions" and GPT-6.2 Astra's "given the conditions, … fails to awaken" miss the sense. The following lines (birth, womb, aging, sickness, death) show that the conditions themselves are the grounds for beings' buddhahood, hence "by way of conditions" (Claude Fable 5.2). among sentient beings
There is not even one who has not awakened.
Because self-appearance accords in character with primordial wisdom,
Saṃsāra has primordially never existed.
Therefore each and every one is buddha.
When birth itself is realized,[82]Note 82 · p. 85 · The page ends on skye ba, the first word of a verse line completed on p. 86 (skye ba nyid ni rtogs pa las). I have rendered that whole line ("When birth itself is realized,") so that the next part can begin at mngal du gnas pa.

[p. 86]
ཉིད་ནི་རྟོགས་པ་ལས།
།མངལ་དུ་གནས་པ་ཆོས་ཀྱི་དབྱིངས།
།ལུས་སེམས་འདུས་པས་དབྱིངས་རིག་འབྲེལ།
།ལུས་སུ་གནས་པས་སྐུ་གསུམ་སྟེ།
།རྒས་པས་ཆོས་ཟད་འཁྲུལ་སྣང་འགག །ན་བས་ཆོས་ཉིད་ཉམས་སུ་མྱོང༌།
།ཤི་བས་སྟོང་པ་ངོས་གཟུང་མེད།
།དེས་ན་སེམས་ཅན་སངས་རྒྱས་སོ།
།ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། ཇི་ལྟར་སྨྲ་དང་བྱ་བྱེད་རྣམས།
།སྟོང་རིག་གསལ་བའི་སྤྱོད་པ་ཡིན།
།བཟང་དང་ངན་པའི་རྟོག་པ་རྣམས།
།སྒོམ་པ་ཆུ་བོའི་ཀློང་ཆེན་ཡིན།
།ལོག་ལྟ་ཡང་དག་འདོད་པ་རྣམས།
།རྣལ་འབྱོར་རིས་མེད་ལྟ་བ་ཡིན།
།རེ་དང་དོགས་པར་འཛིན་པ་ཀུན།
།ཟང་མ་ཐལ་བྱུང་འབྲས་བུ་ཡིན།
།ཕྱག་རྒྱ་ཆེན་པོ་མངོན་འདོད་པས།
།བཟའ་དང་བཏུང་བ་བསྙེན་པ་ལ།
།ཉལ་དང་འདུག་པ་སྒྲུབ་པའོ།
།འདུ་བྱེད་རྣམས་ནི་ལྷག་གནས་ཡིན།
།ཀླད་དང་ལུད་པ་དཀྱིལ་འཁོར་སྒྲུབ།
།

Abiding in the womb is the dharmadhātu[83]Note 83 · p. 86 · The opening words ཉིད་ནི་རྟོགས་པ་ལས were already rendered at the end of the previous part ("When birth itself is realized,") and are not repeated; the translation begins with མངལ་དུ་གནས་པ. (chos kyi dbyings).
Since body and mind come together, expanse and awareness (dbyings rig) are connected.
Since one abides in a body, there are the three kāyas.
Through aging, phenomena are exhausted (chos zad) and deluded appearances cease.
Through sickness, dharmatā is experienced.
Through death, there is emptiness (stong pa), with nothing to identify.
Therefore sentient beings are buddhas.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (The root tantra of the Seventeen Tantras; the name 'gsang ba sgra rgyud' appears to refer to it as well.)
The quoted words were not found among the texts on this wiki.

And the Pearl Garland says:

However one speaks and whatever one does
Is the conduct (spyod pa) of clear, empty awareness.
Conceptual thoughts of good and bad
Are the meditation (sgom pa), a river's great vast expanse[84]Note 84 · p. 86 · སྒོམ་པ་ཆུ་བོའི་ཀློང་ཆེན་ཡིན: GPT-6.2 Astra and Dharmamitra read "the great expanse of the river of meditation". With Claude Fable 5.2 and Gemini 4 Neon I take sgom pa as the predicate, parallel to conduct, view and fruition in the neighbouring couplets. (klong).
Wrong views and those held to be authentic[86]Note 86 · p. 86 · ལོག་ལྟ་ཡང་དག་འདོད་པ་རྣམས: read as a pair, "wrong views and those held to be authentic", parallel to good/bad and hope/fear, as all drafts do; "those who hold wrong views to be authentic" is grammatically possible but less likely.
Are the view (lta ba) of yoga (rnal 'byor), free of partiality.
All grasping in hope and fear
Is the fruition ('bras bu), unimpeded transparency (zang ma thal byung)[85]Note 85 · p. 86 · ཟང་མ་ཐལ་བྱུང is taken as a metrical variant of zang thal and rendered with the glossary's "unimpeded transparency"; the drafts have "open and unobstructed", "unimpeded openness" and the like. come forth.
For one who truly desires mahāmudrā (phyag rgya chen po),
Eating and drinking are the approach,
And lying down and sitting are the accomplishment.
Formations are the preparatory consecration.
Brain and phlegm accomplish the maṇḍala[87]Note 87 · p. 86 · ཀླད་དང་ལུད་པ ("brain and phlegm") is translated as it stands; the ritual correspondence intended is not certain. (dkyil 'khor).

[p. 87]
སྟོང་གསུམ་ཐམས་ཅད་དཀྱིལ་འཁོར་ལ།
།ཆར་དང་ཁུ་རླངས་ཆག་ཆག་བཏབ།
།འགྲོ་བའི་ལམ་དམིགས་ཐེག་ཆེན་ཏེ།
།རྐང་པའི་རྗེས་ནི་རྡུལ་ཚོན་རིས།
།འགྲོ་བར་འདོད་པ་སྟང་སྟབས་ཉིད།
།ཡན་ལག་བསྐྱོད་པ་ཕྱག་རྒྱའོ།
།ཇི་ལྟར་སྨྲས་པ་སྔགས་ཀྱི་ཚིག །བསམ་པ་རྣམས་ནི་བསྐྱེད་རིམ་ཡིན།
།ཡིད་ལ་འགྱུ་བ་མཆོད་པ་ཉིད།
།གཟུགས་སུ་སྣང་བ་ལྷ་ཡི་སྐུ།
།སྒྲ་ཆེན་བརྗོད་པ་རོལ་མོ་ཉིད།
།རང་གི་ལུས་ནི་བུམ་པ་ལ།
།སྐྲ་ནི་ལོ་འདབ་ཁ་རྒྱན་མཛེས།
།ཁྲག་དང་ཆུ་སེར་ཆུ་རྣམས་ཉིད།
།དོན་སྙིང་ལ་སོགས་རྫས་ཀྱིས་གཏམས།
།རང་ལ་སྣང་བའི་དབང་རྣམས་བྱིན།
།མ་བསྐུར་ཉིད་ལ་རྫོགས་པའོ།
།འདའ་བར་འདོད་པ་དམ་ཚིག་ལ།
།བསྲུང་བར་འདོད་པ་བཅིངས་པ་ཡིན།
།གྲོལ་བར་འདོད་པ་ཉམས་པ་སྟེ།
།མེད་པར་འདོད་པ་ཐུབ་མཆོག་ཡིན།
།མཐོང་བ་རྣམས་ནི་ཕྱག་རྒྱའི་

The whole trichiliocosm is the maṇḍala,
And rain and mist are the water sprinkled upon it.
The path one walks, held in view,[88]Note 88 · p. 87 · འགྲོ་བའི་ལམ་དམིགས: Dharmamitra takes 'gro ba as "wandering beings". The surrounding lines (footprints, the wish to go, moving the limbs) show it means "going", as in GPT-6.2 Astra, Claude Fable 5.2 and Gemini 4 Neon. is the Great Vehicle (theg chen),
And the footprints are the designs in coloured powder.
The wish to go is itself the dance stance;
Moving the limbs is the mudrā (phyag rgya).
Whatever is spoken is the words of mantra (sngags).
Thoughts are the generation stage.
Movement in mentation (yid) is itself the offering.
What appears as form is the kāya of the deity (lha).[89]Note 89 · p. 87 · ལྷ་ཡི་སྐུ: "kāya of the deity" by the glossary rule for sku; the drafts have "body of the deity".
Uttering loud sounds is itself the music.
One's own body is the vase,
And the hair is its foliage, the beautiful ornament of its mouth.
Blood and lymph are themselves its waters.
It is filled with substances, the heart and the other vital organs.
The empowerments (dbang) that appear to oneself are bestowed;
Without being conferred, they are complete.
Wishing to transgress is the samaya[90]Note 90 · p. 87 · འདའ་བར་འདོད་པ་དམ་ཚིག: Dharmamitra has "the wish to transcend it"; 'da' ba with samaya is "to transgress", as in GPT-6.2 Astra, Claude Fable 5.2 and Gemini 4 Neon. (dam tshig),
And wishing to guard it is bondage.
Wishing to be liberated is its impairment;
Wishing there to be none is the supreme Sage.[91]Note 91 · p. 87 · མེད་པར་འདོད་པ་ཐུབ་མཆོག་ཡིན: Claude Fable 5.2 reads 'dod pa as "holding (it) to be nonexistent", Dharmamitra as "the wish for nothingness". I keep "wishing", parallel to the three preceding lines, and leave open what is wished absent (most naturally the samaya).
All that is seen is the mudrā's

[p. 88]
བརྡ།
།དེ་ལ་ཆགས་པ་ཉམས་མྱོང་ཡིན།
།ཤེས་རིག་གསལ་བ་གདམས་ངག་ལ།
།ལུས་སེམས་གཉིས་འདུས་གདབ་པའི་ཡུལ།
།སྐྱེ་རྒ་ན་འཆི་གོམས་པའི་གནད།
།ཚོགས་དྲུག་མ་འགགས་རྟོགས་པའོ།
།ཞེས་གསུངས་སོ། །སྤྱི་དོན་གཉིས་པ་ལུས་གྲུབ་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། རྟེན་ལུས་ཀྱི་གྲུབ་ཚུལ་དངོས། །བརྟེན་པ་རྩ་ཐིག་རླུང་གསུམ་གྱི་རང་བཞིན། ཁྱབ་བྱེད་འབྱུང་བའི་ཚང་ཚུལ་ལོ། །དང་པོ་ནི། སྒྲོན་མ་སྣང་བྱེད་ལས། དེ་ནས་རིམ་གྱིས་སྣོད་བཅུད་ཀྱི།
།སྣང་བ་དུ་མས་གཟུགས་བསྡུས་པ།
།འདི་ཉིད་མི་ཤེས་བྱིས་པ་རྣམས།
།ཟོ་ཆུ་བཞིན་ཏེ་བརྒྱུད་མར་གནས།
།སོ་སོའི་ལུས་དང་ཚད་ལེན་པའོ།
།ཞེས་པ་དང༌། ཇི་ལྟར་ལེན་ན། ཉི་ཟླ་ཁ་སྦྱོར་ལས། དེ་ནས་མངལ་གྱི་སྒོར་ཚུད་ནས།
།ཕ་དང་མ་ཡི་རྒྱུ་རྐྱེན་ལས།
།མེར་མེར་པོ་དང་ནུར་ནུར་པོ།
།ལྟར་ལྟར་པོ་དང་གོར་གོར་པོ།
།

Symbol;
Attachment to it is meditative experience.
Clear cognizant awareness (shes rig) is the oral instruction (gdams ngag),
And the coming together of body and mind is the object to which it is applied.[92]Note 92 · p. 88 · གདབ་པའི་ཡུལ: Gemini 4 Neon has "the recipient to whom it is imparted". I follow GPT-6.2 Astra, Claude Fable 5.2 and Dharmamitra: body and mind together are the object to which the instruction is applied.
Birth, aging, sickness and death are the key point of familiarization (goms pa).
The unceasing six collections of consciousness (tshogs drug) are realization.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Klong chen rab byams gsung 'bum/volume 016 432 (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 82 % of the words.

So it is said.

2 Detailed explanation of how the body is formed ལུས་གྲུབ་ཚུལ་བྱེ་བྲག་ཏུ་བཤད་པ2 Detailed explanation of how the body is formed
Explains how the deluded being's body forms in the womb through the relative and ultimate elements, the channels, winds and bindus it supports, and the completeness of the fivefold pervading elements within it.

The second general topic, the detailed explanation of how the body is formed, has three parts: the actual way in which the body, the support (rten), is formed; the nature of what is supported, the three of channels, bindus (thig le) and winds (rlung); and the way in which the pervading elements are complete.

2.1 The actual way in which the body, the support, is formed རྟེན་ལུས་ཀྱི་གྲུབ་ཚུལ་དངོས2.1 The actual way in which the body, the support, is formed
Following the Illuminating Lamp and Union of Sun and Moon, describes conception and the day-by-day growth of the embryo over forty-nine days through the elements. It explains which element predominates each week, its link to the afflictions, and how relative and ultimate elements complete the body until birth.

As for the first:

The Illuminating Lamp says:

Then, by stages, the manifold appearances
Of the world and its inhabitants draw form together.
The childish, who do not know this very thing,
Remain in unbroken succession, like a water-wheel,
Taking on their respective bodies and measures (tshad).Sgron ma snang byedQuotation (named in the text: སྒྲོན་མ་སྣང་བྱེད་ལས)
སྒྲོན་མ་སྣང་བྱེད་ཀྱི་རྒྱུད, sgron ma snang byed kyi rgyud, The Illuminating Lamp · tantra
Identification: low confidence (Not one of the Seventeen Tantras; the scripture itself has not been traced.)
The quoted words are in Klong chen rab byams gsung 'bum/volume 007 198 (a parallel: མཁའ་འགྲོ་སྙིང་ཏིག་གི་མན་ངག་ཟབ་དོན་རྒྱ་མཚོའི་སྤྲིན), 77 % of the words.
[93]Note 93 · p. 88 · ཚད in སོ་སོའི་ལུས་དང་ཚད: Dharmamitra has "life spans". I keep the open "measures", which may cover size and lifespan alike.

And as for how these are taken on, the Union of Sun and Moon says:

Then, having entered the door of the womb,
From the cause and condition of father and mother
Come the creamy stage and the gelatinous stage[94]Note 94 · p. 88 · The four embryonic stages follow the house glossary (creamy, gelatinous, elongated, rounded); the drafts' renderings vary and partly conflict with it. (nur nur po),
The elongated stage (ltar ltar po) and the rounded stage (gor gor po),

[p. 89]
མཁྲང་འགྱུར་ཉིད་དང་ཉ་ལྟ་བུ།
།རུས་སྦལ་བཞིན་དང་སྦལ་པ་བཞིན།
།དེ་བཞིན་ཞག་ནི་བདུན་ཕྲག་བདུན།
།ལྟེ་བ་ལས་ནི་ལུས་རྣམས་བསྐྱེད།
།ཟླ་དགུ་དེ་བཞིན་ངོ་བཅུ་ན།
།ལུས་རྫོགས་མ་ཡི་མངལ་ནས་འཐོན།
།ཞེས་པས་བར་མ་དོའི་སེམས་ཅན་ལུས་འཚོལ་བ་དཔག་ཏུ་མེད་པ་ཕ་མ་སྦྱོར་བ་བྱེད་པའི་མངལ་སྒོར་དབྱར་གྱི་ཤ་རུལ་ལ་སྦྲང་མ་སྤུངས་པ་ལྟར་འདུ་བ་ལས། ཚེ་ཚད་མ་རྫོགས་པ་ཞག་བདུན་ཚན་ལ་སླེབས་པ་རྣམས་ཕལ་ཆེར་འཆི་ལ། ཚེ་ཚད་རྫོགས་ཤིང་ལས་མཐུན་པ་ཞིག་བཤང་ལམ་ནས་མངལ་དུ་ཞུགས་ཏེ་ལུས་ལེན་པའི་རླུང་དང་སེམས་གཉིས། ཕ་ལས་བྱུང་བའི་རྒྱུ་དངས་མ་དཀར་པོ། མ་ལས་བྱུང་བའི་རྐྱེན་དངས་མ་དམར་པོ་སྟེ་བཞི་པོ་དེ་ཁྲག་དང་འོ་མ་འདྲེས་པ་ལྟར་ཀྲུག་གིས་འདྲེས་ཏེ་ལུས་སུ་གྲུབ་དུས་རྒྱུ་རྐྱེན་གཉིས་པོ་དེས་ཀུན་རྫོབ་ཀྱི་འབྱུང་བ་བཞིའི་ལས་བྱེད་པས་འཕེལ་སོག་

The hardening itself, and the likeness of a fish,
The likeness of a tortoise and the likeness of a frog.
Thus, over seven periods of seven days,
The parts of the body are generated from the navel.
After nine months, in the tenth by count,[95]Note 95 · p. 89 · ཟླ་དགུ་དེ་བཞིན་ངོ་བཅུ་ན: the idiom is nine full months, ten by count (so Claude Fable 5.2). GPT-6.2 Astra and Gemini 4 Neon have "nine months or ten".
The body is complete and emerges from the mother's womb.Nyi zla kha sbyorQuotation (named in the text: ཉི་ཟླ་ཁ་སྦྱོར་ལས)
ཉི་མ་དང་ཟླ་བ་ཁ་སྦྱོར་བ་ཆེན་པོ་གསང་བའི་རྒྱུད, nyi ma dang zla ba kha sbyor ba chen po gsang ba'i rgyud, The Union of Sun and Moon · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Klong chen rab byams gsung 'bum/volume 009 278 (a parallel), 64 % of the words.

As this says, countless sentient beings of the intermediate state (bar ma do) who are seeking a body gather at the womb-door of a father and mother engaged in union, like flies heaped upon rotten meat in summer. Of these, those whose span of life is not complete, on reaching a seven-day period, for the most part die,[97]Note 97 · p. 89 · ཚེ་ཚད་མ་རྫོགས་པ་…འཆི: translated literally. GPT-6.2 Astra and Dharmamitra add "in that state / in the intermediate state", which is a likely interpretation but is not in the Tibetan. while one whose span of life is complete and whose karma accords enters the womb by way of the anal passage.[96]Note 96 · p. 89 · བཤང་ལམ is the passage of excrement, hence "anal passage" (GPT-6.2 Astra; Dharmamitra "passage of waste"). Gemini 4 Neon's "secret passage" is a mistranslation and Claude Fable 5.2's "lower passage" a euphemism. The two, wind and mind, that take up a body; the cause, the white refined essence (dangs ma) that comes from the father; and the condition, the red refined essence that comes from the mother: these four blend all at once, like blood and milk being mixed. When they are forming into a body, those two, the cause and the condition, perform the function of the four relative elements (kun rdzob kyi 'byung ba bzhi), and so there is the aspect of[99]Note 99 · p. 89 · The last sentence runs on to p. 90. I have drawn in གི་ཆ ("the aspect of") from the top of the next page for the sake of English word order and stop there. Dharmamitra translated on into p. 90; that material belongs to the next part. growth and accumulation,[98]Note 98 · p. 89 · འཕེལ་སོག: read as "growth and accumulation" (sog = gsog), with Claude Fable 5.2 and Dharmamitra. GPT-6.2 Astra and Gemini 4 Neon ("growth and the like / and so forth") read it as sogs.

[p. 90]
གི་ཆ་དང༌། རླུང་སེམས་གཉིས་པོ་དེས་དོན་དམ་གྱི་འབྱུང་བ་བཞིའི་ལས་བྱེད་པས་ལུས་འཛིན་པ་དང་འབྱེད་སྡུད་ཀྱི་སྨིན་སོར་བྱེད་པས་ལུས་བསྐྱེད་དོ། །དེ་ཡང་ཞག་བདུན་ཚན་དུ་ངེས་པ་ནི། འབྱུང་བ་སོ་སོ་ལ་ཞག་རེ། གཉིས་གཉིས་འདུས་པ་ལ་ཞག་གཉིས། གཅིག་འདུས་པ་ལ་ཞག་གཅིག་སྟེ་བདུན་ནོ། །འདི་ལ་འབྱུང་བཞིས་བསྐྱེད་ཚུལ་གྱི་རིམ་པ་སྤྱིར་བསྟན་པ་དང༌། ཞག་གི་འབྱུང་བའི་ཆ་དབྱེ་བ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། འབྱུང་བཞིའི་བྱེད་ལས་བཞི་ལས་ཞག་དང་པོ་ལ་ཆུའི་ཟུག་པས་བསྡུས། དེ་ནས་བྱེར་བས་སོ་སོར་བྱེ། སྙོམས་པར་གཅིག་ཏུ་བསྲེས་པ་ལས་ཆུའི་རྩ་རབ་ཏུ་ཕྲ་བ་རྟ་རྔ་བརྒྱར་གཤགས་པ་ཙམ་ཞིག་མའི་གཡས་སུ་ཐང་ཆོད་དུ་བརྒྱངས་ནས་ཆགས་སོ། །དེའི་དུས་སུ་མའི་ལུས་ཀྱང་རབ་ཏུ་གྲང་ངོ༌། །དེ་ནས་ཞག་གཉིས་པ་ལ་སའི་བྱེད་པའི་ལས་གསུམ་བྱས་པས་སའི་རྩ་དེ་ཙམ་ཞིག་

and those two, wind and mind, perform the function[100]Note 100 · p. 90 · The opening words གི་ཆ་དང་ were already rendered at the end of the previous part ("the aspect of growth and accumulation,"), so the translation resumes with རླུང་སེམས་གཉིས་པོ་དེས. Dharmamitra omits this whole sentence on wind and mind and the four ultimate elements. of the four ultimate elements (don dam gyi 'byung ba bzhi), and so they hold the body and bring about the ripening of separating and gathering; thereby the body is generated.

Now, that this is fixed in periods of seven days is as follows: there is one day for each of the elements individually, two days for their combining two by two, and one day for their combining into one, making seven. Regarding this there are two parts: a general presentation of the stages of how the four elements ('byung ba bzhi) generate the body, and a specific explanation dividing the portions of the elements by days.

2.1.1 General presentation of the stages of how the four elements generate the body འབྱུང་བཞིས་བསྐྱེད་ཚུལ་གྱི་རིམ་པ་སྤྱིར་བསྟན་པ2.1.1 General presentation of the stages of how the four elements generate the body
A day-by-day account of embryonic development: the creamy stage with its channels, syllables and bindu; the gelatinous, elongated and rounded stages; then the four wheels, three main channels, sense faculties and limbs, until the body is complete at forty-nine days.

First:

2.1.1.1 Formation of the creamy stage in the first seven days མེར་མེར་པོ་ཞག་བདུན་དུ་ཆགས་ཚུལ2.1.1.1 Formation of the creamy stage in the first seven days (topical division)
In the first week each element forms a fine channel on the right, left, back and front, with effects on the mother; combined elements and space set the syllables khaṃ, suṃ, raṃ, yaṃ in them, forming the creamy bindu with its small eye, which is then broken apart.

from among the four functions of the four elements,[101]Note 101 · p. 90 · འབྱུང་བཞིའི་བྱེད་ལས་བཞི་ལས: the text says "four functions", although three functions (gathering, separating, blending) are then listed for each element. Translated as it stands. on the first day water, by penetrating, gathers them; then, by dispersing, it separates them out individually; and from its blending them evenly into one, an extremely fine water channel, only about a horsetail hair split into a hundred, forms, stretched taut on the mother's right. At that time the mother's body, too, is very cold. Then, on the second day, the three functions that earth performs are carried out, and so an earth channel of just that size

[p. 91]
གཡོན་དུ་ཐང་ཆོད་དུ་ཆགས་པས་མ་ཡང་མགོ་འཁོར་ཞིང་ཤེས་པ་ལྕིའོ། །དེ་ནས་གསུམ་པ་ལ་མེའི་བྱེད་པའི་ལས་གསུམ་གྱིས་གོང་ལྟར་བྱས་པས་རྒྱབ་ཏུ་རྩ་དེ་ཙམ་ཆགས་པས་མ་ལ་རྡུལ་འབྱུང་ཞིང་ལུས་ཚའོ། །དེ་ནས་བཞི་པ་ལ་རླུང་གི་ལས་གསུམ་གྱིས་དང་པོས་བསྡུས་བར་དུ་གཏོར། མཐར་བསྲེས་པས་མའི་མདུན་དུ་རླུང་གི་རྩ་རྟ་རྔ་བརྒྱའི་ཆ་ཙམ་ཆགས་ཏེ་འདིའི་དུས་སུ་མའི་ཤེས་པ་ཡང་ཤིན་ཏུ་གསལ་ལོ། །འདིའི་སྐབས་སུ་འབྱུང་བཞི་སོ་སོའི་ཆ་ཆེ་ཆུང་གིས་མའི་ལུས་ཀྱང་སོ་སོར་འབྱུང་བའི་སྨིན་སོ་བྱེད་དོ། །ལྔ་པ་ལ་ཆུ་དང་ས་གཉིས་ཀྱིས་གཅིག་ཏུ་བསྡུས་ཤིང་བརྟན་པར་བྱས། དྲུག་པ་ལ་མེ་དང་རླུང་གིས་སྨིན་ཅིང་གསལ་བར་བྱས། བདུན་པ་ལ་མ་ནིང་གི་འབྱུང་བ་ནམ་མཁའི་ལས་ཀྱིས་གོ་ཕྱེ་བས་གོང་གི་བཞི་པོ་དེ་གཅིག་ཏུ་བྱས་པ་ལས་རྩ་ཕྲ་མོ་བཞི་པོ་དེའི་ནང་དུ་རྩ་གནས་ཀྱི་ཡི་གེ་ཁཾ་སུཾ་རཾ་ཡཾ་བཞི་

forms, taut, on the left; because of this the mother, too, is dizzy and her cognition is heavy.[103]Note 103 · p. 91 · ཤེས་པ་ of the mother is rendered "cognition" per the glossary (Gemini 4 Neon, Claude Fable 5.2, GPT-6.2 Astra "mind", Dharmamitra "consciousness"). Then, on the third, the three functions that fire performs act as above, and so a channel of just that size forms at the back; because of this the mother perspires and her body is hot.[102]Note 102 · p. 91 · མ་ལ་རྡུལ་འབྱུང་: the text reads rdul ("dust"; also menstrual blood, as GPT-6.2 Astra takes it). With Gemini 4 Neon, Claude Fable 5.2 and Dharmamitra I read rngul, "sweat", an easy scribal confusion. It suits the fire element and the parallel maternal symptoms (cold, heaviness, heat, clarity). The emendation is conjectural. Then, on the fourth, through the three functions of wind, of which the first gathers, the intermediate one scatters and the last blends, a wind channel only about a hundredth part of a horsetail hair forms at the mother's front; and at this time the mother's cognition, too, is extremely clear. On this occasion, according to the greater or lesser share of each of the four elements, the mother's body, too, undergoes the ripening of the elements individually.

On the fifth, water and earth together gather them into one and make them stable. On the sixth, fire and wind ripen them and make them clear. On the seventh, the function of space, the neuter (ma ning) element,[104]Note 104 · p. 91 · མ་ནིང་གི་འབྱུང་བ་: "neuter" (Gemini 4 Neon, Claude Fable 5.2) rather than "neutral" (GPT-6.2 Astra, Dharmamitra), which the glossary reserves for lung ma bstan. opens up room, whereby those four above are made one; and from this, within those four fine channels, the four syllables that abide in the channels, khaṃ, suṃ, raṃ and yaṃ,

[p. 92]
གསལ་བར་ཆགས་སོ། །དེ་ལྟར་འབྱུང་བཞི་སོ་སོའི་བྱེད་ལས་ཀྱིས་རླུང་སེམས་གཉིས་རྒྱུ་རྐྱེན་གཉིས་ཏེ་མེར་མེར་པོའི་རྣམ་པ་ཡུངས་འབྲུ་ཉིས་འགྱུར་ཙམ་དུ་གནས་པའི་ཐིག་ལེ་ཟླུམ་པོའི་ནང་དུ་ཐིག་ལེ་མིག་ཆུང་ཤིན་ཏུ་ཕྲ་བ་གཅིག་ཆགས་སོ། །དེ་དག་ནི་འབྱུང་བ་རང་ངོའི་བྱེད་ལས་ཏེ་འདི་དུས་སུ་མེར་མེར་པོ་དེ་ཆུའི་བརླན་གྱིས་བཤིག སའི་ལྗིད་ཀྱིས་མནན། མེའི་དྲོད་ཀྱིས་བསྲེགས། རླུང་གི་ཤུགས་ཀྱིས་གཏོར་བས་ནམ་མཁའ་ལ་སྤྲིན་ཆད་པའི་རྣམ་པ་ལྟར་དུམ་བུར་ལོང་གིས་སོང་ངོ༌། །དེ་ནས་ཡང་ལས་དང་བག་ཆགས་ཀྱི་དབང་གིས་ནུབ་བརྒྱད་པ་ལ་ཆུས་གཅིག་ཏུ་བསྡུས་ཏེ་ནུར་ནུར་པོའི་རྟེན་སྲན་མ་བཅུ་ཆ་ཙམ་ལས་ཤར་གྱི་རྩ་བསྐྱེད། །དགུ་པ་ལ་སས་གཅིག་ཏུ་བསྲེས་ཏེ་སྲན་མ་དགུ་ཆ་ཙམ་ལས་ལྷོའི་རྩ་བསྐྱེད། བཅུ་པ་ལ་མེས་སྨིན་པར་བྱས་ཏེ་སྲན་མ་བདུན་ཆ་ཙམ་ལས་ནུབ་ཀྱི་རྩ་བསྐྱེད། བཅུ་གཅིག་པ་ལ་

form clearly.

In that way, through the functions of each of the four elements, the two, wind and mind, and the two, cause and condition,[105]Note 105 · p. 92 · རླུང་སེམས་གཉིས་རྒྱུ་རྐྱེན་གཉིས་ཏེ: taken as the four constituents named earlier (wind, mind, the father's white essence as cause, the mother's red essence as condition), with Gemini 4 Neon, Claude Fable 5.2, GPT-6.2 Astra. Dharmamitra's "wind and mind serving as the two causes and conditions" contradicts the preceding definition of cause and condition. are present in the aspect of the creamy stage[106]Note 106 · p. 92 · མེར་མེར་པོ་ and ནུར་ནུར་པོ་ follow the glossary ("creamy stage", "gelatinous stage"); the drafts' renderings vary (Gemini 4 Neon and Dharmamitra even use "gelatinous"/"oval" for mer mer po). as a round bindu about twice the size of a mustard seed; and within it there forms a single, extremely fine bindu, the small eye (mig chung). Those are the functions of the elements in their own right.[107]Note 107 · p. 92 · འབྱུང་བ་རང་ངོའི་བྱེད་ལས: rang ngo here means "in their own right / themselves", not the glossary's technical "own face". At this time that mass at the creamy stage is broken down by the moisture of water, pressed down by the weight of earth, burned by the heat of fire and scattered by the force of wind, so that, in the manner of clouds breaking up in the sky, it billows apart into fragments.[108]Note 108 · p. 92 · དུམ་བུར་ལོང་གིས་སོང་: long gis is taken as an ideophone of billowing (cf. long long), with GPT-6.2 Astra; Claude Fable 5.2 and Dharmamitra have "suddenly".

2.1.1.2 The gelatinous, elongated and rounded stages ནུར་ནུར་པོ་ལྟར་ལྟར་པོ་གོར་གོར་པོའི་རིམ་པ2.1.1.2 The gelatinous, elongated and rounded stages (topical division)
From the eighth to the twenty-eighth day the four directional channels, the eyes of the lamps and of the elements, the refined essences of warmth, flesh and breath, and the supports of cognition, mind and afflictions form, producing the gelatinous, elongated and rounded stages.

Then again, through the power of karma and habitual tendencies, on the eighth night water gathers it into one, and from the support of the gelatinous stage, about a tenth of a pea in size, the eastern channel is generated. On the ninth, earth blends it into one, and from what is about a ninth of a pea the southern channel is generated. On the tenth, fire ripens it, and from what is about a seventh of a pea the western channel is generated. On the eleventh,

[p. 93]
རླུང་གིས་བསྐྱོད་པས་སྲན་མ་ལྔ་ཆའི་ནང་དུ་བྱང་གི་རྩ་བསྐྱེད། བཅུ་གཉིས་པ་ལ་ཆུ་དང་སས་བསྡུས་ཤིང་བརྟན་པར་བྱས་ཏེ་སྲན་མའི་རྡོག་པོ་ཙམ་ལ་ནུར་ནུར་པོའི་མིག་ཆུང་གཉིས་དང་འབྱུང་བ་བཞིའི་རྩ་རེ་ཐག་བརྒྱངས་པ་ལྟ་བུ་བཞི་ཆགས། བཅུ་གསུམ་པ་ལ་མེ་དང་རླུང་གིས་སྨིན་པར་བྱས། བཅུ་བཞི་པ་ལ་ནམ་མཁས་གོ་ཕྱེ་བས་ལུས་ཀྱི་དབུས་ལྟེ་བའི་རྩ་མདུད་ལས་རྩ་བཞི་རེ་ཐག་བརྒྱངས་པ་ལྟར་ཆགས་པའི་དབུས་ཀྱི་སྒྲོན་མའི་སྤྱན་དང་འབྱུང་བའི་སྤྱན་གྱི་མིག་ཆུང་གཉིས་པོ་དེ་སྔར་བས་རབ་ཏུ་གསལ་བར་བྱས་སོ། །མིག་ཆུང་གི་ནང་དུ་ཡེ་ཤེས་ཀྱི་ངོ་བོ་ཤིན་ཏུ་ཕྲ་ཞིང་བརྟག་པར་དཀའ་བ་ཞིག་ཀྱང་གནས་སོ། །དེ་ནས་ཡང་འབྱུང་བ་བཞི་ཆར་གྱི་བྱེད་ལས་འཁྲུགས་པས་ཡང་བཤིག་ནས་ཟླ་བ་ཕྱེད་པའི་ནུབ་མོ་སྔ་མ་བཞིན་བསྡུས་ཏེ་སྲན་མ་ཉིས་འགྱུར་ཙམ་དུ་བྱས་པ་ལས་རླུང་གིས་བསྐྱོད་ཅིང་དཀྲུགས་པས་དྲོད་

wind moves it, whereby within what is a fifth of a pea the northern channel is generated. On the twelfth, water and earth gather it and make it stable, and in what is about the size of a whole pea there form the two small eyes of the gelatinous stage and the four channels of the four elements, like hair-cords stretched taut.[109]Note 109 · p. 93 · རེ་ཐག་བརྒྱངས་པ་: since the phrase recurs unchanged after རྩ་བཞི, I take re thag as a compound, a cord of coarse hair (re ba), as with tent ropes: Gemini 4 Neon "tent cords", Claude Fable 5.2 "hair-ropes". GPT-6.2 Astra reads re as "each". The exact sense of re thag is uncertain. On the thirteenth, fire and wind ripen it. On the fourteenth, space opens up room, whereby those two small eyes, the eye of the lamps (sgron ma'i spyan) and the eye of the elements ('byung ba'i spyan), at the centre of the four channels that have formed[110]Note 110 · p. 93 · ཆགས་པའི་དབུས་ཀྱི་སྒྲོན་མའི་སྤྱན་: dbus kyi is construed with the preceding clause, "at the centre of the four channels that have formed" (Gemini 4 Neon, Claude Fable 5.2, GPT-6.2 Astra), not as "the central lamp" (Dharmamitra). like hair-cords stretched taut from the channel-knot (rtsa mdud) of the navel at the centre of the body, are made far clearer than before. Within the small eyes there also abides the essence of primordial wisdom,[111]Note 111 · p. 93 · ཡེ་ཤེས་ is "primordial wisdom" per the glossary (Claude Fable 5.2 "gnosis", GPT-6.2 Astra "knowing", Dharmamitra "wisdom"). something extremely subtle and difficult to examine.

Then once again the functions of all four elements are thrown into turmoil, and so it is broken down again; on the night of the half-month it is gathered as before and made about twice the size of a pea, from which, as wind moves and churns it, an extremely thin refined essence of warmth, only about a fly's wing split into a hundred,[112]Note 112 · p. 93 · The last sentence runs on to the next page (དྲོད་ / ཀྱི་དངས་མ་…གནས་སོ།). Because the genitive is split across the page break, I have finished the sentence here, as Dharmamitra does; the next part should begin after རབ་ཏུ་གསལ་བར་གནས་སོ. སྦྲང་བུ་ is rendered "fly" (Dharmamitra "bee"). forms within the channel of the western direction, so that the refined essence of cognition abides with great clarity.

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 4 quotations, 3 found on this wiki.
# p. Tibetan English Source On this wiki
1 83 གཞན་ཡང་རབ་ཏུ་བཤད་བྱ་བ། །སྣང་བ་ … གཟུང་མེད། །དེས་ན་སེམས་ཅན་སངས་རྒྱས་སོ། Further, what is to be thoroughly explained: That the … with nothing to identify. Therefore sentient beings are buddhas. named: ཐལ་འགྱུར་ལས
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras high
not found
2 86 ཇི་ལྟར་སྨྲ་དང་བྱ་བྱེད་རྣམས། །སྟོང་རིག་ … གོམས་པའི་གནད། །ཚོགས་དྲུག་མ་འགགས་རྟོགས་པའོ། However one speaks and whatever one does Is the … unceasing six collections of consciousness (tshogs drug) are realization. named: མུ་ཏིག་ཕྲེང་བ་ལས
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras high
parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད, 82 %
3 88 དེ་ནས་རིམ་གྱིས་སྣོད་བཅུད་ཀྱི། །སྣང་བ་ … མར་གནས། །སོ་སོའི་ལུས་དང་ཚད་ལེན་པའོ། Then, by stages, the manifold appearances Of the world … water-wheel, Taking on their respective bodies and measures (tshad). named: སྒྲོན་མ་སྣང་བྱེད་ལས
སྒྲོན་མ་སྣང་བྱེད་ཀྱི་རྒྱུད, sgron ma snang byed kyi rgyud, The Illuminating Lamp · tantra low
parallel: མཁའ་འགྲོ་སྙིང་ཏིག་གི་མན་ངག་ཟབ་དོན་རྒྱ་མཚོའི་སྤྲིན, 77 %
4 88 དེ་ནས་མངལ་གྱི་སྒོར་ཚུད་ནས། །ཕ་དང་ … བཅུ་ན། །ལུས་རྫོགས་མ་ཡི་མངལ་ནས་འཐོན། Then, having entered the door of the womb, From … body is complete and emerges from the mother's womb. named: ཉི་ཟླ་ཁ་སྦྱོར་ལས
ཉི་མ་དང་ཟླ་བ་ཁ་སྦྱོར་བ་ཆེན་པོ་གསང་བའི་རྒྱུད, nyi ma dang zla ba kha sbyor ba chen po gsang ba'i rgyud, The Union of Sun and Moon · tantra; Nyingma Gyubum, one of the Seventeen Tantras high
parallel: Klong chen rab byams gsung 'bum/volume 009 278, 64 %