Tshig don mdzod (Longchenpa): Vajra topic 10 (8)

From Rangjung Yeshe Wiki Texts
Tshig don mdzod (Longchenpa)Tshig don mdzod (Longchenpa): Vajra topic 10 (8)
< Tshig don mdzod (Longchenpa)
Revision as of 15:00, 26 November 2026 by Eric (talk | contribs) (Tshig don mdzod study edition: editions, critical edition, translation, bilingual text, outline and quotations (November 2026))
(diff) ← Older revision | Latest revision (diff) | Newer revision → (diff)

Tshig don mdzod (Longchenpa)/Vajra topic 10 (8)
Jump to navigation Jump to search
← Vajra topic 10 (7)Tshig don mdzod: contentsVajra topic 10 (9) →

Vajra topic 10 · Practice: The King's Mansion · ཉམས་སུ་ལེན་པ་རྒྱལ་པོའི་ཁང་བཟང
Pages 683–694 of the corrected base text (W22920 vol. 4), part 8 of 11.

[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD85), gorn05 tibocr 2026: BDRC OCR on 338 pages, Mitra OCR on 147 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 424] མཁྱེན་པ་ཡེ་ཤེས་སུ་རྒྱས་པས་སྔར་གྱི་མངོན་པར་ཤེས་པ་དེ་དག་དུས་གཅིག་ཏུ་མཐོང་། མཛད་པ་འཕྲིན་ལས་སུ་རྒྱས་པས་སྤྲུལ་སྐུའི་མཛད་པ་སུམ་ཅུ་རྩ་དྲུག་མཐར་ཕྱིན། ཆོས་ཉིད་འགག་པ་མེད་པའི་ཡེ་ཤེས་ལ་སྤྱོད་པའི་མངོན་ཤེས་ཀྱིས་ཤེས་བྱ་ལ་སྲིད་ཚད་མཐོང་། མཚན་མ་རང་དག་པའི་ཡེ་ཤེས་ཀྱི་མངོན་ཤེས་ཀྱིས་ཆོས་དང་ཆོས་ཉིད་མ་ལུས་པའི་རང་བཞིན་མངོན་དུ་གྱུར་པ་སྟེ་དྲུག་གོ །དེ་ལྟར་ན་མངོན་པར་ཤེས་པ་ཐམས་ཅད་བསྡོམས་ན་བརྒྱ་སུམ་ཅུ་རྩ་བཞི་སྟེ་བསྡུ་ན་སུམ་ཅུ་རྩ་དྲུག །དེ་ཡང་བསྡུ་ན་རྩ་བ་དྲུག་ཁོ་ནའོ། །མི་བརྗེད་པའི་གཟུངས་

[p. 425] ༄༅། །ནི་ཉི་ཟླ་ཁ་སྦྱོར་ལས། །དེའི་ཚེ་མི་བརྗེད་པའི་གཟུངས་རྣམས་ཀྱང་རང་གི་རྒྱུད་ལ་སྐྱེ་བ་སྟེ། སྔོན་གྱི་ཆོས་ཐམས་ཅད་རྒྱུད་ལ་དུས་གཅིག་ལ་འཆར་རོ། །དེ་བཞིན་དུ་སྔར་མ་མཐོང་བའི་ཆོས་རྣམས་ཀྱང་ འཆར་བས་ན་ཆོས་ཉིད་ཀྱི་བར་དོ་ཞེས་བྱའོ་ཞེས་སོ། །རྒྱུན་གྱི་ཏིང་ངེ་འཛིན་ཡང་། རྒྱུད་དེ་ཉིད་ལས། རྒྱུན་གྱི་ཏིང་ངེ་འཛིན་རྒྱུད་ལ་རང་བཞིན་གྱིས་ཤར་བས་རྣམ་པར་རྟོག་པ་ངན་པ་གཏན་ནས་མི་སྐྱེའོ་ཞེས་སོ། །གསུམ་ པ་དབང་པོའི་རིམ་པས་དོན་བསྡུ་བ་ལ་གཉིས་ཏེ། དབང་པོའི་རབ་ཏུ་དབྱེ་བ་དང་། སོ་སོའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི་ཉི་ཤུ་རྩ་གཅིག་སྟེ། རང་ཤར་ལས། དབང་པོ་ལ་རྣམ་པ་བ། སུམ་བསྟན་ཏེ། རབ་དང་། འབྲིང་དང་ཐ་མའོ། །རབ་ལ་བདུན་ཏེ། རབ་ཀྱི་ཐ་མ་དང་། རབ་ཀྱི་འབྲིང་དང་། རབ་ཀྱི་རབ་དང་། རབ་ཀྱི་ཕུལ་དང་། རབ་ཀྱི་མཆོག་དང་། རབ་ཀྱི་རྩེ་མོ་དང་། རབ་ཀྱི་མཐར་ཕྱིན་པའོ། །དེ་ནི་རབ་ཀྱི་དབྱེ་ བ་ཡིན་ནོ། །དེ་ཡང་མཐོང་ཚུལ་རེ། ཡེ་ཤེས་ཀྱི་སྣང་བ་སྐྱེ་ཚུལ་རེ། རྟོགས་པའི་ཚད་རེ། སྣང་བའི་སྐྱེ་ཚུལ་རེ། གོ་བའི་དུས་རེ། ཤེས་པའི་ལྟ་ལུགས་རེ་ཤར་ནས་རང་རང་གི་སྣང་བ་ལ་བརྟན་པ་ཐོབ་པོ། །འབྲིང་ ལའང་བདུན་ཏེ། འབྲིང་གི་ཐ་མ་དང་། འབྲིང་གི་འབྲིང་དང་། འབྲིང་གི་རབ་དང་། འབྲིང་གི་ཕུལ་དང་། འབྲིང་གི་མཆོག་དང་། འབྲིང་གི་རྩེ་མོ་དང་། འབྲིང་གི་མཐར་ཕྱིན་པའོ། དེ་ལ་ཡང་ཡེ་ཤེས་སྐྱེ་བའི་ཚད་རེ་

[p. 426] འབྱུང་ངོ་། །དེ་ནི་འབྲིང་གི་དབྱེ་བ་ཡིན་ནོ། །ཐ་མལ་འང་བདུན་ཏེ། ཐ་མའི་ཐ་མ་དང་། ཐ་མའི་འབྲིང་དང་། ཐ་མའི་རབ་དང་། ཐ་མའི་མཆོག་དང་། ཐ་མའི་ཕུལ་དང་། ཐ་མའི་རྩེ་མོ་དང་། ཐ་མའི་རྩེ་ཟིན་པའོ་ཞེས་སོ། །གཉིས་པ་ལ་གསུམ་སྟེ། གྲོལ་འཁྲུལ་གྱི་རྣམ་གཞག་སྤྱིར་བསྟན། དབང་པོའི་གྲོལ་ལུགས་བྱེ་བྲག་ཏུ་བཤད། ཐིམ་ཚུལ་གྱི་རིམ་པས་མཇུག་བསྡུ་བའོ། །དང་པོ་ནི། ཆོས་ཉིད་ཀྱི་སྣང་བ་འདི་དག་གི་དུས་ན་རང་ངོ་ཤེས་པ་རྣམས་དབང་པོ་ཉི་ཤུ་རྩ་གཅིག་གི་རིམ་པས་གྲོལ་བ་དང་། མ་ཤེས་པ་རྣམས་དེ་ནས་འཁྲུལ་བའི་རིམ་པ་སྔོན་གྱི་གཞི་སྣང་ལས་སེམས་ཅན་གྱི་འཁྲུལ་ཚུལ་ལྟར་འབྱུང་བ་སྟེ། ཉི་ཟླ་ཁ་སྦྱོར་ལས། དབང་པོ་ཉི་ཤུ་རྩ་གཅིག་གི་བྱེ་བྲག་ཏུ་བསྟན་པ་ཡང་ཡོད་དོ། །དེར་རང་གི་ཤེས་པ་མ་ཚུད་ཅིང་སྔར་བླ་མའི་ལུང་མེད་པ་རྣམས་ནི་སྣང་བ་དེ་ལ་བྱེད་པ་དང་། དང་ངས་པ་དང་། རྡུགས་པ་དང་། འཇིགས་པ་དང་། འདུ་ཤེས་ཤོར་བ་ལ་སོགས་ཏེ་ཡང་འཁོར་བའི་ཉེ་བར་ལེན་པའི་ཁ་ལེན་ཏེ་དབང་པོ་ཉི་ཤུ་རྩ་གཅིག་གི་བྱེ་བྲག་ཏུ་འཁྲུལ་པ་ཡང་ཡོད་དོ་ཞེས་སོ། །འཁྲུལ་ཚུལ་ནི། ཐ་མའི་ཐ་མ་རྣམ་པ་ལ་འཁྲུལ་པ་ལ་སོགས་པ་བདུན་དང་། འབྲིང་གི་ཐ་མ་ཡུལ་མེད་པ་ལ་འཁྲུལ་པ་ལ་སོགས་པ་བདུན་དང་། རབ་ཀྱི་ཐ་མ་འཛིན་པ་ལ་འཁྲུལ་པ་ལ་སོགས་པ་བདུན་ཏེ་ཉི་ཤུ་རྩ་གཅིག་ནི་གོང་གི་ཇི་ལྟ་བ་བཞིན་དུ་རྒྱུན་གྱི་གནས་པ་ལས་གསལ་བ་སྟེ། རང་ཤར་ལས།

[p. 427] སེམས་ཅན་རྣམས་ནི་བར་དོ་ལ་འདི་ལྟར་འཁྲུལ་ལོ། །ལ་ལ་རྣམ་པ་ལ་འཁྲུལ་ལོ། །ལ་ལ་ཉམས་ལ་འཁྲུལ་ལོ། །ལ་ལ་དེ་མ་ཐག་པ་ལ་འཁྲུལ་ལོ། །ལ་ལ་དམིགས་པ་ལ་འཁྲུལ་ལོ། །ལ་ལ་ཇི་མི་སྙམ་པ་ལ་འཁྲུལ་ལོ། །ལ་ལས་སྙམ་བྱེད་ལ་འཁྲུལ་ལོ། །ལ་ལ་ཡུལ་ལ་འཁྲུལ་ལོ། །ལ་ལ་ཡུམ་མེད་པ་ལ་འཁྲུལ་ལོ། །ལ་ལ་སྙིང་པོ་ལ་འཁྲུལ་ལོ། །ལ་ལ་མ་རིག་པ་ལ་འཁྲུལ་ལོ། །ལ་ཀ་རྐྱེན་ལ་འཁྲུལ་ལོ། །ལ་ལ་བཏགས་པ་ལ་འཁྲུལ་ལོ། །ལཱ་ལ་ལ་ད་ལ་འཁྲུལ་ལོ། །ལ་ལ་ངོ་མ་ཤེས་པ་ལ་འཁྲུལ་ལོ། །ལ་ཏ་ལ་འཛིན་པ་ལ་འཁྲུལ་ལོ། །ལ་ཡ་འཛིན་པ་མེད་པ་ལ་འཁྲུལ་ལོ། །ཏ་ལ་ལ་འདུ་ཤེས་ལ་འཁྲུལ་ལོ། །ལ་ལ་རྒྱུ་ལ་འཁྲུལ་ལོ། །ལ་ལ་སྐད་ཅིག་གིས་འཁྲུལ་ལོ། །ལ་ལ་རྟགས་ལ་འཁྲུལ་ལོ། །ལ་ལ་གཟུགས་ལ་འཁྲུལ་ལོ། །བར་མ་དོ་ལ་སེམས་ཅན་གྱི་བློ་ཉི་ཤུ་རྩ་གཅིག་ཡོད་པའི་ཕྱིར་འཁྲུལ་ལུགས་ཉི་ཤུ་རྩ་གཅིག་ལ་སྣང་བ་རྫོགས་པར་འོང་སྟེ། དེ་ཡང་འཁྲུལ་ལུགས་རེ་རེ་ལ་སྣང་བ་རེ་རེ་འཆར་རོ། །དེ་ནི་བར་དོ་ལ་འཁྲུལ་ལུགས་རྒྱས་པར་བཤད་པའོ་ཞེས་སོ། །གཉིས་པ་དབང་པོའི་གྲོལ་ལུགས་བྱེ་བྲག་ཏུ་བཤད་པ་ལ། སྤྱིར་སྐད་ཅིག་བསམ་གཏན་གྱི་ཞག་མང་ཉུང་ཇི་ཙམ་བསྟན་ཡང་དབང་པོ་ཉི་ཤུ་རྩ་གཅིག་གི་གྲོལ་ལུགས་འདིར་འདུ་བས། དབང་པོ་རབ་རྣམས་སྐད་ཅིག་གསུམ་ལ་གྲོལ་ཏེ། དང་པོ་ལ་རང་སྣང་མཐོང་། གཉིས་པ་ལ་བྱེ་བྲག་ཕྱེད། གསུམ་པ་ལ་ཕྱེད་ཐོག་ནས་གྲོལ་བའོ། །འདི་ལའང་

[p. 428] རབ་ཀྱི་མཐར་ཕྱིན་པ་དེ་སྐད་ཅིག་གསུམ་པ་རྫོགས་མ་ཐག་ལ་ཀ་དག་ཏུ་གྲོལ་ལ། ལྷག་མ་དྲུག་གི་སྐད་ཅིག་གསུམ་ནི་བྱ་བ་རྫོགས་པའི་སྐད་ཅིག་མ་གསུམ་སྟེ། བསམ་གཏན་གྱི་ཞག་མང་ཉུང་ཅི་རིགས་པ་ཡོད་པ་ནི་རྒྱུད་ན་གསལ་ལོ། །འབྲིང་རྣམས་སྐད་ཅིག་བཞི་ལ་གྲོལ་ཏེ། །དང་པོ་ལ་རང་སྣང་དུ་ཤར། །གཉིས་པ་ལ་རང་གདངས་སུ་ཤེས། གསུམ་པ་ལ་ཤེས་ཐོག་ཏུ་གནས། བཞི་པ་ལ་གནས་ཐོག་ནས་གྲོལ་ལོ། །ཐ་མ་རྣམས་སྐད་ཅིག་ལྔ་ལ་གྲོལ་ཏེ། སྐད་ཅིག་དང་པོ་ལ་སྣང་བ་ཤར། གཉིས་པ་ལ་དཔྱད་པ་ཞུགས། གསུམ་པ་ལ་རང་སྣང་དུ་ཤེས། བཞི་པ་ལ་ཤེས་ཐོག་ཏུ་གནས། ལྔ་པ་ལ་གནས་ཐོག་ནས་གྲོལ་བའོ། །འདི་དག་ཀྱང་བྱ་བ་རྫོགས་པའི་སྐད་ཅིག་མ་ཡིན་ལ། དེ་དག་ལའང་བསམ་གཏན་གྱི་ཞག་མང་ཉུང་ཅི་རིགས་སུ་ཡོད་པ་ནི་རྒྱུད་བཞིན་ནོ། །ཁ་ཅིག་གིས་སྐད་ཅིག་དང་བསམ་གཏན་གཉིས་གཅིག་ཏུ་བཤད་པ་ནི་ཆ་ཕྱེད་དབྱིངས་མ་གོ་བ་རྣམ་པ་འདྲེས་པ་ཡིན་ནོ། །སྐད་ཅིག་མ་ནི་རྟོགས་ཚུལ་ཤེས་རབ་ཀྱི་ཆ་ཡིན་ལ། བསམ་གཏན་ནི་གནས་པ་ཏིང་ངེ་འཛིན་གྱི་ཆ་ཡིན་ནོ། །སྐད་ཅིག་རྣམ་གསུམ་དུ་བསྡུས་ཀྱང་འགལ་བ་མེད། གཅིག་དང་ལྔར་ཕྱེ་ཡང་འགལ་བ་མེད་དེ། གྲོལ་ཚད་རྟོགས་པ་སྐྱེ་བའི་རང་དུས་ངོས་ཟིན་པ་ཙམ་ལས་གཞན་དུ་འཁྲུལ་པ་མེད་དོ། །བསམ་གཏན་ལ་རྒྱུད་ནས་སོ་སོར་གང་བཤད་ཀྱི་ཆ་དེ་ལས་མང་ཉུང་དུ་དབྱེ་བསྡུ་

[p. 429] བྱས་པ་མེད་དོ། །བསམ་གཏན་རྣམས་སྐད་ཅིག་མས་བཅིངས་པར་ཤེས་པར་བྱའོ། །འདི་མ་ཕྱེད་ན་ཆ་འདྲེས་ནས་ཅི་ཟེར་དང་བཞག་ས་མེད་པའི་སྐྱོན་གྱིས་མགོ་འཁྲུགས་པར་ཡོད་པས་གནད་གལ་པོ་ཆེ་ཡིན་ནོ། །དེ་དག་གི་ངེས་པ་རྒྱུད་ཀྱི་སྟེང་ནས་རྟོགས་པར་བྱ་སྟེ། རང་ཤར་ལས། དེ་ཡང་དབང་པོ་རབ་ནི་སྐད་ཅིག་མ་གསུམ་ལ་སངས་རྒྱས་ནས་སྤྲུལ་པ་རང་བཞིན་དུ་འབྱུང་ངོ་། །དེ་ཡང་སྐད་ཅིག་མ་གཅིག་ལ་ཚོམ་བུའི་སྣང་བ་འགགས་སྐད་ཅིག་མ་གཅིག་ལ་ལྷུན་གྲུབ་ཀྱི་སྣང་བ་སྐྱེས། སྐད་ཅིག་མ་གཅིག་གིས་ཀ་དག་གི་བདེན་པ་མཐོང་ངོ་། །དེ་ཡང་སྤྲུལ་པ་ནི་ཀ་དག་གི་ས་ནས་མི་འགྱེད་དེ། ལམ་དུ་དབང་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐོབ་ནས། དཔེར་ན་སྐར་མདའ་ནམ་མཁའ་ལ་རྒྱུག་པའི་ཚུལ་ཏེ། སྐར་མདའ་དེ་ལས་འོད་འཕྲོ་བ་དང་འདྲ་བར་སྤྲུལ་པ་བཀྱེ་ནས་འགྲོ་བའི་དོན་བྱེད་དེ། དོན་བྱེད་ནི་ཞག་གསུམ་ནས་ནུས་སོ། །དབང་པོ་རབ་ཀྱི་རྩེ་མོ་ནི་ཞག་གཅིག་པར་དོར་སྡོད་དོ། །དེ་ཡང་ཡེ་ཤེས་ཁ་སྦྱོར་གྱི་སྣང་བ་ལ་རང་གི་སྣང་བ་མཐོང་སྟེ། དེ་ཡང་བདག་གི་མིག་ནས་ཡེ་ཤེས་ཀྱི་མེ་གཉིས་བྱུང་བས་མཚོན་ཆར་བབ་པ་དེ་ཀུན་ཚིག་ནས་སྣང་བ་འགག་པ་མེད་པར་ཤར་བས་དེ་ལ་རང་གི་ཤེས་པ་སད་ནས་རང་གི་ཡུལ་མཐོང་སྟེ་ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་ནས་ཡང་སྐར་མདའ་ལྟ་བུར་ཤེས་པར་བྱའོ། །དབང་པོ་རབ་ཀྱི་མཆོག་ནི་ཞག་གཉིས་ན་འཚང་རྒྱ་སྟེ། དེ་ཡང་ཚོམ་བུའི་སྣང་བ་ལ་ཞག་གཅིག་སྡོད་དོ། །དེ་ཡང་རང་གི་ཐུགས་

[p. 430] ཀ་ནས་ཡེ་ཤེས་ཀྱི་ཉི་མ་གཅིག་འཆར་ཏེ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོའོ། །དེ་ལས་འོད་ཟེར་གྱི་རྩེ་མོ་རེ་རེ་ལ་དེ་བཞིན་གཤེགས་པའི་སྐུ་རེ་རེ་འཆར་རོ། །དེས་སྣང་བའི་སྤྱོད་ཡུལ་ཐམས་ཅད་སྐུའི་རང་བཞིན་དུ་མཐོང་ངོ་། །དེ་ནས་ཡང་ལྷུན་གྲུབ་ཀྱི་སྣང་བ་ལ་ཡང་ངེས་པ་རྙེད་ནས་སྤྲུལ་པ་ཡང་ཞག་བདུན་ན་དོན་བྱེད་ནུས་སོ། །ཡང་སྐར་མདའ་བཞིན་ནོ། །རབ་ཀྱི་ཕུལ་ནི་ཞག་གསུམ་བར་དོ་ལ་སྡོད་དོ། །དེ་ཡང་ཚོམ་བུ་ལ་ཞག་གཅིག་སྡོད་དོ། །དེ་ལ་ཡང་ངེས་པ་རྙེད་པས་ཡེ་ཤེས་ཀྱི་སྣང་བ་ལ་རང་གི་སྣང་བའི་ཆ་གཅིག་འཆར་རོ། །དེ་ཡང་ཞག་གཅིག་སྡོད་དོ། །ཞག་དང་པོ་ལ་འོད་མཐོང་ངོ་། །ཞག་གཉིས་པ་ལ་སྐུ་མཐོང་སྟེ། སྐུ་དེ་ཡང་ཆེ་བ་རགས་པར་མཐོང་ངོ་། །དེ་ལ་ཡིད་ཆེས་ནས་ལྷུན་གྲུབ་ཀྱི་ས་དེ་ལ་རེས་པ་རྙེད་དོ། །དེ་ཡང་སྐར་མདའ་ལྟར་ཤེས་པར་བྱའོ། །སྤྲུལ་པ་ཡང་ཞག་བཅུ་གཅིག་ན་དོན་བྱེད་ནུས་སོ། །རབ་ཀྱི་རབ་ནི་ཞག་བཞི་བར་དོ་ལ་སྡོད་དོ། །དེའི་ཡང་རང་གི་མདུན་ན་ཚོམ་བུ་ལྔ་བཀྲ་ས་ལེ་འདུག་པ་མཐོང་ནས་དེ་ལ་རང་གི་བག་ཆགས་སད་ནས་ཤར་ཕྱོགས་ཀྱི་ཚོམ་བུ་ལ་ཞག་གཅིག་སྡོང་ངོ་། །དེ་བཞིན་དུ་ཕྱོགས་བཞིའི་ཚོམ་བུ་ལ་ཞག་རེ་རེ་སྡོད་དོ། །དེ་ནས་ཡང་ལྷུན་གྲུབ་ལ་ངེས་པ་རྙེད་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་བཅུའི་བཞིན་དོན་བྱེད་ནུས་སོ། །དབང་པོ་རབ་ཀྱི་འབྲིང་ནི་ཞག་ལྔ་ན་བདེན་པ་མཐོང་ངོ་། །དེ་ཡང་འདི་ལྟ་སྟེ། ཞག་བཞི་ཚོམ་བུ་ལ་སྡོད་དོ། །ཞག་གཅིག་ཡེ་ཤེས་ཀྱི་སྣང་བ་ལ་སྡོད་དོ། །

[p. 431] ༄༅། །དེ་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་གྱི་ཐག་པ་རྟ་རྔ་ཙམ་ཞིག་བྱུང་སྟེ། དེ་ཡང་ནམ་མཁའི་མཐོངས་སུ་འགྲེང་བུར་འོང་ངོ་། དེ་ལ་རང་གི་མིག་མ་ཡེངས་པར་བཟུང་ནས་བལྟས་པས་ནམ་མཁའི་དཀྱིལ་ ན་ཚོམ་བུ་ཆེན་པོ་བཀྲ་ས་ལེ་བ་དེ་མཐོང་ནས་དེ་ལ་ཡིད་ཆེས་རབ་ཏུ་སྐྱེས་ནས་རང་གི་སྣང་བ་ཡིན་སྙམ་པའི་ཤེས་པ་ཞིག་བྱུང་བས་ཡིད་ཆེས་པ་མ་པང་དུ་བུ་འཇུག་པའི་གདམས་ངག་ཅེས་བྱའོ། །དེ་ནས་དེ་ལ་རང་གི་རིག་པ་བསྟིམ་ གྱིས་ཐིམ་པ་ནི་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་མན་ངག་གོ། །དེ་ལ་ཡང་མི་གནས་པར་ཀ་དག་གིས་ལ་ཐིམ་པ་ནི་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་གདམས་ངག་ཅེས་བྱའོ།། །།སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་གཅིག་ ན་དོན་བྱེད་ནུས་སོ། །དབང་པོ་རབ་ཀྱི་ཐ་མ་ནི་ཞག་དྲུག་ཐོགས་ཏེ། དེ་ཡང་ཚོམ་བུ་ལ་ཞག་བཞི་ཐོགས། ཡེ་ཤེས་ཀྱི་སྣང་བ་དང་ཆོས་ཀྱི་དབྱིངས་ལ་ཞག་གཅིག་ཐོགས་སོ། །དེ་ནས་ཡང་རང་གི་མིག་གཉིས་ནས་ཡེ་ཤེས་ཀྱི་ མེ་ལོང་གསལ་བ་གཉིས་ལྷག་གིས་འཆར་ཏེ། དེ་ལས་སྣང་བ་དཔག་ཏུ་མེད་པ་འཕྲོས་ནས། གཅིག་རང་གི་སྟེང་དུ་ཚོམ་བུ་གཅིག་ཏུ་སྡོད་དོ། །གཅིག་རང་གི་མདུན་དུ་ཚོམ་བུ་ཆེན་པོ་ཞིག་ཏུ་མཐོང་ངོ་། །དེ་ནས་ངེས་པ་ ཐོབ་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་ཙ་ལྔ་ན་དོན་བྱེད་ནུས་སོ་ཞེས་དང་། འབྲིང་གི་ངེས་པ་ལ་འཇོག་པ་ནི་ཞག་བདུན་ན་ངེས་པ་རྙེད་དོ། །དེ་ཡང་ཞག་ལྔ་ཚོམ་བུའི་སྣང་བ་ལ་སྡོད་དོ། །

[edit]
BDRC typed e-text UT22920_004_0001 as downloaded (the base text was made from it).

མཁྱེན་པ་ཡེ་ཤེས་སུ་རྒྱས་པས་སྔར་གྱི་མངོན་པར་ཤེས་པ་དེ་དག་དུས་གཅིག་ཏུ་མཐོང༌། མཛད་པ་འཕྲིན་ལས་སུ་རྒྱས་པས་སྤྲུལ་སྐུའི་མཛད་པ་སུམ་ཅུ་རྩ་དྲུག་མཐར་ཕྱིན། ཆོས་ཉིད་འགག་པ་མེད་པའི་ཡེ་ཤེས་ལ་སྤྱོད་པའི་མངོན་ཤེས་ཤེས་བྱ་ལ་སྲིད་ཚད་མཐོང༌། མཚན་མ་རང་དག་པའི་ཡེ་ཤེས་ཀྱི་མངོན་ཤེས་ཀྱིས་ཆོས་དང་ཆོས་ཉིད་མ་ལུས་པའི་རང་བཞིན་མངོན་དུ་གྱུར་པ་སྟེ་དྲུག་གོ །དེ་ལྟར་ན་མངོན་པར་ཤེས་པ་ཐམས་ཅད་བསྡོམས་ན་བརྒྱ་སུམ་ཅུ་རྩ་བཞི་སྟེ་བསྡུ་ན་སུམ་ཅུ་རྩ་དྲུག དེ་ཡང་བསྡུ་ན་རྩ་བ་དྲུག་ཁོ་ནའོ། །མི་བརྗེད་པའི་གཟུངས་ནི་ཉི་ཟླ་ཁ་སྦྱོར་ལས། དེའི་ཚེ་མི་བརྗེད་པའི་གཟུངས་རྣམས་ཀྱང་རང་གི་རྒྱུད་ལ་སྐྱེ་བ་སྟེ། སྔོན་གྱི་ཆོས་ཐམས་ཅད་རྒྱུད་ལ་དུས་གཅིག་ལ་འཆར་རོ། །དེ་བཞིན་དུ་སྔར་མ་མཐོང་བའི་ཆོས་རྣམས་ཀྱང་འཆར་བས་ན་ཆོས་ཉིད་ཀྱི་བར་དོ་ཞེས་བྱའོ་ཞེས་སོ། །རྒྱུན་གྱི་ཏིང་ངེ་འཛིན་ཡང༌། རྒྱུད་དེ་ཉིད་ལས། རྒྱུན་གྱི་ཏིང་ངེ་འཛིན་རྒྱུད་ལ་རང་བཞིན་གྱིས་ཤར་བས་རྣམ་པར་རྟོག་པ་ངན་པ་གཏན་ནས་མི་སྐྱེའོ་ཞེས་སོ། །གསུམ་པ་དབང་པོའི་རིམ་པས་དོན་བསྡུ་བ་ལ་གཉིས་ཏེ། དབང་པོའི་རབ་ཏུ་དབྱེ་བ་དང༌། སོ་སོའི་རང་བཞིན་རྒྱས་པར་བཤད་པའོ །དང་པོ་ནི་ཉི་ཤུ་རྩ་གཅིག་སྟེ། རང་ཤར་ལས། དབང་པོ་ལ་རྣམ་པ་གསུམ་བསྟན་ཏེ། རབ་དང༌། འབྲིང་དང༌། ཐ་མའོ། །རབ་ལ་བདུན་ཏེ། རབ་ཀྱི་ཐ་མ་དང༌། རབ་ཀྱི་འབྲིང་བ་དང༌། རབ་ཀྱི་རབ་དང༌། རབ་ཀྱི་ཕུལ་དང༌། རབ་ཀྱི་མཆོག་དང༌། རབ་ཀྱི་རྩེ་མོ་དང༌། རབ་ཀྱི་མཐར་ཕྱིན་པའོ། །དེ་ནི་རབ་ཀྱི་དབྱེ་བ་ཡིན་ནོ། །དེ་ཡང་མཐོང་ཚུལ་རེ། ཡེ་ཤེས་ཀྱི་སྣང་བ་སྐྱེ་ཚུལ་རེ། རྟོགས་པ་ཚད་རེ། སྣང་བའི་སྐྱེ་ཚུལ་རེ། གོ་བའི་དུས་རེ། ཤེས་པའི་ལྟ་ལུགས་རེ་ཤར་ནས་རང་རང་གི་སྣང་བ་ལ་བརྟན་པ་ཐོབ་བོ། །འབྲིང་ལའང་བདུན་ཏེ། འབྲིང་གི་ཐ་མ་དང༌། འབྲིང་གི་འབྲིང་དང༌། འབྲིང་གི་རབ་དང༌། འབྲིང་གི་ཕུལ་དང༌། འབྲིང་གི་མཆོག་དང༌། འབྲིང་གི་རྩེ་མོ་དང༌། འབྲིང་གི་མཐར་ཕྱིན་པའོ། །དེ་ལ་ཡང་ཡེ་ཤེས་སྐྱེ་བའི་ཚད་རེ་འབྱུང་ངོ༌། །དེ་ནི་འབྲིང་གི་དབྱེ་བ་ཡིན་ནོ། །ཐ་མ་ལའང་བདུན་ཏེ། ཐ་མའི་ཐ་མ་དང༌། ཐ་མའི་འབྲིང་དང༌། ཐ་མའི་རབ་དང༌། ཐ་མའི་མཆོག་དང༌། ཐ་མའི་ཕུལ་དང༌། ཐ་མའི་རྩེ་མོ་དང༌། ཐ་མའི་རྩེ་ཟིན་པའོ་ཞེས་སོ། །གཉིས་པ་ལ་གསུམ་སྟེ། གྲོལ་འཁྲུལ་གྱི་རྣམ་གཞག་སྤྱིར་བསྟན། དབང་པོའི་གྲོལ་ལུགས་བྱེ་བྲག་ཏུ་བཤད། ཐིམ་ཚུལ་གྱི་རིམ་པས་མཇུག་བསྡུ་བའོ། །དང་པོ་ནི། ཆོས་ཉིད་ཀྱི་སྣང་བ་འདི་དག་གི་དུས་ན་རང་ངོ་ཤེས་པ་རྣམས་དབང་པོ་ཉི་ཤུ་རྩ་གཅིག་གི་རིམ་པས་གྲོལ་བ་དང༌། མ་ཤེས་པ་རྣམས་དེ་ནས་འཁྲུལ་པའི་རིམ་པ་སྔོན་གྱི་གཞི་སྣང་ལས་སེམས་ཅན་གྱི་འཁྲུལ་ཚུལ་ལྟར་འབྱུང་བ་སྟེ། ཉི་ཟླ་ཁ་སྦྱོར་ལས། དབང་པོ་ཉི་ཤུ་རྩ་གཅིག་གི་བྱེ་བྲག་ཏུ་བསྟན་པ་ཡང་ཡོད་དོ། །དེར་རང་གི་ཤེས་པ་མ་ཚུད་ཅིང་སྔར་བླ་མའི་ལུང་མེད་པ་རྣམས་ནི་སྣང་བ་དེ་ལ་བྲེད་པ་དང༌། དངངས་པ་དང༌། རྡུགས་པ་དང༌། འཇིགས་པ་དང༌། འདུ་ཤེས་ཤོར་བ་ལ་སོགས་ཏེ་ཡང་འཁོར་བའི་ཉེ་བར་ལེན་པའི་ཁ་ལེན་ཏེ་དབང་པོ་ཉི་ཤུ་རྩ་གཅིག་གི་བྱེ་བྲག་ཏུ་འཁྲུལ་པ་ཡང་ཡོད་དོ་ཞེས་སོ། །འཁྲུལ་ཚུལ་ནི། ཐ་མའི་ཐ་མ་རྣམས་པ་ལ་འཁྲུལ་པ་ལ་སོགས་པ་བདུན་དང༌། འབྲིང་གི་ཐ་མ་ཡུལ་མེད་པ་ལ་འཁྲུལ་པ་ལ་སོགས་པ་བདུན་དང༌། རབ་ཀྱི་ཐ་མ་འཛིན་པ་ལ་འཁྲུལ་པ་ལ་སོགས་པ་བདུན་ཏེ་ཉི་ཤུ་རྩ་གཅིག་ནི་གོང་གི་ཇི་ལྟ་བ་བཞིན་དུ་རྒྱུན་གྱི་གནས་པ་ལས་གསལ་བ་སྟེ། རང་ཤར་ལས། སེམས་ཅན་རྣམས་ནི་བར་དོ་ལ་འདི་ལྟར་འཁྲུལ་ལོ། །ལ་ལ་རྣམ་པ་ལ་འཁྲུལ་ལོ། །ལ་ལ་ཉམས་ལ་འཁྲུལ་ལོ། །ལ་ལ་དེ་མ་ཐག་པ་ལ་འཁྲུལ་ལོ། །ལ་ལ་དམིགས་པ་ལ་འཁྲུལ་ལོ། །ལ་ལ་ཇི་མི་སྙམ་པ་ལ་འཁྲུལ་ལོ། །ལ་ལ་སྙམ་བྱེད་ལ་འཁྲུལ་ལོ། །ལ་ལ་ཡུལ་ལ་འཁྲུལ་ལོ། །ལ་ལ་ཡུལ་མེད་པ་ལ་འཁྲུལ་ལོ། །ལ་ལ་སྙིང་པོ་ལ་འཁྲུལ་ལོ། །ལ་ལ་མ་རིག་པ་ལ་འཁྲུལ་ལོ། །ལ་ལ་རྐྱེན་ལ་འཁྲུལ་ལོ། །ལ་ལ་བཏགས་པ་ལ་འཁྲུལ་ལོ། །ལ་ལ་ད་ལ་འཁྲུལ་ལོ། །ལ་ལ་ངོ་མ་ཤེས་པ་ལ་འཁྲུལ་ལོ། །ལ་ལ་འཛིན་པ་ལ་འཁྲུལ་ལོ། །ལ་ལ་འཛིན་པ་མེད་པ་ལ་འཁྲུལ་ལོ། །ལ་ལ་འདུ་ཤེས་ལ་འཁྲུལ་ལོ། །ལ་ལ་རྒྱུ་ལ་འཁྲུལ་ལོ། །ལ་ལ་སྐད་ཅིག་གིས་འཁྲུལ་ལོ། །ལ་ལ་རྟགས་ལ་འཁྲུལ་ལོ། །ལ་ལ་གཟུགས་ལ་འཁྲུལ་ལོ། །བར་མ་དོ་ལ་སེམས་ཅན་གྱི་བློ་ཉི་ཤུ་རྩ་གཅིག་ཡོད་པའི་ཕྱིར་འཁྲུལ་ལུགས་ཉི་ཤུ་རྩ་གཅིག་ལ་སྣང་བ་རྫོགས་པར་འོང་སྟེ། དེ་ཡང་འཁྲུལ་ལུགས་རེ་རེ་ལ་སྣང་བ་རེ་རེ་འཆར་རོ། །དེ་ནི་བར་དོ་ལ་འཁྲུལ་ལུགས་རྒྱས་པར་བཤད་པའོ་ཞེས་སོ། །གཉིས་པ་དབང་པོའི་གྲོལ་ལུགས་བྱེ་བྲག་ཏུ་བཤད་པ་ལ། སྤྱིར་སྐད་ཅིག་བསམ་གཏན་གྱི་ཞག་མང་ཉུང་ཇི་ཙམ་བསྟན་ཡང་དབང་པོ་ཉི་ཤུ་རྩ་གཅིག་གི་གྲོལ་ལུགས་འདིར་འདུ་བས། དབང་པོ་རབ་རྣམས་སྐད་ཅིག་གསུམ་ལ་གྲོལ་ཏེ། དང་པོ་ལ་རང་སྣང་མཐོང༌། གཉིས་པ་ལ་བྱེ་བྲག་ཕྱེད། གསུམ་ལ་ཕྱེད་ཐོག་ནས་གྲོལ་བའོ། །འདི་ལའང་རབ་ཀྱི་མཐར་ཕྱིན་པ་དེ་སྐད་ཅིག་གསུམ་པ་རྫོགས་པ་ཐག་ལ་ཀ་དག་ཏུ་གྲོལ་ལ། ལྷག་མ་དྲུག་གི་སྐད་ཅིག་གསུམ་ནི་བྱ་བ་རྫོགས་པའི་སྐད་ཅིག་མ་གསུམ་སྟེ། བསམ་གཏན་གྱི་ཞག་མང་ཉུང་ཅི་རིགས་པ་ཡོད་པ་ནི་རྒྱུད་ན་གསལ་ལོ། །འབྲིང་རྣམས་སྐད་ཅིག་བཞི་ལ་གྲོལ་ཏེ། དང་པོ་ལ་རང་སྣང་དུ་ཤར། གཉིས་པ་ལ་རང་གདངས་སུ་ཤེས། གསུམ་པ་ལ་ཤེས་ཐོག་ཏུ་གནས། བཞི་པ་ལ་གནས་ཐོག་ནས་གྲོལ་ལོ། །ཐ་མ་རྣམས་སྐད་ཅིག་ལྔ་ལ་གྲོལ་ཏེ། སྐད་ཅིག་དང་པོ་ལ་སྣང་བ་ཤར། གཉིས་པ་ལ་དཔྱད་པ་ཞུགས། གསུམ་པ་ལ་རང་སྣང་དུ་ཤེས། བཞི་པ་ལ་ཤེས་ཐོག་ཏུ་གནས། ལྔ་པ་ལ་གནས་ཐོག་ནས་གྲོལ་བའོ། །འདི་དག་ཀྱང་བྱ་བ་རྫོགས་པའི་སྐད་ཅིག་མ་ཡིན་ལ། དེ་དག་ལའང་བསམ་གཏན་གྱི་ཞག་མང་ཉུང་ཅི་རིགས་སུ་ཡོད་པ་ནི་རྒྱུད་བཞིན་ནོ། །ཁ་ཅིག་གིས་སྐད་ཅིག་དང་བསམ་གཏན་གཉིས་གཅིག་ཏུ་བཤད་པ་ནི་ཆ་ཕྱེད་དབྱིངས་མ་གོ་བ་རྣམ་པ་འདྲེས་པ་ཡིན་ནོ། །སྐད་ཅིག་མ་ནི་རྟོགས་ཚུལ་ཤེས་རབ་ཀྱི་ཆ་ཡིན་ལ། བསམ་གཏན་ནི་གནས་པ་ཏིང་ངེ་འཛིན་གྱི་ཆ་ཡིན་ནོ། །སྐད་ཅིག་རྣམས་གསུམ་དུ་བསྡུས་ཀྱང་འགལ་བ་མེད། གཅིག་དང་ལྔར་ཕྱེ་ཡང་འགལ་བ་མེད་དེ། གྲོལ་ཚད་རྟོགས་པ་སྐྱེ་བའི་རང་དུ་ངོས་ཟིན་པ་ཙམ་ལས་གཞན་དུ་འཁྲུལ་པ་མེད་དོ། །བསམ་གཏན་ལ་རྒྱུད་ནས་སོ་སོར་གང་བཤད་ཀྱི་ཆ་དེ་ལ་མང་ཉུང་དུ་དབྱེ་བསྡུ་བྱས་པ་མེད་དོ། །བསམ་གཏན་རྣམས་སྐད་ཅིག་མས་བཅིངས་པར་ཤེས་པར་བྱའོ། །འདི་མ་ཕྱེད་ན་ཆ་འདྲེས་ན་ཅི་ཟེར་དང་བཞགས་མེད་པའི་སྐྱོན་གྱིས་མགོ་འཁྲུགས་པར་ཡོད་པས་གནད་གལ་པོ་ཆེ་ཡིན་ནོ། །དེ་དག་གི་ངེས་པ་རྒྱུད་ཀྱི་སྟེང་ནས་རྟོགས་པར་བྱ་སྟེ། རང་ཤར་ལས། དེ་ཡང་དབང་པོ་རབ་ནི་སྐད་ཅིག་མ་གསུམ་ལ་སངས་རྒྱས་ནས་སྤྲུལ་པ་རང་བཞིན་དུ་འབྱུང་ངོ༌། །དེ་ཡང་སྐད་ཅིག་མ་གཅིག་ལ་ཚོམ་བུའི་སྣང་བ་འགགས། སྐད་ཅིག་མ་གཅིག་ལ་ལྷུན་གྲུབ་ཀྱི་སྣང་བ་སྐྱེས། །སྐད་ཅིག་མ་གཅིག་གིས་ཀ་དག་གི་བདེན་པ་མཐོང་ངོ༌། །དེ་ཡང་སྤྲུལ་པ་ནི་ཀ་དག་གི་ས་ནས་མི་འགྱེད་དེ། ལམ་དུ་དབང་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐོབ་ནས། དཔེར་ན་སྐར་མདའ་ནམ་མཁའ་ལ་རྒྱུག་པའི་ཚུལ་ཏེ། སྐར་མདའ་དེ་ལས་འོད་འཕྲོ་བ་དང་འདྲ་བར་སྤྲུལ་པ་བཀྱེ་ནས་འགྲོ་བའི་དོན་བྱེད་དེ། དོན་བྱེད་ནི་ཞག་གསུམ་ནས་ནུས་སོ། །དབང་པོ་རབ་ཀྱི་རྩེ་མོ་ནི་ཞག་གཅིག་བར་དོར་སྡོད་དོ། །དེ་ཡང་ཡེ་ཤེས་ཁ་སྦྱོར་གྱི་སྣང་བ་ལ་རང་གི་སྣང་བ་མཐོང་སྟེ། དེ་ཡང་བདག་གི་མིག་ནས་ཡེ་ཤེས་ཀྱི་མེ་གཉིས་འབྱུང་བས་མཚོན་ཆར་བབ་པ་དེ་ཀུན་ཚིག་ནས་སྣང་བ་འགག་པ་མེད་པར་ཤར་བས་དེ་ལ་རང་གི་ཤེས་པ་སད་ནས་རང་གི་ཡུལ་མཐོང་སྟེ་ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་ནས་ཡང་སྐར་མདའ་ལྟ་བུར་ཤེས་པར་བྱའོ། །དབང་པོ་རབ་ཀྱི་མཆོག་ནི་ཞག་གཉིས་ན་འཚང་རྒྱ་སྟེ། དེ་ཡང་ཚོམ་བུའི་སྣང་བ་ལ་ཞག་གཅིག་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཉི་མ་གཅིག་འཆར་ཏེ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོའོ། །དེ་ལས་འོད་ཟེར་གྱི་རྩེ་མོ་རེ་རེ་ལ་དེ་བཞིན་གཤེགས་པའི་སྐུ་རེ་རེ་འཆར་རོ། །དེས་སྣང་བའི་སྤྱོད་ཡུལ་ཐམས་ཅད་སྐུའི་རང་བཞིན་དུ་མཐོང་ངོ༌། །དེ་ནས་ཡང་ལྷུན་གྲུབ་ཀྱི་སྣང་བ་ལ་ཡང་ངེས་པ་རྙེད་ནས་སྤྲུལ་པ་ཡང་ཞག་བདུན་ན་དོན་བྱེད་ནུས་སོ། །ཡང་སྐར་མདའ་བཞིན་ནོ། །རབ་ཀྱི་ཕུལ་ནི་ཞག་གསུམ་བར་དོ་ལ་སྡོད་དོ། །དེ་ཡང་ཚོམ་བུ་ལ་ཞག་གཅིག་སྡོད་དོ། །དེ་ལ་ཡང་ངེས་པ་རྙེད་པས་ཡེ་ཤེས་ཀྱི་སྣང་བ་ལ་རང་གི་སྣང་བའི་ཆ་གཅིག་འཆར་རོ། །དེ་ཡང་ཞག་གཅིག་སྡོད་དོ། །ཞག་དང་པོ་ལ་འོད་མཐོང་ངོ༌། །ཞག་གཉིས་པ་ལ་སྐུ་མཐོང་སྟེ། སྐུ་དེ་ཡང་ཆེ་བར་རགས་པར་མཐོང་ངོ༌། །དེ་ལ་ཡིད་ཆེས་ནས་ལྷུན་གྲུབ་ཀྱི་ས་དེ་ལ་ངེས་པ་རྙེད་དོ། །དེ་ཡང་སྐར་མདའ་ལྟར་ཤེས་པར་བྱའོ། །སྤྲུལ་པ་ཡང་ཞག་བཅུ་གཅིག་ན་དོན་བྱེད་ནུས་སོ། །རབ་ཀྱི་རབ་ནི་ཞག་བཞི་བར་དོ་ལ་སྡོད་དོ། །དེ་ཡང་རང་གི་མདུན་ན་ཚོམ་བུ་ལྔ་བཀྲས་ལེ་འདུག་པ་མཐོང་ནས་དེ་ལ་རང་གི་བག་ཆགས་སད་ནས་ཤར་ཕྱོགས་ཀྱི་ཚོམ་བུ་ལ་ཞག་གཅིག་སྡོད་དོ། །དེ་བཞིན་དུ་ཕྱོགས་བཞིའི་ཚོམ་བུ་ལ་ཞག་རེ་རེ་སྡོད་དོ། །དེ་ནས་ཡང་ལྷུན་གྲུབ་ལ་ངེས་པ་རྙེད་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་བཅུ་བཞི་ན་དོན་བྱེད་ནུས་སོ། །དབང་པོ་རབ་ཀྱི་འབྲིང་ནི་ཞག་ལྔ་ན་བདེན་པ་མཐོང་ངོ༌། །དེ་ཡང་འདི་ལྟ་སྟེ། ཞག་བཞི་ཚོམ་བུ་ལ་སྡོད་དོ། །ཞག་གཅིག་ཡེ་ཤེས་ཀྱི་སྣང་བ་ལ་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་གྱི་ཐག་པ་རྟ་རྔ་ཙམ་ཞིག་བྱུང་སྟེ། དེ་ཡང་ནམ་མཁའི་མཐོངས་སུ་འགྲེང་བུར་འོང་ངོ༌། །དེ་ལ་རང་གི་མིག་མ་ཡེངས་པར་བཟུང་ནས་བལྟས་པས་ནམ་མཁའི་དཀྱིལ་ན་ཚོམ་བུ་ཆེན་པོ་བཀྲས་ལེ་བ་དེ་མཐོང་ནས་དེ་ལ་ཡིད་ཆེས་རབ་ཏུ་སྐྱེས་ནས་རང་གི་སྣང་བ་ཡིན་སྙམ་པའི་ཤེས་པ་ཞིག་བྱུང་བས་ཡིད་ཆེས་པ་མ་པང་དུ་བུ་འཇུག་པའི་གདམས་ངག་ཅེས་བྱའོ། །དེ་ནས་དེ་ལ་རང་གི་རིག་པ་བསྟིམ་གྱིས་ཐིམ་པ་ནི་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་མན་ངག་གོ །དེ་ལ་ཡང་མི་གནས་པར་ཀ་དག་གི་ས་ལ་ཐིམ་པ་ནི་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་གདམས་ངག་ཅེས་བྱའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་གཅིག་ན་དོན་བྱེད་ནུས་སོ། །དབང་པོ་རབ་ཀྱི་ཐ་མ་ནི་ཞག་དྲུག་ཐོགས་ཏེ། དེ་ཡང་ཚོམ་བུ་ལ་ཞག་བཞི་ཐོགས། ཡེ་ཤེས་ཀྱི་སྣང་བ་དང་ཆོས་ཀྱི་དབྱིངས་ལ་ཞག་གཅིག་ཐོགས་སོ། །དེ་ནས་ཡང་རང་གི་མིག་གཉིས་ནས་ཡེ་ཤེས་ཀྱི་མེ་ལོང་གསལ་བ་གཉིས་ལྷག་གིས་འཆར་ཏེ། དེ་ལས་སྣང་བ་དཔག་ཏུ་མེད་པ་འཕྲོས་ནས། གཅིག་རང་གི་སྟེང་དུ་ཚོམ་བུ་གཅིག་ཏུ་སྡོད་དོ། །གཅིག་རང་གི་མདུན་དུ་ཚོམ་བུ་ཆེན་པོ་ཞིག་ཏུ་མཐོང་ངོ༌། །དེ་ནས་ངེས་པ་ཐོབ་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་ལྔ་ན་དོན་བྱེད་ནུས་སོ་ཞེས་དང༌། འབྲིང་གི་ངེས་པ་ལ་འཇོག་པ་ནི་ཞག་བདུན་ན་ངེས་པ་རྙེད་དོ། །དེ་ཡང་ཞག་ལྔ་ཚོམ་བུའི་སྣང་བ་ལ་སྡོད་དོ། །

[edit]
rywikitexts e-text of the Beijing 2009 edition (vol. 19), with its page numbers ༼N༽.

མཁྱེན་པ་ཡེ་ཤེས་སུ་རྒྱས་པས་སྔར་གྱི་མངོན་པར་ཤེས་པ་དེ་དག་དུས་གཅིག་ཏུ་མཐོང༌། མཛད་པ་འཕྲིན་ལས་སུ་རྒྱས་པས་སྤྲུལ་སྐུའི་མཛད་པ་སུམ་ཅུ་རྩ་དྲུག་མཐར་ཕྱིན། ཆོས་ཉིད་འགག་པ་མེད་པའི་ཡེ་ཤེས་ལ་སྤྱོད་པའི་མངོན་ཤེས་ཀྱིས་ཤེས་བྱ་ལ་སྲིད་ཚད་མཐོང༌། མཚན་མ་རང་དག་པའི་ཡེ་ཤེས་ཀྱི་མངོན་ཤེས་ཀྱིས་ཆོས་དང་ཆོས་ཉིད་མ་ལུས་པའི་རང་བཞིན་མངོན་དུ་གྱུར་པ་སྟེ་དྲུག་གོ» «།དེ་ལྟར་ན་མངོན་པར་ཤེས་པ་ཐམས་ཅད་བསྡོམས་ན་བརྒྱ་སུམ་ཅུ་རྩ་བཞི་སྟེ་བསྡུ་ན་སུམ་ཅུ་རྩ་དྲུག» «དེ་ཡང་བསྡུ་ན་རྩ་བ་དྲུག་ཁོ་ནའོ། །མི་བརྗེད་པའི་གཟུངས་ནི་ཉི་ཟླ་ཁ་སྦྱོར་ལས། དེའི་ཚེ་མི་བརྗེད་པའི་གཟུངས་རྣམས་ཀྱང་རང་གི་རྒྱུད་ལ་སྐྱེ་བ་སྟེ། སྔོན་གྱི་ཆོས་ཐམས་ཅད་རྒྱུད་ལ་དུས་གཅིག་ལ་འཆར་རོ། །དེ་བཞིན་དུ་སྔར་མ་མཐོང་བའི་ཆོས་རྣམས་ཀྱང་འཆར་བས་ན་ཆོས་ཉིད་ཀྱི་བར་དོ་ཞེས་བྱའོ་ཞེས་སོ། །རྒྱུན་གྱི་ཏིང་ངེ་འཛིན་ཡང༌། རྒྱུད་དེ་ཉིད་ལས། རྒྱུན་གྱི་ཏིང་ངེ་འཛིན་རྒྱུད་ལ་རང་བཞིན་གྱིས་ཤར་བས་རྣམ་པར་རྟོག་པ་ངན་པ་གཏན་ནས་མྀ་སྐྱེའོ་ཞེས་སོ། །» «གསུམ་པ་དབང་པོའི་རིམ་པས་དོན་བསྡུ་བ་ལ་གཉིས་ཏེ། དབང་པོའི་རབ་ཏུ་དབྱེ་བ་དང༌། སོ་སོའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི་ཉི་ཤུ་རྩ་གཅིག་སྟེ། རང་ཤར་ལས། དབང་པོ་ལ་རྣམ་པ་གསུམ་བསྟན་ཏེ། རབ་དང༌། འབྲིང་དང༌། ཐ་མའོ། །རབ་ལ་བདུན་ཏེ། རབ་ཀྱི་ཐ་མ་དང༌། རབ་ཀྱི་འབྲིང་དང༌། རབ་ཀྱི་རབ་དང༌། རབ་ཀྱི་ཕུལ་དང༌། རབ་ཀྱི་མཆོག་དང༌། རབ་ཀྱི་རྩེ་མོ་དང༌། རབ་ཀྱི་མཐར་ཕྱིན་པའོ། །དེ་ནི་རབ་ཀྱི་དབྱེ་བ་ཡིན་ནོ། །དེ་ཡང་མཐོང་ཚུལ་རེ། ཡེ་ཤེས་ཀྱི་སྣང་བ་སྐྱེ་ཚུལ་རེ། རྟོགས་པའི་ཚད་རེ། སྣང་བའི་སྐྱེ་ཚུལ་རེ། གོ་བའི་དུས་རེ། ཤེས་པའི་ལྟ་ལུགས་རེ་ཤར་ནས་རང་རང་གི་སྣང་བ་ལ་བརྟན་པ་ཐོབ་བོ། །འབྲིང་ལའང་བདུན་ཏེ། འབྲིང་གི་ཐ་མ་དང༌། འབྲིང་གི་འབྲིང་དང༌། འབྲིང་གི་རབ་དང༌། འབྲིང་གི་ཕུལ་དང༌། འབྲིང་གི་མཆོག་དང༌། འབྲིང་གི་རྩེ་མོ་དང༌། འབྲིང་གི་མཐར་ཕྱིན་པའོ། །དེ་ལ་ཡང་ཡེ་ཤེས་སྐྱེ་བའི་ཚད་རེ་འབྱུང་ངོ༌། །དེ་ནི་འབྲིང་གི་དབྱེ་བ་ཡིན་ནོ། །ཐ་མ་ལའང་བདུན་ཏེ། ཐ་མའི་ཐ་མ་དང༌། ཐ་མའི་འབྲིང་དང༌། ཐ་མའི་རབ་དང༌། ཐ་མའི་མཆོག་དང༌། ཐ་མའི་ཕུལ་དང༌། ཐ་མའི་རྩེ་མོ་དང༌། ཐ་མའི་རྩེ་ཟིན་པའོ་ཞེས་སོ། །གཉིས་པ་ལ་གསུམ་སྟེ། གྲོལ་འཁྲུལ་གྱི་རྣམ་གཞག་སྤྱིར་བསྟན། དབང་པོའི་གྲོལ་ལུགས་བྱེ་བྲག་ཏུ་བཤད། ཐིམ་ཚུལ་གྱི་རིམ་པས་མཇུག་བསྡུ་» «བའོ། །དང་པོ་ནི། ཆོས་ཉིད་ཀྱི་སྣང་བ་འདི་དག་གི་དུས་ན་རང་ངོ་ཤེས་པ་རྣམས་དབང་པོ་ཉི་ཤུ་རྩ་གཅིག་གི་རིམ་པས་གྲོལ་བ་དང༌། མ་ཤེས་པ་རྣམས་དེ་ནས་འཁྲུལ་པའི་རིམ་པ་སྔོན་གྱི་གཞི་སྣང་ལས་སེམས་ཅན་གྱི་འཁྲུལ་ཚུལ་ལྟར་འབྱུང་བ་སྟེ། ཉི་ཟླ་ཁ་སྦྱོར་ལས། དབང་པོ་ཉི་ཤུ་རྩ་གཅིག་གི་བྱེ་བྲག་ཏུ་བསྟན་པ་ཡང་ཡོད་དོ། །དེར་རང་གི་ཤེས་པ་མ་ཚུད་ཅིང་སྔར་བླ་མའི་ལུང་མེད་པ་རྣམས་ནི་སྣང་བ་དེ་ལ་བྲེད་པ་དང༌། དངངས་པ་དང༌། རྡུགས་པ་དང༌། འཇིགས་པ་དང༌། འདུ་ཤེས་ཤོར་བ་ལ་སོགས་ཏེ་ཡང་འཁོར་བའི་ཉེ་བར་ལེན་པའི་ཁ་ལེན་ཏེ་དབང་པོ་ཉི་ཤུ་རྩ་གཅིག་གི་བྱེ་བྲག་ཏུ་འཁྲུལ་པ་ཡང་ཡོད་དོ་ཞེས་སོ། །འཁྲུལ་ཚུལ་ནི། ཐ་མའི་ཐ་མ་རྣམ་པ་ལ་འཁྲུལ་པ་ལ་སོགས་པ་བདུན་དང༌། འབྲིང་གི་ཐ་མ་ཡུལ་མེད་པ་ལ་འཁྲུལ་པ་ལ་སོགས་པ་བདུན་དང༌། རབ་ཀྱི་ཐ་མ་འཛིན་པ་ལ་འཁྲུལ་པ་ལ་སོགས་པ་བདུན་ཏེ་ཉི་ཤུ་རྩ་གཅིག་ནི་གོང་གི་ཇི་ལྟ་བ་བཞིན་དུ་རྒྱུན་གྱི་གནས་པ་ལས་གསལ་བ་སྟེ། རང་ཤར་ལས། སེམས་ཅན་རྣམས་ནི་བར་དོ་ལ་འདི་ལྟར་འཁྲུལ་ལོ། །ལ་ལ་རྣམ་པ་ལ་འཁྲུལ་ལོ། །ལ་ལ་ཉམས་ལ་འཁྲུལ་ལོ། །ལ་ལ་དེ་མ་ཐག་པ་ལ་འཁྲུལ་ལོ། །ལ་ལ་དམིགས་པ་ལ་འཁྲུལ་ལོ། །ལ་ལ་ཇི་མི་སྙམ་པ་ལ་འཁྲུལ་ལོ། །ལ་ལ་སྙམ་བྱེད་ལ་འཁྲུལ་ལོ། །ལ་ལ་ཡུལ་ལ་འཁྲུལ་ལོ། །ལ་ལ་ཡུལ་མེད་པ་ལ་འཁྲུལ་» «ལོ། །ལ་ལ་སྙིང་པོ་ལ་འཁྲུལ་ལོ། །ལ་ལ་མ་རིག་པ་ལ་འཁྲུལ་ལོ། །ལ་ལ་རྐྱེན་ལ་འཁྲུལ་ལོ། །ལ་ལ་བཏགས་པ་ལ་འཁྲུལ་ལོ། །ལ་ལ་ང་ལ་འཁྲུལ་ལོ། །ལ་ལ་ངོ་མ་ཤེས་པ་ལ་འཁྲུལ་ལོ། །ལ་ལ་འཛིན་པ་ལ་འཁྲུལ་ལོ། །ལ་ལ་འཛིན་པ་མེད་པ་ལ་འཁྲུལ་ལོ། །ལ་ལ་འདུ་ཤེས་ལ་འཁྲུལ་ལོ། །ལ་ལ་རྒྱུ་ལ་འཁྲུལ་» «ལོ། །ལ་ལ་སྐད་ཅིག་གིས་འཁྲུལ་ལོ། །ལ་ལ་རྟགས་ལ་འཁྲུལ་ལོ། །ལ་ལ་གཟུགས་ལ་འཁྲུལ་ལོ། །བར་མ་དོ་ལ་སེམས་ཅན་གྱི་བློ་ཉི་ཤུ་རྩ་གཅིག་ཡོད་པའི་ཕྱིར་འཁྲུལ་ལུགས་ཉི་ཤུ་རྩ་གཅིག་ལ་སྣང་བ་རྫོགས་པར་འོང་སྟེ། དེ་ཡང་འཁྲུལ་ལུགས་རེ་རེ་ལ་སྣང་བ་རེ་རེ་འཆར་རོ། །དེ་ནི་བར་དོ་ལ་འཁྲུལ་ལུགས་རྒྱས་པར་བཤད་པའོ་ཞེས་སོ། །» «གཉིས་པ་དབང་པོའི་གྲོལ་ལུགས་བྱེ་བྲག་ཏུ་བཤད་པ་ལ། སྤྱིར་སྐད་ཅིག་བསམ་གཏན་གྱི་ཞག་མང་ཉུང་ཇི་ཙམ་བསྟན་ཡང་དབང་པོ་ཉི་ཤུ་རྩ་གཅིག་གི་གྲོལ་ལུགས་འདིར་འདུ་བས། དབང་པོ་རབ་རྣམས་སྐད་ཅིག་གསུམ་ལ་གྲོལ་ཏེ། དང་པོ་ལ་རང་སྣང་མཐོང༌། གཉིས་པ་ལ་བྱེ་བྲག་ཕྱེད། གསུམ་པ་ལ་ཕྱེད་ཐོག་ནས་གྲོལ་བའོ། །འདི་ལའང་རབ་ཀྱི་མཐར་ཕྱིན་པ་དེ་སྐད་ཅིག་གསུམ་པ་རྫོགས་མ་ཐག་ལ་ཀ་དག་ཏུ་གྲོལ་ལ། ལྷག་མ་དྲུག་གི་སྐད་ཅིག་གསུམ་ནི་བྱ་བ་རྫོགས་པའི་སྐད་ཅིག་མ་གསུམ་སྟེ། བསམ་གཏན་གྱི་ཞག་མང་ཉུང་ཅི་རིགས་པ་ཡོད་པ་ནི་རྒྱུད་ན་གསལ་ལོ། །འབྲིང་རྣམས་སྐད་ཅིག་བཞི་ལ་གྲོལ་ཏེ། དང་པོ་ལ་རང་སྣང་དུ་ཤར། གཉིས་པ་ལ་རང་གདངས་སུ་ཤེས། གསུམ་པ་ལ་ཤེས་ཐོག་ཏུ་གནས། བཞི་པ་ལ་གནས་ཐོག་ནས་གྲོལ་ལོ། །ཐ་མ་རྣམས་སྐད་ཅིག་ལྔ་ལ་གྲོལ་ཏེ། སྐད་ཅིག་དང་པོ་ལ་སྣང་བ་ཤར། གཉིས་པ་ལ་དཔྱད་པ་ཞུགས། གསུམ་པ་ལ་རང་སྣང་དུ་ཤེས། བཞི་པ་ལ་ཤེས་ཐོག་ཏུ་གནས། ལྔ་པ་ལ་གནས་ཐོག་ནས་གྲོལ་བའོ། །འདི་དག་ཀྱང་བྱ་བ་རྫོགས་པའི་སྐད་ཅིག་མ་ཡིན་ལ། དེ་དག་ལའང་བསམ་གཏན་གྱི་ཞག་མང་ཉུང་ཅི་རིགས་སུ་ཡོད་པ་ནི་རྒྱུད་བཞིན་ནོ། ། ཁ་ཅིག་གིས་སྐད་ཅིག་དང་བསམ་གཏན་གཉིས་གཅིག་ཏུ་བཤད་པ་ནི་ཆ་ཕྱེད་དབྱིངས་མ་གོ་བ་རྣམ་པ་འདྲེས་པ་ཡིན་ནོ། །སྐད་ཅིག་མ་ནི་རྟོགས་ཚུལ་ཤེས་རབ་ཀྱི་ཆ་ཡིན་ལ། བསམ་གཏན་ནི་གནས་པ་ཏིང་ངེ་འཛིན་གྱི་ཆ་ཡིན་ ནོ། །སྐད་ཅིག་རྣམ་གསུམ་དུ་བསྡུས་ཀྱང་འགལ་བ་མེད། གཅིག་དང་ལྔར་ཕྱེ་ཡང་འགལ་བ་མེད་དེ། གྲོལ་ཚད་རྟོགས་པ་སྐྱེ་པའི་རང་དུས་ངོས་ཟིན་པ་ཙམ་ལས་གཞན་དུ་འཁྲུལ་པ་མེད་དོ། །བསམ་གཏན་ལ་རྒྱུད་ནས་སོ་སོར་གང་བཤད་ཀྱི་ཆ་དེ་ལས་མང་ཉུང་དུ་དབྱེ་བསྡུ་བྱས་པ་མེད་དོ། །བསམ་གཏན་རྣམས་སྐད་ཅིག་མས་བཅིངས་པར་ཤེས་པར་བྱའོ། །འདི་མ་ཕྱེད་ན་ཆ་འདྲེས་ནས་ཅི་ཟེར་དང་བཞག་ས་མེད་པའི་སྐྱོན་གྱིས་མགོ་འཁྲུགས་པར་ཡོད་པས་གནད་གལ་པོ་ཆེ་ཡིན་ནོ། །དེ་དག་གི་ངེས་པ་རྒྱུད་ཀྱི་སྟེང་ནས་རྟོགས་པར་བྱ་སྟེ། རང་ཤར་ལས། དེ་ཡང་དབང་པོ་རབ་ནི་སྐད་ཅིག་མ་གསུམ་ལ་སངས་རྒྱས་ནས་སྤྲུལ་པ་རང་བཞིན་དུ་འབྱུང་ངོ༌། །དེ་ཡང་སྐད་ཅིག་མ་གཅིག་ལ་ཚོམ་བུའི་སྣང་བ་འགགས་སྐད་ཅིག་མ་གཅིག་ལ་ལྷུན་གྲུབ་ཀྱི་སྣང་བ་སྐྱེས། སྐད་ཅིག་མ་གཅིག་གིས་ཀ་དག་གི་བདེན་པ་མཐོང་ངོ༌། །དེ་ཡང་སྤྲུལ་པ་ནི་ཀ་དག་གི་ས་ནས་མི་འགྱེད་དེ། ལམ་དུ་དབང་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐོབ་ནས། དཔེར་ན་སྐར་མདའ་ནམ་མཁའ་ལ་རྒྱུག་པའི་ཚུལ་ཏེ། སྐར་མདའ་དེ་ལས་འོད་འཕྲོ་བ་དང་འདྲ་བར་སྤྲུལ་པ་བཀྱེ་ནས་འགྲོ་བའི་དོན་བྱེད་དེ། དོན་བྱེད་ནི་ཞག་གསུམ་ནས་ནུས་སོ། །དབང་པོ་རབ་ཀྱི་རྩེ་མོ་ནི་ཞག་གཅིག་བར་དོར་སྡོད་དོ།། དེ་ཡང་ཡེ་ཤེས་ཁ་སྦྱོར་གྱི་སྣང་བ་ལ་རང་གི་སྣང་བ་མཐོང་སྟེ། དེ་ཡང་བདག་གི་མིག་ནས་ཡེ་ཤེས་ཀྱི་མེ་གཉིས་བྱུང་བས་མཚོན་ཆར་བབ་པ་དེ་ཀུན་ཚིག་ནས་སྣང་བ་འགག་པ་མེད་པར་ཤར་བས་དེ་ལ་རང་གི་ཤེས་པ་སད་ནས་རང་གི་ཡུལ་མཐོང་སྟེ་ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་ནས་ཡང་སྐར་མདའ་ལྟ་བུར་ཤེས་པར་བྱའོ། །དབང་པོ་རབ་ཀྱི་མཆོག་ནི་ཞག་གཉིས་ན་འཚང་རྒྱ་སྟེ། དེ་ཡང་ཚོམ་བུའི་སྣང་བ་ལ་ཞག་གཅིག་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཉི་མ་གཅིག་འཆར་ཏེ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོའོ། །དེ་ལས་འོད་ཟེར་གྱི་རྩེ་མོ་རེ་རེ་ལ་དེ་བཞིན་གཤེགས་པའི་སྐུ་རེ་རེ་འཆར་རོ། །དེས་སྣང་བའི་སྤྱོད་ཡུལ་ཐམས་ཅད་སྐུའི་རང་བཞིན་དུ་མཐོང་ངོ༌། །དེ་ནས་ཡང་ལྷུན་གྲུབ་ཀྱི་སྣང་བ་ལ་ཡང་ངེས་པ་རྙེད་ནས་སྤྲུལ་པ་ཡང་ཞག་བདུན་ན་དོན་བྱེད་ནུས་སོ། །ཡང་སྐར་མདའ་བཞིན་ནོ། །རབ་ཀྱི་ཕུལ་ནི་ཞག་གསུམ་བར་དོ་ལ་སྡོད་དོ། །དེ་ཡང་ཚོམ་བུ་ལ་ཞག་གཅིག་སྡོད་དོ། །དེ་ལ་ཡང་ངེས་པ་རྙེད་པས་ཡེ་ཤེས་ཀྱི་སྣང་བ་ལ་རང་གི་སྣང་བའི་ཆ་གཅིག་འཆར་རོ། །དེ་ཡང་ཞག་གཅིག་སྡོད་དོ། །ཞག་དང་པོ་ལ་འོད་མཐོང་ངོ༌། །ཞག་གཉིས་པ་ལ་སྐུ་མཐོང་སྟེ། སྐུ་དེ་ཡང་ཆེ་བ་རགས་པར་མཐོང་ངོ༌། །དེ་ལ་ཡིད་ཆེས་ནས་ལྷུན་གྲུབ་ཀྱི་ས་དེ་ལ་ངེས་པ་རྙེད་དོ། །དེ་ཡང་སྐར་མདའ་ལྟར་ཤེས་པར་བྱའོ། །» «སྤྲུལ་པ་ཡང་ཞག་བཅུ་གཅིག་ན་དོན་བྱེད་ནུས་སོ། །རབ་ཀྱི་རབ་ནི་ཞག་བཞི་བར་དོ་ལ་སྡོད་དོ། །དེ་ཡང་རང་གི་མདུན་ན་ཚོམ་བུ་ལྔ་བཀྲ་ས་ལེ་འདུག་པ་མཐོང་ནས་དེ་ལ་རང་གི་བག་ཆགས་སད་ནས་ཤར་ཕྱོགས་ཀྱི་ཚོམ་བུ་ལ་ཞག་གཅིག་སྡོད་ དོ། །དེ་བཞིན་དུ་ཕྱོགས་བཞིའི་ཚོམ་བུ་ལ་ཞག་རེ་རེ་སྡོད་དོ། །དེ་ནས་ཡང་ལྷུན་གྲུབ་ལ་ངེས་པ་རྙེད་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་བཅུ་བཞི་ན་དོན་བྱེད་ནུས་སོ། །དབང་པོ་རབ་ཀྱི་འབྲིང་ནི་ཞག་ལྔ་ན་བདེན་པ་མཐོང་ངོ༌། །དེ་ཡང་འདི་ལྟ་སྟེ། ཞག་བཞི་ཚོམ་བུ་ལ་སྡོད་དོ། །ཞག་གཅིག་ཡེ་ཤེས་ཀྱི་སྣང་བ་ལ་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་གྱི་ཐག་པ་རྟ་རྔ་ཙམ་ཞིག་བྱུང་སྟེ། དེ་ཡང་ནམ་མཁའི་མཐོངས་སུ་འགྲེང་བུར་འོང་ངོ༌། །དེ་ལ་རང་གི་མིག་མ་ཡེངས་པར་བཟུང་ནས་བལྟས་པས་ནམ་མཁའི་དཀྱིལ་ན་ཚོམ་བུ་ཆེན་པོ་བཀྲ་ས་ལེ་བ་དེ་མཐོང་ནས་དེ་ལ་ཡིད་ཆེས་རབ་ཏུ་སྐྱེས་ནས་རང་གི་སྣང་བ་ཡིན་སྙམ་པའི་ཤེས་པ་ཞིག་བྱུང་བས་ཡིད་ཆེས་པ་མ་པང་དུ་བུ་འཇུག་པའི་གདམས་ངག་ཅེས་བྱའོ། །དེ་ནས་དེ་ལ་རང་གི་རིག་པ་བསྟིམ་གྱིས་ཐིམ་པ་ནི་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་མན་ངག་གོ» «།དེ་ལ་ཡང་མི་གནས་པར་ཀ་དག་གི་ས་ལ་ཐིམ་པ་ནི་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་གདམས་ངག་ཅེས་བྱའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་གཅིག་ན་དོན་བྱེད་ནུས་ སོ། །དབང་པོ་རབ་ཀྱི་ཐ་མ་ནི་ཞག་དྲུག་ཐོགས་ཏེ། དེ་ཡང་ཚོམ་བུ་ལ་ཞག་བཞི་ཐོགས། ཡེ་ཤེས་ཀྱི་སྣང་བ་དང་ཆོས་ཀྱི་དབྱིངས་ལ་ཞག་གཅིག་ཐོགས་» «སོ། །དེ་ནས་ཡང་རང་གི་མིག་གཉིས་ནས་ཡེ་ཤེས་ཀྱི་མེ་ལོང་གསལ་བ་གཉིས་ལྷག་གིས་འཆར་ཏེ། དེ་ལས་སྣང་བ་དཔག་ཏུ་མེད་པ་འཕྲོས་ནས། གཅིག་རང་གི་སྟེང་དུ་ཚོམ་བུ་གཅིག་ཏུ་སྡོད་དོ། །གཅིག་རང་གི་མདུན་དུ་ཚོམ་བུ་ཆེན་པོ་ཞིག་ཏུ་མཐོང་ངོ༌། །དེ་ནས་ངེས་པ་ཐོབ་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་ལྔ་ན་དོན་བྱེད་ནུས་སོ་ཞེས་དང༌། འབྲིང་གི་ངེས་པ་ལ་འཇོག་པ་ནི་ཞག་བདུན་ན་ངེས་པ་རྙེད་དོ། ། དེ་ཡང་ཞག་ལྔ་ཚོམ་བུའི་སྣང་བ་ལ་སྡོད་དོ། །

[edit]
OCR of the BDRC scans (I1CZ5003), gorn05 tibocr 2026: BDRC OCR on 239 pages, Mitra OCR on 125 pages (the model with more recognisable syllables on each page).

[p. 473] མཁྱེན་པ་ཡེ་ཤེས་སུ་རྒྱས་པས་སྔར་གྱི་མངོན་པར་ཤེས་པ་དེ་དག་དུས་

[p. 474] གཅིག་ཏུ་མཐོང་། མཛད་པ་འཕྲིན་ལས་སུ་རྒྱས་པས་སྤྲུལ་སྐུའི་མཛད་པ་སུམ་ཅུ་རྩ་དྲུག་མཐར་ཕྱིན། ཆོས་ཉིད་འགག་པ་མེད་པའི་ཡེ་ཤེས་ལ་སྤྱོད་པའི་མངོན་ཤེས་ཀྱིས་ཤེས་བྱ་ལ་སྲིད་ཚད་མཐོང་། མཚན་མ་རང་དག་པའི་ཡེ་ཤེས་ཀྱི་མངོན་ཤེས་ ཀྱིས་ཆོས་དང་ཆོས་ཉིད་མ་ལུས་པའི་རང་བཞིན་མངོན་དུ་གྱུར་པ་སྟེ་དྲུག་གོ། །དེ་ལྟར་ན་མངོན་པར་ཤེས་པ་ཐམས་ཅད་བསྡོམས་ན་བརྒྱ་སུམ་ཅུ་རྩ་བཞི་སྟེ་བསྡུ་ན་སུམ་ཅུ་རྩ་དྲུག །ང་ཡང་བསྡུ་ན་རྩ་བ་དྲུག །ཁོ་ནའོ། །མི་བརྗེད་པའི་གཟུངས་ནི་ཉི་ཟླ་ཁ་ སྦྱོར་ལས། དེའི་ཚེ་མི་བརྗེད་པའི་གཟུངས་རྣམས་ཀྱང་རང་གི་རྒྱུད་ལ་སྐྱེ་བ་སྟེ། སྔོན་གྱི་ཆོས་ཐམས་ཅད་རྒྱུད་ལ་དུས་གཅིག་ལ་འཆར་རོ། །དེ་བཞིན་དུ་སྔར་མ་མཐོང་བའི་ཆོས་རྣམས་ཀྱང་འཆར་བས་ན་ཆོས་ཉིད་ཀྱི་བར་དོ་ཞེས་བྱའོ་ཞེས་སོ། །རྒྱུན་ གྱི་ཏིང་ངེ་འཛིན་ཡང་། རྒྱུད་དེ་ཉིད་ལས། རྐྱེན་གྱི་ཏིང་ངེ་འཛིན་རྒྱུད་ལ་རང་བཞིན་གྱིས་ཤར་བས་རྣམ་པར་རྟོག་པ་ངན་པ་གཏན་ནས་མི་སྐྱེའོ་ཞེས་སོ། །གསུམ་པ་དབང་པོའི་རིམ་པས་དོན་བསྡུ་བ་ལ་གཉིས་ཏེ། དབང་པོའི་རབ་ཏུ་དབྱེ་བ་དང་། སོ་སོའི་རང་ བཞིན་རྒྱས་པར་བཤད་པའོ། །དང་པོ་ནི་ཉི་ཤུ་རྩ་གཅིག་སྟེ། རང་ཤར་ལས། དབང་པོ་ལ་རྣམ་པ་གསུམ་བསྟན་ཏེ། རབ་དང་། འབྲིང་དང་། ཐ་མའོ། །རབ་ལ་བདུན་ཏེ། རབ་ཀྱི་ཐ་མ་དང་། རབ་ཀྱི་འབྲིང་དང་། རབ་ཀྱི་རབ་དང་། རབ་ཀྱི་ཕྲུལ་དང་། རབ་ཀྱི་ མཆོག་དང་། རབ་ཀྱི་རྩེ་མོ་དང་། རབ་ཀྱི་མཐར་ཕྱིན་པའོ། །དེ་ནི་རབ་ཀྱི་དབྱེ་བ་ཡིན་ནོ། །དེ་ཡང་མཐོང་ཚུལ་རེ། ཡེ་ཤེས་ཀྱི་སྣང་བ་སྐྱེ་ཚུལ་རེ། རྟོགས་པའི་ཚད་རེ། སྣང་བའི་སྐྱེ་ཚུལ་རེ། གོ་བའི་དུས་རེ། ཤེས་པའི་ལྟ་ལུགས་རེ་ཤར་ནས་རང་རང་གི་སྣང་ བ་ལ་བརྟན་པ་ཐོབ་བོ། །འབྲིང་ལའང་བདུན་ཏེ། འབྲིང་གི་ཐ་མ་དང་། འབྲིང་གི་འབྲིང་དང་། འབྲིང་གི་རབ་དང་། འབྲིང་གི་ཕུལ་དང་། འབྲིང་གི་མཆོག་དང་། འབྲིང་གི་རྩེ་མོ་དང་། འབྲིང་གི་མཐར་ཕྱིན་པའོ། །དེ་ལ་ཡང་ཡེ་ཤེས་སྐྱེ་བའི་ཚད་རེ་འབྱུང་

[p. 475] ༄༅། །ངོ༑ ༑དེ་ནི་འབྲིང་གི་དབྱི་བ་ཡིན་ནོ། །ཐ་མ་ལའང་བདུན་ཏེ། ཐ་མའི་ཐ་མ་དང་། ཐ་མའི་འབྲིང་དང་། ཐ་མའི་རབ་དང་། ཐ་མའི་མཆོག་དང་། ཐ་མའི་ཕུལ་དང་། ཐ་མའི་རྩེ་མོ་དང་། ཐ་མའི་རྩེ་ཟིན་པའོ་ཞེས་སོ། །གཉིས་པ་ལ་ གསུམ་སྟེ། གྲོལ་འཁྲུལ་གྱི་རྣམ་གཞག་སྤྱིར་བསྟན། དབང་པོའི་གྲོལ་ལུགས་བྱེ་བྲག་ཏུ་བཤད། ཐིམ་ཚུལ་གྱི་རིམ་པས་མཇུག་བསྡུ་བའོ། །དང་པོ་ནི། ཆོས་ཉིད་ཀྱི་སྣང་བ་འདི་དག་གི་དུས་ན་རང་ངོ་ཤེས་པ་རྣམས་དབང་པོ་ཉི་ཤུ་རྩ་གཅིག་གི་རིམ་པས་གྲོལ་ བ་དང་། མ་ཤེས་པ་རྣམས་དེ་ནས་འཁྲུལ་པའི་རིམ་པ་སྔོན་གྱི་གཞི་སྣང་ལས་སེམས་ཅན་གྱི་འཁྲུལ་ཚུལ་ལྟར་འབྱུང་བ་སྟེ། ཉི་ཟླ་ཁ་སྦྱོར་ལས། དབང་པོ་ཉི་ཤུ་རྩ་གཅིག་གི་བྱེ་བྲག་ཏུ་བསྟན་པ་ཡང་ཡོད་དོ། །དེར་རང་གི་ཤེས་པ་མ་ཚུད་ཅིང་སྔར་བླ་མའི་ ལུང་མེད་པ་རྣམས་ནི་སྣང་བ་དེ་ལ་བྲེད་པ་དང་། དངངས་པ་དང་། རྡུགས་པ་དང་། འཇིགས་པ་དང་། འདུ་ཤེས་ཤོར་བ་ལ་སོགས་ཏེ་ཡང་འཁོར་བའི་ཉེ་བར་ལེན་པའི་ཁ་ལེན་ཏེ་དབང་པོ་ཉི་ཤུ་རྩ་གཅིག་གི་བྱེ་བྲག་ཏུ་འཁྲུལ་པ་ཡང་ཡོད་དོ་ཞེས་སོ། །འཁྲུལ་ ཚུལ་ནི། ཐ་མའི་ཐ་མ་རྣམ་པ་ལ་འཁྲུལ་པ་ལ་སོགས་པ་བདུན་དང་། འབྲིང་གི་ཐ་མ་ཡུལ་མེད་པ་ལ་འཁྲུལ་པ་ལ་སོགས་པ་བདུན་དང་། རབ་ཀྱི་ཐ་མ་འཛིན་པ་ལ་འཁྲུལ་པ་ལ་སོགས་པ་བདུན་ཏེ་ཉི་ཤུ་རྩ་གཅིག་ནི་གོང་གི་ཇི་ལྟ་བ་བཞིན་དུ་རྒྱུན་གྱི་གནས་ པ་ལས་གསལ་བ་སྟེ། རང་ཤར་ལས། སེམས་ཅན་རྣམས་ནི་བར་དོ་ལ་འདི་ལྟར་འཁྲུལ་ལོ། །ལ་ལ་རྣམ་པ་ལ་འཁྲུལ་ལོ། །ལ་ལ་ཉམས་ལ་འཁྲུལ་ལོ། །ལ་ལ་དེ་མ་ཐག་པ་ལ་འཁྲུལ་ལོ། །ལ་ལ་དམིགས་པ་ལ་འཁྲུལ་ལོ། །ལ་ལ་ཇི་ མི་སྙམ་པ་ལ་འཁྲུལ་ལོ། །ལ་ལ་སྙམ་བྱེད་ལ་འཁྲུལ་ལོ། །ལ་ལ་ཡུལ་ལ་འཁྲུལ་ལོ། །ལ་ལ་ཡུལ་མེད་པ་ལ་འཁྲུལ་ལོ། །ལ་ལ་སྙིང་པོ་ལ་འཁྲུལ་ལོ། །ལ་ལ་མ་རིག་པ་ལ་འཁྲུལ་ལོ། །ལ་ལ་རྐྱེན་ལ་འཁྲུལ་ལོ། །ལ་ལ་བཏགས་པ་ལ་འཁྲུལ་

[p. 476] ལོ། །ལ་ལ་དལ་འཁྲུལ་ལོ། །ལ་ལ་ངོ་མ་ཤེས་པ་ལ་འཁྲུལ་ལོ། །ལ་ལ་འཛིན་པ་ལ་འཁྲུལ་ལོ། །ལ་ལ་འཛིན་པ་མེད་པ་ལ་འཁྲུལ་ལོ། །ལ་ལ་འདུ་ཤེས་ལ་འཁྲུལ་ལོ། །ལ་ལ་རྒྱུ་ལ་འཁྲུལ་ལོ། །ལ་ལ་སྐད་ཅིག་གིས་འཁྲུལ་ལོ། །ལ་ལ་རྟགས་ ལ་འཁྲུལ་ལོ། །ལ་ལ་གཟུགས་ལ་འཁྲུལ་ལོ། །བར་མ་དོ་ལ་སེམས་ཅན་གྱི་བློ་ཉི་ཤུ་རྩ་གཅིག་ཡོད་པའི་ཕྱིར་འཁྲུལ་ལུགས་ཉི་ཤུ་རྩ་གཅིག་ལ་སྣང་བ་རྫོགས་པར་འོང་སྟེ། དེ་ཡང་འཁྲུལ་ལུགས་རེ་རེ་ལ་སྣང་བ་རེ་རེ་འཆར་རོ། །དེ་ནི་བར་དོ་ལ་འཁྲུལ་ ལུགས་རྒྱས་པར་བཤད་པའོ་ཞེས་སོ། །གཉིས་པ་དབང་པོའི་གྲོལ་ལུགས་བྱེ་བྲག་ཏུ་བཤད་པ་ལ། སྤྱིར་སྐད་ཅིག་བསམ་གཏན་གྱི་ཞག་མང་ཉུང་ཇི་ཙམ་བསྟན་ཡང་དབང་པོ་ཉི་ཤུ་རྩ་གཅིག་གི་གྲོལ་ལུགས་འདིར་འདུ་བས། དབང་པོ་རབ་རྣམས་སྐད་ཅིག་ གསུམ་ལ་གྲོལ་ཏེ། དང་པོ་ལ་རང་སྣང་མཐོང་། གཉིས་པ་ལ་བྱེ་བྲག་ཕྱེད། གསུམ་པ་ལ་ཕྱེད་ཐོག་ནས་གྲོལ་བའོ། །འདི་ལའང་རབ་ཀྱི་མཐར་ཕྱིན་པ་དེ་སྐད་ཅིག་གསུམ་པ་རྫོགས་མ་ཐག་ལ་ཀ་དག་ཏུ་གྲོལ་ལ། ལྷག་མ་དྲུག་གི་སྐད་ཅིག་གསུམ་ནི་ བྱ་བ་རྫོགས་པའི་སྐད་ཅིག་མ་གསུམ་སྟེ། བསམ་གཏན་གྱི་ཞག་མང་ཉུང་ཅི་རིགས་པ་ཡོད་པ་ནི་རྒྱུད་ན་གསལ་ལོ། །འབྲིང་རྣམས་སྐད་ཅིག་བཞི་ལ་གྲོལ་ཏེ། དང་པོ་ལ་རང་སྣང་དུ་ཤར། གཉིས་པ་ལ་རང་གདངས་སུ་ཤེས། གསུམ་པ་ལ་ཤེས་ཐོག་ཏུ་ གནས། བཞི་པ་ལ་གནས་ཐོག་ནས་གྲོལ་ལོ། །ཐ་མ་རྣམས་སྐད་ཅིག་ལྔ་ལ་གྲོལ་ཏེ། སྐད་ཅིག་དང་པོ་ལ་སྣང་བ་ཤར། གཉིས་པ་ལ་དཔྱད་པ་ཞུགས། གསུམ་པ་ལ་རང་སྣང་དུ་ཤེས། བཞི་པ་ལ་ཤེས་ཐོག་ཏུ་གནས། ལྔ་པ་ལ་གནས་ཐོག་ ནས་གྲོལ་པའོ། །འདི་དག་ཀྱང་བྱ་བ་རྫོགས་པའི་སྐད་ཅིག་མ་ཡིན་ལ། དེ་དག་ལའང་བསམ་གཏན་གྱི་ཞག་མང་ཉུང་ཅི་རིགས་སུ་ཡོད་པ་ནི་རྒྱུད་བཞིན་ནོ། །ཁ་ཅིག་གིས་སྐད་ཅིག་དང་བསམ་གཏན་གཉིས་གཅིག་ཏུ་བཤད་པ་ནི་ཆ་ཕྱེད་དབྱིངས་མ་གོ་

[p. 477] ༄༅། །བ་རྣམ་པ་འདྲེས་པ་ཡིན་ནོ། །སྐད་ཅིག་མ་ནི་རྟོགས་ཚུལ་ཤེས་རབ་ཀྱི་ཆ་ཡིན་ལ། བསམ་གཏན་ནི་གནས་པ་ཏིང་ངེ་འཛིན་གྱི་ཆ་ཡིན་ནོ། །སྐད་ཅིག་རྣམ་གསུམ་དུ་བསྡུས་ཀྱང་འགལ་བ་མེད། གཅིག་དང་ལྔར་ཕྱེ་ཡང་འགལ་བ་ མེད་དེ། གྲོལ་ཚད་རྟོགས་པ་སྐྱེ་བའི་རང་དུས་ངོས་ཟིན་པ་ཙམ་ལས་གཞན་དུ་འཁྲུལ་བ་མེད་དོ། །བསམ་གཏན་ལ་རྒྱུད་ནས་སོ་སོར་གང་བཤད་ཀྱི་ཆ་དེ་ལས་མང་ཉུང་དུ་དབྱེ་བསྡུ་བྱས་པ་མེད་དོ། །བསམ་གཏན་རྣམས་སྐད་ཅིག་མས་བཅིངས་པར་ཤེས་པར་ བྱའོ། །འདི་མ་ཕྱེད་ན་ཆ་འདྲེས་ནས་ཅི་ཟེར་དང་བཞག་ས་མེད་པའི་སྐྱོན་གྱིས་མགོ་འཁྲུགས་པར་ཡོད་པས་གནད་གལ་པོ་ཆེ་ཡིན་ནོ། །དེ་དག་གི་ངེས་པ་རྒྱུད་ཀྱི་སྟེང་ནས་རྟོགས་པར་བྱ་སྟེ། རང་ཤར་ལས། དེ་ཡང་དབང་པོ་རབ་ནི་སྐད་ཅིག་མ་གསུམ་ལ་ སངས་རྒྱས་ནས་སྤྲུལ་པ་རང་བཞིན་དུ་འབྱུང་ངོ། །དེ་ཡང་སྐད་ཅིག་མ་གཅིག་ལ་ཚོམ་བུའི་སྣང་བ་འགགས། སྐད་ཅིག་མ་གཅིག་ལ་ལྷུན་གྲུབ་ཀྱི་སྣང་བ་སྐྱེས། སྐད་ཅིག་མ་གཅིག་གིས་ཀ་དག་གི་བདེན་པ་མཐོང་ངོ། །དེ་ཡང་སྤྲུལ་པ་ནི་ཀ་དག་ གི་ས་ནས་མི་འགྱེད་དེ། ལམ་དུ་དབང་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐོབ་ནས། དཔེར་ན་སྐར་མདའ་ནམ་མཁའ་ལ་རྒྱུག་པའི་ཚུལ་ཏེ། སྐར་མདའ་དེ་ལས་འོད་འཕྲོ་བ་དང་འདྲ་བར་སྤྲུལ་པ་བཀྱེ་ནས་འགྲོ་བའི་དོན་བྱེད་དེ། དོན་བྱེད་ནི་ཞག་གསུམ་ ནས་ནུས་སོ། །དབང་པོ་རབ་ཀྱི་རྩེ་མོ་ནི་ཞག་གཅིག་བར་དོར་སྡོད་དོ། །དེ་ཡང་ཡེ་ཤེས་ཁ་སྦྱོར་གྱི་སྣང་བ་ལ་རང་གི་སྣང་བ་མཐོང་སྟེ། དེ་ཡང་བདག་གི་མིག་ནས་ཡེ་ཤེས་ཀྱི་མི་གཉིས་བྱུང་བས་མཚོན་ཆར་བབ་པ་དེ་ཀུན་ཚིག་ནས་སྣང་བ་འགག་ པ་མེད་པར་ཤར་བས་དེ་ལ་རང་གི་ཤེས་པས་ད་ནས་རང་གི་ཡུལ་མཐོང་སྟེ་ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་ནས་ཡང་སྐར་མདའ་ལྟ་བུར་ཤེས་པར་བྱའོ། །དབང་པོ་རབ་ཀྱི་མཆོག་ནི་ཞག་གཉིས་ན་འཚང་རྒྱ་སྟེ། དེ་ཡང་ཚོམ་བུའི་སྣང་བ་ལ་ཞག་གཅིག་སྡོད་དོ། །

[p. 478] དེ་ཡང་རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཉི་མ་གཅིག་འཆར་ཏེ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོའོ། །དེ་ལས་འོད་ཟེར་གྱི་རྩེ་མོ་རེ་རེ་ལ་དེ་བཞིན་གཤེགས་པའི་སྐུ་རེ་རེ་འཆར་རོ། །དེས་སྣང་བའི་སྤྱོད་ཡུལ་ཐམས་ཅད་སྐུའི་རང་བཞིན་དུ་མཐོང་ངོ་། །དེ་ནས་ ཡང་ལྷུན་གྲུབ་ཀྱི་སྣང་བ་ལ་ཡང་ངེས་པ་རྙེད་ནས་སྤྲུལ་པ་ཡང་ཞག་བདུན་ན་དོན་བྱེད་ནུས་སོ། །ཡང་སྐར་མདའ་བཞིན་ནོ། །རབ་ཀྱི་ཕུལ་ནི་ཞག་གསུམ་པར་དོ་ལ་སྡོད་དོ། །དེ་ཡང་ཚོམ་བུ་ལ་ཞག་གཅིག་སྡོད་དོ། །དེ་ལ་ཡང་ངེས་པ་རྙེད་པས་ཡེ་ཤེས་ཀྱི་ སྣང་བ་ལ་རང་གི་སྣང་བའི་ཆ་གཅིག་འཆར་རོ། །དེ་ཡང་ཞག་གཅིག་སྡོད་དོ། །ཞག་དང་པོ་ལ་འོད་མཐོང་ངོ་། །ཞག་གཉིས་པ་ལ་སྐུ་མཐོང་སྟེ། སྐུ་དེ་ཡང་ཆེ་བ་རགས་པར་མཐོང་ངོ་། །དེ་ལ་ཡིད་ཆེས་ནས་ལྷུན་གྲུབ་ཀྱིས་དེ་ལ་ངེས་པ་རྙེད་དོ། ། དེ་ཡང་སྐར་མདའ་ལྟར་ཤེས་པར་བྱའོ། །སྤྲུལ་པ་ཡང་ཞག་བཅུ་གཅིག་ན་དོན་བྱེད་ནུས་སོ། །རབ་ཀྱི་རབ་ནི་ཞག་བཞི་བར་དོ་ལ་སྡོད་དོ། །དེ་ཡན་རང་གི་མདུན་ན་ཚོམ་བུ་ལྔ་བཀྲ་ས་ལེ་འདུག་པ་མཐོང་ནས་དེ་ལ་རང་གི་བག་ཆགས་སད་ནས་ཤར་ཕྱོགས་ ཀྱི་ཚོམ་བུ་ལ་ཞག་གཅིག་སྡད་དོ། །དེ་བཞིན་དུ་ཕྱོགས་བཞིའི་ཚོམ་བུ་ལ་ཞག་རེ་རེ་སྡོད་དོ། །དེ་ནས་ཡང་ལྷུན་གྲུབ་ལ་ངེས་པ་རྙེད་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་བཅ་བཞི་ན་དོན་བྱེད་ནུས་སོ། །དབང་པོ་རབ་ཀྱི་འབྲིང་ནི་ཞག་ལྔ་ན་བདེན་པ་ མཐོང་ངོ་། །དེ་ཡང་འདི་ལྟ་སྟེ། ཞག་བཞི་ཚོམ་བུ་ལ་སྡོད་དོ། །ཞག་གཅིག་ཡེ་ཤེས་ཀྱི་སྣང་བ་ལ་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་གྱི་ཐག་པ་རྟ་རྔ་ཙམ་ཞིག་བྱུང་སྟེ། དེ་ཡང་ནམ་མཁའི་མཐོངས་སུ་འགྲེང་བུར་འོང་ངོ་། །དེ་ལ་རང་ གི་མིག་མ་ཡེངས་པར་བཟུང་ནས་བལྟས་པས་ནམ་མཁའི་དཀྱིལ་ན་ཚོམ་བུ་ཆེན་པོ་བཀྲ་ས་ལེ་བ་དེ་མཐོང་ནས་དེ་ལ་ཡིད་ཆེས་རབ་ཏུ་སྐྱེས་ནས་རང་གི་སྣང་བ་ཡིན་སྙམ་པའི་ཤེས་པ་ཞིག་བྱུང་བས་ཡིད་ཆེས་པ་མ་པང་དུ་བུ་འཇུག་པའི་གདམས་ངག་ཅེས་བྱའོ། །

[p. 479] ༄༅། །དེ་ནས་དེ་ལ་རང་གི་རིག་པ་བསྟིམ་གྱིས་ཐིམ་པ་ནི་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་མན་ངག་གོ། །དེ་ལ་ཡང་མི་གནས་པར་ཀ་དག་གི་ས་ལ་ཐིམ་པ་ནི་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་གདམས་ངག་ཅེས་བྱའོ། །སྤྲུལ་པ་ཡང་ཞག་ ཉི་ཤུ་རྩ་གཅིག་ན་དོན་བྱེད་ནུས་སོ། །དབང་པོ་རབ་ཀྱི་ཐ་མ་ནི་ཞག་དྲུག་ཐོགས་ཏེ། དེ་ཡང་ཚོམ་བུ་ལ་ཞག་བཞི་ཐོགས། ཡེ་ཤེས་ཀྱི་སྣང་བ་སྣང་ཆོས་ཀྱི་དབྱིངས་ལ་ཞག་གཅིག་ཐོགས་སོ། །དེ་ནས་ཡང་རང་གི་མིག་གཉིས་ནས་ཡེ་ཤེས་ཀྱི་མེ་ལོང་གསལ་ བ་གཉིས་ལྷག་གིས་འཆར་ཏེ། དེ་ལས་སྣང་བ་དཔག་ཏུ་མེད་པ་འཕྲོས་ནས། གཅིག་རང་གི་སྟེང་དུ་ཚོམ་བུ་གཅིག་ཏུ་སྡོད་དོ། །གཅིག་རང་གི་མདུན་དུ་ཚོམ་བུ་ཆེན་པོ་ཞིག་ཏུ་མཐོང་ངོ། །དེ་ནས་ངེས་པ་ཐོབ་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་ ཉི་ཤུ་རྩ་ལྔ་ན་དོན་བྱེད་ནུས་སོ་ཞེས་དང་། འབྲིང་གི་ངེས་པ་ལ་འཇོག་པ་ནི་ཞག་བདུན་ན་ངེས་པ་རྙེད་དོ། །དེ་ཡང་ཞག་ལྔ་ཚོམ་བུའི་སྣང་བ་ལ་སྡོད་དོ། །

[edit]
OCR of the BDRC scans (I2PD20603), gorn05 tibocr 2026: BDRC OCR on 248 pages, Mitra OCR on 119 pages (the model with more recognisable syllables on each page).

[p. 697] མཁྱེན་པ་ཡེ་ཤེས་སུ་རྒྱས་པས་སྔར་གྱི་མངོན་པར་ཤེས་པ་དེ་དག་དུས་

[p. 698] གཅིག་ཏུ་མཐོང་། མཛད་པ་འཕྲིན་ལས་སུ་རྒྱས་པས་སྤྲུལ་སྐུའི་མཛད་པ་སུམ་ཅུ་རྩ་དྲུག་མཐར་ཕྱིན། ཆོས་ཉིད་འགག་པ་མེད་པའི་ཡེ་ཤེས་ལ་སྤྱོད་པའི་མངོན་ཤེས་ཀྱིས་ཤེས་བྱ་ལ་སྲིད་ཚད་མཐོང་། མཚན་མ་རང་དག་པའི་ཡེ་ཤེས་ཀྱི་མངོན་ཤེས་ཀྱིས་ཆོས་དང་ཆོས་ཉིད་མ་ལུས་པའི་རང་བཞིན་མངོན་དུ་གྱུར་པ་སྟེ་དྲུག་གོ། །དེ་ལྟར་ན་མངོན་པར་ཤེས་པ་ཐམས་ཅད་བསྡོམས་ན་བརྒྱ་སུམ་ཅུ་རྩ་བཞི་སྟེ་བསྡུ་ན་སུམ་ཅུ་རྩ་དྲུག །དེ་ཡང་བསྡུ་ན་རྩ་བ་དྲུག་ཁོ་ནའོ། །མི་བརྗེད་པའི་གཟུངས་ནི་ཉི་ཟླ་ཁ་སྦྱོར་ལས། དེའི་ཚེ་མི་བརྗེད་པའི་གཟུངས་རྣམས་ཀྱང་རང་གི་རྒྱུད་ལ་སྐྱེ་བ་སྟེ། སྔོན་གྱི་ཆོས་ཐམས་ཅད་རྒྱུད་ལ་དུས་གཅིག་ལ་འཆར་རོ། །དེ་བཞིན་དུ་སྔར་མ་མཐོང་བའི་ཆོས་རྣམས་ཀྱང་འཆར་བས་ན་ཆོས་ཉིད་ཀྱི་བར་དོ་ཞེས་བྱའོ་ཞེས་སོ། །རྒྱུན་གྱི་ཏིང་ངེ་འཛིན་ཡང་། རྒྱུད་དེ་ཉིད་ལས། རྒྱུན་གྱི་ཏིང་ངེ་འཛིན་རྒྱུད་ལ་རང་བཞིན་གྱིས་ཤར་བས་རྣམ་པར་རྟོག་པ་ངན་པ་གཏན་ནས་མི་སྐྱེའོ་ཞེས་སོ། །གསུམ་པ་དབང་པོའི་རིམ་པས་དོན་བསྡུ་བ་ལ་གཉིས་ཏེ། དབང་པོའི་རབ་ཏུ་དབྱེ་བ་དང་། སོ་སོའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི་ཉི་ཤུ་རྩ་གཅིག་སྟེ། རང་ཤར་ལས། དབང་པོ་ལ་རྣམ་པ་གསུམ་བསྟན་ཏེ། རབ་དང་། འབྲིང་དང་། ཐ་མའོ། །རབ་ལ་བདུན་ཏེ། རབ་ཀྱི་ཐ་མ་དང་། རབ་ཀྱི་འབྲིང་དང་། རབ་ཀྱི་རབ་དང་། རབ་ཀྱི་ཕུལ་དང་། རབ་ཀྱི་མཆོག་དང་། རབ་ཀྱི་རྩེ་མོ་དང་། རབ་ཀྱི་མཐར་ཕྱིན་པའོ། །དེ་ནི་རབ་ཀྱི་དབྱེ་བ་ཡིན་ནོ། །དེ་ཡང་མཐོང་ཚུལ་རེ། ཡེ་ཤེས་ཀྱི་སྣང་བ་སྐྱེ་ཚུལ་རེ། རྟོགས་པའི་ཚད་རེ། སྣང་བའི་སྐྱེ་ཚུལ་རེ། གོ་བའི་དུས་རེ། ཤེས་པའི་ལྟ་ལུགས་རེ་ཤར་ནས་རང་རང་གི་སྣང་བ་ལ་བརྟན་པ་ཐོབ་པོ། །འབྲིང་ལའང་བདུན་ཏེ། འབྲིང་གི་ཐ་མ་དང་། འབྲིང་གི་འབྲིང་དང་། འབྲིང་གི་རབ་དང་། འབྲིང་གི་ཕུལ་དང་། འབྲིང་གི་མཆོག་དང་། འབྲིང་གི་རྩེ་མོ་དང་། འབྲིང་གི་མཐར་ཕྱིན་པའོ། །དེ་ལ་ཡང་ཡེ་ཤེས་སྐྱེ་བའི་ཚད་རེ་འབྱུང་

[p. 699] ངོ་། །དེ་ནི་འབྲིང་གི་དབྱི་བ་ཡིན་ནོ། །ཐ་མ་ལའང་བདུན་ཏེ། ཐ་མའི་ཐ་མ་དང་། ཐ་མའི་འབྲིང་དང་། ཐ་མའི་ར་བ་དང་། ཐ་མའི་མཆོག་དང་། ཐ་མའི་ཕུལ་དང་། ཐ་མའི་རྩེ་མོ་དང་། ཐ་མའི་རྩེ་ཟིན་པའོ་ཞེས་སོ། །གཉིས་པ་ལ་གསུམ་སྟེ། གྲོལ་འཁྲུལ་གྱི་རྣམ་གཞག་སྤྱིར་བསྟན། དབང་པོའི་གྲོལ་ལུགས་བྱེ་བྲག་ཏུ་བཤད། ཐིམ་ཚུལ་གྱི་རིམ་པས་མཇུག་བསྡུ་བའོ། །དང་པོ་ནི། ཆོས་ཉིད་ཀྱི་སྣང་བ་འདི་དག་གི་དུས་ན་རང་ངོ་ཤེས་པ་རྣམས་དབང་པོ་ཉི་ཤུ་རྩ་གཅིག་གི་རིམ་པས་གྲོལ་བ་དང་། མ་ཤེས་པ་རྣམས་དེ་ནས་འཁྲུལ་པའི་རིམ་པ་སྔོན་གྱི་གཞི་སྣང་ལས་སེམས་ཅན་གྱི་འཁྲུལ་ཚུལ་ལྟར་འབྱུང་བ་སྟེ། ཉི་ཟླ་ཁ་སྦྱོར་ལས། དབང་པོ་ཉི་ཤུ་རྩ་གཅིག་གྱི་བྱེ་བྲག་ཏུ་བསྟན་པ་ཡང་ཡོད་དོ། །དེར་རང་གི་ཤེས་པ་མ་ཚུད་ཅིང་སྔར་བླ་མའི་ལུང་མེད་པ་རྣམས་ནི་སྣང་བ་དེ་ལ་བྲེད་པ་དང་། དངངས་པ་དང་། རྡུགས་པ་དང་། འཇིགས་པ་དང་། འདུ་ཤེས་ཤོར་བ་ལ་སོགས་ཏེ་ཡང་འཁོར་བའི་ཉེ་བར་ལེན་པའི་ཁ་ལེན་ཏེ་དབང་པོ་ཉི་ཤུ་རྩ་གཅིག །གི་བྱེ་བྲག་ཏུ་འཁྲུལ་པ་ཡང་ཡོད་དོ་ཞེས་སོ། །འཁྲུལ་ཚུལ་ནི། ཐ་མའི་ཐ་མ་རྣམ་པ་ལ་འཁྲུལ་པ་ལ་སོགས་པ་བདུན་དང་། འབྲིང་གི་ཐ་མ་ཡུལ་མེད་པ་ལ་འཁྲུལ་པ་ལ་སོགས་བདུན་དང་། རབ་ཀྱི་ཐ་མ་འཛིན་པ་ལ་འཁྲུལ་པ་ལ་སོགས་ལ་བདུན་ཏེ་ཉི་ཤུ་རྩ་གཅིག་ནི་གོང་གི་ཇི་ལྟ་བ་བཞིན་དུ་རྒྱུན་གྱི་གནས་པ་ལས་གསལ་བ་སྟེ། རང་ཤར་ལས། སེམས་ཅན་རྣམས་ནི་བར་དོ་ལ་འདི་ལྟར་འཁྲུལ་ལོ། །ལ་ལ་རྣམ་པ་ལ་འཁྲུལ་ལོ། །ལ་ལ་ཉམས་ལ་འཁྲུལ་ལོ། །ལ་ལ་དེ་མ་ཐག་པ་ལ་འཁྲུལ་ལོ། །ལ་ལ་དམིགས་པ་ལ་འཁྲུལ་ལོ། །ལ་ལ་ཇི་མི་སྙམ་པ་ལ་འཁྲུལ་ལོ། །ལ་ས་སྙམ་བྱེད་ལ་འཁྲུལ་ལོ། །ལ་ལ་ཡུལ་ལ་འཁྲུལ་ལོ། །ལ་ལ་ཡུམ་མེད་པ་ལ་འཁྲུལ་ལོ། །ལ་ལ་སྙིང་པོ་ལ་འཁྲུལ་ལོ། །ལ་ལ་མ་རིག་པ་ལ་འཁྲུལ་ལོ། །ལ་ལས་རྐྱེན་ལ་འཁྲུལ་ལོ། །ལ་ལ་བཏགས་པ་ལ་འཁྲུལ་

[p. 700] ལོ། །ལ་ལ་ད་ལ་འཁྲུལ་ལོ། །ལ་ལ་ངོ་མ་ཤེས་པ་ལ་འཁྲུལ་ལོ། །ལ་ལ་འཛིན་པ་ལ་འཁྲུལ་ལོ། །ལ་ལ་འཛིན་པ་མེད་པ་ལ་འཁྲུལ་ལོ། །ལ་ལ་འདུ་ཤེས་ལ་འཁྲུལ་ལོ། །ལ་ལ་རྒྱུ་ལ་འཁྲུལ་ལོ། །ལ་ལ་སྐད་ཅིག་གིས་འཁྲུལ་ལོ། །ལ་ལ་རྟགས་ ལ་འཁྲུལ་ལོ། །ལ་ལ་གཟུགས་ལ་འཁྲུལ་ལོ། །བར་མ་དོ་ལ་སེམས་ཅན་གྱི་བློ་ཉི་ཤུ་རྩ་གཅིག་ཡོད་པའི་ཕྱིར་འཁྲུལ་ལུགས་ཉི་ཤུ་རྩ་གཅིག་ལ་སྣང་བ་རྫོགས་པར་འོང་སྟེ། དེ་ཡང་འཁྲུལ་ལུགས་རེ་རེ་ལ་སྣང་བ་རེ་རེ་འཆར་རོ། །དེ་ནི་བར་དོ་ལ་འཁྲུལ་ ལུགས་རྒྱས་པར་བཤད་པའོ་ཞེས་སོ། །གཉིས་པ་དབང་པོའི་གྲོལ་ལུགས་བྱེ་བྲག་ཏུ་བཤད་པ་ལ། སྤྱིར་སྐད་ཅིག་བསམ་གཏན་གྱི་ཞག་མང་ཉུང་ཇི་ཙམ་བསྟན་ཡང་དབང་པོ་ཉི་ཤུ་རྩ་གཅིག་གི་གྲོལ་ལུགས་འདིར་འདུ་བས། དབང་པོ་རབ་རྣམས་སྐད་ཅིག་ གསུམ་ལ་གྲོལ་ཏེ། དང་པོ་ལ་རང་སྣང་མཐོང་། གཉིས་པ་ལ་བྱེ་བྲག་ཕྱེད། གསུམ་པ་ལ་ཕྱེད་ཐོག་ནས་གྲོལ་བའོ། །འདི་ལའང་རབ་ཀྱི་མཐར་ཕྱིན་པ་དེ་སྐད་ཅིག་གསུམ་པ་རྫོགས་མ་ཐག་ལ་ཀ་དག་ཏུ་གྲོལ་ལོ། ལྷག་མ་དྲུག་གི་སྐད་ཅིག་གསུམ་ནི་ བྱ་བ་རྫོགས་པའི་སྐད་ཅིག་མ་གསུམ་སྟེ། བསམ་གཏན་གྱི་ཞག་མང་ཉུང་ཅི་རིགས་པ་ཡོད་པ་ནི་རྒྱུད་ན་གསལ་ལོ། །འབྲིང་རྣམས་སྐད་ཅིག་བཞི་ལ་གྲོལ་ཏེ། དང་པོ་ལ་རང་སྣང་དུ་ཤར། གཉིས་པ་ལ་རང་གདངས་སུ་ཤེས། གསུམ་པ་ལ་ཤེས་ཐོག་ཏུ་ གནས། བཞི་པ་ལ་གནས་ཐོག་ནས་གྲོལ་ལོ། །ཐ་མ་རྣམས་སྐད་ཅིག་ལྔ་ལ་གྲོལ་ཏེ། སྐད་ཅིག་དང་པོ་ལ་སྣང་བ་ཤར། གཉིས་པ་ལ་དཔྱད་པ་ཞུགས། གསུམ་པ་ལ་རང་སྣང་དུ་ཤེས། བཞི་པ་ལ་ཤེས་ཐོག་ཏུ་གནས། ལྔ་པ་ལ་གནས་ཐོག་ ནས་གྲོལ་པའོ། །འདི་དག་ཀྱང་བྱ་བ་རྫོགས་པའི་སྐད་ཅིག་མ་ཡིན་ལ། དེ་དག་ལའང་བསམ་གཏན་གྱི་ཞག་མང་ཉུང་ཅི་རིགས་སུ་ཡོད་པ་ནི་རྒྱུད་བཞིན་ནོ། །ཁ་ཅིག་གིས་སྐད་ཅིག་དང་བསམ་གཏན་གཉིས་གཅིག་ཏུ་བཤད་པ་ནི་ཆ་ཕྱེད་དབྱིངས་མ་གོ་

[p. 701] བ་རྣམ་པ་འདྲེས་པ་ཡིན་ནོ། །སྐད་ཅིག་མ་ནི་རྟོགས་ཚུལ་ཤེས་རབ་ཀྱི་ཆ་ཡིན་ལ། བསམ་གཏན་ནི་གནས་པ་ཏིང་ངེ་འཛིན་གྱི་ཆ་ཡིན་ནོ། །སྐད་ཅིག་རྣམ་གསུམ་དུ་བསྡུས་ཀྱང་འགལ་བ་མེད། གཅིག་དང་ལྔར་ཕྱེ་ཡང་འགལ་བ་མེད་དེ། གྲོལ་ཚད་རྟོགས་པ་སྐྱེ་བའི་རང་དུས་ངོས་ཟིན་པ་ཙམ་ལས་གཞན་དུ་འཁྲུལ་པ་མེད་དོ། །བསམ་གཏན་ལ་རྒྱུད་ནས་སོ་སོར་གང་བཤད་ཀྱི་ཆ་དེ་ལས་མང་ཉུང་དུ་དབྱེ་བསྡུ་བྱས་པ་མེད་དོ། །བསམ་གཏནརྣམས་སྐད་ཅིག་མས་བཅིངས་པར་ཤེས་པར་བྱའོ། །འདི་མ་ཕྱེད་ན་ཆ་འདྲེས་ནས་ཅི་ཟེར་དང་བཞག་ས་མེད་པའི་སྐྱོན་གྱིས་མགོ་འཁྲུགས་པར་ཡོད་པས་གནད་གལ་པོ་ཆེ་ཡིན་ནོ། །དེ་དག་གི་ངེས་པ་རྒྱུད་ཀྱི་སྟེང་ནས་རྟོགས་པར་བྱ་སྟེ། རང་ཤར་ལས། དེ་ཡང་དབང་པོ་རབ་ནི་སྐད་ཅིག་མ་གསུམ་ལ་སངས་རྒྱས་ནས་སྤྲུལ་པ་རང་བཞིན་དུ་འབྱུང་ངོ་། །དེ་ཡང་སྐད་ཅིག་མ་གཅིག་ལ་ཚོམ་བུའི་སྣང་བ་འགགས། སྐད་ཅིག་མ་གཅིག་ལ་ལྷུན་གྲུབ་ཀྱི་སྣང་བ་སྐྱེས། སྐད་ཅིག་མ་གཅིག་གིས་ཀ་དག་གི་བདེན་པ་མཐོང་ངོ་། །དེ་ཡང་སྤྲུལ་པ་ནི་ཀ་དག་གི་ས་ནས་མི་འགྱེད་དེ། ལམ་དུ་དབང་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐོབ་ནས། དཔེར་ན་སྐར་མདའ་ནམ་མཁའ་ལ་རྒྱུག་པའི་ཚུལ་ཏེ། སྐར་མདའ་དེ་ལས་འོད་འཕྲོ་བ་དང་འདྲ་བར་སྤྲུལ་པ་བཀྱེ་ནས་འགྲོ་བའི་དོན་བྱེད་དེ། དོན་བྱེད་ནི་ཞག་གསུམ་ནས་ནུས་སོ། །དབང་པོ་རབ་ཀྱི་རྩེ་མོ་ནི་ཞག་གཅིག་བར་དོར་སྡོད་དོ། །དེ་ཡང་ཡེ་ཤེས་ཁ་སྦྱོར་གྱི་སྣང་བ་ལ་རང་གི་སྣང་བ་མཐོང་སྟེ། དེ་ཡང་བདག་གི་མིག་ནས་ཡེ་ཤེས་ཀྱི་མེ་གཉིས་བྱུང་བས་མཚོན་ཆར་བབ་པ་དེ་ཀུན་ཚིག་ནས་སྣང་བ་འགག་པ་མེད་པར་ཤར་བས་དེ་ལ་རང་གི་ཤེས་པས་དེ་ནས་རང་གི་ཡུལ་མཐོང་སྟེ་ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་ནས་ཡང་སྐར་མདའ་ལྟ་བུར་ཤེས་པར་བྱའོ། །དབང་པོ་རབ་ཀྱི་མཆོག་ནི་ཞག་གཉིས་ན་འཚང་རྒྱ་སྟེ། དེ་ཡང་ཚོམ་བུའི་སྣང་བ་ལ་ཞག་གཅིག་སྡོད་དོ། །

[p. 702] དེ་ཡང་རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཉི་མ་གཅིག་འཆར་ཏེ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོའོ། །དེ་ལས་འོད་ཟེར་གྱི་རྩེ་མོ་རེ་རེ་ལ་དེ་བཞིན་གཤེགས་པའི་སྐུ་རེ་རེ་འཆར་རོ། །དེས་སྣང་བའི་སྤྱོད་ཡུལ་ཐམས་ཅད་སྐུའི་རང་བཞིན་དུ་མཐོང་ངོ་། །དེ་ནས་ ཡང་ལྷུན་གྲུབ་ཀྱི་སྣང་བ་ལ་ཡང་ངེས་པ་རྙེད་ནས་སྤྲུལ་པ་ཡང་ཞག་བདུན་ན་དོན་བྱེད་ནུས་སོ། །ཡང་སྐར་མདའ་བཞིན་ནོ། །རབ་ཀྱི་ཕུལ་ནི་ཞག་གསུམ་བར་དོ་ལ་སྡོད་དོ། །དེ་ཡང་ཚོམ་བུ་ལ་ཞག་གཅིག་སྡོད་དོ། །དེ་ལ་ཡང་ངེས་པ་རྙེད་པས་ཡེ་ཤེས་ཀྱི་ སྣང་བ་ལ་རང་གི་སྣང་བའི་ཆ་གཅིག་འཆར་རོ། །དེ་ཡང་ཞག་གཅིག་སྡོད་དོ། །ཞག་དང་པོ་ལ་འོད་མཐོང་ངོ་། །ཞག་གཉིས་པ་ལ་སྐུ་མཐོང་སྟེ། སྐུ་དེ་ཡང་ཆེ་བ་རགས་པར་མཐོང་ངོ་། །དེ་ལ་ཡིད་ཆེས་ནས་ལྷུན་གྲུབ་ཀྱིས་དེ་ལ་ངེས་པ་རྙེད་དོ། ། དེ་ཡང་སྐར་མདའ་ལྟར་ཤེས་པར་བྱའོ། །སྤྲུལ་པ་ཡང་ཞག་བཅུ་གཅིག་ན་དོན་བྱེད་ནུས་སོ། །རབ་ཀྱི་རབ་ནི་ཞག་བཞི་བར་དོ་ལ་སྡོད་དོ། །[དེ་ཡང་རང་གི་མདུན་ན་ཚོམ་བུ་ལྔ་བཀྲ་ས་ལེ་འདུག་པ་མཐོང་ནས་དེ་ལ་རང་གི་བག་ཆགས་སད་ནས་ཤར་ཕྱོགས་ ཀྱི་ཚོམ་བུ་ལ་ཞག་གཅིག་སྡོང་ངོ་། །དེ་བཞིན་དུ་ཕྱོགས་བཞིའི་ཚོམ་བུ་ལ་ཞག་རེ་རེ་སྡོད་དོ། །དེ་ནས་ཡང་ལྷུན་གྲུབ་ལ་ངེས་པ་རྙེད་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་བཅྭ་བཞི་ན་དོན་བྱེད་ནུས་སོ། །དབང་པོ་རབ་ཀྱི་འབྲིང་ནི་ཞག་ལྔ་ན་བདེན་པ་ མཐོང་ངོ་། །དེ་ཡང་འདི་ལྟ་སྟེ། ཞག་བཞི་ཚོམ་བུ་ལ་སྡོད་དོ། །ཞག་གཅིག་ཡེ་ཤེས་ཀྱི་སྣང་བ་ལ་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་གྱི་ཐག་པ་རྟ་རྔ་ཙམ་ཞིག་བྱུང་སྟེ། དེ་ཡང་ནམ་མཁའི་མཐོངས་སུ་འགྲེང་བུར་འོང་ངོ་། །དེ་ལ་རང་ གི་མིག་མ་ཡེངས་པར་བཟུང་ནས་བལྟས་པས་ནམ་མཁའི་དཀྱིལ་ན་ཚོམ་བུ་ཆེན་པོ་བཀྲ་ས་ལེ་བ་དེ་མཐོང་ནས་དེ་ལ་ཡིད་ཆེས་རབ་ཏུ་སྐྱེས་ནས་རང་གི་སྣང་བ་ཡིན་སྙམ་པའི་ཤེས་པ་ཞིག་བྱུང་བས་ཡིད་ཆེས་པ་མ་པང་དུ་བུ་འཇུག་པའི་གདམས་ངག་ཅེས་བྱའོ། །

[p. 703] དེ་ནས་དེ་ལ་རང་གི་རིག་པ་བསྟིམ་གྱིས་ཐིམ་པ་ནི་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་མན་ངག་གོ །དེ་ལ་ཡང་མི་གནས་པར་ཀ་དག་གི་ས་ལ་ཐིམ་པ་ནི་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་གདམས་ངག་ཅེས་བྱའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་གཅིག་ན་དོན་བྱེད་ནུས་སོ། །དབང་པོ་རབ་ཀྱི་ཐ་མ་ནི་ཞག་དྲུག་ཐོགས་ཏེ། དེ་ཡང་ཚོམ་བུ་ལ་ཞག་བཞི་ཐོགས། ཡེ་ཤེས་ཀྱི་སྣང་བ་དང་ཆོས་ཀྱི་དབྱིངས་ལ་ཞག་གཅིག་ཐོགས་སོ། །དེ་ནས་ཡང་རང་གི་མིག་གཉིས་ནས་ཡེ་ཤེས་ཀྱི་མེ་ལོང་གསལ་བ་གཉིས་ལྷག་གིས་འཆར་ཏེ། དེ་ལས་སྣང་བ་དཔག་ཏུ་མེད་པ་འཕྲོས་ནས། གཅིག་རང་གི་སྟེང་དུ་ཚོམ་བུ་གཅིག་ཏུ་སྡོད་དོ། །གཅིག་རང་གི་མདུན་དུ་ཚོམ་བུ་ཆེན་པོ་ཞིག་ཏུ་མཐོང་ངོ་། །དེ་ནས་ངེས་པ་ཐོབ་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་ཉི་་ཤུ་རྩ་ལྔ་ན་དོན་བྱེད་ནུས་སོ་ཞེས་དང་། འབྲིང་གི་ངེས་པ་ལ་འཇོག་པ་ནི་ཞག་བདུན་ན་ངེས་པ་རྙེད་དོ། །དེ་ཡང་ཞག་ལྔ་ཚོམ་བུའི་སྣང་བ་ལ་སྡོད་དོ། །

[edit]
OCR of the BDRC scans (I3CN4959), gorn05 tibocr 2026: BDRC OCR on 159 pages, Mitra OCR on 256 pages (the model with more recognisable syllables on each page).

[p. 377] མཁྱེན་པ་ཡེ་ཤེས་སུ་རྒྱས་པས་སྔར་གྱི་མངོན་པར་ཤེས་པ་དེ་དག་དུས་གཅིག་ཏུ་ མཐོང་། མཛད་པ་འཕྲིན་ལས་སུ་རྒྱས་པས་སྤྲུལ་སྐུའི་མཛད་པ་སུམ་ཅུ་རྩ་དྲུག་ མཐར་ཕྱིན། ཆོས་ཉིད་འགག་པ་མེད་པའི་ཡེ་ཤེས་ལ་སྤྱོད་པའི་མངོན་ཤེས་ཀྱིས་ ཤེས་བྱ་ལ་སྲིད་ཚད་མཐོང་། མཚན་མ་རང་དག་པའི་ཡེ་ཤེས་ཀྱི་མངོན་ཤེས་ཀྱིས་ ཆོས་དང་ཆོས་ཉིད་མ་ལུས་པའི་རང་བཞིན་མངོན་དུ་གྱུར་པ་སྟེ་དྲུག་གོ །དེ་ལྟར་ན་ མངོན་པར་ཤེས་པ་ཐམས་ཅད་བསྡོམས་ན་བརྒྱ་སུམ་ཅུ་རྩ་བཞི་སྟེ་བསྡུ་ན་སུམ་ཅུ་ རྩ་དྲུག དེ་ཡང་བསྡུ་ན་རྩ་བ་དྲུག་ཁོ་ནའོ། །མི་བརྗེད་པའི་གཟུངས་ནི་ཉི་ཟླ་ཁ་ སྦྱོར་ལས། དེའི་ཚེ་མི་བརྗེད་པའི་གཟུངས་རྣམས་ཀྱང་རང་གི་རྒྱུད་ལ་སྐྱེ་བ་སྟེ། སྔོན་གྱི་ཆོས་ཐམས་ཅད་རྒྱུད་ལ་དུས་གཅིག་ལ་འཆར་རོ། །དེ་བཞིན་དུ་སྔར་མ་ མཐོང་བའི་ཆོས་རྣམས་ཀྱང་འཆར་བས་ན་ཆོས་ཉིད་ཀྱི་བར་དོ་ཞེས་བྱའོ་ཞེས་སོ། ། རྒྱུན་གྱི་ཏིང་ངེ་འཛིན་ཡང་། རྒྱུད་དེ་ཉིད་ལས། རྒྱུན་གྱི་ཏིང་ངེ་འཛིན་རྒྱུད་ལ་རང་ བཞིན་གྱིས་ཤར་བས་རྣམ་པར་རྟོག་པ་ངན་པ་གཏན་ནས་མི་སྐྱེའོ་ཞེས་སོ། །

[p. 378] ༈ རྡོ་རྗེའི་གནས་བཅུ་པ་ཉམས་སུ་ལེན་པ་རྒྱལ་པོའི་ཁང་བཟང་གི་རིམ་པ་རྒྱ་ཆེར་བཤད་པ། གསུམ་པ་དབང་པོའི་རིམ་པས་དོན་བསྡུ་བ་ལ་གཉིས་ཏེ། དབང་པོའི་རབ་ཏུ་དབྱེ་ བ་དང་། སོ་སོའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི་ཉི་ཤུ་རྩ་གཅིག་སྟེ། རང་ཤར་ལས། དབང་པོ་ལ་རྣམ་པ་གསུམ་བསྟན་ཏེ། རབ་དང་། འབྲིང་དང་། ཐ་ མའོ། །རབ་ལ་བདུན་ཏེ། རབ་ཀྱི་ཐ་མ་དང་། རབ་ཀྱི་འབྲིང་དང་། རབ་ཀྱི་རབ་ དང་། རབ་ཀྱི་ཕུལ་དང་། རབ་ཀྱི་མཆོག་དང་། རབ་ཀྱི་རྩེ་མོ་དང་། རབ་ཀྱི་མཐར་ ཕྱིན་པའོ། །དེ་ནི་རབ་ཀྱི་དབྱེ་བ་ཡིན་ནོ། །དེ་ཡང་མཐོང་ཚུལ་རེ། ཡེ་ཤེས་ཀྱི་སྣང་ བ་སྐྱེ་ཚུལ་རེ། རྟོགས་པའི་ཚད་རེ། སྣང་བའི་སྐྱེ་ཚུལ་རེ། གོ་བའི་དུས་རེ། ཤེས་ པའི་ལྟ་ལུགས་རེ་ཤར་ནས་རང་རང་གི་སྣང་བ་ལ་བརྟན་པ་ཐོབ་བོ། །འབྲིང་ལའང་ བདུན་ཏེ། འབྲིང་གི་ཐ་མ་དང་། འབྲིང་གི་འབྲིང་དང་། འབྲིང་གི་རབ་དང་། འབྲིང་ གི་ཕུལ་དང་། འབྲིང་གི་མཆོག་དང་། འབྲིང་གི་རྩེ་མོ་དང་། འབྲིང་གི་མཐར་ཕྱིན་ པའོ། །དེ་ལ་ཡང་ཡེ་ཤེས་སྐྱེ་བའི་ཚད་རེ་འབྱུང་ངོ། །དེ་ནི་འབྲིང་གི་དབྱེ་བ་ཡིན་ནོ། ། ཐ་མ་ལའང་བདུན་ཏེ། ཐ་མའི་ཐ་མ་དང་། ཐ་མའི་འབྲིང་དང་། ཐ་མའི་རབ་དང་། ཐ་མའི་མཆོག་དང་། ཐ་མའི་ཕུལ་དང་། ཐ་མའི་རྩེ་མོ་དང་། ཐ་མའི་རྩེ་ཟིན་པའོ་ ཞེས་སོ། ། གཉིས་པ་ལ་གསུམ་སྟེ། གྲོལ་འཁྲུལ་གྱི་རྣམ་གཞག་སྤྱིར་བསྟན། དབང་པོའི་གྲོལ་ ལུགས་བྱེ་བྲག་ཏུ་བཤད། ཐིམ་ཚུལ་གྱི་རིམ་པས་མཇུག་བསྡུ་བའོ། །དང་པོ་ནི། ཆོས་ཉིད་ཀྱི་སྣང་བ་འདི་དག་གི་དུས་ན་རང་ངོ་ཤེས་པ་རྣམས་དབང་པོ་ཉི་ཤུ་རྩ་ གཅིག་གི་རིམ་པས་གྲོལ་བ་དང་། མ་ཤེས་པ་རྣམས་དེ་ནས་འཁྲུལ་པའི་རིམ་པ་ སྔོན་གྱི་གཞི་སྣང་ལས་སེམས་ཅན་གྱི་འཁྲུལ་ཚུལ་ལྟར་འབྱུང་བ་སྟེ། ཉི་ཟླ་ཁ་སྦྱོར་ ལས། དབང་པོ་ཉི་ཤུ་རྩ་གཅིག་གི་བྱེ་བྲག་ཏུ་བསྟན་པ་ཡང་ཡོད་དོ། །དེར་རང་གི་

[p. 379] ༈ ཚིག་དོན་རིན་པོ་ཆེའི་མཛོད། ཤེས་པ་མ་ཚུད་ཅིང་སྔར་བླ་མའི་ལུང་མེད་པ་རྣམས་ནི་སྣང་བ་དེ་ལ་བྲེད་པ་དང་། དངངས་པ་དང་། རྡུགས་པ་དང་། འཇིགས་པ་དང་། འདུ་ཤེས་ཤོར་བ་ལ་སོགས་ ཏེ་ཡང་འཁོར་བའི་ཉེ་བར་ལེན་པའི་ཁ་ལེན་ཏེ་དབང་པོ་ཉི་ཤུ་རྩ་གཅིག་གི་བྱེ་བྲག་ ཏུ་འཁྲུལ་པ་ཡང་ཡོད་དོ་ཞེས་སོ། །འཁྲུལ་ཚུལ་ནི། ཐ་མའི་ཐ་མ་རྣམ་པ་ལ་འཁྲུལ་ པ་ལ་སོགས་པ་བདུན་དང་། འབྲིང་གི་ཐ་མ་ཡུལ་མེད་པ་ལ་འཁྲུལ་པ་ལ་སོགས་པ་ བདུན་དང་། རབ་ཀྱི་ཐ་མ་འཛིན་པ་ལ་འཁྲུལ་པ་ལ་སོགས་པ་བདུན་ཏེ་ཉི་ཤུ་རྩ་ གཅིག་ནི་གོང་གི་ཇི་ལྟ་བ་བཞིན་དུ་རྒྱུན་གྱི་གནས་པ་ལས་གསལ་བ་སྟེ། རང་ཤར་ ལས། སེམས་ཅན་རྣམས་ནི་བར་དོ་ལ་འདི་ལྟར་འཁྲུལ་ལོ། །ལ་ལ་རྣམ་པ་ལ་ འཁྲུལ་ལོ། །ལ་ལ་ཉམས་ལ་འཁྲུལ་ལོ། །ལ་ལ་དེ་མ་ཐག་པ་ལ་འཁྲུལ་ལོ། །ལ་ལ་ དམིགས་པ་ལ་འཁྲུལ་ལོ། །ལ་ལ་ཇི་མི་སྙམ་པ་ལ་འཁྲུལ་ལོ། །ལ་ལ་སྙམ་བྱེད་ལ་ འཁྲུལ་ལོ། །ལ་ལ་ཡུལ་ལ་འཁྲུལ་ལོ། །ལ་ལ་ཡུལ་མེད་པ་ལ་འཁྲུལ་ལོ། །ལ་ལ་ སྙིང་པོ་ལ་འཁྲུལ་ལོ། །ལ་ལ་མ་རིག་པ་ལ་འཁྲུལ་ལོ། །ལ་ལ་རྐྱེན་ལ་འཁྲུལ་ལོ། ། ལ་ལ་བཏགས་པ་ལ་འཁྲུལ་ལོ། །ལ་ལ་ང་ལ་འཁྲུལ་ལོ། །ལ་ལ་ངོ་མ་ཤེས་པ་ལ་ འཁྲུལ་ལོ། །ལ་ལ་འཛིན་པ་ལ་འཁྲུལ་ལོ། །ལ་ལ་འཛིན་པ་མེད་པ་ལ་འཁྲུལ་ལོ། ། ལ་ལ་འདུ་ཤེས་ལ་འཁྲུལ་ལོ། །ལ་ལ་རྒྱུ་ལ་འཁྲུལ་ལོ། །ལ་ལ་སྐད་ཅིག་གིས་ འཁྲུལ་ལོ། །ལ་ལ་རྟགས་ལ་འཁྲུལ་ལོ། །ལ་ལ་གཟུགས་ལ་འཁྲུལ་ལོ། །བར་ མ་དོ་ལ་སེམས་ཅན་གྱི་བློ་ཉི་ཤུ་རྩ་གཅིག་ཡོད་པའི་ཕྱིར་འཁྲུལ་ལུགས་ཉི་ཤུ་རྩ་ གཅིག་ལ་སྣང་བ་རྫོགས་པར་འོང་སྟེ། དེ་ཡང་འཁྲུལ་ལུགས་རེ་རེ་ལ་སྣང་བ་རེ་རེ་ འཆར་རོ། །དེ་ནི་བར་དོ་ལ་འཁྲུལ་ལུགས་རྒྱས་པར་བཤད་པའོ་ཞེས་སོ། །གཉིས་ པ་དབང་པོའི་གྲོལ་ལུགས་བྱེ་བྲག་ཏུ་བཤད་པ་ལ། སྤྱིར་སྐད་ཅིག་བསམ་གཏན་

[p. 380] ། རྡོ་རྗེའི་གནས་བཅུ་པ་ཉམས་སུ་ལེན་པ་རྒྱལ་པོའི་ཁང་བཟང་གི་རིམ་པ་རྒྱ་ཆེར་བཤད་པ། གྱི་ཞག་མང་ཉུང་ཇི་ཙམ་བསྟན་ཡང་དབང་པོ་ཉི་ཤུ་རྩ་གཅིག་གི་གྲོལ་ལུགས་འདིར་ འདུ་བས། དབང་པོ་རབ་རྣམས་སྐད་ཅིག་གསུམ་ལ་གྲོལ་ཏེ། དང་པོ་ལ་རང་སྣང་ མཐོང་། གཉིས་པ་ལ་བྱེ་བྲག་ཕྱེད། གསུམ་པ་ལ་ཕྱེད་ཐོག་ནས་གྲོལ་བའོ། །འདི་ ལའང་རབ་ཀྱི་མཐར་ཕྱིན་པ་དེ་སྐད་ཅིག་གསུམ་པ་རྫོགས་མ་ཐག་ལ་ཀ་དག་ཏུ་ གྲོལ་ལ། ལྷག་མ་དྲུག་གི་སྐད་ཅིག་གསུམ་ནི་བྱ་བ་རྫོགས་པའི་སྐད་ཅིག་མ་གསུམ་ སྟེ༑ བསམ་གཏན་གྱི་ཞག་མང་ཉུང་ཅི་རིགས་པ་ཡོད་པ་ནི་རྒྱུད་ན་གསལ་ལོ། ། འབྲིང་རྣམས་སྐད་ཅིག་བཞི་ལ་གྲོལ་ཏེ། དང་པོ་ལ་རང་སྣང་དུ་ཤར། གཉིས་པ་ལ་ རང་གདངས་སུ་ཤེས། གསུམ་པ་ལ་ཤེས་ཐོག་ཏུ་གནས། བཞི་པ་ལ་གནས་ཐོག་ ནས་གྲོལ་ལོ། །ཐ་མ་རྣམས་སྐད་ཅིག་ལྔ་ལ་གྲོལ་ཏེ། སྐད་ཅིག་དང་པོ་ལ་སྣང་བ་ ཤར། གཉིས་པ་ལ་དཔྱད་པ་ཞུགས། གསུམ་པ་ལ་རང་སྣང་དུ་ཤེས། བཞི་པ་ལ་ ཤེས་ཐོག་ཏུ་གནས། ལྔ་པ་ལ་གནས་ཐོག་ནས་གྲོལ་བའོ། །འདི་དག་ཀྱང་བྱ་བ་ རྫོགས་པའི་སྐད་ཅིག་མ་ཡིན་ལ། དེ་དག་ལའང་བསམ་གཏན་གྱི་ཞག་མང་ཉུང་ཅི་ རིགས་སུ་ཡོད་པ་ནི་རྒྱུད་བཞིན་ནོ། །ཁ་ཅིག་གིས་སྐད་ཅིག་དང་བསམ་གཏན་ གཉིས་གཅིག་ཏུ་བཤད་པ་ནི་ཆ་ཕྱེད་དབྱིངས་མ་གོ་བ་རྣམ་པ་འདྲེས་པ་ཡིན་ནོ། ། སྐད་ཅིག་མ་ནི་རྟོགས་ཚུལ་ཤེས་རབ་ཀྱི་ཆ་ཡིན་ལ། བསམ་གཏན་ནི་གནས་པ་ ཏིང་ངེ་འཛིན་གྱི་ཆ་ཡིན་ནོ། །སྐད་ཅིག་རྣམ་གསུམ་དུ་བསྡུས་ཀྱང་འགལ་བ་མེད། གཅིག་དང་ལྔར་ཕྱེ་ཡང་འགལ་བ་མེད་དེ། གྲོལ་ཚད་རྟོགས་པ་སྐྱེ་པའི་རང་དུས་ ངོས་ཟིན་པ་ཙམ་ལས་གཞན་དུ་འཁྲུལ་པ་མེད་དོ། །བསམ་གཏན་ལ་རྒྱུད་ནས་སོ་ སོར་གང་བཤད་ཀྱི་ཆ་དེ་ལས་མང་ཉུང་དུ་དབྱེ་བསྡུ་བྱས་པ་མེད་དོ། །བསམ་ གཏན་རྣམས་སྐད་ཅིག་མས་བཅིངས་པར་ཤེས་པར་བྱའོ། །འདི་མ་ཕྱེད་ན་ཆ་

[p. 381] ༈ ཚིག་དོན་རིན་པོ་ཆེའི་མཛོད། འདྲེས་ནས་ཅི་ཟེར་དང་བཞག་ས་མེད་པའི་སྐྱོན་གྱིས་མགོ་འཁྲུགས་པར་ཡོད་པས་ གནད་གལ་པོ་ཆེ་ཡིན་ནོ། །དེ་དག་གི་ངེས་པ་རྒྱུད་ཀྱི་སྟེང་ནས་རྟོགས་པར་བྱ་སྟེ། རང་ཤར་ལས། དེ་ཡང་དབང་པོ་རབ་ནི་སྐད་ཅིག་མ་གསུམ་ལ་སངས་རྒྱས་ནས་ སྤྲུལ་པ་རང་བཞིན་དུ་འབྱུང་ངོ་། །དེ་ཡང་སྐད་ཅིག་མ་གཅིག་ལ་ཚོམ་བུའི་སྣང་བ་ འགགས་སྐད་ཅིག་མ་གཅིག་ལ་ལྷུན་གྲུབ་ཀྱི་སྣང་བ་སྐྱེས། སྐད་ཅིག་མ་གཅིག་ གིས་ཀ་དག་གི་བདེན་པ་མཐོང་ངོ་། །དེ་ཡང་སྤྲུལ་པ་ནི་ཀ་དག་གི་ས་ནས་མི་ འགྱེད་དེ། ལམ་དུ་དབང་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐོབ་ནས། དཔེར་ན་སྐར་ མདའ་ནམ་མཁའ་ལ་རྒྱུག་པའི་ཚུལ་ཏེ། སྐར་མདའ་དེ་ལས་འོད་འཕྲོ་བ་དང་འདྲ་བར་ སྤྲུལ་པ་བཀྱེ་ནས་འགྲོ་བའི་དོན་བྱེད་དེ། དོན་བྱེད་ནི་ཞག་གསུམ་ནས་ནུས་སོ། ། དབང་པོ་རབ་ཀྱི་རྩེ་མོ་ནི་ཞག་གཅིག་བར་དོར་སྡོད་དོ། །དེ་ཡང་ཡེ་ཤེས་ཁ་སྦྱོར་ གྱི་སྣང་བ་ལ་རང་གི་སྣང་བ་མཐོང་སྟེ། དེ་ཡང་བདག་གི་མིག་ནས་ཡེ་ཤེས་ཀྱི་མེ་ གཉིས་བྱུང་བས་མཚོན་ཆར་བབ་པ་དེ་ཀུན་ཚིག་ནས་སྣང་བ་འགག་པ་མེད་པར་ ཤར་བས་དེ་ལ་རང་གི་ཤེས་པ་སད་ནས་རང་གི་ཡུལ་མཐོང་སྟེ་ལྷུན་གྲུབ་ཀྱི་ས་ལ་ ངེས་པ་རྙེད་ནས་ཡང་སྐར་མདའ་ལྟ་བུར་ཤེས་པར་བྱའོ། །དབང་པོ་རབ་ཀྱི་མཆོག་ ནི་ཞག་གཉིས་ན་འཚང་རྒྱ་སྟེ། དེ་ཡང་ཚོམ་བུའི་སྣང་བ་ལ་ཞག་གཅིག་སྡོད་དོ། ། དེ་ཡང་རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཉི་མ་གཅིག་འཆར་ཏེ་དེ་ལས་འོད་ཟེར་ ཕྱོགས་བཅུར་འཕྲོའོ། །དེ་ལས་འོད་ཟེར་གྱི་རྩེ་མོ་རེ་རེ་ལ་དེ་བཞིན་གཤེགས་པའི་ སྐུ་རེ་རེ་འཆར་རོ། །དེས་སྣང་བའི་སྤྱོད་ཡུལ་ཐམས་ཅད་སྐུའི་རང་བཞིན་དུ་མཐོང་ ངོ་། །དེ་ནས་ཡང་ལྷུན་གྲུབ་ཀྱི་སྣང་བ་ལ་ཡང་ངེས་པ་རྙེད་ནས་སྤྲུལ་པ་ཡང་ཞག་ བདུན་ན་དོན་བྱེད་ནུས་སོ། །ཡང་སྐར་མདའ་བཞིན་ནོ། །རབ་ཀྱི་ཕུལ་ནི་ཞག་

[p. 382] ། རྡོ་རྗེའི་གནས་བཅུ་པ་ཉམས་སུ་ལེན་པ་རྒྱལ་པོའི་ཁང་བཟང་གི་རིམ་པ་རྒྱ་ཆེར་བཤད་པ། གསུམ་བར་དོ་ལ་སྡོད་དོ། །དེ་ཡང་ཚོམ་བུ་ལ་ཞག་གཅིག་སྡོད་དོ། །དེ་ལ་ཡང་ངེས་ པ་རྙེད་པས་ཡེ་ཤེས་ཀྱི་སྣང་བ་ལ་རང་གི་སྣང་བའི་ཆ་གཅིག་འཆར་རོ། །དེ་ཡང་ ཞག་གཅིག་སྡོད་དོ། །ཞག་དང་པོ་ལ་འོད་མཐོང་ངོ་། །ཞག་གཉིས་པ་ལ་སྐུ་མཐོང་ སྟེ༑ སྐུ་དེ་ཡང་ཆེ་བ་རགས་པར་མཐོང་ངོ་། །དེ་ལ་ཡིད་ཆེས་ནས་ལྷུན་གྲུབ་ཀྱི་ས་ དེ་ལ་ངེས་པ་རྙེད་དོ། །དེ་ཡང་སྐར་མདའ་ལྟར་ཤེས་པར་བྱའོ། །སྤྲུལ་པ་ཡང་ཞག་ བཅུ་གཅིག་ན་དོན་བྱེད་ནུས་སོ། །རབ་ཀྱི་རབ་ནི་ཞག་བཞི་བར་དོ་ལ་སྡོད་དོ། །དེ་ ཡང་རང་གི་མདུན་ན་ཚོམ་བུ་ལྔ་བཀྲ་ས་ལེ་འདུག་པ་མཐོང་ནས་དེ་ལ་རང་གི་བག་ ཆགས་སད་ནས་ཤར་ཕྱོགས་ཀྱི་ཚོམ་བུ་ལ་ཞག་གཅིག་སྡོད་དོ། །དེ་བཞིན་དུ་ ཕྱོགས་བཞིའི་ཚོམ་བུ་ལ་ཞག་རེ་རེ་སྡོད་དོ། །དེ་ནས་ཡང་ལྷུན་གྲུབ་ལ་ངེས་པ་རྙེད་ ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་བཅུ་བཞི་ན་དོན་བྱེད་ནུས་སོ། །དབང་པོ་རབ་ ཀྱི་འབྲིང་ནི་ཞག་ལྔ་ན་བདེན་པ་མཐོང་ངོ་། །དེ་ཡང་འདི་ལྟ་སྟེ། ཞག་བཞི་ཚོམ་བུ་ ལ་སྡོད་དོ། །ཞག་གཅིག་ཡེ་ཤེས་ཀྱི་སྣང་བ་ལ་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ ནས་འོད་ཟེར་གྱི་ཐག་པ་རྟ་རྔ་ཙམ་ཞིག་བྱུང་སྟེ། དེ་ཡང་ནམ་མཁའི་མཐོངས་སུ་ འགྲེང་བུར་འོང་ངོ་། །དེ་ལ་རང་གི་མིག་མ་ཡེངས་པར་བཟུང་ནས་བལྟས་པས་ ནམ་མཁའི་དཀྱིལ་ན་ཚོམ་བུ་ཆེན་པོ་བཀྲ་ས་ལེ་བ་དེ་མཐོང་ནས་དེ་ལ་ཡིད་ཆེས་ རབ་ཏུ་སྐྱེས་ནས་རང་གི་སྣང་བ་ཡིན་སྙམ་པའི་ཤེས་པ་ཞིག་བྱུང་བས་ཡིད་ཆེས་པ་ མ་པང་དུ་བུ་འཇུག་པའི་གདམས་ངག་ཅེས་བྱའོ། །དེ་ནས་དེ་ལ་རང་གི་རིག་པ་ བསྟིམ་གྱིས་ཐིམ་པ་ནི་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་མན་ངག་གོ །དེ་ལ་ ཡང་མི་གནས་པར་ཀ་དག་གི་ས་ལ་ཐིམ་པ་ནི་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ ལྟ་བུའི་གདམས་ངག་ཅེས་བྱའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་གཅིག་ན་དོན་བྱེད་

[p. 383] ༈ ཚིག་དོན་རིན་པོ་ཆེའི་མཛོད། ནུས་སོ། །དབང་པོ་རབ་ཀྱི་ཐ་མ་ནི་ཞག་དྲུག་ཐོགས་ཏེ། དེ་ཡང་ཚོམ་བུ་ལ་ཞག་ བཞི་ཐོགས། ཡེ་ཤེས་ཀྱི་སྣང་བ་དང་ཆོས་ཀྱི་དབྱིངས་ལ་ཞག་གཅིག་ཐོགས་སོ། ། དེ་ནས་ཡང་རང་གི་མིག་གཉིས་ནས་ཡེ་ཤེས་ཀྱི་མེ་ལོང་གསལ་བ་གཉིས་ལྷག་ གིས་འཆར་ཏེ། དེ་ལས་སྣང་བ་དཔག་ཏུ་མེད་པ་འཕྲོས་ནས། གཅིག་རང་གི་སྟེང་ དུ་ཚོམ་བུ་གཅིག་ཏུ་སྡོད་དོ། །གཅིག་རང་གི་མདུན་དུ་ཚོམ་བུ་ཆེན་པོ་ཞིག་ཏུ་མཐོང་ ངོ་། །དེ་ནས་ངེས་པ་ཐོབ་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་ལྔ་ན་དོན་ བྱེད་ནུས་སོ་ཞེས་དང་། འབྲིང་གི་ངེས་པ་ལ་འཇོག་པ་ནི་ཞག་བདུན་ན་ངེས་པ་རྙེད་ དོ༑ ༑དེ་ཡང་ཞག་ལྔ་ཚོམ་བུའི་སྣང་བ་ལ་སྡོད་དོ། །

[edit]
OCR of the BDRC scans (I8LS32911), gorn05 tibocr 2026: BDRC OCR on 307 pages, Mitra OCR on 201 pages (the model with more recognisable syllables on each page).

[p. 447] མཁྱེན་པ་ཡེ་ཤེས་སུ་རྒྱས་པས་སྔར་གྱི་མངོན་པར་ཤེས་པ་དེ་དག་དུས་གཅིག་ཏུ་མཐོང་། མཛད་པ་འཕྲིན་ལས་སུ་རྒྱས་པས་སྤྲུལ་སྐུའི་མཛད་པ་སུམ་ཅུ་རྩ་དྲུག་མཐར་ ཕྱིན། ཆོས་ཉིད་འགག་པ་མེད་པའི་ཡེ་ཤེས་ལ་སྤྱོད་པའི་མངོན་ཤེས་ཀྱིས་ཤེས་བྱ་ལ་སྲིད་ཚད་མཐོང་། མཚན་མ་རང་དག་པའི་ཡེ་ཤེས་ཀྱི་མངོན་ཤེས་ཀྱིས་ཆོས་དང་ཆོས་ཉིད་མ་ལུས་པའི་རང་བཞིན་མངོན་དུ་གྱུར་

[p. 448] ༄༅། །སོགས་པ་བདུན་དང་། རབ་ཀྱི་ཐ་མ་འཛིན་པ་ལ་འཁྲུལ་པ་ལ་སོགས་པ་བདུན་ཏེ་ཉི་ཤུ་རྩ་གཅིག་ནི་གོང་གི་ཇི་ལྟ་བ་བཞིན་དུ་རྒྱུན་གྱི་གནས་པ་ལས་གསལ་བ་སྟེ། རང་ཤར་ལས། སེམས་ཅན་རྣམས་ནི་བར་དོ་ལ་འདི་ལྟར་འཁྲུལ་ལོ། །ལ་ལ་རྣམ་པ་ལ་འཁྲུལ་ལོ། །ལ་ལ་ཉམས་ལ་འཁྲུལ་ལོ། །ལ་ལ་དེ་མ་ཐག་པ་ལ་འཁྲུལ་ལོ། །ལ་ལ་དམིགས་པ་ལ་འཁྲུལ་ལོ། །ལ་ལ་ཇི་མི་སྙན་ པ་ལ་འཁྲུལ་ལོ། །ལ་ལ་སྙམ་བྱེད་ལ་འཁྲུལ་ལོ། །ལ་ལ་ཡུལ་ལ་འཁྲུལ་ལོ། །ལ་ལ་ཡུལ་མེད་པ་ལ་འཁྲུལ་ལོ། །ལ་ལ་སྙིང་པོ་ལ་འཁྲུལ་ལོ། །ལ་ལ་མ་རིག་པ་ལ་འཁྲུལ་ལོ། །ལ་ལ་རྐྱེན་ལ་ འཁྲུལ་ལོ། །ལ་ལ་བཏགས་པ་ལ་འཁྲུལ་ལོ། །ལ་ལ་ང་ལ་འཁྲུལ་ལོ། །ལ་ལ་ང་མ་ཤེས་པ་ལ་འཁྲུལ་ལོ། །ལ་ལ་འཛིན་པ་ལ་འཁྲུལ་ལོ། །ལ་ལ་འཛིན་པ་མེད་པ་ལ་འཁྲུལ་ལོ། །ལ་ལ་འདུ་ཤེས་ ལ་འཁྲུལ་ལོ། །ལ་ལ་རྒྱུ་ལ་འཁྲུལ་ལོ། །ལ་ལ་སྐད་ཅིག་གིས་འཁྲུལ་ལོ། །ལ་ལ་རྟགས་ལ་འཁྲུལ་ལོ། །ལ་ལ་གཟུགས་ལ་འཁྲུལ་ལོ། །བར་མ་དོ་ལ་སེམས་ཅན་གྱི་བློ་ཉི་ཤུ་རྩ་གཅིག་ཡོད་ པའི་ཕྱིར་འཁྲུལ་ལུགས་ཉི་ཤུ་རྩ་གཅིག་ལ་སྣང་བ་རྫོགས་པར་འོང་སྟེ། དེ་ཡང་འཁྲུལ་ལུགས་རེ་རེ་ལ་སྣང་བ་རེ་རེ་འཆར་རོ། །དེ་ནི་བར་དོ་ལ་འཁྲུལ་ལུགས་རྒྱས་པར་བཤད་པའོ་ཞེས་སོ། །གཉིས་པ་དབང་

[p. 449] གི་ཐ་མ་དང་། འབྲིང་གི་འབྲིང་དང་། འབྲིང་གི་རབ་དང་། འབྲིང་གི་ཕུལ་དང་། འབྲིང་གི་མཆོག་དང་། འབྲིང་གི་རྩེ་མོ་དང་། འབྲིང་གི་མཐར་ཕྱིན་པའོ། །དེ་ལ་ཡང་ཡེ་ཤེས་སྐྱེ་བའི་ཚད་རེ་འབྱུང་ངོ་། །དེ་ནི་འབྲིང་གི་དབྱི་ བ་ཡིན་ནོ། །ཐ་མ་ལའང་བདུན་ཏེ། ཐ་མའི་ཐ་མ་དང་། ཐ་མའི་འབྲིང་དང་། ཐ་མའི་རབ་དང་། ཐ་མའི་མཆོག་དང་། ཐ་མའི་ཕུལ་དང་། ཐ་མའི་རྩེ་མོ་དང་། ཐ་མའི་རྩེ་ཟིན་པའོ་ཞེས་སོ། །གཉིས་པ་ལ་གསུམ་སྟེ། གྲོལ་འཁྲུལ་གྱི་རྣམ་གཞག་སྤྱིར་བསྟན། དབང་པོའི་གྲོལ་ལུགས་བྱེ་བྲག་ཏུ་བཤད། ཐིམ་ཚུལ་གྱི་རིམ་པས་མཇུག་བསྡུ་བའོ། །དང་པོ་ནི། ཆོས་ཉིད་ཀྱི་སྣང་བ་འདི་དག་གི་དུས་ན་རང་ངོ་ཤེས་པ་རྣམས་དབང་པོ་ཉི་ཤུ་རྩ་ གཅིག་གི་རིམ་པས་གྲོལ་བ་དང་། མ་ཤེས་པ་རྣམས་དེ་ནས་འཁྲུལ་པའི་རིམ་པ་སྔོན་གྱི་གཞི་སྣང་ལས་སེམས་ཅན་གྱི་འཁྲུལ་ཚུལ་ལྟར་འབྱུང་བ་སྟེ། ཉི་ཟླ་ཁ་སྦྱོར་ལས། དབང་པོ་ཉི་ཤུ་རྩ་གཅིག་གི་བྱེ་བྲག་ཏུ་བསྟན་པ་ ཡང་ཡོད་དོ། །དེར་རང་གི་ཤེས་པ་མ་ཚུད་ཅིང་སྔར་བླ་མའི་ལུང་མེད་པ་རྣམས་ནི་སྣང་བ་དེ་ལ་བྲེད་པ་དང་། དངངས་པ་དང་། རྡུགས་པ་དང་། འཇིགས་པ་དང་། འདུ་ཤེས་ཤོར་བ་ལ་སོགས་ཏེ་ཡང་འཁོར་བའི་ཉེ་བར་ ལེན་པའི་ཁ་ལན་ཏེ་དབང་པོ་ཉི་ཤུ་རྩ་གཅིག་གྱི་བྱེ་བྲག་ཏུ་འཁྲུལ་པ་ཡང་ཡོད་དོ་ཞེས་སོ། །འཁྲུལ་ཚུལ་ནི། ཐ་མའི་ཐ་མ་རྣམ་པ་ལ་འཁྲུལ་པ་ལ་སོགས་པ་བདུན་དང་། འབྲིང་གི་ཐ་མ་ཡུལ་མེད་པ་ལ་འཁྲུལ་པ་ལ་

[p. 450] ༄༅། །ཆ་ཡིན་ལ། བསམ་གཏན་ནི་གནས་པ་ཏིང་ངེ་འཛིན་གྱི་ཆ་ཡིན་ནོ། །སྐད་ཅིག་ནམ་གསུམ་དུ་བསྡུས་ཀྱང་འགལ་བ་མེད། གཅིག་དང་ལྔར་ཕྱེ་ཡང་འགལ་བ་མེད་དེ། གྲོལ་ཚད་རྟོགས་ བ་སྐྱེ་བའི་རང་དུས་ངོས་ཟིན་པ་ཙམ་ལས་གཞན་དུ་འཁྲུལ་པ་མེད་དོ། །བསམ་གཏན་ལ་རྒྱུད་ནས་སོ་སོར་གང་བཤད་ཀྱི་ཆ་དེ་ལས་མང་ཉུང་དུ་དབྱེ་བ་སྔ་བྱས་པ་མེད་དོ། །བསམ་གཏན་རྣམས་སྐད་ཅིག་མས་བཅིངས་ པར་ཤེས་པར་བྱའོ། །འདི་མ་བྱེད་ན་ཆ་འདྲེས་ནས་ཅི་ཟེར་དང་བཞག་ས་མེད་པའི་སྐྱོན་གྱིས་མགོ་འཁྲུགས་པར་ཡོད་པས་གནད་གལ་པོ་ཆེ་ཡིན་ནོ། །དེ་དག་གི་ངེས་པ་རྒྱུད་ཀྱི་སྟེང་ནས་རྟོགས་པར་བྱ་སྟེ། རང་ཤར་ལས་ དེ་ཡང་དབང་པོ་རབ་ནི་སྐད་ཅིག་མ་གསུམ་ལ་སངས་རྒྱས་ནས་སྤེལ་པ་རང་བཞིན་དུ་འབྱུང་ངོ། །དེ་ཡང་སྐད་ཅིག་མ་གཅིག་ལ་ཚེམ་བུའི་སྣང་བ་འགགས། སྐད་ཅིག་མ་གཅིག་ལ་ལྷུན་གྲུབ་ཀྱི་སྣང་བ་སྐྱེས། སྐད་ཅིག་མ་གཅིག་གིས་ ཀ་དག་གི་བདེན་པ་མཐོང་ངོ། །དེ་ཡང་སྤྲུལ་པ་ནི་ཀ་དག་གིས་ནས་མི་འགྱིད་དེ། ལམ་དུ་དབང་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐོབ་ནས། དཔེར་ན་སྐར་མདའ་ནམ་མཁའ་ལ་རྒྱུག་པའི་ཚུལ་ཏེ། སྐར་མདའ་དེ་ལས་འོད་འཕྲོ་བ་དང་འདྲ་བར་སྤྲུལ་པ་ བཀྱེ་ནས་འགྲོ་བའི་དོན་བྱེད་དེ། དོན་བྱེད་ན་ཞག་གསུམ་ནས་ནུས་སོ། །དབང་པོ་རབ་ཀྱི་རྩེ་མོ་ནི་ཞག་གཅིག་པོར་དོར་སྡོད་དོ། །དེ་ཡང་ཡེ་ཤེས་ཁ་སྦྱོར་གྱི་སྣང་བ་ལ་རང་གི་སྣང་བ་མཐོང་སྟེ། དེ་ཡང་བདག་གི་

[p. 451] པའི་གྲོལ་ལུགས་བྱེ་བྲག་ཏུ་བཤད་པ་ལ། སྤྱིར་སྐད་ཅིག་བསམ་གཏན་གྱི་ཞག་མང་ཉུང་ཇི་ཙམ་བསྟན་ཡང་དབང་པོ་ཉི་ཤུ་རྩ་གཅིག་གི་གྲོལ་ལུགས་འདིར་འདུ་བས། དབང་པོ་རབ་རྣམས་སྐད་ཅིག་གསུམ་ལ་ གྲོལ་ཏེ། དང་པོ་ལ་རང་སྣང་མཐོང་། གཉིས་པ་ལ་བྱེ་བྲག་ཕྱེད། གསུམ་པ་ལ་ཕྱེད་ཐོག་ནས་གྲོལ་བའོ། །འདི་ལའང་རབ་ཀྱི་མཐར་ཕྱིན་པ་དེ་སྐད་ཅིག་གསུམ་པ་རྫོགས་མ་ཐག་ལ་ཀ་དག་ཏུ་གྲོལ་ལ། ལྷག་མ་དྲུག་ གི་སྐད་ཅིག་གསུམ་ནི་བྱ་བ་རྫོགས་པའི་སྐད་ཅིག་མ་གསུམ་སྟེ། བསམ་གཏན་གྱི་ཞག་མང་ཉུང་ཅི་རིགས་པ་ཡོད་པ་ནི་རྒྱུད་ན་གསལ་ལོ། །འབྲིང་རྣམས་སྐད་ཅིག་བཞི་ལ་གྲོལ་ཏེ། དང་པོ་ལ་རང་སྣང་དུ་ཤར། གཉིས་པ་ལ་རང་གདངས་སུ་ཤེས། གསུམ་པ་ལ་ཤེས་ཐོག་ཏུ་གནས། བཞི་པ་ལ་གནས་ཐོག་ནས་གྲོལ་ལོ། །ཐ་མ་རྣམས་སྐད་ཅིག་ལྔ་ལ་གྲོལ་ཏེ། སྐད་ཅིག་དང་པོ་ལ་སྣང་བ་ཤར། གཉིས་པ་ལ་དཔྱད་པ་ ཞུགས། གསུམ་པ་ལ་རང་སྣང་དུ་ཤེས། བཞི་པ་ལ་ཤེས་ཐོག་ཏུ་གནས། ལྔ་པ་ལ་གནས་ཐོག་ནས་གྲོལ་བའོ། །འདི་དག་ཀྱང་བྱ་བ་རྫོགས་པའི་སྐད་ཅིག་མ་ཡིན་ལ། དེ་དག་ལའང་བསམ་གཏན་གྱི་ཞག་ མང་ཉུང་ཅི་རིགས་སུ་ཡོད་པ་ནི་རྒྱུད་བཞིན་ནོ། །ཁ་ཅིག་གིས་སྐད་ཅིག་དང་བསམ་གཏན་གཉིས་གཅིག་ཏུ་བཤད་པ་ནི་ཆ་ཕྱེད་དབྱིངས་མགོ་བ་རྣམ་པ་འདྲེས་པ་ཡིན་ནོ། །སྐད་ཅིག་མ་ནི་རྟོགས་ཚུལ་ཤེས་རབ་ཀྱི་

[p. 452] ༄༅། །ཕྱོགས་ཀྱི་ཚོམ་བུ་ལ་ཞག་གཅིག་སྡོད་དོ། །དེ་བཞིན་ཕྱོགས་བཞིའི་ཚོམ་བུ་ལ་ཞག་རེ་རེ་སྡོད་དོ། །དེ་ནས་ཡང་ལྷུན་གྲུབ་ལ་ངེས་པ་རྙེད་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་བཅུ་ བཞིན་དོན་བྱེད་ནུས་སོ། །དབང་པོ་རབ་ཀྱི་འབྲིང་ནི་ཞག་ལྔ་ན་བདེན་པ་མཐོང་ངོ། །དེ་ཡང་འདི་ལྟ་སྟེ། ཞག་བཞི་ཚོམ་བུ་ལ་སྡོད་དོ། །ཞག་གཅིག་ཡེ་ཤེས་ཀྱི་སྣང་བ་ལ་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ནས་ འོད་ཟེར་གྱི་ཐག་པ་རྟ་རྔ་ཙམ་ཞིག་བྱུང་སྟེ། དེ་ཡང་ནམ་མཁའི་མཐོངས་སུ་འགྲེང་བུར་འོང་ངོ། །དེ་ལ་རང་གི་མིག་མ་ཡེངས་པར་བཟུང་ནས་བལྟས་པས་ནམ་མཁའི་དཀྱིལ་ན་ཚོམ་བུ་ཆེན་པོ་བཀྲ་ས་ལེ་བ་དེ་མཐོང་ ནས་དེ་ལ་ཡིད་ཆེས་རབ་ཏུ་སྐྱེས་ནས་རང་གི་སྣང་བ་ཡིན་སྙམ་པའི་ཤེས་པ་ཞིག་བྱུང་བས་ཡིད་ཆེས་པ་མ་པང་དུ་བུ་འཇུག་པའི་གདམས་ངག་ཅེས་བྱའོ། །དེ་ནས་དེ་ལ་རང་གི་རིག་པ་བསྟིམ་གྱིས་ཐིམ་པ་ནི་མི་འགྱུར་ བ་གསེར་གྱི་ཐུར་མ་ལྟ་བུའི་མན་ངག་གོ །དེ་ལ་ཡང་མི་གནས་པར་ཀ་དག་གི་ས་ལ་ཐིམ་པ་ནི་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་གདམས་ངག་ཅེས་བྱའོ།། སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་གཅིག་ནི་དོན་བྱེད་ ནུས་སོ། །དབང་པོ་རབ་ཀྱི་ཐ་མ་ནི་ཞག་དྲུག་ཐོགས་ཏེ། དེ་ཡང་ཚོམ་བུ་ལ་ཞག་བཞི་ཐོགས། ཡེ་ཤེས་ཀྱི་སྣང་བ་དང་ཆོས་ཀྱི་དབྱིངས་ལ་ཞག་གཅིག་ཐོགས་སོ། །དེ་ནས་ཡང་རང་གི་མིག་གཉིས་ནས་ཡེ་ཤེས་ཀྱི་མེ་ལོང་

[p. 453] མིག་ནས་ཡེ་ཤེས་ཀྱི་མེ་གཉིས་བྱུང་བས་མཚོན་ཆར་བབ་བ་དེ་ཀུན་ཚིག་ནས་སྣང་བ་འགག་པ་མེད་པར་ཤར་བས་དེ་ལ་རང་གི་ཤེས་པ་སད་ནས་རང་གི་ཡུལ་མཐོང་སྟེ་ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་ནས་ཡང་སྐར་མདའ་ལྟ་ བུར་ཤེས་པར་བྱའོ། །དབང་པོ་རབ་ཀྱི་མཆོག་ནི་ཞག་གཉིས་ན་འཚང་རྒྱ་སྟེ། །དེ་ཡང་ཚེམ་བུའི་སྣང་བ་ལ་ཞག་གཅིག་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཉི་མ་གཅིག་འཆར་ཏེ་དེ་ལས་འོད་ཟེར་ཕྱོགས་བཅུར་ འཕྲོའོ༑ ༑དེ་ལས་འོད་ཟེར་གྱི་རྩེ་མོ་རེ་རེ་ལ་དེ་བཞིན་གཤེགས་པའི་སྐུ་རེ་རེ་འཆར་རོ། །དེས་སྣང་བའི་སྤྱོད་ཡུལ་ཐམས་ཅད་སྐུའི་རང་བཞིན་དུ་མཐོང་ངོ། །དེ་ནས་ཡང་ལྷུན་གྲུབ་ཀྱི་སྣང་བ་ལ་ཡང་ངེས་བ་རྙེད་ནས་སྤྲུལ་པ་ཡང་ཞག་ བདུན་ན་དོན་བྱེད་ནུས་སོ། །ཡང་སྐར་མདའ་བཞིན་ནོ། །རབ་ཀྱི་ཕུལ་ནི་ཞག་གསུམ་བར་དོ་ལ་སྡོད་དོ། །དེ་ཡང་ཚེམ་བུ་ལ་ཞག་གཅིག་སྡོད་དོ། དེ་ལ་ཡང་ངེས་པ་རྙེད་པས་ཡེ་ཤེས་ཀྱི་སྣང་བ་ལ་རང་གི་སྣང་བའི་ཆ་གཅིག་ འཆར་རོ། །དེ་ཡང་ཞག་གཅིག་སྡོད་དོ། ཞག་དང་པོ་ལ་འོད་མཐོང་ངོ། །ཞག་གཉིས་པ་ལ་སྐུ་མཐོང་སྟེ། སྐུ་དེ་ཡང་ཆེ་བ་རགས་པར་མཐོང་ངོ། །དེ་ལ་ཡིད་ཅེས་ནས་ལྷུན་གྲུབ་ཀྱི་ས་དེ་ལ་ངེས་པ་རྙེད་དོ། །དེ་ཡང་སྐར་མདའ་ ལྟར་ཤེས་པར་བྱའོ། །སྤྲུལ་པ་ཡང་ཞག་བཅུ་གཅིག་ན་དོན་བྱེད་ནུས་སོ། རབ་ཀྱི་རབ་ནི་ཞག་བཞི་བར་དོ་ལ་སྡོད་དོ། དེ་ཡང་རང་གི་མདུན་ན་ཚོམ་བུ་ལྔ་བཀྲ་ས་ལེ་འདུག་པ་མཐོང་ནས་དེ་ལ་རང་གི་བག་ཆགས་སད་ནས་ཤར་

[p. 454] ༄༅། །གི་ཕུལ་ནི་ཞག་བཅུ་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡེ་ཤེས་ཀྱི་སྣང་བ་ལ་བཞི། ལྷུན་གྲུབ་ཀྱི་སྣང་བ་ལ་ཞག་གཅིག་ཐོགས་ནས་སྐུ་དེ་དག་ཐམས་ཅད་གཉིས་མེད་དུ་རྟོགས་ནས་ འཆེད་རྒྱའོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་གཅིག་ན་དོན་བྱེད་ནུས་སོ། །འབྲིང་གི་རབ་ཞག་བཅུ་གཅིག་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་གཅིག་གནས་ཏེ། དེ་ནས་ཡང་ངེས་པ་ རྙེད་ནས་སྣང་བ་ཐམས་ཅད་འོད་ཁྱིམ་དུ་མཐོང་ནས་ངེས་པ་རྙེད་དོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་བཞི་ན་དོན་བྱེད་ནུས་སོ། །འབྲིང་གི་འབྲིང་ནི་ཞག་བཅུ་གཉིས་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡོངས་སུ་ཁྲོ་ བའི་ཞིང་ཁམས་སུ་གཅིག །ཡེ་ཤེས་ཀྱི་སྣང་བ་ལ་ཞག་ལྔ། ལྷུན་གྲུབ་ཀྱི་སྣང་བ་ལ་ཞག་གཅིག་གནས་ནས་ཀྱང་ངེས་པ་རྙེད་དེ་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་བདུན་ན་དོན་བྱེད་ནུས་སོ། ། འབྲིང་གི་ཐ་མ་ནི་ཞག་བཅུ་གསུམ་ཐོགས་ཏེ། ཡང་ཚོམ་བུ་གོང་འོག་ལ་དྲུག །ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་གཉིས་གནས་པས། ཡང་ཅིར་སྣང་མར་མེའི་དཀྱིལ་འཁོར་ལྟར་མཐོང་ནས་ངེས་པ་རྙེད་དོ། །སྤྲུལ་ པ་ཡང་ཞག་སུམ་ཅུ་རྩ་དགུ་ན་དོན་བྱེད་ནུས་སོ་ཞེས་པ་དང་། དེ་ཡང་ཐ་མའི་ས་ཟིན་པ་ནི་ཞག་བཅུ་བཞི་ཐོགས་ཏེ། དེ་ཡང་ཚོམ་བུ་གོང་འོག་ལ་དྲུག །ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་ཞག་གསུམ་ཐོགས་པའི་ཐ་

[p. 455] གསལ་བ་གཉིས་ལྷག་གིས་འཆར་ཏེ། དེ་ལས་སྣང་བ་དཔག་ཏུ་མེད་པ་འཕྲོས་ནས། །གཅིག་རང་གི་སྟེང་དུ་ཚོམ་བུ་གཅིག་ཏུ་སྡོད་དོ། །གཅིག་རང་གི་མདུན་དུ་ཚོམ་བུ་ཆེན་པོ་ཞིག་ཏུ་མཐོང་ངོ། །དེ་ནས་ངེས་པ་ཐོབ་ནས་ འཚང་རྒྱའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་ལྔ་ན་དོན་བྱེད་ནུས་སོ་ཞེས་དང་། འབྲིང་གི་ངེས་པ་ལ་འཇོག་པ་ནི་ཞག་བདུན་ན་ངེས་པ་རྙེད་དོ། །དེ་ཡང་ཞག་ལྔ་ཚོམ་བུའི་སྣང་བ་ལ་སྡོད་དོ། །

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 1009 typing errors, November 2026), with the variants of the other editions under each page (25 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = Tshig don mdzod MW3CN4957; X = Tshig don mdzod MW8LS32779. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 683] ཡེ་ཤེས་སུ་རྒྱས་པས་སྔར་གྱི་མངོན་པར་ཤེས་པ་དེ་དག་དུས་གཅིག་ཏུ་མཐོང༌། མཛད་པ་འཕྲིན་ལས་སུ་རྒྱས་པས་སྤྲུལ་སྐུའི་མཛད་པ་སུམ་ཅུ་རྩ་དྲུག་མཐར་ཕྱིན། ཆོས་ཉིད་འགག་པ་མེད་པའི་ཡེ་ཤེས་ལ་སྤྱོད་པའི་མངོན་ཤེས་ཀྱིས་ཤེས་བྱ་ལ་སྲིད་ཚད་མཐོང༌། མཚན་མ་རང་དག་པའི་ཡེ་ཤེས་ཀྱི་མངོན་ཤེས་ཀྱིས་ཆོས་དང་ཆོས་ཉིད་མ་ལུས་པའི་རང་བཞིན་མངོན་དུ་གྱུར་པ་སྟེ་དྲུག་གོ །དེ་ལྟར་ན་མངོན་པར་ཤེས་པ་ཐམས་ཅད་བསྡོམས་ན་བརྒྱ་སུམ་ཅུ་རྩ་བཞི་སྟེ་བསྡུ་ན་སུམ་ཅུ་རྩ་དྲུག དེ་ཡང་བསྡུ་ན་རྩ་བ་དྲུག་ཁོ་ནའོ། །མི་བརྗེད་པའི་གཟུངས་ནི་ཉི་ཟླ་ཁ་སྦྱོར་ལས། དེའི་ཚེ་མི་བརྗེད་པའི་གཟུངས་རྣམས་ཀྱང་རང་གི་རྒྱུད་ལ་སྐྱེ་བ་སྟེ། སྔོན་གྱི་ཆོས་ཐམས་ཅད་རྒྱུད་ལ་དུས་གཅིག་ལ་འཆར་རོ། །དེ་བཞིན་དུ་སྔར་མ་མཐོང་བའི་ཆོས་རྣམས་ཀྱང་འཆར་བས་ན་ཆོས་ཉིད་ཀྱི་བར་དོ་ཞེས་བྱའོ་ཞེས་སོ། །རྒྱུན་གྱི་ཏིང་ངེ་

པའི་མངོན་ཤེས་ཀྱིས་ཤེས་བྱ ] om. W

[p. 684] འཛིན་ཡང༌། རྒྱུད་དེ་ཉིད་ལས། རྒྱུན་གྱི་ཏིང་ངེ་འཛིན་རྒྱུད་ལ་རང་བཞིན་གྱིས་ཤར་བས་རྣམ་པར་རྟོག་པ་ངན་པ་གཏན་ནས་མི་སྐྱེའོ་ཞེས་སོ། །གསུམ་པ་དབང་པོའི་རིམ་པས་དོན་བསྡུ་བ་ལ་གཉིས་ཏེ། དབང་པོའི་རབ་ཏུ་དབྱེ་བ་དང༌། སོ་སོའི་རང་བཞིན་རྒྱས་པར་བཤད་པའོ །དང་པོ་ནི་ཉི་ཤུ་རྩ་གཅིག་སྟེ། རང་ཤར་ལས། དབང་པོ་ལ་རྣམ་པ་གསུམ་བསྟན་ཏེ། རབ་དང༌། འབྲིང་དང༌། ཐ་མའོ། །རབ་ལ་བདུན་ཏེ། རབ་ཀྱི་ཐ་མ་དང༌། རབ་ཀྱི་འབྲིང་དང༌། རབ་ཀྱི་རབ་དང༌། རབ་ཀྱི་ཕུལ་དང༌། རབ་ཀྱི་མཆོག་དང༌། རབ་ཀྱི་རྩེ་མོ་དང༌། རབ་ཀྱི་མཐར་ཕྱིན་པའོ། །དེ་ནི་རབ་ཀྱི་དབྱེ་བ་ཡིན་ནོ། །དེ་ཡང་མཐོང་ཚུལ་རེ། ཡེ་ཤེས་ཀྱི་སྣང་བ་སྐྱེ་ཚུལ་རེ། རྟོགས་པའི་ཚད་རེ། སྣང་བའི་སྐྱེ་ཚུལ་རེ། གོ་བའི་དུས་རེ། ཤེས་པའི་ལྟ་ལུགས་རེ་ཤར་ནས་རང་རང་གི་སྣང་བ་ལ་བརྟན་པ་ཐོབ་བོ། །འབྲིང་

པ་གཏན་ནས་མི་སྐྱེའོ་ཞེས ] མྀ P · རབ་ཀྱི་འབྲིང་⁁་དང་རབ ] བ W · ཚུལ་རེ་རྟོགས་པའི་ཚད་རེ ] པ W · བརྟན་པ་ཐོབ་བོ་འབྲིང་ལའང ] པོ A G

[p. 685] ལའང་བདུན་ཏེ། འབྲིང་གི་ཐ་མ་དང༌། འབྲིང་གི་འབྲིང་དང༌། འབྲིང་གི་རབ་དང༌། འབྲིང་གི་ཕུལ་དང༌། འབྲིང་གི་མཆོག་དང༌། འབྲིང་གི་རྩེ་མོ་དང༌། འབྲིང་གི་མཐར་ཕྱིན་པའོ། །དེ་ལ་ཡང་ཡེ་ཤེས་སྐྱེ་བའི་ཚད་རེ་འབྱུང་ངོ༌། །དེ་ནི་འབྲིང་གི་དབྱེ་བ་ཡིན་ནོ། །ཐ་མ་ལའང་བདུན་ཏེ། ཐ་མའི་ཐ་མ་དང༌། ཐ་མའི་འབྲིང་དང༌། ཐ་མའི་རབ་དང༌། ཐ་མའི་མཆོག་དང༌། ཐ་མའི་ཕུལ་དང༌། ཐ་མའི་རྩེ་མོ་དང༌། ཐ་མའི་རྩེ་ཟིན་པའོ་ཞེས་སོ། །གཉིས་པ་ལ་གསུམ་སྟེ། གྲོལ་འཁྲུལ་གྱི་རྣམ་གཞག་སྤྱིར་བསྟན། དབང་པོའི་གྲོལ་ལུགས་བྱེ་བྲག་ཏུ་བཤད། ཐིམ་ཚུལ་གྱི་རིམ་པས་མཇུག་བསྡུ་བའོ། །དང་པོ་ནི། ཆོས་ཉིད་ཀྱི་སྣང་བ་འདི་དག་གི་དུས་ན་རང་ངོ་ཤེས་པ་རྣམས་དབང་པོ་ཉི་ཤུ་རྩ་གཅིག་གི་རིམ་པས་གྲོལ་བ་དང༌། མ་ཤེས་པ་རྣམས་དེ་ནས་འཁྲུལ་བའི་རིམ་པ་སྔོན་གྱི་གཞི་སྣང་ལས་

ནི་འབྲིང་གི་དབྱེ་བ་ཡིན ] དབྱི D G X · དེ་ནས་འཁྲུལ་བའི་རིམ་པ ] པའི W P D G S X

[p. 686] སེམས་ཅན་གྱི་འཁྲུལ་ཚུལ་ལྟར་འབྱུང་བ་སྟེ། ཉི་ཟླ་ཁ་སྦྱོར་ལས། དབང་པོ་ཉི་ཤུ་རྩ་གཅིག་གི་བྱེ་བྲག་ཏུ་བསྟན་པ་ཡང་ཡོད་དོ། །དེར་རང་གི་ཤེས་པ་མ་ཚུད་ཅིང་སྔར་བླ་མའི་ལུང་མེད་པ་རྣམས་ནི་སྣང་བ་དེ་ལ་བྲེད་པ་དང༌། དངངས་པ་དང༌། རྡུགས་པ་དང༌། འཇིགས་པ་དང༌། འདུ་ཤེས་ཤོར་བ་ལ་སོགས་ཏེ་ཡང་འཁོར་བའི་ཉེ་བར་ལེན་པའི་ཁ་ལེན་ཏེ་དབང་པོ་ཉི་ཤུ་རྩ་གཅིག་གི་བྱེ་བྲག་ཏུ་འཁྲུལ་པ་ཡང་ཡོད་དོ་ཞེས་སོ། །འཁྲུལ་ཚུལ་ནི། ཐ་མའི་ཐ་མ་རྣམ་པ་ལ་འཁྲུལ་པ་ལ་སོགས་པ་བདུན་དང༌། འབྲིང་གི་ཐ་མ་ཡུལ་མེད་པ་ལ་འཁྲུལ་པ་ལ་སོགས་པ་བདུན་དང༌། རབ་ཀྱི་ཐ་མ་འཛིན་པ་ལ་འཁྲུལ་པ་ལ་སོགས་པ་བདུན་ཏེ་ཉི་ཤུ་རྩ་གཅིག་ནི་གོང་གི་ཇི་ལྟ་བ་བཞིན་དུ་རྒྱུན་གྱི་གནས་པ་ལས་གསལ་བ་སྟེ། རང་ཤར་ལས། སེམས་ཅན་རྣམས་ནི་བར་དོ་ལ་འདི་ལྟར་འཁྲུལ་ལོ། །ལ་ལ་རྣམ་པ་ལ་འཁྲུལ་ལོ། །ལ་ལ་ཉམས་ལ་

མའི་ཐ་མ་རྣམ་པ་ལ ] རྣམས W

[p. 687] འཁྲུལ་ལོ། །ལ་ལ་དེ་མ་ཐག་པ་ལ་འཁྲུལ་ལོ། །ལ་ལ་དམིགས་པ་ལ་འཁྲུལ་ལོ། །ལ་ལ་ཇི་མི་སྙམ་པ་ལ་འཁྲུལ་ལོ། །ལ་ལ་སྙམ་བྱེད་ལ་འཁྲུལ་ལོ། །ལ་ལ་ཡུལ་ལ་འཁྲུལ་ལོ། །ལ་ལ་ཡུལ་མེད་པ་ལ་འཁྲུལ་ལོ། །ལ་ལ་སྙིང་པོ་ལ་འཁྲུལ་ལོ། །ལ་ལ་མ་རིག་པ་ལ་འཁྲུལ་ལོ། །ལ་ལ་རྐྱེན་ལ་འཁྲུལ་ལོ། །ལ་ལ་བཏགས་པ་ལ་འཁྲུལ་ལོ། །ལ་ལ་ད་ལ་འཁྲུལ་ལོ། །ལ་ལ་ངོ་མ་ཤེས་པ་ལ་འཁྲུལ་ལོ། །ལ་ལ་འཛིན་པ་ལ་འཁྲུལ་ལོ། །ལ་ལ་འཛིན་པ་མེད་པ་ལ་འཁྲུལ་ལོ། །ལ་ལ་འདུ་ཤེས་ལ་འཁྲུལ་ལོ། །ལ་ལ་རྒྱུ་ལ་འཁྲུལ་ལོ། །ལ་ལ་སྐད་ཅིག་གིས་འཁྲུལ་ལོ། །ལ་ལ་རྟགས་ལ་འཁྲུལ་ལོ། །ལ་ལ་གཟུགས་ལ་འཁྲུལ་ལོ། །བར་མ་དོ་ལ་སེམས་ཅན་གྱི་བློ་ཉི་ཤུ་རྩ་གཅིག་ཡོད་པའི་ཕྱིར་འཁྲུལ་ལུགས་ཉི་ཤུ་རྩ་གཅིག་ལ་སྣང་བ་རྫོགས་པར་འོང་སྟེ། དེ་ཡང་འཁྲུལ་ལུགས་རེ་རེ་ལ་སྣང་

ལོ་ལ་ལ་ཡུལ་མེད་པ ] ཡུམ A G · ལོ་ལ་ལ་ད་ལ་འཁྲུལ ] ང P S

[p. 688] བ་རེ་རེ་འཆར་རོ། །དེ་ནི་བར་དོ་ལ་འཁྲུལ་ལུགས་རྒྱས་པར་བཤད་པའོ་ཞེས་སོ། །གཉིས་པ་དབང་པོའི་གྲོལ་ལུགས་བྱེ་བྲག་ཏུ་བཤད་པ་ལ། སྤྱིར་སྐད་ཅིག་བསམ་གཏན་གྱི་ཞག་མང་ཉུང་ཇི་ཙམ་བསྟན་ཡང་དབང་པོ་ཉི་ཤུ་རྩ་གཅིག་གི་གྲོལ་ལུགས་འདིར་འདུ་བས། དབང་པོ་རབ་རྣམས་སྐད་ཅིག་གསུམ་ལ་གྲོལ་ཏེ། དང་པོ་ལ་རང་སྣང་མཐོང༌། གཉིས་པ་ལ་བྱེ་བྲག་ཕྱེད། གསུམ་པ་ལ་ཕྱེད་ཐོག་ནས་གྲོལ་བའོ། །འདི་ལའང་རབ་ཀྱི་མཐར་ཕྱིན་པ་དེ་སྐད་ཅིག་གསུམ་པ་རྫོགས་མ་ཐག་ལ་ཀ་དག་ཏུ་གྲོལ་ལ། ལྷག་མ་དྲུག་གི་སྐད་ཅིག་གསུམ་ནི་བྱ་བ་རྫོགས་པའི་སྐད་ཅིག་མ་གསུམ་སྟེ། བསམ་གཏན་གྱི་ཞག་མང་ཉུང་ཅི་རིགས་པ་ཡོད་པ་ནི་རྒྱུད་ན་གསལ་ལོ། །འབྲིང་རྣམས་སྐད་ཅིག་བཞི་ལ་གྲོལ་ཏེ། དང་པོ་ལ་རང་སྣང་དུ་ཤར། གཉིས་པ་ལ་རང་གདངས་སུ་ཤེས། གསུམ་པ་ལ་ཤེས་ཐོག་ཏུ་གནས། བཞི་པ་ལ་

བྲག་ཕྱེད་གསུམ་པ་ལ་ཕྱེད ] om. W · གསུམ་པ་རྫོགས་མ་ཐག་ལ ] པ W

[p. 689] གནས་ཐོག་ནས་གྲོལ་ལོ། །ཐ་མ་རྣམས་སྐད་ཅིག་ལྔ་ལ་གྲོལ་ཏེ། སྐད་ཅིག་དང་པོ་ལ་སྣང་བ་ཤར། གཉིས་པ་ལ་དཔྱད་པ་ཞུགས། གསུམ་པ་ལ་རང་སྣང་དུ་ཤེས། བཞི་པ་ལ་ཤེས་ཐོག་ཏུ་གནས། ལྔ་པ་ལ་གནས་ཐོག་ནས་གྲོལ་བའོ། །འདི་དག་ཀྱང་བྱ་བ་རྫོགས་པའི་སྐད་ཅིག་མ་ཡིན་ལ། དེ་དག་ལའང་བསམ་གཏན་གྱི་ཞག་མང་ཉུང་ཅི་རིགས་སུ་ཡོད་པ་ནི་རྒྱུད་བཞིན་ནོ། །ཁ་ཅིག་གིས་སྐད་ཅིག་དང་བསམ་གཏན་གཉིས་གཅིག་ཏུ་བཤད་པ་ནི་ཆ་ཕྱེད་དབྱིངས་མ་གོ་བ་རྣམ་པ་འདྲེས་པ་ཡིན་ནོ། །སྐད་ཅིག་མ་ནི་རྟོགས་ཚུལ་ཤེས་རབ་ཀྱི་ཆ་ཡིན་ལ། བསམ་གཏན་ནི་གནས་པ་ཏིང་ངེ་འཛིན་གྱི་ཆ་ཡིན་ནོ། །སྐད་ཅིག་རྣམ་གསུམ་དུ་བསྡུས་ཀྱང་འགལ་བ་མེད། གཅིག་དང་ལྔར་ཕྱེ་ཡང་འགལ་བ་མེད་དེ། གྲོལ་ཚད་རྟོགས་པ་སྐྱེ་བའི་རང་དུས་ངོས་ཟིན་པ་ཙམ་ལས་གཞན་དུ་འཁྲུལ་པ་མེད་དོ། །

ཐོག་ནས་གྲོལ་བའོ་འདི་དག ] པའོ D G · ནོ་སྐད་ཅིག་རྣམ་གསུམ་དུ ] རྣམས W · རྟོགས་པ་སྐྱེ་བའི་རང་དུས ] པའི P S · སྐྱེ་བའི་རང་དུས་ངོས་ཟིན ] དུ W

[p. 690] བསམ་གཏན་ལ་རྒྱུད་ནས་སོ་སོར་གང་བཤད་ཀྱི་ཆ་དེ་ལ་མང་ཉུང་དུ་དབྱེ་བསྡུ་བྱས་པ་མེད་དོ། །བསམ་གཏན་རྣམས་སྐད་ཅིག་མས་བཅིངས་པར་ཤེས་པར་བྱའོ། །འདི་མ་ཕྱེད་ན་ཆ་འདྲེས་ནས་ཅི་ཟེར་དང་བཞགས་མེད་པའི་སྐྱོན་གྱིས་མགོ་འཁྲུགས་པར་ཡོད་པས་གནད་གལ་པོ་ཆེ་ཡིན་ནོ། །དེ་དག་གི་ངེས་པ་རྒྱུད་ཀྱི་སྟེང་ནས་རྟོགས་པར་བྱ་སྟེ། རང་ཤར་ལས། དེ་ཡང་དབང་པོ་རབ་ནི་སྐད་ཅིག་མ་གསུམ་ལ་སངས་རྒྱས་ནས་སྤྲུལ་པ་རང་བཞིན་དུ་འབྱུང་ངོ༌། །དེ་ཡང་སྐད་ཅིག་མ་གཅིག་ལ་ཚོམ་བུའི་སྣང་བ་འགགས། སྐད་ཅིག་མ་གཅིག་ལ་ལྷུན་གྲུབ་ཀྱི་སྣང་བ་སྐྱེས། །སྐད་ཅིག་མ་གཅིག་གིས་ཀ་དག་གི་བདེན་པ་མཐོང་ངོ༌། །དེ་ཡང་སྤྲུལ་པ་ནི་ཀ་དག་གི་ས་ནས་མི་འགྱེད་དེ། ལམ་དུ་དབང་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐོབ་ནས། དཔེར་ན་སྐར་མདའ་ནམ་མཁའ་ལ་རྒྱུག་པའི་ཚུལ་ཏེ། སྐར་མདའ་དེ་ལས་འོད་འཕྲོ་བ་དང་

ཀྱི་ཆ་དེ་ལ་མང་ཉུང ] ལས A P D G S · ན་ཆ་འདྲེས་ནས་ཅི་ཟེར ] ན W · ཅི་ཟེར་དང་བཞགས་མེད་པའི ] བཞག་ས A P D G S

[p. 691] འདྲ་བར་སྤྲུལ་པ་བཀྱེ་ནས་འགྲོ་བའི་དོན་བྱེད་དེ། དོན་བྱེད་ནི་ཞག་གསུམ་ནས་ནུས་སོ། །དབང་པོ་རབ་ཀྱི་རྩེ་མོ་ནི་ཞག་གཅིག་བར་དོར་སྡོད་དོ། །དེ་ཡང་ཡེ་ཤེས་ཁ་སྦྱོར་གྱི་སྣང་བ་ལ་རང་གི་སྣང་བ་མཐོང་སྟེ། དེ་ཡང་བདག་གི་མིག་ནས་ཡེ་ཤེས་ཀྱི་མེ་གཉིས་བྱུང་བས་མཚོན་ཆར་བབ་པ་དེ་ཀུན་ཚིག་ནས་སྣང་བ་འགག་པ་མེད་པར་ཤར་བས་དེ་ལ་རང་གི་ཤེས་པ་སད་ནས་རང་གི་ཡུལ་མཐོང་སྟེ་ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་ནས་ཡང་སྐར་མདའ་ལྟ་བུར་ཤེས་པར་བྱའོ། །དབང་པོ་རབ་ཀྱི་མཆོག་ནི་ཞག་གཉིས་ན་འཚང་རྒྱ་སྟེ། དེ་ཡང་ཚོམ་བུའི་སྣང་བ་ལ་ཞག་གཅིག་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཉི་མ་གཅིག་འཆར་ཏེ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོའོ། །དེ་ལས་འོད་ཟེར་གྱི་རྩེ་མོ་རེ་རེ་ལ་དེ་བཞིན་གཤེགས་པའི་སྐུ་རེ་རེ་འཆར་རོ། །དེས་སྣང་བའི་སྤྱོད་ཡུལ་ཐམས་ཅད་སྐུའི་རང་

ཀྱི་མེ་གཉིས་བྱུང་བས་མཚོན ] འབྱུང W

[p. 692] བཞིན་དུ་མཐོང་ངོ༌། །དེ་ནས་ཡང་ལྷུན་གྲུབ་ཀྱི་སྣང་བ་ལ་ཡང་ངེས་པ་རྙེད་ནས་སྤྲུལ་པ་ཡང་ཞག་བདུན་ན་དོན་བྱེད་ནུས་སོ། །ཡང་སྐར་མདའ་བཞིན་ནོ། །རབ་ཀྱི་ཕུལ་ནི་ཞག་གསུམ་བར་དོ་ལ་སྡོད་དོ། །དེ་ཡང་ཚོམ་བུ་ལ་ཞག་གཅིག་སྡོད་དོ། །དེ་ལ་ཡང་ངེས་པ་རྙེད་པས་ཡེ་ཤེས་ཀྱི་སྣང་བ་ལ་རང་གི་སྣང་བའི་ཆ་གཅིག་འཆར་རོ། །དེ་ཡང་ཞག་གཅིག་སྡོད་དོ། །ཞག་དང་པོ་ལ་འོད་མཐོང་ངོ༌། །ཞག་གཉིས་པ་ལ་སྐུ་མཐོང་སྟེ། སྐུ་དེ་ཡང་ཆེ་བ་རགས་པར་མཐོང་ངོ༌། །དེ་ལ་ཡིད་ཆེས་ནས་ལྷུན་གྲུབ་ཀྱི་ས་དེ་ལ་ངེས་པ་རྙེད་དོ། །དེ་ཡང་སྐར་མདའ་ལྟར་ཤེས་པར་བྱའོ། །སྤྲུལ་པ་ཡང་ཞག་བཅུ་གཅིག་ན་དོན་བྱེད་ནུས་སོ། །རབ་ཀྱི་རབ་ནི་ཞག་བཞི་བར་དོ་ལ་སྡོད་དོ། །དེ་ཡང་རང་གི་མདུན་ན་ཚོམ་བུ་ལྔ་བཀྲ་ས་ལེ་འདུག་པ་མཐོང་ནས་དེ་ལ་རང་གི་བག་ཆགས་སད་ནས་ཤར་ཕྱོགས་ཀྱི་ཚོམ་བུ་ལ་ཞག་གཅིག་སྡོད་དོ། །

དེ་ཡང་ཆེ་བ་རགས་པར ] བར W · ནས་ལྷུན་གྲུབ་ཀྱི་ས་དེ་ལ ] ཀྱིས D G · ཚོམ་བུ་ལྔ་བཀྲ་ས་ལེ་འདུག ] བཀྲས W · ལ་ཞག་གཅིག་སྡོད་དོ་དེ་བཞིན ] སྡོང་ངོ A G

[p. 693] དེ་བཞིན་དུ་ཕྱོགས་བཞིའི་ཚོམ་བུ་ལ་ཞག་རེ་རེ་སྡོད་དོ། །དེ་ནས་ཡང་ལྷུན་གྲུབ་ལ་ངེས་པ་རྙེད་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་བཅུ་བཞི་ན་དོན་བྱེད་ནུས་སོ། །དབང་པོ་རབ་ཀྱི་འབྲིང་ནི་ཞག་ལྔ་ན་བདེན་པ་མཐོང་ངོ༌། །དེ་ཡང་འདི་ལྟ་སྟེ། ཞག་བཞི་ཚོམ་བུ་ལ་སྡོད་དོ། །ཞག་གཅིག་ཡེ་ཤེས་ཀྱི་སྣང་བ་ལ་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་གྱི་ཐག་པ་རྟ་རྔ་ཙམ་ཞིག་བྱུང་སྟེ། དེ་ཡང་ནམ་མཁའི་མཐོངས་སུ་འགྲེང་བུར་འོང་ངོ༌། །དེ་ལ་རང་གི་མིག་མ་ཡེངས་པར་བཟུང་ནས་བལྟས་པས་ནམ་མཁའི་དཀྱིལ་ན་ཚོམ་བུ་ཆེན་པོ་བཀྲ་ས་ལེ་བ་དེ་མཐོང་ནས་དེ་ལ་ཡིད་ཆེས་རབ་ཏུ་སྐྱེས་ནས་རང་གི་སྣང་བ་ཡིན་སྙམ་པའི་ཤེས་པ་ཞིག་བྱུང་བས་ཡིད་ཆེས་པ་མ་པང་དུ་བུ་འཇུག་པའི་གདམས་ངག་ཅེས་བྱའོ། །དེ་ནས་དེ་ལ་རང་གི་རིག་པ་བསྟིམ་གྱིས་ཐིམ་པ་ནི་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་མན་

བུ་ཆེན་པོ་བཀྲ་ས་ལེ་བ ] བཀྲས W

[p. 694] ངག་གོ །དེ་ལ་ཡང་མི་གནས་པར་ཀ་དག་གི་ས་ལ་ཐིམ་པ་ནི་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་གདམས་ངག་ཅེས་བྱའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་གཅིག་ན་དོན་བྱེད་ནུས་སོ། །དབང་པོ་རབ་ཀྱི་ཐ་མ་ནི་ཞག་དྲུག་ཐོགས་ཏེ། དེ་ཡང་ཚོམ་བུ་ལ་ཞག་བཞི་ཐོགས། ཡེ་ཤེས་ཀྱི་སྣང་བ་དང་ཆོས་ཀྱི་དབྱིངས་ལ་ཞག་གཅིག་ཐོགས་སོ། །དེ་ནས་ཡང་རང་གི་མིག་གཉིས་ནས་ཡེ་ཤེས་ཀྱི་མེ་ལོང་གསལ་བ་གཉིས་ལྷག་གིས་འཆར་ཏེ། དེ་ལས་སྣང་བ་དཔག་ཏུ་མེད་པ་འཕྲོས་ནས། གཅིག་རང་གི་སྟེང་དུ་ཚོམ་བུ་གཅིག་ཏུ་སྡོད་དོ། །གཅིག་རང་གི་མདུན་དུ་ཚོམ་བུ་ཆེན་པོ་ཞིག་ཏུ་མཐོང་ངོ༌། །དེ་ནས་ངེས་པ་ཐོབ་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་ལྔ་ན་དོན་བྱེད་ནུས་སོ་ཞེས་དང༌། འབྲིང་གི་ངེས་པ་ལ་འཇོག་པ་ནི་ཞག་བདུན་ན་ངེས་པ་རྙེད་དོ། །དེ་ཡང་ཞག་ལྔ་ཚོམ་བུའི་སྣང་བ་ལ་སྡོད་དོ། །ཞག་གཅིག་ཆོས་

[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the divisions of each unit; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The first levels of the outline of the whole work are on the contents page.
2 Extensive explanation of the nature of each སོ་སོའི་རང་བཞིན་རྒྱས་པར་བཤད་པ [p. 605]
2.3 Intermediate state of dharmatā: trust in self-appearance, like meeting an old acquaintance or a child entering its mother's lap ཆོས་ཉིད་ཀྱི་བར་དོར་རང་སྣང་ལ་ཡིད་ཆེས་པ་སྔར་འདྲིས་ཀྱི་མི་དང་འཕྲད་པའམ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག [p. 644]
2.3.2 Extensive explanation of the nature of the oral instruction གདམས་ངག་གི་རང་བཞིན་རྒྱས་པར་བཤད་པ [p. 646]
2.3.2.2 Extensive explanation of the stages of arising འཆར་ཚུལ་གྱི་རིམ་པ་རྒྱས་པར་བཤད་པ [p. 647]
2.3.2.2.4 The appearance of primordial wisdom dissolving into spontaneous presence ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པའི་སྣང་བ [p. 658]
2.3.2.2.4.1 The way spontaneous presence arises ལྷུན་གྲུབ་ཀྱི་འཆར་ལུགས [p. 658]
2.3.2.2.4.1.3 The fourteen enumerated qualities ཡོན་ཏན་གྱི་རྣམ་གྲངས་བཅུ་བཞི [p. 665] topical
2.3.2.2.4.1.3.3 The dhāraṇī of non-forgetting མི་བརྗེད་པའི་གཟུངས [p. 683]
Citing the Union of the Sun and Moon: all past Dharma and teachings never seen before dawn at once in the mindstream, hence the name intermediate state of dharmatā.
2.3.2.2.4.1.3.4 The continuous samādhi རྒྱུན་གྱི་ཏིང་ངེ་འཛིན [p. 683]
The same tantra states that once continuous samādhi naturally arises in the mindstream, bad discursive thoughts never arise.
2.3.2.3 Summarizing the meaning by the gradation of faculties དབང་པོའི་རིམ་པས་དོན་བསྡུ་བ [p. 684]
Quoting the Self-Arising, practitioners are classified into twenty-one grades of faculty. Longchenpa explains how each grade is liberated or deluded in the dharmatā intermediate state, the instants and days its liberation takes, and the eight modes by which appearances finally dissolve into the dharmakāya.
2.3.2.3.1 Classification of the faculties དབང་པོའི་རབ་ཏུ་དབྱེ་བ [p. 684]
Quoting the Self-Arising: superior, middling and lesser faculties are each divided into seven, from lesser to consummate, giving twenty-one, each with its own way of seeing and measure of realization.
2.3.2.3.2 Extensive explanation of the nature of each སོ་སོའི་རང་བཞིན་རྒྱས་པར་བཤད་པ [p. 685]
Those who recognize dharmatā's appearances are liberated in twenty-one grades; those who do not are deluded in twenty-one ways. Superior, middling and lesser faculties are freed in three, four or five instants over set days. The section gives three pith instructions and the eight modes of dissolution into the single expanse.
2.3.2.3.2.1 General presentation of liberation and delusion གྲོལ་འཁྲུལ་གྱི་རྣམ་གཞག་སྤྱིར་བསྟན [p. 685]
Those who recognize the appearances of dharmatā are liberated by the twenty-one grades; those who do not are deluded in twenty-one ways, as listed in the Union of the Sun and Moon and the Self-Arising.
2.3.2.3.2.2 Specific explanation of the modes of liberation of the faculties དབང་པོའི་གྲོལ་ལུགས་བྱེ་བྲག་ཏུ་བཤད་པ [p. 688]
Superior, middling and lesser faculties are liberated in three, four or five instants. Instants are distinguished from days of concentration. The Self-Arising specifies days of awakening and emanation for each grade. Three key instructions follow: recognition, non-wavering and irreversibility. The superior practitioner illustrates the scheme.
2.3.2.3.2.2.1 Liberation in three, four or five instants སྐད་ཅིག་གསུམ་བཞི་ལྔ་ལ་གྲོལ་ཚུལ [p. 688] topical
Superior faculties are liberated in three instants, middling in four, lesser in five, each instant's function specified; the consummate superior is liberated into primordial purity right after the third.
2.3.2.3.2.2.2 Distinguishing instants from meditative concentrations སྐད་ཅིག་དང་བསམ་གཏན་གཉིས་ཕྱེ་བ [p. 689] topical
Refutes equating instants with meditative concentrations: instants belong to insight and realization, concentrations to abiding samādhi and are bound by the instants; this is a key point.
2.3.2.3.2.2.3 The account in the Self-Arising རང་ཤར་གྱི་ལུང [p. 690] topical
Citing the Self-Arising, gives the days each of the twenty-one grades spends in clusters, wisdom and spontaneous presence before awakening, and when emanations begin to act. Superior grades take three instants to six days, middling seven to thirteen days, and lesser fourteen to nineteen; all reach buddhahood.
2.3.2.3.2.2.3.1 Those of superior faculties དབང་པོ་རབ [p. 690] topical
The seven superior grades awaken from three instants up to six days, with visions such as wisdom fires, suns and cords of light; emanations act after three to twenty-five days.
2.3.2.3.2.2.3.2 Those of middling faculties དབང་པོ་འབྲིང [p. 694] topical
The seven middling grades find certainty in seven to thirteen days spent in clusters, wisdom and spontaneous presence; emanations act after twenty-six to thirty-nine days.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 683] has expanded into primordial wisdom, one sees those earlier superknowledges at one and the same time. Since deeds have expanded into enlightened activity, the thirty-six deeds of the nirmāṇakāya are brought to completion. Through the superknowledge that engages in the primordial wisdom of unceasing dharmatā, one sees, among the knowable, all that can exist. Through the superknowledge of the primordial wisdom in which marks are naturally pure (rang dag),[274]Note 274 · p. 683 · mtshan ma: rendered "marks" per the glossary, against "characteristics" (Gemini 4 Neon, Claude Fable 5.2) and "signs" (Dharmamitra, GPT-6.2 Astra). the nature of all phenomena and of dharmatā, without exception, becomes manifest. Thus there are six.

Thus, if all the superknowledges are added together, there are one hundred and thirty-four; if condensed, there are thirty-six; and if these too are condensed, there are only the six root ones.

2.3.2.2.4.1.3.3 The dhāraṇī of non-forgetting མི་བརྗེད་པའི་གཟུངས2.3.2.2.4.1.3.3 The dhāraṇī of non-forgetting
Citing the Union of the Sun and Moon: all past Dharma and teachings never seen before dawn at once in the mindstream, hence the name intermediate state of dharmatā.

As for the dhāraṇī of non-forgetting, the Union of the Sun and Moon says:

"At that time the dhāraṇīs of non-forgetting also arise in one's own mindstream: all the Dharma of the past[273]Note 273 · p. 683 · sngon gyi chos thams cad … sngar ma mthong ba'i chos: Dharmamitra reads chos as "phenomena"; Gemini 4 Neon, Claude Fable 5.2 and GPT-6.2 Astra as teachings. Since the passage concerns the dhāraṇī of non-forgetting, I take it as the Dharma (teachings previously received, and teachings never before seen). dawns in the mindstream at one time. Likewise, since teachings of the Dharma never seen before also dawn, it is called the intermediate state of dharmatā (chos nyid kyi bar do)."Nyi zla kha sbyorQuotation (named in the text: ཉི་ཟླ་ཁ་སྦྱོར་ལས)
ཉི་མ་དང་ཟླ་བ་ཁ་སྦྱོར་བ་ཆེན་པོ་གསང་བའི་རྒྱུད, nyi ma dang zla ba kha sbyor ba chen po gsang ba'i rgyud, The Union of Sun and Moon · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0064-vol-01-text (the text itself), 67 % of the words.

2.3.2.2.4.1.3.4 The continuous samādhi རྒྱུན་གྱི་ཏིང་ངེ་འཛིན2.3.2.2.4.1.3.4 The continuous samādhi
The same tantra states that once continuous samādhi naturally arises in the mindstream, bad discursive thoughts never arise.

As for the continuous

[p. 684] samādhi too, that same tantra says:

"Since the continuous samādhi has naturally arisen in the mindstream, bad discursive thoughts never arise at all."Nyi zla kha sbyorQuotation (the text says: the same source: རྒྱུད་དེ་ཉིད་ལས)
ཉི་མ་དང་ཟླ་བ་ཁ་སྦྱོར་བ་ཆེན་པོ་གསང་བའི་རྒྱུད, nyi ma dang zla ba kha sbyor ba chen po gsang ba'i rgyud, The Union of Sun and Moon · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0064-vol-01-text (the text itself), 50 % of the words.

2.3.2.3 Summarizing the meaning by the gradation of faculties དབང་པོའི་རིམ་པས་དོན་བསྡུ་བ2.3.2.3 Summarizing the meaning by the gradation of faculties
Quoting the Self-Arising, practitioners are classified into twenty-one grades of faculty. Longchenpa explains how each grade is liberated or deluded in the dharmatā intermediate state, the instants and days its liberation takes, and the eight modes by which appearances finally dissolve into the dharmakāya.

Third, summarizing the meaning by way of the gradation of faculties has two parts: the classification of the faculties, and the extensive explanation of the nature of each.

2.3.2.3.1 Classification of the faculties དབང་པོའི་རབ་ཏུ་དབྱེ་བ2.3.2.3.1 Classification of the faculties
Quoting the Self-Arising: superior, middling and lesser faculties are each divided into seven, from lesser to consummate, giving twenty-one, each with its own way of seeing and measure of realization.

First, there are twenty-one. The Self-Arising says:

"Three kinds of faculties are taught: superior, middling and lesser. The superior has seven: the lesser of the superior, the middling of the superior, the superior of the superior, the excellent of the superior, the supreme of the superior, the summit of the superior, and the consummate of the superior. Those are the divisions of the superior. For each of them, moreover, there arises a way of seeing, a way in which the appearances of primordial wisdom arise, a measure (tshad) of realization, a way in which appearances arise, a time of understanding, and a way in which cognition looks;[275]Note 275 · p. 684 · shes pa'i lta lugs: Dharmamitra has "awareness" for shes pa; corrected to "cognition". GPT-6.2 Astra's "visions" for snang ba is not used, since the glossary keeps "vision" for the four visions. and each attains stability (brtan pa) in its own appearances. The middling

[p. 685] too has seven: the lesser of the middling, the middling of the middling, the superior of the middling, the excellent of the middling, the supreme of the middling, the summit of the middling, and the consummate of the middling. For these too there occurs, for each, a measure of the arising of primordial wisdom. Those are the divisions of the middling. The lesser too has seven: the lesser of the lesser, the middling of the lesser, the superior of the lesser, the supreme of the lesser, the excellent of the lesser,[276]Note 276 · p. 685 · In the list of the lesser faculties the Tibetan gives mchog before phul (the reverse of the two preceding lists) and ends with rtse zin pa instead of mthar phyin pa. This is kept as it stands. the summit of the lesser, and the lesser that has reached the summit."Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 70 % of the words.

2.3.2.3.2 Extensive explanation of the nature of each སོ་སོའི་རང་བཞིན་རྒྱས་པར་བཤད་པ2.3.2.3.2 Extensive explanation of the nature of each
Those who recognize dharmatā's appearances are liberated in twenty-one grades; those who do not are deluded in twenty-one ways. Superior, middling and lesser faculties are freed in three, four or five instants over set days. The section gives three pith instructions and the eight modes of dissolution into the single expanse.

The second has three parts: the general teaching of the presentation of liberation (grol ba) and delusion; the specific explanation of the modes of liberation of the faculties; and the conclusion by way of the stages of the manner of dissolution.

2.3.2.3.2.1 General presentation of liberation and delusion གྲོལ་འཁྲུལ་གྱི་རྣམ་གཞག་སྤྱིར་བསྟན2.3.2.3.2.1 General presentation of liberation and delusion
Those who recognize the appearances of dharmatā are liberated by the twenty-one grades; those who do not are deluded in twenty-one ways, as listed in the Union of the Sun and Moon and the Self-Arising.

First: at the time of these appearances of dharmatā, those who recognize their own face are liberated according to the gradation of the twenty-one faculties, while for those who do not recognize it, the stages of delusion from then on come about just as, from the former ground-appearances,

[p. 686] sentient beings became deluded. The Union of the Sun and Moon says:[277]Note 277 · p. 685 · Dharmamitra moved the first sentence of the Union of the Sun and Moon citation before the page marker and left it outside the quotation. It belongs to the citation, on p. 686.

"There is also what is taught in terms of the particulars of the twenty-one faculties. Those whose own cognition has not entered into that, and who previously had no transmission from a guru, are startled by those appearances, panic, are at a loss, are afraid, lose their perception ('du shes)[278]Note 278 · p. 686 · 'du shes shor ba: Dharmamitra has "lose consciousness"; rendered "lose their perception" per the glossary. rdugs pa is taken as "to be at a loss, brought to a standstill" (Gemini 4 Neon "overwhelmed", Claude Fable 5.2 "confounded", Dharmamitra "bewildered", GPT-6.2 Astra "struck dumb"). and so forth, and so once again take on the appropriation of saṃsāra. Thus there is also delusion in terms of the particulars of the twenty-one faculties."Nyi zla kha sbyorQuotation (named in the text: ཉི་ཟླ་ཁ་སྦྱོར་ལས)
ཉི་མ་དང་ཟླ་བ་ཁ་སྦྱོར་བ་ཆེན་པོ་གསང་བའི་རྒྱུད, nyi ma dang zla ba kha sbyor ba chen po gsang ba'i rgyud, The Union of Sun and Moon · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0064-vol-01-text (the text itself), 74 % of the words.

As for the manner of delusion: there are the seven beginning with the lesser of the lesser,[279]Note 279 · p. 686 · tha ma'i tha ma rnam pa la 'khrul pa la sogs pa bdun: Dharmamitra reads this as seven types of delusion belonging to the lesser of the lesser alone. Following Gemini 4 Neon, Claude Fable 5.2 and GPT-6.2 Astra, I take it as the seven faculties beginning with the lesser of the lesser, each paired with one delusion. The citation that follows confirms this: rnam pa is its first item, yul med pa its eighth. who are deluded about aspects; the seven beginning with the lesser of the middling, who are deluded about the absence of an object; and the seven beginning with the lesser of the superior, who are deluded about grasping. These twenty-one are clear from their standing in continuous sequence,[280]Note 280 · p. 686 · rgyun gyi gnas pa las gsal ba: all drafts render "continuous abiding", and GPT-6.2 Astra takes it as an earlier "account". No such account precedes. Since Longchenpa is matching the twenty-one delusions of the citation one by one to the faculties listed above, I read it as "their standing in continuous sequence". The phrase remains somewhat doubtful. in exact accordance with the above. The Self-Arising says:

"Sentient beings are deluded in the intermediate state as follows. Some are deluded about aspects. Some are deluded about experience (nyams).[281]Note 281 · p. 686 · The final sentence (la la nyams la / 'khrul lo) runs onto p. 687; the English sentence is completed here, so the next part should begin with "Some are deluded about what is immediate…".

[p. 687] Some are deluded about what is immediate.[283]Note 283 · p. 687 · de ma thag pa: GPT-6.2 Astra "what comes immediately after" and Claude Fable 5.2 "what immediately precedes" each add a direction the Tibetan does not give; rendered neutrally as "what is immediate" (cf. Dharmamitra, Gemini 4 Neon). Some are deluded about a reference point. Some are deluded about supposing nothing whatsoever.[284]Note 284 · p. 687 · ji mi snyam pa: GPT-6.2 Astra and Claude Fable 5.2 take it literally ("not thinking anything"), Dharmamitra and Gemini 4 Neon idiomatically ("indifference", "unconcern"). Since it is paired with snyam byed (glossary "supposition"), I render "supposing nothing whatsoever"; the idiomatic sense of unconcern is also possible. Some are deluded about supposition. Some are deluded about an object. Some are deluded about the absence of an object. Some are deluded about the heart.[285]Note 285 · p. 687 · snying po: all drafts have "essence"; rendered "heart" per the house glossary, which reserves "essence" for ngo bo. Some are deluded about ignorance. Some are deluded about conditions. Some are deluded about imputation. Some are deluded about the present.[286]Note 286 · p. 687 · da la: read as "the present" ("now"), with all drafts; the reading is terse and possibly abbreviated. Some are deluded about non-recognition. Some are deluded about grasping. Some are deluded about the absence of grasping. Some are deluded about perception. Some are deluded about a cause (rgyu). Some are deluded in an instant. Some are deluded about signs. Some are deluded about form (gzugs). Because sentient beings in the intermediate state have twenty-one kinds of intellect, the appearances come to be complete in twenty-one modes of delusion.

Moreover, for each mode of delusion one[282]Note 282 · p. 687 · The opening འཁྲུལ་ལོ། completes "Some are deluded about experience", already rendered at the end of the previous part; the drafts repeat it (GPT-6.2 Astra, Dharmamitra) or leave a fragment (Claude Fable 5.2, Gemini 4 Neon), so the text begins with the next item.

[p. 688] appearance arises. That is the extensive explanation of the modes of delusion in the intermediate state."Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

2.3.2.3.2.2 Specific explanation of the modes of liberation of the faculties དབང་པོའི་གྲོལ་ལུགས་བྱེ་བྲག་ཏུ་བཤད་པ2.3.2.3.2.2 Specific explanation of the modes of liberation of the faculties
Superior, middling and lesser faculties are liberated in three, four or five instants. Instants are distinguished from days of concentration. The Self-Arising specifies days of awakening and emanation for each grade. Three key instructions follow: recognition, non-wavering and irreversibility. The superior practitioner illustrates the scheme.

Second, the specific explanation of the modes of liberation of the faculties.

2.3.2.3.2.2.1 Liberation in three, four or five instants སྐད་ཅིག་གསུམ་བཞི་ལྔ་ལ་གྲོལ་ཚུལ2.3.2.3.2.2.1 Liberation in three, four or five instants (topical division)
Superior faculties are liberated in three instants, middling in four, lesser in five, each instant's function specified; the consummate superior is liberated into primordial purity right after the third.

In general, however many or few instants and days of meditative concentration may be taught, they are all included here, in the modes of liberation of the twenty-one faculties. Thus those of superior faculties are liberated in three instants: in the first they see self-appearance; in the second they distinguish the particulars; in the third they are liberated right upon that distinguishing. Among these too, the one who is the consummation of the superior[287]Note 287 · p. 688 · rab kyi mthar phyin pa: taken as the highest of the seven grades of superior faculties (called dbang po rab kyi rtse mo on the next page), the "remaining six" being the other superior grades. is liberated into primordial purity as soon as the third instant is complete, whereas the three instants of the remaining six are three "instants of the completion of an act" (bya ba rdzogs pa'i skad cig ma); that these have more or fewer days of meditative concentration, as the case may be, is clear in the tantra. Those of middling faculties are liberated in four instants: in the first, it arises as self-appearance; in the second, it is known as natural radiance (rang gdangs); in the third, they abide upon that knowing; in the fourth,

[p. 689] they are liberated right upon that abiding. Those of lesser faculties are liberated in five instants: in the first instant, appearances arise; in the second, examination sets in; in the third, they are known as self-appearance; in the fourth, they abide upon that knowing; in the fifth, they are liberated right upon that abiding. These too are instants of the completion of an act, and that for them as well there are more or fewer days of meditative concentration, as the case may be, is just as in the tantra.

2.3.2.3.2.2.2 Distinguishing instants from meditative concentrations སྐད་ཅིག་དང་བསམ་གཏན་གཉིས་ཕྱེ་བ2.3.2.3.2.2.2 Distinguishing instants from meditative concentrations (topical division)
Refutes equating instants with meditative concentrations: instants belong to insight and realization, concentrations to abiding samādhi and are bound by the instants; this is a key point.

That some explain the instants and the meditative concentrations as being one and the same is a mixing up of aspects by those who have not understood the sphere in which the two parts are distinguished.[288]Note 288 · p. 689 · cha phyed dbyings ma go ba: the wording is doubtful (dbyings is odd here; possibly a corruption). Dharmamitra's "the distinction between the aspects and the expanse" cannot be right in context. I read "not having understood the sphere in which the parts are distinguished", close to GPT-6.2 Astra, Claude Fable 5.2 and Gemini 4 Neon. The instants are the manner of realization, the part of insight; the meditative concentrations are abiding, the part of samādhi. Even if the instants are condensed into three, there is no contradiction; even if they are divided into one or into five, there is no contradiction. For this is nothing more than identifying the very time at which realization, the measure of liberation, arises, and beyond that there is no error.[289]Note 289 · p. 689 · gzhan du 'khrul pa med do: Dharmamitra reads "without which there would be delusion", reversing the sense; GPT-6.2 Astra reads "no mistaking it for anything else". I follow Claude Fable 5.2 and Gemini 4 Neon: the differing counts merely identify the time realization arises, and beyond that there is no error. 'khrul pa is non-technical here, hence "error" rather than "delusion".

[p. 690] As for the meditative concentrations, with regard to whatever portion the tantra teaches for each individually, no dividing or condensing into more or fewer has been made. It should be understood that the meditative concentrations are bound by the instants. If this distinction is not drawn, the parts become mixed up, and through the fault of there being no telling what is being said[290]Note 290 · p. 690 · ci zer dang bzhags med pa: bzhags is probably for bzhag sa (or bzhag); read as "no telling what is being said and nowhere to settle it". and nowhere to settle it, one is thrown into confusion; it is therefore a key point of great importance.

2.3.2.3.2.2.3 The account in the Self-Arising རང་ཤར་གྱི་ལུང2.3.2.3.2.2.3 The account in the Self-Arising (topical division)
Citing the Self-Arising, gives the days each of the twenty-one grades spends in clusters, wisdom and spontaneous presence before awakening, and when emanations begin to act. Superior grades take three instants to six days, middling seven to thirteen days, and lesser fourteen to nineteen; all reach buddhahood.

Certainty about these is to be realized on the basis of the tantra itself.

The Self-Arising says:

"

2.3.2.3.2.2.3.1 Those of superior faculties དབང་པོ་རབ2.3.2.3.2.2.3.1 Those of superior faculties (topical division)
The seven superior grades awaken from three instants up to six days, with visions such as wisdom fires, suns and cords of light; emanations act after three to twenty-five days.

Moreover, those of superior faculties awaken in three instants, and emanations then come forth naturally. That is, in one instant the appearances of the clusters cease;[291]Note 291 · p. 690 · tshom bu'i snang ba: Dharmamitra adds "peaceful and wrathful", which is not in the Tibetan; omitted. in one instant the appearances of spontaneous presence arise; by one instant the truth of primordial purity is seen. Moreover, the emanations are not sent forth from the level of primordial purity:[292]Note 292 · p. 690 · ka dag gi sa: GPT-6.2 Astra, Dharmamitra and Gemini 4 Neon have "ground"; rendered "level" with Claude Fable 5.2, as "ground" is reserved for gzhi. having attained on the path the suchness (de bzhin nyid) of all empowerments (dbang),[293]Note 293 · p. 690 · dbang thams cad kyi de bzhin nyid: Gemini 4 Neon reads "powers"; GPT-6.2 Astra, Dharmamitra and Claude Fable 5.2 read "empowerments", followed here per the glossary, though "mastery" or "powers" is not excluded. it is, for example, in the manner of a shooting star racing across the sky; just as light radiates from that shooting star,[294]Note 294 · p. 690 · Dharmamitra runs on into the next page's text ("emanations are dispatched … after three days"); the translation stops at 'od 'phro ba dang, leaving the simile to be completed in the next part.

[p. 691] so too emanations are sent forth[297]Note 297 · p. 691 · Dharmamitra omits the opening sentence ('dra bar sprul pa bkye nas … zhag gsum nas nus so); it is restored here. and act for the benefit of beings; and they are able to act for that benefit after three days.

"Those at the summit of superior faculties remain in the intermediate state (bar do) for one day. That is, within the appearances of the union of primordial wisdom (ye shes kha sbyor)[295]Note 295 · p. 691 · ye shes kha sbyor gyi snang ba: rendered literally as "the appearances of the union of primordial wisdom"; it may correspond to the phase called bzhi sbyor chen po in earlier parts, but the text is not emended. they see their own appearances. That is, two fires of primordial wisdom come forth from their own eyes, so that all the rain of weapons that has fallen is burned up and appearances arise without ceasing; their own cognition thereupon awakens to these and sees its own object, and, certainty having been found in the level of spontaneous presence,[296]Note 296 · p. 691 · lhun grub kyi sa and (p. 694) ka dag gi sa: GPT-6.2 Astra and Gemini 4 Neon have "ground", Dharmamitra and Claude Fable 5.2 "stage". "Level" is used, as in the previous part, since "ground" is reserved for gzhi. it should again be understood to be like the shooting star.

"The supreme among those of superior faculties awaken in two days. That is, they remain for one day in the appearances of the clusters. Then from their own heart a single sun of primordial wisdom rises, and from it rays of light radiate in the ten directions. From these, at the tip of each ray of light, there arises a kāya of a tathāgata (de bzhin gshegs pa). Thereby they see the entire domain of appearances as having the

[p. 692] nature of the kāyas. Then, having again found certainty in the appearances of spontaneous presence as well, their emanations too are able to act for the benefit of beings in seven days. Again it is like the shooting star.

"The most excellent of the superior remain in the intermediate state for three days. That is, they remain for one day in the clusters. Since certainty is found in that too, one part of their own appearances arises within the appearances of primordial wisdom. There too they remain for one day. On the first day they see light. On the second day they see the kāyas, and those kāyas they see as large and coarse. Having gained trust in that,[298]Note 298 · p. 692 · yid ches: rendered "trust", not "confidence" (Gemini 4 Neon, Claude Fable 5.2), since the glossary reserves "confidence" for gdeng. they find certainty in that level of spontaneous presence. That too should be understood as like the shooting star. Their emanations too are able to act for the benefit of beings in eleven days.

"The superior of the superior remain in the intermediate state for four days. That is, seeing five clusters present before them, vivid and distinct, their own habitual tendencies awaken to these, and they remain for one day in the cluster of the east.

[p. 693] Likewise they remain for one day in each of the clusters of the four directions. Then, having again found certainty in spontaneous presence, they awaken. Their emanations too are able to act for the benefit of beings in fourteen days.

"The middling among those of superior faculties see the truth in five days. That is as follows: for four days they remain in the clusters. For one day they remain in the appearances of primordial wisdom. Then from their own heart there comes forth a cord of light rays, about as fine as a hair from a horse's tail, and it comes to stand upright in the open sky. Holding their eyes upon it without distraction and looking, they see in the middle of the sky that great cluster, vivid and distinct; intense trust in it is born, and a cognition arises that thinks, 'These are my own appearances.' This is called the oral instruction of trust,[299]Note 299 · p. 693 · yid ches pa ma pang du bu 'jug pa'i gdams ngag: Dharmamitra takes yid ches pa as a separate clause ("they gain certainty"). GPT-6.2 Astra, Gemini 4 Neon, Claude Fable 5.2 rightly take it as the first member of the instruction's name, parallel to mi 'gyur ba … and phyir mi ldog pa …; that reading is followed. like a child entering its mother's lap. Then their own awareness dissolving into it, wholly absorbed, is the

[p. 694] pith instruction of changelessness, like a golden needle.[300]Note 300 · p. 693 · gser gyi thur ma: "golden needle" (Dharmamitra, GPT-6.2 Astra, Claude Fable 5.2) is preferred to "golden stylus" (Gemini 4 Neon). The term denotes a slender gold probe, and the image is of changelessness. Not remaining even there, but dissolving into the level of primordial purity, is called the oral instruction of irreversibility, like the arrow of a great archer. Their emanations too are able to act for the benefit of beings in twenty-one days.

"The lowest among those of superior faculties take six days. That is, they take four days in the clusters, and a day each in the appearances of primordial wisdom[301]Note 301 · p. 694 · ye shes kyi snang ba dang chos kyi dbyings la zhag gcig thogs: literally "one day". Dharmamitra and Gemini 4 Neon read a single shared day; GPT-6.2 Astra and Claude Fable 5.2 read "one day each". The total of six days (4 + 1 + 1) and the parallel seven-day reckoning that follows require "a day each". and in the dharmadhātu.[302]Note 302 · p. 694 · chos kyi dbyings: "dharmadhātu" per the glossary (Dharmamitra "basic space of phenomena", Gemini 4 Neon and Claude Fable 5.2 "expanse of reality"). Then again, from their own two eyes two clear mirrors of primordial wisdom vividly arise, and from them immeasurable appearances radiate. One remains above them as a single cluster. One is seen in front of them as a great cluster. Then, having attained certainty, they awaken. Their emanations too are able to act for the benefit of beings in twenty-five days."Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 64 % of the words.

And:

"

2.3.2.3.2.2.3.2 Those of middling faculties དབང་པོ་འབྲིང2.3.2.3.2.2.3.2 Those of middling faculties (topical division)
The seven middling grades find certainty in seven to thirteen days spent in clusters, wisdom and spontaneous presence; emanations act after twenty-six to thirty-nine days.

As for how the middling are settled in certainty:[303]Note 303 · p. 694 · 'bring gi nges pa la 'jog pa ni: the phrase is terse. It is read as "how the middling [faculties] are settled in certainty", in line with GPT-6.2 Astra and Claude Fable 5.2; Dharmamitra's "establishing the certainty of" is also possible. they find certainty in seven days. That is, for five days they remain in the appearances of the clusters. For one day[304]Note 304 · p. 694 · The part ends mid-sentence at zhag gcig chos-; the English stops at "For one day" and the next part continues with "they remain in the dharmadhātu".

Translation notes
  • 273. [p. 683] sngon gyi chos thams cad … sngar ma mthong ba'i chos: Dharmamitra reads chos as "phenomena"; Gemini 4 Neon, Claude Fable 5.2 and GPT-6.2 Astra as teachings. Since the passage concerns the dhāraṇī of non-forgetting, I take it as the Dharma (teachings previously received, and teachings never before seen).
  • 274. [p. 683] mtshan ma: rendered "marks" per the glossary, against "characteristics" (Gemini 4 Neon, Claude Fable 5.2) and "signs" (Dharmamitra, GPT-6.2 Astra).
  • 275. [p. 684] shes pa'i lta lugs: Dharmamitra has "awareness" for shes pa; corrected to "cognition". GPT-6.2 Astra's "visions" for snang ba is not used, since the glossary keeps "vision" for the four visions.
  • 276. [p. 685] In the list of the lesser faculties the Tibetan gives mchog before phul (the reverse of the two preceding lists) and ends with rtse zin pa instead of mthar phyin pa. This is kept as it stands.
  • 277. [p. 685] Dharmamitra moved the first sentence of the Union of the Sun and Moon citation before the page marker and left it outside the quotation. It belongs to the citation, on p. 686.
  • 278. [p. 686] 'du shes shor ba: Dharmamitra has "lose consciousness"; rendered "lose their perception" per the glossary. rdugs pa is taken as "to be at a loss, brought to a standstill" (Gemini 4 Neon "overwhelmed", Claude Fable 5.2 "confounded", Dharmamitra "bewildered", GPT-6.2 Astra "struck dumb").
  • 279. [p. 686] tha ma'i tha ma rnam pa la 'khrul pa la sogs pa bdun: Dharmamitra reads this as seven types of delusion belonging to the lesser of the lesser alone. Following Gemini 4 Neon, Claude Fable 5.2 and GPT-6.2 Astra, I take it as the seven faculties beginning with the lesser of the lesser, each paired with one delusion. The citation that follows confirms this: rnam pa is its first item, yul med pa its eighth.
  • 280. [p. 686] rgyun gyi gnas pa las gsal ba: all drafts render "continuous abiding", and GPT-6.2 Astra takes it as an earlier "account". No such account precedes. Since Longchenpa is matching the twenty-one delusions of the citation one by one to the faculties listed above, I read it as "their standing in continuous sequence". The phrase remains somewhat doubtful.
  • 281. [p. 686] The final sentence (la la nyams la / 'khrul lo) runs onto p. 687; the English sentence is completed here, so the next part should begin with "Some are deluded about what is immediate…".
  • 282. [p. 687] The opening འཁྲུལ་ལོ། completes "Some are deluded about experience", already rendered at the end of the previous part; the drafts repeat it (GPT-6.2 Astra, Dharmamitra) or leave a fragment (Claude Fable 5.2, Gemini 4 Neon), so the text begins with the next item.
  • 283. [p. 687] de ma thag pa: GPT-6.2 Astra "what comes immediately after" and Claude Fable 5.2 "what immediately precedes" each add a direction the Tibetan does not give; rendered neutrally as "what is immediate" (cf. Dharmamitra, Gemini 4 Neon).
  • 284. [p. 687] ji mi snyam pa: GPT-6.2 Astra and Claude Fable 5.2 take it literally ("not thinking anything"), Dharmamitra and Gemini 4 Neon idiomatically ("indifference", "unconcern"). Since it is paired with snyam byed (glossary "supposition"), I render "supposing nothing whatsoever"; the idiomatic sense of unconcern is also possible.
  • 285. [p. 687] snying po: all drafts have "essence"; rendered "heart" per the house glossary, which reserves "essence" for ngo bo.
  • 286. [p. 687] da la: read as "the present" ("now"), with all drafts; the reading is terse and possibly abbreviated.
  • 287. [p. 688] rab kyi mthar phyin pa: taken as the highest of the seven grades of superior faculties (called dbang po rab kyi rtse mo on the next page), the "remaining six" being the other superior grades.
  • 288. [p. 689] cha phyed dbyings ma go ba: the wording is doubtful (dbyings is odd here; possibly a corruption). Dharmamitra's "the distinction between the aspects and the expanse" cannot be right in context. I read "not having understood the sphere in which the parts are distinguished", close to GPT-6.2 Astra, Claude Fable 5.2 and Gemini 4 Neon.
  • 289. [p. 689] gzhan du 'khrul pa med do: Dharmamitra reads "without which there would be delusion", reversing the sense; GPT-6.2 Astra reads "no mistaking it for anything else". I follow Claude Fable 5.2 and Gemini 4 Neon: the differing counts merely identify the time realization arises, and beyond that there is no error. 'khrul pa is non-technical here, hence "error" rather than "delusion".
  • 290. [p. 690] ci zer dang bzhags med pa: bzhags is probably for bzhag sa (or bzhag); read as "no telling what is being said and nowhere to settle it".
  • 291. [p. 690] tshom bu'i snang ba: Dharmamitra adds "peaceful and wrathful", which is not in the Tibetan; omitted.
  • 292. [p. 690] ka dag gi sa: GPT-6.2 Astra, Dharmamitra and Gemini 4 Neon have "ground"; rendered "level" with Claude Fable 5.2, as "ground" is reserved for gzhi.
  • 293. [p. 690] dbang thams cad kyi de bzhin nyid: Gemini 4 Neon reads "powers"; GPT-6.2 Astra, Dharmamitra and Claude Fable 5.2 read "empowerments", followed here per the glossary, though "mastery" or "powers" is not excluded.
  • 294. [p. 690] Dharmamitra runs on into the next page's text ("emanations are dispatched … after three days"); the translation stops at 'od 'phro ba dang, leaving the simile to be completed in the next part.
  • 295. [p. 691] ye shes kha sbyor gyi snang ba: rendered literally as "the appearances of the union of primordial wisdom"; it may correspond to the phase called bzhi sbyor chen po in earlier parts, but the text is not emended.
  • 296. [p. 691] lhun grub kyi sa and (p. 694) ka dag gi sa: GPT-6.2 Astra and Gemini 4 Neon have "ground", Dharmamitra and Claude Fable 5.2 "stage". "Level" is used, as in the previous part, since "ground" is reserved for gzhi.
  • 297. [p. 691] Dharmamitra omits the opening sentence ('dra bar sprul pa bkye nas … zhag gsum nas nus so); it is restored here.
  • 298. [p. 692] yid ches: rendered "trust", not "confidence" (Gemini 4 Neon, Claude Fable 5.2), since the glossary reserves "confidence" for gdeng.
  • 299. [p. 693] yid ches pa ma pang du bu 'jug pa'i gdams ngag: Dharmamitra takes yid ches pa as a separate clause ("they gain certainty"). GPT-6.2 Astra, Gemini 4 Neon, Claude Fable 5.2 rightly take it as the first member of the instruction's name, parallel to mi 'gyur ba … and phyir mi ldog pa …; that reading is followed.
  • 300. [p. 693] gser gyi thur ma: "golden needle" (Dharmamitra, GPT-6.2 Astra, Claude Fable 5.2) is preferred to "golden stylus" (Gemini 4 Neon). The term denotes a slender gold probe, and the image is of changelessness.
  • 301. [p. 694] ye shes kyi snang ba dang chos kyi dbyings la zhag gcig thogs: literally "one day". Dharmamitra and Gemini 4 Neon read a single shared day; GPT-6.2 Astra and Claude Fable 5.2 read "one day each". The total of six days (4 + 1 + 1) and the parallel seven-day reckoning that follows require "a day each".
  • 302. [p. 694] chos kyi dbyings: "dharmadhātu" per the glossary (Dharmamitra "basic space of phenomena", Gemini 4 Neon and Claude Fable 5.2 "expanse of reality").
  • 303. [p. 694] 'bring gi nges pa la 'jog pa ni: the phrase is terse. It is read as "how the middling [faculties] are settled in certainty", in line with GPT-6.2 Astra and Claude Fable 5.2; Dharmamitra's "establishing the certainty of" is also possible.
  • 304. [p. 694] The part ends mid-sentence at zhag gcig chos-; the English stops at "For one day" and the next part continues with "they remain in the dharmadhātu".
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the text announces and opens), gold the quotations, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Author's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 683]
ཡེ་ཤེས་སུ་རྒྱས་པས་སྔར་གྱི་མངོན་པར་ཤེས་པ་དེ་དག་དུས་གཅིག་ཏུ་མཐོང༌། མཛད་པ་འཕྲིན་ལས་སུ་རྒྱས་པས་སྤྲུལ་སྐུའི་མཛད་པ་སུམ་ཅུ་རྩ་དྲུག་མཐར་ཕྱིན། ཆོས་ཉིད་འགག་པ་མེད་པའི་ཡེ་ཤེས་ལ་སྤྱོད་པའི་མངོན་ཤེས་ཀྱིས་ཤེས་བྱ་ལ་སྲིད་ཚད་མཐོང༌། མཚན་མ་རང་དག་པའི་ཡེ་ཤེས་ཀྱི་མངོན་ཤེས་ཀྱིས་ཆོས་དང་ཆོས་ཉིད་མ་ལུས་པའི་རང་བཞིན་མངོན་དུ་གྱུར་པ་སྟེ་དྲུག་གོ །དེ་ལྟར་ན་མངོན་པར་ཤེས་པ་ཐམས་ཅད་བསྡོམས་ན་བརྒྱ་སུམ་ཅུ་རྩ་བཞི་སྟེ་བསྡུ་ན་སུམ་ཅུ་རྩ་དྲུག དེ་ཡང་བསྡུ་ན་རྩ་བ་དྲུག་ཁོ་ནའོ། །མི་བརྗེད་པའི་གཟུངས་ནི་ཉི་ཟླ་ཁ་སྦྱོར་ལས། དེའི་ཚེ་མི་བརྗེད་པའི་གཟུངས་རྣམས་ཀྱང་རང་གི་རྒྱུད་ལ་སྐྱེ་བ་སྟེ། སྔོན་གྱི་ཆོས་ཐམས་ཅད་རྒྱུད་ལ་དུས་གཅིག་ལ་འཆར་རོ། །དེ་བཞིན་དུ་སྔར་མ་མཐོང་བའི་ཆོས་རྣམས་ཀྱང་འཆར་བས་ན་ཆོས་ཉིད་ཀྱི་བར་དོ་ཞེས་བྱའོ་ཞེས་སོ། །རྒྱུན་གྱི་ཏིང་ངེ་

has expanded into primordial wisdom, one sees those earlier superknowledges at one and the same time. Since deeds have expanded into enlightened activity, the thirty-six deeds of the nirmāṇakāya are brought to completion. Through the superknowledge that engages in the primordial wisdom of unceasing dharmatā, one sees, among the knowable, all that can exist. Through the superknowledge of the primordial wisdom in which marks are naturally pure (rang dag),[274]Note 274 · p. 683 · mtshan ma: rendered "marks" per the glossary, against "characteristics" (Gemini 4 Neon, Claude Fable 5.2) and "signs" (Dharmamitra, GPT-6.2 Astra). the nature of all phenomena and of dharmatā, without exception, becomes manifest. Thus there are six.

Thus, if all the superknowledges are added together, there are one hundred and thirty-four; if condensed, there are thirty-six; and if these too are condensed, there are only the six root ones.

2.3.2.2.4.1.3.3 The dhāraṇī of non-forgetting མི་བརྗེད་པའི་གཟུངས2.3.2.2.4.1.3.3 The dhāraṇī of non-forgetting
Citing the Union of the Sun and Moon: all past Dharma and teachings never seen before dawn at once in the mindstream, hence the name intermediate state of dharmatā.

As for the dhāraṇī of non-forgetting, the Union of the Sun and Moon says:

"At that time the dhāraṇīs of non-forgetting also arise in one's own mindstream: all the Dharma of the past[273]Note 273 · p. 683 · sngon gyi chos thams cad … sngar ma mthong ba'i chos: Dharmamitra reads chos as "phenomena"; Gemini 4 Neon, Claude Fable 5.2 and GPT-6.2 Astra as teachings. Since the passage concerns the dhāraṇī of non-forgetting, I take it as the Dharma (teachings previously received, and teachings never before seen). dawns in the mindstream at one time. Likewise, since teachings of the Dharma never seen before also dawn, it is called the intermediate state of dharmatā (chos nyid kyi bar do)."Nyi zla kha sbyorQuotation (named in the text: ཉི་ཟླ་ཁ་སྦྱོར་ལས)
ཉི་མ་དང་ཟླ་བ་ཁ་སྦྱོར་བ་ཆེན་པོ་གསང་བའི་རྒྱུད, nyi ma dang zla ba kha sbyor ba chen po gsang ba'i rgyud, The Union of Sun and Moon · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0064-vol-01-text (the text itself), 67 % of the words.

2.3.2.2.4.1.3.4 The continuous samādhi རྒྱུན་གྱི་ཏིང་ངེ་འཛིན2.3.2.2.4.1.3.4 The continuous samādhi
The same tantra states that once continuous samādhi naturally arises in the mindstream, bad discursive thoughts never arise.

As for the continuous

[p. 684]
འཛིན་ཡང༌། རྒྱུད་དེ་ཉིད་ལས། རྒྱུན་གྱི་ཏིང་ངེ་འཛིན་རྒྱུད་ལ་རང་བཞིན་གྱིས་ཤར་བས་རྣམ་པར་རྟོག་པ་ངན་པ་གཏན་ནས་མི་སྐྱེའོ་ཞེས་སོ། །གསུམ་པ་དབང་པོའི་རིམ་པས་དོན་བསྡུ་བ་ལ་གཉིས་ཏེ། དབང་པོའི་རབ་ཏུ་དབྱེ་བ་དང༌། སོ་སོའི་རང་བཞིན་རྒྱས་པར་བཤད་པའོ །དང་པོ་ནི་ཉི་ཤུ་རྩ་གཅིག་སྟེ། རང་ཤར་ལས། དབང་པོ་ལ་རྣམ་པ་གསུམ་བསྟན་ཏེ། རབ་དང༌། འབྲིང་དང༌། ཐ་མའོ། །རབ་ལ་བདུན་ཏེ། རབ་ཀྱི་ཐ་མ་དང༌། རབ་ཀྱི་འབྲིང་དང༌། རབ་ཀྱི་རབ་དང༌། རབ་ཀྱི་ཕུལ་དང༌། རབ་ཀྱི་མཆོག་དང༌། རབ་ཀྱི་རྩེ་མོ་དང༌། རབ་ཀྱི་མཐར་ཕྱིན་པའོ། །དེ་ནི་རབ་ཀྱི་དབྱེ་བ་ཡིན་ནོ། །དེ་ཡང་མཐོང་ཚུལ་རེ། ཡེ་ཤེས་ཀྱི་སྣང་བ་སྐྱེ་ཚུལ་རེ། རྟོགས་པའི་ཚད་རེ། སྣང་བའི་སྐྱེ་ཚུལ་རེ། གོ་བའི་དུས་རེ། ཤེས་པའི་ལྟ་ལུགས་རེ་ཤར་ནས་རང་རང་གི་སྣང་བ་ལ་བརྟན་པ་ཐོབ་བོ། །འབྲིང་

samādhi too, that same tantra says:

"Since the continuous samādhi has naturally arisen in the mindstream, bad discursive thoughts never arise at all."Nyi zla kha sbyorQuotation (the text says: the same source: རྒྱུད་དེ་ཉིད་ལས)
ཉི་མ་དང་ཟླ་བ་ཁ་སྦྱོར་བ་ཆེན་པོ་གསང་བའི་རྒྱུད, nyi ma dang zla ba kha sbyor ba chen po gsang ba'i rgyud, The Union of Sun and Moon · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0064-vol-01-text (the text itself), 50 % of the words.

2.3.2.3 Summarizing the meaning by the gradation of faculties དབང་པོའི་རིམ་པས་དོན་བསྡུ་བ2.3.2.3 Summarizing the meaning by the gradation of faculties
Quoting the Self-Arising, practitioners are classified into twenty-one grades of faculty. Longchenpa explains how each grade is liberated or deluded in the dharmatā intermediate state, the instants and days its liberation takes, and the eight modes by which appearances finally dissolve into the dharmakāya.

Third, summarizing the meaning by way of the gradation of faculties has two parts: the classification of the faculties, and the extensive explanation of the nature of each.

2.3.2.3.1 Classification of the faculties དབང་པོའི་རབ་ཏུ་དབྱེ་བ2.3.2.3.1 Classification of the faculties
Quoting the Self-Arising: superior, middling and lesser faculties are each divided into seven, from lesser to consummate, giving twenty-one, each with its own way of seeing and measure of realization.

First, there are twenty-one. The Self-Arising says:

"Three kinds of faculties are taught: superior, middling and lesser. The superior has seven: the lesser of the superior, the middling of the superior, the superior of the superior, the excellent of the superior, the supreme of the superior, the summit of the superior, and the consummate of the superior. Those are the divisions of the superior. For each of them, moreover, there arises a way of seeing, a way in which the appearances of primordial wisdom arise, a measure (tshad) of realization, a way in which appearances arise, a time of understanding, and a way in which cognition looks;[275]Note 275 · p. 684 · shes pa'i lta lugs: Dharmamitra has "awareness" for shes pa; corrected to "cognition". GPT-6.2 Astra's "visions" for snang ba is not used, since the glossary keeps "vision" for the four visions. and each attains stability (brtan pa) in its own appearances. The middling

[p. 685]
ལའང་བདུན་ཏེ། འབྲིང་གི་ཐ་མ་དང༌། འབྲིང་གི་འབྲིང་དང༌། འབྲིང་གི་རབ་དང༌། འབྲིང་གི་ཕུལ་དང༌། འབྲིང་གི་མཆོག་དང༌། འབྲིང་གི་རྩེ་མོ་དང༌། འབྲིང་གི་མཐར་ཕྱིན་པའོ། །དེ་ལ་ཡང་ཡེ་ཤེས་སྐྱེ་བའི་ཚད་རེ་འབྱུང་ངོ༌། །དེ་ནི་འབྲིང་གི་དབྱེ་བ་ཡིན་ནོ། །ཐ་མ་ལའང་བདུན་ཏེ། ཐ་མའི་ཐ་མ་དང༌། ཐ་མའི་འབྲིང་དང༌། ཐ་མའི་རབ་དང༌། ཐ་མའི་མཆོག་དང༌། ཐ་མའི་ཕུལ་དང༌། ཐ་མའི་རྩེ་མོ་དང༌། ཐ་མའི་རྩེ་ཟིན་པའོ་ཞེས་སོ། །གཉིས་པ་ལ་གསུམ་སྟེ། གྲོལ་འཁྲུལ་གྱི་རྣམ་གཞག་སྤྱིར་བསྟན། དབང་པོའི་གྲོལ་ལུགས་བྱེ་བྲག་ཏུ་བཤད། ཐིམ་ཚུལ་གྱི་རིམ་པས་མཇུག་བསྡུ་བའོ། །དང་པོ་ནི། ཆོས་ཉིད་ཀྱི་སྣང་བ་འདི་དག་གི་དུས་ན་རང་ངོ་ཤེས་པ་རྣམས་དབང་པོ་ཉི་ཤུ་རྩ་གཅིག་གི་རིམ་པས་གྲོལ་བ་དང༌། མ་ཤེས་པ་རྣམས་དེ་ནས་འཁྲུལ་བའི་རིམ་པ་སྔོན་གྱི་གཞི་སྣང་ལས་

too has seven: the lesser of the middling, the middling of the middling, the superior of the middling, the excellent of the middling, the supreme of the middling, the summit of the middling, and the consummate of the middling. For these too there occurs, for each, a measure of the arising of primordial wisdom. Those are the divisions of the middling. The lesser too has seven: the lesser of the lesser, the middling of the lesser, the superior of the lesser, the supreme of the lesser, the excellent of the lesser,[276]Note 276 · p. 685 · In the list of the lesser faculties the Tibetan gives mchog before phul (the reverse of the two preceding lists) and ends with rtse zin pa instead of mthar phyin pa. This is kept as it stands. the summit of the lesser, and the lesser that has reached the summit."Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 70 % of the words.

2.3.2.3.2 Extensive explanation of the nature of each སོ་སོའི་རང་བཞིན་རྒྱས་པར་བཤད་པ2.3.2.3.2 Extensive explanation of the nature of each
Those who recognize dharmatā's appearances are liberated in twenty-one grades; those who do not are deluded in twenty-one ways. Superior, middling and lesser faculties are freed in three, four or five instants over set days. The section gives three pith instructions and the eight modes of dissolution into the single expanse.

The second has three parts: the general teaching of the presentation of liberation (grol ba) and delusion; the specific explanation of the modes of liberation of the faculties; and the conclusion by way of the stages of the manner of dissolution.

2.3.2.3.2.1 General presentation of liberation and delusion གྲོལ་འཁྲུལ་གྱི་རྣམ་གཞག་སྤྱིར་བསྟན2.3.2.3.2.1 General presentation of liberation and delusion
Those who recognize the appearances of dharmatā are liberated by the twenty-one grades; those who do not are deluded in twenty-one ways, as listed in the Union of the Sun and Moon and the Self-Arising.

First: at the time of these appearances of dharmatā, those who recognize their own face are liberated according to the gradation of the twenty-one faculties, while for those who do not recognize it, the stages of delusion from then on come about just as, from the former ground-appearances,

[p. 686]
སེམས་ཅན་གྱི་འཁྲུལ་ཚུལ་ལྟར་འབྱུང་བ་སྟེ། ཉི་ཟླ་ཁ་སྦྱོར་ལས། དབང་པོ་ཉི་ཤུ་རྩ་གཅིག་གི་བྱེ་བྲག་ཏུ་བསྟན་པ་ཡང་ཡོད་དོ། །དེར་རང་གི་ཤེས་པ་མ་ཚུད་ཅིང་སྔར་བླ་མའི་ལུང་མེད་པ་རྣམས་ནི་སྣང་བ་དེ་ལ་བྲེད་པ་དང༌། དངངས་པ་དང༌། རྡུགས་པ་དང༌། འཇིགས་པ་དང༌། འདུ་ཤེས་ཤོར་བ་ལ་སོགས་ཏེ་ཡང་འཁོར་བའི་ཉེ་བར་ལེན་པའི་ཁ་ལེན་ཏེ་དབང་པོ་ཉི་ཤུ་རྩ་གཅིག་གི་བྱེ་བྲག་ཏུ་འཁྲུལ་པ་ཡང་ཡོད་དོ་ཞེས་སོ། །འཁྲུལ་ཚུལ་ནི། ཐ་མའི་ཐ་མ་རྣམ་པ་ལ་འཁྲུལ་པ་ལ་སོགས་པ་བདུན་དང༌། འབྲིང་གི་ཐ་མ་ཡུལ་མེད་པ་ལ་འཁྲུལ་པ་ལ་སོགས་པ་བདུན་དང༌། རབ་ཀྱི་ཐ་མ་འཛིན་པ་ལ་འཁྲུལ་པ་ལ་སོགས་པ་བདུན་ཏེ་ཉི་ཤུ་རྩ་གཅིག་ནི་གོང་གི་ཇི་ལྟ་བ་བཞིན་དུ་རྒྱུན་གྱི་གནས་པ་ལས་གསལ་བ་སྟེ། རང་ཤར་ལས། སེམས་ཅན་རྣམས་ནི་བར་དོ་ལ་འདི་ལྟར་འཁྲུལ་ལོ། །ལ་ལ་རྣམ་པ་ལ་འཁྲུལ་ལོ། །ལ་ལ་ཉམས་ལ་

sentient beings became deluded. The Union of the Sun and Moon says:[277]Note 277 · p. 685 · Dharmamitra moved the first sentence of the Union of the Sun and Moon citation before the page marker and left it outside the quotation. It belongs to the citation, on p. 686.

"There is also what is taught in terms of the particulars of the twenty-one faculties. Those whose own cognition has not entered into that, and who previously had no transmission from a guru, are startled by those appearances, panic, are at a loss, are afraid, lose their perception ('du shes)[278]Note 278 · p. 686 · 'du shes shor ba: Dharmamitra has "lose consciousness"; rendered "lose their perception" per the glossary. rdugs pa is taken as "to be at a loss, brought to a standstill" (Gemini 4 Neon "overwhelmed", Claude Fable 5.2 "confounded", Dharmamitra "bewildered", GPT-6.2 Astra "struck dumb"). and so forth, and so once again take on the appropriation of saṃsāra. Thus there is also delusion in terms of the particulars of the twenty-one faculties."Nyi zla kha sbyorQuotation (named in the text: ཉི་ཟླ་ཁ་སྦྱོར་ལས)
ཉི་མ་དང་ཟླ་བ་ཁ་སྦྱོར་བ་ཆེན་པོ་གསང་བའི་རྒྱུད, nyi ma dang zla ba kha sbyor ba chen po gsang ba'i rgyud, The Union of Sun and Moon · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0064-vol-01-text (the text itself), 74 % of the words.

As for the manner of delusion: there are the seven beginning with the lesser of the lesser,[279]Note 279 · p. 686 · tha ma'i tha ma rnam pa la 'khrul pa la sogs pa bdun: Dharmamitra reads this as seven types of delusion belonging to the lesser of the lesser alone. Following Gemini 4 Neon, Claude Fable 5.2 and GPT-6.2 Astra, I take it as the seven faculties beginning with the lesser of the lesser, each paired with one delusion. The citation that follows confirms this: rnam pa is its first item, yul med pa its eighth. who are deluded about aspects; the seven beginning with the lesser of the middling, who are deluded about the absence of an object; and the seven beginning with the lesser of the superior, who are deluded about grasping. These twenty-one are clear from their standing in continuous sequence,[280]Note 280 · p. 686 · rgyun gyi gnas pa las gsal ba: all drafts render "continuous abiding", and GPT-6.2 Astra takes it as an earlier "account". No such account precedes. Since Longchenpa is matching the twenty-one delusions of the citation one by one to the faculties listed above, I read it as "their standing in continuous sequence". The phrase remains somewhat doubtful. in exact accordance with the above. The Self-Arising says:

"Sentient beings are deluded in the intermediate state as follows. Some are deluded about aspects. Some are deluded about experience (nyams).[281]Note 281 · p. 686 · The final sentence (la la nyams la / 'khrul lo) runs onto p. 687; the English sentence is completed here, so the next part should begin with "Some are deluded about what is immediate…".

[p. 687]
འཁྲུལ་ལོ། །ལ་ལ་དེ་མ་ཐག་པ་ལ་འཁྲུལ་ལོ། །ལ་ལ་དམིགས་པ་ལ་འཁྲུལ་ལོ། །ལ་ལ་ཇི་མི་སྙམ་པ་ལ་འཁྲུལ་ལོ། །ལ་ལ་སྙམ་བྱེད་ལ་འཁྲུལ་ལོ། །ལ་ལ་ཡུལ་ལ་འཁྲུལ་ལོ། །ལ་ལ་ཡུལ་མེད་པ་ལ་འཁྲུལ་ལོ། །ལ་ལ་སྙིང་པོ་ལ་འཁྲུལ་ལོ། །ལ་ལ་མ་རིག་པ་ལ་འཁྲུལ་ལོ། །ལ་ལ་རྐྱེན་ལ་འཁྲུལ་ལོ། །ལ་ལ་བཏགས་པ་ལ་འཁྲུལ་ལོ། །ལ་ལ་ད་ལ་འཁྲུལ་ལོ། །ལ་ལ་ངོ་མ་ཤེས་པ་ལ་འཁྲུལ་ལོ། །ལ་ལ་འཛིན་པ་ལ་འཁྲུལ་ལོ། །ལ་ལ་འཛིན་པ་མེད་པ་ལ་འཁྲུལ་ལོ། །ལ་ལ་འདུ་ཤེས་ལ་འཁྲུལ་ལོ། །ལ་ལ་རྒྱུ་ལ་འཁྲུལ་ལོ། །ལ་ལ་སྐད་ཅིག་གིས་འཁྲུལ་ལོ། །ལ་ལ་རྟགས་ལ་འཁྲུལ་ལོ། །ལ་ལ་གཟུགས་ལ་འཁྲུལ་ལོ། །བར་མ་དོ་ལ་སེམས་ཅན་གྱི་བློ་ཉི་ཤུ་རྩ་གཅིག་ཡོད་པའི་ཕྱིར་འཁྲུལ་ལུགས་ཉི་ཤུ་རྩ་གཅིག་ལ་སྣང་བ་རྫོགས་པར་འོང་སྟེ། དེ་ཡང་འཁྲུལ་ལུགས་རེ་རེ་ལ་སྣང་

Some are deluded about what is immediate.[283]Note 283 · p. 687 · de ma thag pa: GPT-6.2 Astra "what comes immediately after" and Claude Fable 5.2 "what immediately precedes" each add a direction the Tibetan does not give; rendered neutrally as "what is immediate" (cf. Dharmamitra, Gemini 4 Neon). Some are deluded about a reference point. Some are deluded about supposing nothing whatsoever.[284]Note 284 · p. 687 · ji mi snyam pa: GPT-6.2 Astra and Claude Fable 5.2 take it literally ("not thinking anything"), Dharmamitra and Gemini 4 Neon idiomatically ("indifference", "unconcern"). Since it is paired with snyam byed (glossary "supposition"), I render "supposing nothing whatsoever"; the idiomatic sense of unconcern is also possible. Some are deluded about supposition. Some are deluded about an object. Some are deluded about the absence of an object. Some are deluded about the heart.[285]Note 285 · p. 687 · snying po: all drafts have "essence"; rendered "heart" per the house glossary, which reserves "essence" for ngo bo. Some are deluded about ignorance. Some are deluded about conditions. Some are deluded about imputation. Some are deluded about the present.[286]Note 286 · p. 687 · da la: read as "the present" ("now"), with all drafts; the reading is terse and possibly abbreviated. Some are deluded about non-recognition. Some are deluded about grasping. Some are deluded about the absence of grasping. Some are deluded about perception. Some are deluded about a cause (rgyu). Some are deluded in an instant. Some are deluded about signs. Some are deluded about form (gzugs). Because sentient beings in the intermediate state have twenty-one kinds of intellect, the appearances come to be complete in twenty-one modes of delusion.

Moreover, for each mode of delusion one[282]Note 282 · p. 687 · The opening འཁྲུལ་ལོ། completes "Some are deluded about experience", already rendered at the end of the previous part; the drafts repeat it (GPT-6.2 Astra, Dharmamitra) or leave a fragment (Claude Fable 5.2, Gemini 4 Neon), so the text begins with the next item.

[p. 688]
བ་རེ་རེ་འཆར་རོ། །དེ་ནི་བར་དོ་ལ་འཁྲུལ་ལུགས་རྒྱས་པར་བཤད་པའོ་ཞེས་སོ། །གཉིས་པ་དབང་པོའི་གྲོལ་ལུགས་བྱེ་བྲག་ཏུ་བཤད་པ་ལ། སྤྱིར་སྐད་ཅིག་བསམ་གཏན་གྱི་ཞག་མང་ཉུང་ཇི་ཙམ་བསྟན་ཡང་དབང་པོ་ཉི་ཤུ་རྩ་གཅིག་གི་གྲོལ་ལུགས་འདིར་འདུ་བས། དབང་པོ་རབ་རྣམས་སྐད་ཅིག་གསུམ་ལ་གྲོལ་ཏེ། དང་པོ་ལ་རང་སྣང་མཐོང༌། གཉིས་པ་ལ་བྱེ་བྲག་ཕྱེད། གསུམ་པ་ལ་ཕྱེད་ཐོག་ནས་གྲོལ་བའོ། །འདི་ལའང་རབ་ཀྱི་མཐར་ཕྱིན་པ་དེ་སྐད་ཅིག་གསུམ་པ་རྫོགས་མ་ཐག་ལ་ཀ་དག་ཏུ་གྲོལ་ལ། ལྷག་མ་དྲུག་གི་སྐད་ཅིག་གསུམ་ནི་བྱ་བ་རྫོགས་པའི་སྐད་ཅིག་མ་གསུམ་སྟེ། བསམ་གཏན་གྱི་ཞག་མང་ཉུང་ཅི་རིགས་པ་ཡོད་པ་ནི་རྒྱུད་ན་གསལ་ལོ། །འབྲིང་རྣམས་སྐད་ཅིག་བཞི་ལ་གྲོལ་ཏེ། དང་པོ་ལ་རང་སྣང་དུ་ཤར། གཉིས་པ་ལ་རང་གདངས་སུ་ཤེས། གསུམ་པ་ལ་ཤེས་ཐོག་ཏུ་གནས། བཞི་པ་ལ་

appearance arises. That is the extensive explanation of the modes of delusion in the intermediate state."Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

2.3.2.3.2.2 Specific explanation of the modes of liberation of the faculties དབང་པོའི་གྲོལ་ལུགས་བྱེ་བྲག་ཏུ་བཤད་པ2.3.2.3.2.2 Specific explanation of the modes of liberation of the faculties
Superior, middling and lesser faculties are liberated in three, four or five instants. Instants are distinguished from days of concentration. The Self-Arising specifies days of awakening and emanation for each grade. Three key instructions follow: recognition, non-wavering and irreversibility. The superior practitioner illustrates the scheme.

Second, the specific explanation of the modes of liberation of the faculties.

2.3.2.3.2.2.1 Liberation in three, four or five instants སྐད་ཅིག་གསུམ་བཞི་ལྔ་ལ་གྲོལ་ཚུལ2.3.2.3.2.2.1 Liberation in three, four or five instants (topical division)
Superior faculties are liberated in three instants, middling in four, lesser in five, each instant's function specified; the consummate superior is liberated into primordial purity right after the third.

In general, however many or few instants and days of meditative concentration may be taught, they are all included here, in the modes of liberation of the twenty-one faculties. Thus those of superior faculties are liberated in three instants: in the first they see self-appearance; in the second they distinguish the particulars; in the third they are liberated right upon that distinguishing. Among these too, the one who is the consummation of the superior[287]Note 287 · p. 688 · rab kyi mthar phyin pa: taken as the highest of the seven grades of superior faculties (called dbang po rab kyi rtse mo on the next page), the "remaining six" being the other superior grades. is liberated into primordial purity as soon as the third instant is complete, whereas the three instants of the remaining six are three "instants of the completion of an act" (bya ba rdzogs pa'i skad cig ma); that these have more or fewer days of meditative concentration, as the case may be, is clear in the tantra. Those of middling faculties are liberated in four instants: in the first, it arises as self-appearance; in the second, it is known as natural radiance (rang gdangs); in the third, they abide upon that knowing; in the fourth,

[p. 689]
གནས་ཐོག་ནས་གྲོལ་ལོ། །ཐ་མ་རྣམས་སྐད་ཅིག་ལྔ་ལ་གྲོལ་ཏེ། སྐད་ཅིག་དང་པོ་ལ་སྣང་བ་ཤར། གཉིས་པ་ལ་དཔྱད་པ་ཞུགས། གསུམ་པ་ལ་རང་སྣང་དུ་ཤེས། བཞི་པ་ལ་ཤེས་ཐོག་ཏུ་གནས། ལྔ་པ་ལ་གནས་ཐོག་ནས་གྲོལ་བའོ། །འདི་དག་ཀྱང་བྱ་བ་རྫོགས་པའི་སྐད་ཅིག་མ་ཡིན་ལ། དེ་དག་ལའང་བསམ་གཏན་གྱི་ཞག་མང་ཉུང་ཅི་རིགས་སུ་ཡོད་པ་ནི་རྒྱུད་བཞིན་ནོ། །ཁ་ཅིག་གིས་སྐད་ཅིག་དང་བསམ་གཏན་གཉིས་གཅིག་ཏུ་བཤད་པ་ནི་ཆ་ཕྱེད་དབྱིངས་མ་གོ་བ་རྣམ་པ་འདྲེས་པ་ཡིན་ནོ། །སྐད་ཅིག་མ་ནི་རྟོགས་ཚུལ་ཤེས་རབ་ཀྱི་ཆ་ཡིན་ལ། བསམ་གཏན་ནི་གནས་པ་ཏིང་ངེ་འཛིན་གྱི་ཆ་ཡིན་ནོ། །སྐད་ཅིག་རྣམ་གསུམ་དུ་བསྡུས་ཀྱང་འགལ་བ་མེད། གཅིག་དང་ལྔར་ཕྱེ་ཡང་འགལ་བ་མེད་དེ། གྲོལ་ཚད་རྟོགས་པ་སྐྱེ་བའི་རང་དུས་ངོས་ཟིན་པ་ཙམ་ལས་གཞན་དུ་འཁྲུལ་པ་མེད་དོ། །

they are liberated right upon that abiding. Those of lesser faculties are liberated in five instants: in the first instant, appearances arise; in the second, examination sets in; in the third, they are known as self-appearance; in the fourth, they abide upon that knowing; in the fifth, they are liberated right upon that abiding. These too are instants of the completion of an act, and that for them as well there are more or fewer days of meditative concentration, as the case may be, is just as in the tantra.

2.3.2.3.2.2.2 Distinguishing instants from meditative concentrations སྐད་ཅིག་དང་བསམ་གཏན་གཉིས་ཕྱེ་བ2.3.2.3.2.2.2 Distinguishing instants from meditative concentrations (topical division)
Refutes equating instants with meditative concentrations: instants belong to insight and realization, concentrations to abiding samādhi and are bound by the instants; this is a key point.

That some explain the instants and the meditative concentrations as being one and the same is a mixing up of aspects by those who have not understood the sphere in which the two parts are distinguished.[288]Note 288 · p. 689 · cha phyed dbyings ma go ba: the wording is doubtful (dbyings is odd here; possibly a corruption). Dharmamitra's "the distinction between the aspects and the expanse" cannot be right in context. I read "not having understood the sphere in which the parts are distinguished", close to GPT-6.2 Astra, Claude Fable 5.2 and Gemini 4 Neon. The instants are the manner of realization, the part of insight; the meditative concentrations are abiding, the part of samādhi. Even if the instants are condensed into three, there is no contradiction; even if they are divided into one or into five, there is no contradiction. For this is nothing more than identifying the very time at which realization, the measure of liberation, arises, and beyond that there is no error.[289]Note 289 · p. 689 · gzhan du 'khrul pa med do: Dharmamitra reads "without which there would be delusion", reversing the sense; GPT-6.2 Astra reads "no mistaking it for anything else". I follow Claude Fable 5.2 and Gemini 4 Neon: the differing counts merely identify the time realization arises, and beyond that there is no error. 'khrul pa is non-technical here, hence "error" rather than "delusion".

[p. 690]
བསམ་གཏན་ལ་རྒྱུད་ནས་སོ་སོར་གང་བཤད་ཀྱི་ཆ་དེ་ལ་མང་ཉུང་དུ་དབྱེ་བསྡུ་བྱས་པ་མེད་དོ། །བསམ་གཏན་རྣམས་སྐད་ཅིག་མས་བཅིངས་པར་ཤེས་པར་བྱའོ། །འདི་མ་ཕྱེད་ན་ཆ་འདྲེས་ནས་ཅི་ཟེར་དང་བཞགས་མེད་པའི་སྐྱོན་གྱིས་མགོ་འཁྲུགས་པར་ཡོད་པས་གནད་གལ་པོ་ཆེ་ཡིན་ནོ། །དེ་དག་གི་ངེས་པ་རྒྱུད་ཀྱི་སྟེང་ནས་རྟོགས་པར་བྱ་སྟེ། རང་ཤར་ལས། དེ་ཡང་དབང་པོ་རབ་ནི་སྐད་ཅིག་མ་གསུམ་ལ་སངས་རྒྱས་ནས་སྤྲུལ་པ་རང་བཞིན་དུ་འབྱུང་ངོ༌། །དེ་ཡང་སྐད་ཅིག་མ་གཅིག་ལ་ཚོམ་བུའི་སྣང་བ་འགགས། སྐད་ཅིག་མ་གཅིག་ལ་ལྷུན་གྲུབ་ཀྱི་སྣང་བ་སྐྱེས། །སྐད་ཅིག་མ་གཅིག་གིས་ཀ་དག་གི་བདེན་པ་མཐོང་ངོ༌། །དེ་ཡང་སྤྲུལ་པ་ནི་ཀ་དག་གི་ས་ནས་མི་འགྱེད་དེ། ལམ་དུ་དབང་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐོབ་ནས། དཔེར་ན་སྐར་མདའ་ནམ་མཁའ་ལ་རྒྱུག་པའི་ཚུལ་ཏེ། སྐར་མདའ་དེ་ལས་འོད་འཕྲོ་བ་དང་

As for the meditative concentrations, with regard to whatever portion the tantra teaches for each individually, no dividing or condensing into more or fewer has been made. It should be understood that the meditative concentrations are bound by the instants. If this distinction is not drawn, the parts become mixed up, and through the fault of there being no telling what is being said[290]Note 290 · p. 690 · ci zer dang bzhags med pa: bzhags is probably for bzhag sa (or bzhag); read as "no telling what is being said and nowhere to settle it". and nowhere to settle it, one is thrown into confusion; it is therefore a key point of great importance.

2.3.2.3.2.2.3 The account in the Self-Arising རང་ཤར་གྱི་ལུང2.3.2.3.2.2.3 The account in the Self-Arising (topical division)
Citing the Self-Arising, gives the days each of the twenty-one grades spends in clusters, wisdom and spontaneous presence before awakening, and when emanations begin to act. Superior grades take three instants to six days, middling seven to thirteen days, and lesser fourteen to nineteen; all reach buddhahood.

Certainty about these is to be realized on the basis of the tantra itself.

The Self-Arising says:

"

2.3.2.3.2.2.3.1 Those of superior faculties དབང་པོ་རབ2.3.2.3.2.2.3.1 Those of superior faculties (topical division)
The seven superior grades awaken from three instants up to six days, with visions such as wisdom fires, suns and cords of light; emanations act after three to twenty-five days.

Moreover, those of superior faculties awaken in three instants, and emanations then come forth naturally. That is, in one instant the appearances of the clusters cease;[291]Note 291 · p. 690 · tshom bu'i snang ba: Dharmamitra adds "peaceful and wrathful", which is not in the Tibetan; omitted. in one instant the appearances of spontaneous presence arise; by one instant the truth of primordial purity is seen. Moreover, the emanations are not sent forth from the level of primordial purity:[292]Note 292 · p. 690 · ka dag gi sa: GPT-6.2 Astra, Dharmamitra and Gemini 4 Neon have "ground"; rendered "level" with Claude Fable 5.2, as "ground" is reserved for gzhi. having attained on the path the suchness (de bzhin nyid) of all empowerments (dbang),[293]Note 293 · p. 690 · dbang thams cad kyi de bzhin nyid: Gemini 4 Neon reads "powers"; GPT-6.2 Astra, Dharmamitra and Claude Fable 5.2 read "empowerments", followed here per the glossary, though "mastery" or "powers" is not excluded. it is, for example, in the manner of a shooting star racing across the sky; just as light radiates from that shooting star,[294]Note 294 · p. 690 · Dharmamitra runs on into the next page's text ("emanations are dispatched … after three days"); the translation stops at 'od 'phro ba dang, leaving the simile to be completed in the next part.

[p. 691]
འདྲ་བར་སྤྲུལ་པ་བཀྱེ་ནས་འགྲོ་བའི་དོན་བྱེད་དེ། དོན་བྱེད་ནི་ཞག་གསུམ་ནས་ནུས་སོ། །དབང་པོ་རབ་ཀྱི་རྩེ་མོ་ནི་ཞག་གཅིག་བར་དོར་སྡོད་དོ། །དེ་ཡང་ཡེ་ཤེས་ཁ་སྦྱོར་གྱི་སྣང་བ་ལ་རང་གི་སྣང་བ་མཐོང་སྟེ། དེ་ཡང་བདག་གི་མིག་ནས་ཡེ་ཤེས་ཀྱི་མེ་གཉིས་བྱུང་བས་མཚོན་ཆར་བབ་པ་དེ་ཀུན་ཚིག་ནས་སྣང་བ་འགག་པ་མེད་པར་ཤར་བས་དེ་ལ་རང་གི་ཤེས་པ་སད་ནས་རང་གི་ཡུལ་མཐོང་སྟེ་ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་ནས་ཡང་སྐར་མདའ་ལྟ་བུར་ཤེས་པར་བྱའོ། །དབང་པོ་རབ་ཀྱི་མཆོག་ནི་ཞག་གཉིས་ན་འཚང་རྒྱ་སྟེ། དེ་ཡང་ཚོམ་བུའི་སྣང་བ་ལ་ཞག་གཅིག་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཉི་མ་གཅིག་འཆར་ཏེ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོའོ། །དེ་ལས་འོད་ཟེར་གྱི་རྩེ་མོ་རེ་རེ་ལ་དེ་བཞིན་གཤེགས་པའི་སྐུ་རེ་རེ་འཆར་རོ། །དེས་སྣང་བའི་སྤྱོད་ཡུལ་ཐམས་ཅད་སྐུའི་རང་

so too emanations are sent forth[297]Note 297 · p. 691 · Dharmamitra omits the opening sentence ('dra bar sprul pa bkye nas … zhag gsum nas nus so); it is restored here. and act for the benefit of beings; and they are able to act for that benefit after three days.

"Those at the summit of superior faculties remain in the intermediate state (bar do) for one day. That is, within the appearances of the union of primordial wisdom (ye shes kha sbyor)[295]Note 295 · p. 691 · ye shes kha sbyor gyi snang ba: rendered literally as "the appearances of the union of primordial wisdom"; it may correspond to the phase called bzhi sbyor chen po in earlier parts, but the text is not emended. they see their own appearances. That is, two fires of primordial wisdom come forth from their own eyes, so that all the rain of weapons that has fallen is burned up and appearances arise without ceasing; their own cognition thereupon awakens to these and sees its own object, and, certainty having been found in the level of spontaneous presence,[296]Note 296 · p. 691 · lhun grub kyi sa and (p. 694) ka dag gi sa: GPT-6.2 Astra and Gemini 4 Neon have "ground", Dharmamitra and Claude Fable 5.2 "stage". "Level" is used, as in the previous part, since "ground" is reserved for gzhi. it should again be understood to be like the shooting star.

"The supreme among those of superior faculties awaken in two days. That is, they remain for one day in the appearances of the clusters. Then from their own heart a single sun of primordial wisdom rises, and from it rays of light radiate in the ten directions. From these, at the tip of each ray of light, there arises a kāya of a tathāgata (de bzhin gshegs pa). Thereby they see the entire domain of appearances as having the

[p. 692]
བཞིན་དུ་མཐོང་ངོ༌། །དེ་ནས་ཡང་ལྷུན་གྲུབ་ཀྱི་སྣང་བ་ལ་ཡང་ངེས་པ་རྙེད་ནས་སྤྲུལ་པ་ཡང་ཞག་བདུན་ན་དོན་བྱེད་ནུས་སོ། །ཡང་སྐར་མདའ་བཞིན་ནོ། །རབ་ཀྱི་ཕུལ་ནི་ཞག་གསུམ་བར་དོ་ལ་སྡོད་དོ། །དེ་ཡང་ཚོམ་བུ་ལ་ཞག་གཅིག་སྡོད་དོ། །དེ་ལ་ཡང་ངེས་པ་རྙེད་པས་ཡེ་ཤེས་ཀྱི་སྣང་བ་ལ་རང་གི་སྣང་བའི་ཆ་གཅིག་འཆར་རོ། །དེ་ཡང་ཞག་གཅིག་སྡོད་དོ། །ཞག་དང་པོ་ལ་འོད་མཐོང་ངོ༌། །ཞག་གཉིས་པ་ལ་སྐུ་མཐོང་སྟེ། སྐུ་དེ་ཡང་ཆེ་བ་རགས་པར་མཐོང་ངོ༌། །དེ་ལ་ཡིད་ཆེས་ནས་ལྷུན་གྲུབ་ཀྱི་ས་དེ་ལ་ངེས་པ་རྙེད་དོ། །དེ་ཡང་སྐར་མདའ་ལྟར་ཤེས་པར་བྱའོ། །སྤྲུལ་པ་ཡང་ཞག་བཅུ་གཅིག་ན་དོན་བྱེད་ནུས་སོ། །རབ་ཀྱི་རབ་ནི་ཞག་བཞི་བར་དོ་ལ་སྡོད་དོ། །དེ་ཡང་རང་གི་མདུན་ན་ཚོམ་བུ་ལྔ་བཀྲ་ས་ལེ་འདུག་པ་མཐོང་ནས་དེ་ལ་རང་གི་བག་ཆགས་སད་ནས་ཤར་ཕྱོགས་ཀྱི་ཚོམ་བུ་ལ་ཞག་གཅིག་སྡོད་དོ། །

nature of the kāyas. Then, having again found certainty in the appearances of spontaneous presence as well, their emanations too are able to act for the benefit of beings in seven days. Again it is like the shooting star.

"The most excellent of the superior remain in the intermediate state for three days. That is, they remain for one day in the clusters. Since certainty is found in that too, one part of their own appearances arises within the appearances of primordial wisdom. There too they remain for one day. On the first day they see light. On the second day they see the kāyas, and those kāyas they see as large and coarse. Having gained trust in that,[298]Note 298 · p. 692 · yid ches: rendered "trust", not "confidence" (Gemini 4 Neon, Claude Fable 5.2), since the glossary reserves "confidence" for gdeng. they find certainty in that level of spontaneous presence. That too should be understood as like the shooting star. Their emanations too are able to act for the benefit of beings in eleven days.

"The superior of the superior remain in the intermediate state for four days. That is, seeing five clusters present before them, vivid and distinct, their own habitual tendencies awaken to these, and they remain for one day in the cluster of the east.

[p. 693]
དེ་བཞིན་དུ་ཕྱོགས་བཞིའི་ཚོམ་བུ་ལ་ཞག་རེ་རེ་སྡོད་དོ། །དེ་ནས་ཡང་ལྷུན་གྲུབ་ལ་ངེས་པ་རྙེད་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་བཅུ་བཞི་ན་དོན་བྱེད་ནུས་སོ། །དབང་པོ་རབ་ཀྱི་འབྲིང་ནི་ཞག་ལྔ་ན་བདེན་པ་མཐོང་ངོ༌། །དེ་ཡང་འདི་ལྟ་སྟེ། ཞག་བཞི་ཚོམ་བུ་ལ་སྡོད་དོ། །ཞག་གཅིག་ཡེ་ཤེས་ཀྱི་སྣང་བ་ལ་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་གྱི་ཐག་པ་རྟ་རྔ་ཙམ་ཞིག་བྱུང་སྟེ། དེ་ཡང་ནམ་མཁའི་མཐོངས་སུ་འགྲེང་བུར་འོང་ངོ༌། །དེ་ལ་རང་གི་མིག་མ་ཡེངས་པར་བཟུང་ནས་བལྟས་པས་ནམ་མཁའི་དཀྱིལ་ན་ཚོམ་བུ་ཆེན་པོ་བཀྲ་ས་ལེ་བ་དེ་མཐོང་ནས་དེ་ལ་ཡིད་ཆེས་རབ་ཏུ་སྐྱེས་ནས་རང་གི་སྣང་བ་ཡིན་སྙམ་པའི་ཤེས་པ་ཞིག་བྱུང་བས་ཡིད་ཆེས་པ་མ་པང་དུ་བུ་འཇུག་པའི་གདམས་ངག་ཅེས་བྱའོ། །དེ་ནས་དེ་ལ་རང་གི་རིག་པ་བསྟིམ་གྱིས་ཐིམ་པ་ནི་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་མན་

Likewise they remain for one day in each of the clusters of the four directions. Then, having again found certainty in spontaneous presence, they awaken. Their emanations too are able to act for the benefit of beings in fourteen days.

"The middling among those of superior faculties see the truth in five days. That is as follows: for four days they remain in the clusters. For one day they remain in the appearances of primordial wisdom. Then from their own heart there comes forth a cord of light rays, about as fine as a hair from a horse's tail, and it comes to stand upright in the open sky. Holding their eyes upon it without distraction and looking, they see in the middle of the sky that great cluster, vivid and distinct; intense trust in it is born, and a cognition arises that thinks, 'These are my own appearances.' This is called the oral instruction of trust,[299]Note 299 · p. 693 · yid ches pa ma pang du bu 'jug pa'i gdams ngag: Dharmamitra takes yid ches pa as a separate clause ("they gain certainty"). GPT-6.2 Astra, Gemini 4 Neon, Claude Fable 5.2 rightly take it as the first member of the instruction's name, parallel to mi 'gyur ba … and phyir mi ldog pa …; that reading is followed. like a child entering its mother's lap. Then their own awareness dissolving into it, wholly absorbed, is the

[p. 694]
ངག་གོ །དེ་ལ་ཡང་མི་གནས་པར་ཀ་དག་གི་ས་ལ་ཐིམ་པ་ནི་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་གདམས་ངག་ཅེས་བྱའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་གཅིག་ན་དོན་བྱེད་ནུས་སོ། །དབང་པོ་རབ་ཀྱི་ཐ་མ་ནི་ཞག་དྲུག་ཐོགས་ཏེ། དེ་ཡང་ཚོམ་བུ་ལ་ཞག་བཞི་ཐོགས། ཡེ་ཤེས་ཀྱི་སྣང་བ་དང་ཆོས་ཀྱི་དབྱིངས་ལ་ཞག་གཅིག་ཐོགས་སོ། །དེ་ནས་ཡང་རང་གི་མིག་གཉིས་ནས་ཡེ་ཤེས་ཀྱི་མེ་ལོང་གསལ་བ་གཉིས་ལྷག་གིས་འཆར་ཏེ། དེ་ལས་སྣང་བ་དཔག་ཏུ་མེད་པ་འཕྲོས་ནས། གཅིག་རང་གི་སྟེང་དུ་ཚོམ་བུ་གཅིག་ཏུ་སྡོད་དོ། །གཅིག་རང་གི་མདུན་དུ་ཚོམ་བུ་ཆེན་པོ་ཞིག་ཏུ་མཐོང་ངོ༌། །དེ་ནས་ངེས་པ་ཐོབ་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་ལྔ་ན་དོན་བྱེད་ནུས་སོ་ཞེས་དང༌། འབྲིང་གི་ངེས་པ་ལ་འཇོག་པ་ནི་ཞག་བདུན་ན་ངེས་པ་རྙེད་དོ། །དེ་ཡང་ཞག་ལྔ་ཚོམ་བུའི་སྣང་བ་ལ་སྡོད་དོ། །ཞག་གཅིག་ཆོས་

pith instruction of changelessness, like a golden needle.[300]Note 300 · p. 693 · gser gyi thur ma: "golden needle" (Dharmamitra, GPT-6.2 Astra, Claude Fable 5.2) is preferred to "golden stylus" (Gemini 4 Neon). The term denotes a slender gold probe, and the image is of changelessness. Not remaining even there, but dissolving into the level of primordial purity, is called the oral instruction of irreversibility, like the arrow of a great archer. Their emanations too are able to act for the benefit of beings in twenty-one days.

"The lowest among those of superior faculties take six days. That is, they take four days in the clusters, and a day each in the appearances of primordial wisdom[301]Note 301 · p. 694 · ye shes kyi snang ba dang chos kyi dbyings la zhag gcig thogs: literally "one day". Dharmamitra and Gemini 4 Neon read a single shared day; GPT-6.2 Astra and Claude Fable 5.2 read "one day each". The total of six days (4 + 1 + 1) and the parallel seven-day reckoning that follows require "a day each". and in the dharmadhātu.[302]Note 302 · p. 694 · chos kyi dbyings: "dharmadhātu" per the glossary (Dharmamitra "basic space of phenomena", Gemini 4 Neon and Claude Fable 5.2 "expanse of reality"). Then again, from their own two eyes two clear mirrors of primordial wisdom vividly arise, and from them immeasurable appearances radiate. One remains above them as a single cluster. One is seen in front of them as a great cluster. Then, having attained certainty, they awaken. Their emanations too are able to act for the benefit of beings in twenty-five days."Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 64 % of the words.

And:

"

2.3.2.3.2.2.3.2 Those of middling faculties དབང་པོ་འབྲིང2.3.2.3.2.2.3.2 Those of middling faculties (topical division)
The seven middling grades find certainty in seven to thirteen days spent in clusters, wisdom and spontaneous presence; emanations act after twenty-six to thirty-nine days.

As for how the middling are settled in certainty:[303]Note 303 · p. 694 · 'bring gi nges pa la 'jog pa ni: the phrase is terse. It is read as "how the middling [faculties] are settled in certainty", in line with GPT-6.2 Astra and Claude Fable 5.2; Dharmamitra's "establishing the certainty of" is also possible. they find certainty in seven days. That is, for five days they remain in the appearances of the clusters. For one day[304]Note 304 · p. 694 · The part ends mid-sentence at zhag gcig chos-; the English stops at "For one day" and the next part continues with "they remain in the dharmadhātu".

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 7 quotations, 6 found on this wiki.
# p. Tibetan English Source On this wiki
1 683 དེའི་ཚེ་མི་བརྗེད་པའི་གཟུངས་རྣམས་ཀྱང་རང་ … བས་ན་ཆོས་ཉིད་ཀྱི་བར་དོ་ཞེས་བྱའོ་ At that time the dhāraṇīs of non-forgetting also arise … intermediate state of dharmatā (chos nyid kyi bar do)." named: ཉི་ཟླ་ཁ་སྦྱོར་ལས
ཉི་མ་དང་ཟླ་བ་ཁ་སྦྱོར་བ་ཆེན་པོ་གསང་བའི་རྒྱུད, nyi ma dang zla ba kha sbyor ba chen po gsang ba'i rgyud, The Union of Sun and Moon · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0064-vol-01-text (the text itself), 67 %
2 684 རྒྱུན་གྱི་ཏིང་ངེ་འཛིན་རྒྱུད་ལ་རང་བཞིན་གྱིས་ཤར་བས་རྣམ་པར་རྟོག་པ་ངན་པ་གཏན་ནས་མི་སྐྱེའོ་ Since the continuous samādhi has naturally arisen in the mindstream, bad discursive thoughts never arise at all." “the same”: རྒྱུད་དེ་ཉིད་ལས
ཉི་མ་དང་ཟླ་བ་ཁ་སྦྱོར་བ་ཆེན་པོ་གསང་བའི་རྒྱུད, nyi ma dang zla ba kha sbyor ba chen po gsang ba'i rgyud, The Union of Sun and Moon · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0064-vol-01-text (the text itself), 50 %
3 684 དབང་པོ་ལ་རྣམ་པ་གསུམ་བསྟན་ཏེ། རབ་ … མའི་རྩེ་མོ་དང༌། ཐ་མའི་རྩེ་ཟིན་པའོ་ Three kinds of faculties are taught: superior, middling and … lesser, and the lesser that has reached the summit." named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0052-vol-01-text (the text itself), 70 %
4 686 དབང་པོ་ཉི་ཤུ་རྩ་གཅིག་གི་བྱེ་བྲག་ … གི་བྱེ་བྲག་ཏུ་འཁྲུལ་པ་ཡང་ཡོད་དོ་ There is also what is taught in terms of … in terms of the particulars of the twenty-one faculties." named: ཉི་ཟླ་ཁ་སྦྱོར་ལས
ཉི་མ་དང་ཟླ་བ་ཁ་སྦྱོར་བ་ཆེན་པོ་གསང་བའི་རྒྱུད, nyi ma dang zla ba kha sbyor ba chen po gsang ba'i rgyud, The Union of Sun and Moon · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0064-vol-01-text (the text itself), 74 %
5 686 སེམས་ཅན་རྣམས་ནི་བར་དོ་ལ་འདི་ལྟར་ … བར་དོ་ལ་འཁྲུལ་ལུགས་རྒྱས་པར་བཤད་པའོ་ Sentient beings are deluded in the intermediate state as … of the modes of delusion in the intermediate state." named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras high
not found
6 690 དེ་ཡང་དབང་པོ་རབ་ནི་སྐད་ཅིག་མ་ … ཉི་ཤུ་རྩ་ལྔ་ན་དོན་བྱེད་ནུས་སོ་ Moreover, those of superior faculties awaken in three instants, … act for the benefit of beings in twenty-five days." named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0052-vol-01-text (the text itself), 64 %
7 694 འབྲིང་གི་ངེས་པ་ལ་འཇོག་པ་ནི་ཞག་ … སུམ་ཅུ་རྩ་དགུ་ན་དོན་བྱེད་ནུས་སོ་ As for how the middling are settled in certainty: … act for the benefit of beings in thirty-nine days." not named:
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0052-vol-01-text (the text itself), 60 %