Tshig don mdzod (Longchenpa): Vajra topic 2 (4)

From Rangjung Yeshe Wiki Texts
Tshig don mdzod (Longchenpa)Tshig don mdzod (Longchenpa): Vajra topic 2 (4)
< Tshig don mdzod (Longchenpa)
Tshig don mdzod (Longchenpa)/Vajra topic 2 (4)
Jump to navigation Jump to search
← Vajra topic 2 (3)Tshig don mdzod: contentsVajra topic 2 (5) →

Vajra topic 2 · The Stages of How Delusion Arises in Existence · སྲིད་པར་འཁྲུལ་ཚུལ་གྱི་རིམ་པ
Pages 94–103 of the corrected base text (W22920 vol. 4), part 4 of 6.

[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD85), gorn05 tibocr 2026: BDRC OCR on 338 pages, Mitra OCR on 147 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 60] དེ་ནས་ཡང་འབྱུང་བ་བཞི་ཆར་གྱི་བྱེད་ལས་འཁྲུགས་པས་ཡང་བཤིག་ནས་ཟླ་བ་ཕྱེད་པའི་ནུབ་མོ་སྔ་མ་བཞིན་བསྡུས་ཏེ་སྲན་མ་ཉིས་འགྱུར་ཙམ་དུ་བྱས་པ་ལས་རླུང་གིས་བསྐྱོད་ཅིང་དཀྲུགས་པས་དྲོད་ཀྱི་དྭངས་མ་ཤིན་ཏུ་སྲབ་པ་སྤྲང་བུའི་གཤོག་པ་ལ་བརྒྱ་རེ་གཤགས་པ་ཙམ་ཞིག་ནུབ་ཕྱོགས་ཀྱི་རྩ་ནང་དུ་ཆགས་པས་ཤེས་པའི་དྭངས་མ་རབ་ཏུ་གསལ་བར་གནས་སོ། །དེ་ནས་ཞག་གཉིས་སུ་ལས་བྱེད་ཅིང་དཀྲུགས་པས་ཁ་དོག་གསལ་བར་བྱས། དེ་ནས་ཡང་ཞག་གཉིས་སུ་བསྐྱོད་ཅིང་དཀྲུགས་པས་ཤེས་པའི་རྟེན་རྣམས་བསྡུས། དེ་ནས་ཞག་གཉིས་སུ་ལས་ཀྱི་རླུང་གིས་བསྐྱོད་ཅིང་དཀྲུགས་པ་ལས་ལྟར་ལྟར་པོའི་གཞི་མཐེ་བོང་ཙམ་དུ་བྱས་པ་སྟེ། ཡང་བཤིག་ནས་ཞག་ཉི་ཤུ་རྩ་གཉིས་པ་ལ་ཆུས་བསྡུས་ཤིང་བརླན་པར་བྱས་པ་ལས་ཤར་གྱི་རྩ་ནང་དུ་ཐིག་ལེ་ཕྲ་མོ་ཞིག་བསྐྱེད། དེ་ནས་རྩ་གསུམ་པ་ལ་ཐིག་ལེའི་ནང་དུ་རྟོག་མེད་ཀྱི་ཤེས་པ་གནས་པར་བྱས། རྩ་བཞི་པ་ལ་ལྷོའི་རྩ་ནང་དུ་ཤའི་དྭངས་མ་ཁ་དོག་དཀར་བའི་ནང་དུ་ཡིད་དང་སེམས་ཀྱི་རྟེན་ཐིག་ལེ་ཕྲ་མོར་གནས་པར་བྱས། རྩ་ལྔ་པ་ལ་ཡང་ཆུས་བསྡུས་ཤིང་བརླན་པ་ལས་བྱང་གི་རྩའི་ནང་དུ་དབུགས་ཀྱི་དྭངས་མ་གསེར་ས་འོག་ཏུ་བཅུག་པའི་རླངས་པ་ཙམ་ཁ་དོག་སྔོ་ཞིང་དམར་བ་ཆགས་པ་ལས་ཡེ་ཤེས་དང་རིག་པའི་རྩལ་གསལ་བར་རང་ཤེས་དང་བཅས་པ་བརྟེན་ནས་གནས་སོ། །རྩ་དྲུག་པ་ལ་ཆུས་བསྡུས་ཤིང་བརླན་པར་བྱས་པ་ལས་རྟེན་དེ་དག་རེ་

[p. 61] རེའི་ནང་གི་ནུབ་ན་ཤེས་པ་དང་བློ་དང་དྲན་པའི་རྟེན་གསལ་བར་བྱས། ཤར་ན་མ་རིག་པ་དང་ཉོན་མོངས་པའི་རྟེན་གསལ་བར་བྱས།ལྷོ་ན་འགྱུ་བ་དང་ཡིད་ཀྱི་རྟེན་གསལ་བར་བྱས། བྱང་དུ་སེམས་དང་རྣམ་པར་རྟོག་པ་གསལ་བར་བྱས་སོ། །དེ་དག་ནི་ཀུན་རྫོབ་ཀྱི་འབྱུང་བ་བཞིའི་ལས་སོ། །དོན་དམ་གྱི་འབྱུང་བས་སྒྲོན་མ་བཞི་བསྟེན་པའི་ལས་བྱེད་དོ། །རྩ་བདུན་པ་ལ་གཉིས་གཉིས་འདུས་པ་དང་། རྩ་བརྒྱད་པ་ལ་བཞི་ཆར་གྱི་བྱེད་པའི་ལས་ཀྱིས་གོར་གོར་པོའི་གཞིར་སྨིན་པ་སྟེ་འབྱུང་བ་བཞི་ཆར་གྱི་ལས་འཁྲུགས་པས་བཤིག་ནས་རྩ་དགུ་པའི་ནུབ་མོ་ཆུས་བསྡུས། སས་བརྟན། མེས་སྨིན། རླུང་གིས་འཕེལ་བའི་ལས་བྱས་པ་ལས་འཁོར་ལོ་བཞི་ལ་དབང་པོ་ལྔའི་རྟེན་གྱི་རྩ་ཆགས་ཏེ། སྐྱེད་བྱེད་དང་པོའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་འབྱུང་བའི་སྤྱན་དང་སྒྲོན་མའི་སྤྱན་གཉིས་དང་བཅས་པ་བསྐྱེད། དེ་ནས་ཞག་གཅིག་ཏུ་གོང་ལྟར་བྱས་པས་དྲན་པ་འདུས་པའི་འཁོར་ལོ་རྩ་བ་བརྒྱད་ལས་གྱེས་པའི་རྩ་འདབ་སུམ་ཅུ་རྩ་གཉིས་སྤྱན་གཉིས་དང་བཅས་པ་སྐྱེད། དེ་ནས་ཞག་གཉིས་སུ་གོང་ལྟར་བྱས་པས་རོ་རྣམས་འདུས་པར་རྩ་འདབ་བཅུ་དྲུག་སྤྱན་གཉིས་དང་བཅས་པ་དེ་བསྐྱེད། དེ་ནས་གོང་ལྟར་ཞག་གཉིས་བྱས་པས་རྩེ་མོ་རྣམ་བཀོད་དུ་རྩ་འདབ་སུམ་བརྒྱ་དང་དྲུག་ཅུ་སྤྱན་གཉིས་དང་བཅས་པའི་སྨིན་པར་བྱས་སོ། །དེ་ནས་འབྱུང་བའི་ལས་ཞག་གཅིག་ཏུ་བྱས་པས་

[p. 62] མཁྲང་འགྱུར་ཞེས་བྱ་སྟེ། དེ་དག་རབ་ཏུ་སྲ་བ་གཅིག་ཏུ་གྱུར་ནས་འཁོར་ལོ་བཞིའི་དབུས་སུ་རོ་རྐྱང་དང་ཀུན་འདར་མ་གསུམ་ཀ་བའི་ཚུལ་དུ་རབ་ཏུ་གསལ་བར་འགྱུར་རོ། །དེ་ནས་ཡང་མཁྲང་འགྱུར་ཡང་ཆུའི་བརླན་གྱིས་བཤིག །སས་གཅིག་ཏུ་བསྡུས། རླུང་གིས་སོ་སོར་ཕྱེ་ཞིང་གཏོར། མེས་སྨིན་པར་བྱས་པ་ལས་ཞག་བཞི་ནས་དབང་པོ་རྣམས་བསྐྱེད། དེ་ནས་ཞག་གཅིག་ཏུ་མེས་བསྲེགས་ཏེ་སྟོངས་པར་བྱས། །རླུང་གིས་སོ་སོར་ཕྱེ། སས་གཅིག་ཏུ་མནན་པར་བྱས། ཆུས་འཕེལ་བའི་ལས་བྱས་པས་ལུས་སྤྱི་བསྐྱེད། དེ་ནས་ཞག་གཅིག་ཏུ་འབྱུང་བ་རྣམས་གཅིག་ཏུ་གྱུར་པས་ཁྱབ་འཇུག་ཉ་ལྟ་བུ་མའི་ཕྱག་གང་པ་ཞིག་ཏུ་བྱས་སོ། །དེ་ནས་ཡང་འབྱུང་བའི་ལས་ཐ་དད་པས་ཞག་གཉིས་སུ་ཆུས་གོང་མ་དེ་བཤིག་ནས་ཡང་བསྡུས་པས་གཟུགས་སུ་གྲུབ་པར་བྱས། ཞག་གཅིག་ཏུ་སས་བཟུང་བས་དབང་པོ་དང་དོན་སྣོད་རྣམས་ཐ་དད་དུ་བྱས། དེ་ནས་ཞག་གཅིག་ཏུ་མེས་སྨིན་པར་བྱས་པས་དབང་པོ་རྣམས་ཀྱི་སྒོ་གསལ་བར་དོད། དེ་ནས་རླུང་གིས་ཞག་གཅིག་ཏུ་ཕྱེ་པས་མིག་ལ་སོགས་པ་སོ་སོར་མ་འདྲེས་པར་བྱས་སོ། །དེ་ནས་འབྱུང་བའི་ལས་དངོས་སུ་མེད་ཤུགས་ལས་བྱས་པས་ལུས་བསྐྱེད་པ་ནི། ཆུས་བརླན་པའི་ལས་བྱས་པས་ཆེར་འཕེལ་བ་ལ་ཞག་གཅིག །སས་སྲ་ཞིང་བརྟན་པས་གཟུགས་སུ་གྲུབ་

[p. 63] པར་བྱས་པ་ལ་གཅིག་སྟེ་ཞག་དྲུག །དེ་ནས་ཞག་གཅིག་ཏུ་མེ་དང་རླུང་གིས་ཕྱེ་ཞིང་སྨིན་པས་དབྱིབས་དེ་རུས་སྦལ་བཞིན་དུ་དབང་པོ་དང་ལུས་ཀྱི་རྣམ་སྤྱི་གསལ་བ་ལ་ཡན་ལག་མེད་པ་མ་དེའི་མཁྱིད་གང་བར་བྱས་སོ། །དེ་ནས་ཞག་གཅིག་ཏུ་མས་ཚ་ཞིང་སྲེག་པའི་ལས་བྱས་པས་ཡན་ལག་བསྐྱེད། དེ་ནས་ཞག་གཉིས་སུ་རླུང་གིས་ཡང་ཞིང་བསྐྱོད་པའི་ལས་བྱས་པས་རླུང་ཨ་ཝ་དྷཱུ་ཏཱིར་ཚུད། འདིའི་དུས་སུ་འབྱུང་བ་ལྔའི་ཆོས་སུ་སྨིན་ནོ། །དེ་ནས་ཡང་ཞག་གཉིས་སུ་ཆུས་གྲང་བའི་ལས་བྱས་པས་ནད་འདུ་བ་བཞིར་སྨིན་པའི་རྒྱུ་བྱས། དེ་ནས་ཞག་གཉིས་སུ་སས་ལྕི་ཞིང་འཐས་པའི་ལས་བྱས་པས་ཤ་ཁྲག་དངོས་སུ་གྲུབ་ནས་ཁྱབ་འཇུག་སྦལ་པ་བཞིན་དུ་ཡན་ལག་རྫོགས་པ་མ་དེའི་མཐོ་གང་དུ་བྱས་སོ། །འདི་མན་ཆད་དུ་འབྱུང་བ་ཚོགས་པའི་ལས་བྱེད་པས་མ་ནིང་གི་འབྱུང་ལས་ཞེས་བྱ་སྟེ་གཅིག་ཁོ་ནར་མ་ཆད་པའི་ཕྱིར་ན་འབྱུང་བ་གཉིས་གཉིས་ཀྱི་བྱེད་པའི་ལས་གཙོ་བོའོ། །དེ་ནས་མེས་ཚ་བར་བྱས་པས་དབང་པོ་གསལ་བ་དང་མི་གསལ་བར་བྱས། རླུང་གིས་ཕྱེ་བས་ཡན་ལག་དང་དབང་པོ་ལ་སོགས་སོ་སོ་ན་གསལ་ཞིང་དོད་པར་བྱས། ཆུས་གཤེར་བ་ལས་གོང་དུ་འཕེལ་བར་བྱས། སས་བརྟན་པ་ལས་རྫོགས་ཤིང་བསྐྱེད་པ་དང་འཕེལ་བའི་གཞི་འཛིན་པར་བྱས་ཏེ་ཞག་བཞི་བཅུ་རྩ་

[p. 64] དགུའི་བར་དུ་མའི་མངལ་དུ་ལུས་ཆགས་ཤིང་རྣམ་པ་རྫོགས་པར་བྱས་ནས། དེ་ཕན་ཆད་ལུས་བསྐྱེད་པའི་ལས་ཏེ་མས་ཟས་སྐོམ་འཐུངས་ཟོས་བྱས་པའི་དངས་མ་བུའི་ལྟེ་བ་ན་མར་སོང་བས་རྒྱུ་བྱས་ཏེ་བུའི་ལུས་ཀྱི་པགས་པ་དང་སྐྲ་དང་བ་སྤུ་རྣམས་ཆགས་ཏེ། ཟླ་བ་གཅིག་དང་ཞག་ཉེར་དྲུག་ན་ཨ་ཝ་དྷཱུ་ཏཱིའི་རླུང་དང་ཉོན་མོངས་པ་བག་ལ་ཉལ་ལངས་པས་འགུལ་ཞིང་འཕྲིག་པ་འབྱུང་ངོ་། །གཉིས་པ་ཞག་གི་འབྱུང་བའི་ཆ་དབྱེ་བ་བྱེ་བྲག་ཏུ་བཤད་པ་ནི། དེ་ལྟར་བདུན་ཚན་བདུན་དུ་ལུས་ཆགས་དུས་སྤྱིར་འབྱུང་བ་བཞི་ག་ལ་བརྟེན་ཡང་ཁྱད་པར་དུ་གང་གཙོ་བ་དང་རྒྱུ་མཚན་ངེས་པ་ཅུང་ཟད་བཤད་ན། དང་པོ་མེར་མེར་པོ་ཞག་བདུན་དུ་གྲུབ་པ་ནི་སས་ཟུག་པའི་ལས་ཀྱིས་བྱུང་ལ། དེ་སླར་བཤིག་པ་ནི་རླུང་ཟུག་པས་བྱས་སོ། །དེ་ནས་ནུར་ནུར་པོ་བདུན་ནི་སས་བྱེར་བའི་ལས་ཡིན་ནོ། །ཤའི་རྒྱུ་སས་བྱས་པས་ཉོན་མོངས་པ་གཏི་མུག་གནས་པའི་རྐྱེན་དུ་བྱུང་བའོ། །དེ་ནས་རླུང་བྱེར་བས་བཤིག་པ་ནི་བག་ཆགས་ཀྱི་རྒྱུའོ། །དེ་ནས་ཡང་ཆུ་ལ་སོགས་པས་བསྡུས་པས་ལྟར་ལྟར་པོར་བྱས་པ་ནི་སས་སྙོམས་པའི་ལས་ཏེ་ཤའི་རྐྱེན་དུ་བྱས་ནས་འདོད་ཆགས་ཀྱི་ཉེར་ལེན་དུ་བྱས་སོ། །དེ་ནས་རླུང་སྙོམས་པས་བཤིག་པ་ནི་ལས་སྣ་ཚོགས་པའི་རྒྱུའོ། །དེ་ནས་ཡང་ཆུས་བསྡུས་པ་ལ་སོགས་པ་བྱས་ནས་ཞག་བཅོ་ལྔ་ནས་ཉེར་གཅིག་གི་བར་དུ་ཆུས་ཟུག་པ་དང་བྱེར་པའི་ལས་སུ་བྱས་པས་ཁྲག་གི་རྒྱུ་ལས་འདོད་ཆགས་ཀྱིས་ཀུན་ནས་སློང་

[p. 65] བའི་རྐྱེན་ནོ། །མེ་ཟུག་པས་བཤིག་པ་ནི་འདོད་ཡོན་འབྱུང་བའི་རྒྱུའོ། །ཞག་ཉེར་གཅིག་ནས་ཉེར་བརྒྱད་ཀྱི་བར་དུ་སྨིན་པས་ན་ཆུས་སྙོམས་པ་དང་། མེས་ཟུག་པའི་ལས་ཀྱིས་དྲོད་བརླན་གཉིས་འདུས་པ་ལས་དབང་པོ་ལ་སོགས་པ་སོ་སོའི་རྒྱུའོ། །དེ་ནི་གཏི་མུག་གིས་ཀུན་ནས་སློང་བའི་ལས་སོ། །མེ་བྱེར་བ་དང་སྙོམས་པས་བཤིག་པ་ནི་མི་དགེ་བ་སྣ་ཚོགས་པའི་རྒྱུ་བྱས་པ་ལས་གྱུར་པའོ། །ཉེར་དགུ་ནས་སོ་ལྔའི་བར་དུ་སྨིན་པར་བྱས་པ་ནི་མེ་བྱེར་བ་དང་སྙོམས་པའི་ལས་ཏེ་ཞེ་སྡང་གིས་ཀུན་ནས་སློང་བའི་ལམ་སོ། །ས་ཟུག་པས་བཤིག་པ་ནི་ལས་ཀྱི་བྱེ་བྲག་སྣ་ཚོགས་སུ་སྟོན་པའི་རྒྱུའོ། །སོ་དྲུག་ནས་ཞེ་གཉིས་ཀྱི་བར་རླུང་ཟུག་པ་དང་བྱེར་བའི་ལས་ཡིན་ཏེ་ཞེ་སྡང་གིས་བསྐྱེད་པའོ། །ས་བྱེར་བས་བཤིག་པ་ནི་རྨི་ལམ་གྱི་ལས་སོག་པའི་རྒྱུའོ། །ཞེ་གསུམ་ནས་ཞེ་དགུའི་བར་ཆུ་སྙོམས་པའི་ལས་ཏེ་གཏི་མུག་དང་འདོད་ཆགས་གཉིས་ལྷན་དུ་བྱས་པའོ། །སའི་སྙོམས་པས་ཆ་ཤས་གསལ་བར་ཕྱེ་བ་ནི་རྟོག་པ་དུ་མས་ཉེ་བར་བསྡུས་པའོ། །དེ་ལྟར་བདུན་ཚན་བདུན་དུ་ཆགས་པའི་ལས་ནི་རྣམ་ཤེས་ཚོགས་བདུན་བག་ཆགས་ལུས་ཀྱི་ཀུན་གཞི་ལ་བརྟེན་པར་བྱས་པའོ། །ཞག་བཞི་བཅུ་རྩ་དགུར་ངེས་པ་ནི་བར་མ་དོ་ལ་ཞག་ཞེ་དགུ་གནས་པས་ལས་དང་བག་ཆགས་ཉེར་འཇོག་ཏུ་བྱུང་བའོ། །དེ་ཡང་ཀུན་རྫོབ་རང་སོའི་འབྱུང་བ་བཞིས་ལུས་སྨིན་པར་བྱས་པ་ནི། ས་ལས་ཤ་

[p. 66] དངོས་སུ་གྲུབ་པར་བྱས། ཆུ་ལས་ཁྲག་དངོས་སུ་གྲུབ་པར་བྱས། མེ་ལས་དྲོད་དངོས་སུ་གྲུབ་པར་བྱས། རླུང་ལས་དབུགས་དངོས་སུ་གྲུབ་པར་བྱས་སོ། །དེ་ཡང་ཤ་ལས་གཏི་མུག །ཁྲག་ལས་འདོད་ཆགས། དྲོད་ལས་ཞེ་སྡང་། དབུགས་ལས་རྣམ་རྟོག་དུ་མ་འབྱུང་བའི་རྟ་བྱེད་པའོ། །འདོད་ཆགས་ལས་ལུས་དངོས་སུ་སྨིན་པར་བྱས་པ་ནི་ཐོག་མ་འདོད་ཆགས་ཀྱི་ཀུན་སློང་བྱས་པ་ལས་འབྱུང་། ཞེ་སྡང་གིས་སྨིན་པར་བྱས་པ་ནི་ཐོགས་མ་ཞེ་སྡང་ལ་བརྟེན་ནས་སྒྲའི་བརྗོད་པ་ཐ་དད་ལས་འབྱུང་བའོ། །གཏི་མུག་ལས་ཡིད་སྣ་ཚོགས་སུ་སྨིན་པ་ནི་ཐོག་མ་གཞི་མ་རིག་པའི་འཁྲུལ་པ་ལས་འབྱུང་བའོ། །དེ་ལྟར་གསུམ་ཡང་དབུགས་ཀྱི་རྟ་ལ་ཞོན་ནས་འགྲོ་བས་ན་དུག་གསུམ་ཐ་དད་པའི་རྟོག་པར་འབྱུང་བའོ། །དེ་ཡང་གཏི་མུག་གི་སྨིན་སོ་གཉིད་པ་འབྱུང་ལ།

[edit]
BDRC typed e-text UT22920_004_0001 as downloaded (the base text was made from it).

དེ་ནས་ཡང་འབྱུང་བ་བཞིར་ཆར་གྱི་བྱེད་ལས་འཁྲུགས་པས་ཡང་བཤིག་ནས་ཟླ་བ་ཕྱེད་པའི་ནུབ་མོ་སྔ་མ་བཞིན་བསྡུས་ཏེ་སྲན་མ་ཉིས་འགྱུར་ཙམ་དུ་བྱས་པ་ལས་རླུང་གིས་བསྐྱོད་ཅིང་དཀྲུགས་པས་དྲོད་ཀྱི་དངས་མ་ཤིན་ཏུ་སྲབ་པ་སྦྲང་བུའི་གཤོག་པ་ལ་བརྒྱར་བཤགས་པ་ཙམ་ཞིག་ནུབ་ཕྱོགས་ཀྱི་རྩ་ནང་དུ་ཆགས་པས་ཤེས་པའི་དངས་མ་རབ་ཏུ་གསལ་བར་གནས་སོ། །དེ་ནས་ཞག་གཉིས་སུ་ལས་བྱེད་ཅིང་དཀྲུགས་པས་ཁ་དོག་གསལ་བར་བྱས། དེ་ནས་ཡང་ཞག་གཉིས་སུ་བསྐྱོད་ཅིང་དཀྲུགས་པས་ཤེས་པའི་རྟེན་རྣམས་བསྡུས། དེ་ནས་ཞག་གཉིས་སུ་ལས་ཀྱི་རླུང་གིས་བསྐྱོད་ཅིང་དཀྲུགས་པ་ལས་ལྟར་ལྟར་པོའི་གཞི་མཐེ་བོང་ཙམ་དུ་བྱས་པ་སྟེ། ཡང་བཤིག་ནས་ཞག་ཉི་ཤུ་རྩ་གཉིས་པ་ལ་ཆུས་བསྡུས་ཤིང་བརླན་པར་བྱས་པ་ལས་ཤར་གྱི་རྩ་ནང་དུ་ཐིག་ལེ་ཕྲ་མོ་ཞིག་བསྐྱེད། དེ་ནས་རྩ་གསུམ་པ་ལ་ཐིག་ལེའི་ནང་དུ་རྟོག་མེད་ཀྱི་ཤེས་པ་གནས་པ་བྱས། རྩ་བཞི་པ་ལ་ལྷོའི་རྩ་ནང་དུ་ཤའི་མདངས་མ་ཁ་དོག་དཀར་བའི་ནང་དུ་ཡིད་ངད་སེམས་ཀྱི་རྟེན་ཐིག་ལེ་ཕྲ་མོར་གནས་པར་བྱས། རྩ་ལྔ་པ་ལ་ཡང་ཆུས་བསྡུས་ཤིང་བརླན་པ་ལས་བྱང་གི་རྩའི་ནང་དུ་དབུགས་ཀྱི་དངས་མ་གསེར་ས་འོག་ཏ་བཅུག་པའི་རླངས་པ་ཙམ་ཁ་དོག་སྔོ་ཞིང་དམར་བ་ཆགས་པ་ལས་ཡེ་ཤེས་དང་རིག་པའི་རྩལ་གསལ་བར་རང་ཤེས་པ་དང་བཅས་པ་བརྟེན་ནས་གནས་སོ། །རྩ་དྲུག་པ་ལ་ཆུས་བསྡུས་ཤིང་བརླན་པར་པར་བྱས་པས་ལ་རྟེན་དེ་དག་རེ་རེའི་སྣང་གི་ནུབ་ན་མེད་པ་དང་་བློ་དང་དྲན་པའི་རྟེན་གསལ་བར་བྱས། ཤར་ན་མ་རིག་པ་དང་ཉོན་མོངས་པའི་རྟེན་གསལ་བར་བྱས། ལྷོ་ན་འགྱུ་བ་དང་ཡིད་ཀྱི་རྟེན་གསལ་བར་བྱས། བྱང་དུ་སེམས་དང་རྣམ་པར་རྟོག་པ་གསལ་བར་བྱས་སོ། །དེ་དག་ནི་ཀུན་རྫོབ་ཀྱི་འབྱུང་བ་བཞིའི་ལས་སོ། །དོན་དམ་གྱི་འབྱུང་བས་སྒྲོན་མ་བཞི་བསྟེན་པའི་ལས་བྱེད་དོ། །རྩ་བདུན་པ་ལ་གཉིས་གཉིས་འདུས་པ་དང༌། རྩ་བརྒྱད་པ་ལ་བཞི་ཆར་བྱེད་པའི་ལས་ཀྱིས་གོར་གོར་པོའི་གཞིར་སྨིན་པ་སྟེ་འབྱུང་བ་བཞི་ཆར་གྱི་ལས་འཁྲུགས་པས་ཤིག་ནས་རྩ་དགུའི་ནུབ་མོ་ཆུས་བསྡུས། སས་བརྟན། མེས་སྨིན། རླུང་གིས་འཕེལ་བའི་ལས་བྱས་པ་ལས་འཁོར་ལོ་བཞི་ལ་དབང་པོ་ལྔའི་རྟེན་གྱི་རྩ་ཆགས་ཏེ། སྐྱེད་བྱེད་དང་པོའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་འབྱུང་བའི་སྤྱན་དང་སྒྲོན་མའི་སྤྱན་གཉིས་དང་བཅས་པ་བསྐྱེད། དེ་ནས་ཞག་གཅིག་ཏུ་གོང་ལྟར་བྱས་པས་དྲན་པ་འདུས་པའི་འཁོར་ལོ་རྩ་བརྒྱད་ལས་གྱེས་པའི་རྩ་འདབ་སུམ་ཅུ་རྩ་གཉིས་སྤྱན་གཉིས་དང་བཅས་པ་བསྐྱེད། དེ་ནས་ཞག་གཉིས་སུ་གོང་ལྟར་བྱས་པས་རོ་རྣམས་འདུས་པར་རྩ་འདབ་བཅུ་དྲུག་སྤྱན་གཉིས་དང་བཅས་པ་བསྐྱེད། དེ་ནས་གོང་ལྟར་ཞག་གཉིས་བྱས་པས་རྩེ་མོ་རྣམ་བཀོད་དུ་རྩ་འདབ་སུམ་བརྒྱ་དང་དྲུག་ཅུ་སྤྱན་གཉིས་དང་བཅས་པ་སྨིན་པར་བྱས་སོ། །དེ་ནས་འབྱུང་བའི་ལས་ཞག་གཅིག་ཏུ་བྱས་པས་མཁྲང་འགྱུར་ཞེས་བྱ་སྟེ། དེ་དག་རབ་ཏུ་སྲབ་གཅིག་ཏུ་གྱུར་ནས་འཁོར་ལོ་བཞིའི་དབུས་སུ་རོ་རྐྱང་དང་ཀུན་འདར་མ་གསུམ་ཀ་བའི་ཚུལ་དུ་རབ་ཏུ་གསལ་བར་འགྱུར་རོ། །དེ་ནས་ཡང་མཁྲང་འགྱུར་ཡང་ཆུའི་བརླན་གྱིས་བཤིག །སས་གཅིག་ཏུ་བསྡུས། རླུང་གིས་སོ་སོར་ཕྱེ་ཞིང་གཏོར། མེས་སྨིན་པར་བྱས་པ་ལས་ཞག་བཞི་ནས་དབང་པོ་རྣམས་བསྐྱེད། དེ་ནས་ཞག་གཅིག་ཏུ་མེས་བསྲེགས་ཏེ་སྟོངས་པར་བྱས། རླུང་གིས་སོ་སོར་ཕྱེ། སས་གཅིག་ཏུ་མནན་པར་བྱས། ཆུས་འཕེལ་བའི་ལས་བྱས་པས་ལུས་སྤྱི་བསྐྱེད། དེ་ནས་ཞག་གཅིག་ཏུ་འབྱུང་བ་རྣམས་གཅིག་ཏུ་འགྱུར་པས་ཁྱབ་འཇུག་ཉ་ལྟ་བུ་མའི་ཕྱག་གང་པ་ཞིག་ཏུ་བྱས་སོ། །དེ་ནས་ཡང་འབྱུང་བའི་ལས་ཐ་དད་པས་ཞག་གཉིས་སུ་ཆུས་གོང་མ་དེ་བཤིག་ནས་ཡང་བསྡུས་པས་གཟུགས་སུ་གྲུབ་པར་བྱས། ཞག་གཅིག་ཏུ་སས་བཟུང་བས་དབང་པོ་དང་དོན་སྣོད་རྣམས་ཐ་དད་དུ་བྱས། དེ་ནས་ཞག་གཅིག་ཏུ་མེས་སྨིན་པར་བྱས་པས་དབང་པོ་རྣམས་ཀྱི་སྒོག་གསལ་བར་དོད། དེ་ནས་རླུང་གིས་ཞག་གཅིག་ཏུ་ཕྱེ་བས་མིག་ལ་སོགས་པ་སོ་སོར་མ་འདྲེས་པར་བྱས་སོ། །དེ་ནས་འབྱུང་བའི་ལས་དངོས་སུ་མེད་ཤུགས་ལས་བྱས་པས་ལུས་བསྐྱེད་པ་ནི། ཆུས་བརླན་པའི་ལས་བྱས་པ་ཆེར་འཕེལ་བ་ལ་ཞག་གཅིག སས་སྲ་ཞིང་བརྟན་པས་གཟུགས་སུ་གྲུབ་པར་བྱས་པ་ལ་གཅིག་སྟེ་ཞག་དྲུག དེ་ནས་ཞག་གཅིག་ཏུ་མེ་དང་རླུང་གིས་ཕྱེ་ཞིང་སྨིན་པས་དབྱིབས་དེ་རུས་སྦལ་བཞིན་དུ་དབང་པོ་དང་ལུས་ཀྱི་སྤྱི་གསལ་བ་ལ་ཡན་ལག་མེད་པ་མ་དེའི་མཁྱིད་གང་བར་བྱས་སོ། །དེ་ནས་ཞག་གཅིག་ཏུ་མེས་ཚ་ཞིང་སྲེག་པའི་ལས་བྱས་པས་ཡན་ལག་བསྐྱེད། དེ་ནས་ཞག་གཉིས་སུ་རླུང་གིས་ཡང་ཞིང་བསྐྱོད་པའི་ལས་བྱས་པས་རླུང་ཨ་ཝ་དྷཱུ་ཏཱིར་ཚུད། འདིའི་དུས་སུ་འབྱུང་བ་ལྔའི་ཆོས་སུ་སྨིན་ནོ། །དེ་ནས་ཡང་ཞག་གཉིས་སུ་ཆུས་གྲང་བའི་ལས་བྱས་པས་ནང་འདུ་བ་བཞིར་སྨིན་པའི་རྒྱུ་བྱས དེ་ནས་ཞག་གཉིས་སུ་སས་ལྕི་ཞིང་འཐས་པའི་ལས་བྱས་པས་ཤ་ཁྲག་དངོས་སུ་གྲུབ་ནས་ཁྱབ་འཇུག་སྦལ་པ་བཞིན་དུ་ཡན་ལག་རྫོགས་པ་མ་དེའི་མཐོ་གང་དུ་བྱས་སོ། །འདི་མན་ཆད་དུ་འབྱུང་བ་ཚོགས་པའི་ལས་བྱེད་པས་མ་ནིང་གི་འབྱུང་ལས་ཞེས་བྱ་སྟེ་ཅིག་ཁོ་ནར་མ་ཆད་པའི་ཕྱིར་ན་འབྱུང་བ་གཉིས་གཉིས་ཀྱི་བྱེད་པའི་ལས་གཙོ་བའོ། །དེ་ནས་མེས་ཚ་བར་བྱས་པས་དབང་པོ་གསལ་བ་དང་མི་གསལ་བར་བྱས། རླུང་གིས་ཕྱེ་བས་ཡན་ལག་དང་དབང་པོ་ལ་སོགས་སོ་སོ་ན་གསལ་ཞིང་དོད་པར་བྱས། ཆུས་གཤེར་བ་ལས་གོང་དུ་འཕེལ་བར་བྱས། སས་བརྟན་པ་ལས་རྫོགས་ཤིང་བསྐྱེད་པ་དང་འཕེལ་བའི་གཞི་འཛིན་པར་བྱས་ཏེ་ཞག་བཞི་བཅུ་རྩ་དགུའི་བར་དུ་མའི་མངལ་དུ་ལུས་ཆགས་ཤིང་རྣམ་པ་རྫོགས་པར་བྱས་ནས། དེ་ཕན་ཆད་ལུས་བསྐྱེད་པའི་ལས་ཏེ་མས་ཟས་སྐོམ་འཐུངས་ཟོས་བྱས་པའི་དངས་མ་བུའི་ལྟེ་བ་ན་མར་སོང་བས་རྒྱུ་བྱས་ཏེ་བུའི་ལུས་ཀྱི་པགས་པ་དང་སྐྲ་དང་བ་སྤུ་རྣམས་ཆགས་ཏེ ཟླ་བ་གཅིག་དང་ཞག་ཉེར་དྲུག་ན་ཨ་ཝ་དྷཱུ་ཏཱིའི་རླུང་དང་ཉོན་མོངས་པ་བག་ལ་ཉལ་ལངས་པས་འགུལ་ཞིང་འཕྲིག་པ་འབྱུང་ངོ༌། །གཉིས་པ་ཞག་གི་འབྱུང་བའི་ཆ་དབྱེ་བ་བྱེ་བྲག་ཏུ་བཤད་པ་ནི། དེ་ལྟར་བདུན་ཚན་བདུན་ལུས་གས་དུས་སྤྱིར་འབྱུང་བ་བཞི་ག་ལ་བརྟེན་ཡང་ཁྱད་པར་དུ་གང་གཙོ་བ་དང་རྒྱུ་མཚན་ངེས་པ་ཅུང་ཟད་བཤད་ན། དང་པོ་མེར་མེར་པོ་ཞག་བདུན་དུ་གྲུབ་པ་ནི་ཟུག་པའི་ལས་ཀྱིས་བྱུང་ལ། དེ་སླར་ཡང་བཤིག་པ་ནི་རླུང་ཟུག་པས་བྱས་སོ། །དེ་ནས་ནུར་ནུར་པོ་བདུན་ནི་སས་བྱེར་བའི་ལས་ཡིན་ནོ། །ཤའི་རྒྱུ་སས་བྱས་པས་ཉོན་མོངས་པ་གཏི་མུག་གནས་པའི་རྐྱེན་དུ་བྱུང་བའོ། །དེ་ནས་རླུང་བྱེར་བས་བཤིག་པ་ནི་བག་ཆགས་ཀྱི་རྒྱུའོ། །དེ་ནས་ཡང་ཆུ་ལ་སོགས་པས་བསྡུས་པས་ལྟར་ལྟར་པོར་བྱས་པ་ནི་སས་སྙོམས་པའི་ལས་ཏེ་ཤའི་རྐྱེན་དུ་བྱས་ནས་འདོད་ཆགས་ཀྱི་ཉེར་ལེན་དུ་བྱས་སོ། །དེ་ནས་རླུང་སྙོམས་པས་བཤིག་པ་ནི་ལས་སྣ་ཚོགས་པའི་རྒྱུའོ། །དེ་ནས་ཡང་ཆུས་བསྡུས་པ་ལ་སོགས་པ་བྱས་ནས་ཞག་བཅོ་ལྔ་ནས་ཉེར་གཅིག་གི་བར་དུ་ཆུས་ཟུག་པ་དང་བྱེར་བའི་ལས་སུ་བྱས་པས་ཁྲག་གི་རྒྱུ་ལས་འདོད་ཆགས་ཀྱིས་ཀུན་ནས་སློང་བའི་རྐྱེན་ནོ། །མེ་ཟུག་པས་བཤིག་པ་ནི་འདོད་ཡོན་འབྱུང་བའི་རྒྱུའོ། །ཞག་ཉེར་གཅིག་ནས་ཉེར་བརྒྱད་ཀྱི་བར་དུ་སྨིན་པས་ན་ཆུས་སྙོམས་པ་དང༌། མེས་ཟུག་པའི་ལས་ཀྱིས་དྲོད་བརླན་གཉིས་འདུས་པ་ལས་དབང་པོ་ལ་སོགས་པ་སོ་སོའི་རྒྱུའོ། །དེ་ནི་གཏི་མུག་གིས་ཀུན་ནས་སློང་བའི་ལས་སོ། །མེ་བྱེར་བ་དང་སྙོམས་པས་བཤིག་པ་ནི་མི་དགེ་བ་སྣ་ཚོགས་པའི་རྒྱུ་བྱས་པ་ལས་གྱུར་པའོ། །ཉེར་དགུ་ནས་སོ་ལྔའི་བར་དུ་སྨིན་པར་བྱས་པ་ནི་མེ་བྱེར་པ་དང་སྙོམས་པའི་ལས་ཏེ་ཞེ་སྡང་གིས་ཀུན་ནས་སློང་བའི་ལས་སོ། །ས་ཟུག་པས་བཤིག་པ་ནི་ལས་ཀྱི་བྱེ་བྲག་སྣ་ཚོགས་སུ་སྟོན་པའི་རྒྱུའོ། །སོ་དྲུག་ནས་ཞེ་གཉིས་ཀྱི་བར་རླུང་ཟུག་པ་དང་བྱེར་བའི་ལས་ཡིན་ཏེ་ཞེ་སྡང་གིས་བསྐྱེད་པའོ། །ས་བྱེར་བས་བཤིག་པ་ནི་རྨི་ལམ་གྱི་ལས་སོགས་པའི་རྒྱུའོ། །ཞེ་གསུམ་ནས་ཞེ་དགུའི་བར་ཆུ་སྙོམས་པའི་ལས་ཏེ་གཏི་མུག་དང་འདོད་ཆགས་གཉིས་ལྷན་དུ་བྱས་པའོ། །སའི་སྙོམས་པས་ཆ་ཤས་གསལ་བར་ཕྱེ་བ་ནི་རྟོག་པ་དུ་མས་ཉེ་བར་བསྡུས་པའོ། །དེ་ལྟར་བདུན་ཚན་བདུན་དུ་ཆགས་པའི་ལས་ནི་རྣམ་ཤེས་ཚོགས་བདུན་བག་ཆགས་ལུས་ཀྱི་ཀུན་གཞི་ལ་བརྟེན་པར་བྱས་པའོ། །ཞག་བཞི་བཅུ་རྩ་དགུར་ངེས་པ་ནི་བར་མ་དོ་ལ་ཞག་ཞེ་དགུ་གནས་པས་ལས་དང་བག་ཆགས་ཉེར་འཇོག་ཏུ་བྱུང་བའོ། །དེ་ཡང་ཀུན་རྫོབ་རང་སོའི་འབྱུང་བ་བཞིས་ལུས་སྨིན་པར་བྱས་པ་ནི། ས་ལས་ཤ་དངོས་སུ་གྲུབ་པར་བྱས། ཆུ་ལས་ཁྲག་དངོས་སུ་གྲུབ་པར་བྱས། མེ་ལས་དྲོད་དངོས་སུ་གྲུབ་པར་བྱས། རླུང་ལས་དབུགས་དངོས་སུ་གྲུབ་པར་བྱས་སོ། །དེ་ཡང་ཤ་ལས་གཏི་མུག ཁྲག་ལས་འདོད་ཆགས། དྲོད་ལས་ཞེ་སྡང༌། དབུགས་ལས་རྣམ་རྟོག་དུ་མ་འབྱུང་བའི་རྟ་བྱེད་པའོ། །འདོད་ཆགས་ལས་ལུས་དངོས་སུ་སྨིན་པར་བྱས་པ་ནི་ཐོག་མ་འདོད་ཆགས་ཀྱི་ཀུན་སློང་བྱས་པ་ལས་འབྱུང༌། ཞེ་སྡང་གིས་སྨིན་པར་བྱས་པ་ནི་ཐོག་མ་ཞེ་སྡང་ལ་བརྟེན་ནས་སྒྲའི་བརྗོད་པ་ཐ་དད་ལས་འབྱུང་བའོ། །གཏི་མུག་ལས་ཡིད་སྣ་ཚོགས་སུ་སྨིན་པ་ནི་ཐོག་མ་གཞི་མ་རིག་པའི་འཁྲུལ་པ་ལས་འབྱུང་བའོ། །དེ་ལྟར་གསུམ་ཡང་དབུགས་ཀྱི་རྟ་ལ་ཞོན་ནས་འགྲོ་བ་ན་དུག་གསུམ་ཐ་དད་པའི་རྟོག་པར་འབྱུང་བའོ། །དེ་ཡང་གཏི་མུག་གི་སྨིན་སོ་གཉིད་པ་འབྱུང་ལ།

[edit]
rywikitexts e-text of the Beijing 2009 edition (vol. 19), with its page numbers ༼N༽.

དེ་ནས་ཡང་འབྱུང་བ་བཞི་ཆར་གྱི་བྱེད་ལས་འཁྲུགས་པས་ཡང་བཤིག་ནས་ཟླ་བ་ཕྱེད་པའི་ནུབ་མོ་སྔ་མ་བཞིན་བསྡུས་ཏེ་སྲན་མ་ཉིས་འགྱུར་ཙམ་དུ་བྱས་པ་ལས་རླུང་གིས་བསྐྱོད་ཅིང་དཀྲུགས་པས་དྲོད་ཀྱི་དངས་མ་ཤིན་ཏུ་སྲབ་པ་སྦྲང་བུའི་གཤོག་པ་ལ་བརྒྱར་གཤགས་པ་ཙམ་ཞིག་ནུབ་ཕྱོགས་ཀྱི་རྩ་ནང་དུ་ཆགས་པས་ཤེས་པའི་དངས་མ་རབ་ཏུ་གསལ་བར་གནས་སོ། །དེ་ནས་ཞག་གཉིས་སུ་ལས་བྱེད་ཅིང་དཀྲུགས་པས་ཁ་དོག་གསལ་བར་བྱས། དེ་ནས་ཡང་ཞག་གཉིས་སུ་བསྐྱོད་ཅིང་དཀྲུགས་པས་ཤེས་པའི་རྟེན་རྣམས་བསྡུས། དེ་ནས་ཞག་གཉིས་སུ་ལས་ཀྱི་རླུང་གིས་བསྐྱོད་ཅིང་དཀྲུགས་པ་ལས་ལྟར་ལྟར་པོའི་གཞི་མཐེ་བོང་ཙམ་དུ་བྱས་པ་སྟེ། ཡང་བཤིག་ནས་ཞག་ཉི་ཤུ་རྩ་གཉིས་པ་ལ་ཆུས་བསྡུས་ཤིང་བརླན་པར་བྱས་པ་ལས་ཤར་གྱི་རྩ་ནང་དུ་ཐིག་ལེ་ཕྲ་མོ་ཞིག་བསྐྱེད། དེ་ནས་རྩ་གསུམ་པ་ལ་ཐིག་ལེའི་ནང་དུ་རྟོག་མེད་ཀྱི་ཤེས་པ་གནས་པར་བྱས། རྩ་བཞི་པ་ལ་ལྷོའི་རྩ་ནང་དུ་ཤའི་དངས་མ་ཁ་དོག་དཀར་བའི་ནང་དུ་ཡིད་དང་སེམས་ཀྱི་རྟེན་ཐིག་ལེ་ཕྲ་མོར་གནས་པར་བྱས། རྩ་ལྔ་བ་ལ་ཡང་ཆུས་བསྡུས་ཤིང་བརླན་པ་ལས་བྱང་གི་རྩའི་ནང་དུ་དབུགས་ཀྱི་དངས་མ་གསེར་ས་འོག་ཏུ་བཅུག་པའི་རླངས་པ་ཙམ་ཁ་དོག་སྔོ་ཞིང་དམར་བ་ཆགས་པ་ལས་ཡེ་ཤེས་དང་རིག་པའི་རྩལ་གསལ་བར་རང་ཤེས་དང་བཅས་པ་བརྟེན་ནས་གནས་སོ། །རྩ་དྲུག་པ་ལ་ཆུས་བསྡུས་ཤིང་བརླན་པར་བྱས་པ་ལས་རྟེན་དེ་དག་རེ་རེའྀ་ནང་གི་ནུབ་ན་ཤེས་པ་དང་བློ་དང་དྲན་པའི་རྟེན་གསལ་བར་བྱས། ཤར་ན་མ་རིག་པ་དང་ཉོན་མོངས་པའི་རྟེན་གསལ་བར་བྱས། ལྷོ་ན་འགྱུ་བ་དང་ཡིད་ཀྱི་རྟེན་གསལ་བར་བྱས། བྱང་དུ་སེམས་དང་རྣམ་པར་རྟོག་པ་གསལ་བར་བྱས་སོ། །དེ་དག་ནི་ཀུན་རྫོབ་ཀྱི་འབྱུང་བ་བཞིའི་ལས་སོ། །དོན་དམ་གྱི་འབྱུང་བས་སྒྲོན་མ་བཞི་བསྟེན་པའི་ལས་བྱེད་དོ། །རྩ་བདུན་པ་ལ་གཉིས་གཉིས་འདུས་པ་དང༌། རྩ་བརྒྱད་པ་ལ་བཞི་ཆར་གྱི་བྱེད་པའི་ལས་ཀྱིས་གོར་གོར་པོའི་གཞིར་སྨིན་པ་སྟེ་འབྱུང་བ་བཞི་ཆར་གྱི་ལས་འཁྲུགས་པས་བཤིག་ནས་རྩ་དགུ་པའི་ནུབ་མོ་ཆུས་བསྡུས། སས་བརྟན། མེས་སྨིན། རླུང་གིས་འཕེལ་བའི་ལས་བྱས་པ་ལས་འཁོར་ལོ་བཞི་ལ་དབང་པོ་ལྔའི་རྟེན་གྱི་རྩ་ཆགས་ཏེ། སྐྱེད་བྱེད་དང་པོའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་འབྱུང་བའི་སྤྱན་དང་སྒྲོན་མའི་སྤྱན་གཉིས་དང་བཅས་པ་བསྐྱེད། དེ་ནས་ཞག་གཅིག་ཏུ་གོང་ལྟར་བྱས་པས་དྲན་པ་འདུས་པའི་འཁོར་ལོ་རྩ་བ་བརྒྱད་ལས་གྱེས་པའི་རྩ་འདབ་སུམ་ཅུ་རྩ་གཉིས་སྤྱན་གཉིས་དང་བཅས་པ་བསྐྱེད། དེ་ནས་ཞག་གཉིས་སུ་གོང་ལྟར་བྱས་པས་རོ་རྣམས་འདུས་པར་རྩ་འདབ་བཅུ་དྲུག་སྤྱན་གཉིས་དང་བཅས་པ་བསྐྱེད། དེ་ནས་གོང་ལྟར་ཞག་གཉིས་བྱས་པས་རྩེ་མོ་རྣམ་བཀོད་དུ་རྩ་འདབ་སུམ་བརྒྱ་དང་དྲུག་ཅུ་སྤྱན་གཉིས་དང་བཅས་པ་སྨིན་པར་བྱས་སོ། །དེ་ནས་འབྱུང་བའི་ལས་ཞག་གཅིག་ཏུ་བྱས་པས་མཁྲང་འགྱུར་ཞེས་བྱ་སྟེ། དེ་དག་རབ་ཏུ་སྲ་བ་གཅིག་ཏུ་གྱུར་ནས་འཁོར་ལོ་བཞིའི་དབུས་སུ་རོ་རྐྱང་དང་ཀུན་འདར་མ་གསུམ་ཀ་བའི་ཚུལ་དུ་རབ་ཏུ་གསལ་བར་འགྱུར་རོ། །དེ་ནས་ཡང་མཁྲང་འགྱུར་ཡང་ཆུའི་བརླན་གྱིས་བཤིག་སས་གཅིག་ཏུ་བསྡུས། རླུང་གིས་སོ་སོར་ཕྱེ་ཞིང་གཏོར། མེས་སྨིན་པར་བྱས་པ་ལས་ཞག་བཞི་ནས་དབང་པོ་རྣམས་བསྐྱེད། དེ་ནས་ཞག་གཅིག་ཏུ་མེས་བསྲེགས་ཏེ་སྟོངས་པར་བྱས། རླུང་གིས་སོ་སོར་ཕྱེ། སས་གཅིག་ཏུ་མནན་པར་བྱས། ཆུས་འཕེལ་བའི་ལས་བྱས་པས་ལུས་སྤྱི་བསྐྱེད། དེ་ནས་ཞག་གཅིག་ཏུ་འབྱུང་བ་རྣམས་གཅིག་ཏུ་གྱུར་པས་ཁྱབ་འཇུག་ཉ་ལྟ་བུ་མའི་ཕྱག་གང་པ་ཞིག་ཏུ་བྱས་སོ། །དེ་ནས་ཡང་འབྱུང་བའི་ལས་ཐ་དད་པས་ཞག་གཉིས་སུ་ཆུས་གོང་མ་དེ་བཤིག་ནས་ཡང་བསྡུས་པས་གཟུགས་སུ་གྲུབ་པར་བྱས། ཞག་གཅིག་ཏུ་སས་བཟུང་བས་དབང་པོ་དང་དོན་སྣོད་རྣམས་ཐ་དད་དུ་བྱས། དེ་ནས་ཞག་གཅིག་ཏུ་མེས་སྨིན་པར་བྱས་པས་དབང་པོ་རྣམས་ཀྱི་སྒོ་གསལ་བར་དོད། དེ་ནས་རླུང་གིས་ཞག་གཅིག་ཏུ་ཕྱེ་བས་མིག་ལ་སོགས་པ་སོ་སོར་མ་འདྲེས་པར་བྱས་སོ། །དེ་ནས་འབྱུང་བའི་ལས་དངོས་སུ་མེད་ཤུགས་ལས་བྱས་པས་ལུས་བསྐྱེད་པ་ནི། ཆུས་བརླན་པའི་ལས་བྱས་པས་ཆེར་འཕེལ་བ་ལ་ཞག་གཅིག» «སས་སྲ་ཞིང་བརྟན་པས་གཟུགས་སུ་གྲུབ་པར་བྱས་པ་ལ་གཅིག་སྟེ་ཞག་དྲུག» «དེ་ནས་ཞག་གཅིག་ཏུ་མེ་དང་རླུང་གིས་ཕྱེ་ཞིང་སྨིན་པས་དབྱིབས་དེ་རུས་སྦལ་བཞིན་དུ་དབང་པོ་དང་ལུས་ཀྱི་རྣམ་སྤྱི་གསལ་བ་ལ་ཡན་ལག་མེད་པ་མ་དེའི་མཁྱིད་གང་པར་བྱས་སོ། །དེ་ནས་ཞག་གཅིག་ཏུ་མེས་ཚ་ཞིང་སྲེག་པའི་ལས་བྱས་པས་ཡན་ལག་བསྐྱེད། དེ་ནས་ཞག་གཉིས་སུ་རླུང་གིས་ཡང་ཞིང་བསྐྱོད་པའི་ལས་བྱས་པས་རླུང་ཨ་ཝ་དྷཱུ་ཏཱིར་ཚུད། འདིའི་དུས་སུ་འབྱུང་བ་ལྔའི་ཆོས་སུ་སྨིན་ནོ། །དེ་ནས་ཡང་ཞག་གཉིས་སུ་ཆུས་གྲང་བའི་ལས་བྱས་པས་ནད་འདུ་བ་བཞིར་སྨིན་པའི་རྒྱུ་བྱས། དེ་ནས་ཞག་གཉིས་སུ་སས་ལྕི་ཞིང་འཐས་པའི་ལས་བྱས་པས་ཤ་ཁྲག་དངོས་སུ་གྲུབ་ནས་ཁྱབ་འཇུག་སྦལ་བ་བཞིན་དུ་ཡན་ལག་རྫོགས་པ་མ་དེའི་མཐོ་གང་དུ་བྱས་སོ། །འདི་མན་ཆད་དུ་འབྱུང་བ་ཚོགས་པའི་ལས་བྱེད་པས་མ་ནིང་གི་འབྱུང་ལས་ཞེས་བྱ་སྟེ་གཅིག་ ཁོ་ནར་མ་ཆད་པའི་ཕྱིར་ན་འབྱུང་བ་གཉིས་གཉིས་ཀྱི་བྱེད་པའི་ལས་གཙོ་ བོ«༼༡༽«འོ། །དེ་ནས་མེས་ཚ་བར་བྱས་པས་དབང་པོ་གསལ་བ་དང་མི་གསལ་བར་བྱས། རླུང་གིས་ཕྱེ་བས་ཡན་ལག་དང་དབང་པོ་ལ་སོགས་སོ་སོ་ན་གསལ་ཞིང་དོད་པར་བྱས། ཆུས་གཤེར་བ་ལས་གོང་དུ་འཕེལ་བར་བྱས། སས་བརྟན་པ་ལས་རྫོགས་ཤིང་བསྐྱེད་པ་དང་འཕེལ་བའི་གཞི་འཛིན་པར་བྱས་ཏེ་ཞག་བཞི་བཅུ་རྩ་དགུའི་བར་དུ་མའི་མངལ་དུ་ལུས་ཆགས་ཤིང་རྣམ་པ་རྫོགས་པར་བྱས་ནས། དེ་ཕན་ཆད་ལུས་བསྐྱེད་པའི་ལས་ཏེ་མས་ཟས་སྐོམ་འཐུངས་ཟོས་བྱས་པའི་དངས་མ་བུའི་ལྟེ་བ་ན་མར་སོང་བས་རྒྱུ་བྱས་ཏེ་བུའི་ལུས་ཀྱི་པགས་པ་དང་སྐྲ་དང་བ་སྤུ་རྣམས་ཆགས་ཏེ། ཟླ་བ་གཅིག་དང་ཞག་ཉེར་དྲུག་ན་ཨ་ཝ་དྷཱུ་ཏཱིའི་རླུང་དང་ཉོན་མོངས་པ་བག་ལ་ཉལ་ལངས་པས་འགུལ་ཞིང་འཕྲིག་པ་འབྱུང་ངོ༌། །» «གཉིས་པ་ཞག་གི་འབྱུང་བའི་ཆ་དབྱེ་བ་བྱེ་བྲག་ཏུ་བཤད་པ་ནི། དེ་ལྟར་བདུན་ཚན་བདུན་དུ་ལུས་ཆགས་དུས་སྤྱིར་འབྱུང་བ་བཞི་ག་ལ་བརྟེན་ཡང་ཁྱད་པར་དུ་གང་གཙོ་བ་དང་རྒྱུ་མཚན་ངེས་པ་ཅུང་ཟད་བཤད་ན། དང་པོ་མེར་མེར་པོ་ཞག་བདུན་དུ་གྲུབ་པ་ནི་སས་ཟུག་པའི་ལས་ཀྱིས་བྱུང་ལ། དེ་སླར་བཤིག་པ་ནི་རླུང་ཟུག་པས་བྱས་སོ། །དེ་ནས་ནུར་ནུར་པོ་བདུན་ནི་སས་བྱེར་བའི་ལས་ཡིན་ནོ། །ཤའི་རྒྱུ་སས་བྱས་པས་ཉོན་མོངས་པ་གཏི་མུག་གནས་པའི་རྐྱེན་དུ་བྱུང་བའོ། །དེ་ནས་རླུང་བྱེར་བས་བཤིག་པ་ནི་བག་ཆགས་ཀྱི་རྒྱུའོ། །དེ་ནས་ཡང་ཆུ་ལ་སོགས་པས་བསྡུས་པས་ལྟར་ལྟར་པོར་བྱས་པ་ནི་སས་སྙོམས་པའི་ལས་དེ་ཤའི་རྐྱེན་དུ་བྱས་ནས་འདོད་ཆགས་ཀྱི་ཉེར་ལེན་དུ་བྱས་སོ། །དེ་ནས་རླུང་སྙོམས་པས་བཤིག་པ་ནི་ལས་སྣ་ཚོགས་པའི་རྒྱུའོ། །དེ་ནས་ཡང་ཆུས་བསྡུས་པ་ལ་སོགས་པ་བྱས་ནས་ཞག་བཅོ་ལྔ་ནས་ཉེར་གཅིག་གི་བར་དུ་ཆུས་ཟུག་པ་དང་བྱེར་བའི་ལས་སུ་བྱས་པས་ཁྲག་གི་རྒྱུ་ལས་འདོད་ཆགས་ཀྱིས་ཀུན་ནས་སློང་བའི་རྐྱེན་ནོ། །མེ་ཟུག་པས་བཤིག་པ་ནི་འདོད་ཡོན་འབྱུང་བའི་» «རྒྱུའོ། །ཞག་ཉེར་གཅིག་ནས་ཉེར་བརྒྱད་ཀྱི་བར་དུ་སྨིན་པས་ན་ཆུས་སྙོམས་པ་དང༌། མེས་ཟུག་པའི་ལས་ཀྱིས་དྲོད་བརླན་གཉིས་འདུས་པ་ལས་དབང་པོ་ལ་སོགས་པ་སོ་སོའི་རྒྱུའོ། །དེ་ནི་གཏི་མུག་གིས་ཀུན་ནས་སློང་བའི་ལས་སོ། །མེ་བྱེར་བ་དང་སྙོམས་པའི་བཤིག་པ་ནི་མི་དགེ་བ་སྣ་ཚོགས་པའི་རྒྱུ་བྱས་པ་ལས་གྱུར་པའོ། །ཉེར་དགུ་ནས་སོ་ལྔའི་བར་དུ་སྨིན་པར་བྱས་པ་ནི་མེ་བྱེར་བ་དང་སྙོམས་པའི་ལས་ཏེ་ཞེ་སྡང་གིས་ཀུན་ནས་སློང་བའི་ལས་སོ། །ས་ཟུག་པས་བཤིག་པ་ནི་ལས་ཀྱི་བྱེ་བྲག་སྣ་ཚོགས་སུ་སྟོན་པའི་རྒྱུའོ། །སོ་དྲུག་ནས་ཞེ་གཉིས་ཀྱི་བར་རླུང་ཟུག་པ་དང་བྱེར་བའི་ལས་ཡིན་ཏེ་ཞེ་སྡང་གིས་བསྐྱེད་» «པའོ། །ས་བྱེར་བས་བཤིག་པ་ནི་རྨི་ལམ་གྱི་ལས་སོག་པའི་རྒྱུའོ། །ཞེ་གསུམ་ནས་ཞེ་དགུའི་བར་ཆུ་སྙོམས་པའི་ལས་ཏེ་གཏི་མུག་དང་འདོད་ཆགས་གཉིས་ལྷན་དུ་བྱས་པའོ། །སའི་སྙོམས་པས་ཆ་ཤས་གསལ་བར་ཕྱེ་བ་ནི་རྟོག་པ་དུ་མས་ཉེ་བར་བསྡུས་པའོ། །དེ་ལྟར་བདུན་ཚན་བདུན་དུ་ཆགས་པའི་ལས་ནི་རྣམ་ཤེས་ཚོགས་བདུན་བག་ཆགས་ལུས་ཀྱི་ཀུན་གཞི་ལ་བརྟེན་པར་བྱས་» «པའོ། །ཞག་བཞི་བཅུ་རྩ་དགུར་ངེས་པ་ནི་བར་མ་དོ་ལ་ཞག་ཞེ་དགུ་གནས་པས་ལས་དང་བག་ཆགས་ཉེར་འཇོག་ཏུ་བྱུང་བའོ། །དེ་ཡང་ཀུན་རྫོབ་རང་སོའི་འབྱུང་བ་བཞིས་ལུས་སྨིན་པར་བྱས་པ་ནི། ས་ལས་ཤ་དངོས་སུ་གྲུབ་པར་བྱས། ཆུ་ལས་ཁྲག་དངོས་སུ་གྲུབ་པར་བྱས། མེ་ལས་དྲོད་དངོས་སུ་གྲུབ་པར་བྱས། རླུང་ལས་དབུགས་དངོས་སུ་གྲུབ་པར་བྱས་སོ། །དེ་ཡང་ཤ་ལས་གཏི་མུག» «ཁྲག་ལས་འདོད་ཆགས། དྲོད་ལས་ཞེ་སྡང༌། དབུགས་ལས་རྣམ་རྟོག་དུ་མ་འབྱུང་བའི་རྟ་བྱེད་པའོ། །འདོད་ཆགས་ལས་ལུས་དངོས་སུ་སྨིན་པར་བྱས་པ་ནི་ཐོག་མ་འདོད་ཆགས་ཀྱི་ཀུན་སློང་བྱས་པ་ལས་འབྱུང༌། ཞེ་སྡང་གིས་སྨིན་པར་བྱས་པ་ནི་ཐོག་མ་ཞེ་སྡང་ལ་བརྟེན་ནས་སྒྲའི་བརྗོད་པ་ཐ་དད་ལས་འབྱུང་» «བའོ། །གཏི་མུག་ལས་ཡིད་སྣ་ཚོགས་སུ་སྨིན་པ་ནི་ཐོག་མ་གཞི་མ་རིག་པའི་འཁྲུལ་པ་ལས་འབྱུང་བའོ། །དེ་ལྟར་གསུམ་ཡང་དབུགས་ཀྱི་རྟ་ལ་ཞོན་ནས་འགྲོ་བས་ན་དུག་གསུམ་ཐ་དད་པའི་རྟོག་པར་འབྱུང་བའོ། །དེ་ཡང་གཏི་མུག་གི་སྨིན་སོ་གཉིད་པ་འབྱུང་ལ།

[edit]
OCR of the BDRC scans (I1CZ5003), gorn05 tibocr 2026: BDRC OCR on 239 pages, Mitra OCR on 125 pages (the model with more recognisable syllables on each page).

[p. 204] དེ་ནས་ཡང་འབྱུང་བ་བཞི་ཆར་གྱི་བྱེད་ལས་འཁྲུགས་པས་ཡང་བཤིག་ནས་ཟླ་བ་ཕྱེད་པའི་ནུབ་མོ་སྔ་མ་བཞིན་བསྡུས་ཏེ་སྲན་མ་ཉིས་འགྱུར་ཙམ་དུ་བྱས་པ་ལས་རླུང་གིས་བསྐྱོད་ཅིང་དཀྲུགས་པས་དྲོད་ཀྱི་དངས་མ་ཤིན་ཏུ་སྲབ་པ་སྦྲང་བུའི་གཤོག་པ་ལ་ བརྒྱར་གཤགས་པ་ཙམ་ཞིག་ནུབ་ཕྱོགས་ཀྱི་རྩ་ནང་དུ་ཆགས་པས་ཤེས་པའི་དངས་མ་རབ་ཏུ་གསལ་བར་གནས་སོ། །དེ་ནས་ཞག་གཉིས་སུ་ལས་བྱེད་ཅིང་དཀྲུགས་པས་ཁ་དོག་གསལ་བར་བྱས། དེ་ནས་ཡང་ཞག་གཉིས་སུ་བསྐྱོད་ཅིང་དཀྲུགས་པས་ཤེས་ པའི་རྟེན་རྣམས་བསྡུས། དེ་ནས་ཞག་གཉིས་སུ་ལས་ཀྱི་རླུང་གིས་བསྐྱོད་ཅིང་དཀྲུགས་པ་ལས་ལྟར་ལྟར་པོའི་གཞི་མཐེ་བོང་ཙམ་དུ་བྱས་པ་སྟེ། ཡང་བཤིག་ནས་ཞག་ཉི་ཤུ་རྩ་གཉིས་པ་ལ་ཆུས་བསྡུས་ཤིང་བརླན་པར་བྱས་པ་ལས་ཤར་གྱི་རྩ་ནང་དུ་ ཐིག་ལེ་ཕྲ་མོ་ཞིག་བསྐྱེད། དེ་ནས་རྩ་གསུམ་པ་ལ་ཐིག་ལེའི་ནང་དུ་རྟོག་མེད་ཀྱི་ཤེས་པ་གནས་པར་བྱས། རྩ་བཞི་པ་ལ་ལྷོའི་རྩ་ནང་དུ་ཤའི་དངས་མ་ཁ་དོག་དཀར་བའི་ནང་དུ་ཡིད་དང་སེམས་ཀྱི་རྟེན་ཐིག་ལེ་ཕྲ་མོར་གནས་པར་བྱས། རྩ་ལྔ་པ་ལ་ཡང་ཆུས་ བསྡུས་ཤིང་བརླན་པ་ལས་བྱང་གི་རྩའི་ནང་དུ་དབུགས་ཀྱི་དངས་མ་གསེར་ས་འོག་ཏུ་བཅུག་པའི་རླངས་པ་ཙམ་ཁ་དོག་སྔོ་ཞིང་དམར་བ་ཆགས་པ་ལས་ཡེ་ཤེས་དང་རིག་པའི་རྩལ་གསལ་བར་རང་ཤེས་དང་བཅས་པ་བརྟེན་ནས་གནས་སོ། །རྩ་དྲུག་པ་ལ་ཆུས་ བསྡུས་ཤིང་བརླན་པར་བྱས་པ་ལས་རྟེན་དེ་དག་རེ་རེའི་ནང་གི་ནུབ་ན་ཤེས་པ་དང་བློ་དང་དྲན་པའི་རྟེན་གསལ་བར་བྱས། ཤར་ན་མ་རིག་པ་དང་ཉོན་མོངས་པའི་རྟེན་གསལ་བར་བྱས། ལྷོ་ན་འགྱུ་བ་དང་ཡིད་ཀྱི་རྟེན་གསལ་བར་བྱས། བྱང་དུ་སེམས་དང་ རྣམ་པར་རྟོག་པ་གསལ་བར་བྱས་སོ། །དེ་དག་ནི་ཀུན་རྫོབ་ཀྱི་འབྱུང་བ་བཞིའི་ལས་སོ། །དོན་དམ་གྱི་འབྱུང་བས་སྒྲོན་མ་བཞི་བསྟེན་པའི་ལས་བྱེད་དོ། །རྩ་བདུན་པ་ལ་གཉིས་གཉིས་འདུས་པ་དང་། རྩ་བརྒྱད་པ་ལ་བཞི་ཆར་གྱི་བྱེད་པའི་

[p. 205] ༄༅། །པ་བག་ལ་ཉལ་ལངས་པས་འགུལ་ཞིང་འཕྲིག་པ་འབྱུང་ངོ། །གཉིས་པ་ཞག་གི་འབྱུང་བའི་ཆ་དབྱེ་བ་བྱེ་བྲག་ཏུ་བཤད་པ་ནི། དེ་ལྟར་བདུན་ཚན་བདུན་དུ་ལུས་ཆགས་དུས་སྤྱིར་འབྱུང་བ་བཞི་ག་ལ་བརྟེན་ཡང་ཁྱད་པར་དུ་གང་གཙོ་བ་དང་རྒྱུ་མཚན་ ངེས་པ་ཅུང་ཟད་བཤད་ན། དང་པོ་མེར་མེར་པོ་ཞག་བདུན་དུ་གྲུབ་པ་ནི་སས་ཟུག་པའི་ལས་ཀྱིས་བྱུང་ལ། དེ་སླར་བཤིག་པ་ནི་རླུང་ཟུག་པས་བྱས་སོ། །དེ་ནས་ནུར་ནུར་པོ་བདུན་ནི་སས་བྱེར་བའི་ལས་ཡིན་ནོ། །ཤའི་རྒྱུ་སས་བྱས་པས་ཉོན་མོངས་པ་གཏི་མུག་ གནས་པའི་རྐྱེན་དུ་བྱུང་བའོ། །དེ་ནས་རླུང་བྱེར་བས་བཤིག་པ་ནི་བག་ཆགས་ཀྱི་རྒྱུའོ། །དེ་ནས་ཡང་ཆུ་ལ་སོགས་པས་བསྡུས་པས་ལྟར་ལྟར་པོར་བྱས་པ་ནི་སས་སྙོམས་པའི་ལས་ཏེ་ཤའི་རྐྱེན་དུ་བྱས་ནས་འདོད་ཆགས་ཀྱི་ཉེར་ལེན་དུ་བྱས་སོ། །དེ་ ནས་རླུང་སྙོམས་པས་བཤིག་པ་ནི་ལས་སྣ་ཚོགས་པའི་རྒྱུའོ། །དེ་ནས་ཡང་ཆུས་བསྡུས་པ་ལ་སོགས་པ་བྱས་ནས་ཞག་བཅོ་ལྔ་ནས་ཉེར་གཅིག་གི་བར་དུ་ཆུས་ཟུག་པ་དང་བྱེར་བའི་ལས་སུ་བྱས་པས་ཁྲག་གི་རྒྱུ་ལས་འདོད་ཆགས་ཀྱིས་ཀུན་ནས་སློང་བའི་ རྐྱེན་ནོ། །མེ་ཟུག་པས་བཤིག་པ་ནི་འདོད་ཡོན་འབྱུང་བའི་རྒྱུའོ། །ཞག་ཉེར་གཅིག་ནས་ཉེར་བརྒྱད་ཀྱི་བར་དུ་སྨིན་པས་ན་ཆུས་སྙོམས་པ་དང་། མེས་ཟུག་པའི་ལས་ཀྱིས་དྲོད་བརླན་གཉིས་འདུས་པ་ལས་དབང་པོ་ལ་སོགས་པ་སོ་སོའི་རྒྱུའོ། ། དེ་ནི་གཏི་མུག་གིས་ཀུན་ནས་སློང་བའི་ལས་སོ། །མེ་ཕྱིར་བ་དང་སྙོམས་པས་བཤིག་པ་ནི་མི་དགེ་བ་སྣ་ཚོགས་པའི་རྒྱུ་བྱས་པ་ལས་གྱུར་པའོ། །ཉེར་དགུ་ནས་སོ་ལྔའི་བར་དུ་སྨིན་པར་བྱས་པ་ནི་མེ་བྱེར་བ་དང་སྙོམས་པའི་ལས་ཏེ་ཞེ་སྡང་ གིས་ཀུན་ནས་སློང་བའི་ལས། སོ། །ས་ཟུག་པས་བཤིག་པ་ནི་ལས་ཀྱི་བྱེ་བྲག་སྣ་ཚོགས་སུ་སྟོན་པའི་རྒྱུའོ། །སོ་དྲུག་ནས་ཞེ་གཉིས་ཀྱི་བར་རླུང་ཟུག་པ་དང་བྱེར་བའི་ལམ་ཡིན་ཏེ་ཞེ་སྡང་གིས་བསྐྱེད་པའོ། །ས་བྱེར་བས་བཤིག་པ་ནི་རྨི་ལམ་གྱི་

[p. 206] ལས་སོག་པའི་རྒྱུའོ། །ཞེ་གསུམ་ནས་ཞེ་དགུའི་བར་ཆུ་སྙོམས་པའི་ལས་ཏེ་གཏི་མུག་དང་འདོད་ཆགས་གཉིས་ལྷན་དུ་བྱས་པའོ། །སའི་སྙོམས་པས་ཆ་ཤས་གསལ་བར་ཕྱེ་བ་ནི་རྟོག་པ་དུ་མས་ཉེ་བར་བསྡུས་པའོ། །དེ་ལྟར་བདུན་ཚན་བདུན་དུ་ ཆགས་པའི་ལས་ནི་རྣམ་ཤེས་ཚོགས་བདུན་བག་ཆགས་ལུས་ཀྱི་ཀུན་གཞི་ལ་བརྟེན་པར་བྱས་པའོ། །ཞག་བཞི་བཅུ་རྩ་དགུར་ངེས་པ་ནི་བར་མ་དོ་ལ་ཞག་ཞེ་དགུ་གནས་པས་ལས་དང་བག་ཆགས་ཉེར་འཇོག་ཏུ་བྱུང་བའོ། །དེ་ཡང་ཀུན་རྫོབ་རང་སོའི་འབྱུང་བ་བཞིས་ ལུས་སྨིན་པར་བྱས་པ་ནི། ས་ལས་ཤ་དངོས་སུ་གྲུབ་པར་བྱས། ཆུ་ལས་ཁྲག་དངོས་སུ་གྲུབ་པར་བྱས། མེ་ལས་དྲོད་དངོས་སུ་གྲུབ་པར་བྱས། རླུང་ལས་དབུགས་དངོས་སུ་གྲུབ་པར་བྱས་སོ། །དེ་ཡང་ཤ་ལས་གཏི་མུག །ཁྲག་ལས་འདོད་ཆགས། དྲོད་ ལས་ཞེ་སྡང་། དབུགས་ལས་རྣམ་རྟོག་དུ་མ་འབྱུང་བའི་རྟ་བྱེད་པའོ། །འདོད་ཆགས་ལས་ལུས་དངོས་སུ་སྨིན་པར་བྱས་པ་ནི་ཐོག་མ་འདོད་ཆགས་ཀྱི་ཀུན་སྤོང་བྱས་པ་ལས་འབྱུང་། ཞེ་སྡང་གིས་སྨིན་པར་བྱས་པ་ནི་ཐོག་མ་ཞེ་སྡང་ལ་བརྟེན་ནས་སྒྲའི་བརྗོད་པ་ཐ་དད་ ལས་འབྱུང་བའོ། །གཏི་མུག་ལས་ཡིད་སྣ་ཚོགས་སུ་སྨིན་པ་ནི་ཐོག་མ་གཞི་མ་རིག་པའི་འཁྲུལ་པ་ལས་འབྱུང་བའོ། །དེ་ལྟར་གསུམ་ཡང་དབུགས་ཀྱི་རྟ་ལ་ཞོ་ན་ནས་འགྲོ་བས་ན་དུག་གསུམ་ཐ་དད་པའི་རྟོག་པར་འབྱུང་བའོ། །དེ་ཡང་གཏི་མུག་གི་སྨིན་སོ་གཉིད་ པ་འབྱུང་ལ།

[edit]
OCR of the BDRC scans (I2PD20603), gorn05 tibocr 2026: BDRC OCR on 248 pages, Mitra OCR on 119 pages (the model with more recognisable syllables on each page).

[p. 424] དེ་ནས་ཡང་འབྱུང་བ་བཞི་ཆར་གྱི་བྱེད་ལས་འཁྲུགས་པས་ཡང་བཤིག་ནས་ཟླ་བ་ཕྱེད་པའི་ནུབ་མོ་སྔ་ན་བཞིན་བསྡུས་ཏེ་སྲན་མ་ཉིས་འགྱུར་ཙམ་དུ་བྱས་པ་ལས་རླུང་གིས་བསྐྱོད་ཅིང་དཀྲུགས་པས་དྲོད་ཀྱི་དངས་མ་ཤིན་ཏུ་སྲབ་པ་སྦྲང་བུའི་གཤོག་པ་ལ་བརྒྱར་གཤགས་པ་ཙམ་ཞིག་ནུབ་ཕྱོགས་ཀྱི་རྩ་ནང་དུ་ཆགས་པས་ཤེས་པའི་དངས་མ་རབ་ཏུ་གསལ་བར་གནས་སོ། །དེ་ནས་ཞག་གཉིས་སུ་ལས་བྱེད་ཅིང་དཀྲུགས་པས་ཁ་དོག་གསལ་བར་བྱས། དེ་ནས་ཡང་ཞག་གཉིས་སུ་བསྐྱོད་ཅིང་དཀྲུགས་པས་ཤེས་པའི་རྟེན་རྣམས་བསྡུས། དེ་ནས་ཞག་གཉིས་སུ་ལས་ཀྱི་རླུང་གིས་བསྐྱོད་ཅིང་དཀྲུགས་པ་ལས་ལྟར་ལྟར་པོའི་གཞི་མཐེ་བོང་ཙམ་དུ་བྱས་པ་སྟེ། ཡང་བཤིག་ནས་ཞག་ཉི་ཤུ་རྩ་གཉིས་པ་ལ་ཆུས་བསྡུས་ཤིང་བརླན་པར་བྱས་པ་ལས་ཤར་གྱི་རྩ་ནང་དུ་ཐིག་ལེ་ཕྲ་མོ་ཞིག་བསྐྱེད། དེ་ནས་རྩ་གསུམ་པ་ལ་ཐིག་ལེའི་ནང་དུ་རྟོག་མེད་ཀྱི་ཤེས་པ་གནས་པར་བྱས། རྩ་བཞི་པ་ལ་ལྷོའི་རྩ་ནང་དུ་ཤའི་དངས་མ་ཁ་དོག་དཀར་བའི་ནང་དུ་ཡིད་དང་སེམས་ཀྱི་རྟེན་ཐིག་ལེ་ཕྲ་མོར་གནས་པར་བྱས། རྩ་ལྔ་པ་ལ་ཡང་ཆུས་བསྡུས་ཤིང་བརླན་པ་ལས་བྱང་གི་རྩའི་ནང་དུ་དབུགས་ཀྱི་དངས་མ་གསེར་ས་འོག་ཏུ་བཅུག་པའི་རླངས་པ་ཙམ་ཁ་དོག་སྔོ་ཞིང་དམར་བ་ཆགས་པ་ལས་ཡེ་ཤེས་དང་རིག་པའི་རྩལ་གསལ་བར་རང་ཤེས་དང་བཅས་པ་བརྟེན་ནས་གནས་སོ། །རྩ་དྲུག་པ་ལ་ཆུས་བསྡུས་ཤིང་བརླན་པར་བྱས་པ་ལས་རྟེན་དེ་དག་རེ་རེའི་ནང་གི་ནུབ་ན་ཤེས་པ་དང་བློ་དང་དྲན་པའི་རྟེན་གསལ་བར་བྱས། ཤར་ན་མ་རིག་པ་དང་ཉོན་མོངས་པའི་རྟེན་གསལ་བར་བྱས། ལྷོ་ན་འགྱུ་བ་དང་ཡིད་ཀྱི་རྟེན་གསལ་བར་བྱས། བྱང་དུ་སེམས་དང་རྣམ་པར་རྟོག་པ་གསལ་བར་བྱས་སོ། །དེ་དག་ནི་ཀུན་རྫོབ་ཀྱི་འབྱུང་བ་བཞིའི་ལས་སོ། །དོན་དམ་གྱི་འབྱུང་བས་སྒྲོན་མ་བཞི་བསྟེན་པའི་ལས་བྱེད་དོ། །རྩ་བདུན་པ་ལ་གཉིས་གཉིས་འདུས་པ་དང་། རྩ་བརྒྱད་པ་ལ་བཞི་ཆར་གྱི་བྱེད་པའི་

[p. 425] ལས་ཀྱིས་གོར་གོར་པོའི་གཞིར་སྨིན་པ་སྟེ་འབྱུང་བ་བཞི་ཆར་གྱི་ལས་འཁྲུགས་པས་བཤིག་ནས་རྩ་དགུ་པའི་ནུབ་མོ་ཆུས་བསྡུས། སས་བརྟན། མེས་སྨིན། རླུང་གིས་འཕེལ་བའི་ལས་བྱས་པ་ལས་འཁོར་ལོ་བཞི་ལ་དབང་པོ་ལྔའི་རྟེན་གྱི་རྩ་ཆགས་ཏེ། སྐྱེད་བྱེད་དང་པོའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་འབྱུང་བའི་སྤྱན་དང་སྒྲོན་མའི་སྤྱན་གཉིས་དང་བཅས་པ་བསྐྱེད། དེ་ནས་ཞག་གཅིག་ཏུ་གོང་ལྟར་བྱས་པས་དྲན་པ་འདུས་པའི་འཁོར་ལོ་རྩ་བ་བརྒྱད་ལས་གྱེས་པའི་རྩ་འདབ་སུམ་ཅུ་རྩ་གཉིས་སྤྱན་གཉིས་དང་བཅས་པ་སྐྱེད། དེ་ནས་ཞག་གཉིས་སུ་གོང་ལྟར་བྱས་པས་རོ་རྣམས་འདུས་པར་རྩ་འདབ་བཅུ་དྲུག་སྤྱན་གཉིས་དང་བཅས་པ་དེ་བསྐྱེད། དེ་ནས་གོང་ལྟར་ཞག་གཉིས་བྱས་པས་རྩེ་མོ་རྣམ་བཀོད་དུ་རྩ་འདབ་སུམ་བརྒྱ་དང་དྲུག་ཅུ་སྤྱན་གཉིས་དང་བཅས་པར་སྨིན་པར་བྱས་སོ། །དེ་ནས་འབྱུང་བའི་ལས་ཞག་གཅིག་ཏུ་བྱས་པས་མཁྲང་འགྱུར་ཞེས་བྱ་སྟེ། དེ་དག་རབ་ཏུ་སྲ་བ་གཅིག་ཏུ་གྱུར་ནས་འཁོར་ལོ་བཞིའི་དབུས་སུ་རོ་རྐྱང་དང་ཀུན་འདར་མ་གསུམ་ཀ་བའི་ཚུལ་དུ་རབ་ཏུ་གསལ་བར་འགྱུར་རོ། །དེ་ནས་ཡང་མཁྲང་འགྱུར་ཡང་ཆུའི་བརླན་གྱིས་བཤིག །སས་གཅིག་ཏུ་བསྡུས། རླུང་གིས་སོ་སོར་ཕྱེ་ཞིང་གཏོར། མེས་སྨིན་པར་བྱས་པ་ལས་ཞག་བཞི་ནས་དབང་པོ་རྣམས་བསྐྱེད། དེ་ནས་ཞག་གཅིག་ཏུ་མེས་བསྲེགས་ཏེ་ལྷོངས་པར་བྱས། རླུང་གིས་སོ་སོར་ཕྱེ། སས་གཅིག་ཏུ་མནན་པར་བྱས། ཆུས་འཕེལ་བའི་ལས་བྱས་པས་ལུས་སྤྱི་བསྐྱེད། དེ་ནས་ཞག་གཅིགཏུ་འབྱུང་བ་རྣམས་གཅིག་ཏུ་གྱུར་པས་ཁྱབ་འཇུག་ཉ་ལྟ་བུ་མའི་ཕྱག་གང་པ་ཞིག་ཏུ་བྱས་སོ། །དེ་ནས་ཡང་འབྱུང་བའི་ལས་ཐ་དད་པས་ཞག་གཉིས་སུ་ཆུས་གོང་མ་དེ་བཤིག་ནས་ཡང་བསྡུས་པས་གཟུགས་སུ་གྲུབ་པར་བྱས། ཞག་གཅིག་ཏུ་སས་བཟུང་བས་དབང་པོ་དང་དོན་སྣོད་རྣམས་ཐ་དད་དུ་བྱས། དེ་ནས་ཞག་གཅིག་ཏུ་མས་སྨིན་པར་བྱས་པས་དབང་པོ་

[p. 426] རྣམས་ཀྱི་སྒོ་གསལ་བར་དོད། དེ་ནས་རླུང་གིས་ཞག་གཅིག་ཏུ་ཕྱེ་བས་མིག་ལ་སོགས་པ་སོ་སོར་མ་འདྲེས་པར་བྱས་སོ། །དེ་ནས་འབྱུང་བའི་ལས་དངོས་སུ་མེད་ཤུགས་ལས་བྱས་པས་ལུས་བསྐྱེད་པ་ནི། ཆུས་བརླན་པའི་ལས་བྱས་པས་ཆེར་འཕེལ་ བ་ལ་ཞག་གཅིག །སས་སྲ་ཞིང་བརྟན་པས་གཟུགས་སུ་གྲུབ་པར་བྱས་པ་ལ་གཅིག་སྟེ་ཞག་དྲུག །དེ་ནས་ཞག་གཅིག་ཏུ་མེ་དང་རླུང་གིས་ཕྱེ་ཞིང་སྨིན་པས་དབྱིབས་དེ་རུས་སྦལ་བཞིན་དུ་དབང་པོ་དང་ལུས་ཀྱི་རྣམ་སྤྱི་གསལ་བ་ལ་ཡན་ལག་མེད་པ་མ་དེའི་ མཁྱིད་གང་བར་བྱས་སོ། །དེ་ནས་ཞག་གཅིག་ཏུ་མེས་ཚ་ཞིང་སྲེག་པའི་ལས་བྱས་པས་ཡན་ལག་བསྐྱེད། དེ་ནས་ཞག་གཉིས་སུ་རླུང་གིས་ཡང་ཞིང་བསྐྱོད་པའི་ལས་བྱས་པས་རླུང་ཨ་ཝ་དྷཱུ་ཏཱིར་ཚུད། འདིའི་དུས་སུ་འབྱུང་བ་ལྔའི་ཆོས་སུ་སྨིན་ནོ། །དེ་ནས་ཡང་ ཞག་གཉིས་སུ་ཆུས་གྲང་བའི་ལས་བྱས་པས་ནད་འདུ་བ་བཞིར་སྨིན་པའི་རྒྱུ་བྱས། དེ་ནས་ཞག་གཉིས་སུ་སས་ལྕི་ཞིང་འཐས་པའི་ལས་བྱས་པས་ཤ་ཁྲག་དངོས་སུ་གྲུབ་ནས་ཁྱབ་འཇུག་སྦལ་པ་བཞིན་དུ་ཡན་ལག་རྫོགས་པ་མ་དེའི་མཐོ་གང་དུ་བྱས་སོ། །འདི་མན་ ཆད་དུ་འབྱུང་བ་ཚོགས་པའི་ལས་བྱེད་པས་མ་ནིང་གི་འབྱུང་ལས་ཞེས་བྱ་སྟེ་གཅིག་ཁོ་ནར་མ་ཆད་པའི་ཕྱིར་ན་འབྱུང་བ་གཉིས་གཉིས་ཀྱི་བྱེད་པའི་ལས་གཙོ་བའོ། །དེ་ནས་མེས་ཚ་བར་བྱས་པས་དབང་པོ་གསལ་བ་དང་མི་གསལ་བར་བྱས། རླུང་གིས་ཕྱེ་བས་ཡན་ལག་ དང་དབང་པོ་ལ་སོགས་སོ་སོ་ན་གསལ་ཞིང་དོད་པར་བྱས། ཆུས་གཤེར་བ་ལས་གོང་དུ་འཕེལ་བར་བྱས། སས་བརྟན་པ་ལས་རྫོགས་ཤིང་བསྐྱེད་པ་དང་འཕེལ་བའི་གཞི་འཛིན་པར་བྱས་ཏེ་ཞག་བཞི་བཅུ་རྩ་དགུའི་བར་དུ་མའི་མངལ་དུ་ལུས་ཆགས་ཤིང་རྣམ་པ་རྫོགས་ པར་བྱས་ནས། དེ་ཕན་ཆད་ལུས་བསྐྱེད་པའི་ལས་ཏེ་མས་ཟས་སྐོམ་འཐུངས་ཟོས་བྱས་པའི་དངས་མ་བུའི་ལྟེ་བ་ན་མར་སོང་བས་རྒྱུ་བྱས་ཏེ་བུའི་ལུས་ཀྱི་པགས་པ་དང་སྐྲ་དང་བ་སྤུ་རྣམས་ཆགས་ཏེ། ཟླ་བ་གཅིག་དང་ཞག་ཉེར་དྲུག་ན་ཨ་ཝ་དྷཱུ་ཏཱིའི་རླུང་དང་ཉོན་མོངས་

[p. 427] ༄༅། །པ་བག་ལ་ཉལ་ལངས་པས་འགུལ་ཞིང་འཕྲིག་པ་འབྱུང་ངོ། །གཉིས་པ་ཞག་གི་འབྱུང་བའི་ཆ་དབྱེར་བྱེ་བྲག་ཏུ་བཤད་པ་ནི། དེ་ལྟར་བདུན་ཚན་བདུན་དུ་ལུས་ཆགས་དུས་སྤྱིར་འབྱུང་བ་བཞི་ག་ལ་བརྟེན་ཡང་ཁྱད་པར་དུ་གང་གཙོ་བ་དང་རྒྱུ་མཚན་ ངེས་པ་ཅུང་ཟད་བཤད་ན། དང་པོ་མེར་མེར་པོ་ཞག་བདུན་དུ་གྲུབ་པ་ནི་སས་ཟུག་པའི་ལས་ཀྱིས་བྱུང་ལ། དེ་སླར་བཤིག་པ་ནི་རླུང་ཟུག་པས་བྱས་སོ། །དེ་ནས་ནུར་ནུར་པོ་བདུན་ནི་སས་བྱེར་བའི་ལས་ཡིན་ནོ། །ཤའི་རྒྱུས་ས་བྱས་པས་ཉོན་མོངས་པ་གཏི་མུག་ གནས་པའི་རྐྱེན་དུ་བྱུང་བའོ། །དེ་ནས་རླུང་བྱེར་བས་བཤིག་པ་ནི་བག་ཆགས་ཀྱི་རྒྱུའོ། །དེ་ནས་ཡང་ཆུ་ལ་སོགས་པས་བསྡུས་པས་ལྟར་ལྟར་པོར་བྱས་པ་ནི་སས་སྙོམས་པའི་ལས་ཏེ་ཤའི་རྐྱེན་དུ་བྱས་ནས་འདོད་ཆགས་ཀྱི་ཉེར་ལེན་དུ་བྱས་སོ། །དེ་ ནས་རླུང་སྙོམས་པས་བཤིག་པ་ནི་ལས་སྣ་ཚོགས་པའི་རྒྱུའོ། །དེ་ནས་ཡང་ཆུས་བསྡུས་པ་ལ་སོགས་པ་བྱས་ནས་ཞག་བཅོ་ལྔ་ནས་ཉེར་གཅིག་གི་བར་དུ་ཆུས་ཟུག་པ་དང་བྱེར་བའི་ལས་སུ་བྱས་པས་ཁྲག་གི་རྒྱུ་ལས་འདོད་ཆགས་ཀྱིས་ཀུན་ནས་སློང་བའི་ རྐྱེན་ནོ། །མེ་ཟུག་པས་བཤིག་པ་ནི་འདོད་ཡོན་འབྱུང་བའི་རྒྱུའོ། །ཞག་ཉེར་གཅིག་ནས་ཉེར་བརྒྱད་ཀྱི་བར་དུ་སྨིན་པས་ན་ཆུས་སྙོམས་པ་དང་། མེས་ཟུག་པའི་ལས་ཀྱིས་དྲོད་པ་རླན་གཉིས་འདུས་པ་ལས་དབང་པོ་ལ་སོགས་པ་སོ་སོའི་རྒྱུའོ། ། དེ་ནི་གཏི་མུག་གིས་ཀུན་ནས་སློང་བའི་ལས་སོ། །མེ་བྱེར་བ་དང་སྙོམས་པས་བཤིག་པ་ནི་མི་དགེ་བ་སྣ་ཚོགས་པའི་རྒྱུ་བྱས་པ་ལས་གྱུར་པའོ། །ཉེར་དགུ་ནས་སོ་ལྔའི་བར་དུ་སྨིན་པར་བྱས་པ་ནི་མེ་བྱེར་བ་དང་སྙོམས་པའི་ལས་ཏེ་ཞེ་སྡང་ གིས་ཀུན་ནས་སློང་བའི་ལས་སོ། །ས་ཟུག་པས་བཤིག་པ་ནི་ལས་ཀྱི་བྱེ་བྲག་སྣ་ཚོགས་སུ་སྟོན་པའི་རྒྱུའོ། །སོ་དྲུག་ནས་ཞེ་གཉིས་ཀྱི་བར་རླུང་ཟུག་པ་དང་བྱེར་བའི་ལས་ཡིན་ཏེ་ཞེ་སྡང་གིས་བསྐྱེད་པའོ། །ས་བྱེར་པས་བཤིག་པ་ནི་རྨི་ལམ་གྱི་

[p. 428] ལས་སོག་པའི་རྒྱུའོ། །ཞེ་གསུམ་ནས་ཞེ་དགུའི་བར་ཆུ་སྙོམས་པའི་ལས་ཏེ་གཏི་མུག་དང་འདོད་ཆགས་གཉིས་ལྟན་དུ་བྱས་པའོ། །སའི་སྙོམས་པས་ཆ་ཤས་གསལ་བར་ཕྱེ་བ་ནི་རྟོག་པ་དུ་མས་ཉེ་བར་བསྡུས་པའོ། །དེ་ལྟར་བདུན་ཚན་བདུན་དུ་ ཆགས་པའི་ལས་ནི་རྣམ་ཤེས་ཚོགས་བདུན་བག་ཆགས་ལུས་ཀྱི་ཀུན་གཞི་ལ་བརྟེན་པར་བྱས་པའོ། །ཞག་བཞི་བཅུ་རྩ་དགུར་ངེས་པ་ནི་བར་མ་དོ་ལ་ཞག་ཞེ་དགུ་གནས་པས་ལས་དང་བག་ཆགས་ཉེར་འཇོག་ཏུ་བྱུང་བའོ། །དེ་ཡང་ཀུན་རྫོབ་རང་སོའི་འབྱུང་བ་བཞིས་ ལུས་སྨིན་པར་བྱས་པ་ནི། ས་ལས་ཤ་དངོས་སུ་གྲུབ་པར་བྱས། ཆུ་ལས་ཁྲག་དངོས་སུ་གྲུབ་པར་བྱས། མེ་ལས་དྲོད་དངོས་སུ་གྲུབ་པར་བྱས། རླུང་ལས་དབུགས་དངོས་སུ་གྲུབ་པར་བྱས་སོ། །དེ་ཡང་ཤ་ལས་གཏི་མུག །ཁྲག་ལས་འདོད་ཆགས་དྲོད་ ལས་ཞེ་སྡང་། དབུགས་ལས་རྣམ་རྟོག་དུ་མ་འབྱུང་བའི་རྟ་བྱེད་པའོ། །འདོད་ཆགས་ལས་ལུས་དངོས་སུ་སྨིན་པར་བྱས་པ་ནི་ཐོག་མ་འདོད་ཆགས་ཀྱི་ཀུན་སྤོང་བྱས་པ་ལས་འབྱུང་། ཞེ་སྡང་གིས་སྨིན་པར་བྱས་པ་ནི་ཐོག་མ་ཞེ་སྡང་ལ་བརྟེན་ནས་སྒྲའི་བརྗོད་པ་ཐ་དད་ ལས་འབྱུང་བའོ། །གཏི་མུག་ལས་ཡིད་སྣ་ཚོགས་སུ་སྨིན་པ་ནི་ཐོག་མ་གཞི་མ་རིག་པའི་འཁྲུལ་པ་ལས་འབྱུང་བའོ། །དེ་ལྟར་གསུམ་ཡང་དབུགས་ཀྱི་རྟ་ལ་ཞོན་ནས་འགྲོ་བས་ན་དུག་གསུམ་ཐ་དད་པའི་རྟོག་པར་འབྱུང་བའོ། །དེ་ཡང་གཏི་མུག་གི་སྨིན་སོ་གཉིད་ པ་འབྱུང་ལ།

[edit]
OCR of the BDRC scans (I3CN4959), gorn05 tibocr 2026: BDRC OCR on 159 pages, Mitra OCR on 256 pages (the model with more recognisable syllables on each page).

[p. 83] པ་ལས་རླུང་གིས་བསྐྱོད་ཅིང་དཀྲུགས་པས་དྲོད་ཀྱི་དངས་མ་ཤིན་ཏུ་སྲབ་པ་སྦྲང་ བུའི་གཤོག་པ་ལ་བརྒྱར་གཤགས་པ་ཙམ་ཞིག་ནུབ་ཕྱོགས་ཀྱི་རྩ་ནང་དུ་ཆགས་ པས་ཤེས་པའི་དངས་མ་རབ་ཏུ་གསལ་བར་གནས་སོ། །དེ་ནས་ཞག་གཉིས་སུ་ ལས་བྱེད་ཅིང་དཀྲུགས་པས་ཁ་དོག་གསལ་བར་བྱས། དེ་ནས་ཡང་ཞག་གཉིས་སུ་ བསྐྱོད་ཅིང་དཀྲུགས་པས་ཤེས་པའི་རྟེན་རྣམས་བསྡུས། དེ་ནས་ཞག་གཉིས་སུ་ ལས་ཀྱི་རླུང་གིས་བསྐྱོད་ཅིང་དཀྲུགས་པ་ལས་ལྟར་ལྟར་པོའི་གཞི་མཐེ་བོང་ཙམ་ དུ་བྱས་པ་སྟེ། ཡང་བཤིག་ནས་ཞག་ཉི་ཤུ་རྩ་གཉིས་པ་ལ་ཆུས་བསྡུས་ཤིང་བརླན་ པར་བྱས་པ་ལས་ཤར་གྱི་རྩ་ནང་དུ་ཐིག་ལེ་ཕྲ་མོ་ཞིག་བསྐྱེད། དེ་ནས་རྩ་གསུམ་པ་ ལ་ཐིག་ལེའི་ནང་དུ་རྟོག་མེད་ཀྱི་ཤེས་པ་གནས་པར་བྱས། རྩ་བཞི་པ་ལ་ལྷོའི་རྩ་ ནང་དུ་ཤའི་དངས་མ་ཁ་དོག་དཀར་བའི་ནང་དུ་ཡིད་དང་སེམས་ཀྱི་རྟེན་ཐིག་ལེ་ཕྲ་ མོར་གནས་པར་བྱས། རྩ་ལྔ་བ་ལ་ཡང་ཆུས་བསྡུས་ཤིང་བརླན་པ་ལས་བྱང་གི་ རྩའི་ནང་དུ་དབུགས་ཀྱི་དངས་མ་གསེར་ས་འོག་ཏུ་བཅུག་པའི་རླངས་པ་ཙམ་ཁ་ དོག་སྔོ་ཞིང་དམར་བ་ཆགས་པ་ལས་ཡེ་ཤེས་དང་རིག་པའི་རྩལ་གསལ་བར་རང་ ཤེས་དང་བཅས་པ་བརྟེན་ནས་གནས་སོ། །རྩ་དྲུག་པ་ལ་ཆུས་བསྡུས་ཤིང་བརླན་ པར་བྱས་པ་ལས་རྟེན་དེ་དག་རེ་རེའི་ནང་གི་ནུབ་ན་ཤེས་པ་དང་བློ་དང་དྲན་པའི་ རྟེན་གསལ་བར་བྱས། ཤར་ན་མ་རིག་པ་དང་ཉོན་མོངས་པའི་རྟེན་གསལ་བར་

[p. 84] ༑ རྡོ་རྗེའི་གནས་གཉིས་པ་སྲིད་པར་འཁྲུལ་ཚུལ་གྱི་རིམ་པ་རྒྱ་ཆེར་བཤད་པ། བྱས། ལྷོ་ན་འགྱུ་བ་དང་ཡིད་ཀྱི་རྟེན་གསལ་བར་བྱས། བྱང་དུ་སེམས་དང་རྣམ་ པར་རྟོག་པ་གསལ་བར་བྱས་སོ། །དེ་དག་ནི་ཀུན་རྫོབ་ཀྱི་འབྱུང་བ་བཞིའི་ལས་སོ། ། དོན་དམ་གྱི་འབྱུང་བས་སྒྲོན་མ་བཞི་བསྟེན་པའི་ལས་བྱེད་དོ། །རྩ་བདུན་པ་ལ་ གཉིས་གཉིས་འདུས་པ་དང་། རྩ་བརྒྱད་པ་ལ་བཞི་ཆར་གྱི་བྱེད་པའི་ལས་ཀྱིས་ གོར་གོར་པོའི་གཞིར་སྨིན་པ་སྟེ་འབྱུང་བ་བཞི་ཆར་གྱི་ལས་འཁྲུགས་པས་བཤིག་ ནས་རྩ་དགུ་པའི་ནུབ་མོ་ཆུས་བསྡུས། སས་བརྟན། མེས་སྨིན། རླུང་གིས་འཕེལ་ བའི་ལས་བྱས་པ་ལས་འཁོར་ལོ་བཞི་ལ་དབང་པོ་ལྔའི་རྟེན་གྱི་རྩ་ཆགས་ཏེ། སྐྱེད་ བྱེད་དང་པོའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་འབྱུང་བའི་སྤྱན་དང་སྒྲོན་མའི་ སྤྱན་གཉིས་དང་བཅས་པ་བསྐྱེད། དེ་ནས་ཞག་གཅིག་ཏུ་གོང་ལྟར་བྱས་པས་དྲན་ པ་འདུས་པའི་འཁོར་ལོ་རྩ་བ་བརྒྱད་ལས་གྱེས་པའི་རྩ་འདབ་སུམ་ཅུ་རྩ་གཉིས་ སྤྱན་གཉིས་དང་བཅས་པ་བསྐྱེད། དེ་ནས་ཞག་གཉིས་སུ་གོང་ལྟར་བྱས་པས་རོ་ རྣམས་འདུས་པར་རྩ་འདབ་བཅུ་དྲུག་སྤྱན་གཉིས་དང་བཅས་པ་བསྐྱེད། དེ་ནས་ གོང་ལྟར་ཞག་གཉིས་བྱས་པས་རྩེ་མོ་རྣམ་བཀོད་དུ་རྩ་འདབ་སུམ་བརྒྱ་དང་དྲུག་ཅུ་ སྤྱན་གཉིས་དང་བཅས་པ་སྨིན་པར་བྱས་སོ། །དེ་ནས་འབྱུང་བའི་ལས་ཞག་གཅིག་ ཏུ་བྱས་པས་མཁྲང་འགྱུར་ཞེས་བྱ་སྟེ། དེ་དག་རབ་ཏུ་སྲ་བ་གཅིག་ཏུ་གྱུར་ནས་ འཁོར་ལོ་བཞིའི་དབུས་སུ་རོ་རྐྱང་དང་ཀུན་འདར་མ་གསུམ་ཀ་བའི་ཚུལ་དུ་རབ་ཏུ་ གསལ་བར་འགྱུར་རོ། །དེ་ནས་ཡང་མཁྲང་འགྱུར་ཡང་ཆུའི་བརླན་གྱིས་བཤིག་ སས་གཅིག་ཏུ་བསྡུས། རླུང་གིས་སོ་སོར་ཕྱེ་ཞིང་གཏོར། མེས་སྨིན་པར་བྱས་པ་ ལས་ཞག་བཞི་ནས་དབང་པོ་རྣམས་བསྐྱེད། དེ་ནས་ཞག་གཅིག་ཏུ་མེས་བསྲེགས་ ཏེ་སྟོངས་པར་བྱས། རླུང་གིས་སོ་སོར་ཕྱེ། སས་གཅིག་ཏུ་མནན་པར་བྱས། ཆུས་

[p. 85] ༈ ཚིག་དོན་རིན་པོ་ཆེའི་མཛོད། འཕེལ་བའི་ལས་བྱས་པས་ལུས་སྤྱི་བསྐྱེད། དེ་ནས་ཞག་གཅིག་ཏུ་འབྱུང་བ་རྣམས་ གཅིག་ཏུ་གྱུར་པས་ཁྱབ་འཇུག་ཉ་ལྟ་བུ་མའི་ཕྱག་གང་པ་ཞིག་ཏུ་བྱས་སོ། །དེ་ནས་ ཡང་འབྱུང་བའི་ལས་ཐ་དད་པས་ཞག་གཉིས་སུ་ཆུས་གོང་མ་དེ་བཤིག་ནས་ཡང་ བསྡུས་པས་གཟུགས་སུ་གྲུབ་པར་བྱས། ཞག་གཅིག་ཏུ་སས་བཟུང་བས་དབང་པོ་ དང་དོན་སྣོད་རྣམས་ཐ་དད་དུ་བྱས། དེ་ནས་ཞག་གཅིག་ཏུ་མེས་སྨིན་པར་བྱས་ པས་དབང་པོ་རྣམས་ཀྱི་སྒོ་གསལ་བར་དོད། དེ་ནས་རླུང་གིས་ཞག་གཅིག་ཏུ་ཕྱེ་ བས་མིག་ལ་སོགས་པ་སོ་སོར་མ་འདྲེས་པར་བྱས་སོ། །དེ་ནས་འབྱུང་བའི་ལས་ དངོས་སུ་མེད་ཤུགས་ལས་བྱས་པས་ལུས་བསྐྱེད་པ་ནི། ཆུས་བརླན་པའི་ལས་བྱས་ པས་ཆེར་འཕེལ་བ་ལ་ཞག་གཅིག སས་སྲ་ཞིང་བརྟན་པས་གཟུགས་སུ་གྲུབ་པར་ བྱས་པ་ལ་གཅིག་སྟེ་ཞག་དྲུག དེ་ནས་ཞག་གཅིག་ཏུ་མེ་དང་རླུང་གིས་ཕྱེ་ཞིང་སྨིན་ པས་དབྱིབས་དེ་རུས་སྦལ་བཞིན་དུ་དབང་པོ་དང་ལུས་ཀྱི་རྣམ་སྤྱི་གསལ་བ་ལ་ ཡན་ལག་མེད་པ་མ་དེའི་མཁྱིད་གང་པར་བྱས་སོ། །དེ་ནས་ཞག་གཅིག་ཏུ་མེས་ཚ་ ཞིང་སྲེག་པའི་ལས་བྱས་པས་ཡན་ལག་བསྐྱེད། དེ་ནས་ཞག་གཉིས་སུ་སས་ལྕི་ཞིང་འཐས་པའི་ ཡང་ཞིང་བསྐྱོད་པའི་ལས་བྱས་པས་རླུང་ཨ་ཝ་དྷཱུ་ཏཱིར་ཚུད། འདིའི་དུས་སུ་འབྱུང་ བ་ལྔའི་ཆོས་སུ་སྨིན་ནོ། །དེ་ནས་ཡང་ཞག་གཉིས་སུ་ཆུས་གྲང་བའི་ལས་བྱས་པས་ ནད་འདུ་བ་བཞིར་སྨིན་པའི་རྒྱུ་བྱས། དེ་ནས་ཞག་གཉིས་སུ་ས་ལྕི་ཞིང་འཐས་པའི་ ལས་བྱས་པས་ཤ་ཁྲག་དངོས་སུ་གྲུབ་ནས་ཁྱབ་འཇུག་སྦལ་བ་བཞིན་དུ་ཡན་ལག་ རྫོགས་པ་མ་དེའི་མཐོ་གང་དུ་བྱས་སོ། །འདི་མན་ཆད་དུ་འབྱུང་བ་ཚོགས་པའི་ ལས་བྱེད་པས་མ་ནིང་གི་འབྱུང་ལས་ཞེས་བྱ་སྟེ་གཅིག་ཁོ་ནར་མ་ཆད་པའི་ཕྱིར་ན་ འབྱུང་བ་གཉིས་གཉིས་ཀྱི་བྱེད་པའི་ལས་གཙོ་བོ ༧འོ། །དེ་ནས་མེས་ཚ་བར་བྱས་

[p. 86] ༈ རྡོ་རྗེའི་གནས་གཉིས་པ་སྲིད་པར་འཁྲུལ་ཚུལ་གྱི་རིམ་པ་རྒྱ་ཆེར་བཤད་པ། པས་དབང་པོ་གསལ་བ་དང་མི་གསལ་བར་བྱས། རླུང་གིས་ཕྱེ་བས་ཡན་ལག་དང་ དབང་པོ་ལ་སོགས་སོ་སོ་ན་གསལ་ཞིང་དོད་པར་བྱས། ཆུས་གཤེར་བ་ལས་གོང་ དུ་འཕེལ་བར་བྱས། སས་བརྟན་པ་ལས་རྫོགས་ཤིང་བསྐྱེད་པ་དང་འཕེལ་བའི་ གཞི་འཛིན་པར་བྱས་ཏེ་ཞག་བཞི་བཅུ་རྩ་དགུའི་བར་དུ་མའི་མངལ་དུ་ལུས་ཆགས་ ཤིང་རྣམ་པ་རྫོགས་པར་བྱས་ནས། དེ་ཕན་ཆད་ལུས་བསྐྱེད་པའི་ལས་ཏེ་མས་ཟས་ སྐོམ་འཐུངས་ཟོས་བྱས་པའི་དངས་མ་བུའི་ལྟེ་བ་ན་མར་སོང་བས་རྒྱུ་བྱས་ཏེ་བུའི་ ལུས་ཀྱི་པགས་པ་དང་སྐྲ་དང་བ་སྤུ་རྣམས་ཆགས་ཏེ། ཟླ་བ་གཅིག་དང་ཞག་ཉེར་ དྲུག་ན་ཨ་ཝ་དྷཱུ་ཏཱིའི་རླུང་དང་ཉོན་མོངས་པ་བག་ལ་ཉལ་ལངས་པས་འགུལ་ཞིང་ འཕྲིག་པ་འབྱུང་ངོ། ། གཉིས་པ་ཞག་གི་འབྱུང་བའི་ཆ་དབྱེ་བ་བྱེ་བྲག་ཏུ་བཤད་པ་ནི། དེ་ལྟར་བདུན་ཚན་ བདུན་དུ་ལུས་ཆགས་དུས་སྤྱིར་འབྱུང་བ་བཞི་ག་ལ་བརྟེན་ཡང་ཁྱད་པར་དུ་གང་ གཙོ་བ་དང་རྒྱུ་མཚན་ངེས་པ་ཅུང་ཟད་བཤད་ན། དང་པོ་མེར་མེར་པོ་ཞག་བདུན་ དུ་གྲུབ་པ་ནི་སས་ཟུག་པའི་ལས་ཀྱིས་བྱུང་ལ། དེ་སླར་བཤིག་པ་ནི་རླུང་ཟུག་པས་ བྱས་སོ། །དེ་ནས་ནུར་ནུར་པོ་བདུན་ནི་སས་བྱེར་བའི་ལས་ཡིན་ནོ། །ཤའི་རྒྱུ་སས་ བྱས་པས་ཉོན་མོངས་པ་གཏི་མུག་གནས་པའི་རྐྱེན་དུ་བྱུང་བའོ། །དེ་ནས་རླུང་བྱེར་ བས་བཤིག་པ་ནི་བག་ཆགས་ཀྱི་རྒྱུའོ། །དེ་ནས་ཡང་ཆུ་ལ་སོགས་པས་བསྡུས་པས་ ལྟར་ལྟར་པོར་བྱས་པ་ནི་སས་སྙོམས་པའི་ལས་དེ་ཤའི་རྐྱེན་དུ་བྱས་ནས་འདོད་ ཆགས་ཀྱི་ཉེར་ལེན་དུ་བྱས་སོ། །དེ་ནས་རླུང་སྙོམས་པས་བཤིག་པ་ནི་ལས་སྣ་ ཚོགས་པའི་རྒྱུའོ། །དེ་ནས་ཡང་ཆུས་བསྡུས་པ་ལ་སོགས་པ་བྱས་ནས་ཞག་བཅོ་ལྔ་ ནས་ཉེར་གཅིག་གི་བར་དུ་ཆུས་ཟུག་པ་དང་བྱེར་བའི་ལས་སུ་བྱས་པས་ཁྲག་གི་རྒྱུ་

[p. 87] ༈ ཚིག་དོན་རིན་པོ་ཆེའི་མཛོད། ལས་འདོད་ཆགས་ཀྱིས་ཀུན་ནས་སློང་བའི་རྐྱེན་ནོ། །མེ་ཟུག་པས་བཤིག་པ་ནི་ འདོད་ཡོན་འབྱུང་བའི་རྒྱུའོ། །ཞག་ཉེར་གཅིག་ནས་ཉེར་བརྒྱད་ཀྱི་བར་དུ་སྨིན་ པས་ན་ཆུས་སྙོམས་པ་དང་། མེས་ཟུག་པའི་ལས་ཀྱིས་དྲོད་བརླན་གཉིས་འདུས་པ་ ལས་དབང་པོ་ལ་སོགས་པ་སོ་སོའི་རྒྱུའོ། །དེ་ནི་གཏི་མུག་གིས་ཀུན་ནས་སློང་བའི་ ལས་སོ། །མེ་བྱེར་བ་དང་སྙོམས་པའི་བཤིག་པ་ནི་མི་དགེ་བ་སྣ་ཚོགས་པའི་རྒྱུ་ བྱས་པ་ལས་གྱུར་པའོ། །ཉེར་དགུ་ནས་སོ་ལྔའི་བར་དུ་སྨིན་པར་བྱས་པ་ནི་མེ་བྱེར་ བ་དང་སྙོམས་པའི་ལས་ཏེ་ཞེ་སྡང་གིས་ཀུན་ནས་སློང་བའི་ལས་སོ། །ས་ཟུག་པས་ བཤིག་པ་ནི་ལས་ཀྱི་བྱེ་བྲག་སྣ་ཚོགས་སུ་སྟོན་པའི་རྒྱུའོ། །སོ་དྲུག་ནས་ཞེ་གཉིས་ ཀྱི་བར་རླུང་ཟུག་པ་དང་བྱེར་བའི་ལས་ཡིན་ཏེ་ཞེ་སྡང་གིས་བསྐྱེད་པའོ། །ས་བྱེར་ བས་བཤིག་པ་ནི་རྨི་ལམ་གྱི་ལས་སོག་པའི་རྒྱུའོ། །ཞེ་གསུམ་ནས་ཞེ་དགུའི་བར་ ཆུ་སྙོམས་པའི་ལས་ཏེ་གཏི་མུག་དང་འདོད་ཆགས་གཉིས་ལྷན་དུ་བྱས་པའོ། །སའི་ སྙོམས་པས་ཆ་ཤས་གསལ་བར་ཕྱེ་བ་ནི་རྟོག་པ་དུ་མས་ཉེ་བར་བསྡུས་པའོ། །དེ་ ལྟར་བདུན་ཚན་བདུན་དུ་ཆགས་པའི་ལས་ནི་རྣམ་ཤེས་ཚོགས་བདུན་བག་ཆགས་ ལུས་ཀྱི་ཀུན་གཞི་ལ་བརྟེན་པར་བྱས་པའོ། །ཞག་བཞི་བཅུ་རྩ་དགུར་ངེས་པ་ནི་ བར་མ་དོ་ལ་ཞག་ཞེ་དགུ་གནས་པས་ལས་དང་བག་ཆགས་ཉེར་འཇོག་ཏུ་བྱུང་བའོ། ། དེ་ཡང་ཀུན་རྫོབ་རང་སོའི་འབྱུང་བ་བཞིས་ལུས་སྨིན་པར་བྱས་པ་ནི། ས་ལས་ཤ་ དངོས་སུ་གྲུབ་པར་བྱས། ཆུ་ལས་ཁྲག་དངོས་སུ་གྲུབ་པར་བྱས། མེ་ལས་དྲོད་ དངོས་སུ་གྲུབ་པར་བྱས།རླུང་ལས་དབུགས་དངོས་སུ་གྲུབ་པར་བྱས་སོ། །དེ་ཡང་ ཤ་ལས་གཏི་མུག ཁྲག་ལས་འདོད་ཆགས། དྲོད་ལས་ཞེ་སྡང་། དབུགས་ལས་རྣམ་ རྟོག་དུ་མ་འབྱུང་བའི་རྟ་བྱེད་པའོ། །འདོད་ཆགས་ལས་ལུས་དངོས་སུ་སྨིན་པར་

[p. 88] ༈ རྡོ་རྗེའི་གནས་གཉིས་པ་སྲིད་པར་འཁྲུལ་ཚུལ་གྱི་རིམ་པ་རྒྱ་ཆེར་བཤད་པ། བྱས་པ་ནི་ཐོག་མ་འདོད་ཆགས་ཀྱི་ཀུན་སློང་བྱས་པ་ལས་འབྱུང་། ཞེ་སྡང་གིས་ སྨིན་པར་བྱས་པ་ནི་ཐོག་མ་ཞེ་སྡང་ལ་བརྟེན་ནས་སྒྲའི་བརྗོད་པ་ཐ་དད་ལས་འབྱུང་ བའོ། །གཏི་མུག་ལས་ཡིད་སྣ་ཚོགས་སུ་སྨིན་པ་ནི་ཐོག་མ་གཞི་མ་རིག་པའི་འཁྲུལ་ པ་ལས་འབྱུང་བའོ། །དེ་ལྟར་གསུམ་ཡང་དབུགས་ཀྱི་རྟ་ལ་ཞོན་ནས་འགྲོ་བས་ན་ དུག་གསུམ་ཐ་དད་པའི་རྟོག་པར་འབྱུང་བའོ། །དེ་ཡང་གཏི་མུག་གི་སྨིན་སོ་གཉིད་ པ་འབྱུང་ལ།

[edit]
OCR of the BDRC scans (I8LS32911), gorn05 tibocr 2026: BDRC OCR on 307 pages, Mitra OCR on 201 pages (the model with more recognisable syllables on each page).

[p. 63] དེ་ནས་ཡང་འབྱུང་བ་བཞི་ཆར་གྱི་བྱེད་ལས་འཁྲུགས་པས་ཡང་བཤིག་ནས་ཟླ་བ་ཕྱེད་པའི་ནུབ་མོ་སྔ་མ་བཞིན་བསྡུས་ཏེ་སྲན་མ་ཉིས་འགྱུར་ཙམ་དུ་བྱས་པ་ལས་རླུང་གིས་བསྐྱོད་ཅིང་

[p. 64] ༄༅། །འགྱུར་ཞེས་བྱ་སྟེ། དེ་དག་རབ་ཏུ་སྲ་བ་གཅིག་ཏུ་གྱུར་ནས་འཁོར་ལོ་བཞིའི་དབུས་སུ་རོ་རྐྱང་དང་ཀུན་འདར་མ་གསུམ་ཀ་བའི་ཚུལ་དུ་རབ་ཏུ་གསལ་བར་འགྱུར་རོ། །དེ་ནས་ཡང་ མཁྲང་འགྱུར་ཡང་ཆུའི་བརླན་གྱིས་བཤིག །སས་གཅིག་ཏུ་བསྡུས། རླུང་གིས་སོ་སོར་ཕྱེ་ཞིང་གཏོར། མེས་སྨིན་པར་བྱས་པ་ལས་ཞག་བཞི་ནས་དབང་པོ་རྣམས་བསྐྱེད། དེ་ནས་ཞག་གཅིག་ཏུ་མེས་བསྲེགས་ ཏེ་སྟོངས་པར་བྱས། རླུང་གིས་སོ་སོར་ཕྱེ། སས་གཅིག་ཏུ་མནན་པར་བྱས། ཆུས་འཕེལ་བའི་ལས་བྱས་པས་ལུས་སྤྱི་བསྐྱེད། དེ་ནས་ཞག་གཅིག་ཏུ་འབྱུང་བ་རྣམས་གཅིག་ཏུ་གྱུར་པས་ཁྱབ་འཇུག་ ཉ་ལྟ་བུ་མའི་ཕྱག་གང་བ་ཞིག་ཏུ་བྱས་སོ། །དེ་ནས་ཡང་འབྱུང་བའི་ལས་ཐ་དད་པས་ཞག་གཉིས་སུ་ཆུས་གོར་མདོ་བཤིག་ནས་ཡང་བསྡུས་པས་གཟུགས་སུ་གྲུབ་པར་བྱས། ཞག་གཅིག་ཏུ་སས་ བཟུང་བས་དབང་པོ་དང་དོན་སྡུད་རྣམས་ཐ་དད་དུ་བྱས། དེ་ནས་ཞག་གཅིག་ཏུ་མེས་སྨིན་པར་བྱས་པས་དབང་པོ་རྣམས་ཀྱི་སྒོ་གསལ་བར་དོད། དེ་ནས་རླུང་གིས་ཞག་གཅིག་ཏུ་ཕྱེ་བས་མིག་ལ་སོགས་ པ་སོ་སོར་མ་འདྲེས་པར་བྱས་སོ། །དེ་ནས་འབྱུང་བའི་ལས་དངོས་སུ་མེད་ཤུགས་ལས་བྱས་པས་ལུས་བསྐྱེད་པ་ནི། ཆུས་བརླན་པའི་ལས་བྱས་པས་ཆེར་འཕེལ་བ་ལ་ཞག་གཅིག །སས་སྲ་ཞིང་

[p. 65] ཤར་ན་མ་རིག་པ་དང་འོ་ན་མོངས་པའི་རྟེན་གསལ་བར་བྱས། སྔོན་འགྲོ་བ་དང་ཡིད་ཀྱི་རྟེན་གསལ་བར་བྱས། བྱང་དུ་སེམས་དང་རྣམ་པར་རྟོག་པ་གསལ་བར་བྱས་སོ། །དེ་དག་ནི་ཀུན་རྫོབ་ཀྱི་འབྱུང་བ་བཞིའི་ ལས་སོ། །དོན་དམ་གྱི་འབྱུང་བས་སྒྲོན་མ་བཞི་བསྟན་པའི་ལས་བྱེད་པ། རྩ་བ་དོན་པ་ལ་གཉིས་གཉིས་འདུས་པ་དང་། རྩ་བརྒྱད་པ་ལ་བཞི་ཆར་གྱི་བྱེད་པའི་ལས་ཀྱིས་གོང་གོང་པའི་གཞིར་སྨིན་པ་སྟེ་ འབྱུང་བ་བཞི་ཆར་གྱི་ལས་འཁྲུགས་པས་བཤིག་ནས་རྩ་དགུ་པའི་ནུབ་མོ་ཆུས་བསྡུས། སས་བརྟན། མེས་སྨན། རླུང་གིས་འཕེལ་བའི་ལས་བྱས་པ་ལས་འཁོར་ལོ་བཞི་ལ་དབང་པོ་ལྔའི་རྟེན་གྱི་རྩ་ ཆགས་ཏེ། སྐྱེ་དེ་བྱེད་དང་པོའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་འབྱུང་བའི་སྔོན་དང་སྒྲོན་མའི་སྤྱན་གཉིས་དང་བཅས་པ་བསྐྱེད། དེ་ནས་ཞག་གཅིག་ཏུ་གོང་ལྟར་བྱས་པས་དྲན་པ་འདུས་པའི་འཁོར་ལོ་ རྩ་བ་བརྒྱད་ལས་གྱེས་པའི་རྩ་འདབ་སུམ་ཅུ་རྩ་གཉིས་སྤྱན་གཉིས་དང་བཅས་པ་བསྐྱེད། །དེ་ནས་ཞག་གཉིས་སུ་གོང་ལྟར་བྱས་པས་རོ་རྣམས་འདུས་པར་རྩ་འདབ་བཅུ་དྲུག་སྤྱན་གཉིས་དང་བཅས་པ་ བསྐྱེད། དེ་ནས་གོང་ལྟར་ཞག་གཉིས་བྱས་པས་རྩོམ་རྣམ་བཀོད་དུ་རྩ་འདབ་སུམ་བརྒྱ་དང་དྲུག་ཅུ་སྤྱན་གཉིས་དང་བཅས་པ་སྤྱན་པར་བྱས་སོ། །དེ་ནས་འབྱུང་བའི་ལས་ཞག་གཅིག་ཏུ་བྱས་པས་མཁྲང་

[p. 66] ༄༅། །ཞག་བཞི་བཅུ་རྩ་དགུའི་བར་དུ་མའི་མངལ་དུ་ལུས་ཆགས་ཤིང་རྣམ་པ་རྫོགས་པར་བྱས་ནས། དེ་ཕན་ཆད་ལུས་བསྐྱེད་པའི་ལས་ཏེ་མས་ཟས་སྐོམ་འཐུངས་ཟས་བྱས་པའི་ དངས་མ་བུའི་ལྟེ་བ་ན་མར་སོང་བས་རྒྱུ་བྱས་ཏེ་བུའི་ལུས་ཀྱི་བྱེ་བྲག་པ་དང་སྐྲ་དང་བ་སྤུ་རྣམས་ཆགས་ཏེ། ཟླ་བ་གཅིག་དང་ཞག་ཉར་དྲུག་ན་ཨ་ཝ་དྷཱ་ཏཱིའི་རླུང་དང་ཉོན་མོངས་པ་བག་ལ་ཉལ་ལངས་ པས་འགུལ་ཞིང་འཕྲིག་པ་འབྱུང་ངོ། །གཉིས་པ་ཞག་གི་འབྱུང་བའི་ཆ་དབྱེ་བ་བྱེ་བྲག་ཏུ་བཤད་པ་ནི། དེ་ལྟར་བདུན་ཚན་བདུན་དུ་ལུས་ཆགས་དུས་སྤྱིར་འབྱུང་བ་བཞི་ག་ལ་བརྟེན་ཡང་ཁྱད་པར་ དུ་གང་གཙོ་བ་དང་རྒྱུ་མཚན་ངེས་པ་ཅུང་ཟད་བཤད་ན། དང་པོ་མེར་མེར་པོ་ཞག་བདུན་དུ་གྲུབ་པ་ནི་སས་ཟུག་པའི་ལས་ཀྱིས་བྱུང་ལ། དེ་སླར་བཤིག་པ་ནི་རླུང་ཟུག་པས་བྱས་སོ། །དེ་ནས་ནུར་ནུར་པོ་ བདུན་ནི་སས་བྱེར་བའི་ལས་ཡིན་ནོ། །ཤའི་རྒྱུ་སས་བྱས་པས་ཉོན་མོངས་པ་གཏི་མུག་གནས་པའི་རྐྱེན་དུ་བྱུང་བའོ། །དེ་ནས་རླུང་བྱེར་བས་བཤིག་པ་ནི་བག་ཆགས་ཀྱི་རྒྱུའོ། །དེ་ནས་ཡང་ཚུལ་ སོགས་པས་བསྡུས་པས་ལྟར་ལྟར་པོར་བྱས་པ་ནི་སས་སྙོམས་པའི་ལས་ཏེ་ཤའི་རྐྱེན་དུ་བྱས་ནས་འདོད་ཆགས་ཀྱི་ཉེར་ལེན་དུ་བྱས་སོ། །དེ་ནས་རླུང་སྙེམས་པས་བཤིག་པ་ནི་ལས་སྣ་ཚོགས་པའི་

[p. 67] བརྟན་པས་གཟུགས་སུ་གྲུབ་པར་བྱས་པ་ལ་གཅིག་སྟེ་ཞག་དྲུག། དེ་ནས་ཞག་གཅིག་ཏུ་མེད་པར་རླུང་གིས་ཕྱེ་ཞིང་སྨིན་པས་དབྱིངས་དེ་དུས་སྤྲུལ་བཞིན་དུ་དབང་པོ་དང་ལུས་ཀྱི་རྣམ་སྤྱི་བསལ་བ་ལ་ཡན་ ལག་མེད་པ་མ་དེའི་མ་ཁྱེད་གང་པར་བྱས་སོ། །དེ་ནས་ཞག་གཅིག་ཏུ་མེས་ཚ་ཞིང་སྲེག་པའི་ལས་བྱས་པས་ཡན་ལག་བསྐྱེད། དེ་ནས་ཞག་གཉིས་སུ་རླུང་གིས་ཡང་ཞིང་བསྐྱོད་པའི་ལས་བྱས་པས་རླུང་ཨ་ལྔ་ དུ་ཏྲིར་ཆུད། འདིའི་དུས་སུ་འབྱུང་བ་ལྔའི་ཆོས་སུ་སྨིན་ནོ། །དེ་ནས་ཡང་ཞག་གཉིས་སུ་ཆུས་གྲང་བའི་ལས་བྱས་པས་ནད་འདུ་བ་བཞིར་སྨིན་པའི་རྒྱུ་བྱས། དེ་ནས་ཞག་གཉིས་སུ་སས་ལྕི་ཞིང་འཐས་པའི་ ལས་བྱས་པས་ཤ་ཁྲག་དངོས་སུ་གྲུབ་ནས་ཁྱབ་འཇུག་སྤལ་པ་བཞིན་དུ་ཡན་ལག་རྫོགས་པ་མ་དེའི་མཐོ་གང་དུ་བྱས་སོ། །འདི་མན་ཆད་དུ་འབྱུང་བ་ཚོགས་པའི་ལས་བྱེད་པས་མ་ནིང་གི་འབྱུང་ལས་ ཞེས་བྱ་སྟེ་གཅིག་ཁོ་ནར་མ་ཆད་པའི་ཕྱིར་ན་འབྱུང་བ་གཉིས་གཉིས་ཀྱི་བྱེད་པའི་ལས་གཙོ་བའོ། །དེ་ནས་མེས་ཚ་བར་བྱས་པས་དབང་པོ་གསལ་བ་དང་མི་གསལ་བར་བྱས། རླུང་གིས་ཕྱེ་བས་ཡན་ ལག་དང་དབང་པོ་ལ་སོགས་སོ་སོ་ན་གསལ་ཞིང་དོད་པར་བྱས། ཆུས་གཤེར་བ་ལས་གོང་དུ་འཕེལ་བར་བྱས། སས་བརྟན་པ་ལས་རྫོགས་ཤིང་བསྐྱེད་པ་དང་འཕེལ་བའི་གཞི་འཛིན་པར་བྱས་ཏེ་

[p. 68] ༄༅། །བརྟེན་པར་བྱས་པའོ། །ཞག་བཞི་བཅུ་རྩ་དགུར་ངེས་པ་ནི་ཕར་མདོ་ལ་ཞག་ཞེ་དགུ་གནས་པས་ལས་དང་བག་ཆགས་ཉེར་འཇོག་ཏུ་བྱུང་བའོ། །དེ་ཡང་ཀུན་རྫོབ་རང་སོའི་ འབྱུང་བ་བཞིས་ལུས་སྨིན་པར་བྱས་པ་ནི། ས་ལས་ཤ་དངོས་སུ་གྲུབ་པར་བྱས། ཆུ་ལས་ཁྲག་དངོས་སུ་གྲུབ་པར་བྱས། མེ་ལས་དྲོད་དངོས་སུ་གྲུབ་པར་བྱས། རླུང་ལས་དབུགས་དངོས་སུ་གྲུབ་པར་བྱས་སོ། །དེ་ ཡང་ཤ་ལས་གཏི་མུག །ཁྲག་ལས་འདོད་ཆགས་དྲོད་ལས་ཞེ་སྡང་། དབུགས་ལས་རྣམ་རྟོག་དུ་མ་འབྱུང་བའི་རྟ་བྱེད་པའོ། །འདོད་ཆགས་ལས་ལུས་དངོས་སུ་སྨིན་པར་བྱས་པ་ནི་ཐོག་མ་འདོད་ཆགས་ཀྱི་ ཀུན་སློང་བྱས་པ་ལས་འབྱུང་། ཞེ་སྡང་གིས་སྨིན་པར་བྱས་པ་ནི་ཐོག་མ་ཞེ་སྡང་ལ་བརྟེན་ནས་སྒྲའི་བརྗོད་པ་ཐ་དད་ལས་འབྱུང་པའོ། །གཏི་མུག་ལས་ཡོད་སྣ་ཚོགས་སུ་སྨིན་པ་ནི་ཐོག་མ་གཞི་མ་རིག་པའི་ འཁྲུལ་པ་ལས་འབྱུང་བའོ། །དེ་ལྟར་གསུམ་ཡང་དབུགས་ཀྱི་རྟ་ལ་ཞོན་ནས་འགྲོ་བས་ན་དུག་གསུམ་ཐ་དད་པའི་རྟོག་པར་འབྱུང་བའོ། །དེ་ཡང་གཏི་མུག་གི་སྨིན་སོ་གཉིད་པ་འབྱུང་ལ། འདོད་ཆགས་

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 1009 typing errors, November 2026), with the variants of the other editions under each page (38 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = Tshig don mdzod MW3CN4957; X = Tshig don mdzod MW8LS32779. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 94] ཀྱི་དངས་མ་ཤིན་ཏུ་སྲབ་པ་སྦྲང་བུའི་གཤོག་པ་ལ་བརྒྱར་གཤགས་པ་ཙམ་ཞིག་ནུབ་ཕྱོགས་ཀྱི་རྩ་ནང་དུ་ཆགས་པས་ཤེས་པའི་དངས་མ་རབ་ཏུ་གསལ་བར་གནས་སོ། །དེ་ནས་ཞག་གཉིས་སུ་ལས་བྱེད་ཅིང་དཀྲུགས་པས་ཁ་དོག་གསལ་བར་བྱས། དེ་ནས་ཡང་ཞག་གཉིས་སུ་བསྐྱོད་ཅིང་དཀྲུགས་པས་ཤེས་པའི་རྟེན་རྣམས་བསྡུས། དེ་ནས་ཞག་གཉིས་སུ་ལས་ཀྱི་རླུང་གིས་བསྐྱོད་ཅིང་དཀྲུགས་པ་ལས་ལྟར་ལྟར་པོའི་གཞི་མཐེ་བོང་ཙམ་དུ་བྱས་པ་སྟེ། ཡང་བཤིག་ནས་ཞག་ཉི་ཤུ་རྩ་གཉིས་པ་ལ་ཆུས་བསྡུས་ཤིང་བརླན་པར་བྱས་པ་ལས་ཤར་གྱི་རྩ་ནང་དུ་ཐིག་ལེ་ཕྲ་མོ་ཞིག་བསྐྱེད། དེ་ནས་རྩ་གསུམ་པ་ལ་ཐིག་ལེའི་ནང་དུ་རྟོག་མེད་ཀྱི་ཤེས་པ་གནས་པར་བྱས། རྩ་བཞི་པ་ལ་ལྷོའི་རྩ་ནང་དུ་ཤའི་དངས་མ་ཁ་དོག་དཀར་བའི་ནང་དུ་ཡིད་དང་སེམས་ཀྱི་རྟེན་ཐིག་ལེ་ཕྲ་མོར་གནས་པར་བྱས། རྩ་ལྔ་པ་ལ་ཡང་ཆུས་བསྡུས་ཤིང་བརླན་པ་ལས་

པ་ལ་བརྒྱར་གཤགས་པ་ཙམ ] བཤགས W · ཤེས་པ་གནས་པར་བྱས་རྩ ] པ W · ནང་དུ་ཤའི་དངས་མ་ཁ ] མདངས W · ནང་དུ་ཡིད་དང་སེམས་ཀྱི ] ངད W · བྱས་རྩ་ལྔ་པ་ལ་ཡང ] བ P S

[p. 95] བྱང་གི་རྩའི་ནང་དུ་དབུགས་ཀྱི་དངས་མ་གསེར་ས་འོག་ཏུ་བཅུག་པའི་རླངས་པ་ཙམ་ཁ་དོག་སྔོ་ཞིང་དམར་བ་ཆགས་པ་ལས་ཡེ་ཤེས་དང་རིག་པའི་རྩལ་གསལ་བར་རང་ཤེས་དང་བཅས་པ་བརྟེན་ནས་གནས་སོ། །རྩ་དྲུག་པ་ལ་ཆུས་བསྡུས་ཤིང་བརླན་པར་བྱས་པ་ལས་རྟེན་དེ་དག་རེ་རེའི་ནང་གི་ནུབ་ན་ཤེས་པ་དང་་བློ་དང་དྲན་པའི་རྟེན་གསལ་བར་བྱས། ཤར་ན་མ་རིག་པ་དང་ཉོན་མོངས་པའི་རྟེན་གསལ་བར་བྱས། ལྷོ་ན་འགྱུ་བ་དང་ཡིད་ཀྱི་རྟེན་གསལ་བར་བྱས། བྱང་དུ་སེམས་དང་རྣམ་པར་རྟོག་པ་གསལ་བར་བྱས་སོ། །དེ་དག་ནི་ཀུན་རྫོབ་ཀྱི་འབྱུང་བ་བཞིའི་ལས་སོ། །དོན་དམ་གྱི་འབྱུང་བས་སྒྲོན་མ་བཞི་བསྟེན་པའི་ལས་བྱེད་དོ། །རྩ་བདུན་པ་ལ་གཉིས་གཉིས་འདུས་པ་དང༌། རྩ་བརྒྱད་པ་ལ་བཞི་ཆར་གྱི་བྱེད་པའི་ལས་ཀྱིས་གོར་གོར་པོའི་གཞིར་སྨིན་པ་སྟེ་འབྱུང་བ་བཞི་ཆར་གྱི་ལས་འཁྲུགས་པས་བཤིག་ནས་རྩ་དགུ་པའི

གསེར་ས་འོག་ཏུ་བཅུག་པའི ] ཏ W · བར་རང་ཤེས་⁁་དང་བཅས ] པ W · ཤིང་བརླན་པར་⁁་བྱས་པ ] པར W · བརླན་པར་བྱས་པ་ལས་རྟེན་དེ ] པས་ལ W · དེ་དག་རེ་རེའི་ནང་གི ] རེའྀ P · དག་རེ་རེའི་ནང་གི་ནུབ ] སྣང W · གི་ནུབ་ན་ཤེས་པ་དང ] མེད W · ལ་བཞི་ཆར་གྱི་བྱེད་པའི ] om. W · ལས་འཁྲུགས་པས་བཤིག་ནས་རྩ ] ཤིག W · བཤིག་ནས་རྩ་དགུ་པའི་ནུབ་མོ ] དགུའི W

[p. 96] ་ནུབ་མོ་ཆུས་བསྡུས། སས་བརྟན། མེས་སྨིན། རླུང་གིས་འཕེལ་བའི་ལས་བྱས་པ་ལས་འཁོར་ལོ་བཞི་ལ་དབང་པོ་ལྔའི་རྟེན་གྱི་རྩ་ཆགས་ཏེ། སྐྱེད་བྱེད་དང་པོའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་འབྱུང་བའི་སྤྱན་དང་སྒྲོན་མའི་སྤྱན་གཉིས་དང་བཅས་པ་བསྐྱེད། དེ་ནས་ཞག་གཅིག་ཏུ་གོང་ལྟར་བྱས་པས་དྲན་པ་འདུས་པའི་འཁོར་ལོ་རྩ་བ་བརྒྱད་ལས་གྱེས་པའི་རྩ་འདབ་སུམ་ཅུ་རྩ་གཉིས་སྤྱན་གཉིས་དང་བཅས་པ་བསྐྱེད། དེ་ནས་ཞག་གཉིས་སུ་གོང་ལྟར་བྱས་པས་རོ་རྣམས་འདུས་པར་རྩ་འདབ་བཅུ་དྲུག་སྤྱན་གཉིས་དང་བཅས་པ་བསྐྱེད། དེ་ནས་གོང་ལྟར་ཞག་གཉིས་བྱས་པས་རྩེ་མོ་རྣམ་བཀོད་དུ་རྩ་འདབ་སུམ་བརྒྱ་དང་དྲུག་ཅུ་སྤྱན་གཉིས་དང་བཅས་པ་སྨིན་པར་བྱས་སོ། །དེ་ནས་འབྱུང་བའི་ལས་ཞག་གཅིག་ཏུ་བྱས་པས་མཁྲང་འགྱུར་ཞེས་བྱ་སྟེ། དེ་དག་རབ་ཏུ་སྲ་བ་གཅིག་ཏུ་གྱུར་ནས་འཁོར་ལོ་བཞིའི་དབུས་སུ་

འཁོར་ལོ་རྩ་བ་བརྒྱད་ལས ] om. W · དང་བཅས་པ་བསྐྱེད་དེ་ནས ] སྐྱེད A G · དང་བཅས་པ་⁁་བསྐྱེད་དེ ] དེ A G · དག་རབ་ཏུ་སྲ་བ་གཅིག་ཏུ ] སྲབ W

[p. 97] རོ་རྐྱང་དང་ཀུན་འདར་མ་གསུམ་ཀ་བའི་ཚུལ་དུ་རབ་ཏུ་གསལ་བར་འགྱུར་རོ། །དེ་ནས་ཡང་མཁྲང་འགྱུར་ཡང་ཆུའི་བརླན་གྱིས་བཤིག །སས་གཅིག་ཏུ་བསྡུས། རླུང་གིས་སོ་སོར་ཕྱེ་ཞིང་གཏོར། མེས་སྨིན་པར་བྱས་པ་ལས་ཞག་བཞི་ནས་དབང་པོ་རྣམས་བསྐྱེད། དེ་ནས་ཞག་གཅིག་ཏུ་མེས་བསྲེགས་ཏེ་སྟོངས་པར་བྱས། རླུང་གིས་སོ་སོར་ཕྱེ། སས་གཅིག་ཏུ་མནན་པར་བྱས། ཆུས་འཕེལ་བའི་ལས་བྱས་པས་ལུས་སྤྱི་བསྐྱེད། དེ་ནས་ཞག་གཅིག་ཏུ་འབྱུང་བ་རྣམས་གཅིག་ཏུ་གྱུར་པས་ཁྱབ་འཇུག་ཉ་ལྟ་བུ་མའི་ཕྱག་གང་པ་ཞིག་ཏུ་བྱས་སོ། །དེ་ནས་ཡང་འབྱུང་བའི་ལས་ཐ་དད་པས་ཞག་གཉིས་སུ་ཆུས་གོང་མ་དེ་བཤིག་ནས་ཡང་བསྡུས་པས་གཟུགས་སུ་གྲུབ་པར་བྱས། ཞག་གཅིག་ཏུ་སས་བཟུང་བས་དབང་པོ་དང་དོན་སྣོད་རྣམས་ཐ་དད་དུ་བྱས། དེ་ནས་ཞག་གཅིག་ཏུ་མེས་སྨིན་པར་བྱས་

རྣམས་གཅིག་ཏུ་གྱུར་པས་ཁྱབ ] འགྱུར W

[p. 98] པས་དབང་པོ་རྣམས་ཀྱི་སྒོག་གསལ་བར་དོད། དེ་ནས་རླུང་གིས་ཞག་གཅིག་ཏུ་ཕྱེ་བས་མིག་ལ་སོགས་པ་སོ་སོར་མ་འདྲེས་པར་བྱས་སོ། །དེ་ནས་འབྱུང་བའི་ལས་དངོས་སུ་མེད་ཤུགས་ལས་བྱས་པས་ལུས་བསྐྱེད་པ་ནི། ཆུས་བརླན་པའི་ལས་བྱས་པས་ཆེར་འཕེལ་བ་ལ་ཞག་གཅིག སས་སྲ་ཞིང་བརྟན་པས་གཟུགས་སུ་གྲུབ་པར་བྱས་པ་ལ་གཅིག་སྟེ་ཞག་དྲུག དེ་ནས་ཞག་གཅིག་ཏུ་མེ་དང་རླུང་གིས་ཕྱེ་ཞིང་སྨིན་པས་དབྱིབས་དེ་རུས་སྦལ་བཞིན་དུ་དབང་པོ་དང་ལུས་ཀྱི་རྣམ་སྤྱི་གསལ་བ་ལ་ཡན་ལག་མེད་པ་མ་དེའི་མཁྱིད་གང་བར་བྱས་སོ། །དེ་ནས་ཞག་གཅིག་ཏུ་མེས་ཚ་ཞིང་སྲེག་པའི་ལས་བྱས་པས་ཡན་ལག་བསྐྱེད། དེ་ནས་ཞག་གཉིས་སུ་རླུང་གིས་ཡང་ཞིང་བསྐྱོད་པའི་ལས་བྱས་པས་རླུང་ཨ་ཝ་དྷཱུ་ཏཱིར་ཚུད། འདིའི་དུས་སུ་འབྱུང་བ་ལྔའི་ཆོས་སུ་སྨིན་ནོ། །དེ་ནས་ཡང་ཞག་གཉིས་སུ་ཆུས་གྲང་བའི་ལས་བྱས་པས་

པོ་རྣམས་ཀྱི་སྒོག་གསལ་བར ] སྒོ A P G S X · པའི་ལས་བྱས་པས་ཆེར་འཕེལ ] པ W · དང་ལུས་ཀྱི་རྣམ་སྤྱི་གསལ ] om. W · དེའི་མཁྱིད་གང་བར་བྱས་སོ ] པར P S

[p. 99] ནང་འདུ་བ་བཞིར་སྨིན་པའི་རྒྱུ་བྱས དེ་ནས་ཞག་གཉིས་སུ་སས་ལྕི་ཞིང་འཐས་པའི་ལས་བྱས་པས་ཤ་ཁྲག་དངོས་སུ་གྲུབ་ནས་ཁྱབ་འཇུག་སྦལ་པ་བཞིན་དུ་ཡན་ལག་རྫོགས་པ་མ་དེའི་མཐོ་གང་དུ་བྱས་སོ། །འདི་མན་ཆད་དུ་འབྱུང་བ་ཚོགས་པའི་ལས་བྱེད་པས་མ་ནིང་གི་འབྱུང་ལས་ཞེས་བྱ་སྟེ་གཅིག་ཁོ་ནར་མ་ཆད་པའི་ཕྱིར་ན་འབྱུང་བ་གཉིས་གཉིས་ཀྱི་བྱེད་པའི་ལས་གཙོ་བའོ། །དེ་ནས་མེས་ཚ་བར་བྱས་པས་དབང་པོ་གསལ་བ་དང་མི་གསལ་བར་བྱས། རླུང་གིས་ཕྱེ་བས་ཡན་ལག་དང་དབང་པོ་ལ་སོགས་སོ་སོ་ན་གསལ་ཞིང་དོད་པར་བྱས། ཆུས་གཤེར་བ་ལས་གོང་དུ་འཕེལ་བར་བྱས། སས་བརྟན་པ་ལས་རྫོགས་ཤིང་བསྐྱེད་པ་དང་འཕེལ་བའི་གཞི་འཛིན་པར་བྱས་ཏེ་ཞག་བཞི་བཅུ་རྩ་དགུའི་བར་དུ་མའི་མངལ་དུ་ལུས་ཆགས་ཤིང་རྣམ་པ་རྫོགས་པར་བྱས་ནས། དེ་ཕན་ཆད་ལུས་བསྐྱེད་པའི་ལས་ཏེ་མས་

ལས་བྱས་པས་ནང་འདུ་བ ] ནད A P G S · ཁྱབ་འཇུག་སྦལ་པ་བཞིན་དུ ] བ P S · ཞེས་བྱ་སྟེ་གཅིག་ཁོ་ནར ] ཅིག W · པའི་ལས་གཙོ་བའོ་དེ་ནས ] བོ་འོ P S

[p. 100] ཟས་སྐོམ་འཐུངས་ཟོས་བྱས་པའི་དངས་མ་བུའི་ལྟེ་བ་ན་མར་སོང་བས་རྒྱུ་བྱས་ཏེ་བུའི་ལུས་ཀྱི་པགས་པ་དང་སྐྲ་དང་བ་སྤུ་རྣམས་ཆགས་ཏེ ཟླ་བ་གཅིག་དང་ཞག་ཉེར་དྲུག་ན་ཨ་ཝ་དྷཱུ་ཏཱིའི་རླུང་དང་ཉོན་མོངས་པ་བག་ལ་ཉལ་ལངས་པས་འགུལ་ཞིང་འཕྲིག་པ་འབྱུང་ངོ༌། །གཉིས་པ་ཞག་གི་འབྱུང་བའི་ཆ་དབྱེ་བ་བྱེ་བྲག་ཏུ་བཤད་པ་ནི། དེ་ལྟར་བདུན་ཚན་བདུན་དུ་ལུས་ཆགས་དུས་སྤྱིར་འབྱུང་བ་བཞི་ག་ལ་བརྟེན་ཡང་ཁྱད་པར་དུ་གང་གཙོ་བ་དང་རྒྱུ་མཚན་ངེས་པ་ཅུང་ཟད་བཤད་ན། དང་པོ་མེར་མེར་པོ་ཞག་བདུན་དུ་གྲུབ་པ་ནི་སས་ཟུག་པའི་ལས་ཀྱིས་བྱུང་ལ། དེ་སླར་བཤིག་པ་ནི་རླུང་ཟུག་པས་བྱས་སོ། །དེ་ནས་ནུར་ནུར་པོ་བདུན་ནི་སས་བྱེར་བའི་ལས་ཡིན་ནོ། །ཤའི་རྒྱུ་སས་བྱས་པས་ཉོན་མོངས་པ་གཏི་མུག་གནས་པའི་རྐྱེན་དུ་བྱུང་བའོ། །དེ་ནས་རླུང་བྱེར་བས་བཤིག་པ་ནི་བག་ཆགས་ཀྱི་རྒྱུའོ། །དེ་ནས་ཡང་ཆུ་ལ་སོགས་

བདུན་ཚན་བདུན་དུ་ལུས་ཆགས ] om. W · བདུན་དུ་ལུས་ཆགས་དུས་སྤྱིར ] གས W · གྲུབ་པ་ནི་སས་ཟུག་པའི ] om. W · ལ་དེ་སླར་⁁་བཤིག་པ ] ཡང W

[p. 101] པས་བསྡུས་པས་ལྟར་ལྟར་པོར་བྱས་པ་ནི་སས་སྙོམས་པའི་ལས་ཏེ་ཤའི་རྐྱེན་དུ་བྱས་ནས་འདོད་ཆགས་ཀྱི་ཉེར་ལེན་དུ་བྱས་སོ། །དེ་ནས་རླུང་སྙོམས་པས་བཤིག་པ་ནི་ལས་སྣ་ཚོགས་པའི་རྒྱུའོ། །དེ་ནས་ཡང་ཆུས་བསྡུས་པ་ལ་སོགས་པ་བྱས་ནས་ཞག་བཅོ་ལྔ་ནས་ཉེར་གཅིག་གི་བར་དུ་ཆུས་ཟུག་པ་དང་བྱེར་བའི་ལས་སུ་བྱས་པས་ཁྲག་གི་རྒྱུ་ལས་འདོད་ཆགས་ཀྱིས་ཀུན་ནས་སློང་བའི་རྐྱེན་ནོ། །མེ་ཟུག་པས་བཤིག་པ་ནི་འདོད་ཡོན་འབྱུང་བའི་རྒྱུའོ། །ཞག་ཉེར་གཅིག་ནས་ཉེར་བརྒྱད་ཀྱི་བར་དུ་སྨིན་པས་ན་ཆུས་སྙོམས་པ་དང༌། མེས་ཟུག་པའི་ལས་ཀྱིས་དྲོད་བརླན་གཉིས་འདུས་པ་ལས་དབང་པོ་ལ་སོགས་པ་སོ་སོའི་རྒྱུའོ། །དེ་ནི་གཏི་མུག་གིས་ཀུན་ནས་སློང་བའི་ལས་སོ། །མེ་བྱེར་བ་དང་སྙོམས་པས་བཤིག་པ་ནི་མི་དགེ་བ་སྣ་ཚོགས་པའི་རྒྱུ་བྱས་པ་ལས་གྱུར་པའོ། །ཉེར་དགུ་ནས་སོ་ལྔའི་བར་དུ་སྨིན་པར་བྱས་པ་ནི་

སྙོམས་པའི་ལས་ཏེ་ཤའི་རྐྱེན ] དེ P S · བ་དང་སྙོམས་པས་བཤིག་པ ] པའི P S

[p. 102] མེ་བྱེར་བ་དང་སྙོམས་པའི་ལས་ཏེ་ཞེ་སྡང་གིས་ཀུན་ནས་སློང་བའི་ལས་སོ། །ས་ཟུག་པས་བཤིག་པ་ནི་ལས་ཀྱི་བྱེ་བྲག་སྣ་ཚོགས་སུ་སྟོན་པའི་རྒྱུའོ། །སོ་དྲུག་ནས་ཞེ་གཉིས་ཀྱི་བར་རླུང་ཟུག་པ་དང་བྱེར་བའི་ལས་ཡིན་ཏེ་ཞེ་སྡང་གིས་བསྐྱེད་པའོ། །ས་བྱེར་བས་བཤིག་པ་ནི་རྨི་ལམ་གྱི་ལས་སོག་པའི་རྒྱུའོ། །ཞེ་གསུམ་ནས་ཞེ་དགུའི་བར་ཆུ་སྙོམས་པའི་ལས་ཏེ་གཏི་མུག་དང་འདོད་ཆགས་གཉིས་ལྷན་དུ་བྱས་པའོ། །སའི་སྙོམས་པས་ཆ་ཤས་གསལ་བར་ཕྱེ་བ་ནི་རྟོག་པ་དུ་མས་ཉེ་བར་བསྡུས་པའོ། །དེ་ལྟར་བདུན་ཚན་བདུན་དུ་ཆགས་པའི་ལས་ནི་རྣམ་ཤེས་ཚོགས་བདུན་བག་ཆགས་ལུས་ཀྱི་ཀུན་གཞི་ལ་བརྟེན་པར་བྱས་པའོ། །ཞག་བཞི་བཅུ་རྩ་དགུར་ངེས་པ་ནི་བར་མ་དོ་ལ་ཞག་ཞེ་དགུ་གནས་པས་ལས་དང་བག་ཆགས་ཉེར་འཇོག་ཏུ་བྱུང་བའོ། །དེ་ཡང་ཀུན་རྫོབ་རང་སོའི་འབྱུང་བ་བཞིས་ལུས་སྨིན་པར་བྱས་པ་ནི། ས་ལས་ཤ་

ནི་མེ་བྱེར་བ་དང་སྙོམས ] པ W · ལམ་གྱི་ལས་སོག་པའི་རྒྱུའོ ] སོགས W

[p. 103] དངོས་སུ་གྲུབ་པར་བྱས། ཆུ་ལས་ཁྲག་དངོས་སུ་གྲུབ་པར་བྱས། མེ་ལས་དྲོད་དངོས་སུ་གྲུབ་པར་བྱས། རླུང་ལས་དབུགས་དངོས་སུ་གྲུབ་པར་བྱས་སོ། །དེ་ཡང་ཤ་ལས་གཏི་མུག ཁྲག་ལས་འདོད་ཆགས། དྲོད་ལས་ཞེ་སྡང༌། དབུགས་ལས་རྣམ་རྟོག་དུ་མ་འབྱུང་བའི་རྟ་བྱེད་པའོ། །འདོད་ཆགས་ལས་ལུས་དངོས་སུ་སྨིན་པར་བྱས་པ་ནི་ཐོག་མ་འདོད་ཆགས་ཀྱི་ཀུན་སློང་བྱས་པ་ལས་འབྱུང༌། ཞེ་སྡང་གིས་སྨིན་པར་བྱས་པ་ནི་ཐོག་མ་ཞེ་སྡང་ལ་བརྟེན་ནས་སྒྲའི་བརྗོད་པ་ཐ་དད་ལས་འབྱུང་བའོ། །གཏི་མུག་ལས་ཡིད་སྣ་ཚོགས་སུ་སྨིན་པ་ནི་ཐོག་མ་གཞི་མ་རིག་པའི་འཁྲུལ་པ་ལས་འབྱུང་བའོ། །དེ་ལྟར་གསུམ་ཡང་དབུགས་ཀྱི་རྟ་ལ་ཞོན་ནས་འགྲོ་བས་ན་དུག་གསུམ་ཐ་དད་པའི་རྟོག་པར་འབྱུང་བའོ། །དེ་ཡང་གཏི་མུག་གི་སྨིན་སོ་གཉིད་པ་འབྱུང་ལ། འདོད་ཆགས་ཀྱི་སྨིན་སོ་དགོད་པའི་གད་མོར་

ཆགས་ཀྱི་ཀུན་སློང་བྱས་པ ] སྤོང D G · ཞོན་ནས་འགྲོ་བས་ན་དུག ] བ W
[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the divisions of each unit; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The first levels of the outline of the whole work are on the contents page.
2 Detailed explanation of how the body is formed ལུས་གྲུབ་ཚུལ་བྱེ་བྲག་ཏུ་བཤད་པ [p. 88]
2.1 The actual way in which the body, the support, is formed རྟེན་ལུས་ཀྱི་གྲུབ་ཚུལ་དངོས [p. 88]
2.1.1 General presentation of the stages of how the four elements generate the body འབྱུང་བཞིས་བསྐྱེད་ཚུལ་གྱི་རིམ་པ་སྤྱིར་བསྟན་པ [p. 90]
2.1.1.3 The four wheels and the completion of the body འཁོར་ལོ་བཞི་དང་ལུས་རྫོགས་ཚུལ [p. 95] topical
From the twenty-ninth day the four wheels with their petals, the hardened stage with the three main channels, the sense faculties, organs and limbs form through the fish, tortoise and frog stages; by forty-nine days the body is complete, then grows from the mother's food and first stirs.
2.1.2 Specific explanation dividing the elements' shares by days ཞག་གི་འབྱུང་བའི་ཆ་དབྱེ་བ་བྱེ་བྲག་ཏུ་བཤད་པ [p. 100]
Assigns each week's formative work to a particular element and correlates it with afflictions, karma and the seven consciousnesses. The relative elements produce flesh, blood, warmth and breath as bases of the poisons, while the ultimate elements, the four intense colours, cause the four lamps and visions.
2.1.2.1 The elements' work in the seven weeks and the afflictions བདུན་ཚན་བདུན་གྱི་འབྱུང་བའི་ལས་དང་ཉོན་མོངས [p. 100] topical
Assigns to each week the penetrating, dispersing or equalizing work of a particular element and its breaking down, correlating them with bewilderment, desire, hatred, karma and dreams; the seven weeks seat the seven consciousnesses, and forty-nine days mirror the intermediate state.
2.1.2.2 Ripening of the body by the four relative elements in their own right ཀུན་རྫོབ་རང་སོའི་འབྱུང་བ་བཞིས་ལུས་སྨིན་པར་བྱས་པ [p. 102] topical
Earth, water, fire and wind produce flesh, blood, warmth and breath, which serve as the basis for bewilderment, desire, hatred and discursive thought; the three poisons ride the breath and ripen as sleep, laughter and so on.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 94] Then for two days it goes on working[113]Note 113 · p. 94 · The opening sentence of the page (the refined essence of warmth forming in the western channel) was already rendered at the end of the previous part, so the translation begins with "Then for two days…", as in Dharmamitra. Claude Fable 5.2, GPT-6.2 Astra and Gemini 4 Neon repeat it. and churning, whereby the colour is made clear. Then for two more days it is moved and churned, whereby the supports of cognition are gathered. Then for two days the karmic wind (las kyi rlung) moves and churns it, from which the basis of the elongated stage[114]Note 114 · p. 94 · gzhi in ltar ltar po'i gzhi (and gor gor po'i gzhir, p. 95) is rendered "basis", not the glossary's "ground": it is the material basis of an embryonic stage, not the ground of the Great Perfection. is made, about the size of a thumb. It is broken down again, and on the twenty-second day water gathers and moistens it, from which a subtle bindu is produced within the channel of the east. Then on the twenty-third, non-conceptual (rtog med) cognition is made to abide within the bindu. On the twenty-fourth, within the channel of the south, inside the refined essence of flesh, white in colour, the support of mentation and mind is made to abide as a subtle bindu. On the twenty-fifth, water again gathers and moistens it, from which,[115]Note 115 · p. 94 · GPT-6.2 Astra narrates in the past tense. The present tense is kept for continuity with the previous part.

[p. 95] within the channel of the north, there forms the refined essence of breath, blue and red in colour, just like the vapour of gold placed beneath the earth; and in dependence on this the dynamic energy of primordial wisdom and awareness abides clearly, together with self-knowing (rang shes). On the twenty-sixth, water gathers and moistens it, from which, in the west within each of those supports, the support of cognition, intellect and recollection is made clear.

In the east, the support of ignorance and the afflictions is made clear. In the south, the support of movement and mentation is made clear. In the north, mind and discursive thought (rnam par rtog pa)[116]Note 116 · p. 95 · rnam par rtog pa is "discursive thought" per the glossary. All drafts have "conceptual thought", which the glossary reserves for rtog pa. are made clear. These are the functions of the four relative elements. The ultimate elements perform the function of sustaining the four lamps[117]Note 117 · p. 95 · bsten pa'i las ("function of attending upon / relying on" the four lamps) is taken in the sense of brten pa and rendered "sustaining", with Claude Fable 5.2 and Gemini 4 Neon. (sgron ma bzhi). On the twenty-seventh they come together two by two, and on the twenty-eighth, through the functions performed by all four, it ripens into the basis of the rounded stage.

2.1.1.3 The four wheels and the completion of the body འཁོར་ལོ་བཞི་དང་ལུས་རྫོགས་ཚུལ2.1.1.3 The four wheels and the completion of the body (topical division)
From the twenty-ninth day the four wheels with their petals, the hardened stage with the three main channels, the sense faculties, organs and limbs form through the fish, tortoise and frog stages; by forty-nine days the body is complete, then grows from the mother's food and first stirs.

Then the functions of all four elements are thrown into turmoil, and so it is broken down, and on the

[p. 96] night of the twenty-ninth water gathers it,[118]Note 118 · p. 95 · Dharmamitra attaches only "it is gathered by water" to the night of the twenty-ninth and starts a new sentence. The Tibetan runs the four elements' work (water, earth, fire, wind) as one sequence on that night, as in Claude Fable 5.2, GPT-6.2 Astra and Gemini 4 Neon. earth makes it stable, fire ripens it and wind does the work of making it grow, from which the channels that are the supports of the five sense faculties (dbang po lnga) form at the four wheels ('khor lo): the first, the generator wheel (skyed byed),[119]Note 119 · p. 96 · skyed byed dang po'i 'khor lo: read as "the first, the generator wheel" (first of the four wheels), close to Claude Fable 5.2. GPT-6.2 Astra and Gemini 4 Neon have "first/primary generation". Dharmamitra makes the wheel the agent that produces the petals, but the wheel with its petals and eyes is the object of bskyed. with sixty-four channel-petals (rtsa 'dab), is produced together with the two eyes, the eye of the elements and the eye of the lamps. Then for one day they act as above, whereby the wheel where recollection gathers (dran pa 'dus pa), with thirty-two channel-petals branching from eight roots, is produced together with the two eyes. Then for two days they act as above, whereby at the gathering of tastes (ro rnams 'dus pa) sixteen channel-petals are produced together with the two eyes. Then they act as above for two days, whereby at the arrayed summit (rtse mo rnam bkod) three hundred and sixty channel-petals are brought to ripeness together with the two eyes. Then the elements do their work for one day, whereby there is what is called the hardened stage (mkhrang 'gyur):[120]Note 120 · p. 96 · mkhrang 'gyur: rendered "hardened stage" to match the glossary's other embryonic stages. Dharmamitra's Sanskrit gloss "ghanapraśākhā" is not in the Tibetan and is not adopted. these become a single, extremely solid whole, and at the centre of the four wheels

[p. 97] the three, the roma channel (ro ma), the kyangma (rkyang ma) and the kundarma (kun 'dar ma), become extremely clear, in the manner of pillars. Then once again the hardened stage, too, is broken down by the moisture of water; earth gathers it into one; wind separates it out and scatters it; and fire ripens it, from which, after four days, the sense faculties are produced. Then for one day fire burns it and makes it hollow; wind separates it out; earth presses it together into one; and water does the work of making it grow, whereby the body as a whole is produced. Then for one day the elements become one, whereby it is made into something like the fish of Viṣṇu, about the measure of one of the mother's hands.[121]Note 121 · p. 97 · ma'i phyag gang pa: taken as a measure, "one hand" of the mother (like mtho gang, khru gang), with GPT-6.2 Astra and Gemini 4 Neon. Claude Fable 5.2 has "handful" and Dharmamitra "fist". Then again, through the distinct functions of the elements, for two days water breaks down the foregoing and gathers it once more, whereby it is established as a form.

For one day earth holds it, whereby the sense faculties and the solid and hollow organs (don snod) are made distinct. Then for one day fire ripens it,[122]Note 122 · p. 97 · The last sentence continues onto the next page (…byas pas…) and is left open with a comma, as in Claude Fable 5.2 and Gemini 4 Neon. GPT-6.2 Astra closes it with a full stop and Dharmamitra omits it.

[p. 98] whereby the doors (sgo) of the sense faculties[123]Note 123 · p. 98 · སྒོག་ is read as སྒོ་ ("doors" of the sense faculties, per the glossary); Dharmamitra and GPT-6.2 Astra have "openings", Gemini 4 Neon "apertures". emerge clearly. Then for one day wind separates them out, whereby the eyes and so forth are made distinct and unmixed.

Then, as for the body being developed through the work of the elements being done not directly but by implicit force: water does the work of moistening, whereby it grows greatly, for one day; and earth, through its hardness and stability (brtan pa), makes it established as a form, for one, making six days.[126]Note 126 · p. 98 · "Making six days" is translated as it stands; the reckoning of the six is not spelled out in the text. Then for one day fire and wind separate it out and ripen it, whereby its shape is made like a tortoise, with the sense faculties and the general outline of the body clear but without limbs, about the measure of one of the mother's fists with the thumb extended.[124]Note 124 · p. 98 · མཁྱིད་གང་ is the width of the fist with the thumb extended, shorter than the མཐོ་གང་ (handspan) on p. 99. Claude Fable 5.2 has this; Dharmamitra "fist" and GPT-6.2 Astra "short span" are looser. Then for one day fire does the work of heating and burning, whereby the limbs are produced. Then for two days wind does the work of lightness and motion, whereby the wind enters the avadhūtī. At this time it ripens into the properties of the five elements[125]Note 125 · p. 98 · ཆོས་ in འབྱུང་བ་ལྔའི་ཆོས་སུ་སྨིན་ is rendered "properties", since neither glossary sense ("phenomena", "Dharma") fits. ('byung ba lnga). Then again for two days water does the work of cooling, whereby

[p. 99] it acts as the cause of ripening into the four inner humours.[127]Note 127 · p. 99 · The text has ནང་འདུ་བ་བཞི་ ("four inner humours"); Adzom reads ནད་འདུ་བ་བཞི་ ("the four humours of illness"). I follow the text; ང/ད may be an OCR slip, though the Adzom phrase is also attested in medical usage. Then for two days earth does the work of heaviness and density, whereby flesh and blood are actually formed, and it is made like the frog of Viṣṇu,[128]Note 128 · p. 99 · ཁྱབ་འཇུག་སྦལ་པ་ is rendered literally "the frog of Viṣṇu", parallel to "the fish of Viṣṇu" in the previous part. GPT-6.2 Astra's "Viṣṇu in his tortoise form" is rejected, since the text has just used རུས་སྦལ་ for tortoise and distinguishes the two. with its limbs complete, about the measure of one of the mother's handspans. From this point on,[130]Note 130 · p. 99 · འདི་མན་ཆད་ is taken as "from this point on", with all drafts. because the elements do their work in combination, it is called "the neuter work of the elements"[129]Note 129 · p. 99 · མ་ནིང་ is "neuter" (Gemini 4 Neon, Claude Fable 5.2), not "neutral" (Dharmamitra, GPT-6.2 Astra), which the glossary reserves for lung ma bstan. (ma ning gi 'byung las); since it is not restricted to one alone, the work done by the elements two by two is predominant.

Then fire makes it hot, whereby the sense faculties are made clear and unclear.[131]Note 131 · p. 99 · དབང་པོ་གསལ་བ་དང་མི་གསལ་བར་བྱས་ is kept literal ("clear and unclear"); GPT-6.2 Astra's "some distinct and others indistinct" is an interpretation. Wind separates it out, whereby the limbs, the sense faculties and so forth are made clear and prominent, each in its own place. Water, through moisture, makes it grow further. Earth, through stability, makes it complete and makes it hold the basis for development and growth. Thus, up to forty-nine days, the body forms in the mother's womb and its aspects are made complete. From then on it is the work of developing the body: the mother

[p. 100] eats and drinks food and drink, and its refined essence, going down through the child's navel, acts as the cause, whereby the skin, the hair of the head and the body hair of the child's body form;

and at one month and twenty-six days the wind of the avadhūtī and the latent tendencies of the afflictions are aroused, whereby stirring and twitching occur.

2.1.2 Specific explanation dividing the elements' shares by days ཞག་གི་འབྱུང་བའི་ཆ་དབྱེ་བ་བྱེ་བྲག་ཏུ་བཤད་པ2.1.2 Specific explanation dividing the elements' shares by days
Assigns each week's formative work to a particular element and correlates it with afflictions, karma and the seven consciousnesses. The relative elements produce flesh, blood, warmth and breath as bases of the poisons, while the ultimate elements, the four intense colours, cause the four lamps and visions.

Second, the specific explanation of the division of the elements' shares in the days. Although in general, when the body thus forms over seven periods of seven days, it depends on all four elements, to explain a little which is predominant in particular and the definite reasons:

2.1.2.1 The elements' work in the seven weeks and the afflictions བདུན་ཚན་བདུན་གྱི་འབྱུང་བའི་ལས་དང་ཉོན་མོངས2.1.2.1 The elements' work in the seven weeks and the afflictions (topical division)
Assigns to each week the penetrating, dispersing or equalizing work of a particular element and its breaking down, correlating them with bewilderment, desire, hatred, karma and dreams; the seven weeks seat the seven consciousnesses, and forty-nine days mirror the intermediate state.

First, the formation of the creamy stage over seven days[132]Note 132 · p. 100 · The embryonic stages follow the glossary (creamy, gelatinous, elongated), against the varying names in the drafts (oval, oblong, viscous, lumpy, etc.). comes about through earth's work of penetrating (zug pa), and its being broken down again is done by wind's penetrating. Then the seven days of the gelatinous stage are earth's work of dispersing (byer ba). Because earth acts as the cause of flesh, this comes about as the condition for the affliction of bewilderment[133]Note 133 · p. 100 · གཏི་མུག་ is "bewilderment" per the glossary (so Gemini 4 Neon); Dharmamitra, Claude Fable 5.2 and GPT-6.2 Astra have "delusion", which is reserved for 'khrul pa. to abide. Then its being broken down by wind's dispersing is the cause of habitual tendencies. Then again, water and so forth

[p. 101] gather it, whereby it is made into the elongated stage; this is earth's work of equalizing (snyoms pa), which, having acted as the condition for flesh, acts as the substantial cause of desire. Then its being broken down by wind's equalizing is the cause of the various kinds of karma. Then again, after the gathering by water and so forth has been done, from the fifteenth to the twenty-first day there is water's work of penetrating and dispersing, whereby, from its being the cause of blood, this is the condition for motivation by desire.[134]Note 134 · p. 101 · འདོད་ཆགས་ཀྱིས་ཀུན་ནས་སློང་བའི་རྐྱེན་ is ambiguous: "condition motivated by desire" (Dharmamitra, Gemini 4 Neon) or "condition for being motivated by desire" (Claude Fable 5.2, GPT-6.2 Astra). I render "the condition for motivation by desire", which leaves it open. Its being broken down by fire's penetrating is the cause for the arising of sense pleasures[135]Note 135 · p. 101 · འདོད་ཡོན་ is "sense pleasures" per the glossary; GPT-6.2 Astra's "objects of sensory pleasure" adds a word. ('dod yon). From the twenty-first to the twenty-eighth day,[137]Note 137 · p. 101 · The text says "from the twenty-first to the twenty-eighth day", overlapping the preceding week (one expects the twenty-second); translated as it stands. since it is ripened, through water's equalizing and fire's work of penetrating, warmth and moisture come together, and from this comes the cause of the individual sense faculties and so forth. That is work motivated by bewilderment.[136]Note 136 · p. 101 · ལས་ in གཏི་མུག་གིས་ཀུན་ནས་སློང་བའི་ལས་ is rendered "work", in continuity with the elements' "work" throughout. GPT-6.2 Astra has "karma" and Dharmamitra, Gemini 4 Neon, Claude Fable 5.2 "activity"; the sense of motivated karmic action is also present. Its being broken down by fire's dispersing and equalizing comes about from its having acted as the cause of the various non-virtues. As for its being ripened from the twenty-ninth to the thirty-fifth day,

[p. 102] this is fire's work of dispersing and equalizing,[138]Note 138 · p. 102 · The opening completes the sentence left open at the end of the previous part ("As for its being ripened from the twenty-ninth to the thirty-fifth day,"), so those words are not repeated as in Claude Fable 5.2 and Dharmamitra. As in the previous part, las is rendered "work" for the operations of the elements and "karma" elsewhere. work motivated by hatred. Its being broken down by earth's penetrating is the cause for displaying the various particular kinds of karma. From the thirty-sixth to the forty-second day there is wind's work of penetrating and dispersing, which is generated by hatred. Its being broken down by earth's dispersing is the cause for accumulating the karma of dreams. From the forty-third to the forty-ninth day there is water's work of equalizing, which is done by bewilderment and desire, the two together. The clear differentiation of the parts by earth's equalizing is what is drawn together by many conceptual thoughts. The work of formation in seven sets of seven days in this way is what makes the seven collections of consciousness (rnam shes tshogs bdun) rely upon the all-ground of the body of habitual tendencies (bag chags lus kyi kun gzhi). As for its being fixed at forty-nine days:[139]Note 139 · p. 102 · nges pa in zhag bzhi bcu rtsa dgur nges pa is rendered "fixed" rather than the glossary's "determinate/certainty", since it refers to a set number of days. since one remains for forty-nine days in the intermediate state (bar ma do), it has come about as the deposit (nyer 'jog) of karma and habitual tendencies.[140]Note 140 · p. 102 · las dang bag chags nyer 'jog tu byung ba: read as "it has come about as the deposit of karma and habitual tendencies", with the forty-nine days in the intermediate state as the reason (gnas pas), following Gemini 4 Neon and Dharmamitra. GPT-6.2 Astra's "during which karma and habitual tendencies are laid down" shifts the sense. Claude Fable 5.2's "latent tendencies" for bag chags is corrected to the glossary's "habitual tendencies".

2.1.2.2 Ripening of the body by the four relative elements in their own right ཀུན་རྫོབ་རང་སོའི་འབྱུང་བ་བཞིས་ལུས་སྨིན་པར་བྱས་པ2.1.2.2 Ripening of the body by the four relative elements in their own right (topical division)
Earth, water, fire and wind produce flesh, blood, warmth and breath, which serve as the basis for bewilderment, desire, hatred and discursive thought; the three poisons ride the breath and ripen as sleep, laughter and so on.

Moreover, as for the ripening of the body by the four relative elements, each in its own right: from earth, flesh

[p. 103] is actually formed; from water, blood is actually formed; from fire, warmth is actually formed; from wind, breath is actually formed. Moreover, these act as the horse[141]Note 141 · p. 103 · sha las gti mug … dbugs las rnam rtog du ma 'byung ba'i rta byed pa'o: Gemini 4 Neon and Claude Fable 5.2 make breath alone the horse, Dharmamitra has a mount provided from breath, and GPT-6.2 Astra makes flesh, blood, warmth and breath each a mount. All four members are grammatically parallel (X las Y), with rta byed pa closing the whole series, so I keep the parallel construction and leave the subject as open as the Tibetan does. The following sentence about the "horse of the breath" shows that breath is the mount par excellence. for the arising of bewilderment from flesh, desire from blood, hatred from warmth, and many discursive thoughts from breath. That the body is actually ripened from desire comes from desire's having acted as the motivation at the outset. What is ripened by hatred comes from the distinct utterances of sound in dependence, at the outset, on hatred. The ripening from bewilderment into mentation in its variety[143]Note 143 · p. 103 · yid is rendered "mentation" per the glossary (all drafts have "mind"), and gti mug "bewilderment" (Claude Fable 5.2 "dullness", Dharmamitra and GPT-6.2 Astra "delusion", which the glossary reserves for 'khrul pa). comes from the delusion, at the outset, of ignorance of the ground[142]Note 142 · p. 103 · gzhi ma rig pa'i 'khrul pa: read as "the delusion of ignorance of the ground", with Gemini 4 Neon, Claude Fable 5.2 and GPT-6.2 Astra. Dharmamitra's "delusion concerning the ground of ignorance" inverts the relation. (gzhi ma rig pa). Since all three thus travel mounted on the horse of the breath, they arise as the conceptual thoughts of the three distinct poisons (dug gsum). Moreover, the ripened outcome (smin so) of bewilderment emerges as sleep;[144]Note 144 · p. 103 · gnyid pa 'byung: read as gnyid du 'byung ("emerges as sleep"), parallel to gad mor 'byung and sna tshogs par 'byung. the ripened outcome of desire emerges as the laughter of mirth;

Translation notes
  • 113. [p. 94] The opening sentence of the page (the refined essence of warmth forming in the western channel) was already rendered at the end of the previous part, so the translation begins with "Then for two days…", as in Dharmamitra. Claude Fable 5.2, GPT-6.2 Astra and Gemini 4 Neon repeat it.
  • 114. [p. 94] gzhi in ltar ltar po'i gzhi (and gor gor po'i gzhir, p. 95) is rendered "basis", not the glossary's "ground": it is the material basis of an embryonic stage, not the ground of the Great Perfection.
  • 115. [p. 94] GPT-6.2 Astra narrates in the past tense. The present tense is kept for continuity with the previous part.
  • 116. [p. 95] rnam par rtog pa is "discursive thought" per the glossary. All drafts have "conceptual thought", which the glossary reserves for rtog pa.
  • 117. [p. 95] bsten pa'i las ("function of attending upon / relying on" the four lamps) is taken in the sense of brten pa and rendered "sustaining", with Claude Fable 5.2 and Gemini 4 Neon.
  • 118. [p. 95] Dharmamitra attaches only "it is gathered by water" to the night of the twenty-ninth and starts a new sentence. The Tibetan runs the four elements' work (water, earth, fire, wind) as one sequence on that night, as in Claude Fable 5.2, GPT-6.2 Astra and Gemini 4 Neon.
  • 119. [p. 96] skyed byed dang po'i 'khor lo: read as "the first, the generator wheel" (first of the four wheels), close to Claude Fable 5.2. GPT-6.2 Astra and Gemini 4 Neon have "first/primary generation". Dharmamitra makes the wheel the agent that produces the petals, but the wheel with its petals and eyes is the object of bskyed.
  • 120. [p. 96] mkhrang 'gyur: rendered "hardened stage" to match the glossary's other embryonic stages. Dharmamitra's Sanskrit gloss "ghanapraśākhā" is not in the Tibetan and is not adopted.
  • 121. [p. 97] ma'i phyag gang pa: taken as a measure, "one hand" of the mother (like mtho gang, khru gang), with GPT-6.2 Astra and Gemini 4 Neon. Claude Fable 5.2 has "handful" and Dharmamitra "fist".
  • 122. [p. 97] The last sentence continues onto the next page (…byas pas…) and is left open with a comma, as in Claude Fable 5.2 and Gemini 4 Neon. GPT-6.2 Astra closes it with a full stop and Dharmamitra omits it.
  • 123. [p. 98] སྒོག་ is read as སྒོ་ ("doors" of the sense faculties, per the glossary); Dharmamitra and GPT-6.2 Astra have "openings", Gemini 4 Neon "apertures".
  • 124. [p. 98] མཁྱིད་གང་ is the width of the fist with the thumb extended, shorter than the མཐོ་གང་ (handspan) on p. 99. Claude Fable 5.2 has this; Dharmamitra "fist" and GPT-6.2 Astra "short span" are looser.
  • 125. [p. 98] ཆོས་ in འབྱུང་བ་ལྔའི་ཆོས་སུ་སྨིན་ is rendered "properties", since neither glossary sense ("phenomena", "Dharma") fits.
  • 126. [p. 98] "Making six days" is translated as it stands; the reckoning of the six is not spelled out in the text.
  • 127. [p. 99] The text has ནང་འདུ་བ་བཞི་ ("four inner humours"); Adzom reads ནད་འདུ་བ་བཞི་ ("the four humours of illness"). I follow the text; ང/ད may be an OCR slip, though the Adzom phrase is also attested in medical usage.
  • 128. [p. 99] ཁྱབ་འཇུག་སྦལ་པ་ is rendered literally "the frog of Viṣṇu", parallel to "the fish of Viṣṇu" in the previous part. GPT-6.2 Astra's "Viṣṇu in his tortoise form" is rejected, since the text has just used རུས་སྦལ་ for tortoise and distinguishes the two.
  • 129. [p. 99] མ་ནིང་ is "neuter" (Gemini 4 Neon, Claude Fable 5.2), not "neutral" (Dharmamitra, GPT-6.2 Astra), which the glossary reserves for lung ma bstan.
  • 130. [p. 99] འདི་མན་ཆད་ is taken as "from this point on", with all drafts.
  • 131. [p. 99] དབང་པོ་གསལ་བ་དང་མི་གསལ་བར་བྱས་ is kept literal ("clear and unclear"); GPT-6.2 Astra's "some distinct and others indistinct" is an interpretation.
  • 132. [p. 100] The embryonic stages follow the glossary (creamy, gelatinous, elongated), against the varying names in the drafts (oval, oblong, viscous, lumpy, etc.).
  • 133. [p. 100] གཏི་མུག་ is "bewilderment" per the glossary (so Gemini 4 Neon); Dharmamitra, Claude Fable 5.2 and GPT-6.2 Astra have "delusion", which is reserved for 'khrul pa.
  • 134. [p. 101] འདོད་ཆགས་ཀྱིས་ཀུན་ནས་སློང་བའི་རྐྱེན་ is ambiguous: "condition motivated by desire" (Dharmamitra, Gemini 4 Neon) or "condition for being motivated by desire" (Claude Fable 5.2, GPT-6.2 Astra). I render "the condition for motivation by desire", which leaves it open.
  • 135. [p. 101] འདོད་ཡོན་ is "sense pleasures" per the glossary; GPT-6.2 Astra's "objects of sensory pleasure" adds a word.
  • 136. [p. 101] ལས་ in གཏི་མུག་གིས་ཀུན་ནས་སློང་བའི་ལས་ is rendered "work", in continuity with the elements' "work" throughout. GPT-6.2 Astra has "karma" and Dharmamitra, Gemini 4 Neon, Claude Fable 5.2 "activity"; the sense of motivated karmic action is also present.
  • 137. [p. 101] The text says "from the twenty-first to the twenty-eighth day", overlapping the preceding week (one expects the twenty-second); translated as it stands.
  • 138. [p. 102] The opening completes the sentence left open at the end of the previous part ("As for its being ripened from the twenty-ninth to the thirty-fifth day,"), so those words are not repeated as in Claude Fable 5.2 and Dharmamitra. As in the previous part, las is rendered "work" for the operations of the elements and "karma" elsewhere.
  • 139. [p. 102] nges pa in zhag bzhi bcu rtsa dgur nges pa is rendered "fixed" rather than the glossary's "determinate/certainty", since it refers to a set number of days.
  • 140. [p. 102] las dang bag chags nyer 'jog tu byung ba: read as "it has come about as the deposit of karma and habitual tendencies", with the forty-nine days in the intermediate state as the reason (gnas pas), following Gemini 4 Neon and Dharmamitra. GPT-6.2 Astra's "during which karma and habitual tendencies are laid down" shifts the sense. Claude Fable 5.2's "latent tendencies" for bag chags is corrected to the glossary's "habitual tendencies".
  • 141. [p. 103] sha las gti mug … dbugs las rnam rtog du ma 'byung ba'i rta byed pa'o: Gemini 4 Neon and Claude Fable 5.2 make breath alone the horse, Dharmamitra has a mount provided from breath, and GPT-6.2 Astra makes flesh, blood, warmth and breath each a mount. All four members are grammatically parallel (X las Y), with rta byed pa closing the whole series, so I keep the parallel construction and leave the subject as open as the Tibetan does. The following sentence about the "horse of the breath" shows that breath is the mount par excellence.
  • 142. [p. 103] gzhi ma rig pa'i 'khrul pa: read as "the delusion of ignorance of the ground", with Gemini 4 Neon, Claude Fable 5.2 and GPT-6.2 Astra. Dharmamitra's "delusion concerning the ground of ignorance" inverts the relation.
  • 143. [p. 103] yid is rendered "mentation" per the glossary (all drafts have "mind"), and gti mug "bewilderment" (Claude Fable 5.2 "dullness", Dharmamitra and GPT-6.2 Astra "delusion", which the glossary reserves for 'khrul pa).
  • 144. [p. 103] gnyid pa 'byung: read as gnyid du 'byung ("emerges as sleep"), parallel to gad mor 'byung and sna tshogs par 'byung.
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the text announces and opens), gold the quotations, red the words of a quotation that Longchenpa repeats in order to explain them, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Words of a quotation being explainedAuthor's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 94]
ཀྱི་དངས་མ་ཤིན་ཏུ་སྲབ་པ་སྦྲང་བུའི་གཤོག་པ་ལ་བརྒྱར་གཤགས་པ་ཙམ་ཞིག་ནུབ་ཕྱོགས་ཀྱི་རྩ་ནང་དུ་ཆགས་པས་ཤེས་པའི་དངས་མ་རབ་ཏུ་གསལ་བར་གནས་སོ། །དེ་ནས་ཞག་གཉིས་སུ་ལས་བྱེད་ཅིང་དཀྲུགས་པས་ཁ་དོག་གསལ་བར་བྱས། དེ་ནས་ཡང་ཞག་གཉིས་སུ་བསྐྱོད་ཅིང་དཀྲུགས་པས་ཤེས་པའི་རྟེན་རྣམས་བསྡུས། དེ་ནས་ཞག་གཉིས་སུ་ལས་ཀྱི་རླུང་གིས་བསྐྱོད་ཅིང་དཀྲུགས་པ་ལས་ལྟར་ལྟར་པོའི་གཞི་མཐེ་བོང་ཙམ་དུ་བྱས་པ་སྟེ། ཡང་བཤིག་ནས་ཞག་ཉི་ཤུ་རྩ་གཉིས་པ་ལ་ཆུས་བསྡུས་ཤིང་བརླན་པར་བྱས་པ་ལས་ཤར་གྱི་རྩ་ནང་དུ་ཐིག་ལེ་ཕྲ་མོ་ཞིག་བསྐྱེད། དེ་ནས་རྩ་གསུམ་པ་ལ་ཐིག་ལེའི་ནང་དུ་རྟོག་མེད་ཀྱི་ཤེས་པ་གནས་པར་བྱས། རྩ་བཞི་པ་ལ་ལྷོའི་རྩ་ནང་དུ་ཤའི་དངས་མ་ཁ་དོག་དཀར་བའི་ནང་དུ་ཡིད་དང་སེམས་ཀྱི་རྟེན་ཐིག་ལེ་ཕྲ་མོར་གནས་པར་བྱས། རྩ་ལྔ་པ་ལ་ཡང་ཆུས་བསྡུས་ཤིང་བརླན་པ་ལས་

Then for two days it goes on working[113]Note 113 · p. 94 · The opening sentence of the page (the refined essence of warmth forming in the western channel) was already rendered at the end of the previous part, so the translation begins with "Then for two days…", as in Dharmamitra. Claude Fable 5.2, GPT-6.2 Astra and Gemini 4 Neon repeat it. and churning, whereby the colour is made clear. Then for two more days it is moved and churned, whereby the supports of cognition are gathered. Then for two days the karmic wind (las kyi rlung) moves and churns it, from which the basis of the elongated stage[114]Note 114 · p. 94 · gzhi in ltar ltar po'i gzhi (and gor gor po'i gzhir, p. 95) is rendered "basis", not the glossary's "ground": it is the material basis of an embryonic stage, not the ground of the Great Perfection. is made, about the size of a thumb. It is broken down again, and on the twenty-second day water gathers and moistens it, from which a subtle bindu is produced within the channel of the east. Then on the twenty-third, non-conceptual (rtog med) cognition is made to abide within the bindu. On the twenty-fourth, within the channel of the south, inside the refined essence of flesh, white in colour, the support of mentation and mind is made to abide as a subtle bindu. On the twenty-fifth, water again gathers and moistens it, from which,[115]Note 115 · p. 94 · GPT-6.2 Astra narrates in the past tense. The present tense is kept for continuity with the previous part.

[p. 95]
བྱང་གི་རྩའི་ནང་དུ་དབུགས་ཀྱི་དངས་མ་གསེར་ས་འོག་ཏུ་བཅུག་པའི་རླངས་པ་ཙམ་ཁ་དོག་སྔོ་ཞིང་དམར་བ་ཆགས་པ་ལས་ཡེ་ཤེས་དང་རིག་པའི་རྩལ་གསལ་བར་རང་ཤེས་དང་བཅས་པ་བརྟེན་ནས་གནས་སོ། །རྩ་དྲུག་པ་ལ་ཆུས་བསྡུས་ཤིང་བརླན་པར་བྱས་པ་ལས་རྟེན་དེ་དག་རེ་རེའི་ནང་གི་ནུབ་ན་ཤེས་པ་དང་་བློ་དང་དྲན་པའི་རྟེན་གསལ་བར་བྱས། ཤར་ན་མ་རིག་པ་དང་ཉོན་མོངས་པའི་རྟེན་གསལ་བར་བྱས། ལྷོ་ན་འགྱུ་བ་དང་ཡིད་ཀྱི་རྟེན་གསལ་བར་བྱས། བྱང་དུ་སེམས་དང་རྣམ་པར་རྟོག་པ་གསལ་བར་བྱས་སོ། །དེ་དག་ནི་ཀུན་རྫོབ་ཀྱི་འབྱུང་བ་བཞིའི་ལས་སོ། །དོན་དམ་གྱི་འབྱུང་བས་སྒྲོན་མ་བཞི་བསྟེན་པའི་ལས་བྱེད་དོ། །རྩ་བདུན་པ་ལ་གཉིས་གཉིས་འདུས་པ་དང༌། རྩ་བརྒྱད་པ་ལ་བཞི་ཆར་གྱི་བྱེད་པའི་ལས་ཀྱིས་གོར་གོར་པོའི་གཞིར་སྨིན་པ་སྟེ་འབྱུང་བ་བཞི་ཆར་གྱི་ལས་འཁྲུགས་པས་བཤིག་ནས་རྩ་དགུ་པའི

within the channel of the north, there forms the refined essence of breath, blue and red in colour, just like the vapour of gold placed beneath the earth; and in dependence on this the dynamic energy of primordial wisdom and awareness abides clearly, together with self-knowing (rang shes). On the twenty-sixth, water gathers and moistens it, from which, in the west within each of those supports, the support of cognition, intellect and recollection is made clear.

In the east, the support of ignorance and the afflictions is made clear. In the south, the support of movement and mentation is made clear. In the north, mind and discursive thought (rnam par rtog pa)[116]Note 116 · p. 95 · rnam par rtog pa is "discursive thought" per the glossary. All drafts have "conceptual thought", which the glossary reserves for rtog pa. are made clear. These are the functions of the four relative elements. The ultimate elements perform the function of sustaining the four lamps[117]Note 117 · p. 95 · bsten pa'i las ("function of attending upon / relying on" the four lamps) is taken in the sense of brten pa and rendered "sustaining", with Claude Fable 5.2 and Gemini 4 Neon. (sgron ma bzhi). On the twenty-seventh they come together two by two, and on the twenty-eighth, through the functions performed by all four, it ripens into the basis of the rounded stage.

2.1.1.3 The four wheels and the completion of the body འཁོར་ལོ་བཞི་དང་ལུས་རྫོགས་ཚུལ2.1.1.3 The four wheels and the completion of the body (topical division)
From the twenty-ninth day the four wheels with their petals, the hardened stage with the three main channels, the sense faculties, organs and limbs form through the fish, tortoise and frog stages; by forty-nine days the body is complete, then grows from the mother's food and first stirs.

Then the functions of all four elements are thrown into turmoil, and so it is broken down, and on the

[p. 96]
་ནུབ་མོ་ཆུས་བསྡུས། སས་བརྟན། མེས་སྨིན། རླུང་གིས་འཕེལ་བའི་ལས་བྱས་པ་ལས་འཁོར་ལོ་བཞི་ལ་དབང་པོ་ལྔའི་རྟེན་གྱི་རྩ་ཆགས་ཏེ། སྐྱེད་བྱེད་དང་པོའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་འབྱུང་བའི་སྤྱན་དང་སྒྲོན་མའི་སྤྱན་གཉིས་དང་བཅས་པ་བསྐྱེད། དེ་ནས་ཞག་གཅིག་ཏུ་གོང་ལྟར་བྱས་པས་དྲན་པ་འདུས་པའི་འཁོར་ལོ་རྩ་བ་བརྒྱད་ལས་གྱེས་པའི་རྩ་འདབ་སུམ་ཅུ་རྩ་གཉིས་སྤྱན་གཉིས་དང་བཅས་པ་བསྐྱེད། དེ་ནས་ཞག་གཉིས་སུ་གོང་ལྟར་བྱས་པས་རོ་རྣམས་འདུས་པར་རྩ་འདབ་བཅུ་དྲུག་སྤྱན་གཉིས་དང་བཅས་པ་བསྐྱེད། དེ་ནས་གོང་ལྟར་ཞག་གཉིས་བྱས་པས་རྩེ་མོ་རྣམ་བཀོད་དུ་རྩ་འདབ་སུམ་བརྒྱ་དང་དྲུག་ཅུ་སྤྱན་གཉིས་དང་བཅས་པ་སྨིན་པར་བྱས་སོ། །དེ་ནས་འབྱུང་བའི་ལས་ཞག་གཅིག་ཏུ་བྱས་པས་མཁྲང་འགྱུར་ཞེས་བྱ་སྟེ། དེ་དག་རབ་ཏུ་སྲ་བ་གཅིག་ཏུ་གྱུར་ནས་འཁོར་ལོ་བཞིའི་དབུས་སུ་

night of the twenty-ninth water gathers it,[118]Note 118 · p. 95 · Dharmamitra attaches only "it is gathered by water" to the night of the twenty-ninth and starts a new sentence. The Tibetan runs the four elements' work (water, earth, fire, wind) as one sequence on that night, as in Claude Fable 5.2, GPT-6.2 Astra and Gemini 4 Neon. earth makes it stable, fire ripens it and wind does the work of making it grow, from which the channels that are the supports of the five sense faculties (dbang po lnga) form at the four wheels ('khor lo): the first, the generator wheel (skyed byed),[119]Note 119 · p. 96 · skyed byed dang po'i 'khor lo: read as "the first, the generator wheel" (first of the four wheels), close to Claude Fable 5.2. GPT-6.2 Astra and Gemini 4 Neon have "first/primary generation". Dharmamitra makes the wheel the agent that produces the petals, but the wheel with its petals and eyes is the object of bskyed. with sixty-four channel-petals (rtsa 'dab), is produced together with the two eyes, the eye of the elements and the eye of the lamps. Then for one day they act as above, whereby the wheel where recollection gathers (dran pa 'dus pa), with thirty-two channel-petals branching from eight roots, is produced together with the two eyes. Then for two days they act as above, whereby at the gathering of tastes (ro rnams 'dus pa) sixteen channel-petals are produced together with the two eyes. Then they act as above for two days, whereby at the arrayed summit (rtse mo rnam bkod) three hundred and sixty channel-petals are brought to ripeness together with the two eyes. Then the elements do their work for one day, whereby there is what is called the hardened stage (mkhrang 'gyur):[120]Note 120 · p. 96 · mkhrang 'gyur: rendered "hardened stage" to match the glossary's other embryonic stages. Dharmamitra's Sanskrit gloss "ghanapraśākhā" is not in the Tibetan and is not adopted. these become a single, extremely solid whole, and at the centre of the four wheels

[p. 97]
རོ་རྐྱང་དང་ཀུན་འདར་མ་གསུམ་ཀ་བའི་ཚུལ་དུ་རབ་ཏུ་གསལ་བར་འགྱུར་རོ། །དེ་ནས་ཡང་མཁྲང་འགྱུར་ཡང་ཆུའི་བརླན་གྱིས་བཤིག །སས་གཅིག་ཏུ་བསྡུས། རླུང་གིས་སོ་སོར་ཕྱེ་ཞིང་གཏོར། མེས་སྨིན་པར་བྱས་པ་ལས་ཞག་བཞི་ནས་དབང་པོ་རྣམས་བསྐྱེད། དེ་ནས་ཞག་གཅིག་ཏུ་མེས་བསྲེགས་ཏེ་སྟོངས་པར་བྱས། རླུང་གིས་སོ་སོར་ཕྱེ། སས་གཅིག་ཏུ་མནན་པར་བྱས། ཆུས་འཕེལ་བའི་ལས་བྱས་པས་ལུས་སྤྱི་བསྐྱེད། དེ་ནས་ཞག་གཅིག་ཏུ་འབྱུང་བ་རྣམས་གཅིག་ཏུ་གྱུར་པས་ཁྱབ་འཇུག་ཉ་ལྟ་བུ་མའི་ཕྱག་གང་པ་ཞིག་ཏུ་བྱས་སོ། །དེ་ནས་ཡང་འབྱུང་བའི་ལས་ཐ་དད་པས་ཞག་གཉིས་སུ་ཆུས་གོང་མ་དེ་བཤིག་ནས་ཡང་བསྡུས་པས་གཟུགས་སུ་གྲུབ་པར་བྱས། ཞག་གཅིག་ཏུ་སས་བཟུང་བས་དབང་པོ་དང་དོན་སྣོད་རྣམས་ཐ་དད་དུ་བྱས། དེ་ནས་ཞག་གཅིག་ཏུ་མེས་སྨིན་པར་བྱས་

the three, the roma channel (ro ma), the kyangma (rkyang ma) and the kundarma (kun 'dar ma), become extremely clear, in the manner of pillars. Then once again the hardened stage, too, is broken down by the moisture of water; earth gathers it into one; wind separates it out and scatters it; and fire ripens it, from which, after four days, the sense faculties are produced. Then for one day fire burns it and makes it hollow; wind separates it out; earth presses it together into one; and water does the work of making it grow, whereby the body as a whole is produced. Then for one day the elements become one, whereby it is made into something like the fish of Viṣṇu, about the measure of one of the mother's hands.[121]Note 121 · p. 97 · ma'i phyag gang pa: taken as a measure, "one hand" of the mother (like mtho gang, khru gang), with GPT-6.2 Astra and Gemini 4 Neon. Claude Fable 5.2 has "handful" and Dharmamitra "fist". Then again, through the distinct functions of the elements, for two days water breaks down the foregoing and gathers it once more, whereby it is established as a form.

For one day earth holds it, whereby the sense faculties and the solid and hollow organs (don snod) are made distinct. Then for one day fire ripens it,[122]Note 122 · p. 97 · The last sentence continues onto the next page (…byas pas…) and is left open with a comma, as in Claude Fable 5.2 and Gemini 4 Neon. GPT-6.2 Astra closes it with a full stop and Dharmamitra omits it.

[p. 98]
པས་དབང་པོ་རྣམས་ཀྱི་སྒོག་གསལ་བར་དོད། དེ་ནས་རླུང་གིས་ཞག་གཅིག་ཏུ་ཕྱེ་བས་མིག་ལ་སོགས་པ་སོ་སོར་མ་འདྲེས་པར་བྱས་སོ། །དེ་ནས་འབྱུང་བའི་ལས་དངོས་སུ་མེད་ཤུགས་ལས་བྱས་པས་ལུས་བསྐྱེད་པ་ནི། ཆུས་བརླན་པའི་ལས་བྱས་པས་ཆེར་འཕེལ་བ་ལ་ཞག་གཅིག སས་སྲ་ཞིང་བརྟན་པས་གཟུགས་སུ་གྲུབ་པར་བྱས་པ་ལ་གཅིག་སྟེ་ཞག་དྲུག དེ་ནས་ཞག་གཅིག་ཏུ་མེ་དང་རླུང་གིས་ཕྱེ་ཞིང་སྨིན་པས་དབྱིབས་དེ་རུས་སྦལ་བཞིན་དུ་དབང་པོ་དང་ལུས་ཀྱི་རྣམ་སྤྱི་གསལ་བ་ལ་ཡན་ལག་མེད་པ་མ་དེའི་མཁྱིད་གང་བར་བྱས་སོ། །དེ་ནས་ཞག་གཅིག་ཏུ་མེས་ཚ་ཞིང་སྲེག་པའི་ལས་བྱས་པས་ཡན་ལག་བསྐྱེད། དེ་ནས་ཞག་གཉིས་སུ་རླུང་གིས་ཡང་ཞིང་བསྐྱོད་པའི་ལས་བྱས་པས་རླུང་ཨ་ཝ་དྷཱུ་ཏཱིར་ཚུད། འདིའི་དུས་སུ་འབྱུང་བ་ལྔའི་ཆོས་སུ་སྨིན་ནོ། །དེ་ནས་ཡང་ཞག་གཉིས་སུ་ཆུས་གྲང་བའི་ལས་བྱས་པས་

whereby the doors (sgo) of the sense faculties[123]Note 123 · p. 98 · སྒོག་ is read as སྒོ་ ("doors" of the sense faculties, per the glossary); Dharmamitra and GPT-6.2 Astra have "openings", Gemini 4 Neon "apertures". emerge clearly. Then for one day wind separates them out, whereby the eyes and so forth are made distinct and unmixed.

Then, as for the body being developed through the work of the elements being done not directly but by implicit force: water does the work of moistening, whereby it grows greatly, for one day; and earth, through its hardness and stability (brtan pa), makes it established as a form, for one, making six days.[126]Note 126 · p. 98 · "Making six days" is translated as it stands; the reckoning of the six is not spelled out in the text. Then for one day fire and wind separate it out and ripen it, whereby its shape is made like a tortoise, with the sense faculties and the general outline of the body clear but without limbs, about the measure of one of the mother's fists with the thumb extended.[124]Note 124 · p. 98 · མཁྱིད་གང་ is the width of the fist with the thumb extended, shorter than the མཐོ་གང་ (handspan) on p. 99. Claude Fable 5.2 has this; Dharmamitra "fist" and GPT-6.2 Astra "short span" are looser. Then for one day fire does the work of heating and burning, whereby the limbs are produced. Then for two days wind does the work of lightness and motion, whereby the wind enters the avadhūtī. At this time it ripens into the properties of the five elements[125]Note 125 · p. 98 · ཆོས་ in འབྱུང་བ་ལྔའི་ཆོས་སུ་སྨིན་ is rendered "properties", since neither glossary sense ("phenomena", "Dharma") fits. ('byung ba lnga). Then again for two days water does the work of cooling, whereby

[p. 99]
ནང་འདུ་བ་བཞིར་སྨིན་པའི་རྒྱུ་བྱས དེ་ནས་ཞག་གཉིས་སུ་སས་ལྕི་ཞིང་འཐས་པའི་ལས་བྱས་པས་ཤ་ཁྲག་དངོས་སུ་གྲུབ་ནས་ཁྱབ་འཇུག་སྦལ་པ་བཞིན་དུ་ཡན་ལག་རྫོགས་པ་མ་དེའི་མཐོ་གང་དུ་བྱས་སོ། །འདི་མན་ཆད་དུ་འབྱུང་བ་ཚོགས་པའི་ལས་བྱེད་པས་མ་ནིང་གི་འབྱུང་ལས་ཞེས་བྱ་སྟེ་གཅིག་ཁོ་ནར་མ་ཆད་པའི་ཕྱིར་ན་འབྱུང་བ་གཉིས་གཉིས་ཀྱི་བྱེད་པའི་ལས་གཙོ་བའོ། །དེ་ནས་མེས་ཚ་བར་བྱས་པས་དབང་པོ་གསལ་བ་དང་མི་གསལ་བར་བྱས། རླུང་གིས་ཕྱེ་བས་ཡན་ལག་དང་དབང་པོ་ལ་སོགས་སོ་སོ་ན་གསལ་ཞིང་དོད་པར་བྱས། ཆུས་གཤེར་བ་ལས་གོང་དུ་འཕེལ་བར་བྱས། སས་བརྟན་པ་ལས་རྫོགས་ཤིང་བསྐྱེད་པ་དང་འཕེལ་བའི་གཞི་འཛིན་པར་བྱས་ཏེ་ཞག་བཞི་བཅུ་རྩ་དགུའི་བར་དུ་མའི་མངལ་དུ་ལུས་ཆགས་ཤིང་རྣམ་པ་རྫོགས་པར་བྱས་ནས། དེ་ཕན་ཆད་ལུས་བསྐྱེད་པའི་ལས་ཏེ་མས་

it acts as the cause of ripening into the four inner humours.[127]Note 127 · p. 99 · The text has ནང་འདུ་བ་བཞི་ ("four inner humours"); Adzom reads ནད་འདུ་བ་བཞི་ ("the four humours of illness"). I follow the text; ང/ད may be an OCR slip, though the Adzom phrase is also attested in medical usage. Then for two days earth does the work of heaviness and density, whereby flesh and blood are actually formed, and it is made like the frog of Viṣṇu,[128]Note 128 · p. 99 · ཁྱབ་འཇུག་སྦལ་པ་ is rendered literally "the frog of Viṣṇu", parallel to "the fish of Viṣṇu" in the previous part. GPT-6.2 Astra's "Viṣṇu in his tortoise form" is rejected, since the text has just used རུས་སྦལ་ for tortoise and distinguishes the two. with its limbs complete, about the measure of one of the mother's handspans. From this point on,[130]Note 130 · p. 99 · འདི་མན་ཆད་ is taken as "from this point on", with all drafts. because the elements do their work in combination, it is called "the neuter work of the elements"[129]Note 129 · p. 99 · མ་ནིང་ is "neuter" (Gemini 4 Neon, Claude Fable 5.2), not "neutral" (Dharmamitra, GPT-6.2 Astra), which the glossary reserves for lung ma bstan. (ma ning gi 'byung las); since it is not restricted to one alone, the work done by the elements two by two is predominant.

Then fire makes it hot, whereby the sense faculties are made clear and unclear.[131]Note 131 · p. 99 · དབང་པོ་གསལ་བ་དང་མི་གསལ་བར་བྱས་ is kept literal ("clear and unclear"); GPT-6.2 Astra's "some distinct and others indistinct" is an interpretation. Wind separates it out, whereby the limbs, the sense faculties and so forth are made clear and prominent, each in its own place. Water, through moisture, makes it grow further. Earth, through stability, makes it complete and makes it hold the basis for development and growth. Thus, up to forty-nine days, the body forms in the mother's womb and its aspects are made complete. From then on it is the work of developing the body: the mother

[p. 100]
ཟས་སྐོམ་འཐུངས་ཟོས་བྱས་པའི་དངས་མ་བུའི་ལྟེ་བ་ན་མར་སོང་བས་རྒྱུ་བྱས་ཏེ་བུའི་ལུས་ཀྱི་པགས་པ་དང་སྐྲ་དང་བ་སྤུ་རྣམས་ཆགས་ཏེ ཟླ་བ་གཅིག་དང་ཞག་ཉེར་དྲུག་ན་ཨ་ཝ་དྷཱུ་ཏཱིའི་རླུང་དང་ཉོན་མོངས་པ་བག་ལ་ཉལ་ལངས་པས་འགུལ་ཞིང་འཕྲིག་པ་འབྱུང་ངོ༌། །གཉིས་པ་ཞག་གི་འབྱུང་བའི་ཆ་དབྱེ་བ་བྱེ་བྲག་ཏུ་བཤད་པ་ནི། དེ་ལྟར་བདུན་ཚན་བདུན་དུ་ལུས་ཆགས་དུས་སྤྱིར་འབྱུང་བ་བཞི་ག་ལ་བརྟེན་ཡང་ཁྱད་པར་དུ་གང་གཙོ་བ་དང་རྒྱུ་མཚན་ངེས་པ་ཅུང་ཟད་བཤད་ན། དང་པོ་མེར་མེར་པོ་ཞག་བདུན་དུ་གྲུབ་པ་ནི་སས་ཟུག་པའི་ལས་ཀྱིས་བྱུང་ལ། དེ་སླར་བཤིག་པ་ནི་རླུང་ཟུག་པས་བྱས་སོ། །དེ་ནས་ནུར་ནུར་པོ་བདུན་ནི་སས་བྱེར་བའི་ལས་ཡིན་ནོ། །ཤའི་རྒྱུ་སས་བྱས་པས་ཉོན་མོངས་པ་གཏི་མུག་གནས་པའི་རྐྱེན་དུ་བྱུང་བའོ། །དེ་ནས་རླུང་བྱེར་བས་བཤིག་པ་ནི་བག་ཆགས་ཀྱི་རྒྱུའོ། །དེ་ནས་ཡང་ཆུ་ལ་སོགས་

eats and drinks food and drink, and its refined essence, going down through the child's navel, acts as the cause, whereby the skin, the hair of the head and the body hair of the child's body form;

and at one month and twenty-six days the wind of the avadhūtī and the latent tendencies of the afflictions are aroused, whereby stirring and twitching occur.

2.1.2 Specific explanation dividing the elements' shares by days ཞག་གི་འབྱུང་བའི་ཆ་དབྱེ་བ་བྱེ་བྲག་ཏུ་བཤད་པ2.1.2 Specific explanation dividing the elements' shares by days
Assigns each week's formative work to a particular element and correlates it with afflictions, karma and the seven consciousnesses. The relative elements produce flesh, blood, warmth and breath as bases of the poisons, while the ultimate elements, the four intense colours, cause the four lamps and visions.

Second, the specific explanation of the division of the elements' shares in the days. Although in general, when the body thus forms over seven periods of seven days, it depends on all four elements, to explain a little which is predominant in particular and the definite reasons:

2.1.2.1 The elements' work in the seven weeks and the afflictions བདུན་ཚན་བདུན་གྱི་འབྱུང་བའི་ལས་དང་ཉོན་མོངས2.1.2.1 The elements' work in the seven weeks and the afflictions (topical division)
Assigns to each week the penetrating, dispersing or equalizing work of a particular element and its breaking down, correlating them with bewilderment, desire, hatred, karma and dreams; the seven weeks seat the seven consciousnesses, and forty-nine days mirror the intermediate state.

First, the formation of the creamy stage over seven days[132]Note 132 · p. 100 · The embryonic stages follow the glossary (creamy, gelatinous, elongated), against the varying names in the drafts (oval, oblong, viscous, lumpy, etc.). comes about through earth's work of penetrating (zug pa), and its being broken down again is done by wind's penetrating. Then the seven days of the gelatinous stage are earth's work of dispersing (byer ba). Because earth acts as the cause of flesh, this comes about as the condition for the affliction of bewilderment[133]Note 133 · p. 100 · གཏི་མུག་ is "bewilderment" per the glossary (so Gemini 4 Neon); Dharmamitra, Claude Fable 5.2 and GPT-6.2 Astra have "delusion", which is reserved for 'khrul pa. to abide. Then its being broken down by wind's dispersing is the cause of habitual tendencies. Then again, water and so forth

[p. 101]
པས་བསྡུས་པས་ལྟར་ལྟར་པོར་བྱས་པ་ནི་སས་སྙོམས་པའི་ལས་ཏེ་ཤའི་རྐྱེན་དུ་བྱས་ནས་འདོད་ཆགས་ཀྱི་ཉེར་ལེན་དུ་བྱས་སོ། །དེ་ནས་རླུང་སྙོམས་པས་བཤིག་པ་ནི་ལས་སྣ་ཚོགས་པའི་རྒྱུའོ། །དེ་ནས་ཡང་ཆུས་བསྡུས་པ་ལ་སོགས་པ་བྱས་ནས་ཞག་བཅོ་ལྔ་ནས་ཉེར་གཅིག་གི་བར་དུ་ཆུས་ཟུག་པ་དང་བྱེར་བའི་ལས་སུ་བྱས་པས་ཁྲག་གི་རྒྱུ་ལས་འདོད་ཆགས་ཀྱིས་ཀུན་ནས་སློང་བའི་རྐྱེན་ནོ། །མེ་ཟུག་པས་བཤིག་པ་ནི་འདོད་ཡོན་འབྱུང་བའི་རྒྱུའོ། །ཞག་ཉེར་གཅིག་ནས་ཉེར་བརྒྱད་ཀྱི་བར་དུ་སྨིན་པས་ན་ཆུས་སྙོམས་པ་དང༌། མེས་ཟུག་པའི་ལས་ཀྱིས་དྲོད་བརླན་གཉིས་འདུས་པ་ལས་དབང་པོ་ལ་སོགས་པ་སོ་སོའི་རྒྱུའོ། །དེ་ནི་གཏི་མུག་གིས་ཀུན་ནས་སློང་བའི་ལས་སོ། །མེ་བྱེར་བ་དང་སྙོམས་པས་བཤིག་པ་ནི་མི་དགེ་བ་སྣ་ཚོགས་པའི་རྒྱུ་བྱས་པ་ལས་གྱུར་པའོ། །ཉེར་དགུ་ནས་སོ་ལྔའི་བར་དུ་སྨིན་པར་བྱས་པ་ནི་

gather it, whereby it is made into the elongated stage; this is earth's work of equalizing (snyoms pa), which, having acted as the condition for flesh, acts as the substantial cause of desire. Then its being broken down by wind's equalizing is the cause of the various kinds of karma. Then again, after the gathering by water and so forth has been done, from the fifteenth to the twenty-first day there is water's work of penetrating and dispersing, whereby, from its being the cause of blood, this is the condition for motivation by desire.[134]Note 134 · p. 101 · འདོད་ཆགས་ཀྱིས་ཀུན་ནས་སློང་བའི་རྐྱེན་ is ambiguous: "condition motivated by desire" (Dharmamitra, Gemini 4 Neon) or "condition for being motivated by desire" (Claude Fable 5.2, GPT-6.2 Astra). I render "the condition for motivation by desire", which leaves it open. Its being broken down by fire's penetrating is the cause for the arising of sense pleasures[135]Note 135 · p. 101 · འདོད་ཡོན་ is "sense pleasures" per the glossary; GPT-6.2 Astra's "objects of sensory pleasure" adds a word. ('dod yon). From the twenty-first to the twenty-eighth day,[137]Note 137 · p. 101 · The text says "from the twenty-first to the twenty-eighth day", overlapping the preceding week (one expects the twenty-second); translated as it stands. since it is ripened, through water's equalizing and fire's work of penetrating, warmth and moisture come together, and from this comes the cause of the individual sense faculties and so forth. That is work motivated by bewilderment.[136]Note 136 · p. 101 · ལས་ in གཏི་མུག་གིས་ཀུན་ནས་སློང་བའི་ལས་ is rendered "work", in continuity with the elements' "work" throughout. GPT-6.2 Astra has "karma" and Dharmamitra, Gemini 4 Neon, Claude Fable 5.2 "activity"; the sense of motivated karmic action is also present. Its being broken down by fire's dispersing and equalizing comes about from its having acted as the cause of the various non-virtues. As for its being ripened from the twenty-ninth to the thirty-fifth day,

[p. 102]
མེ་བྱེར་བ་དང་སྙོམས་པའི་ལས་ཏེ་ཞེ་སྡང་གིས་ཀུན་ནས་སློང་བའི་ལས་སོ། །ས་ཟུག་པས་བཤིག་པ་ནི་ལས་ཀྱི་བྱེ་བྲག་སྣ་ཚོགས་སུ་སྟོན་པའི་རྒྱུའོ། །སོ་དྲུག་ནས་ཞེ་གཉིས་ཀྱི་བར་རླུང་ཟུག་པ་དང་བྱེར་བའི་ལས་ཡིན་ཏེ་ཞེ་སྡང་གིས་བསྐྱེད་པའོ། །ས་བྱེར་བས་བཤིག་པ་ནི་རྨི་ལམ་གྱི་ལས་སོག་པའི་རྒྱུའོ། །ཞེ་གསུམ་ནས་ཞེ་དགུའི་བར་ཆུ་སྙོམས་པའི་ལས་ཏེ་གཏི་མུག་དང་འདོད་ཆགས་གཉིས་ལྷན་དུ་བྱས་པའོ། །སའི་སྙོམས་པས་ཆ་ཤས་གསལ་བར་ཕྱེ་བ་ནི་རྟོག་པ་དུ་མས་ཉེ་བར་བསྡུས་པའོ། །དེ་ལྟར་བདུན་ཚན་བདུན་དུ་ཆགས་པའི་ལས་ནི་རྣམ་ཤེས་ཚོགས་བདུན་བག་ཆགས་ལུས་ཀྱི་ཀུན་གཞི་ལ་བརྟེན་པར་བྱས་པའོ། །ཞག་བཞི་བཅུ་རྩ་དགུར་ངེས་པ་ནི་བར་མ་དོ་ལ་ཞག་ཞེ་དགུ་གནས་པས་ལས་དང་བག་ཆགས་ཉེར་འཇོག་ཏུ་བྱུང་བའོ། །དེ་ཡང་ཀུན་རྫོབ་རང་སོའི་འབྱུང་བ་བཞིས་ལུས་སྨིན་པར་བྱས་པ་ནི། ས་ལས་ཤ་

this is fire's work of dispersing and equalizing,[138]Note 138 · p. 102 · The opening completes the sentence left open at the end of the previous part ("As for its being ripened from the twenty-ninth to the thirty-fifth day,"), so those words are not repeated as in Claude Fable 5.2 and Dharmamitra. As in the previous part, las is rendered "work" for the operations of the elements and "karma" elsewhere. work motivated by hatred. Its being broken down by earth's penetrating is the cause for displaying the various particular kinds of karma. From the thirty-sixth to the forty-second day there is wind's work of penetrating and dispersing, which is generated by hatred. Its being broken down by earth's dispersing is the cause for accumulating the karma of dreams. From the forty-third to the forty-ninth day there is water's work of equalizing, which is done by bewilderment and desire, the two together. The clear differentiation of the parts by earth's equalizing is what is drawn together by many conceptual thoughts. The work of formation in seven sets of seven days in this way is what makes the seven collections of consciousness (rnam shes tshogs bdun) rely upon the all-ground of the body of habitual tendencies (bag chags lus kyi kun gzhi). As for its being fixed at forty-nine days:[139]Note 139 · p. 102 · nges pa in zhag bzhi bcu rtsa dgur nges pa is rendered "fixed" rather than the glossary's "determinate/certainty", since it refers to a set number of days. since one remains for forty-nine days in the intermediate state (bar ma do), it has come about as the deposit (nyer 'jog) of karma and habitual tendencies.[140]Note 140 · p. 102 · las dang bag chags nyer 'jog tu byung ba: read as "it has come about as the deposit of karma and habitual tendencies", with the forty-nine days in the intermediate state as the reason (gnas pas), following Gemini 4 Neon and Dharmamitra. GPT-6.2 Astra's "during which karma and habitual tendencies are laid down" shifts the sense. Claude Fable 5.2's "latent tendencies" for bag chags is corrected to the glossary's "habitual tendencies".

2.1.2.2 Ripening of the body by the four relative elements in their own right ཀུན་རྫོབ་རང་སོའི་འབྱུང་བ་བཞིས་ལུས་སྨིན་པར་བྱས་པ2.1.2.2 Ripening of the body by the four relative elements in their own right (topical division)
Earth, water, fire and wind produce flesh, blood, warmth and breath, which serve as the basis for bewilderment, desire, hatred and discursive thought; the three poisons ride the breath and ripen as sleep, laughter and so on.

Moreover, as for the ripening of the body by the four relative elements, each in its own right: from earth, flesh

[p. 103]
དངོས་སུ་གྲུབ་པར་བྱས། ཆུ་ལས་ཁྲག་དངོས་སུ་གྲུབ་པར་བྱས། མེ་ལས་དྲོད་དངོས་སུ་གྲུབ་པར་བྱས། རླུང་ལས་དབུགས་དངོས་སུ་གྲུབ་པར་བྱས་སོ། །དེ་ཡང་ཤ་ལས་གཏི་མུག ཁྲག་ལས་འདོད་ཆགས། དྲོད་ལས་ཞེ་སྡང༌། དབུགས་ལས་རྣམ་རྟོག་དུ་མ་འབྱུང་བའི་རྟ་བྱེད་པའོ། །འདོད་ཆགས་ལས་ལུས་དངོས་སུ་སྨིན་པར་བྱས་པ་ནི་ཐོག་མ་འདོད་ཆགས་ཀྱི་ཀུན་སློང་བྱས་པ་ལས་འབྱུང༌། ཞེ་སྡང་གིས་སྨིན་པར་བྱས་པ་ནི་ཐོག་མ་ཞེ་སྡང་ལ་བརྟེན་ནས་སྒྲའི་བརྗོད་པ་ཐ་དད་ལས་འབྱུང་བའོ། །གཏི་མུག་ལས་ཡིད་སྣ་ཚོགས་སུ་སྨིན་པ་ནི་ཐོག་མ་གཞི་མ་རིག་པའི་འཁྲུལ་པ་ལས་འབྱུང་བའོ། །དེ་ལྟར་གསུམ་ཡང་དབུགས་ཀྱི་རྟ་ལ་ཞོན་ནས་འགྲོ་བས་ན་དུག་གསུམ་ཐ་དད་པའི་རྟོག་པར་འབྱུང་བའོ། །དེ་ཡང་གཏི་མུག་གི་སྨིན་སོ་གཉིད་པ་འབྱུང་ལ། འདོད་ཆགས་ཀྱི་སྨིན་སོ་དགོད་པའི་གད་མོར་

is actually formed; from water, blood is actually formed; from fire, warmth is actually formed; from wind, breath is actually formed. Moreover, these act as the horse[141]Note 141 · p. 103 · sha las gti mug … dbugs las rnam rtog du ma 'byung ba'i rta byed pa'o: Gemini 4 Neon and Claude Fable 5.2 make breath alone the horse, Dharmamitra has a mount provided from breath, and GPT-6.2 Astra makes flesh, blood, warmth and breath each a mount. All four members are grammatically parallel (X las Y), with rta byed pa closing the whole series, so I keep the parallel construction and leave the subject as open as the Tibetan does. The following sentence about the "horse of the breath" shows that breath is the mount par excellence. for the arising of bewilderment from flesh, desire from blood, hatred from warmth, and many discursive thoughts from breath. That the body is actually ripened from desire comes from desire's having acted as the motivation at the outset. What is ripened by hatred comes from the distinct utterances of sound in dependence, at the outset, on hatred. The ripening from bewilderment into mentation in its variety[143]Note 143 · p. 103 · yid is rendered "mentation" per the glossary (all drafts have "mind"), and gti mug "bewilderment" (Claude Fable 5.2 "dullness", Dharmamitra and GPT-6.2 Astra "delusion", which the glossary reserves for 'khrul pa). comes from the delusion, at the outset, of ignorance of the ground[142]Note 142 · p. 103 · gzhi ma rig pa'i 'khrul pa: read as "the delusion of ignorance of the ground", with Gemini 4 Neon, Claude Fable 5.2 and GPT-6.2 Astra. Dharmamitra's "delusion concerning the ground of ignorance" inverts the relation. (gzhi ma rig pa). Since all three thus travel mounted on the horse of the breath, they arise as the conceptual thoughts of the three distinct poisons (dug gsum). Moreover, the ripened outcome (smin so) of bewilderment emerges as sleep;[144]Note 144 · p. 103 · gnyid pa 'byung: read as gnyid du 'byung ("emerges as sleep"), parallel to gad mor 'byung and sna tshogs par 'byung. the ripened outcome of desire emerges as the laughter of mirth;

[edit]
No quotation was found in this part.