Tshig don mdzod (Longchenpa): Vajra topic 10 (9)

From Rangjung Yeshe Wiki Texts
Tshig don mdzod (Longchenpa)Tshig don mdzod (Longchenpa): Vajra topic 10 (9)
< Tshig don mdzod (Longchenpa)
Tshig don mdzod (Longchenpa)/Vajra topic 10 (9)
Jump to navigation Jump to search
← Vajra topic 10 (8)Tshig don mdzod: contentsVajra topic 10 (10) →

Vajra topic 10 · Practice: The King's Mansion · ཉམས་སུ་ལེན་པ་རྒྱལ་པོའི་ཁང་བཟང
Pages 695–706 of the corrected base text (W22920 vol. 4), part 9 of 11.

[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD85), gorn05 tibocr 2026: BDRC OCR on 338 pages, Mitra OCR on 147 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 431] ཞག་གཅིག་ཆོས་ཀྱི་

[p. 432] དབྱིངས་ལ་སྡོད་དོ། །ཞག་གཅིག་མེ་ལོང་ཡེ་ཤེས་ལ་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ནས་སྐུ་གཅིག་བྱུང་བ་དེ་ལས་སྐུ་གྲངས་མེད་པ་འཕྲོས་པས་དེ་ལ་རང་གི་ཤེས་པ་སད་དེ་སྟོབས་སུ་གྱུར་ནས་ཡང་སྐར་མངའ་ ལྟ་བུའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་དྲུག་ན་དོན་བྱེད་ནུས་སོ། །དབང་པོ་འབྲིང་གི་རྩེ་མོ་ནི་ཞག་བརྒྱད་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་ལྔ་ཐོགས་སོ། །ཡེ་ཤེས་བཞིའི་སྣང་བ་ལ་ཞག་གསུམ་བསྡད་ནས་ཡང་རང་ གི་སྟེང་ན་ཡེ་ཤེས་ཀྱི་སྐུ་སྣ་ཚོགས་སུ་འཕྲོ་བ་ཞིག་མཐོང་བས་དེ་ལ་ངེས་པ་རྙེད་ནས་དེ་ཡང་སྐར་མདའ་ལྟ་བུའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་བདུན་ན་དོན་བྱེད་ནུས་སོ། །འབྲིང་གི་མཆོག་གིས་ཞག་དགུ་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་ལྔ་ཐོགས། ཡེ་ཤེས་ལ་ཞག་བཞི་ཐོགས་སོ། །དེ་ནས་ཡང་ངེས་པ་རྙེད་དེ་ཅི་སྣང་ཐམས་ཅད་མེ་ལོང་ལྟ་བུར་རྟོགས་ཤིང་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་སུམ་ཅུ་ན་དོན་བྱེད་ ནུས་སོ། །འབྲིང་གི་ཕུལ་ནི་ཞག་བཅུ་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡེ་ཤེས་ཀྱི་སྣང་བ་ལ་བཞི། ལྷུན་གྲུབ་ཀྱི་སྣང་བ་ལ་ཞག་གཅིག་ཐོགས་ནས་སྐུ་དེ་དག་ཐམས་ཅད་གཉིས་མེད་དུ་རྟོགས་ནས་འཚང་རྒྱའོ། །སྤྲུལ་ པ་ཡང་ཞག་སུམ་ཅུ་རྩ་གཅིག་ན་དོན་བྱེད་ནུས་སོ། །འབྲིང་གི་རབ་ཞག་བཅུ་གཅིག་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་གཅིག་གནས་ཏེ། དེ་ནས་ཡང་ངེས་པ་རྙེད་ནས་སྣང་བ་ཐམས་ཅད་འོད་

[p. 433] ཁྱིམ་དུ་མཐོང་ནས་ངེས་པ་རྙེད་དོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་བཞིན་དོན་བྱེད་ནུས་སོ། །འབྲིང་གི་འབྲིང་ནི་ཞག་བཅུ་གཉིས་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡོངས་སུ་ཁྲོ་བོའི་ཞིང་ཁམས་སུ་གཅིག་ཡེ་ཤེས་ཀྱི་སྣང་བ་ལ་ཞག་ལྔ། ལྷུན་གྲུབ་ཀྱི་སྣང་བ་ལ་ཞག་གཅིག་གནས་ནས་ཀྱང་ངེས་པ་རྙེད་དེ་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་སུམ་བཅུ་རྩ་བདུན་ན་དོན་བྱེད་ནུས་སོ། །འབྲེང་གི་ཐ་མ་ནི་ཞག་བཅུ་གསུམ་ཐོགས་ཏེ། ཡང་ཚོམ་བུ་གོང་འོག་ལ་དྲུག །ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་གཉིས་གནས་པས། ཡང་ཅིར་སྣང་མར་མེའི་དཀྱིལ་འཁོར་ལྟར་མཐོང་ནས་ངེས་པ་རྙེད་དེ། སྤྲུལ་པ་ཡང་ཞག་སུམ་ཅུ་རྩད་དགུ་ན་དོན་བྱེད་ནུས་སོ་ཞེས་པ་དང་དེ་ཡང་ཐ་མའི་ས་ཟིན་པ་ནི་ཞག་བཅུ་བཞི་ཐོགས་ཏེ། དེ་ཡང་ཚོམ་བུ་གོང་འོག་ལ་དྲུབ། ཡེ་ཤེས་ལ་ལྔ། ལྷུན་གྲུབ་པ་ལ་ཞག་གསུམ་ཐོགས་པའི་ཐ་མ་རང་གི་སྣང་བ་མཐོང་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་བཞི་བཅུ་ན་དོན་བྱེད་ནུས་སོ། །ཐ་མའི་རྩེ་མོ་ནི་ཞག་བཅོ་ལྔ་ཐོགས་ཏེ། ཡང་ཚོམ་བུ་དང་ཡེ་ཤེས་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་གཅིག་གནས་པའི་ཐ་མ་ལ་རང་གི་སྣང་བ་མཐོང་ན་བརྟན་པ་ཐོབ་བོ། །སྤྲུལ་བ་ཡང་ཞག་བཞི་བཅུ་ཞེ་གསུམ་ན་དོན་བྱེད་ནུས་སོ། །མཐའ་མའི་མཆོག་ནི་ཞག་བཅུ་དྲུག་ཐོགས་ཏེ། ཚོམ་བུ་དང་ཡེ་ཤེས་གོང་གཞིན་ནོ། །ལྷུན་གྲུབ་ལ་ཞལ་ལྔ་གནས་པའི་ཐ་མ་ཡང་རང་གི་སྣང་བ་མཐོང་ན། མཐོང་ནས་བརྟན་པ་ཐོབ་བོ། །

[p. 434] སྤྲུལ་པ་ཡང་ཞག་ཞེ་དྲུག་ན་དོན་བྱེད་ནུས་སོ། །ཐ་མའི་ཕུལ་ནི་ཞག་བཅུ་བདུན་ཐོགས་ཏེ། ཚོམ་བུ་དང་ཡེ་ཤེས་ཀྱང་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་དྲུག་གནས་པའི་ཐ་མ་ཡང་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་ པའོ། །སྤྲུལ་པ་ཡང་ཞག་ཞེ་བདུན་ན་དོན་བྱེད་ནུས་སོ། །ཐ་མའི་རབ་ཞག་བཅོ་བརྒྱད་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་དྲུག་ཐོགས་སོ། ཡེ་ཤེས་ལ་ཞག་བརྒྱད་དོ། །ལྷུན་གྲུབ་ལ་ཞག་གསུམ་གནས་པའི་ཐ་མ་རང་གི་སྣང་བ་ མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པའང་ཞག་ལྔ་བཅུ་ན་དོན་བྱེད་ནུས་སོ། །ཐ་མའི་འབྲིང་ནི་ཞག་བཅུ་དགུ་ཐོགས་ཏེ། ཡང་ཚོམ་བུ་ལ་བཅུ་གཉིས་ཐོགས། ཡེ་ཤེས་ལ་བཞི་གནས་སོ། །ལྷུན་གྲུབ་ལ་ཞག་ གསུམ་གནས་པའི་ཐ་མ་ལ་རང་གི་སྣང་བ་མཐོང་སྟེ་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་ལྔ་བཅུ་རྩ་གསུམ་ན་དོན་བྱེད་ནུས་སོ། །སེམས་ཅན་གྱི་དབང་པོ་དེ་རྣམས་ཀུན་ཀྱང་སངས་རྒྱས་ཀྱི་ས་ནོན་པའོ། །བར་དོ་དེ་རྣམས་ཀྱང་དཔེར་ ན་རྨི་ལམ་ལྟ་བུའོ་ཞེས་སོ། །དེ་དག་གི་དུས་ན་གྲོལ་བ་གནད་ཀྱི་མན་ངག་ལ་གསུམ་སྟེ། ཆོས་ཉིད་ཀྱི་སྣང་བ་རང་སྣང་དུ་ཤེས་པ་མ་པད་དུ་བུ་འདུག་པའི་གདམས་པ་དང་། ཤེས་ཐོག་དེར་དར་ཅིག་རང་བཞིན་གྱི་བསམ་ གཏན་ལས་མི་གཡོ་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་དང་། གནས་ཐོག་གི་ངང་རང་ས་ཀ་དག་ལས་གྲོལ་ནས་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་མན་ངག་དྲན་པར་བྱའོ། །དེ་ཡང་དབང་པོ་རབ་

[p. 435] ལྟ་བུ་ལ་དཔེར་མཚོན་ན་སྐད་ཅིག་དང་པོ་ལ་ཚོམ་བུ་འགགས། གཉིས་པ་ལ་ལྷུན་གྲུབ་སྐྱེས་དུས་རང་ངོ་ཤེས། ཤེས་ཐོག་ཏུ་གནས། གསུམ་པ་ལ་ཀ་དག་གི་བདེན་པ་མཐོང་ནས་གྲོལ་ཏེ་དབྱིངས་སུ་མ་ཐིམ་པའི་བར་དེར་བསམ་གཏན་གྱི་ཞག་གསུམ་གནས་པའི་ངང་ནས་སྐར་མདའ་ལས་འོད་འཕྲོ་བ་ལྟར་རིག་པ་ལས་སྤྲུལ་པ་བཀྱེ་ནས་སེམས་ཅན་གྱི་དོན་རང་སྣང་ཙམ་དུ་བྱས་ཏེ་ཀ་དག་ཏུ་སླར་ཐིམ་པ་སྐར་མདའ་དབྱིངས་སུ་ཐིམ་པ་ལྟ་བུའོ། །དེ་ནས་ལྷུན་གྲུབ་ཀྱི་སའི་ཐུགས་རྗེས་རང་བཞིན་ལྷུན་གྲུབ་ཏུ་དོན་འབྱུང་བ་ལས། ཀ་དག་གིས་དེ་ནས་དངོས་སུ་སྤྲུལ་པ་མི་འགྱེད་དེ་ཆོས་སྐུ་བྱ་བྱེད་གཡོ་རྩོལ་ལས་འདས་པའི་ས་ཡིན་པའི་ཕྱིར་རོ། །ཞག་འདི་གནས་པ་ཏིང་ངེ་འཛིན་སྔོན་གནས་ཀྱི་ཆའི་ཡུན་ལ་བརྩི་བ་ཡིན་ལ། དབང་པོ་རྣམས་རང་རང་གྲོལ་ནས་རང་བཞིན་གྱི་བསམ་གཏན་ལ་ཞག་སུམ་ཅུ་དང་བཞི་བཅུ་ལ་སོགས་པ་ནས་ཐ་མ་ལྔ་བཅུ་རྩ་གསུམ་རང་གནས་པའི་ངང་ནས་སྤྲུལ་པ་བཀྱེ་ནས་དོན་བྱས་རྟིང་ནང་དབྱིངས་སུ་འཇུག་པའོ། །དེ་ཡང་གྲོལ་ནས་དབྱིངས་སུ་མ་ཐིམ་གྱི་བར་དེར་སྤྲུལ་པ་འགྱེད། རང་གི་ཞག་སོ་སོར་གནས་རྟིང་དབྱིངས་སུ་ཐིམ་པའོ། །གསུམ་པ་ཐིམ་ཚུལ་གྱི་རིམ་པས་མཇུག་བསྡུ་བ་ནི། སྔར་ལྷུན་གྲུབ་ཀྱི་སྣང་བ་ཤར། དེ་དག་སླར་རིག་པ་ཉིད་ཀྱི་ངང་དུ་ཐིམ་པ་ནི་ཤེལ་འོད་ནང་ཐིམ་ལ་སོང་བ་ལྟ་བུ་སྟེ། རིན་པོ་ཆེ་སྤུངས་པ་ལས། རོལ་པའི་རྩལ་དུ་ཐིམ་ལུགས་

[p. 436] བརྒྱད། །ལྷུན་གྲུབ་ངེས་པ་མེད་པའི་གཞི། །ཡོན་ཏན་ཚུལ་དུ་འདི་ལྟ་བུ། །ཞེས་དང་། རང་ཤར་ལས། ཀྱེ་གྲོགས་པོ་དག་ལྷུན་གྲུབ་ཀྱི་སྣང་བ་ལ་རང་གི་དེ་ཉིད་སྟོབས་སུ་གྱུར་ནས་བདེན་པ་མཐོང་བའི་ཚེ། ཐིམ་ལུགས་བརྒྱད་དོ་ཤེས་པར་བྱའོ། །དེ་ཡང་ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་ནི་དཔེར་ན་ཉི་མ་ནུབ་པའི་ཟེར་ལྟ་བུའོ། །ཡེ་ཤེས་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ནམ་པང་དུ་བུ་འཇུག་པ་ལྟ་བུའོ། །འོད་འོད་ལ་ཐིམ་པ་ནི་དཔེར་ན་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟ་བུའོ། །སྐུ་སྐུ་ལ་ཐིམ་པ་ནི་དཔེར་ན་བུམ་པའི་སྐུ་ལྟ་བུའོ། །གཉིས་མེད་གཉིས་མེད་ལ་ཐིམ་པ་ནི་དཔེར་ན་ཆུ་བོ་ཆུ་བོ་ལ་ཐིམ་པ་ལྟ་བུའོ། །མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པ་ནི་དཔེར་ན་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟ་བུའོ། །དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཀ་དག་ལ་ཐིམ་པ་ནི་དཔེར་ན་སེང་གེས་གངས་ཟིན་པ་ལྟ་བུའོ། །མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ལ་ཐིམ་པ་ནི་དཔེ་ན་སྦྲའི་ཆོན་ཐག་བརྟུལ་བ་ལྟ་བུའོ་ཞེས་སོ། །དེ་ལྟར་བརྒྱད་པོ་ཐིམ་དུས་རིག་པ་ཤེལ་གོང་སྐྱོན་དང་བྲལ་བ་ལྟར་ཀ་དག་ནང་དབྱིངས་གཅིག་ཏུ་གནས་པས་ངོ་ཤེས་པ་རྣམས་ཆོས་སྐུ་ཉག་གཅིག་ཏུ་བདེ་ཀློང་གཅིག་ཏུ་འཁྱིལ་པའི་དུས་སོ། །དོན་བཞི་བ་སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བརྐོང་ཆག་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ལ་གཉིས་ཏེ། རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ཚུལ་དང་། སྲིད་པ་བར་དོ་དངོས་རྒྱས་པར་

[p. 437] ༄༅། །བཤད་པའོ། །དང་པོ་ནི། རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་འདིའི་དབང་པོ་ཉི་ཤུ་རྩ་གཅིག་གི་ཐ་མའི་ཐ་མ་དེ་སྲིད་པའི་བར་དོ་རྨི་ལམ་དང་འདྲ་བ་ལས་ལམ་བྱུང་ནས་ཆོས་ཉིད་བདེན་པའི་བྱིན་རླབས་ ཀྱིས་རང་བཞིན་སྤྲུལ་སྐུའི་ཞིང་དུ་རྫུས་ཏེ་སྐྱེས་ནས་བར་དོ་མ་དེ་བར་འཚང་རྒྱ་བ་སྟེ། རང་ཤར་ལས། བདེན་པ་མཐོང་བའི་སེམས་ཅན་ནི། །རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང་། །ཕྱོགས་བརྟ་སྤྲུལ་པའི་ཞིང་ཁམས་སུ། །གངས་ ནས་མཐར་ཕྱིན་གྲོལ་བར་འགྱུར། །ཞེས་པ་དང་། ཡང་དེ་ལས། དབང་པོ་ཐ་མའི་ཐ་མ་ནི་ཞག་ཉི་ཤུ་གནས་ནས་དེ་ནས་ཡང་ལྷུན་གྲུབ་ཀྱི་སྣང་བར་ལམ་བྱུང་ནས་མ་དག་པ་འཁོར་པའི་སྒོར་ལམ་བྱུང་སྟེ་ཕྱོགས་བཅུ་སྤྲུལ་ པ་སྐུའི་ཞིང་ཁམས་སུ་གནས་ནས་བར་དོ་མེད་པར་ཡང་དག་པར་འཚང་རྒྱའོ་ཞེས་པ་དང་། ཉི་ཟླ་ཁ་སྦྱོར་ལས། འདི་མཐོང་དབང་པོ་ཐ་མ་ལ། །བར་མདོ་ཉིད་སྣང་འགྱུར་རམ། །འོན་ཏེ་མི་སྣང་བའམ་ཅི། །སྟོན་པས་ གསུངས་པ་དེ་སྣང་དེ། །རང་གར་འཛིན་པའི་བག་ཆགས་ཟད། །རང་བཞིན་སྤྲུལ་པར་དབུགས་ཕྱུང་སྟེ། །བར་དོ་མེད་པར་སངས་རྒྱས་ཉིད། །ཅེས་སོ། །ཞིང་དེ་དག་གི་རང་བཞིན་ལོངས་སྐུའི་རྣམ་པ་འདྲར་རུང་དུ་ སྣང་སྟེ། ཕྱོགས་བཞི་ཞི་བས་བསྐོར་བའི་དབུས་སྟེང་གི་ཆར་རང་རང་གི་མདུན་ནས་བལྟས་པ་ན་ཁྲོ་བོའི་ཞིང་ཡོད་པ་ནི་སྟོན་པ་ཀུན་དུ་བཟང་པོ་རྡོ་རྗེ་འཆང་གི་བྱིན་རླབས་ལས་རང་ཤར་བའོ། །དེ་ཡང་རང་ཤར་

[p. 438] ལས། འདི་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་ཞིང་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཡོད་དེ། སྤྲུལ་པ་སྐུའི་ཞིང་ཁམས་དེ་ན་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་དམ་པ་ཐོབ་པའི་གནས་དེ་ན་གཞལ་ཡས་ཁང་གི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། དེ་ཡང་འདི་ལྟ་སྟེ། རིན་པོ་ཆེ་ཤེལ་ལས་གྲུབ་པའི་ཁང་པ་སྒོ་བཞི་དང་ལྡན་པ། རིན་པོ་ཆེ་སྣ་ལྔའི་རྟ་བབས་དང་ལྡན་པ། ས་གཞི་ཐམས་ཅད་ཀྱང་རིན་པོ་ཆེ་ཤེལ་ལས་གྲུབ་བ། ཤིན་ཏུ་ཡིད་དུ་འོང་བ་བལྟ་ན་སྡུག་པ། ཐེམ་སྐས་དང་དཀར་ཁུང་དང་ལྡན་པ། ཕྱོགས་བཞི་ན་གསེང་དཀར་ཆེན་པོ་བཞི་ཡོད་པ། གསེང་དཀར་ནས་ཉི་མ་ཤར་བས་རིན་པོ་ཆེ་ཤེལ་ལས་གྲུབ་པ་ཁང་པ་ལ་ཕོག་ནས་ནང་དུ་ཉིན་མོ་འོད་ལྔའི་སྣང་བ་ལྷུག་པར་འཆར་བ། གཞལ་ཡས་ཁང་དེའི་ཕྱི་རོལ་ན་ཡན་ལག་བརྒྱད་དང་ལྡན་པའི་ཆུའི་འོབས་ཡོད་པ། ཆུ་དེ་ལ་ནད་ཀྱིས་བཏབ་པ་རྣམས་ཀྱིས་འཐུངས་ན་ནད་འཚོ་བར་འགྱུར་ལ། དེའི་ཕྱི་རོལ་ན་མཚེའུ་བརྒྱད་ཡོད་དེ། དེ་རྣམས་ཀྱི་ནང་ན་ཡང་བྱ་སྐད་སྙན་པ་སྣ་ཚོགས་ཏེ། དེ་ཡང་འདི་ལྟ་སྟེ། བྱའི་རྒྱལ་པོ་དང་པ་གསེར་ལྡན་དང་མཐིང་རིལ་དང་། བྱ་ཀ་ཏི་དང་། རྨ་བྱ་དང་། ནེ་ཙོ་མི་སྐད་ཤེས་པ་དང་། ཁུ་བྱུག་དང་། ཤང་ཤང་ཏེའུ་དང་། རི་སྐེགས་དང་། དེ་ལ་སོགས་ཏེ་སྐད་སྙན་པའི་བྱ་རིགས་སྟོང་

[p. 439] ཕྲག་བརྒྱད་ཅུ་དང་། ཡིད་དུ་འོང་བའི་བྱ་རིགས་འདི་ལྟ་སྟེ། ཀང་ཀ་རི་དང་། ཟེར་མོ་དང་། སྦབས་དང་། ལྷའི་བྱ་དྲིལ་བུའི་སྐད་ཅན་དང་། བྱ་ཀྲི་ཏི་ས་གསེར་གྱི་རྡོ་རྗེའི་གཟུགས་ལ་སོགས་ཏེ། གཡུའི་མདོག་ལྟར་སྔོ་བ་དང་། དུང་གི་མདོག་ལྟར་དཀར་བ་དང་། བྱི་རུའི་མདོག་ལྟར་དམར་བ་དང་། ཨིནྡྲ་ནཱི་ལ་ལྟར་ལྗང་བ་ལ་སོགས་ཏེ་ཡིད་དུ་འོང་བ་དང་སྐད་སྙན་པ་བསམ་གྱིས་མི་ཁྱབ་པ་ཡོད་དོ། །དེའི་ཕྱི་རིམ་ན་རིན་པོ་ཆེ་སྣ་བདུན་གྱི་ལྕགས་རི་ཡོད་དོ། །དེ་རྣམས་ཀྱི་དབུས་ན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁྲི་ཆོས་བཤད་པའི་སྟན་དང་ལྡན་པ་ཡོད་དོ། །དེར་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེས་སྲོད་ལ་འཁོར་རྣམས་ལ་རྒྱུའི་ཆོས་འཆད་དོ། །ནམ་ཕྱེད་ན་སྔགས་ཕྱིའི་ཆོས་འཆད་དོ། །ཐོ་རངས་གསང་སྔགས་ནང་གི་ཆོས་འཆད་དོ། །

[edit]
BDRC typed e-text UT22920_004_0001 as downloaded (the base text was made from it).

ཞག་གཅིག་ཆོས་ཀྱི་དབྱིངས་ལ་སྡོད་དོ། །ཞག་གཅིག་མེ་ལོང་ཡེ་ཤེས་ལ་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ནས་སྐུ་གཅིག་བྱུང་བ་དེ་ལ་སྐུ་གྲངས་མེད་པ་འཕྲོས་པས་དེ་ལ་རང་གི་ཤེས་པ་སད་དེ་སྟོབས་སུ་གྱུར་ནས་ཡང་སྐར་མདའ་ལྟ་བུའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་དྲུག་ན་དོན་བྱེད་ནུས་སོ། །དབང་པོ་འབྲིང་གི་རྩེ་མོ་ནི་ཞག་བརྒྱད་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་ལྔ་ཐོགས་སོ། །ཡེ་ཤེས་བཞིའི་སྣང་བ་ལ་ཞག་གསུམ་བསྡད་ནས་ཡང་རང་གི་སྟེང་ན་ཡེ་ཤེས་ཀྱི་སྐུ་སྣ་ཚོགས་སུ་འཕྲོ་བ་ཞིག་མཐོང་བས་དེ་ལ་ངེས་པ་རྙེད་ནས་དེ་ཡང་སྐར་མདའ་ལྟ་བུའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་བདུན་ན་དོན་བྱེད་ནུས་སོ། །འབྲིང་གི་མཆོག་གིས་ཞག་དགུ་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་ལྔ་ཐོགས། ཡེ་ཤེས་ལ་ཞག་བཞི་ཐོགས་སོ། །དེ་ནས་ཡང་ངེས་པ་རྙེད་དེ་ཅི་སྣང་ཐམས་ཅད་མེ་ལོང་ལྟ་བུར་རྟོགས་ཤིང་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་སུམ་ཅུ་ན་དོན་བྱེད་ནུས་སོ། །འབྲིང་གི་ཕུལ་ནི་ཞག་བཅུ་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡེ་ཤེས་ཀྱི་སྣང་བ་ལ་བཞི། ལྷུན་གྲུབ་ཀྱི་སྣང་བ་ལ་ཞག་གཅིག་ཐོགས་ནས་སྐུ་དེ་དག་ཐམས་ཅད་གཉིས་མེད་དུ་རྟོགས་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་གཅིག་ན་དོན་བྱེད་ནུས་སོ། །འབྲིང་གི་རབ་ཞག་བཅུ་གཅིག་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་གཅིག་གནས་ཏེ། དེ་ནས་ཡང་ངེས་པ་རྙེད་ནས་སྣང་བ་ཐམས་ཅད་འོད་ཁྱིམ་དུ་མཐོང་ནས་ངེས་པ་རྙེད་དོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་བཞི་ན་དོན་བྱེད་ནུས་སོ། །འབྲིང་གི་འབྲིང་ནི་ཞག་བཅུ་གཉིས་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡོངས་སུ་ཁྲོ་བོའི་ཞིང་ཁམས་སུ་གཅིག ཡེ་ཤེས་ཀྱི་སྣང་བ་ལ་ཞག་ལྔ། ལྷུན་གྲུབ་ཀྱི་སྣང་བ་ལ་ཞག་གཅིག་གནས་ཀྱང་ངེས་པ་རྙེད་དེ་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་བདུན་ན་དོན་བྱེད་ནུས་སོ། །འབྲིང་གི་ཐ་མ་ནི་ཞག་བཅུ་གསུམ་ཐོགས་ཏེ། ཡང་ཚོམ་བུ་གོང་འོག་ལ་དྲུག ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་གཉིས་གནས་པས། ཡང་ཅིར་སྣང་མར་མེའི་དཀྱིལ་འཁོར་ལྟར་མཐོང་ནས་ངེས་པ་རྙེད་དོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་དགུ་ན་དོན་བྱེད་ནུས་སོ་ཞེས་པ་དང༌། དེ་ཡང་ཐ་མའི་ས་ཟིན་པ་ནི་ཞག་བཅུ་བཞི་ཐོགས་ཏེ། དེ་ཡང་ཚོམ་བུ་གོང་འོག་ལ་དྲུག ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་ཞག་གསུམ་ཐོགས་པའི་ཐ་མ་རང་གི་སྣང་བ་མཐོང་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་བཞི་བཅུ་ན་དོན་བྱེད་ནུས་སོ། །ཐ་མའི་རྩེ་མོ་ནི་ཞག་བཅོ་ལྔ་ཐོགས་ཏེ། ཡང་ཚོམ་བུ་དང་ཡེ་ཤེས་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་གཅིག་གནས་པའི་ཐ་མ་ལ་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་བཞི་བཅུ་ཞེས་གསུམ་ན་དོན་བྱེད་ནུས་སོ། །ཐ་མའི་མཆོག་ནི་ཞག་བཅུ་དྲུག་ཐོགས་ཏེ། ཚོམ་བུ་དང་ཡེ་ཤེས་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་ལྔ་གནས་པའི་ཐ་མ་ཡང་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་ཞེ་དྲུག་ན་དོན་བྱེད་ནུས་སོ། །ཐ་མའི་ཕུལ་ནི་ཞག་བཅུ་བདུན་ཐོགས་ཏེ། ཚོམ་བུ་དང་ཡེ་ཤེས་ཀྱང་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་དྲུག་གནས་པའི་ཐ་མ་ཡང་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་པའོ། །སྤྲུལ་པ་ཡང་ཞག་ཞེ་བདུན་ན་དོན་བྱེད་ནུས་སོ། །ཐ་མའི་རབ་ཞག་བཅོ་བརྒྱད་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་དྲུག་ཐོགས་སོ། །ཡེ་ཤེས་ལ་ཞག་བརྒྱད་དོ། ལྷུན་གྲུབ་ལ་ཞག་གསུམ་གནས་པའི་ཐ་མ་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པའང་ཞག་ལྔ་བཅུ་ན་དོན་བྱེད་ནུས་སོ། །ཐ་མའི་འབྲིང་ནི་ཞག་བཅུ་དགུ་ཐོགས་ཏེ། ཡང་ཚོམ་བུ་ལ་བཅུ་གཉིས་ཐོགས། ཡེ་ཤེས་བཞི་གནས་སོ། །ལྷུན་གྲུབ་ལ་ཞག་གསུམ་གནས་པའི་ཐ་མ་ལ་རང་གི་སྣང་བ་མཐོང་སྟེ་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་ལྔ་བཅུ་རྩ་གསུམ་ན་དོན་བྱེད་ནུས་སོ། །སེམས་ཅན་གྱི་དབང་པོ་དེ་རྣམས་ཀུན་ཀྱང་སངས་རྒྱས་ཀྱི་ས་ནོན་པའོ། །བར་དོ་དེ་རྣམས་ཀྱང་དཔེར་ན་རྨི་ལམ་ལྟ་བུའོ་ཞེས་སོ། །དེ་དག་གི་དུས་ན་གྲོལ་བ་གནད་ཀྱི་མན་ངག་ལ་གསུམ་སྟེ། ཆོས་ཉིད་ཀྱི་སྣང་བ་རང་སྣང་དུ་ཤེས་པ་མ་པང་དུ་བུ་འཇུག་པའི་གདམས་པ་དང༌། ཤེས་ཐོག་དེར་དར་ཅིག་རང་བཞིན་གྱི་བསམ་གཏན་ལས་མི་གཡོ་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་དང༌། གནས་ཐོག་གི་ངང་རང་ས་ཀ་དག་ལས་གྲོལ་ནས་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་མན་ངག་དྲན་པར་བྱའོ། །དེ་ཡང་དབང་པོ་རབ་ལྟ་བུ་ལ་དཔེར་མཚོན་ན་སྐད་ཅིག་དང་པོ་ལ་ཚོམ་བུ་འགགས། གཉིས་པ་ལ་ལྷུན་གྲུབ་སྐྱེས་དུས་རང་ངོ་ཤེས། ཤེས་ཐོག་ཏུ་གནས། གསུམ་པ་ལ་ཀ་དག་གི་བདེན་པ་མཐོང་ནས་གྲོལ་ཏེ་དབྱིངས་སུ་མ་ཐིམ་པའི་བར་དེར་བསམ་གཏན་གྱི་ཞག་གསུམ་གནས་པའི་ངང་ནས་སྐར་མདའ་ལས་འོད་ཟེར་འཕྲོ་བ་ལྟར་རིག་པ་ལས་སྤྲུལ་པ་བཀྱེ་ནས་སེམས་ཅན་གྱི་དོན་རང་སྣང་ཙམ་དུ་བྱས་ཏེ་ཀ་དག་ཏུ་སླར་ཐིམ་པ་སྐར་མདའ་དབྱིངས་སུ་ཐིམ་པ་ལྟ་བུའོ། །དེ་ནས་ལྷུན་གྲུབ་ཀྱི་སའི་ཐུགས་རྗེས་རང་བཞིན་ལྷུན་གྲུབ་ཏུ་དོན་འབྱུང་བ་ལས། ཀ་དག་གི་ས་དེ་ནས་དངོས་སུ་སྤྲུལ་པ་མི་འགྱེད་དེ་ཆོས་སྐུ་བྱ་བྱེད་གཡོ་རྩོལ་ལས་འདས་པའི་ས་ཡིན་པའི་ཕྱིར་རོ། །ཞག་འདི་གནས་པ་ཏིང་ངེ་འཛིན་སྔོན་གནས་ཀྱི་ཆའི་ཡུན་ལ་བརྩི་བ་ཡིན་ལ། དབང་པོ་རྣམས་རང་རང་གྲོལ་ནས་རང་བཞིན་གྱི་བསམ་གཏན་ལ་ཞག་སུམ་ཅུ་དང་བཞི་བཅུ་ལ་སོགས་པ་ནས་ཐ་མ་ལྔ་བཅུ་རྩ་གསུམ་རང་གནས་པའི་ངང་ནས་སྤྲུལ་པ་བཀྱེ་ནས་དོན་བྱས་རྟིང་ནང་དབྱིངས་སུ་འཇུག་པའོ། །དེ་ཡང་གྲོལ་ནས་དབྱིངས་སུ་མ་ཐིམ་གྱི་བར་དེར་སྤྲུལ་པ་འགྱེད། རང་གི་ཞག་སོ་སོར་གནས་རྟིང་དབྱིངས་སུ་ཐིམ་པའོ། །གསུམ་པ་ཐིམ་ཚུལ་གྱི་རིམ་པས་མཇུག་བསྡུ་བ་ནི། སྔར་ལྷུན་གྲུབ་ཀྱི་སྣང་བ་ཤར། དེ་དག་སླར་རིག་པ་ཉིད་ཀྱི་ངང་དུ་ཐིམ་པ་ནི་ཤེལ་འོད་ན་ཐིམ་ལ་སོང་བ་ལྟ་བུ་སྟེ། རིན་པོ་ཆེ་སྤུངས་པ་ལས། རོལ་པའི་རྩལ་དུ་ཐིམ་ལུགས་བརྒྱད། ལྷུན་གྲུབ་ངེས་པ་མེད་པའི་གཞི། །ཡོན་ཏན་ཚུལ་དུ་འདི་ལྟ་བུ། །ཞེས་དང༌། རང་ཤར་ལས། ཀྱེ་གྲོགས་པོ་དག་ལྷུན་གྲུབ་ཀྱི་སྣང་བ་ལ་རང་གི་དེ་ཉིད་སྟོབས་སུ་གྱུར་ནས་བདེན་པ་མཐོང་བའི་ཚེ། ཐིག་ལུགས་བརྒྱད་ངོ་ཤེས་པར་བྱའོ། །དེ་ཡང་ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་ནི་དཔེར་ན་ཉི་མ་ནུབ་པའི་ཟེར་ལྟ་བུའོ། །ཡེ་ཤེས་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་མ་པང་དུ་བུ་འཇུག་པ་ལྟ་བུའོ། །འོད་འོད་ལ་ཐིམ་པ་ནི་དཔེར་ན་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟ་བུའོ། །སྐུ་སྐུ་ལ་ཐིམ་པ་ན་དཔེར་ན་བུམ་པའི་སྐུ་ལྟ་བུའོ། །གཉིས་མེད་གཉིས་མེད་ལ་ཐིམ་པ་ནི་དཔེར་ན་ཆུ་བོ་ཆུ་བོ་ལ་ཐིམ་པ་ལྟ་བུའོ། །མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པ་ནི་དཔེར་ན་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟ་བུའོ། །དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཀ་དག་ལ་ཐིམ་པ་ནི་དཔེར་ན་སེང་གེས་གངས་ཟིན་པ་ལྟ་བུའོ། །མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་སྦྲའི་ཆོན་ཐག་བརྟུལ་བ་ལྟ་བུའོ་ཞེས་སོ། །དེ་ལྟར་བརྒྱད་པོ་ཐིམ་དུས་རིག་པ་ཤེལ་གོང་སྐྱོན་དང་བྲལ་བ་ལྟར་ཀ་དག་ནང་དབྱིངས་གཅིག་ཏུ་གནས་པས་ངོ་ཤེས་པ་རྣམས་ཆོས་སྐུ་ཉག་གཅིག་ཏུ་བདེ་ཀློང་གཅིག་ཏུ་འཁྱིལ་བའི་དུས་སོ། །དོན་བཞི་པ་སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆག་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ལ་གཉིས་ཏེ། རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ཚུལ་དང༌། སྲིད་པ་བར་དོ་དངོས་རྒྱས་པར་བཤད་པའོ། །དང་པོ་ནི། རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་འདིའི་དབང་པོ་ཉི་ཤུ་རྩ་གཅིག་གི་ཐ་མའི་ཐ་མ་དེ་སྲིད་པའི་བར་དོ་རྨི་ལམ་དང་འདྲ་བ་ལས་ལམ་བྱུང་ནས་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་རང་བཞིན་སྤྲུལ་སྐུའི་ཞིང་དུ་རྫུས་ཏེ་སྐྱེས་ནས་བར་དོ་མེད་པར་འཚང་རྒྱ་བ་སྟེ། རང་ཤར་ལས། བདེན་པ་མཐོང་བའི་སེམས་ཅན་ནི། །རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང༌། །ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ། །གནས་ནས་མཐར་ཕྱིན་གྲོལ་བར་འགྱུར། །ཞེས་པ་དང༌། ཡང་དེ་ལས། དབང་པོ་ཐ་མའི་ཐ་མ་ནི་ཞག་ཉི་ཤུ་གནས་ནས་དེ་ནས་ཡང་ལྷུན་གྲུབ་ཀྱི་སྣང་བ་ལམ་བྱུང་ནས་མ་དག་པ་འཁོར་བའི་སྒོར་ལམ་བྱུང་སྟེ་ཕྱོགས་བཅུ་སྤྲུལ་པ་སྐུའི་ཞིང་ཁམས་སུ་གནས་ནས་བར་དོ་མེད་པར་ཡང་དག་པར་འཚང་རྒྱའོ་ཞེས་པ་དང༌། ཉི་ཟླ་ཁ་སྦྱོར་ལས། འདི་མཐོང་དབང་པོ་ཐ་མ་ལ། །བར་མ་དོ་ཉིད་སྣང་འགྱུར་རམ། །འོན་ཏེ་མི་སྣང་བའམ་ཅི། སྟོན་པས་གསུངས་པ་དེ་སྣང་དེ། །རང་གར་འཛིན་པའི་བག་ཆགས་ཟད། རང་བཞིན་སྤྲུལ་པར་དབུགས་ཕྱུང་སྟེ། བར་དོ་མེད་པར་སངས་རྒྱས་ཉིད། །ཅེས་སོ། །ཞིང་དེ་དག་གི་རང་བཞིན་ལོངས་སྐུའི་རྣམ་པ་འདྲར་རུང་དུ་སྣང་སྟེ། ཕྱོགས་བཞི་ཞི་བས་བསྐོར་བའི་དབུས་སྟེང་གི་ཆར་རང་རང་གི་མདུན་ནས་བལྟས་པ་ན་ཁྲོ་བོའི་ཞིང་ཡོད་པ་ནི་སྟོན་པ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་གི་བྱིན་རླབས་ལས་རང་ཤར་བའོ། །དེ་ཡང་རང་ཤར་ལས། འདི་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་ཞིང་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཡོད་དེ། སྤྲུལ་པ་སྐུའི་ཞིང་ཁམས་དེ་ན་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་དམ་པ་ཐོབ་པའི་གནས་དེ་ནས་གཞལ་ཡས་ཁང་གི་ཡོན་ཏན་བདག་ཏུ་མེད་པ་ཡོད་དེ། དེ་ཡང་འདི་ལྟ་སྟེ། རིན་པོ་ཆེ་ཤེལ་ལས་གྲུབ་པའི་ཁང་པ་སྒོ་བཞི་དང་ལྡན་པ། རིན་པོ་ཆེ་སྣ་ལྔའི་རྟ་བབས་དང་ལྡན་པ། ས་གཞི་ཐམས་ཅད་ཀྱང་རིན་པོ་ཆེ་ཤེས་ལས་གྲུབ་པ། ཤིན་ཏུ་ཡིད་དུ་འོང་བ་བལྟ་ན་སྡུག་པ། ཐེམ་སྐས་དང་དཀར་ཁུང་དང་ལྡན་པ། ཕྱོགས་བཞི་ན་གསེང་དཀར་ཆེན་པོ་བཞི་ཡོད་པ། གསེང་དཀར་ནས་ཉི་མ་ཤར་བས་རིན་པོ་ཆེ་ཤེལ་ལས་གྲུབ་པའི་ཁང་པ་ལ་ཕོག་ནས་ནང་དུ་ཉིན་མོ་འོད་ལྔའི་སྣང་བ་ལྷུག་པར་འཆར་བ། གཞལ་ཡས་ཁང་དེའི་ཕྱི་རོལ་ན་ཡན་ལག་བརྒྱད་དང་ལྡན་པའི་ཆུའི་འོབས་ཡོད་པ། ཆུ་དེ་ལ་ནད་ཀྱིས་བཏབ་པ་རྣམས་ཀྱིས་འཐུངས་ན་ནད་འཚོ་བར་འགྱུར་ལ། དེའི་ཕྱི་རོལ་ན་མཚེའུ་བརྒྱད་ཡོད་དེ། དེ་རྣམས་ཀྱི་ནང་ནས་ཡང་བྱ་སྐད་སྙན་པ་སྣ་ཚོགས་ཏེ། དེ་ཡང་འདི་ལྟ་སྟེ། བྱའི་རྒྱལ་པོ་ངང་པ་གསེར་ལྡན་དང་མཐིང་རིལ་དང༌། བྱ་ཀ་ཏི་དང༌། རྨ་བྱ་དང༌། ནེ་ཙོ་མི་སྐད་ཤེས་པ་དང༌། ཁུ་བྱུག་དང༌། ཤང་ཤང་ཏེའུ་དང༌། རི་སྐེགས་དང༌། དེ་ལ་སོགས་ཏེ་སྐད་སྙན་པའི་བྱ་རིགས་སྟོང་ཕྲག་བརྒྱད་ཅུ་དང༌། ཡིད་དུ་འོང་བའི་བྱ་རིགས་འདི་ལྟ་སྟེ། ཀང་ཀ་རི་དང༌། ཟེར་མོ་དང༌། སྦབས་དང༌། ལྷའི་བྱ་དྲིལ་བུའི་སྐད་ཅན་དང༌། བྱ་ཀྲི་ཏི་ས་གསེར་གྱི་རྡོ་རྗེའི་གཟུགས་ལ་སོགས་ཏེ། གཡུའི་མདོག་ལྟར་སྔོ་བ་དང༌། དུང་གི་མདོག་ལྟར་དཀར་བ་དང༌། བྱེ་རུའི་མདོག་ལྟར་དམར་བ་དང༌། ཨིནྡྲ་ནཱི་ལ་ལྟར་ལྗང་བ་ལ་སོགས་ཏེ་ཡིད་དུ་འོང་བ་དང་སྐད་སྙན་པ་བསམ་གྱིས་མི་ཁྱབ་པ་ཡོད་དོ། །དེའི་ཕྱི་རིམ་ན་རིན་པོ་ཆེ་སྣ་བདུན་གྱི་ལྕགས་རི་ཡོད་དོ། །དེ་རྣམས་ཀྱི་དབུས་ན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁྲི་ཆོས་བཤད་པའི་སྟན་དང་ལྡན་པ་ཡོད་དོ། །དེར་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེས་སྲོད་ལ་འཁོར་རྣམས་ལ་རྒྱུའི་ཆོས་འཆད་དོ། །ནམ་ཕྱེད་ན་སྔགས་ཕྱིའི་ཆོས་འཆད་དོ། །ཐོ་རངས་གསང་སྔགས་ནང་གི་ཆོས་འཆད་དོ། །

[edit]
rywikitexts e-text of the Beijing 2009 edition (vol. 19), with its page numbers ༼N༽.

ཞག་གཅིག་ཆོས་ཀྱི་དབྱིངས་ལ་སྡོད་དོ། །ཞག་གཅིག་མེ་ལོང་ཡེ་ཤེས་ལ་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ནས་སྐུ་གཅིག་བྱུང་བ་དེ་ལས་སྐུ་གྲངས་མེད་པ་འཕྲོས་པས་དེ་ལ་རང་གི་ཤེས་པ་སད་དེ་སྟོབས་སུ་གྱུར་ནས་ཡང་སྐར་མདའ་ལྟ་བུའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་དྲུག་ན་དོན་བྱེད་ནུས་སོ། །དབང་པོ་འབྲིང་གི་རྩེ་མོ་ནི་ཞག་བརྒྱད་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་ལྔ་ཐོགས་སོ། །ཡེ་ཤེས་བཞིའི་སྣང་བ་ལ་ཞག་གསུམ་བསྡད་ནས་ཡང་རང་གི་སྟེང་ན་ཡེ་ཤེས་ཀྱི་སྐུ་སྣ་ཚོགས་སུ་འཕྲོ་བ་ཞིག་མཐོང་བས་དེ་ལ་ངེས་པ་རྙེད་ནས་དེ་ཡང་སྐར་མདའ་ལྟ་བུའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་བདུན་ན་དོན་བྱེད་ནུས་སོ། །འབྲིང་གི་མཆོག་གིས་ཞག་དགུ་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་ལྔ་ཐོགས། ཡེ་ཤེས་ལ་ཞག་བཞི་ཐོགས་སོ། །དེ་ནས་ཡང་ངེས་པ་རྙེད་དེ་ཅི་སྣང་ཐམས་ཅད་མེ་ལོང་ལྟ་བུར་རྟོགས་ཤིང་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་སུམ་ཅུ་ན་དོན་བྱེད་ནུས་སོ། །འབྲིང་གི་ཕུལ་ནི་ཞག་བཅུ་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡེ་ཤེས་ཀྱི་སྣང་བ་ལ་བཞི། ལྷུན་གྲུབ་ཀྱི་སྣང་བ་ལ་ཞག་གཅིག་ཐོགས་ནས་སྐུ་དེ་དག་ཐམས་ཅད་གཉིས་མེད་དུ་རྟོགས་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་གཅིག་ན་དོན་བྱེད་ནུས་སོ། །འབྲིང་གི་རབ་ཞག་བཅུ་གཅིག་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་གཅིག་གནས་ཏེ། དེ་ནས་ཡང་ངེས་པ་རྙེད་ནས་སྣང་བ་ཐམས་ཅད་འོད་ཁྱིམ་དུ་མཐོང་ནས་ངེས་པ་རྙེད་དོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་བཞི་ན་དོན་བྱེད་ནུས་སོ། །འབྲིང་གི་འབྲིང་ནི་ཞག་བཅུ་གཉིས་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡོངས་སུ་ཁྲོ་བོའི་ཞིང་ཁམས་སུ་གཅིག་ཡེ་ཤེས་ཀྱི་སྣང་བ་ལ་ཞག་ལྔ། ལྷུན་གྲུབ་ཀྱི་སྣང་བ་ལ་ཞག་གཅིག་གནས་ནས་ཀྱང་ངེས་པ་རྙེད་དེ་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་བདུན་ན་དོན་བྱེད་ནུས་སོ། ། འབྲིང་གི་ཐ་མ་ནི་ཞག་བཅུ་གསུམ་ཐོགས་ཏེ། ཡང་ཚོམ་བུ་གོང་འོག་ལ་དྲུག» «ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་གཉིས་གནས་པས། ཡང་ཅིར་སྣང་མར་མེའི་དཀྱིལ་འཁོར་ལྟར་མཐོང་ནས་ངེས་པ་རྙེད་དོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་དགུ་ན་དོན་བྱེད་ནུས་སོ་ཞེས་པ་དང་དེ་ཡང་ཐ་མའི་ས་ཟིན་པ་ནི་ཞག་བཅུ་བཞི་ཐོགས་ཏེ། དེ་ཡང་ཚོམ་བུ་གོང་འོག་ལ་དྲུག» «ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་ཞག་གསུམ་ཐོགས་པའི་ཐ་མ་རང་གི་སྣང་བ་མཐོང་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་བཞི་བཅུ་ན་དོན་བྱེད་ནུས་སོ། །ཐ་མའི་རྩེ་མོ་ནི་ཞག་བཅོ་ལྔ་ཐོགས་ཏེ། ཡང་ཚོམ་བུ་དང་ཡེ་ཤེས་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་གཅིག་གནས་པའི་ཐ་མ་ལ་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་བཞི་བཅུ་ཞེ་གསུམ་ན་དོན་བྱེད་ནུས་སོ། །ཐ་མའི་མཆོག་ནི་ཞག་བཅུ་དྲུག་ཐོགས་ཏེ། ཚོམ་བུ་དང་ཡེ་ཤེས་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་ལྔ་གནས་པའི་ཐ་མ་ཡང་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་ཞེ་དྲུག་ན་དོན་བྱེད་ནུས་སོ། །ཐ་མའི་ཕུལ་ནི་ཞག་བཅུ་བདུན་ཐོགས་ཏེ། ཚོམ་བུ་དང་ཡེ་ཤེས་ཀྱང་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་དྲུག་གནས་པའི་ཐ་མ་ཡང་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་པའོ། །སྤྲུལ་པ་ཡང་ཞག་ཞེ་བདུན་ན་དོན་བྱེད་ནུས་སོ། །ཐ་མའི་རབ་ཞག་བཅོ་བརྒྱད་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་དྲུག་ཐོགས་སོ། །ཡེ་ཤེས་ལ་ཞག་བརྒྱད་དོ། །» « ལྷུན་གྲུབ་ལ་ཞག་གསུམ་གནས་པའི་ཐ་མ་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པའང་ཞག་ལྔ་བཅུ་ན་དོན་བྱེད་ནུས་སོ། །ཐ་མའི་འབྲིང་ནི་ཞག་བཅུ་དགུ་ཐོགས་ཏེ། ཡང་ཚོམ་བུ་ལ་བཅུ་གཉིས་ཐོགས། ཡེ་ཤེས་ལ་བཞི་གནས་སོ། །ལྷུན་གྲུབ་ལ་ཞག་གསུམ་གནས་པའི་ཐ་མ་ལ་རང་གི་སྣང་བ་མཐོང་སྟེ་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་ལྔ་བཅུ་རྩ་གསུམ་ན་དོན་བྱེད་ནུས་སོ། །སེམས་ཅན་གྱི་དབང་པོ་དེ་རྣམས་ཀུན་ཀྱང་སངས་རྒྱས་ཀྱི་ས་ནོན་པའོ། །བར་དོ་དེ་རྣམས་ཀྱང་དཔེར་ན་རྨི་ལམ་ལྟ་བུའོ་ཞེས་སོ། །དེ་དག་གི་དུས་ན་གྲོལ་བ་གནད་ཀྱི་མན་ངག་ལ་གསུམ་སྟེ། ཆོས་ཉིད་ཀྱི་སྣང་བ་རང་སྣང་དུ་ཤེས་པ་མ་པང་དུ་བུ་འཇུག་པའི་གདམས་པ་དང༌། ཤེས་ཐོག་དེར་དར་ཅིག་རང་བཞིན་གྱི་བསམ་གཏན་ལས་མི་གཡོ་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་དང༌། གནས་ཐོག་གི་ངང་རང་ས་ཀ་དག་ལས་གྲོལ་ནས་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་མན་ངག་དྲན་པར་བྱའོ། །» «དེ་ཡང་དབང་པོ་རབ་ལྟ་བུ་ལ་དཔེར་མཚོན་ན་སྐད་ཅིག་དང་པོ་ལ་ཚོམ་བུ་འགགས། གཉིས་པ་ལ་ལྷུན་གྲུབ་སྐྱེས་དུས་རང་ངོ་ཤེས། ཤེས་ཐོག་ཏུ་གནས། གསུམ་པ་ལ་ཀ་དག་གི་བདེན་པ་མཐོང་ནས་གྲོལ་ཏེ་དབྱིངས་སུ་མ་ཐིམ་པའི་བར་དེར་བསམ་གཏན་གྱི་ཞག་གསུམ་གནས་པའི་ངང་ནས་སྐར་མདའ་ལས་འོད་འཕྲོ་བ་ལྟར་རིག་པ་ལས་སྤྲུལ་པ་བཀྱེ་ནས་སེམས་ཅན་གྱི་དོན་རང་སྣང་ཙམ་དུ་བྱས་ཏེ་ཀ་དག་ཏུ་སླར་ཐིམ་པ་སྐར་མདའ་དབྱིངས་སུ་ཐིམ་པ་ལྟ་བུའོ། །དེ་ནས་ལྷུན་གྲུབ་ཀྱི་སའི་ཐུགས་རྗེ་རང་བཞིན་ལྷུན་གྲུབ་ཏུ་དོན་འབྱུང་བ་ལས། ཀ་དག་གི་ས་དེ་ནས་དངོས་སུ་སྤྲུལ་པ་མི་འགྱེད་དེ་ཆོས་སྐུ་བྱ་བྱེད་གཡོ་རྩོལ་ལས་འདས་པའི་ས་ཡིན་པའི་ཕྱིར་རོ། །ཞག་འདི་གནས་པ་ཏིང་ངེ་འཛིན་སྔོན་གནས་ཀྱི་ཆའི་ཡུན་ལ་བརྩི་བ་ཡིན་ལ། དབང་པོ་རྣམས་རང་རང་གྲོལ་ནས་རང་བཞིན་གྱི་བསམ་གཏན་ལ་ཞག་སུམ་ཅུ་དང་བཞི་བཅུ་ལ་སོགས་པ་ནས་ཐ་མ་ལྔ་བཅུ་རྩ་གསུམ་རང་གནས་པའི་ངང་ནས་སྤྲུལ་པ་བཀྱེ་ནས་དོན་བྱས་རྟིང་ནང་དབྱིངས་སུ་འཇུག་པའོ། །དེ་ཡང་གྲོལ་ནས་དབྱིངས་སུ་མ་ཐིམ་གྱི་བར་དེར་སྤྲུལ་པ་འགྱེད། རང་གི་ཞག་སོ་སོར་གནས་རྟིང་དབྱིངས་སུ་ཐིམ་པའོ། །» «གསུམ་པ་ཐིམ་ཚུལ་གྱི་རིམ་པས་མཇུག་བསྡུ་བ་ནི། སྔར་ལྷུན་གྲུབ་ཀྱི་སྣང་བ་ཤར། དེ་དག་སླར་རིག་པ་ཉིད་ཀྱི་ངང་དུ་ཐིམ་པ་ནི་ཤེལ་འོད་ནང་ཐིམ་ལ་སོང་བ་ལྟ་བུ་སྟེ། རིན་པོ་ཆེ་སྤུངས་པ་ལས། རོལ་པའི་རྩལ་དུ་ཐིམ་ལུགས་བརྒྱད། །ལྷུན་གྲུབ་ངེས་པ་མེད་པའི་གཞི། །ཡོན་ཏན་ཚུལ་དུ་འདི་ལྟ་བུ། །ཞེས་དང༌། རང་ཤར་ལས། ཀྱེ་གྲོགས་པོ་དག་ལྷུན་གྲུབ་ཀྱི་སྣང་བ་ལ་རང་གི་དེ་ཉིད་སྟོབས་སུ་གྱུར་ནས་བདེན་པ་མཐོང་བའི་ཚེ། ཐིམ་ལུགས་བརྒྱད་དོ་ཤེས་པར་བྱའོ། །དེ་ཡང་ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་ནི་དཔེར་ན་ཉི་མ་ནུབ་པའི་ཟེར་ལྟ་བུའོ། །ཡེ་ཤེས་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་མ་པང་དུ་བུ་འཇུག་པ་ལྟ་» «བུའོ། །འོད་འོད་ལ་ཐིམ་པ་ནི་དཔེར་ན་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟ་བུའོ། །སྐུ་སྐུ་ལ་ཐིམ་པ་ནི་དཔེར་ན་བུམ་པའི་སྐུ་ལྟ་བུའོ། །གཉིས་མེད་གཉིས་མེད་ལ་ཐིམ་པ་ནི་དཔེར་ན་ཆུ་བོ་ཆུ་བོ་ལ་ཐིམ་པ་ལྟ་བུའོ། །མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པ་ནི་དཔེར་ན་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟ་བུའོ། །དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཀ་དག་ལ་ཐིམ་པ་ནི་དཔེར་ན་སེང་གེས་གངས་ཟིན་པ་ལྟ་བུའོ། །མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་སྦྲའི་ཆོན་ཐག་བརྟུལ་བ་ལྟ་བུའོ་ཞེས་སོ། །དེ་ལྟར་བརྒྱད་པོ་ཐིམ་དུས་རིག་པ་ཤེལ་གོང་སྐྱོན་དང་བྲལ་བ་ལྟར་ཀ་དག་ནང་དབྱིངས་གཅིག་ཏུ་གནས་པས་ངོ་ཤེས་པ་རྣམས་ཆོས་སྐུ་ཉག་གཅིག་ཏུ་བདེ་ཀློང་གཅིག་ཏུ་འཁྱིལ་བའི་དུས་སོ། །དོན་བཞི་པ་སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆག་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ལ་གཉིས་ཏེ། རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ཚུལ་དང༌། སྲིད་པ་བར་དོ་དངོས་རྒྱས་པར་བཤད་པའོ། །དང་པོ་ནི། རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་འདིའི་དབང་པོ་ཉི་ཤུ་རྩ་གཅིག་གི་ཐ་མའི་ཐ་མ་དེ་སྲིད་པའི་བར་དོ་རྨི་ལམ་དང་འདྲ་བ་ལས་ལམ་བྱུང་ནས་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་རང་བཞིན་སྤྲུལ་སྐུའི་ཞིང་དུ་རྫུས་ཏེ་སྐྱེས་ནས་བར་དོ་མེད་པར་འཚང་རྒྱ་བ་སྟེ། རང་ཤར་ལས། བདེན་པ་མཐོང་བའི་སེམས་ཅན་ནི། །རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང༌། །ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ། །གནས་ནས་མཐར་ཕྱིན་གྲོལ་བར་འགྱུར། །ཞེས་པ་དང༌། ཡང་དེ་ལས། དབང་པོ་ཐ་མའི་ཐ་མ་ནི་ཞག་ཉི་ཤུ་གནས་ནས་དེ་ནས་ཡང་ལྷུན་འགྲུབ་ཀྱི་སྣང་བར་ལམ་བྱུང་ནས་དག་པ་འཁོར་བའི་སྒོར་ལམ་བྱུང་སྟེ་ཕྱོགས་བཅུ་སྤྲུལ་པ་སྐུའི་ཞིང་ཁམས་སུ་གནས་ནས་བར་དོ་མེད་པར་ཡང་དག་པར་འཚང་རྒྱའོ་ཞེས་པ་དང༌། ཉི་ཟླ་ཁ་སྦྱོར་ལས། འདི་མཐོང་དབང་པོ་ཐ་མ་ལ། །བར་མ་དོ་ཉིད་སྣང་འགྱུར་རམ། །འོན་ཏེ་མི་སྣང་བ་འམ་ཅི། །སྟོན་པས་གསུངས་པ་དེ་སྣང་» «དེ། །རང་གར་འཛིན་པའི་བག་ཆགས་ཟད། །རང་བཞིན་སྤྲུལ་པར་དབུགས་ཕྱུང་སྟེ། །བར་དོ་མེད་པར་སངས་རྒྱས་ཉིད། །ཅེས་སོ། །ཞིང་དེ་དག་གི་རང་བཞིན་ལོངས་སྐུའི་རྣམ་པ་འདྲར་རུང་དུ་སྣང་སྟེ། ཕྱོགས་བཞི་ཞི་བས་བསྐོར་བའི་དབུས་སྟེང་གི་ཆར་རང་རང་གི་མདུན་ནས་བལྟས་པ་ན་ཁྲོ་བོའི་ཞིང་ཡོད་པ་ནི་སྟོན་པ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་གི་བྱིན་རླབས་ལས་རང་ཤར་» «པའོ། །དེ་ཡང་རང་ཤར་ལས། འདི་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་ཞིང་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཡོད་དེ། སྤྲུལ་པ་སྐུའི་ཞིང་ཁམས་དེ་ན་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་དམ་པ་ཐོབ་པའི་གནས་དེ་ན་གཞལ་ཡས་ཁང་གི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། དེ་ཡང་འདི་ལྟ་སྟེ། རིན་པོ་ཆེ་ཤེལ་ལས་གྲུབ་པའི་ཁང་པ་སྒོ་བཞི་དང་ལྡན་པ། རིན་པོ་ཆེ་སྣ་ལྔའི་རྟ་བབས་དང་ལྡན་པ། ས་གཞི་ཐམས་ཅད་ཀྱང་རིན་པོ་ཆེ་ཤེལ་ལས་གྲུབ་པ། ཤིན་ཏུ་ཡིད་དུ་འོང་བ། བལྟ་ན་སྡུག་པ། ཐེམ་སྐས་དང་དཀར་ཁུང་དང་ལྡན་པ། ཕྱོགས་བཞི་ན་གསེང་དཀར་ཆེན་པོ་བཞི་ཡོད་པ། གསེང་དཀར་ནས་ཉི་མ་ཤར་བས་རིན་པོ་ཆེ་ཤེལ་ལས་གྲུབ་པའི་ཁང་པ་ལ་ཕོག་ནས་ནང་དུ་ཉིན་མོ་འོད་ལྔའི་སྣང་བ་ལྷུག་པར་འཆར་བ། གཞལ་ཡས་ཁང་དེའི་ཕྱི་རོལ་ན་ཡན་ལག་བརྒྱད་དང་ལྡན་པའི་ཆུའི་འོབས་ཡོད་པ། ཆུ་དེ་ལ་ནད་ཀྱིས་བཏབ་པ་རྣམས་ཀྱིས་འཐུངས་ན་ནད་འཚོ་བར་འགྱུར་ལ། དེའི་ཕྱི་རོལ་ན་མཚེའུ་བརྒྱད་ཡོད་དེ། དེ་རྣམས་ཀྱི་ནང་ན་ཡང་བྱ་སྐད་སྙན་པ་སྣ་ཚོགས་ཏེ། དེ་ཡང་འདི་ལྟ་སྟེ། བྱའི་རྒྱལ་པོ་ངང་པ་གསེར་ལྡན་དང་མཐིང་རིལ་དང༌། བྱ་ཀ་ཏི་དང༌། རྨ་བྱ་དང༌། ནེ་ཙོ་མི་སྐད་ཤེས་པ་དང༌། ཁུ་བྱུག་དང༌། ཤང་ཤང་ཏེའུ་དང༌། རི་སྐེགས་དང༌། དེ་ལ་སོགས་ཏེ་སྐད་སྙན་པའི་བྱ་རིགས་སྟོང་ཕྲག་བརྒྱད་ཅུ་དང༌། ཡིད་དུ་འོང་བའི་བྱ་རིགས་འདི་ལྟ་སྟེ། ཀང་ཀ་རི་དང༌། ཟེར་མོ་དང༌། སྤབས་དང༌། ལྷའི་བྱ་དྲིལ་བུའི་སྐད་ཅན་དང༌། བྱ་ཀྲི་ཏི་ས་གསེར་གྱི་རྡོ་རྗེའི་གཟུགས་ལ་སོགས་ཏེ། གཡུའི་མདོག་ལྟར་སྔོ་བ་དང༌། དུང་གི་མདོག་ལྟར་དཀར་བ་དང༌། བྱེ་རུའི་མདོག་ལྟར་དམར་བ་དང༌། ཨིནྡྲ་ནཱི་ལ་ལྟར་ལྗང་བ་ལ་སོགས་ཏེ་ཡིད་དུ་འོང་བ་དང་སྐད་སྙན་པ་བསམ་གྱིས་མི་ཁྱབ་པ་ཡོད་དོ། །དེའི་ཕྱི་རིམ་ན་རིན་པོ་ཆེ་སྣ་བདུན་གྱི་ལྕགས་རི་ཡོད་དོ། །དེ་རྣམས་ཀྱི་དབུས་ན་རིན་པོའི་ཆེ་སྣ་བདུན་ལས་བྱས་པའི་ཁྲི་ཆོས་བཤད་པའི་སྟན་དང་ལྡན་པ་ཡོད་དོ། །དེར་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེས་སྲོད་ལ་འཁོར་རྣམས་ལ་རྒྱུའི་ཆོས་འཆད་དོ། །ནམ་ཕྱེད་ན་སྔགས་ཕྱིའི་ཆོས་འཆད་དོ། །ཐོ་རངས་གསང་སྔགས་ནང་གི་ཆོས་འཆད་དོ། །

[edit]
OCR of the BDRC scans (I1CZ5003), gorn05 tibocr 2026: BDRC OCR on 239 pages, Mitra OCR on 125 pages (the model with more recognisable syllables on each page).

[p. 479] ཞག་གཅིག་ཆོས་ཀྱི་དབྱིངས་ལ་སྡོད་དོ། །ཞག་གཅིག་མེ་ལོང་ཡེ་ཤེས་ལ་སྡོད་དོ། །དེ་ཡང་ རང་གི་ཐུགས་ཀ་ནས་སྐུ་གཅིག་བྱུང་བ་དེ་ལས་སྐུ་གྲངས་མེད་པ་འཕྲོས་པས་དེ་ལ་རང་གི་ཤེས་པ་སད་དེ་སྟོབས་སུ་གྱུར་ནས་ཡང་སྐར་མདའ་ལྟ་བུའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་དྲུག་ན་དོན་བྱེད་ནུས་སོ། །དབང་པོ་འབྲིང་གི་རྩེ་མོ་ནི་ཞག་བརྒྱད་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་ལྔ་ཐོགས་སོ། །ཡེ་ཤེས་བཞིའི་སྣང་བ་ལ་ཞག་གསུམ་བསྡད་ནས་ཡང་རང་གི་སྟེང་ན་ཡེ་ཤེས་ཀྱི་སྐུ་སྣ་ཚོགས་སུ་འཕྲོ་བ་ཞིག་མཐོང་བས་དེ་ལ་ངེས་པ་རྙེད་ནས་དེ་ཡང་སྐར་མདའ་ལྟ་བུའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་བདུན་ན་ དོན་བྱེད་ནུས་སོ། །འབྲིང་གི་མཆོག་གིས་ཞག་དགུ་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་ལྔ་ཐོགས། ཡེ་ཤེས་ལ་ཞག་བཞི་ཐོགས་སོ། །དེ་ནས་ཡང་ངེས་པ་རྙེད་དེ་ཅི་སྣང་ཐམས་ཅད་མེ་ལོང་ལྟ་བུར་རྟོགས་ཤིང་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་

[p. 480] པ་ཡང་ཞག་སུམ་ཅུ་ན་དོན་བྱེད་ནུས་སོ། །འབྲིང་གི་ཕུལ་ནི་ཞག་བཅུ་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡེ་ཤེས་ཀྱི་སྣང་བ་ལ་བཞི། ལྷུན་གྲུབ་ཀྱི་སྣང་བ་ལ་ཞག་གཅིག་ཐོགས་ནས་སྐུ་དེ་དག་ཐམས་ཅད་གཉིས་མེད་དུ་རྟོགས་ནས་འཚང་རྒྱའོ། །སྤྲུལ་ པ་ཡང་ཞག་སུམ་ཅུ་རྩ་གཅིག་ན་དོན་བྱེད་ནུས་སོ། །འབྲིང་གི་རབ་ཞག་བཅུ་གཅིག་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་གཅིག་གནས་ཏེ། དེ་ནས་ཡང་ངེས་པ་རྙེད་ནས་སྣང་བ་ཐམས་ཅད་འོད་ཁྱིམ་དུ་མཐོང་ནས་ངེས་ པ་རྙེད་དོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་བཞི་ན་དོན་བྱེད་ནུས་སོ། །འབྲིང་གི་འབྲིང་ནི་ཞག་བཅུ་གཉིས་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡོངས་སུ་ཁྲོ་བོའི་ཞིང་ཁམས་སུ་གཅིག །ཡེ་ཤེས་ཀྱི་སྣང་བ་ལ་ཞག་ལྔ། ལྷུན་གྲུབ་ཀྱི་སྣང་བ་ ལ་ཞག་གཅིག་གནས་ནས་ཀྱང་ངེས་པ་རྙེད་དེ་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་བདུན་ན་དོན་བྱེད་ནུས་སོ། །འབྲིང་གི་ཐ་མ་ནི་ཞག་བཅུ་གསུམ་ཐོགས་ཏེ། ཡང་ཚོམ་བུ་གོང་འོག་ལ་དྲུག །ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་གཉིས་ གནས་པས། ཡང་ཅིར་སྣང་མར་མེའི་དཀྱིལ་འཁོར་ལྟར་མཐོང་ནས་ངེས་པ་རྙེད་དོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་དགུ་ན་དོན་བྱེད་ནུས་སོ་ཞེས་པ་དང་། དེ་ཡང་ཐ་མའི་ས་ཟིན་པ་ནི་ཞག་བཅུ་བཞི་ཐོགས་ཏེ། དེ་ཡང་ཚོམ་བུ་གོང་འོག་ལ་དྲུག །ཡེ་ ཤེས་ལ་ལྔ། ལྷུན་གྲུབ་ལ་ཞག་གསུམ་ཐོགས་པའི་ཐ་མ་རང་གི་སྣང་བ་མཐོང་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་བཞི་བཅུ་ན་དོན་བྱེད་ནུས་སོ། །ཐ་མའི་རྩེ་མོ་ནི་ཞག་བཅོ་ལྔ་ཐོགས་ཏེ། ཡང་ཚོམ་བུ་དང་ཡེ་ཤེས་གོང་བཞིན་ནོ། །ལྷུན་གྲུབ་ལ་ ཞག་གཅིག་གནས་པའི་ཐ་མ་ལ་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་བཞི་བཅུ་ཞེ་གསུམ་ན་དོན་བྱེད་ནུས་སོ། །ཐ་མའི་མཆོག་ནི་ཞག་བཅུ་དྲུག་ཐོགས་ཏེ། ཚོམ་བུ་དང་ཡེ་ཤེས་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་ལྔ་གནས་པའི་

[p. 481] ༄༅། །ཐ་མ་ཡང་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་པོ། །སྤྲུལ་པ་ཡང་ཞག་ཞེ་དྲུག་ན་དོན་བྱེད་ནུས་སོ། །ཐ་མའི་ཕུལ་ནི་ཞག་བཅུ་བདུན་ཐོགས་ཏེ། ཚོམ་བུ་དང་ཡེ་ཤེས་ཀྱང་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་དྲུག་གནས་པའི་ཐ་མ་ ཡང་རང་གི་སྣང་བ་མཐོང་བ་ནས་བརྟན་པ་ཐོབ་པའོ། །སྤྲུལ་པ་ཡང་ཞག་ཞེ་བདུན་ན་དོན་བྱེད་ནུས་སོ། །མཐའ་མའི་རབ་ཞག་བཅོ་བརྒྱད་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་དྲུག་ཐོགས་སོ། །ཡེ་ཤེས་ལ་ཞག་བརྒྱད་དོ། །ལྷུན་གྲུབ་ལ་ཞག་གསུམ་གནས་པའི་ ཐ་མ་རང་གི་སྣང་བ་མཐོང་ན་བརྟན་པ་ཐོབ་བོ། །སྤྲུལ་པ་རང་ཞག་ལྔ་བཅུ་ན་དོན་བྱེད་ནུས་སོ། །བ་མའི་འབྲིང་ནི་ཞག་བཅུ་དགུ་ཐོགས་ཏེ། ཡང་ཚོམ་བུ་བཅུ་གཉིས་ཐོགས། ཡེ་ཤེས་ལ་བཞི་གནས་སོ། །ལྷུན་གྲུབ་ལ་ཞག་གསུམ། གནས་པའི་ཐ་མ་ ལ་རང་གི་སྣང་བ་མཐོང་སྟེ་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་ལྔ་བཅུ་རྩ་གསུམ་ན་དོན་བྱེད་ནུས་སོ། །སེམས་ཅན་གྱི་དབང་པོ་དེ་རྣམས་ཀུན་ཀྱང་སངས་རྒྱས་ཀྱི་ས་ནོན་པའོ། །བར་དོ་དེ་རྣམས་ཀྱང་དཔེར་ན་རྨི་ལམ་ལྟ་བུའོ་ཞེས་སོ། །དེ་དག་གི་དུས་ན་གྲོལ་བ་ གནད་ཀྱི་མན་ངག་ལ་གསུམ་སྟེ། ཆོས་ཉིད་ཀྱི་སྣང་བ་རང་སྣང་དུ་ཤེས་པ་མ་པང་དུ་བུ་འཇུག་པའི་གདམས་པ་དང་། ཤེས་ཐོག་དེར་དར་ཅིག་རང་བཞིན་གྱི་བསམ་གཏན་ལས་མི་གཡོ་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་དང་། གནས་ཐོག་གི་ངང་ རང་ས་ཀ་དག་ལས་གྲོལ་ནས་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་མན་ངག་དྲན་པར་བྱའོ། །དེ་ཡང་དབང་པོ་རབ་ལྟ་བུ་ལ་དཔེར་མཚོན་ན་སྐད་ཅིག་དང་པོ་ལ་ཚོམ་བུ་འགགས། གཉིས་པ་ལ་ལྷུན་གྲུབ་སྐྱེས་དུས་རང་ངོ་ཤེས། ཤེས་ཐོག་ཏུ་གནས། གསུམ་པ་ལ་ཀ་དག་གི་བདེན་པ་མཐོང་ནས་གྲོལ་ཏེ་དབྱིངས་སུ་མ་ཐིམ་པའི་བར་དེར་བསམ་གཏན་གྱི་ཞག་གསུམ་གནས་པའི་ངང་ནས་སྐར་མདའ་ལས་འོད་འཕྲོ་བ་ལྟར་རིག་པ་ལས་སྤྲུལ་པ་བཀྱེ་ནས་སེམས་ཅན་གྱི་དོན་རང་སྣང་ཙམ་དུ་བྱས་ཏེ་ཀ་དག་ཏུ་སླར་

[p. 482] ཐིམ་པ་སླར་མངའ་དབྱིངས་སུ་ཐིམ་པ་ལྟ་བུའོ། །དེ་ནས་ལྷུན་གྲུབ་ཀྱི་སའི་ཐུགས་རྗེས་རང་བཞིན་ལྷུན་གྲུབ་ཏུ་དོན་འབྱུང་བ་ལས། ཀ་དག་གི་ས་དེ་ནས་དངོས་སུ་སྤྲུལ་པ་མི་འགྱེད་དེ་ཆོས་སྐུ་བྱ་བྱེད་གཡོ་རྩོལ་ལས་འདས་པའི་ས་ཡིན་པའི་ཕྱིར་རོ། ། ཞག་འདི་གནས་པ་ཏིང་ངེ་འཛིན་སྔོན་གནས་ཀྱི་ཆའི་ཡུན་ལ་བརྩི་བ་ཡིན་ལ། དབང་པོ་རྣམས་རང་རང་གྲོལ་ནས་རང་བཞིན་གྱི་བསམ་གཏན་ལ་ཞག་སུམ་ཅུ་དང་བཞི་བཅུ་ལ་སོགས་པ་ནས་ཐ་མ་ལྔ་བཅུ་རྩ་གསུམ་རང་གནས་པའི་ངང་ནས་སྤྲུལ་པ་བཀྱེ་ ནས་དོན་བྱས་རྟིང་ནང་དབྱིངས་སུ་འཇུག་པའོ། །དེ་ཡང་གྲོལ་ནས་དབྱིངས་སུ་མ་ཐིམ་གྱི་བར་དེར་སྤྲུལ་པ་འགྱེད། རང་གི་ཞག་སོ་སོར་གནས་རྟིང་དབྱིངས་སུ་ཐིམ་པའོ། །གསུམ་པ་ཐིམ་ཚུལ་གྱི་རིམ་པས་མཇུག་བསྡུ་བ་ནི། སྔར་ལྷུན་ གྲུབ་ཀྱི་སྣང་བ་ཤར། དེ་དག་སླར་རིག་པ་ཉིད་ཀྱི་ངང་དུ་ཐིམ་པ་ནི་ཤེལ་འོད་ནང་ཐིམ་ལ་སོང་བ་ལྟ་བུ་སྟེ། རིན་པོ་ཆེ་སྤུངས་པ་ལས། རོལ་པའི་རྩལ་དུ་ཐིམ་ལུགས་བརྒྱད། །ལྷུན་གྲུབ་ངེས་པ་མེད་པའི་གཞི། །ཡོན་ཏན་ཚུལ་དུ་འདི་ལྟ་བུ། ། ཞེས་དང་། རང་ཤར་ལས། ཀྱེ་གྲེགས་པོ་དག་ལྷུན་གྲུབ་ཀྱི་སྣང་བ་ལ་རང་གི་དེ་ཉིད་སྟོབས་སུ་གྱུར་ནས་བདེན་པ་མཐོང་བའི་ཚེ། ཐིམ་ལུགས་བརྒྱད་དོ་ཤེས་པར་བྱའོ། །དེ་ཡང་ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་ནི་དཔེར་ན་ཉི་མ་ནུབ་པའི་ཟེར་ལྟ་ བུའོ། །ཡེ་ཤེས་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་མ་པང་དུ་བུ་འཇུག་པ་ལྟ་བུའོ། །འོད་འོད་ལ་ཐིམ་པ་ནི་དཔེར་ན་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟ་བུའོ། །སྐུ་སྐུ་ལ་ཐིམ་པ་ནི་དཔེར་ན་བུམ་པའི་སྐུ་ལྟ་བུའོ། །གཉིས་མེད་གཉིས་མེད་ལ་ཐིམ་ པ་ནི་དཔེར་ན་ཆུ་བོ་ཆུ་བོ་ལ་ཐིམ་པ་ལྟ་བུའོ། །མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པ་ནི་དཔེར་ན་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟ་བུའོ། །དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཀ་དག་ལ་ཐིམ་པ་ནི་དཔེར་ན་སེང་གེས་གངས་ཟིན་པ་ལྟ་བུའོ། །མ་དག་པ་འཁོར་

[p. 483] ༄༅། །བའི་སྒོ་དག་པ་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་སྦྲའི་ཆོན་ཐག་བརྟུལ་བ་ལྟ་བུའོ་ཞེས་སོ། །དེ་ལྟར་བརྒྱད་པོ་ཐིམ་དུས་རིག་པ་ཤེལ་གོང་སྐྱོན་དང་བྲལ་བ་ལྟར་ཀ་དག་ནང་དབྱིངས་གཅིག་ཏུ་གནས་པས་ངོ་ཤེས་པ་རྣམས་ཆོས་སྐུ་ཉག་གཅིག་ ཏུ་བདེ་ཀློང་གཅིག་ཏུ་འཁྱིལ་བའི་དུས་སོ། །དོན་བཞི་པ་སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐོང་ཆག་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ལ་གཉིས་ཏེ། རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ཚུལ་དང་། སྲིད་པ་བར་དོ་དངོས་རྒྱས་པར་བཤད་ པའོ། །དང་པོ་ནི། རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་འདིའི་དབང་པོ་ཉི་ཤུ་རྩ་གཅིག་གི་ཐ་མའི་ཐ་མ་དེ་སྲིད་པའི་བར་དོ་རྨི་ལམ་དང་འདྲ་བ་ལས་ལམ་བྱུང་ནས་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་རང་བཞིན་སྤྲུལ་སྐུའི་ཞིང་དུས་རྫུས་ཏེ་སྐྱེས་ནས་བར་དོ་མེད་པར་འཚང་རྒྱབ་སྟེ། རང་ཤར་ལས། བདེན་པ་མཐོང་བའི་སེམས་ཅན་ནི། །རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང་། །ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ། །གནས་ནས་མཐར་ཕྱིན་གྲོལ་བར་འགྱུར། །ཞེས་པ་དང་། ཡང་དེ་ལས། དབང་པོ་ཐ་མའི་ཐ་མ་ནི་ཞག་ཉི་ཤུ་གནས་ནས་དེ་ནས་ ཡང་ལྷུན་གྲུབ་ཀྱི་སྣང་བར་ལམ་བྱུང་ནས་མ་དག་པ་འཁོར་བའི་སྒོར་ལམ་བྱུང་སྟེ་ཕྱོགས་བཅུ་སྤྲུལ་པ་སྐུའི་ཞིང་ཁམས་སུ་གནས་ནས་བར་དོ་མེད་པར་ཡང་དག་པར་འཚང་རྒྱའོ་ཞེས་པ་དང་། ཉི་ཟླ་ཁ་སྦྱོར་ལས། འདི་མཐོང་དབང་པོ་ཐ་མ་ལ། །བར་མ་དོ་ཉིད་སྣང་འགྱུར་ རམ། །འོན་ཏེ་མི་སྣང་བའམ་ཅི། །སྟོན་པས་གསུངས་པ་དེ་སྣང་དེ། །རང་གར་འཛིན་པའི་བག་ཆགས་ཟད། །རང་བཞིན་སྤྲུལ་པར་དབུགས་ཕྱུང་སྟེ། །བར་དོ་མེད་པར་སངས་རྒྱས་ཉིད། །ཅེས་སོ། །ཞིང་དེ་དག་གི་རང་བཞིན་ལོངས་སྐུའི་རྣམ་པ་ འདྲར་རུང་དུ་སྣང་སྟེ། ཕྱོགས་བཞི་ཞི་བས་བསྐོར་བའི་དབུས་སྟེང་གི་ཆར་རང་རང་གི་མདུན་ནས་བལྟས་པ་ན་ཁྲོ་བོའི་ཞིང་ཡོད་པ་ནི་སྟོན་པ་ཀུན་དུ་བཟང་པོ་རྡོ་རྗེ་འཆང་གི་བྱིན་རླབས་ལས་རང་ཤར་བའོ། །དེ་ཡང་རང་ཤར་ལས། འདི་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་

[p. 484] ཁམས་ན་ཞིང་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཡོད་དེ། སྤྲུལ་པ་སྐུའི་ཞིང་ཁམས་དེ་ན་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་དམ་པ་ཐོབ་པའི་གནས་དེ་ན་གཞལ་ཡས་ཁང་གི་ཡོན་ཏན་དཔག་ཏུ་མེད་པ་ ཡོད་དེ། དེ་ཡང་འདི་ལྟ་སྟེ། རིན་པོ་ཆེ་ཤེལ་ལས་གྲུབ་པའི་ཁང་པ་སྒོ་བཞི་དང་ལྡན་པ། རིན་པོ་ཆེ་སྣ་ལྔའི་རྟ་བབས་དང་ལྡན་པ། ས་གཞི་ཐམས་ཅད་ཀྱང་རིན་པོ་ཆེ་ཤེལ་ལས་གྲུབ་པ། ཤིན་ཏུ་ཡིད་དུ་འོང་བ་བལྟ་ན་སྡུག་པ། ཐམས་ཅད་དང་དཀར་ཁུང་དང་ ལྡན་པ། ཕྱོགས་བཞི་ན་གསེར་དཀར་ཆེན་པོ་བཞི་ཡོད་པ། གསེར་དཀར་ནས་ཉི་མ་ཤར་བས་རིན་པོ་ཆེ་ཤེལ་ལས་གྲུབ་པའི་ཁང་པ་ལ་ཕོག་ནས་ནང་དུ་ཉིན་མོ་འོད་ལྔའི་སྣང་བ་ལྕུག་པར་འཆར་བ། གཞལ་ཡས་ཁང་དེའི་ཕྱི་རོལ་ན་ཡན་ལག་བརྒྱད་དང་ལྡན་ པའི་ཆུའི་འོབས་ཡོད་པ། ཆུ་དེ་ལ་ནད་ཀྱིས་བཏབ་པ་རྣམས་ཀྱིས་འཐུངས་ན་ནད་འཚོ་བར་འགྱུར་ལ། དེའི་ཕྱི་རོལ་ན་མཚེའུ་བརྒྱད་ཡོད་དེ། དེ་རྣམས་ཀྱི་ནང་ན་ཡང་བྱ་སྐད་སྙན་པ་སྣ་ཚོགས་ཏེ། དེ་ཡང་འདི་ལྟ་སྟེ། བྱའི་རྒྱལ་པོ་ངང་པ་གསེར་ལྡན་དང་ མཐིང་རིལ་དང་། བྱ་ཀ་ཏི་དང་། རྨ་བྱ་དང་། ནེ་ཙོ་མི་སྐད་ཤེས་པ་དང་། ཁུ་བྱུག་དང་། ཤང་ཤང་ཏེའུ་དང་། རི་སྐེགས་དང་། དེ་ལ་སོགས་ཏེ་སྐད་སྙན་པའི་བྱ་རིགས་སྟོང་ཕྲག་བརྒྱད་ཅུ་དང་། ཡིད་དུ་འོང་བའི་བྱ་རིགས་འདི་ལྟ་སྟེ། ཀ་ང་ཀ་རི་དང་། ཟེར་མོ་དང་། སྦབས་དང་། ལྷའི་བྱ་དྲིལ་བུའི་སྐད་ཅན་དང་། བྱ་ཀྲི་ཏིས་གསེར་གྱི་རྡོ་རྗེའི་གཟུགས་ལ་སོགས་ཏེ། གཡུའི་མདོག་ལྟར་སྔོ་བ་དང་། དུང་གི་མདོག་ལྟར་དཀར་བ་དང་། བྱེ་རུའི་མདོག་ལྟར་དམར་བ་དང་། ཨིནྡྲ་ནཱི་ལ་ལྟར་ལྗང་བ་ལ་སོགས་ ཏེ་ཡིད་དུ་འོང་བ་དང་སྐད་སྙན་པ་བསམ་གྱིས་མི་ཁྱབ་པ་ཡོད་དོ། །དེའི་ཕྱི་རིམ་ན་རིན་པོ་ཆེ་སྣ་བདུན་གྱི་ལྕགས་རི་ཡོད་དོ། །དེ་རྣམས་ཀྱི་དབུས་ན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁྲི་ཆོས་བཤད་པའི་སྟན་དང་ལྡན་པ་ཡོད་དོ། །དེར་སྤྲུལ་པའི་སྐུ་རྡོ་རྗེ་སེམས་

[p. 485] ༄༅། །དཔའ་ཞེས་བྱ་བ་དེས་སྲོད་ལ་འཁོར་རྣམས་ལ་རྒྱུའི་ཆོས་འཆད་དོ། །ནམ་ཕྱེད་ན་སྔགས་ཕྱིའི་ཆོས་འཆད་དོ། །ཐོ་རངས་གསང་སྔགས་ནང་གི་ཆོས་འཆད་དོ། །

[edit]
OCR of the BDRC scans (I2PD20603), gorn05 tibocr 2026: BDRC OCR on 248 pages, Mitra OCR on 119 pages (the model with more recognisable syllables on each page).

[p. 703] ཞག་གཅིག་ཆོས་ཀྱི་དབྱིངས་ལ་སྡོད་དོ། །ཞག་གཅིག །མེ་ལོང་ཡེ་ཤེས་ལ་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ནས་སྐུ་གཅིག་བྱུང་བ་དེ་ལས་སྐུ་གྲངས་མེད་པ་འཕྲོས་པས་དེ་ལ་རང་གི་ཤེས་པ་སད་དེ་སྟོབས་སུ་གྱུར་ནས་ཡང་སྐར་མདའ་ལྟ་བུའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་དྲུག་ན་དོན་བྱེད་ནུས་སོ། །དབང་པོ་འབྲིང་གི་རྩེ་མོ་ནི་ཞག་བརྒྱད་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་ལྔ་ཐོགས་སོ། །ཡེ་ཤེས་བཞིའི་སྣང་བ་ལ་ཞག་གསུམ་བསྡད་ནས་ཡང་རང་གི་སྟེང་ན་ཡེ་ཤེས་ཀྱི་སྐུ་སྣ་ཚོགས་སུ་འཕྲོ་བ་ཞིག་མཐོང་བས་དེ་ལ་ངེས་པ་རྙེད་ནས་དེ་ཡང་སྐར་མདའ་ལྟ་བུའོ། སྤྲུལ་པ་ཡང་ཞག་ཉི་ཤུ་རྩ། བདུན་ན་དོན་བྱེད་ནུས་སོ། འབྲིང་གི་མཆོག་གིས་ཞག་དགུ་ཐོགས་ཏེ། ཡང་ཚོམ་བུ་ལ། ཞག་ལྔ་ཐོགས། ཡེ་ཤེས་ལ་ཞག་བཞི་ཐོགས་སོ། །དེ་ནས་ཡང་ངེས་པ་རྙེད་དེ་ཅི་སྣང་ཐམས་ཅད་མེ་ལོང་ལྟ་བུར་རྟོགས་ཤིང་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་

[p. 704] པ་ཡང་ཞག་སུམ་ཅུ་ན་དོན་བྱེད་ནུས་སོ། །འབྲིང་གི་ཕུལ་ནི་ཞག་བཅུ་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡེ་ཤེས་ཀྱི་སྣང་བ་ལ་བཞི། ལྷུན་གྲུབ་ཀྱི་སྣང་བ་ལ་ཞག་གཅིག་ཐོགས་ནས་སྐུ་དེ་དག་ཐམས་ཅད་གཉིས་མེད་དུ་རྟོགས་ནས་འཚང་རྒྱའོ། །སྤྲུལ་ པ་ཡང་ཞག་སུམ་ཅུ་རྩ་གཅིག་ན་དོན་བྱེད་ནུས་སོ། །འབྲིང་གི་ར་བ་ཞག་བཅུ་གཅིག་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་གཅིག་གནས་ཏེ། དེ་ནས་ཡང་ངེས་པ་རྙེད་ནས་སྣང་བ་ཐམས་ཅད་འོད་ཁྱིམ་དུ་མཐོང་ནས་ངེས་ པ་རྙེད་དོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་བཞི་ན་དོན་བྱེད་ནུས་སོ། །འབྲིང་གི་འབྲིང་ནི་ཞག་བཅུ་གཉིས་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡོངས་སུ་ཁྲོ་བོའི་ཞིང་ཁམས་སུ་གཅིག །ཡེ་ཤེས་ཀྱི་སྣང་བ་ལ་ཞག་ལྔ། ལྷུན་གྲུབ་ཀྱི་སྣང་བ་ ལ་ཞག་གཅིག་གནས་ནས་ཀྱང་ངེས་པ་རྙེད་དེ་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་བདུན་ན་དོན་བྱེད་ནུས་སོ། །འབྲིང་གི་ཐ་མ་ནི་ཞག་བཅུ་གསུམ་ཐོགས་ཏེ། ཡང་ཚོམ་བུ་གོང་འོག་ལ་དྲུག །ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་གཉིས་ གནས་པས། ཡང་ཅིར་སྣང་མར་མེའི་དཀྱིལ་འཁོར་ལྟར་མཐོང་ནས་ངེས་པ་རྙེད་དོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་དགུན་དོན་བྱེད་ནུས་སོ་ཞེས་པ་དང་། དེ་ཡང་ཐ་མའི་ས་ཟིན་པ་ནི་ཞག་བཅུ་བཞི་ཐོགས་ཏེ། དེ་ཡང་ཚོམ་བུ་གོང་འོག་ལ་དྲུག །ཡེ་ ཤེས་ལ་ལྔ། ལྷུན་གྲུབ་ལ་ཞག་གསུམ་ཐོགས་པའི་ཐ་མ་རང་གི་སྣང་བ་མཐོང་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་བཞི་བཅུ་ན་དོན་བྱེད་ནུས་སོ། །ཐ་མའི་རྩེ་མོ་ནི་ཞག་བཅོ་ལྔ་ཐོགས་ཏེ། ཡང་ཚོམ་བུ་དང་ཡེ་ཤེས་གོང་བཞིན་ནོ། །ལྷུན་གྲུབ་ལ་ ཞག་གཅིག་གནས་པའི་ཐ་མ་ལ་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་བཞི་བཅུ་ཞེ་གསུམ་ན་དོན་བྱེད་ནུས་སོ། །ཐ་མའི་མཆོག་ནི་ཞག་བཅུ་དྲུག་ཐོགས་ཏེ། ཚོམ་བུ་དང་ཡེ་ཤེས་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་ལྔ་གནས་པའི་

[p. 705] ཐ་མ་ཡང་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་ཞེ་དྲུག་ན་དོན་བྱེད་ནུས་སོ། །ཐ་མའི་ཕུལ་ནི་ཞག་བཅུ་བདུན་ཐོགས་ཏེ། ཚོམ་བུ་དང་ཡེ་ཤེས་ཀྱང་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་དྲུག་གནས་པའི་ཐ་མ་ཡང་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་པའོ། །སྤྲུལ་པ་ཡང་ཞག་ཞེ་བདུན་ན་དོན་བྱེད་ནུས་སོ། །ཐ་མའི་རབ་ཞག་བཅོ་བརྒྱད་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་དྲུག་ཐོགས་སོ། །ཡེ་ཤེས་ལ་ཞག་བརྒྱད་དོ། །ལྷུན་གྲུབ་ལ་ཞག་གསུམ་གནས་པའི་ཐ་མ་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པའང་ཞག་ལྔ་བཅུ་ན་དོན་བྱེད་ནུས་སོ། །ཐ་མའི་འབྲིང་ནི་ཞག་བཅུ་དགུ་ཐོགས་ཏེ། ཡང་ཚོམ་བུ་ལ་བཅུ་གཉིས་ཐོགས། ཡེ་ཤེས་ལ་བཞི་གནས་སོ། །ལྷུན་གྲུབ་ལ་ཞག་གསུམ་གནས་པའི་ཐ་མ་ལ་རང་གི་སྣང་བ་མཐོང་སྟེ་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་ལྔ་བཅུ་རྩ་གསུམ་ན་དོན་བྱེད་ནུས་སོ། །སེམས་ཅན་གྱི་དབང་པོ་དེ་རྣམས་ཀུན་ཀྱང་སངས་རྒྱས་ཀྱི་ས་ནོན་པའོ། །བར་དོ་དེ་རྣམས་ཀྱང་དཔེར་ན་རྨི་ལམ་ལྟ་བུའོ་ཞེས་སོ། །དེ་དག་གི་དུས་ན་གྲོལ་བ་གནད་ཀྱི་མན་ངག་ལ་གསུམ་སྟེ། ཆོས་ཉིད་ཀྱི་སྣང་བ་རང་སྣང་དུ་ཤེས་པ་མ་པང་དུ་བུ་འཇུག་པའི་གདམས་པ་དང་། ཤེས་ཐོག་དེར་དར་ཅིག་རང་བཞིན་གྱི་བསམ་གཏན་ལས་མི་གཡོ་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་དང་། གནས་ཐོག་གི་རང་རང་ས་ཀ་དག་ལས་གྲོལ་ནས་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་མན་ངག་དྲན་པར་བྱའོ། །དེ་ཡང་དབང་པོ་རབ་ལྟ་བུ་ལ་དཔེར་མཚོན་ན་སྐད་ཅིག་དང་པོ་ལ་ཚོམ་བུ་འགགས། གཉིས་པ་ལ་ལྷུན་གྲུབ་སྐྱེས་དུས་རང་ངོ་ཤེས། ཤེས་ཐོག་ཏུ་གནས། གསུམ་པ་ལ་ཀ་དག་གི་བདེན་པ་མཐོང་ནས་གྲོལ་ཏེ་དབྱིངས་སུ་མ་ཐིམ་པའི་བར་དེར་བསམ་གཏན་གྱི་ཞག་གསུམ་གནས་པའི་ངང་ནས་སྐར་མདའ་ལས་འོད་འཕྲོ་བ་ལྟར་རིག་པ་ལས་སྤྲུལ་པ་བཀྱེ་ནས་སེམས་ཅན་གྱི་དོན་རང་སྣང་ཙམ་དུ་བྱས་ཏེ་ཀ་དག་ཏུ་སླར་

[p. 706] ཐིམ་པ་སྣར་མདའ་དབྱིངས་སུ་ཐིམ་པ་ལྟ་བུའོ། །དེ་ནས་ལྷུན་གྲུབ་ཀྱི་སའི་ཐུགས་རྗེས་རང་བཞིན་ལྷུན་གྲུབ་ཏུ་དོན་འབྱུང་བ་ལས། ཀ་དག་གིས་དེ་ནས་དངོས་སུ་སྤྲུལ་པ་མི་འགྱེད་དེ་ཆོས་སུ་བྱ་བྱེད་གཡོ་རྩོལ་ལས་འདས་པའི་ས་ཡིན་པའི་ཕྱིར་རོ། ། ཞག་འདི་གནས་པ་ཏིང་ངེ་འཛིན་སྔོན་གནས་ཀྱི་ཆའི་ཡུན་ལ་བརྩི་བ་ཡིན་ལ། དབང་པོ་རྣམས་རང་རང་གྲོལ་ནས་རང་བཞིན་གྱི་བསམ་གཏན་ལ་ཞག་སུམ་ཅུ་དང་བཞི་བཅུ་ལ་སོགས་པ་ནས་ཐ་མ་ལྔ་བཅུ་རྩ་གསུམ་རང་གནས་པའི་ངང་ནས་སྤྲུལ་པ་བཀྱེ་ ནས་དོན་བྱས་རྟིང་ནང་དབྱིངས་སུ་འཇུག་པའོ། །དེ་ཡང་གྲོལ་ནས་དབྱིངས་སུ་མ་ཐིམ་གྱི་བར་དེར་སྤྲུལ་པ་འགྱེད། རང་གི་ཞག་སོ་སོར་གནས་རྟིང་དབྱིངས་སུ་ཐིམ་པའོ། །གསུམ་པ་ཐིམ་ཚུལ་གྱི་རིམ་པས་མཇུག་བསྡུ་བ་ནི། སྔར་ལྷུན་ གྲུབ་ཀྱི་སྣང་བ་ཤར། དེ་དག་སླར་རིག་པ་ཉིད་ཀྱི་ངང་དུ་ཐིམ་པ་ནི་ཤེལ་འོད་ནང་ཐིམ་ལ་སོང་བ་ལྟ་བུ་སྟེ། རིན་པོ་ཆེ་སྤུངས་པ་ལས། རོལ་པའི་རྩལ་དུ་ཐིམ་ལུགས་བརྒྱད། །ལྷུན་གྲུབ་ངེས་པ་མེད་པའི་གཞི། །ཡོན་ཏན་ཚུལ་དུ་འདི་ལྟ་བུ། ། ཞེས་དང་། རང་ཤར་ལས། ཀྱེ་གྲོགས་པོ་དག་ལྷུན་གྲུབ་ཀྱི་སྣང་བ་ལ་རང་གི་དེ་ཉིད་སྟོབས་སུ་གྱུར་ནས་བདེན་པ་མཐོང་བའི་ཚེ། ཐིམ་ལུགས་བརྒྱད་ངོ་ཤེས་པར་བྱའོ། །དེ་ཡང་ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་ནི་དཔེར་ན་ཉི་མ་ནུབ་པའི་ཟེར་ལྟ་ བུའོ། །ཡེ་ཤེས་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་མ་པང་དུ་བུ་འཇུག་པ་ལྟ་བུའོ། །འོད་འོད་ལ་ཐིམ་པ་ནི་དཔེར་ན་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟ་བུའོ། །སྐུ་སྐུ་ལ་ཐིམ་པ་ནི་དཔེར་ན་བུམ་པའི་སྐུ་ལྟ་བུའོ། །གཉིས་མེད་གཉིས་མེད་ལ་ཐིམ་ པ་ནི་དཔེར་ན་ཆུ་བོ་ཆུ་བོ་ལ་ཐིམ་པ་ལྟ་བུའོ། །མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པ་ནི་དཔེར་ན་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟ་བུའོ། །དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཀ་དག་ལ་ཐིམ་པ་ནི་དཔེར་ན་སེང་གེས་གངས་ཟིན་པ་ལྟ་བུའོ། །མ་དག་པ་འཁོར་

[p. 707] ༄༅། །བའི་སྒོ་དག་པ་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་སྒྲའི་ཚོན་ཐག་བརྟུལ་བ་ལྟ་བུའོ་ཞེས་སོ། །དེ་ལྟར་བརྒྱད་པོ་ཐིམ་དུས་རིག་པ་ཤེལ་གོང་སྨྱོན་དང་བྲལ་བ་ལྟར་ཀ་དག་ནང་དབྱིངས་གཅིག་ཏུ་གནས་པས་རོ་ཤེས་པ་རྣམས་ཆོས་སྐུ་ཉག་གཅིག་ ཏུ་བདེ་ཀློང་གཅིག་ཏུ་འཁྱིལ་བའི་དུས་སོ། །དོན་བཞི་པ་སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐོང་ཆག་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ལ་གཉིས་ཏེ། རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ཚུལ་དང་། སྲིད་པ་བར་དོ་དངོས་རྒྱས་པར་བཤད་ པའོ། །དང་པོ་ནི། རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་འདིའི་དབང་པོ་ཉི་ཤུ་རྩ་གཅིག་གི་ཐ་མའི་ཐ་མ་དེ་སྲིད་པའི་བར་དོ་རྨི་ལམ་དང་འདྲ་བ་ལས་ལམ་བྱུང་ནས་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་རང་བཞིན་སྤྲུལ་སྐུའི་ཞིང་དུ་རྫུས་ཏེ་སྐྱེས་ནས་བར་དོ་མེད་པར་འཚང་རྒྱ་བ་སྟེ། ། རང་ཤར་ལས། བདེན་པ་མཐོང་བའི་སེམས་ཅན་ནི། །རྟོགས་པ་རྒྱུད་ལམ་སྐྱེས་ཀྱང་། །ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ། །གནས་ནས་མཐར་ཕྱིན་གྲོལ་བར་འགྱུར། །ཞེས་པ་དང་། ཡང་དེ་ལས། དབང་པོ་ཐ་མའི་ཐ་མ་ནི་ཞག་ཉི་ཤུ་གནས་ནས་དེ་ནས་ ཡང་ལྷུན་གྲུབ་ཀྱི་སྣང་བར་ལམ་བྱུང་ནས་མ་དག་པ་འཁོར་བའི་སྒོར་ལམ་བྱུང་སྟེ་ཕྱོགས་བཅུ་སྤྲུལ་པ་སྐུའི་ཞིང་ཁམས་སུ་གནས་ནས་བར་དོ་མེད་པར་ཡང་དག་པར་འཚང་རྒྱའོ་ཞེས་པ་དང་། ཉི་ཟླ་ཁ་སྦྱོར་ལས། འདི་མཐོང་དང་པོ་ཐ་མ་ལ། །བར་མ་དེ་ཉིད་སྣང་འགྱུར་ རམ། །འོན་ཏེ་མི་སྣང་བའམ་ཅི། །སྟོན་པས་གསུངས་པ་དེ་སྣང་དེ། །རང་གར་འཛིན་པའི་བག་ཆགས་ཟད། །རང་བཞིན་སྤྲུལ་པར་དབུགས་ཕྱུང་སྟེ། །བར་དོ་མེད་པར་སངས་རྒྱས་ཉིད། །ཅེས་སོ། །ཞིང་དེ་དག་གི་རང་བཞིན་ལོངས་སྐུའི་རྣམ་པ་ འདྲར་རུང་དུ་སྣང་སྟེ། ཕྱོགས་བཞི་ཞི་བས་བསྐོར་བའི་དབུས་སྟེང་གི་ཆར་རང་རང་གི་མདུན་ནས་བལྟས་པ་ན་ཁྲོ་བོའི་ཞིང་ཡོད་པ་ནི་སྟོན་པ་ཀུན་དུ་བཟང་པོ་རྡོ་རྗེ་འཆང་གི་བྱིན་རླབས་ལས་རང་ཤར་བའོ། །དེ་ཡང་རང་ཤར་ལས། འདི་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་

[p. 708] ཁམས་ན་ཞིང་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཡོད་དེ། སྤྲུལ་པ་སྐུའི་ཞིང་ཁམས་དེ་ན་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་དམ་པ་ཐོབ་པའི་གནས་དེ་ན་གཞལ་ཡས་ཁང་གི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། དེ་ཡང་འདི་ལྟ་སྟེ། རིན་པོ་ཆེ་ཤེལ་ལས་གྲུབ་པའི་ཁང་པ་སྒོ་བཞི་དང་ལྡན་པ། རིན་པོ་ཆེ་སྣ་ལྔའི་རྟ་བབས་དང་ལྡན་པ། ས་གཞི་ཐམས་ཅད་ཀྱང་རིན་པོ་ཆེ་ཤེལ་ལས་གྲུབ་པ། ཤིན་ཏུ་ཡིད་དུ་འོང་བ་བལྟ་ན་སྡུག་པ། ཐེམ་སྐས་དང་དཀར་ཁུར་དང་ལྡན་པ། ཕྱོགས་བཞི་ན་གསེར་དཀར་ཆེན་པོ་བཞི་ཡོད་པ། གསེར་དཀར་ནས་ཉི་མ་ཤར་བས་རིན་པོ་ཆེ་ཤེལ་ལས་གྲུབ་པའི་ཁང་པ་ལ་པོག་ནས་ནང་དུ་ཉིན་མོ་འོད་ལྔའི་སྣང་བ་ལྷུག་པར་འཆར་བ། གཞལ་ཡས་ཁང་དེའི་ཕྱི་རོལ་ན་ཡན་ལག་བརྒྱད་དང་ལྡན་པའི་ཆུའི་འོབས་ཡོད་པ། ཆུ་དེ་ལ་ནང་ཀྱིས་བཏབ་པ་རྣམས་ཀྱིས་འཐུངས་ན་ནད་འཚོ་བར་འགྱུར་ལ། དེའི་ཕྱི་རོལ་ན་མཚེའུ་བརྒྱད་ཡོད་དེ། དེ་རྣམས་ཀྱི་ནང་ན་ཡང་བྱ་སྐད་སྙན་པ་སྣ་ཚོགས་ཏེ། དེ་ཡང་འདི་ལྟ་སྟེ། བྱའི་རྒྱལ་པོ་དང་པ་གསེར་ལྡན་དང་མཐིང་རིལ་དང་། བྱ་ཀ་ཏི་དང་། རྨ་བྱ་དང་། ནེ་ཙོ་མི་སྐད་ཤེས་པ་དང་། ཁུ་བྱུག་དང་། ཤང་ཤང་ཏེའུ་དང་། རི་སྐེགས་དང་། དེ་ལ་སོགས་ཏེ་སྐད་སྙན་པའི་བྱ་རིགས་སྟོང་ཕྲག་བརྒྱད་ཅུ་དང་། ཡིད་དུ་འོང་བའི་བྱ་རིགས་འདི་ལྟ་སྟེ། ཀང་ཀ་རི་དང་། ཟེར་མོ་དང་། སྦབས་དང་། ལྟའི་བྱ་དྲིལ་བུའི་སྐད་ཅན་དང་། བྱ་ཀྲི་ཏི་ས་གསེར་གྱི་རྡོ་རྗེའི་གཟུགས་ལ་སོགས་ཏེ། གཡུའི་མདོག་ལྟར་སྔོ་བ་དང་། དུང་གི་མདོག་ལྟར་དཀར་བ་དང་། བྱེ་རུའི་མདོག་ལྟར་དམར་བ་དང་། ཨིནྡྲ་ནཱ་ལ་ལྟར་ལྗང་བ་ལ་སོགས་ཏེ་ཡིད་དུ་འོང་བ་དང་སྐད་སྙན་པ་བསམ་གྱིས་མི་ཁྱབ་པ་ཡོད་དོ། །དེའི་ཕྱི་རིམ་ན་རིན་པོ་ཆེ་སྣ་བདུན་གྱི་ལྕགས་རི་ཡོད་དོ། །དེ་རྣམས་ཀྱི་དབུས་ན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁྲི་ཆོས་བཤད་པའི་སྟན་དང་ལྡན་པ་ཡོད་དོ། །དེར་སྤྲུལ་པའི་སྐུ་རྡོ་རྗེ་སེམས་

[p. 709] ༄༅། །དཔའ་ཞེས་བྱ་བ་དེས་སྲོང་ལ་འཁོར་རྣམས་ལ་རྒྱུའི་ཆོས་འཆད་དོ། །ནམ་ཕྱེད་ན་སྔགས་ཕྱིའི་ཆོས་འཆད་དོ། །ཐོ་རངས་གསང་སྔགས་ནང་གི་ཆོས་འཆད་དོ། །

[edit]
OCR of the BDRC scans (I3CN4959), gorn05 tibocr 2026: BDRC OCR on 159 pages, Mitra OCR on 256 pages (the model with more recognisable syllables on each page).

[p. 383] ཞག་གཅིག་ཆོས་ཀྱི་དབྱིངས་ ལ་སྡོད་དོ། །ཞག་གཅིག་མེ་ལོང་ཡེ་ཤེས་ལ་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ ནས་སྐུ་གཅིག་བྱུང་བ་དེ་ལས་སྐུ་གྲངས་མེད་པ་འཕྲོས་པས་དེ་ལ་རང་གི་ཤེས་པ་ སད་དེ་སྟོབས་སུ་གྱུར་ནས་ཡང་སྐར་མདའ་ལྟ་བུའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་ དྲུག་ན་དོན་བྱེད་ནུས་སོ། །དབང་པོ་འབྲིང་གི་རྩེ་མོ་ནི་ཞག་བརྒྱད་ཐོགས་ཏེ། ཡང་ ཚོམ་བུ་ལ་ཞག་ལྔ་ཐོགས་སོ། །ཡེ་ཤེས་བཞིའི་སྣང་བ་ལ་ཞག་གསུམ་བསྡད་ནས་ ཡང་རང་གི་སྟེང་ན་ཡེ་ཤེས་ཀྱི་སྐུ་སྣ་ཚོགས་སུ་འཕྲོ་བ་ཞིག་མཐོང་བས་དེ་ལ་ངེས་ པ་རྙེད་ནས་དེ་ཡང་སྐར་མདའ་ལྟ་བུའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་བདུན་ན་དོན་ བྱེད་ནུས་སོ། །འབྲིང་གི་མཆོག་གིས་ཞག་དགུ་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་ལྔ་ ཐོགས། ཡེ་ཤེས་ལ་ཞག་བཞི་ཐོགས་སོ། །དེ་ནས་ཡང་ངེས་པ་རྙེད་དེ་ཅི་སྣང་ ཐམས་ཅད་མེ་ལོང་ལྟ་བུར་རྟོགས་ཤིང་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ ཞག་སུམ་ཅུ་ན་དོན་བྱེད་ནུས་སོ། །འབྲིང་གི་ཕུལ་ནི་ཞག་བཅུ་ཐོགས་ཏེ། ཡང་ཚོམ་ བུ་ལ་ལྔ། ཡེ་ཤེས་ཀྱི་སྣང་བ་ལ་བཞི། ལྷུན་གྲུབ་ཀྱི་སྣང་བ་ལ་ཞག་གཅིག་ཐོགས་

[p. 384] ༈ རྡོ་རྗེའི་གནས་བཅུ་པ་ཉམས་སུ་ལེན་པ་རྒྱལ་པོའི་ཁང་བཟང་གི་རིམ་པ་རྒྱ་ཆེར་བཤད་པ། ནས་སྐུ་དེ་དག་ཐམས་ཅད་གཉིས་མེད་དུ་རྟོགས་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ ཞག་སུམ་ཅུ་རྩ་གཅིག་ན་དོན་བྱེད་ནུས་སོ། །འབྲིང་གི་རབ་ཞག་བཅུ་གཅིག་ ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་གཅིག་གནས་ཏེ། དེ་ ནས་ཡང་ངེས་པ་རྙེད་ནས་སྣང་བ་ཐམས་ཅད་འོད་ཁྱིམ་དུ་མཐོང་ནས་ངེས་པ་རྙེད་ དོ༑ ༑སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་བཞི་ན་དོན་བྱེད་ནུས་སོ། །འབྲིང་གི་འབྲིང་ནི་ ཞག་བཅུ་གཉིས་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡོངས་སུ་ཁྲོ་བོའི་ཞིང་ཁམས་སུ་ གཅིག་ཡེ་ཤེས་ཀྱི་སྣང་བ་ལ་ཞག་ལྔ། ལྷུན་གྲུབ་ཀྱི་སྣང་བ་ལ་ཞག་གཅིག་གནས་ ནས་ཀྱང་ངེས་པ་རྙེད་དེ་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་བདུན་ན་ དོན་བྱེད་ནུས་སོ། །འབྲིང་གི་ཐ་མ་ནི་ཞག་བཅུ་གསུམ་ཐོགས་ཏེ། ཡང་ཚོམ་བུ་གོང་ འོག་ལ་དྲུག ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་གཉིས་གནས་པས། ཡང་ཅིར་སྣང་མར་ མེའི་དཀྱིལ་འཁོར་ལྟར་མཐོང་ནས་ངེས་པ་རྙེད་དོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་ དགུ་ན་དོན་བྱེད་ནུས་སོ་ཞེས་པ་དང་དེ་ཡང་ཐ་མའི་ས་ཟིན་པ་ནི་ཞག་བཅུ་བཞི་ ཐོགས་ཏེ། དེ་ཡང་ཚོམ་བུ་གོང་འོག་ལ་དྲུག ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་ཞག་ གསུམ་ཐོགས་པའི་ཐ་མ་རང་གི་སྣང་བ་མཐོང་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་ བཞི་བཅུ་ན་དོན་བྱེད་ནུས་སོ། །ཐ་མའི་རྩེ་མོ་ནི་ཞག་བཅོ་ལྔ་ཐོགས་ཏེ། ཡང་ཚོམ་ བུ་དང་ཡེ་ཤེས་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་གཅིག་གནས་པའི་ཐ་མ་ལ་རང་ གི་སྣང་བ་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་བཞི་བཅུ་ཞེ་གསུམ་ན་ དོན་བྱེད་ནུས་སོ། །ཐ་མའི་མཆོག་ནི་ཞག་བཅུ་དྲུག་ཐོགས་ཏེ། ཚོམ་བུ་དང་ཡེ་ ཤེས་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་ལྔ་གནས་པའི་ཐ་མ་ཡང་རང་གི་སྣང་བ་ མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་ཞེ་དྲུག་ན་དོན་བྱེད་ནུས་སོ། །ཐ་

[p. 385] ། ཚིག་དོན་རིན་པོ་ཆེའི་མཛོད། མའི་ཕུལ་ནི་ཞག་བཅུ་བདུན་ཐོགས་ཏེ། ཚོམ་བུ་དང་ཡེ་ཤེས་ཀྱང་གོང་བཞིན་ནོ། ། ལྷུན་གྲུབ་ལ་ཞག་དྲུག་གནས་པའི་ཐ་མ་ཡང་རང་གི་སྣང་བ་མཐོང་ནས་བརྟན་པ་ ཐོབ་པའོ། །སྤྲུལ་པ་ཡང་ཞག་ཞེ་བདུན་ན་དོན་བྱེད་ནུས་སོ། །ཐ་མའི་རབ་ཞག་ བཅོ་བརྒྱད་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་དྲུག་ཐོགས་སོ། །ཡེ་ཤེས་ལ་ཞག་ བརྒྱད་དོ། །ལྷུན་གྲུབ་ལ་ཞག་གསུམ་གནས་པའི་ཐ་མ་རང་གི་སྣང་བ་མཐོང་ནས་ བརྟན་པ་ཐོབ་བོ། །སྤྲུལ་པའང་ཞག་ལྔ་བཅུ་ན་དོན་བྱེད་ནུས་སོ། །ཐ་མའི་འབྲིང་ ནི་ཞག་བཅུ་དགུ་ཐོགས་ཏེ། ཡང་ཚོམ་བུ་ལ་བཅུ་གཉིས་ཐོགས། ཡེ་ཤེས་ལ་བཞི་ གནས་སོ། །ལྷུན་གྲུབ་ལ་ཞག་གསུམ་གནས་པའི་ཐ་མ་ལ་རང་གི་སྣང་བ་མཐོང་སྟེ་ འཚང་རྒྱའོ། །སྤྲུལ་པ་ཡང་ཞག་ལྔ་བཅུ་རྩ་གསུམ་ན་དོན་བྱེད་ནུས་སོ། །སེམས་ ཅན་གྱི་དབང་པོ་དེ་རྣམས་ཀུན་ཀྱང་སངས་རྒྱས་ཀྱི་ས་ནོན་པའོ། །བར་དོ་དེ་རྣམས་ ཀྱང་དཔེར་ན་རྨི་ལམ་ལྟ་བུའོ་ཞེས་སོ། །དེ་དག་གི་དུས་ན་གྲོལ་བ་གནད་ཀྱི་མན་ ངག་ལ་གསུམ་སྟེ། ཆོས་ཉིད་ཀྱི་སྣང་བ་རང་སྣང་དུ་ཤེས་པ་མ་པང་དུ་བུ་འཇུག་ པའི་གདམས་པ་དང་། ཤེས་ཐོག་དེར་དར་ཅིག་རང་བཞིན་གྱི་བསམ་གཏན་ལས་ མི་གཡོ་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་དང་། གནས་ཐོག་གི་ངང་རང་ ས་ཀ་དག་ལས་གྲོལ་ནས་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་མན་ངག་ དྲན་པར་བྱའོ། །དེ་ཡང་དབང་པོ་རབ་ལྟ་བུ་ལ་དཔེར་མཚོན་ན་སྐད་ཅིག་དང་པོ་ལ་ ཚོམ་བུ་འགགས། གཉིས་པ་ལ་ལྷུན་གྲུབ་སྐྱེས་དུས་རང་ངོ་ཤེས། ཤེས་ཐོག་ཏུ་ གནས། གསུམ་པ་ལ་ཀ་དག་གི་བདེན་པ་མཐོང་ནས་གྲོལ་ཏེ་དབྱིངས་སུ་མ་ཐིམ་ པའི་བར་དེར་བསམ་གཏན་གྱི་ཞག་གསུམ་གནས་པའི་ངང་ནས་སྐར་མདའ་ལས་ འོད་འཕྲོ་བ་ལྟར་རིག་པ་ལས་སྤྲུལ་པ་བཀྱེ་ནས་སེམས་ཅན་གྱི་དོན་རང་སྣང་ཙམ་

[p. 386] ༈ རྡོ་རྗེའི་གནས་བཅུ་པ་ཉམས་སུ་ལེན་པ་རྒྱལ་པོའི་ཁང་བཟང་གི་རིམ་པ་རྒྱ་ཆེར་བཤད་པ། དུ་བྱས་ཏེ་ཀ་དག་ཏུ་སླར་ཐིམ་པ་སྐར་མདའ་དབྱིངས་སུ་ཐིམ་པ་ལྟ་བུའོ། །དེ་ནས་ ལྷུན་གྲུབ་ཀྱི་སའི་ཐུགས་རྗེ་རང་བཞིན་ལྷུན་གྲུབ་ཏུ་དོན་འབྱུང་བ་ལས། ཀ་དག་གི་ ས་དེ་ནས་དངོས་སུ་སྤྲུལ་པ་མི་འགྱེད་དེ་ཆོས་སྐུ་བྱ་བྱེད་གཡོ་རྩོལ་ལས་འདས་པའི་ ས་ཡིན་པའི་ཕྱིར་རོ། །ཞག་འདི་གནས་པ་ཏིང་ངེ་འཛིན་སྔོན་གནས་ཀྱི་ཆའི་ཡུན་ ལ་བརྩི་བ་ཡིན་ལ། དབང་པོ་རྣམས་རང་རང་གྲོལ་ནས་རང་བཞིན་གྱི་བསམ་ གཏན་ལ་ཞག་སུམ་ཅུ་དང་བཞི་བཅུ་ལ་སོགས་པ་ནས་ཐ་མ་ལྔ་བཅུ་རྩ་གསུམ་རང་ གནས་པའི་ངང་ནས་སྤྲུལ་པ་བཀྱེ་ནས་དོན་བྱས་རྟིང་ནང་དབྱིངས་སུ་འཇུག་པའོ། ། དེ་ཡང་གྲོལ་ནས་དབྱིངས་སུ་མ་ཐིམ་གྱི་བར་དེར་སྤྲུལ་པ་འགྱེད། རང་གི་ཞག་སོ་ སོར་གནས་རྟིང་དབྱིངས་སུ་ཐིམ་པའོ། ། གསུམ་པ་ཐིམ་ཚུལ་གྱི་རིམ་པས་མཇུག་བསྡུ་བ་ནི། སྔར་ལྷུན་གྲུབ་ཀྱི་སྣང་བ་ཤར། དེ་དག་སླར་རིག་པ་ཉིད་ཀྱི་ངང་དུ་ཐིམ་པ་ནི་ཤེལ་འོད་ནང་ཐིམ་ལ་སོང་བ་ལྟ་བུ་སྟེ། རིན་པོ་ཆེ་སྤུངས་པ་ལས། རོལ་པའི་རྩལ་དུ་ཐིམ་ལུགས་བརྒྱད། །ལྷུན་གྲུབ་ངེས་ པ་མེད་པའི་གཞི། །ཡོན་ཏན་ཚུལ་དུ་འདི་ལྟ་བུ། །ཞེས་དང་། རང་ཤར་ལས། ཀྱེ་ གྲོགས་པོ་དག་ལྷུན་གྲུབ་ཀྱི་སྣང་བ་ལ་རང་གི་དེ་ཉིད་སྟོབས་སུ་གྱུར་ནས་བདེན་པ་ མཐོང་བའི་ཚེ། ཐིམ་ལུགས་བརྒྱད་དོ་ཤེས་པར་བྱའོ། །དེ་ཡང་ཐུགས་རྗེ་ཐུགས་རྗེ་ ལ་ཐིམ་པ་ནི་དཔེར་ན་ཉི་མ་ནུབ་པའི་ཟེར་ལྟ་བུའོ། །ཡེ་ཤེས་ཡེ་ཤེས་ལ་ཐིམ་པ་ནི་ དཔེར་ན་མ་པང་དུ་བུ་འཇུག་པ་ལྟ་བུའོ། །འོད་འོད་ལ་ཐིམ་པ་ནི་དཔེར་ན་འཇའ་ ཚོན་ནམ་མཁའ་ལ་ཡལ་བ་ལྟ་བུའོ། །སྐུ་སྐུ་ལ་ཐིམ་པ་ནི་དཔེར་ན་བུམ་པའི་སྐུ་ལྟ་ བུའོ། །གཉིས་མེད་གཉིས་མེད་ལ་ཐིམ་པ་ནི་དཔེར་ན་ཆུ་བོ་ཆུ་བོ་ལ་ཐིམ་པ་ལྟ་ བུའོ། །མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པ་ནི་དཔེར་ན་ནམ་མཁའ་ནམ་མཁའ་ལ་

[p. 387] ༈ ཚིག་དོན་རིན་པོ་ཆེའི་མཛོད། ཐིམ་པ་ལྟ་བུའོ། །དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཀ་དག་ལ་ཐིམ་པ་ནི་དཔེར་ན་སེང་ གེས་གངས་ཟིན་པ་ལྟ་བུའོ། །མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ལ་ཐིམ་པ་ ནི་དཔེར་ན་སྤྲའི་ཆོན་ཐག་བརྟུལ་བ་ལྟ་བུའོ་ཞེས་སོ། །དེ་ལྟར་བརྒྱད་པོ་ཐིམ་དུས་ རིག་པ་ཤེལ་གོང་སྐྱོན་དང་བྲལ་བ་ལྟར་ཀ་དག་ནང་དབྱིངས་གཅིག་ཏུ་གནས་པས་ ངོ་ཤེས་པ་རྣམས་ཆོས་སྐུ་ཉག་གཅིག་ཏུ་བདེ་ཀློང་གཅིག་ཏུ་འཁྱིལ་བའི་དུས་སོ། ། དོན་བཞི་པ་སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆག་པ་ལ་ཝ་ འཛུགས་པ་ལྟ་བུའི་གདམས་ངག་ལ་གཉིས་ཏེ། རང་བཞིན་སྤྲུལ་སྐུའི་ཞིང་དུ་ དབུགས་འབྱིན་ཚུལ་དང་། སྲིད་པ་བར་དོ་དངོས་རྒྱས་པར་བཤད་པའོ། །དང་པོ་ ནི༑ རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་འདིའི་དབང་པོ་ཉི་ཤུ་རྩ་གཅིག་གི་ཐ་ མའི་ཐ་མ་དེ་སྲིད་པའི་བར་དོ་རྨི་ལམ་དང་འདྲ་བ་ལས་ལམ་བྱུང་ནས་ཆོས་ཉིད་ བདེན་པའི་བྱིན་རླབས་ཀྱིས་རང་བཞིན་སྤྲུལ་སྐུའི་ཞིང་དུ་རྫུས་ཏེ་སྐྱེས་ནས་བར་དོ་ མེད་པར་འཚང་རྒྱ་བ་སྟེ། རང་ཤར་ལས། བདེན་པ་མཐོང་བའི་སེམས་ཅན་ནི། ། རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང་། །ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ། །གནས་ ནས་མཐར་ཕྱིན་གྲོལ་བར་འགྱུར། །ཞེས་པ་དང་། ཡང་དེ་ལས། དབང་པོ་ཐ་མའི་ ཐ་མ་ནི་ཞག་ཉི་ཤུ་གནས་ནས་དེ་ནས་ཡང་ལྷུན་འགྲུབ་ཀྱི་སྣང་བར་ལམ་བྱུང་ནས་ དག་པ་འཁོར་བའི་སྒོར་ལམ་བྱུང་སྟེ་ཕྱོགས་བཅུ་སྤྲུལ་པ་སྐུའི་ཞིང་ཁམས་སུ་ གནས་ནས་བར་དོ་མེད་པར་ཡང་དག་པར་འཚང་རྒྱའོ་ཞེས་པ་དང་། ཉི་ཟླ་ཁ་སྦྱོར་ ལས། འདི་མཐོང་དབང་པོ་ཐ་མ་ལ། །བར་མ་དོ་ཉིད་སྣང་འགྱུར་རམ། །འོན་ཏེ་མི་ སྣང་བ་འམ་ཅི། །སྟོན་པས་གསུངས་པ་དེ་སྣང་དེ། །རང་གར་འཛིན་པའི་བག་ ཆགས་ཟད། །རང་བཞིན་སྤྲུལ་པར་དབུགས་ཕྱུང་སྟེ། །བར་དོ་མེད་པར་སངས་

[p. 388] ༈ རྡོ་རྗེའི་གནས་བཅུ་པ་ཉམས་སུ་ལེན་པ་རྒྱལ་པོའི་ཁང་བཟང་གི་རིམ་པ་རྒྱ་ཆེར་བཤད་པ། རྒྱས་ཉིད། །ཅེས་སོ། །ཞིང་དེ་དག་གི་རང་བཞིན་ལོངས་སྐུའི་རྣམ་པ་འདྲར་རུང་དུ་ སྣང་སྟེ། ཕྱོགས་བཞི་ཞི་བས་བསྐོར་བའི་དབུས་སྟེང་གི་ཆར་རང་རང་གི་མདུན་ ནས་བལྟས་པ་ན་ཁྲོ་བོའི་ཞིང་ཡོད་པ་ནི་སྟོན་པ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་གི་ བྱིན་རླབས་ལས་རང་ཤར་པའོ། །དེ་ཡང་རང་ཤར་ལས། འདི་ནས་ཤར་ཕྱོགས་ཀྱི་ འཇིག་རྟེན་གྱི་ཁམས་ན་ཞིང་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཡོད་དེ། སྤྲུལ་ པ་སྐུའི་ཞིང་ཁམས་དེ་ན་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་དམ་པ་ཐོབ་པའི་གནས་དེ་ན་གཞལ་ ཡས་ཁང་གི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། དེ་ཡང་འདི་ལྟ་སྟེ། རིན་པོ་ཆེ་ ཤེལ་ལས་གྲུབ་པའི་ཁང་པ་སྒོ་བཞི་དང་ལྡན་པ། རིན་པོ་ཆེ་སྣ་ལྔའི་རྟ་བབས་དང་ ལྡན་པ། ས་གཞི་ཐམས་ཅད་ཀྱང་རིན་པོ་ཆེ་ཤེལ་ལས་གྲུབ་པ། ཤིན་ཏུ་ཡིད་དུ་ འོང་བ། བལྟ་ན་སྡུག་པ། ཐེམ་སྐས་དང་དཀར་ཁུང་དང་ལྡན་པ། ཕྱོགས་བཞི་ན་ གསེང་དཀར་ཆེན་པོ་བཞི་ཡོད་པ། གསེང་དཀར་ནས་ཉི་མ་ཤར་བས་རིན་པོ་ཆེ་ ཤེལ་ལས་གྲུབ་བའི་ཁང་པ་ལ་ཕོག་ནས་ནང་དུ་ཉིན་མོ་འོད་ལྔའི་སྣང་བ་ལྷུག་པར་ འཆར་བ། གཞལ་ཡས་ཁང་དེའི་ཕྱི་རོལ་ན་ཡན་ལག་བརྒྱད་དང་ལྡན་པའི་ཆུའི་ འོབས་ཡོད་པ། ཆུ་དེ་ལ་ནད་ཀྱིས་བཏབ་པ་རྣམས་ཀྱིས་འཐུངས་ན་ནད་འཚོ་བར་ འགྱུར་ལ། དེའི་ཕྱི་རོལ་ན་མཚེའུ་བརྒྱད་ཡོད་དེ། དེ་རྣམས་ཀྱི་ནང་ན་ཡང་བྱ་སྐད་ སྙན་པ་སྣ་ཚོགས་ཏེ། དེ་ཡང་འདི་ལྟ་སྟེ། བྱའི་རྒྱལ་པོ་ངང་པ་གསེར་ལྡན་དང་ མཐིང་རིལ་དང་། བྱ་ཀ་ཏི་དང་། རྨ་བྱ་དང་། ནེ་ཙོ་མི་སྐད་ཤེས་པ་དང་། ཁུ་བྱུག་ དང་། ཤང་ཤང་ཏེའུ་དང་། རི་སྐེགས་དང་། དེ་ལ་སོགས་ཏེ་སྐད་སྙན་པའི་བྱ་ རིགས་སྟོང་ཕྲག་བརྒྱད་ཅུ་དང་། ཡིད་དུ་འོང་བའི་བྱ་རིགས་འདི་ལྟ་སྟེ། ཀང་ཀ་རི་

[p. 389] ༈ ཚིག་དོན་རིན་པོ་ཆེའི་མཛོད། དང་། ཟེར་མོ་དང་། སྦབས་དང་། ལྷའི་བྱ་དྲིལ་བུའི་སྐད་ཅན་དང་། བྱ་ཀྲི་ཏི་ས་ གསེར་གྱི་རྡོ་རྗེའི་གཟུགས་ལ་སོགས་ཏེ། གཡུའི་མདོག་ལྟར་སྔོ་བ་དང་། དུང་གི་ མདོག་ལྟར་དཀར་བ་དང་། བྱེ་རུའི་མདོག་ལྟར་དམར་བ་དང་། ཨིནྡྲ་ནཱི་ལ་ལྟར་ལྗང་ བ་ལ་སོགས་ཏེ་ཡིད་དུ་འོང་བ་དང་སྐད་སྙན་པ་བསམ་གྱིས་མི་ཁྱབ་པ་ཡོད་དོ། ། དེའི་ཕྱི་རིམ་ན་རིན་པོ་ཆེ་སྣ་བདུན་གྱི་ལྕགས་རི་ཡོད་དོ། །དེ་རྣམས་ཀྱི་དབུས་ན་ རིན་པོའི་ཆེ་སྣ་བདུན་ལས་བྱས་པའི་ཁྲི་ཆོས་བཤད་པའི་སྟན་དང་ལྡན་པ་ཡོད་དོ། ། དེར་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེས་སྲོད་ལ་འཁོར་རྣམས་ལ་རྒྱུའི་ ཆོས་འཆད་དོ། །ནམ་ཕྱེད་ན་སྔགས་ཕྱིའི་ཆོས་འཆད་དོ། །ཐོ་རངས་གསང་སྔགས་ ནང་གི་ཆོས་འཆད་དོ། །

[edit]
OCR of the BDRC scans (I8LS32911), gorn05 tibocr 2026: BDRC OCR on 307 pages, Mitra OCR on 201 pages (the model with more recognisable syllables on each page).

[p. 455] ཞག་གཅིག་ཆོས་ཀྱི་དབྱིངས་ལ་ སྡོད་དོ། །ཞག་གཅིག་མེ་ལོང་ཡེ་ཤེས་ལ་སྡོད་དོ། །དེ་ཡང་རང་གི་ཐུགས་གནས་སྐུ་གཅིག་བྱུང་བ་དེ་ལས་སྐུ་གྲངས་མེད་པ་འཕྲོས་པས་དེ་ལ་རང་གི་ཤེས་པ་སད་དེ་སྟོབས་སུ་གྱུར་ནས་ཡང་སྐར་མདའ་ལྟ་བུའོ། །སྤྲུལ་པ་ ཡང་ཞག་ཉི་ཤུ་རྩ་དྲུག་ན་དོན་བྱེད་ནུས་སོ། །དབང་པོ་འབྲིང་གི་རྩེ་མོ་ནི་ཞག་བརྒྱད་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་ལྔ་ཐོགས་སོ། །ཡེ་ཤེས་བཞིའི་སྣང་བ་ལ་ཞག་གསུམ་བསྡད་ནས་ཡང་རང་གི་སྟེང་ན་ཡེ་ཤེས་ཀྱི་ སྐུ་སྣ་ཚོགས་སུ་འཕྲོ་བ་ཞིག་མཐོང་པས་དེ་ལ་ངེས་པ་རྙེད་ནས་དེ་ཡང་སྐར་མདའ་ལྟ་བུའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་བདུན་ན་དོན་བྱེད་ནུས་སོ། །འབྲིང་གི་མཆོག་གིས་ཞག་དགུ་ཐོགས་ཏེ། ཡང་ཚོམ་བུ་ལ་ ཞག་ལྔ་ཐོགས། ཡེ་ཤེས་ལ་ཞག་བཞི་ཐོགས་སོ། །དེ་ནས་ཡང་ངེས་པ་རྙེད་དེ་ཅི་སྣང་ཐམས་ཅད་མེ་ལོང་ལྟ་བུར་རྟོགས་པའི་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་སུམ་ཅུ་ན་དོན་བྱེད་ནུས་སོ། །འབྲིང་

[p. 456] ༄༅། །དབང་པོ་དེ་རྣམས་ཀུན་ཀྱང་སངས་རྒྱས་ཀྱི་ས་ནོན་པའོ། །པར་དོ་དེ་རྣམས་ཀྱང་དཔེར་ན་རྨི་ལམ་ལྟ་བུའོ་ཞེས་སོ། །དེ་དག་གི་དུས་ན་གྲོལ་བ་གནད་ཀྱི་མན་ངག་ལ་གསུམ་སྟེ། ཆོས་ཉིད་ ཀྱི་སྣང་བ་རང་སྣང་དུ་ཤེས་པ་མ་པང་དུ་བུ་འཇུག་པའི་གདམས་པ་དང་། ཤེས་ཐོག་དེར་དར་ཅིག་རང་བཞིན་གྱི་བསམ་གཏན་ལས་མི་གཡོ་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་དང་། གནས་ཐོག་གི་ངང་རང་ས་ཀ་ དག་ལས་གྲོལ་ནས་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་མན་ངག་དྲན་པར་བྱའོ། །དེ་ཡང་དབང་པོ་རབ་ལྟ་བུ་ལ་དཔེར་མཚོན་ན་སྐད་ཅིག་དང་པོ་ལ་ཚོམ་བུ་འགགས། གཉིས་པ་ལ་ལྷུན་གྲུབ་སྐྱེས་་་ དུས་རང་ངོ་ཤེས། ཤེས་ཐོག་ཏུ་གནས། གསུམ་པ་ལ་ཀ་དག་གི་བདེན་པ་མཐོང་ནས་གྲོལ་ཏེ་དབྱིངས་སུ་མ་ཐིམ་པའི་བར་དེར་བསམ་གཏན་གྱི་ཞག་གསུམ་གནས་པའི་ངང་ནས་སྐར་མདའ་ལས་འོད་འཕྲོ་བ་ལྟར་ རིག་པ་ལས་སྤྲུལ་པ་བཀྱེ་ནས་སེམས་ཅན་གྱི་དོན་རང་སྣང་ཙམ་དུ་བྱས་ཏེ་ཀ་དག་ཏུ་སླར་ཐིམ་པ་སྐར་མདའ་དབྱིངས་སུ་ཐིམ་པ་ལྟ་བུའོ། །དེ་ནས་ལྷུན་གྲུབ་ཀྱི་སའི་ཐུགས་རྗེས་རང་བཞིན་ལྷུན་གྲུབ་ཏུ་དོན་འབྱུང་བ་་ ལས། ག་དག་གིས་དེ་ནས་དངོས་སུ་སྤྲུལ་པ་མི་འགྱེད་དེ་ཆོས་སྐུ་བྱ་བྱེད་གཡོ་རྩོལ་ལས་འདས་པའི་ས་ཡིན་པའི་ཕྱིར་རོ། །ཞག་འདི་གནས་པ་ཏིང་ངེ་འཛིན་སྔོན་གནས་ཀྱི་ཆའི་ཡུན་ལ་བརྩི་བ་ཡིན་ལ། དབང་

[p. 457] མ་རང་གི་སྣང་བ་མཐོང་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་བཞི་བཅུ་ན་དོན་བྱེད་ནུས་སོ། །ཐ་མའི་རྩེ་མོ་ནི་ཞག་བཅོ་ལྔ་ཐོགས་ཏེ། ཡང་ཚོམ་བུ་དང་ཡེ་ཤེས་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་གཅིག་གནས་ པའི་ཐ་མ་ལ་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་བོ། །ཞེ་སྦྲུལ་པ་ཡང་ཞག་བཞི་བཅུ་ཞེ་གསུམ་ན་དོན་བྱེད་ནུས་སོ། །ཐ་མའི་མཆོག་ནི་ཞག་བཅུ་དྲུག་ཐོགས་ཏེ། ཚོམ་བུ་དང་ཡེ་ཤེས་གོང་བཞིན་ནོ། །ལྷུན་གྲུབ་ལ་ ཞག་ལྷ་གནས་པའི་ཐ་མ་ཡང་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་ཞེ་དྲུག་ན་དོན་བྱེད་ནུས་སོ། །ཐ་མའི་ཕུལ་ནི་ཞག་བཅུ་བདུན་ཐོགས་ཏེ། ཚོམ་བུ་དང་ཡེ་ཤེས་ཀྱང་གོང་བཞིན་ནོ། །ལྷུན་གྲུབ་ ལ་ཞག་དྲུག་གནས་པའི་ཐ་མ་ཡང་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་པའོ། །སྤྲུལ་པ་ཡང་ཞག་ཞེ་བདུན་ན་དོན་བྱེད་ནུས་སོ། །ཐ་མའི་རབ་ཞག་བཅོ་བརྒྱད་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་དྲུག་ཐོགས་སོ། །ཡེ་ ཤེས་ལ་ཞག་བརྒྱད་དོ། །ལྷུན་གྲུབ་ལ་ཞག་གསུམ་གནས་པའི་ཐ་མ་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པའང་ཞག་ལྔ་བཅུ་ན་དོན་བྱེད་ནུས་སོ། །ཐ་མའི་འབྲིང་ནི་ཞག་བཅུ་དགུ་ཐོགས་ཏེ། ཡང་ཚོམ་བུ་ ལ་བཅུ་གཉིས་ཐོགས། ཡེ་ཤེས་ལ་བཞི་གནས་སོ། །ལྷུན་གྲུབ་ལ་ཞག་གསུམ་གནས་པའི་ཐ་མ་ལ་རང་གི་སྣང་བ་མཐོང་སྟེ་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་ལྔ་བཅུ་རྩ་གསུམ་ན་དོན་བྱེད་ནུས་སོ། །སེམས་ཅན་གྱི་

[p. 458] ༄༅། །པ་ལྟ་བུའོ། །མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་སྒྲའི་ཚོན་ཐག་བརྟུལ་བ་ལྟ་བུའོ་ཞེས་སོ། །དེ་ལྟར་བརྒྱད་པོ་ཐིམ་དུས་རིག་པ་ཤེལ་གོང་སྐྱོན་དང་བྲལ་བ་ལྟར་ཀ་དག་ ནང་དབྱིངས་གཅིག་ཏུ་གནས་པས་ངོ་ཤེས་པ་རྣམས་ཆོས་སྐུ་ཉག་གཅིག་ཏུ་བདེ་ཀློང་གཅིག་ཏུ་འཁྱིལ་པའི་དུས་སོ། །དོན་བཞི་པ་སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐོང་ཆག་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ ངག་ལ་གཉིས་ཏེ། རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ཚུལ་དང་། སྲིད་པ་བར་དོ་དངོས་རྒྱས་པར་བཤད་པའོ། །དང་པོ་ནི། རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་འདིའི་དབང་པོ་ཉི་ཤུ་རྩ་གཅིག་གི་ཐ་མའི་ཐ་ མ་དེ་སྲིད་པའི་བར་དོ་རྨི་ལམ་དང་འདྲ་བ་ལས་ལམ་བྱུང་ནས་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་རང་བཞིན་སྤྲུལ་སྐུའི་ཞིང་དུ། རྫུས་ཏེ་སྐྱེས་ནས་བར་དོ་མེད་པར་འཚང་རྒྱ་བ་སྟེ། རང་ཞར་ལས། བདེན་པ་མཐོང་བའི་སེམས་ ཅན་ནི། །རྟོགས་པ་རྒྱུད་ལམ་སྐྱེས་ཀྱང་། །ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ། །གནས་ནས་མཐར་ཕྱིན་གྲོལ་བར་འགྱུར། །ཞེས་པ་དང་། ཡང་དེ་ལས། དབང་པོ་ཐ་མའི་ཐ་མ་ནི་ཞག་ཉི་ཤུ་གནས་ནས་དེ་ནས་ཡང་ལྷུན་ གྲུབ་ཀྱི་སྣང་བར་ལམ་བྱུང་ནས་མ་དག་པ་འཁོར་བའི་སྒོར་ལམ་བྱུང་སྟེ་ཕྱོགས་བཅུ་སྤྲུལ་པ་སྐུའི་ཞིང་ཁམས་སུ་གནས་ནས་བར་དོ་མེད་པར་ཡང་དག་པར་འཚང་རྒྱའོ་ཞེས་པ་དང་། ཉི་ཟླ་ཁ་སྦྱོར་ལས། འདི་མཐོང་དབང་པོ་ཐ་མ་

[p. 459] པོ་རྣམས་རང་རང་གྲོལ་ནས་རང་བཞིན་གྱི་བསམ་གཏན་ལ་ཞིག་སུམ་ཅུ་དང་བཞི་བཅུ་ལ་སོགས་པ་ནམ་ཐ་མ་ལྔ་བཅུ་རྩ་གསུམ་རང་གནས་པའི་ངང་ནས་སྤྲུལ་པ་བཀྱེ་ནས་དོན་བྱས་ཏེ་ངན་པ་དབྱིངས་སུ་འཇུག་པའོ། །དེ་ཡང་གྲོལ་ནས་ དབྱིངས་སུ་མ་ཐིམ་གྱི་བར་དེར་སྤྲུལ་པ་འགྱེད། རང་གི་ཞག་སོ་སོར་གནས་ཏིང་དབྱིངས་སུ་ཐིམ་པའོ། །གསུམ་པ་ཐིམ་ཚུལ་གྱི་རིམ་པས་མཇུག་བསྡུ་བ་ནི། སྔར་ལྷུན་གྲུབ་ཀྱི་སྣང་བ་ཤར། དེ་དག་སླར་རིག་པ་ཉིད་ཀྱི་ངང་དུ་ ཐིམ་པ་ནི་ཤེལ་འོད་ནང་ཐིམ་ལ་སོང་བ་ལྟ་བུ་སྟེ། རིན་པོ་ཆེ་སྤངས་པ་ལས། རོལ་པའི་རྩལ་དུ་ཐིམ་ལུགས་བརྒྱད། །ལྷུན་གྲུབ་ངེས་པ་མེད་པའི་གཞི། །ཡོན་ཏན་ཚུལ་དུ་འདི་ལྟ་བུ། །ཞེས་དང་། རང་ཤར་ལས། ཀྱེ་ གྲོགས་པོ་དག་ལྷུན་གྲུབ་ཀྱི་སྣང་བ་ལ་རང་གི་དེ་ཉིད་སྟོབས་སུ་གྱུར་ནས་བདེན་པ་མཐོང་བའི་ཚེ། ཐིམ་ལུགས་བརྒྱད་ངོ་ཤེས་པར་བྱའོ། །དེ་ཡང་ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་ནི་དཔེར་ན་ཉི་མ་ནུབ་པའི་ཟེར་ལྟ་བུའོ། །ཡེ་ཤེས་ཡེ་ ཤེས་ལ་ཐིམ་པ་ནི་དཔེར་ན་མ་ཕང་དུ་ཁུ་འཇུག་པ་ལྟ་བུའོ། །འོད་འོད་ལ་ཐིམ་པ་ནི་དཔེར་ན་འཇའ་ཚོན་ནམ་མཁའ་ལ་ཡལ་བ་བུའོ། །སྐུ་སྐུ་ལ་ཐིམ་པ་ནི་དཔེར་ན་བུམ་པའི་སྐུ་ལྟ་བུའོ། །གཉིས་མེད་གཉིས་མེད་ལ་ཐིམ་ པ་ནི་དཔེར་ན་ཆུ་བོ་ཆུ་བོ་ལ་ཐིམ་པ་ལྟ་བུའོ། །མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པ་ནི་དཔེར་ན་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟ་བུའོ། །དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཀ་དག་ལ་ཐིམ་པ་ནི་དཔེར་ན་སེང་གེས་གངས་ཟིན་

[p. 460] ༄༅། །ལྡན་པའི་ཆུའི་འོབས་ཡོད་པ། ཆུ་དེ་ལ་ནད་ཀྱིས་བཏབ་པ་རྣམས་ཀྱིས་འཐུངས་ན་ནད་འཚོ་བར་འགྱུར་ལ། དེའི་ཕྱི་རོལ་ན་མཚེའུ་བརྒྱད་ཡོད་དེ། དེ་རྣམས་ཀྱི་ནང་ན་ཡང་བྱ་སྐད་སྙན་ པ་སྣ་ཚོགས་ཏེ། དེ་ཡང་འདི་ལྟ་སྟེ། བྱའི་རྒྱལ་པོ་དང་པ་གསེར་ལྡན་དང་། མཐིང་རིལ་དང་། བྱ་ཀ་ཏི་དང་། རྨ་བྱ་དང་། ནེ་ཙེ་མི་སྐད་ཤེས་པ་དང་། ཁ་བྱུ་ག་དང་། ཤང་ཤང་ཏེའུ་དང་། རི་ནགས་དང་། དེ་ལ་ སོགས་ཏེ་སྐད་སྙན་པའི་བྱ་རིགས་སྟོང་ཕྲག་བརྒྱད་ཅུ་དང་། ཡིད་དུ་འོང་བའི་བྱ་རིགས་འདི་ལྟ་སྟེ། ཀང་ཀ་རི་དང་། ཟེར་མོ་དང་། སྤམས་དང་། ལྷའི་བྱ་དྲིལ་བུའི་སྐད་ཅན་དང་། བྱ་ཀྲི་ཏི་ས་གསེར་གྱི་རྡོ་རྗེའི་གཟུགས་ ལ་སོགས་ཏེ། ག་མུའི་མདོག་ལྟར་སྔོ་བ་དང་། དུང་གི་མདོག་ལྟར་དཀར་བ་དང་། བྱུ་རུའི་མདོག་ལྟར་དམར་བ་དང་། ཨིནྡྲ་ནཱི་ལ་ལྟར་ལྗང་བ་ལ་སོགས་ཏེ་ཡིད་དུ་འོང་བ་དང་སྐད་སྙན་པ་བསམ་གྱིས་མི་ཁྱབ་པ་ཡོད་དོ། ། དེའི་ཕྱི་རིམ་ན་རིན་པོ་ཆེ་སྣ་བདུན་གྱི་ལྕགས་རི་བོད་དོ། །དེ་རྣམས་ཀྱི་དབུས་ན་དཔེ་ཆེ་སྣ་བདུན་ལས་བྱས་པའི་ཁྲི་ཆོས་བཤད་པའི་སྟན་དང་ལྡན་པ་ཡོད་དོ། །དེར་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ངས་ སྲོད་ལ་འཁོར་རྣམས་ལ་རྒྱུའི་ཆོས་འཆད་དོ། །ནམ་ཕྱེད་ན་སྔགས་ཕྱིའི་ཆོས་འཆད་དོ། །ཐོ་རངས་གསང་སྔགས་ནང་གི་ཆོས་འཆད་དོ། །ཉི་མ་ཕྱེད་ན་རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད་པའི་ཆོས་འཆད་དོ། །

[p. 461] ལ༑ བརྡ་མདོ་ཉིད་སྣང་འགྱུར་རམ། །འོན་ཏེ་མི་སྣང་བའམ་ཅི། །སྟོན་པས་གསུངས་པ་དེ་སྣང་དེ། །རང་གར་འཛིན་པའི་བག་ཆགས་ཟད། །རང་བཞིན་སྤྲུལ་པར་དབུགས་ཕྱུང་སྟེ། །བར་པ་མེད་པར་སངས་རྒྱས་ཉིད། ། ཅེས་སོ། །ཞིང་དེ་དག་གི་རང་བཞིན་ཡོངས་སྐུའི་རྣམ་པ་འདིར་རུང་དུ་སྣང་སྟེ། ཕྱོགས་བཞི་མི་བས་བསྐོར་བའི་དབུས་སྟེང་གི་ནང་རང་རང་གི་མདུན་ནས་བལྟས་པ་ན་ཁྲོ་བོའི་ཞིང་ཡོད་པ་ནི་སྟོན་པ་ཀུན་དུ་བཟང་པོ་རྡོ་རྗེ་ འཆང་གི་བྱིན་རླབས་ལས་རང་ཤར་བའོ། །དེ་ཡང་རང་ཤར་ལས། འདི་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་བཀྲམས་ན་ཞིང་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཡོད་དེ། སྤྲུལ་པ་སྐུའི་ཞིང་ཁམས་དེ་ན་སྤྲུལ་པའི་སྐུ་རྡོ་རྗེ་ སེམས་དཔའ་ཆེས་བྱེ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དམ་པ་སྐྱེད་དམ་པ་ཐོབ་པའི་གནས་དེ་ན་གཞལ་ཡས་ཁང་གི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། དེ་ཡང་འདི་ལྟ་སྟེ། རིན་པོ་ཆེ་ཤེལ་ལས་གྲུབ་པའི་ཁང་པ་སྒོ་ བཞི་དང་ལྡན་པ། རིན་པོ་ཆེ་སྣ་ལྔའི་རྩ་བ་བས་དེར་ལྔ་རྣམ། ས་གཞི་ཐམས་ཅད་བྱང་རིན་པོ་ཆེ་ཤེལ་ལས་གྲུབ་པ། ཤིན་ཏུ་ཡིད་དུ་འོང་བ་བལྟ་ན་སྡུག་པ། ཐེམ་སྐས་དང་དཀར་ཁྱད་དང་ལྡན་པ། ཕྱོགས་བཞི་ན་གསེང་ དཀར་ཆེན་པོ་བཞི་ཡོད་པ། གསེང་དཀར་ནས་ཉི་མ་ཤར་བས་རིན་པོ་ཆེ་ཤེལ་ལས་གྲུབ་པའི་ཁང་པ་ལ་ཕོག་ནས་ནང་དུ་ཉིན་མོ་འོད་ལྔའི་སྣང་བ་ལྷུག་པར་འཚང་བ།

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 1009 typing errors, November 2026), with the variants of the other editions under each page (28 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = Tshig don mdzod MW3CN4957; X = Tshig don mdzod MW8LS32779. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 695] ཀྱི་དབྱིངས་ལ་སྡོད་དོ། །ཞག་གཅིག་མེ་ལོང་ཡེ་ཤེས་ལ་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ནས་སྐུ་གཅིག་བྱུང་བ་དེ་ལས་སྐུ་གྲངས་མེད་པ་འཕྲོས་པས་དེ་ལ་རང་གི་ཤེས་པ་སད་དེ་སྟོབས་སུ་གྱུར་ནས་ཡང་སྐར་མདའ་ལྟ་བུའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་དྲུག་ན་དོན་བྱེད་ནུས་སོ། །དབང་པོ་འབྲིང་གི་རྩེ་མོ་ནི་ཞག་བརྒྱད་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་ལྔ་ཐོགས་སོ། །ཡེ་ཤེས་བཞིའི་སྣང་བ་ལ་ཞག་གསུམ་བསྡད་ནས་ཡང་རང་གི་སྟེང་ན་ཡེ་ཤེས་ཀྱི་སྐུ་སྣ་ཚོགས་སུ་འཕྲོ་བ་ཞིག་མཐོང་བས་དེ་ལ་ངེས་པ་རྙེད་ནས་དེ་ཡང་སྐར་མདའ་ལྟ་བུའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་བདུན་ན་དོན་བྱེད་ནུས་སོ། །འབྲིང་གི་མཆོག་གིས་ཞག་དགུ་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་ལྔ་ཐོགས། ཡེ་ཤེས་ལ་ཞག་བཞི་ཐོགས་སོ། །དེ་ནས་ཡང་ངེས་པ་རྙེད་དེ་ཅི་སྣང་ཐམས་ཅད་མེ་ལོང་ལྟ་བུར་རྟོགས་ཤིང་མཐོང་ནས་བརྟན་པ་ཐོབ་བོ། །

བྱུང་བ་དེ་ལས་སྐུ་གྲངས ] ལ W

[p. 696] སྤྲུལ་པ་ཡང་ཞག་སུམ་ཅུ་ན་དོན་བྱེད་ནུས་སོ། །འབྲིང་གི་ཕུལ་ནི་ཞག་བཅུ་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡེ་ཤེས་ཀྱི་སྣང་བ་ལ་བཞི། ལྷུན་གྲུབ་ཀྱི་སྣང་བ་ལ་ཞག་གཅིག་ཐོགས་ནས་སྐུ་དེ་དག་ཐམས་ཅད་གཉིས་མེད་དུ་རྟོགས་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་གཅིག་ན་དོན་བྱེད་ནུས་སོ། །འབྲིང་གི་རབ་ཞག་བཅུ་གཅིག་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་གཅིག་གནས་ཏེ། དེ་ནས་ཡང་ངེས་པ་རྙེད་ནས་སྣང་བ་ཐམས་ཅད་འོད་ཁྱིམ་དུ་མཐོང་ནས་ངེས་པ་རྙེད་དོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་བཞི་ན་དོན་བྱེད་ནུས་སོ། །འབྲིང་གི་འབྲིང་ནི་ཞག་བཅུ་གཉིས་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡོངས་སུ་ཁྲོ་བོའི་ཞིང་ཁམས་སུ་གཅིག ཡེ་ཤེས་ཀྱི་སྣང་བ་ལ་ཞག་ལྔ། ལྷུན་གྲུབ་ཀྱི་སྣང་བ་ལ་ཞག་གཅིག་གནས་ནས་ཀྱང་ངེས་པ་རྙེད་དེ་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་སུམ་

ཞག་གཅིག་གནས་ནས་ཀྱང་ངེས ] om. W

[p. 697] ཅུ་རྩ་བདུན་ན་དོན་བྱེད་ནུས་སོ། །འབྲིང་གི་ཐ་མ་ནི་ཞག་བཅུ་གསུམ་ཐོགས་ཏེ། ཡང་ཚོམ་བུ་གོང་འོག་ལ་དྲུག ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་གཉིས་གནས་པས། ཡང་ཅིར་སྣང་མར་མེའི་དཀྱིལ་འཁོར་ལྟར་མཐོང་ནས་ངེས་པ་རྙེད་དོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་དགུ་ན་དོན་བྱེད་ནུས་སོ་ཞེས་པ་དང༌། དེ་ཡང་ཐ་མའི་ས་ཟིན་པ་ནི་ཞག་བཅུ་བཞི་ཐོགས་ཏེ། དེ་ཡང་ཚོམ་བུ་གོང་འོག་ལ་དྲུག ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་ཞག་གསུམ་ཐོགས་པའི་ཐ་མ་རང་གི་སྣང་བ་མཐོང་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་བཞི་བཅུ་ན་དོན་བྱེད་ནུས་སོ། །ཐ་མའི་རྩེ་མོ་ནི་ཞག་བཅོ་ལྔ་ཐོགས་ཏེ། ཡང་ཚོམ་བུ་དང་ཡེ་ཤེས་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་གཅིག་གནས་པའི་ཐ་མ་ལ་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་བཞི་བཅུ་ཞེས་གསུམ་ན་དོན་བྱེད་ནུས་སོ། །ཐ་མའི་མཆོག་ནི་ཞག་

ཞག་བཞི་བཅུ་ཞེས་གསུམ་ན ] ཞེ A P D G S

[p. 698] བཅུ་དྲུག་ཐོགས་ཏེ། ཚོམ་བུ་དང་ཡེ་ཤེས་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་ལྔ་གནས་པའི་ཐ་མ་ཡང་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་ཞེ་དྲུག་ན་དོན་བྱེད་ནུས་སོ། །ཐ་མའི་ཕུལ་ནི་ཞག་བཅུ་བདུན་ཐོགས་ཏེ། ཚོམ་བུ་དང་ཡེ་ཤེས་ཀྱང་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་དྲུག་གནས་པའི་ཐ་མ་ཡང་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་པའོ། །སྤྲུལ་པ་ཡང་ཞག་ཞེ་བདུན་ན་དོན་བྱེད་ནུས་སོ། །ཐ་མའི་རབ་ཞག་བཅོ་བརྒྱད་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་དྲུག་ཐོགས་སོ། །ཡེ་ཤེས་ལ་ཞག་བརྒྱད་དོ། ལྷུན་གྲུབ་ལ་ཞག་གསུམ་གནས་པའི་ཐ་མ་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པའང་ཞག་ལྔ་བཅུ་ན་དོན་བྱེད་ནུས་སོ། །ཐ་མའི་འབྲིང་ནི་ཞག་བཅུ་དགུ་ཐོགས་ཏེ། ཡང་ཚོམ་བུ་ལ་བཅུ་གཉིས་ཐོགས། ཡེ་ཤེས་ལ་བཞི་གནས་སོ། །ལྷུན་གྲུབ་ལ་ཞག་གསུམ་གནས་པའི་

ཐོགས་ཡེ་ཤེས་ལ་བཞི་གནས ] om. W

[p. 699] ཐ་མ་ལ་རང་གི་སྣང་བ་མཐོང་སྟེ་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་ལྔ་བཅུ་རྩ་གསུམ་ན་དོན་བྱེད་ནུས་སོ། །སེམས་ཅན་གྱི་དབང་པོ་དེ་རྣམས་ཀུན་ཀྱང་སངས་རྒྱས་ཀྱི་ས་ནོན་པའོ། །བར་དོ་དེ་རྣམས་ཀྱང་དཔེར་ན་རྨི་ལམ་ལྟ་བུའོ་ཞེས་སོ། །དེ་དག་གི་དུས་ན་གྲོལ་བ་གནད་ཀྱི་མན་ངག་ལ་གསུམ་སྟེ། ཆོས་ཉིད་ཀྱི་སྣང་བ་རང་སྣང་དུ་ཤེས་པ་མ་པང་དུ་བུ་འཇུག་པའི་གདམས་པ་དང༌། ཤེས་ཐོག་དེར་དར་ཅིག་རང་བཞིན་གྱི་བསམ་གཏན་ལས་མི་གཡོ་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་དང༌། གནས་ཐོག་གི་ངང་རང་ས་ཀ་དག་ལས་གྲོལ་ནས་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་མན་ངག་དྲན་པར་བྱའོ། །དེ་ཡང་དབང་པོ་རབ་ལྟ་བུ་ལ་དཔེར་མཚོན་ན་སྐད་ཅིག་དང་པོ་ལ་ཚོམ་བུ་འགགས། གཉིས་པ་ལ་ལྷུན་གྲུབ་སྐྱེས་དུས་རང་ངོ་ཤེས། ཤེས་ཐོག་ཏུ་གནས། གསུམ་པ་ལ་ཀ་དག་གི་བདེན་པ་མཐོང་

[p. 700] ནས་གྲོལ་ཏེ་དབྱིངས་སུ་མ་ཐིམ་པའི་བར་དེར་བསམ་གཏན་གྱི་ཞག་གསུམ་གནས་པའི་ངང་ནས་སྐར་མདའ་ལས་འོད་འཕྲོ་བ་ལྟར་རིག་པ་ལས་སྤྲུལ་པ་བཀྱེ་ནས་སེམས་ཅན་གྱི་དོན་རང་སྣང་ཙམ་དུ་བྱས་ཏེ་ཀ་དག་ཏུ་སླར་ཐིམ་པ་སྐར་མདའ་དབྱིངས་སུ་ཐིམ་པ་ལྟ་བུའོ། །དེ་ནས་ལྷུན་གྲུབ་ཀྱི་སའི་ཐུགས་རྗེས་རང་བཞིན་ལྷུན་གྲུབ་ཏུ་དོན་འབྱུང་བ་ལས། ཀ་དག་གི་ས་དེ་ནས་དངོས་སུ་སྤྲུལ་པ་མི་འགྱེད་དེ་ཆོས་སྐུ་བྱ་བྱེད་གཡོ་རྩོལ་ལས་འདས་པའི་ས་ཡིན་པའི་ཕྱིར་རོ། །ཞག་འདི་གནས་པ་ཏིང་ངེ་འཛིན་སྔོན་གནས་ཀྱི་ཆའི་ཡུན་ལ་བརྩི་བ་ཡིན་ལ། དབང་པོ་རྣམས་རང་རང་གྲོལ་ནས་རང་བཞིན་གྱི་བསམ་གཏན་ལ་ཞག་སུམ་ཅུ་དང་བཞི་བཅུ་ལ་སོགས་པ་ནས་ཐ་མ་ལྔ་བཅུ་རྩ་གསུམ་རང་གནས་པའི་ངང་ནས་སྤྲུལ་པ་བཀྱེ་ནས་དོན་བྱས་རྟིང་ནང་དབྱིངས་སུ་འཇུག་པའོ། །དེ་ཡང་གྲོལ་ནས་དབྱིངས་སུ་མ་ཐིམ་གྱི་བར་དེར་སྤྲུལ་པ་འགྱེད།

མདའ་ལས་འོད་⁁་འཕྲོ་བ ] ཟེར W · ཀྱི་སའི་ཐུགས་རྗེས་རང་བཞིན ] རྗེ P S · ལས་ཀ་དག་གི་ས་དེ་ནས ] གིས A G X

[p. 701] རང་གི་ཞག་སོ་སོར་གནས་རྟིང་དབྱིངས་སུ་ཐིམ་པའོ། །གསུམ་པ་ཐིམ་ཚུལ་གྱི་རིམ་པས་མཇུག་བསྡུ་བ་ནི། སྔར་ལྷུན་གྲུབ་ཀྱི་སྣང་བ་ཤར། དེ་དག་སླར་རིག་པ་ཉིད་ཀྱི་ངང་དུ་ཐིམ་པ་ནི་ཤེལ་འོད་ནང་ཐིམ་ལ་སོང་བ་ལྟ་བུ་སྟེ། རིན་པོ་ཆེ་སྤུངས་པ་ལས། རོལ་པའི་རྩལ་དུ་ཐིམ་ལུགས་བརྒྱད། ལྷུན་གྲུབ་ངེས་པ་མེད་པའི་གཞི། །ཡོན་ཏན་ཚུལ་དུ་འདི་ལྟ་བུ། །ཞེས་དང༌། རང་ཤར་ལས། ཀྱེ་གྲོགས་པོ་དག་ལྷུན་གྲུབ་ཀྱི་སྣང་བ་ལ་རང་གི་དེ་ཉིད་སྟོབས་སུ་གྱུར་ནས་བདེན་པ་མཐོང་བའི་ཚེ། ཐིམ་ལུགས་བརྒྱད་ངོ་ཤེས་པར་བྱའོ། །དེ་ཡང་ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་ནི་དཔེར་ན་ཉི་མ་ནུབ་པའི་ཟེར་ལྟ་བུའོ། །ཡེ་ཤེས་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་མ་པང་དུ་བུ་འཇུག་པ་ལྟ་བུའོ། །འོད་འོད་ལ་ཐིམ་པ་ནི་དཔེར་ན་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟ་བུའོ། །སྐུ་སྐུ་ལ་ཐིམ་པ་ནི་དཔེར་ན་བུམ་པའི་སྐུ་ལྟ་བུའོ། །

ནི་ཤེལ་འོད་ནང་ཐིམ་ལ ] ན W · མཐོང་བའི་ཚེ་ཐིམ་ལུགས་བརྒྱད ] ཐིག W · ཐིམ་ལུགས་བརྒྱད་ངོ་ཤེས་པར ] དོ A P D S · ལ་ཐིམ་པ་ནི་དཔེར་ན ] ན W

[p. 702] གཉིས་མེད་གཉིས་མེད་ལ་ཐིམ་པ་ནི་དཔེར་ན་ཆུ་བོ་ཆུ་བོ་ལ་ཐིམ་པ་ལྟ་བུའོ། །མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པ་ནི་དཔེར་ན་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟ་བུའོ། །དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཀ་དག་ལ་ཐིམ་པ་ནི་དཔེར་ན་སེང་གེས་གངས་ཟིན་པ་ལྟ་བུའོ། །མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་སྦྲའི་ཆོན་ཐག་བརྟུལ་བ་ལྟ་བུའོ་ཞེས་སོ། །དེ་ལྟར་བརྒྱད་པོ་ཐིམ་དུས་རིག་པ་ཤེལ་གོང་སྐྱོན་དང་བྲལ་བ་ལྟར་ཀ་དག་ནང་དབྱིངས་གཅིག་ཏུ་གནས་པས་ངོ་ཤེས་པ་རྣམས་ཆོས་སྐུ་ཉག་གཅིག་ཏུ་བདེ་ཀློང་གཅིག་ཏུ་འཁྱིལ་བའི་དུས་སོ། །དོན་བཞི་པ་སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐོང་ཆག་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ལ་གཉིས་ཏེ། རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ཚུལ་དང༌། སྲིད་པ་བར་དོ་དངོས་རྒྱས་པར་བཤད་པའོ། །དང་པོ་ནི། རྫོགས་པ་ཆེན་པོ་གསང་བ་སྙིང་

པ་ཡུར་བ་རྐོང་ཆག་པ ] རྐང W P S

[p. 703] ཏིག་འདིའི་དབང་པོ་ཉི་ཤུ་རྩ་གཅིག་གི་ཐ་མའི་ཐ་མ་དེ་སྲིད་པའི་བར་དོ་རྨི་ལམ་དང་འདྲ་བ་ལས་ལམ་བྱུང་ནས་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་རང་བཞིན་སྤྲུལ་སྐུའི་ཞིང་དུ་རྫུས་ཏེ་སྐྱེས་ནས་བར་དོ་མེད་པར་འཚང་རྒྱ་བ་སྟེ། རང་ཤར་ལས། བདེན་པ་མཐོང་བའི་སེམས་ཅན་ནི། །རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང༌། །ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ། །གནས་ནས་མཐར་ཕྱིན་གྲོལ་བར་འགྱུར། །ཞེས་པ་དང༌། ཡང་དེ་ལས། དབང་པོ་ཐ་མའི་ཐ་མ་ནི་ཞག་ཉི་ཤུ་གནས་ནས་དེ་ནས་ཡང་ལྷུན་གྲུབ་ཀྱི་སྣང་བར་ལམ་བྱུང་ནས་མ་དག་པ་འཁོར་བའི་སྒོར་ལམ་བྱུང་སྟེ་ཕྱོགས་བཅུ་སྤྲུལ་པ་སྐུའི་ཞིང་ཁམས་སུ་གནས་ནས་བར་དོ་མེད་པར་ཡང་དག་པར་འཚང་རྒྱའོ་ཞེས་པ་དང༌། ཉི་ཟླ་ཁ་སྦྱོར་ལས། འདི་མཐོང་དབང་པོ་ཐ་མ་ལ། །བར་མ་དོ་ཉིད་སྣང་འགྱུར་རམ། །འོན་ཏེ་མི་སྣང་བའམ་ཅི། སྟོན་པས་གསུངས་པ་

ནས་ཡང་ལྷུན་གྲུབ་ཀྱི་སྣང ] འགྲུབ P S · གྲུབ་ཀྱི་སྣང་བར་ལམ་བྱུང ] བ W · ལམ་བྱུང་ནས་མ་དག་པ ] om. P S · ཏེ་མི་སྣང་བའམ་ཅི་སྟོན ] བ་འམ P S

[p. 704] དེ་སྣང་དེ། །རང་གར་འཛིན་པའི་བག་ཆགས་ཟད། རང་བཞིན་སྤྲུལ་པར་དབུགས་ཕྱུང་སྟེ། བར་དོ་མེད་པར་སངས་རྒྱས་ཉིད། །ཅེས་སོ། །ཞིང་དེ་དག་གི་རང་བཞིན་ལོངས་སྐུའི་རྣམ་པ་འདྲར་རུང་དུ་སྣང་སྟེ། ཕྱོགས་བཞི་ཞི་བས་བསྐོར་བའི་དབུས་སྟེང་གི་ཆར་རང་རང་གི་མདུན་ནས་བལྟས་པ་ན་ཁྲོ་བོའི་ཞིང་ཡོད་པ་ནི་སྟོན་པ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་གི་བྱིན་རླབས་ལས་རང་ཤར་བའོ། །དེ་ཡང་རང་ཤར་ལས། འདི་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་ཞིང་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཡོད་དེ། སྤྲུལ་པ་སྐུའི་ཞིང་ཁམས་དེ་ན་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་དམ་པ་ཐོབ་པའི་གནས་དེ་ན་གཞལ་ཡས་ཁང་གི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། དེ་ཡང་འདི་ལྟ་སྟེ། རིན་པོ་ཆེ་ཤེལ་ལས་གྲུབ་པའི་ཁང་པ་སྒོ་བཞི་དང་ལྡན་པ། རིན་པོ་ཆེ་སྣ་ལྔའི་རྟ་

སྟོན་པ་ཀུན་ཏུ་བཟང་པོ ] དུ A D G X · ལས་རང་ཤར་བའོ་དེ་ཡང ] པའོ P S · དཔའ་ཞེས་བྱ་བ་དེ་བཞིན ] om. P S · པའི་གནས་དེ་ན་གཞལ་ཡས ] ནས W · གི་ཡོན་ཏན་དཔག་ཏུ་མེད ] བདག W

[p. 705] བབས་དང་ལྡན་པ། ས་གཞི་ཐམས་ཅད་ཀྱང་རིན་པོ་ཆེ་ཤེལ་ལས་གྲུབ་པ། ཤིན་ཏུ་ཡིད་དུ་འོང་བ་བལྟ་ན་སྡུག་པ། ཐེམ་སྐས་དང་དཀར་ཁུང་དང་ལྡན་པ། ཕྱོགས་བཞི་ན་གསེང་དཀར་ཆེན་པོ་བཞི་ཡོད་པ། གསེང་དཀར་ནས་ཉི་མ་ཤར་བས་རིན་པོ་ཆེ་ཤེལ་ལས་གྲུབ་པའི་ཁང་པ་ལ་ཕོག་ནས་ནང་དུ་ཉིན་མོ་འོད་ལྔའི་སྣང་བ་ལྷུག་པར་འཆར་བ། གཞལ་ཡས་ཁང་དེའི་ཕྱི་རོལ་ན་ཡན་ལག་བརྒྱད་དང་ལྡན་པའི་ཆུའི་འོབས་ཡོད་པ། ཆུ་དེ་ལ་ནད་ཀྱིས་བཏབ་པ་རྣམས་ཀྱིས་འཐུངས་ན་ནད་འཚོ་བར་འགྱུར་ལ། དེའི་ཕྱི་རོལ་ན་མཚེའུ་བརྒྱད་ཡོད་དེ། དེ་རྣམས་ཀྱི་ནང་ན་ཡང་བྱ་སྐད་སྙན་པ་སྣ་ཚོགས་ཏེ། དེ་ཡང་འདི་ལྟ་སྟེ། བྱའི་རྒྱལ་པོ་ངང་པ་གསེར་ལྡན་དང་མཐིང་རིལ་དང༌། བྱ་ཀ་ཏི་དང༌། རྨ་བྱ་དང༌། ནེ་ཙོ་མི་སྐད་ཤེས་པ་དང༌། ཁུ་བྱུག་དང༌། ཤང་ཤང་ཏེའུ་དང༌། རི་སྐེགས་དང༌། དེ་ལ་སོགས་ཏེ་

རིན་པོ་ཆེ་ཤེལ་ལས་གྲུབ ] ཤེས W · ཕྱོགས་བཞི་ན་གསེང་དཀར་ཆེན ] གསེར D G · བཞི་ཡོད་པ་གསེང་དཀར་ནས ] གསེར D G · རྣམས་ཀྱི་ནང་ན་ཡང་བྱ ] ནས W · བྱའི་རྒྱལ་པོ་ངང་པ་གསེར ] དང A G

[p. 706] སྐད་སྙན་པའི་བྱ་རིགས་སྟོང་ཕྲག་བརྒྱད་ཅུ་དང༌། ཡིད་དུ་འོང་བའི་བྱ་རིགས་འདི་ལྟ་སྟེ། ཀང་ཀ་རི་དང༌། ཟེར་མོ་དང༌། སྦབས་དང༌། ལྷའི་བྱ་དྲིལ་བུའི་སྐད་ཅན་དང༌། བྱ་ཀྲི་ཏི་ས་གསེར་གྱི་རྡོ་རྗེའི་གཟུགས་ལ་སོགས་ཏེ། གཡུའི་མདོག་ལྟར་སྔོ་བ་དང༌། དུང་གི་མདོག་ལྟར་དཀར་བ་དང༌། བྱེ་རུའི་མདོག་ལྟར་དམར་བ་དང༌། ཨིནྡྲ་ནཱི་ལ་ལྟར་ལྗང་བ་ལ་སོགས་ཏེ་ཡིད་དུ་འོང་བ་དང་སྐད་སྙན་པ་བསམ་གྱིས་མི་ཁྱབ་པ་ཡོད་དོ། །དེའི་ཕྱི་རིམ་ན་རིན་པོ་ཆེ་སྣ་བདུན་གྱི་ལྕགས་རི་ཡོད་དོ། །དེ་རྣམས་ཀྱི་དབུས་ན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁྲི་ཆོས་བཤད་པའི་སྟན་དང་ལྡན་པ་ཡོད་དོ། །དེར་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེས་སྲོད་ལ་འཁོར་རྣམས་ལ་རྒྱུའི་ཆོས་འཆད་དོ། །ནམ་ཕྱེད་ན་སྔགས་ཕྱིའི་ཆོས་འཆད་དོ། །ཐོ་རངས་གསང་སྔགས་ནང་གི་ཆོས་འཆད་དོ། །ཉི་མ་ཕྱེད་ན་རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད་

ཟེར་མོ་དང་སྦབས་དང་ལྷའི ] སྤབས P · དབུས་ན་རིན་པོ་ཆེ་སྣ ] པོའི P S
[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the divisions of each unit; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The first levels of the outline of the whole work are on the contents page.
2 Extensive explanation of the nature of each སོ་སོའི་རང་བཞིན་རྒྱས་པར་བཤད་པ [p. 605]
2.3 Intermediate state of dharmatā: trust in self-appearance, like meeting an old acquaintance or a child entering its mother's lap ཆོས་ཉིད་ཀྱི་བར་དོར་རང་སྣང་ལ་ཡིད་ཆེས་པ་སྔར་འདྲིས་ཀྱི་མི་དང་འཕྲད་པའམ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག [p. 644]
2.3.2 Extensive explanation of the nature of the oral instruction གདམས་ངག་གི་རང་བཞིན་རྒྱས་པར་བཤད་པ [p. 646]
2.3.2.3 Summarizing the meaning by the gradation of faculties དབང་པོའི་རིམ་པས་དོན་བསྡུ་བ [p. 684]
2.3.2.3.2 Extensive explanation of the nature of each སོ་སོའི་རང་བཞིན་རྒྱས་པར་བཤད་པ [p. 685]
2.3.2.3.2.2 Specific explanation of the modes of liberation of the faculties དབང་པོའི་གྲོལ་ལུགས་བྱེ་བྲག་ཏུ་བཤད་པ [p. 688]
2.3.2.3.2.2.3 The account in the Self-Arising རང་ཤར་གྱི་ལུང [p. 690] topical
2.3.2.3.2.2.3.3 Those of lesser faculties དབང་པོ་ཐ་མ [p. 697] topical
The lesser grades awaken in fourteen to nineteen days; emanations act after forty to fifty-three days; all grades reach buddhahood, and these intermediate states are like a dream.
2.3.2.3.2.2.4 The three pith instructions on the key points of liberation གྲོལ་བ་གནད་ཀྱི་མན་ངག་གསུམ [p. 699] topical
The instructions to recall: recognizing appearances as self-appearance (child in mother's lap), not wavering from natural concentration (golden probe), and irreversible liberation into primordial purity (great archer's arrow).
2.3.2.3.2.2.5 Illustration with one of superior faculties དབང་པོ་རབ་ལ་དཔེར་མཚོན་པ [p. 699] topical
Applies the three instants to the superior practitioner and explains that emanations are sent forth only between liberation and dissolution into the expanse, not from primordial purity itself; the days reflect prior samādhi.
2.3.2.3.2.3 Conclusion by the stages of the manner of dissolution ཐིམ་ཚུལ་གྱི་རིམ་པས་མཇུག་བསྡུ་བ [p. 701]
The appearances of spontaneous presence dissolve back into awareness like crystal light withdrawing; citing the Heap of Jewels and Self-Arising, eight modes of dissolution with examples, ending in the single expanse of the dharmakāya.
2.4 Intermediate state of becoming: linking up residual karma, like fitting a conduit to a broken irrigation channel སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐོང་ཆག་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག [p. 702]
For the intermediate state of becoming, the lowest faculties who have seen the truth find relief in natural nirmāṇakāya fields and awaken without passing through becoming; these fields are described. Others experience the actual intermediate state of becoming, which Longchenpa sets out through twenty characteristics.
2.4.1 How one finds relief in the buddha-fields of the natural nirmāṇakāya རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ཚུལ [p. 702]
Through dharmatā's blessing, those of lowest faculty are miraculously born in natural nirmāṇakāya fields, four peaceful around a central wrathful one, and awaken without an intermediate state. Longchenpa rejects the view that they roam through all five fields: they ripen in one, then awaken through the wrathful field's blessing.
2.4.1.1 The lowest of the lowest awakening without an intermediate state ཐ་མའི་ཐ་མ་བར་དོ་མེད་པར་འཚང་རྒྱ་བ [p. 702] topical
Citing the Self-Arising and Union of the Sun and Moon: those of lowest faculties who have seen the truth find relief in natural emanation fields and become buddhas without an intermediate state.
2.4.1.2 The nature of those buddha-fields ཞིང་དེ་དག་གི་རང་བཞིན [p. 704] topical
The fields resemble the saṃbhogakāya: four peaceful fields around a central wrathful field arising from Samantabhadra Vajradhara's blessing; the Self-Arising's description begins with Abhirati in the east and its crystal palace.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 695] they remain in the dharmadhātu. For one day they remain in mirror-like primordial wisdom (me long ye shes). That is, a single kāya emerges from their own heart, and from it countless kāyas radiate; at this their own cognition awakens and gains strength,[306]Note 306 · p. 695 · rang gi shes pa: Dharmamitra has "awareness" and Gemini 4 Neon "consciousness", which would stand for rig pa and rnam shes; I render "cognition" per the glossary, as Claude Fable 5.2 does. and then again it is like a shooting star.[305]Note 305 · p. 695 · Adzom reads skar mnga' for skar mda'. This yields no sense and is contradicted by de yang skar mda' lta bu'o a few lines later; I follow the text, "shooting star". Their emanations too are able to act for the benefit of beings in twenty-six days.

"The summit of those of middling faculties take eight days. Again, they take five days in the clusters. Having remained for three days in the appearances of the four primordial wisdoms, they again see above themselves the kāya of primordial wisdom radiating in manifold forms;[307]Note 307 · p. 695 · ye shes kyi sku sna tshogs su 'phro ba zhig: GPT-6.2 Astra takes primordial wisdom itself as radiating in many forms, Claude Fable 5.2 and Dharmamitra take the kāyas as plural, Gemini 4 Neon as a single kāya radiating in manifold forms. The Tibetan allows a singular or plural kāya; I follow Gemini 4 Neon, since zhig marks a single radiating display. finding certainty in that, this too is like a shooting star. Their emanations too are able to act for the benefit of beings in twenty-seven days.

"The supreme among the middling take nine days. Again, they take five days in the clusters and four days in primordial wisdom. Then again they find certainty: realizing and seeing all that appears to be like a mirror, they attain stability.

[p. 696] Their emanations too are able to act for the benefit of beings in thirty days.

"The finest among the middling take ten days. Again, they take five in the clusters, four in the appearances of primordial wisdom, and one day in the appearances of spontaneous presence; then, realizing all those kāyas to be nondual, they awaken. Their emanations too are able to act for the benefit of beings in thirty-one days.

"The best among the middling take eleven days. Again, they remain five in the clusters, five in primordial wisdom, and one in spontaneous presence. Then again, having found certainty, they see all appearances as a house of light ('od khyim) and find certainty. Their emanations too are able to act for the benefit of beings in thirty-four days.

"The middling among the middling take twelve days. Again, they remain five in the clusters, one in the buddha-field of the utterly wrathful deities,[308]Note 308 · p. 696 · yongs su khro bo'i zhing khams: GPT-6.2 Astra and Gemini 4 Neon attach yongs su to the realm ("entire/complete realm"), and Dharmamitra drops it. As an adverb it more naturally modifies khro bo, so I read "utterly wrathful deities" with Claude Fable 5.2. zhing khams is "buddha-field" per the glossary. five days in the appearances of primordial wisdom, and one day in the appearances of spontaneous presence, whereupon they too find certainty and attain stability. Their emanations too are able to act for the benefit of beings in thirty-

[p. 697] seven days.

"The lowest among the middling take thirteen days. Again, they remain six in the upper and[310]Note 310 · p. 697 · zhes pa dang closes one citation and opens another. Dharmamitra omits it and runs the two together; I mark the break with "And:". lower clusters, five in primordial wisdom, and two in spontaneous presence; thereby they again see whatever appears as like a maṇḍala of butter lamps,[309]Note 309 · p. 697 · mar me'i dkyil 'khor: rendered "a maṇḍala of butter lamps" with GPT-6.2 Astra, Gemini 4 Neon and Dharmamitra (Claude Fable 5.2: "lamp flames"); "the disc of a lamp flame" is also possible. and find certainty. Their emanations too are able to act for the benefit of beings in thirty-nine days."Rang sharQuotation (not named in the text)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 60 % of the words.

And:

"

2.3.2.3.2.2.3.3 Those of lesser faculties དབང་པོ་ཐ་མ2.3.2.3.2.2.3.3 Those of lesser faculties (topical division)
The lesser grades awaken in fourteen to nineteen days; emanations act after forty to fifty-three days; all grades reach buddhahood, and these intermediate states are like a dream.

Further, those who have seized the level of the lesser[311]Note 311 · p. 697 · tha ma'i sa zin pa: Gemini 4 Neon and Claude Fable 5.2 have "ground", which the glossary reserves for gzhi. I read sa as "level", in line with sangs rgyas kyi sa non pa on the next page. take fourteen days. That is, they take six in the upper and lower clusters, five in primordial wisdom, and three days in spontaneous presence, at the end of which they see their own appearances and awaken. Their emanations too are able to act for the benefit of beings in forty days.

"The summit of the lesser take fifteen days. Again, the clusters and primordial wisdom are as above. At the end of remaining one day in spontaneous presence,[312]Note 312 · p. 697 · tha ma'i rtse mo: the text gives one day (zhag gcig) in spontaneous presence, but 6 + 5 + 1 does not make fifteen. The sequence of three, five and six days for the neighbouring ranks suggests four (bzhi). No edition supports the emendation, so I translate the text as it stands. they see their own appearances and attain stability. Their emanations too are able to act for the benefit of beings in forty-three days.[313]Note 313 · p. 697 · zhag bzhi bcu zhes gsum: zhes is an evident error for zhe (zhe gsum); read "forty-three", as all drafts do.

"The supreme among the lesser take

[p. 698] sixteen days. The clusters and primordial wisdom are as above. At the end of remaining five days in spontaneous presence, they too see their own appearances and attain stability. Their emanations too are able to act for the benefit of beings in forty-six days.

"The finest among the lesser take seventeen days. The clusters and primordial wisdom, too, are as above. At the end of remaining six days in spontaneous presence, they too see their own appearances and attain stability. Their emanations too are able to act for the benefit of beings in forty-seven days.

"The best among the lesser take eighteen days.[314]Note 314 · p. 698 · tha ma'i rab: the days given (6 + 8 + 3 = 17) fall one short of the stated eighteen. One of the figures is probably corrupt; translated as it stands. Again, they take six days in the clusters. In primordial wisdom it is eight days. At the end of remaining three days in spontaneous presence,[315]Note 315 · p. 698 · The part breaks off mid-sentence at gnas pa'i, before tha ma la on the next page. I anticipate that phrase with "At the end of…" for the sake of English word order; the next part should resume with "they see their own appearances…". Claude Fable 5.2's "Of the three days" would leave an awkward join, and Dharmamitra omits the clause. they see their own appearances and attain stability. Their emanations too are able to act for the benefit of beings in fifty days.

"The middling among the lesser take nineteen days. Again, they take twelve in the clusters and remain four in primordial wisdom. At the end of remaining three days in spontaneous presence,

[p. 699] they see their own appearances and attain buddhahood.[316]Note 316 · p. 699 · The opening words tha ma la ("at the end") were already rendered at the close of the previous part and are not repeated. The verb here is 'tshang rgya ("attain buddhahood"), not "attain stability" as in the preceding grades. Their emanations too are able to act for the benefit of beings in fifty-three days. All those grades of faculties among sentient beings, too, gain the level of buddhahood. And those intermediate states (bar do), too, are, for example, like a dream."Rang sharQuotation (not named in the text)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 65 % of the words.

2.3.2.3.2.2.4 The three pith instructions on the key points of liberation གྲོལ་བ་གནད་ཀྱི་མན་ངག་གསུམ2.3.2.3.2.2.4 The three pith instructions on the key points of liberation (topical division)
The instructions to recall: recognizing appearances as self-appearance (child in mother's lap), not wavering from natural concentration (golden probe), and irreversible liberation into primordial purity (great archer's arrow).

At those times, the pith instructions on the key points of liberation are three. Knowing the appearances of dharmatā to be self-appearance is the instruction of the child entering its mother's lap.[317]Note 317 · p. 699 · ma pang du bu 'jug pa'i gdams pa: Adzom reads 'dug ("the child sitting in its mother's lap"). I follow the e-text's 'jug ("entering"), which matches the same simile in the Rang shar citation on p. 701. Not wavering for a while, upon that very knowing, from natural meditative concentration is the oral instruction that is like a golden probe.[319]Note 319 · p. 699 · gser gyi thur ma: "golden probe" with Dharmamitra and Claude Fable 5.2; Gemini 4 Neon and GPT-6.2 Astra have "golden needle". Being liberated, in the state of that abiding, in its own place, primordial purity,[318]Note 318 · p. 699 · rang sa ka dag las grol nas phyir mi ldog pa: las is awkward. I read it in the sense of la ("liberated in its own place, primordial purity"), as GPT-6.2 Astra and Claude Fable 5.2 do. Gemini 4 Neon construes las with phyir mi ldog ("not turning back from…"), and Dharmamitra has "liberated from one's own ground into primordial purity". rang sa is rendered "own place" per the glossary, not "ground" (Dharmamitra, Gemini 4 Neon, GPT-6.2 Astra). and not turning back, is the pith instruction that is like the arrow of a mighty archer. These are to be recalled.

2.3.2.3.2.2.5 Illustration with one of superior faculties དབང་པོ་རབ་ལ་དཔེར་མཚོན་པ2.3.2.3.2.2.5 Illustration with one of superior faculties (topical division)
Applies the three instants to the superior practitioner and explains that emanations are sent forth only between liberation and dissolution into the expanse, not from primordial purity itself; the days reflect prior samādhi.

To illustrate this with the example of one of superior faculties: in the first instant, the clusters cease. In the second, when spontaneous presence arises, one recognizes one's own face and abides upon that recognition. In the third, having seen the truth of primordial purity,

[p. 700] one is liberated. In the interval before dissolving into the expanse, from within the state of remaining for three days of meditative concentration, one sends forth emanations from awareness, like light streaming from a shooting star, acts for the benefit of sentient beings as mere self-appearance, and dissolves back into primordial purity,[320]Note 320 · p. 700 · ka dag tu slar thim pa: I take the liberated one as the subject of the dissolving, with Gemini 4 Neon and GPT-6.2 Astra, since the simile is of the shooting star itself dissolving. Claude Fable 5.2 makes the emanations dissolve. which is like a shooting star dissolving into the expanse. After that, benefit comes about naturally, in spontaneous presence, through the compassion of the level of spontaneous presence.[321]Note 321 · p. 700 · lhun grub kyi sa / ka dag gi sa: "level" per the glossary (Dharmamitra "stage", Gemini 4 Neon "ground"). From that level of primordial purity, however, emanations are not actually sent forth, because the dharmakāya is the level beyond action and agent, movement and effort.

This remaining for days is reckoned by the length of the span one formerly remained in samādhi. Those of the various faculties, each having been liberated, remain in natural meditative concentration for thirty days, forty and so forth, up to as many as fifty-three[322]Note 322 · p. 700 · lnga bcu rtsa gsum rang gnas pa: rang is the emphatic particle ("as many as fifty-three", as in Claude Fable 5.2's "the full fifty-three"), not "naturally abide" (GPT-6.2 Astra). for the lowest. From within that state of remaining they send forth emanations, and after acting for the benefit of beings they enter the inner expanse (nang dbyings). That is to say, in the interval after being liberated and before dissolving into the expanse, they send forth emanations.

[p. 701] After remaining for their own respective days, they dissolve into the expanse.

2.3.2.3.2.3 Conclusion by the stages of the manner of dissolution ཐིམ་ཚུལ་གྱི་རིམ་པས་མཇུག་བསྡུ་བ2.3.2.3.2.3 Conclusion by the stages of the manner of dissolution
The appearances of spontaneous presence dissolve back into awareness like crystal light withdrawing; citing the Heap of Jewels and Self-Arising, eight modes of dissolution with examples, ending in the single expanse of the dharmakāya.

Third, concluding with the stages of the manner of dissolution. Earlier, the appearances of spontaneous presence arose. Their dissolving back into the state of awareness itself is like the light of a crystal having withdrawn and dissolved within. The Heap of Jewels says:

"In the dynamic energy of play[324]Note 324 · p. 701 · rol pa'i rtsal du: the du is ambiguous ("in", "into" or "as" the dynamic energy of play; GPT-6.2 Astra "into", Claude Fable 5.2 "as"). I render it neutrally as "in". The citation is three seven-syllable lines and is set as verse; the Rang shar citation is prose. (rol pa) are eight modes of dissolution.
The ground, spontaneous presence in no way determinate,
is like this in the manner of its qualities."Rin po che spungs paQuotation (named in the text: རིན་པོ་ཆེ་སྤུངས་པ་ལས)
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པའི་རྒྱུད, rin po che spungs pa yon tan chen po ston pa'i rgyud, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0054-vol-01-text (the text itself), 100 % of the words.

And the Self-Arising Awareness says:

"O friends! When, in the appearances of spontaneous presence, one's own thatness (de nyid) has become strength and the truth is seen, the eight modes of dissolution (thim lugs brgyad) should be recognized. Compassion dissolving into compassion is, for example, like the rays of the setting sun. Primordial wisdom dissolving into primordial wisdom is, for example, like a child entering its mother's lap. Light dissolving into light is, for example, like a rainbow vanishing into the sky. Kāya dissolving into kāya is, for example, like the vase body (bum pa'i sku).[323]Note 323 · p. 701 · bum pa'i sku: "vase body" per the glossary, with Gemini 4 Neon and Claude Fable 5.2. Dharmamitra and GPT-6.2 Astra ("the body/kāya inside a vase") paraphrase.

[p. 702] Nonduality dissolving into nonduality is, for example, like a river dissolving into a river. Liberation from extremes dissolving into liberation from extremes is, for example, like space dissolving into space. The door of pure primordial wisdom[325]Note 325 · p. 702 · dag pa ye shes kyi sgo / ma dag pa 'khor ba'i sgo: taken as the two doors of "pure primordial wisdom" and "impure saṃsāra", with Dharmamitra and Claude Fable 5.2, since the second sentence has dag pa ye shes as a unit. Gemini 4 Neon and GPT-6.2 Astra attach "pure/impure" to the door. dissolving into the essence, primordial purity, is, for example, like a lion gaining the snows. The door of impure saṃsāra dissolving into pure primordial wisdom is, for example, like the guy-ropes of a yak-hair tent being gathered in."Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 67 % of the words.

When those eight have thus dissolved, awareness, like a flawless crystal sphere, abides as the single inner expanse of primordial purity. This, therefore, is the time when those who recognize it gather,[326]Note 326 · p. 702 · ngo shes pa rnams … 'khyil ba'i dus: "those who recognize" is taken as the subject of 'khyil ("gather"), with Gemini 4 Neon and Claude Fable 5.2. Dharmamitra and GPT-6.2 Astra ("for those who recognize it … all is gathered") supply a different subject. as the sole dharmakāya, in the single vast expanse of bliss.

2.4 Intermediate state of becoming: linking up residual karma, like fitting a conduit to a broken irrigation channel སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐོང་ཆག་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག2.4 Intermediate state of becoming: linking up residual karma, like fitting a conduit to a broken irrigation channel
For the intermediate state of becoming, the lowest faculties who have seen the truth find relief in natural nirmāṇakāya fields and awaken without passing through becoming; these fields are described. Others experience the actual intermediate state of becoming, which Longchenpa sets out through twenty characteristics.

The fourth point is the intermediate state of becoming. The oral instruction on linking up with one's residual karma, which is like fitting a conduit to an irrigation channel that has broken, has two parts: how one finds relief in the buddha-fields of the natural nirmāṇakāya, and the detailed explanation of the actual intermediate state of becoming.

2.4.1 How one finds relief in the buddha-fields of the natural nirmāṇakāya རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ཚུལ2.4.1 How one finds relief in the buddha-fields of the natural nirmāṇakāya
Through dharmatā's blessing, those of lowest faculty are miraculously born in natural nirmāṇakāya fields, four peaceful around a central wrathful one, and awaken without an intermediate state. Longchenpa rejects the view that they roam through all five fields: they ripen in one, then awaken through the wrathful field's blessing.

First:

2.4.1.1 The lowest of the lowest awakening without an intermediate state ཐ་མའི་ཐ་མ་བར་དོ་མེད་པར་འཚང་རྒྱ་བ2.4.1.1 The lowest of the lowest awakening without an intermediate state (topical division)
Citing the Self-Arising and Union of the Sun and Moon: those of lowest faculties who have seen the truth find relief in natural emanation fields and become buddhas without an intermediate state.

in this Secret Heart Essence of the Great Perfection[327]Note 327 · p. 702 · The part breaks mid-word (snying | tig 'di'i). I have completed the phrase "in this Secret Heart Essence of the Great Perfection," from the next page so that the next part can continue with "the very lowest of the twenty-one grades of faculties…". (rdzogs pa chen po),

[p. 703] the very lowest of the lowest among the twenty-one grades of faculties find their way out of the intermediate state of becoming,[328]Note 328 · p. 703 · srid pa'i bar do … las lam byung nas: read with the ablative las as "find their way out of the intermediate state of becoming" (Claude Fable 5.2, GPT-6.2 Astra, Gemini 4 Neon). Dharmamitra's "the intermediate state … emerges as the path" ignores the las. which is like a dream, and, through the blessing of the truth of dharmatā, are miraculously born in the buddha-fields of the natural nirmāṇakāya, where they awaken to buddhahood without an intermediate state. As the Self-Arising says:

"Sentient beings who have seen the truth,
Even though realization has not arisen in their mindstreams,
Will abide in the emanation buddha-fields of the ten directions
And then, reaching the end, will be liberated."Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 96 % of the words.

And again, from the same tantra: "Those of the very lowest of the lowest faculties remain for twenty days. Then, once more, they make their way into the appearances of spontaneous presence and make their way to the door of impure saṃsāra;[329]Note 329 · p. 703 · ma dag pa 'khor ba'i sgor lam byung: sgor is locative/terminative, so "make their way to the door of impure saṃsāra" (Claude Fable 5.2, GPT-6.2 Astra, Gemini 4 Neon), not Dharmamitra's "having emerged from the gateway". and, abiding in the nirmāṇakāya buddha-fields of the ten directions, they truly awaken to buddhahood without an intermediate state."Rang sharQuotation (the text says: the same source: ཡང་དེ་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 51 % of the words.

And the Union of the Sun and Moon says:

"'For those of the lowest faculties who have seen this,
Will the intermediate state itself appear,
Or will it not appear? How is it?'
The Teacher replied:

[p. 704] 'It does appear to them; yet[330]Note 330 · p. 703 · ston pas gsungs pa de snang de: the page break falls inside one seven-syllable verse line. The second de is obscure, perhaps for ste; read as "it does appear to them; yet", as all the drafts do in effect.
Their habitual tendencies of ordinary grasping[331]Note 331 · p. 704 · rang gar 'dzin pa'i bag chags: rang ga is taken as "ordinary, commonplace" (Dharmamitra, GPT-6.2 Astra). Claude Fable 5.2 has "grasping at things in their own right" and Gemini 4 Neon "arbitrary grasping"; the sense is not fully certain. are exhausted.
They find relief in the natural emanation
And, without an intermediate state, are buddhas indeed.'"Nyi zla kha sbyorQuotation (named in the text: ཉི་ཟླ་ཁ་སྦྱོར་ལས)
ཉི་མ་དང་ཟླ་བ་ཁ་སྦྱོར་བ་ཆེན་པོ་གསང་བའི་རྒྱུད, nyi ma dang zla ba kha sbyor ba chen po gsang ba'i rgyud, The Union of Sun and Moon · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0064-vol-01-text (the text itself), 59 % of the words.

2.4.1.2 The nature of those buddha-fields ཞིང་དེ་དག་གི་རང་བཞིན2.4.1.2 The nature of those buddha-fields (topical division)
The fields resemble the saṃbhogakāya: four peaceful fields around a central wrathful field arising from Samantabhadra Vajradhara's blessing; the Self-Arising's description begins with Abhirati in the east and its crystal palace.

The nature of those buddha-fields appears in a way that may well resemble the aspect of the saṃbhogakāya. In the centre encircled by the peaceful [fields] of the four directions,[332]Note 332 · p. 704 · phyogs bzhi zhi bas bskor ba: zhi bas is taken as the peaceful buddha-fields of the four directions (Claude Fable 5.2, Gemini 4 Neon), since the Self-Arising citation goes on to describe them one by one, beginning with Abhirati in the east. Dharmamitra and GPT-6.2 Astra have "peaceful deities". in the region above, as seen from in front of each of them, there is the buddha-field of the wrathful deities. This is self-arisen from the blessing of the Teacher Samantabhadra Vajradhara.

On this, the Self-Arising says: "In the world-system to the east of here there is the buddha-field called Abhirati. In that nirmāṇakāya buddha-field, in the abode of the nirmāṇakāya called Vajrasattva, who has received the sublime empowerment[333]Note 333 · p. 704 · dbang bskur dam pa thob pa'i gnas: construed as "the abode of Vajrasattva, who has received the sublime empowerment" (Claude Fable 5.2). GPT-6.2 Astra and Gemini 4 Neon take it as "the place where he received" it, which is also possible. Dharmamitra's "there resides the nirmāṇakāya" breaks the syntax. from all the tathāgatas, there is a celestial palace of immeasurable qualities.[334]Note 334 · p. 704 · gzhal yas khang gi yon tan dpag tu med pa yod: literally "there are the immeasurable qualities of a celestial palace" (Dharmamitra, Gemini 4 Neon); rendered "a celestial palace of immeasurable qualities" for readability (Claude Fable 5.2, GPT-6.2 Astra). It is like this. It is a mansion made of precious crystal, with four doors and, fashioned of the five kinds of precious substances,

[p. 705] archways.[335]Note 335 · p. 704 · rta babs is split by the page break; the marker is placed immediately before "archways". The whole ground, too, is made of precious crystal. It is utterly delightful and beautiful to behold. It has stairways and windows. In its four directions there are four great skylights. As the sun shines in through the skylights and strikes the mansion made of precious crystal, by day the appearances of the five lights arise freely within. Outside that celestial palace there is a moat of water endowed with the eight qualities; if those stricken by illness drink of that water, they are cured of their illness. Outside that there are eight pools, and within these too are all manner of sweet-voiced birds. They are these: the king of birds, the golden goose, and the mthing ril duck; the kati bird;[336]Note 336 · p. 705 · Bird names without a secure identification (mthing ril, kati, shang shang te'u, kaṅkari, zer mo, sbabs, kritisa) are left in transliteration. Dharmamitra's "pheasant" and "francolin" and Gemini 4 Neon's "mountain partridge" for ri skegs are not followed; ri skegs is rendered "mynah" (Claude Fable 5.2). the peacock; the parrot that knows human speech; the cuckoo; the shang shang te'u; the mynah; and so forth,

[p. 706] eighty thousand kinds of sweet-voiced birds. And there are delightful kinds of birds such as these: the kaṅkari, the zer mo, the sbabs, the divine bird with the voice of a bell, the kritisa bird with the form of a golden vajra, and so forth. Blue like the colour of turquoise, white like the colour of conch, red like the colour of coral, green like indranīla,[337]Note 337 · p. 706 · indranīla (sapphire) is described as green (ljang ba) in the Tibetan; translated as it stands. and so forth, they are delightful and sweet-voiced beyond all conceiving. In the ring outside that there is an encircling wall of the seven kinds of precious substances. In the centre of all these there is a throne made of the seven kinds of precious substances, furnished with a seat for teaching the Dharma. There, at dusk, the nirmāṇakāya called Vajrasattva teaches his retinue the Dharma of the cause. At midnight he teaches the Dharma of outer mantra. At dawn he teaches the Dharma of inner Secret Mantra. At midday he teaches the Dharma of the Great Perfection, the unsurpassed result.[338]Note 338 · p. 706 · rgyu'i chos / 'bras bu bla na med pa: 'bras bu is rendered "result" rather than "fruition" because it is paired with the Dharma of the cause, per the glossary rule. The final sentence is completed from the next page (pa'i chos 'chad do), as English word order requires.

Translation notes
  • 305. [p. 695] Adzom reads skar mnga' for skar mda'. This yields no sense and is contradicted by de yang skar mda' lta bu'o a few lines later; I follow the text, "shooting star".
  • 306. [p. 695] rang gi shes pa: Dharmamitra has "awareness" and Gemini 4 Neon "consciousness", which would stand for rig pa and rnam shes; I render "cognition" per the glossary, as Claude Fable 5.2 does.
  • 307. [p. 695] ye shes kyi sku sna tshogs su 'phro ba zhig: GPT-6.2 Astra takes primordial wisdom itself as radiating in many forms, Claude Fable 5.2 and Dharmamitra take the kāyas as plural, Gemini 4 Neon as a single kāya radiating in manifold forms. The Tibetan allows a singular or plural kāya; I follow Gemini 4 Neon, since zhig marks a single radiating display.
  • 308. [p. 696] yongs su khro bo'i zhing khams: GPT-6.2 Astra and Gemini 4 Neon attach yongs su to the realm ("entire/complete realm"), and Dharmamitra drops it. As an adverb it more naturally modifies khro bo, so I read "utterly wrathful deities" with Claude Fable 5.2. zhing khams is "buddha-field" per the glossary.
  • 309. [p. 697] mar me'i dkyil 'khor: rendered "a maṇḍala of butter lamps" with GPT-6.2 Astra, Gemini 4 Neon and Dharmamitra (Claude Fable 5.2: "lamp flames"); "the disc of a lamp flame" is also possible.
  • 310. [p. 697] zhes pa dang closes one citation and opens another. Dharmamitra omits it and runs the two together; I mark the break with "And:".
  • 311. [p. 697] tha ma'i sa zin pa: Gemini 4 Neon and Claude Fable 5.2 have "ground", which the glossary reserves for gzhi. I read sa as "level", in line with sangs rgyas kyi sa non pa on the next page.
  • 312. [p. 697] tha ma'i rtse mo: the text gives one day (zhag gcig) in spontaneous presence, but 6 + 5 + 1 does not make fifteen. The sequence of three, five and six days for the neighbouring ranks suggests four (bzhi). No edition supports the emendation, so I translate the text as it stands.
  • 313. [p. 697] zhag bzhi bcu zhes gsum: zhes is an evident error for zhe (zhe gsum); read "forty-three", as all drafts do.
  • 314. [p. 698] tha ma'i rab: the days given (6 + 8 + 3 = 17) fall one short of the stated eighteen. One of the figures is probably corrupt; translated as it stands.
  • 315. [p. 698] The part breaks off mid-sentence at gnas pa'i, before tha ma la on the next page. I anticipate that phrase with "At the end of…" for the sake of English word order; the next part should resume with "they see their own appearances…". Claude Fable 5.2's "Of the three days" would leave an awkward join, and Dharmamitra omits the clause.
  • 316. [p. 699] The opening words tha ma la ("at the end") were already rendered at the close of the previous part and are not repeated. The verb here is 'tshang rgya ("attain buddhahood"), not "attain stability" as in the preceding grades.
  • 317. [p. 699] ma pang du bu 'jug pa'i gdams pa: Adzom reads 'dug ("the child sitting in its mother's lap"). I follow the e-text's 'jug ("entering"), which matches the same simile in the Rang shar citation on p. 701.
  • 318. [p. 699] rang sa ka dag las grol nas phyir mi ldog pa: las is awkward. I read it in the sense of la ("liberated in its own place, primordial purity"), as GPT-6.2 Astra and Claude Fable 5.2 do. Gemini 4 Neon construes las with phyir mi ldog ("not turning back from…"), and Dharmamitra has "liberated from one's own ground into primordial purity". rang sa is rendered "own place" per the glossary, not "ground" (Dharmamitra, Gemini 4 Neon, GPT-6.2 Astra).
  • 319. [p. 699] gser gyi thur ma: "golden probe" with Dharmamitra and Claude Fable 5.2; Gemini 4 Neon and GPT-6.2 Astra have "golden needle".
  • 320. [p. 700] ka dag tu slar thim pa: I take the liberated one as the subject of the dissolving, with Gemini 4 Neon and GPT-6.2 Astra, since the simile is of the shooting star itself dissolving. Claude Fable 5.2 makes the emanations dissolve.
  • 321. [p. 700] lhun grub kyi sa / ka dag gi sa: "level" per the glossary (Dharmamitra "stage", Gemini 4 Neon "ground").
  • 322. [p. 700] lnga bcu rtsa gsum rang gnas pa: rang is the emphatic particle ("as many as fifty-three", as in Claude Fable 5.2's "the full fifty-three"), not "naturally abide" (GPT-6.2 Astra).
  • 323. [p. 701] bum pa'i sku: "vase body" per the glossary, with Gemini 4 Neon and Claude Fable 5.2. Dharmamitra and GPT-6.2 Astra ("the body/kāya inside a vase") paraphrase.
  • 324. [p. 701] rol pa'i rtsal du: the du is ambiguous ("in", "into" or "as" the dynamic energy of play; GPT-6.2 Astra "into", Claude Fable 5.2 "as"). I render it neutrally as "in". The citation is three seven-syllable lines and is set as verse; the Rang shar citation is prose.
  • 325. [p. 702] dag pa ye shes kyi sgo / ma dag pa 'khor ba'i sgo: taken as the two doors of "pure primordial wisdom" and "impure saṃsāra", with Dharmamitra and Claude Fable 5.2, since the second sentence has dag pa ye shes as a unit. Gemini 4 Neon and GPT-6.2 Astra attach "pure/impure" to the door.
  • 326. [p. 702] ngo shes pa rnams … 'khyil ba'i dus: "those who recognize" is taken as the subject of 'khyil ("gather"), with Gemini 4 Neon and Claude Fable 5.2. Dharmamitra and GPT-6.2 Astra ("for those who recognize it … all is gathered") supply a different subject.
  • 327. [p. 702] The part breaks mid-word (snying | tig 'di'i). I have completed the phrase "in this Secret Heart Essence of the Great Perfection," from the next page so that the next part can continue with "the very lowest of the twenty-one grades of faculties…".
  • 328. [p. 703] srid pa'i bar do … las lam byung nas: read with the ablative las as "find their way out of the intermediate state of becoming" (Claude Fable 5.2, GPT-6.2 Astra, Gemini 4 Neon). Dharmamitra's "the intermediate state … emerges as the path" ignores the las.
  • 329. [p. 703] ma dag pa 'khor ba'i sgor lam byung: sgor is locative/terminative, so "make their way to the door of impure saṃsāra" (Claude Fable 5.2, GPT-6.2 Astra, Gemini 4 Neon), not Dharmamitra's "having emerged from the gateway".
  • 330. [p. 703] ston pas gsungs pa de snang de: the page break falls inside one seven-syllable verse line. The second de is obscure, perhaps for ste; read as "it does appear to them; yet", as all the drafts do in effect.
  • 331. [p. 704] rang gar 'dzin pa'i bag chags: rang ga is taken as "ordinary, commonplace" (Dharmamitra, GPT-6.2 Astra). Claude Fable 5.2 has "grasping at things in their own right" and Gemini 4 Neon "arbitrary grasping"; the sense is not fully certain.
  • 332. [p. 704] phyogs bzhi zhi bas bskor ba: zhi bas is taken as the peaceful buddha-fields of the four directions (Claude Fable 5.2, Gemini 4 Neon), since the Self-Arising citation goes on to describe them one by one, beginning with Abhirati in the east. Dharmamitra and GPT-6.2 Astra have "peaceful deities".
  • 333. [p. 704] dbang bskur dam pa thob pa'i gnas: construed as "the abode of Vajrasattva, who has received the sublime empowerment" (Claude Fable 5.2). GPT-6.2 Astra and Gemini 4 Neon take it as "the place where he received" it, which is also possible. Dharmamitra's "there resides the nirmāṇakāya" breaks the syntax.
  • 334. [p. 704] gzhal yas khang gi yon tan dpag tu med pa yod: literally "there are the immeasurable qualities of a celestial palace" (Dharmamitra, Gemini 4 Neon); rendered "a celestial palace of immeasurable qualities" for readability (Claude Fable 5.2, GPT-6.2 Astra).
  • 335. [p. 704] rta babs is split by the page break; the marker is placed immediately before "archways".
  • 336. [p. 705] Bird names without a secure identification (mthing ril, kati, shang shang te'u, kaṅkari, zer mo, sbabs, kritisa) are left in transliteration. Dharmamitra's "pheasant" and "francolin" and Gemini 4 Neon's "mountain partridge" for ri skegs are not followed; ri skegs is rendered "mynah" (Claude Fable 5.2).
  • 337. [p. 706] indranīla (sapphire) is described as green (ljang ba) in the Tibetan; translated as it stands.
  • 338. [p. 706] rgyu'i chos / 'bras bu bla na med pa: 'bras bu is rendered "result" rather than "fruition" because it is paired with the Dharma of the cause, per the glossary rule. The final sentence is completed from the next page (pa'i chos 'chad do), as English word order requires.
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the text announces and opens), gold the quotations, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Author's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 695]
ཀྱི་དབྱིངས་ལ་སྡོད་དོ། །ཞག་གཅིག་མེ་ལོང་ཡེ་ཤེས་ལ་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ནས་སྐུ་གཅིག་བྱུང་བ་དེ་ལས་སྐུ་གྲངས་མེད་པ་འཕྲོས་པས་དེ་ལ་རང་གི་ཤེས་པ་སད་དེ་སྟོབས་སུ་གྱུར་ནས་ཡང་སྐར་མདའ་ལྟ་བུའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་དྲུག་ན་དོན་བྱེད་ནུས་སོ། །དབང་པོ་འབྲིང་གི་རྩེ་མོ་ནི་ཞག་བརྒྱད་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་ལྔ་ཐོགས་སོ། །ཡེ་ཤེས་བཞིའི་སྣང་བ་ལ་ཞག་གསུམ་བསྡད་ནས་ཡང་རང་གི་སྟེང་ན་ཡེ་ཤེས་ཀྱི་སྐུ་སྣ་ཚོགས་སུ་འཕྲོ་བ་ཞིག་མཐོང་བས་དེ་ལ་ངེས་པ་རྙེད་ནས་དེ་ཡང་སྐར་མདའ་ལྟ་བུའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་བདུན་ན་དོན་བྱེད་ནུས་སོ། །འབྲིང་གི་མཆོག་གིས་ཞག་དགུ་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་ལྔ་ཐོགས། ཡེ་ཤེས་ལ་ཞག་བཞི་ཐོགས་སོ། །དེ་ནས་ཡང་ངེས་པ་རྙེད་དེ་ཅི་སྣང་ཐམས་ཅད་མེ་ལོང་ལྟ་བུར་རྟོགས་ཤིང་མཐོང་ནས་བརྟན་པ་ཐོབ་བོ། །

they remain in the dharmadhātu. For one day they remain in mirror-like primordial wisdom (me long ye shes). That is, a single kāya emerges from their own heart, and from it countless kāyas radiate; at this their own cognition awakens and gains strength,[306]Note 306 · p. 695 · rang gi shes pa: Dharmamitra has "awareness" and Gemini 4 Neon "consciousness", which would stand for rig pa and rnam shes; I render "cognition" per the glossary, as Claude Fable 5.2 does. and then again it is like a shooting star.[305]Note 305 · p. 695 · Adzom reads skar mnga' for skar mda'. This yields no sense and is contradicted by de yang skar mda' lta bu'o a few lines later; I follow the text, "shooting star". Their emanations too are able to act for the benefit of beings in twenty-six days.

"The summit of those of middling faculties take eight days. Again, they take five days in the clusters. Having remained for three days in the appearances of the four primordial wisdoms, they again see above themselves the kāya of primordial wisdom radiating in manifold forms;[307]Note 307 · p. 695 · ye shes kyi sku sna tshogs su 'phro ba zhig: GPT-6.2 Astra takes primordial wisdom itself as radiating in many forms, Claude Fable 5.2 and Dharmamitra take the kāyas as plural, Gemini 4 Neon as a single kāya radiating in manifold forms. The Tibetan allows a singular or plural kāya; I follow Gemini 4 Neon, since zhig marks a single radiating display. finding certainty in that, this too is like a shooting star. Their emanations too are able to act for the benefit of beings in twenty-seven days.

"The supreme among the middling take nine days. Again, they take five days in the clusters and four days in primordial wisdom. Then again they find certainty: realizing and seeing all that appears to be like a mirror, they attain stability.

[p. 696]
སྤྲུལ་པ་ཡང་ཞག་སུམ་ཅུ་ན་དོན་བྱེད་ནུས་སོ། །འབྲིང་གི་ཕུལ་ནི་ཞག་བཅུ་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡེ་ཤེས་ཀྱི་སྣང་བ་ལ་བཞི། ལྷུན་གྲུབ་ཀྱི་སྣང་བ་ལ་ཞག་གཅིག་ཐོགས་ནས་སྐུ་དེ་དག་ཐམས་ཅད་གཉིས་མེད་དུ་རྟོགས་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་གཅིག་ན་དོན་བྱེད་ནུས་སོ། །འབྲིང་གི་རབ་ཞག་བཅུ་གཅིག་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་གཅིག་གནས་ཏེ། དེ་ནས་ཡང་ངེས་པ་རྙེད་ནས་སྣང་བ་ཐམས་ཅད་འོད་ཁྱིམ་དུ་མཐོང་ནས་ངེས་པ་རྙེད་དོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་བཞི་ན་དོན་བྱེད་ནུས་སོ། །འབྲིང་གི་འབྲིང་ནི་ཞག་བཅུ་གཉིས་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡོངས་སུ་ཁྲོ་བོའི་ཞིང་ཁམས་སུ་གཅིག ཡེ་ཤེས་ཀྱི་སྣང་བ་ལ་ཞག་ལྔ། ལྷུན་གྲུབ་ཀྱི་སྣང་བ་ལ་ཞག་གཅིག་གནས་ནས་ཀྱང་ངེས་པ་རྙེད་དེ་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་སུམ་

Their emanations too are able to act for the benefit of beings in thirty days.

"The finest among the middling take ten days. Again, they take five in the clusters, four in the appearances of primordial wisdom, and one day in the appearances of spontaneous presence; then, realizing all those kāyas to be nondual, they awaken. Their emanations too are able to act for the benefit of beings in thirty-one days.

"The best among the middling take eleven days. Again, they remain five in the clusters, five in primordial wisdom, and one in spontaneous presence. Then again, having found certainty, they see all appearances as a house of light ('od khyim) and find certainty. Their emanations too are able to act for the benefit of beings in thirty-four days.

"The middling among the middling take twelve days. Again, they remain five in the clusters, one in the buddha-field of the utterly wrathful deities,[308]Note 308 · p. 696 · yongs su khro bo'i zhing khams: GPT-6.2 Astra and Gemini 4 Neon attach yongs su to the realm ("entire/complete realm"), and Dharmamitra drops it. As an adverb it more naturally modifies khro bo, so I read "utterly wrathful deities" with Claude Fable 5.2. zhing khams is "buddha-field" per the glossary. five days in the appearances of primordial wisdom, and one day in the appearances of spontaneous presence, whereupon they too find certainty and attain stability. Their emanations too are able to act for the benefit of beings in thirty-

[p. 697]
ཅུ་རྩ་བདུན་ན་དོན་བྱེད་ནུས་སོ། །འབྲིང་གི་ཐ་མ་ནི་ཞག་བཅུ་གསུམ་ཐོགས་ཏེ། ཡང་ཚོམ་བུ་གོང་འོག་ལ་དྲུག ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་གཉིས་གནས་པས། ཡང་ཅིར་སྣང་མར་མེའི་དཀྱིལ་འཁོར་ལྟར་མཐོང་ནས་ངེས་པ་རྙེད་དོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་དགུ་ན་དོན་བྱེད་ནུས་སོ་ཞེས་པ་དང༌། དེ་ཡང་ཐ་མའི་ས་ཟིན་པ་ནི་ཞག་བཅུ་བཞི་ཐོགས་ཏེ། དེ་ཡང་ཚོམ་བུ་གོང་འོག་ལ་དྲུག ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་ཞག་གསུམ་ཐོགས་པའི་ཐ་མ་རང་གི་སྣང་བ་མཐོང་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་བཞི་བཅུ་ན་དོན་བྱེད་ནུས་སོ། །ཐ་མའི་རྩེ་མོ་ནི་ཞག་བཅོ་ལྔ་ཐོགས་ཏེ། ཡང་ཚོམ་བུ་དང་ཡེ་ཤེས་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་གཅིག་གནས་པའི་ཐ་མ་ལ་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་བཞི་བཅུ་ཞེས་གསུམ་ན་དོན་བྱེད་ནུས་སོ། །ཐ་མའི་མཆོག་ནི་ཞག་

seven days.

"The lowest among the middling take thirteen days. Again, they remain six in the upper and[310]Note 310 · p. 697 · zhes pa dang closes one citation and opens another. Dharmamitra omits it and runs the two together; I mark the break with "And:". lower clusters, five in primordial wisdom, and two in spontaneous presence; thereby they again see whatever appears as like a maṇḍala of butter lamps,[309]Note 309 · p. 697 · mar me'i dkyil 'khor: rendered "a maṇḍala of butter lamps" with GPT-6.2 Astra, Gemini 4 Neon and Dharmamitra (Claude Fable 5.2: "lamp flames"); "the disc of a lamp flame" is also possible. and find certainty. Their emanations too are able to act for the benefit of beings in thirty-nine days."Rang sharQuotation (not named in the text)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 60 % of the words.

And:

"

2.3.2.3.2.2.3.3 Those of lesser faculties དབང་པོ་ཐ་མ2.3.2.3.2.2.3.3 Those of lesser faculties (topical division)
The lesser grades awaken in fourteen to nineteen days; emanations act after forty to fifty-three days; all grades reach buddhahood, and these intermediate states are like a dream.

Further, those who have seized the level of the lesser[311]Note 311 · p. 697 · tha ma'i sa zin pa: Gemini 4 Neon and Claude Fable 5.2 have "ground", which the glossary reserves for gzhi. I read sa as "level", in line with sangs rgyas kyi sa non pa on the next page. take fourteen days. That is, they take six in the upper and lower clusters, five in primordial wisdom, and three days in spontaneous presence, at the end of which they see their own appearances and awaken. Their emanations too are able to act for the benefit of beings in forty days.

"The summit of the lesser take fifteen days. Again, the clusters and primordial wisdom are as above. At the end of remaining one day in spontaneous presence,[312]Note 312 · p. 697 · tha ma'i rtse mo: the text gives one day (zhag gcig) in spontaneous presence, but 6 + 5 + 1 does not make fifteen. The sequence of three, five and six days for the neighbouring ranks suggests four (bzhi). No edition supports the emendation, so I translate the text as it stands. they see their own appearances and attain stability. Their emanations too are able to act for the benefit of beings in forty-three days.[313]Note 313 · p. 697 · zhag bzhi bcu zhes gsum: zhes is an evident error for zhe (zhe gsum); read "forty-three", as all drafts do.

"The supreme among the lesser take

[p. 698]
བཅུ་དྲུག་ཐོགས་ཏེ། ཚོམ་བུ་དང་ཡེ་ཤེས་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་ལྔ་གནས་པའི་ཐ་མ་ཡང་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་ཞེ་དྲུག་ན་དོན་བྱེད་ནུས་སོ། །ཐ་མའི་ཕུལ་ནི་ཞག་བཅུ་བདུན་ཐོགས་ཏེ། ཚོམ་བུ་དང་ཡེ་ཤེས་ཀྱང་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་དྲུག་གནས་པའི་ཐ་མ་ཡང་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་པའོ། །སྤྲུལ་པ་ཡང་ཞག་ཞེ་བདུན་ན་དོན་བྱེད་ནུས་སོ། །ཐ་མའི་རབ་ཞག་བཅོ་བརྒྱད་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་དྲུག་ཐོགས་སོ། །ཡེ་ཤེས་ལ་ཞག་བརྒྱད་དོ། ལྷུན་གྲུབ་ལ་ཞག་གསུམ་གནས་པའི་ཐ་མ་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པའང་ཞག་ལྔ་བཅུ་ན་དོན་བྱེད་ནུས་སོ། །ཐ་མའི་འབྲིང་ནི་ཞག་བཅུ་དགུ་ཐོགས་ཏེ། ཡང་ཚོམ་བུ་ལ་བཅུ་གཉིས་ཐོགས། ཡེ་ཤེས་ལ་བཞི་གནས་སོ། །ལྷུན་གྲུབ་ལ་ཞག་གསུམ་གནས་པའི་

sixteen days. The clusters and primordial wisdom are as above. At the end of remaining five days in spontaneous presence, they too see their own appearances and attain stability. Their emanations too are able to act for the benefit of beings in forty-six days.

"The finest among the lesser take seventeen days. The clusters and primordial wisdom, too, are as above. At the end of remaining six days in spontaneous presence, they too see their own appearances and attain stability. Their emanations too are able to act for the benefit of beings in forty-seven days.

"The best among the lesser take eighteen days.[314]Note 314 · p. 698 · tha ma'i rab: the days given (6 + 8 + 3 = 17) fall one short of the stated eighteen. One of the figures is probably corrupt; translated as it stands. Again, they take six days in the clusters. In primordial wisdom it is eight days. At the end of remaining three days in spontaneous presence,[315]Note 315 · p. 698 · The part breaks off mid-sentence at gnas pa'i, before tha ma la on the next page. I anticipate that phrase with "At the end of…" for the sake of English word order; the next part should resume with "they see their own appearances…". Claude Fable 5.2's "Of the three days" would leave an awkward join, and Dharmamitra omits the clause. they see their own appearances and attain stability. Their emanations too are able to act for the benefit of beings in fifty days.

"The middling among the lesser take nineteen days. Again, they take twelve in the clusters and remain four in primordial wisdom. At the end of remaining three days in spontaneous presence,

[p. 699]
ཐ་མ་ལ་རང་གི་སྣང་བ་མཐོང་སྟེ་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་ལྔ་བཅུ་རྩ་གསུམ་ན་དོན་བྱེད་ནུས་སོ། །སེམས་ཅན་གྱི་དབང་པོ་དེ་རྣམས་ཀུན་ཀྱང་སངས་རྒྱས་ཀྱི་ས་ནོན་པའོ། །བར་དོ་དེ་རྣམས་ཀྱང་དཔེར་ན་རྨི་ལམ་ལྟ་བུའོ་ཞེས་སོ། །དེ་དག་གི་དུས་ན་གྲོལ་བ་གནད་ཀྱི་མན་ངག་ལ་གསུམ་སྟེ། ཆོས་ཉིད་ཀྱི་སྣང་བ་རང་སྣང་དུ་ཤེས་པ་མ་པང་དུ་བུ་འཇུག་པའི་གདམས་པ་དང༌། ཤེས་ཐོག་དེར་དར་ཅིག་རང་བཞིན་གྱི་བསམ་གཏན་ལས་མི་གཡོ་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་དང༌། གནས་ཐོག་གི་ངང་རང་ས་ཀ་དག་ལས་གྲོལ་ནས་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་མན་ངག་དྲན་པར་བྱའོ། །དེ་ཡང་དབང་པོ་རབ་ལྟ་བུ་ལ་དཔེར་མཚོན་ན་སྐད་ཅིག་དང་པོ་ལ་ཚོམ་བུ་འགགས། གཉིས་པ་ལ་ལྷུན་གྲུབ་སྐྱེས་དུས་རང་ངོ་ཤེས། ཤེས་ཐོག་ཏུ་གནས། གསུམ་པ་ལ་ཀ་དག་གི་བདེན་པ་མཐོང་

they see their own appearances and attain buddhahood.[316]Note 316 · p. 699 · The opening words tha ma la ("at the end") were already rendered at the close of the previous part and are not repeated. The verb here is 'tshang rgya ("attain buddhahood"), not "attain stability" as in the preceding grades. Their emanations too are able to act for the benefit of beings in fifty-three days. All those grades of faculties among sentient beings, too, gain the level of buddhahood. And those intermediate states (bar do), too, are, for example, like a dream."Rang sharQuotation (not named in the text)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 65 % of the words.

2.3.2.3.2.2.4 The three pith instructions on the key points of liberation གྲོལ་བ་གནད་ཀྱི་མན་ངག་གསུམ2.3.2.3.2.2.4 The three pith instructions on the key points of liberation (topical division)
The instructions to recall: recognizing appearances as self-appearance (child in mother's lap), not wavering from natural concentration (golden probe), and irreversible liberation into primordial purity (great archer's arrow).

At those times, the pith instructions on the key points of liberation are three. Knowing the appearances of dharmatā to be self-appearance is the instruction of the child entering its mother's lap.[317]Note 317 · p. 699 · ma pang du bu 'jug pa'i gdams pa: Adzom reads 'dug ("the child sitting in its mother's lap"). I follow the e-text's 'jug ("entering"), which matches the same simile in the Rang shar citation on p. 701. Not wavering for a while, upon that very knowing, from natural meditative concentration is the oral instruction that is like a golden probe.[319]Note 319 · p. 699 · gser gyi thur ma: "golden probe" with Dharmamitra and Claude Fable 5.2; Gemini 4 Neon and GPT-6.2 Astra have "golden needle". Being liberated, in the state of that abiding, in its own place, primordial purity,[318]Note 318 · p. 699 · rang sa ka dag las grol nas phyir mi ldog pa: las is awkward. I read it in the sense of la ("liberated in its own place, primordial purity"), as GPT-6.2 Astra and Claude Fable 5.2 do. Gemini 4 Neon construes las with phyir mi ldog ("not turning back from…"), and Dharmamitra has "liberated from one's own ground into primordial purity". rang sa is rendered "own place" per the glossary, not "ground" (Dharmamitra, Gemini 4 Neon, GPT-6.2 Astra). and not turning back, is the pith instruction that is like the arrow of a mighty archer. These are to be recalled.

2.3.2.3.2.2.5 Illustration with one of superior faculties དབང་པོ་རབ་ལ་དཔེར་མཚོན་པ2.3.2.3.2.2.5 Illustration with one of superior faculties (topical division)
Applies the three instants to the superior practitioner and explains that emanations are sent forth only between liberation and dissolution into the expanse, not from primordial purity itself; the days reflect prior samādhi.

To illustrate this with the example of one of superior faculties: in the first instant, the clusters cease. In the second, when spontaneous presence arises, one recognizes one's own face and abides upon that recognition. In the third, having seen the truth of primordial purity,

[p. 700]
ནས་གྲོལ་ཏེ་དབྱིངས་སུ་མ་ཐིམ་པའི་བར་དེར་བསམ་གཏན་གྱི་ཞག་གསུམ་གནས་པའི་ངང་ནས་སྐར་མདའ་ལས་འོད་འཕྲོ་བ་ལྟར་རིག་པ་ལས་སྤྲུལ་པ་བཀྱེ་ནས་སེམས་ཅན་གྱི་དོན་རང་སྣང་ཙམ་དུ་བྱས་ཏེ་ཀ་དག་ཏུ་སླར་ཐིམ་པ་སྐར་མདའ་དབྱིངས་སུ་ཐིམ་པ་ལྟ་བུའོ། །དེ་ནས་ལྷུན་གྲུབ་ཀྱི་སའི་ཐུགས་རྗེས་རང་བཞིན་ལྷུན་གྲུབ་ཏུ་དོན་འབྱུང་བ་ལས། ཀ་དག་གི་ས་དེ་ནས་དངོས་སུ་སྤྲུལ་པ་མི་འགྱེད་དེ་ཆོས་སྐུ་བྱ་བྱེད་གཡོ་རྩོལ་ལས་འདས་པའི་ས་ཡིན་པའི་ཕྱིར་རོ། །ཞག་འདི་གནས་པ་ཏིང་ངེ་འཛིན་སྔོན་གནས་ཀྱི་ཆའི་ཡུན་ལ་བརྩི་བ་ཡིན་ལ། དབང་པོ་རྣམས་རང་རང་གྲོལ་ནས་རང་བཞིན་གྱི་བསམ་གཏན་ལ་ཞག་སུམ་ཅུ་དང་བཞི་བཅུ་ལ་སོགས་པ་ནས་ཐ་མ་ལྔ་བཅུ་རྩ་གསུམ་རང་གནས་པའི་ངང་ནས་སྤྲུལ་པ་བཀྱེ་ནས་དོན་བྱས་རྟིང་ནང་དབྱིངས་སུ་འཇུག་པའོ། །དེ་ཡང་གྲོལ་ནས་དབྱིངས་སུ་མ་ཐིམ་གྱི་བར་དེར་སྤྲུལ་པ་འགྱེད།

one is liberated. In the interval before dissolving into the expanse, from within the state of remaining for three days of meditative concentration, one sends forth emanations from awareness, like light streaming from a shooting star, acts for the benefit of sentient beings as mere self-appearance, and dissolves back into primordial purity,[320]Note 320 · p. 700 · ka dag tu slar thim pa: I take the liberated one as the subject of the dissolving, with Gemini 4 Neon and GPT-6.2 Astra, since the simile is of the shooting star itself dissolving. Claude Fable 5.2 makes the emanations dissolve. which is like a shooting star dissolving into the expanse. After that, benefit comes about naturally, in spontaneous presence, through the compassion of the level of spontaneous presence.[321]Note 321 · p. 700 · lhun grub kyi sa / ka dag gi sa: "level" per the glossary (Dharmamitra "stage", Gemini 4 Neon "ground"). From that level of primordial purity, however, emanations are not actually sent forth, because the dharmakāya is the level beyond action and agent, movement and effort.

This remaining for days is reckoned by the length of the span one formerly remained in samādhi. Those of the various faculties, each having been liberated, remain in natural meditative concentration for thirty days, forty and so forth, up to as many as fifty-three[322]Note 322 · p. 700 · lnga bcu rtsa gsum rang gnas pa: rang is the emphatic particle ("as many as fifty-three", as in Claude Fable 5.2's "the full fifty-three"), not "naturally abide" (GPT-6.2 Astra). for the lowest. From within that state of remaining they send forth emanations, and after acting for the benefit of beings they enter the inner expanse (nang dbyings). That is to say, in the interval after being liberated and before dissolving into the expanse, they send forth emanations.

[p. 701]
རང་གི་ཞག་སོ་སོར་གནས་རྟིང་དབྱིངས་སུ་ཐིམ་པའོ། །གསུམ་པ་ཐིམ་ཚུལ་གྱི་རིམ་པས་མཇུག་བསྡུ་བ་ནི། སྔར་ལྷུན་གྲུབ་ཀྱི་སྣང་བ་ཤར། དེ་དག་སླར་རིག་པ་ཉིད་ཀྱི་ངང་དུ་ཐིམ་པ་ནི་ཤེལ་འོད་ནང་ཐིམ་ལ་སོང་བ་ལྟ་བུ་སྟེ། རིན་པོ་ཆེ་སྤུངས་པ་ལས། རོལ་པའི་རྩལ་དུ་ཐིམ་ལུགས་བརྒྱད།
ལྷུན་གྲུབ་ངེས་པ་མེད་པའི་གཞི།
།ཡོན་ཏན་ཚུལ་དུ་འདི་ལྟ་བུ།
།ཞེས་དང༌། རང་ཤར་ལས། ཀྱེ་གྲོགས་པོ་དག་ལྷུན་གྲུབ་ཀྱི་སྣང་བ་ལ་རང་གི་དེ་ཉིད་སྟོབས་སུ་གྱུར་ནས་བདེན་པ་མཐོང་བའི་ཚེ། ཐིམ་ལུགས་བརྒྱད་ངོ་ཤེས་པར་བྱའོ། །དེ་ཡང་ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་ནི་དཔེར་ན་ཉི་མ་ནུབ་པའི་ཟེར་ལྟ་བུའོ། །ཡེ་ཤེས་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་མ་པང་དུ་བུ་འཇུག་པ་ལྟ་བུའོ། །འོད་འོད་ལ་ཐིམ་པ་ནི་དཔེར་ན་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟ་བུའོ། །སྐུ་སྐུ་ལ་ཐིམ་པ་ནི་དཔེར་ན་བུམ་པའི་སྐུ་ལྟ་བུའོ། །

After remaining for their own respective days, they dissolve into the expanse.

2.3.2.3.2.3 Conclusion by the stages of the manner of dissolution ཐིམ་ཚུལ་གྱི་རིམ་པས་མཇུག་བསྡུ་བ2.3.2.3.2.3 Conclusion by the stages of the manner of dissolution
The appearances of spontaneous presence dissolve back into awareness like crystal light withdrawing; citing the Heap of Jewels and Self-Arising, eight modes of dissolution with examples, ending in the single expanse of the dharmakāya.

Third, concluding with the stages of the manner of dissolution. Earlier, the appearances of spontaneous presence arose. Their dissolving back into the state of awareness itself is like the light of a crystal having withdrawn and dissolved within. The Heap of Jewels says:

"In the dynamic energy of play[324]Note 324 · p. 701 · rol pa'i rtsal du: the du is ambiguous ("in", "into" or "as" the dynamic energy of play; GPT-6.2 Astra "into", Claude Fable 5.2 "as"). I render it neutrally as "in". The citation is three seven-syllable lines and is set as verse; the Rang shar citation is prose. (rol pa) are eight modes of dissolution.
The ground, spontaneous presence in no way determinate,
is like this in the manner of its qualities."Rin po che spungs paQuotation (named in the text: རིན་པོ་ཆེ་སྤུངས་པ་ལས)
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པའི་རྒྱུད, rin po che spungs pa yon tan chen po ston pa'i rgyud, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0054-vol-01-text (the text itself), 100 % of the words.

And the Self-Arising Awareness says:

"O friends! When, in the appearances of spontaneous presence, one's own thatness (de nyid) has become strength and the truth is seen, the eight modes of dissolution (thim lugs brgyad) should be recognized. Compassion dissolving into compassion is, for example, like the rays of the setting sun. Primordial wisdom dissolving into primordial wisdom is, for example, like a child entering its mother's lap. Light dissolving into light is, for example, like a rainbow vanishing into the sky. Kāya dissolving into kāya is, for example, like the vase body (bum pa'i sku).[323]Note 323 · p. 701 · bum pa'i sku: "vase body" per the glossary, with Gemini 4 Neon and Claude Fable 5.2. Dharmamitra and GPT-6.2 Astra ("the body/kāya inside a vase") paraphrase.

[p. 702]
གཉིས་མེད་གཉིས་མེད་ལ་ཐིམ་པ་ནི་དཔེར་ན་ཆུ་བོ་ཆུ་བོ་ལ་ཐིམ་པ་ལྟ་བུའོ། །མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པ་ནི་དཔེར་ན་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟ་བུའོ། །དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཀ་དག་ལ་ཐིམ་པ་ནི་དཔེར་ན་སེང་གེས་གངས་ཟིན་པ་ལྟ་བུའོ། །མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་སྦྲའི་ཆོན་ཐག་བརྟུལ་བ་ལྟ་བུའོ་ཞེས་སོ། །དེ་ལྟར་བརྒྱད་པོ་ཐིམ་དུས་རིག་པ་ཤེལ་གོང་སྐྱོན་དང་བྲལ་བ་ལྟར་ཀ་དག་ནང་དབྱིངས་གཅིག་ཏུ་གནས་པས་ངོ་ཤེས་པ་རྣམས་ཆོས་སྐུ་ཉག་གཅིག་ཏུ་བདེ་ཀློང་གཅིག་ཏུ་འཁྱིལ་བའི་དུས་སོ། །དོན་བཞི་པ་སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐོང་ཆག་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ལ་གཉིས་ཏེ། རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ཚུལ་དང༌། སྲིད་པ་བར་དོ་དངོས་རྒྱས་པར་བཤད་པའོ། །དང་པོ་ནི། རྫོགས་པ་ཆེན་པོ་གསང་བ་སྙིང་

Nonduality dissolving into nonduality is, for example, like a river dissolving into a river. Liberation from extremes dissolving into liberation from extremes is, for example, like space dissolving into space. The door of pure primordial wisdom[325]Note 325 · p. 702 · dag pa ye shes kyi sgo / ma dag pa 'khor ba'i sgo: taken as the two doors of "pure primordial wisdom" and "impure saṃsāra", with Dharmamitra and Claude Fable 5.2, since the second sentence has dag pa ye shes as a unit. Gemini 4 Neon and GPT-6.2 Astra attach "pure/impure" to the door. dissolving into the essence, primordial purity, is, for example, like a lion gaining the snows. The door of impure saṃsāra dissolving into pure primordial wisdom is, for example, like the guy-ropes of a yak-hair tent being gathered in."Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 67 % of the words.

When those eight have thus dissolved, awareness, like a flawless crystal sphere, abides as the single inner expanse of primordial purity. This, therefore, is the time when those who recognize it gather,[326]Note 326 · p. 702 · ngo shes pa rnams … 'khyil ba'i dus: "those who recognize" is taken as the subject of 'khyil ("gather"), with Gemini 4 Neon and Claude Fable 5.2. Dharmamitra and GPT-6.2 Astra ("for those who recognize it … all is gathered") supply a different subject. as the sole dharmakāya, in the single vast expanse of bliss.

2.4 Intermediate state of becoming: linking up residual karma, like fitting a conduit to a broken irrigation channel སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐོང་ཆག་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག2.4 Intermediate state of becoming: linking up residual karma, like fitting a conduit to a broken irrigation channel
For the intermediate state of becoming, the lowest faculties who have seen the truth find relief in natural nirmāṇakāya fields and awaken without passing through becoming; these fields are described. Others experience the actual intermediate state of becoming, which Longchenpa sets out through twenty characteristics.

The fourth point is the intermediate state of becoming. The oral instruction on linking up with one's residual karma, which is like fitting a conduit to an irrigation channel that has broken, has two parts: how one finds relief in the buddha-fields of the natural nirmāṇakāya, and the detailed explanation of the actual intermediate state of becoming.

2.4.1 How one finds relief in the buddha-fields of the natural nirmāṇakāya རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ཚུལ2.4.1 How one finds relief in the buddha-fields of the natural nirmāṇakāya
Through dharmatā's blessing, those of lowest faculty are miraculously born in natural nirmāṇakāya fields, four peaceful around a central wrathful one, and awaken without an intermediate state. Longchenpa rejects the view that they roam through all five fields: they ripen in one, then awaken through the wrathful field's blessing.

First:

2.4.1.1 The lowest of the lowest awakening without an intermediate state ཐ་མའི་ཐ་མ་བར་དོ་མེད་པར་འཚང་རྒྱ་བ2.4.1.1 The lowest of the lowest awakening without an intermediate state (topical division)
Citing the Self-Arising and Union of the Sun and Moon: those of lowest faculties who have seen the truth find relief in natural emanation fields and become buddhas without an intermediate state.

in this Secret Heart Essence of the Great Perfection[327]Note 327 · p. 702 · The part breaks mid-word (snying | tig 'di'i). I have completed the phrase "in this Secret Heart Essence of the Great Perfection," from the next page so that the next part can continue with "the very lowest of the twenty-one grades of faculties…". (rdzogs pa chen po),

[p. 703]
ཏིག་འདིའི་དབང་པོ་ཉི་ཤུ་རྩ་གཅིག་གི་ཐ་མའི་ཐ་མ་དེ་སྲིད་པའི་བར་དོ་རྨི་ལམ་དང་འདྲ་བ་ལས་ལམ་བྱུང་ནས་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་རང་བཞིན་སྤྲུལ་སྐུའི་ཞིང་དུ་རྫུས་ཏེ་སྐྱེས་ནས་བར་དོ་མེད་པར་འཚང་རྒྱ་བ་སྟེ། རང་ཤར་ལས། བདེན་པ་མཐོང་བའི་སེམས་ཅན་ནི།
།རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང༌།
།ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ།
།གནས་ནས་མཐར་ཕྱིན་གྲོལ་བར་འགྱུར།
།ཞེས་པ་དང༌། ཡང་དེ་ལས། དབང་པོ་ཐ་མའི་ཐ་མ་ནི་ཞག་ཉི་ཤུ་གནས་ནས་དེ་ནས་ཡང་ལྷུན་གྲུབ་ཀྱི་སྣང་བར་ལམ་བྱུང་ནས་མ་དག་པ་འཁོར་བའི་སྒོར་ལམ་བྱུང་སྟེ་ཕྱོགས་བཅུ་སྤྲུལ་པ་སྐུའི་ཞིང་ཁམས་སུ་གནས་ནས་བར་དོ་མེད་པར་ཡང་དག་པར་འཚང་རྒྱའོ་ཞེས་པ་དང༌། ཉི་ཟླ་ཁ་སྦྱོར་ལས། འདི་མཐོང་དབང་པོ་ཐ་མ་ལ།
།བར་མ་དོ་ཉིད་སྣང་འགྱུར་རམ།
།འོན་ཏེ་མི་སྣང་བའམ་ཅི།
སྟོན་པས་གསུངས་པ་

the very lowest of the lowest among the twenty-one grades of faculties find their way out of the intermediate state of becoming,[328]Note 328 · p. 703 · srid pa'i bar do … las lam byung nas: read with the ablative las as "find their way out of the intermediate state of becoming" (Claude Fable 5.2, GPT-6.2 Astra, Gemini 4 Neon). Dharmamitra's "the intermediate state … emerges as the path" ignores the las. which is like a dream, and, through the blessing of the truth of dharmatā, are miraculously born in the buddha-fields of the natural nirmāṇakāya, where they awaken to buddhahood without an intermediate state. As the Self-Arising says:

"Sentient beings who have seen the truth,
Even though realization has not arisen in their mindstreams,
Will abide in the emanation buddha-fields of the ten directions
And then, reaching the end, will be liberated."Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 96 % of the words.

And again, from the same tantra: "Those of the very lowest of the lowest faculties remain for twenty days. Then, once more, they make their way into the appearances of spontaneous presence and make their way to the door of impure saṃsāra;[329]Note 329 · p. 703 · ma dag pa 'khor ba'i sgor lam byung: sgor is locative/terminative, so "make their way to the door of impure saṃsāra" (Claude Fable 5.2, GPT-6.2 Astra, Gemini 4 Neon), not Dharmamitra's "having emerged from the gateway". and, abiding in the nirmāṇakāya buddha-fields of the ten directions, they truly awaken to buddhahood without an intermediate state."Rang sharQuotation (the text says: the same source: ཡང་དེ་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 51 % of the words.

And the Union of the Sun and Moon says:

"'For those of the lowest faculties who have seen this,
Will the intermediate state itself appear,
Or will it not appear? How is it?'
The Teacher replied:

[p. 704]
དེ་སྣང་དེ།
།རང་གར་འཛིན་པའི་བག་ཆགས་ཟད།
རང་བཞིན་སྤྲུལ་པར་དབུགས་ཕྱུང་སྟེ།
བར་དོ་མེད་པར་སངས་རྒྱས་ཉིད།
།ཅེས་སོ། །ཞིང་དེ་དག་གི་རང་བཞིན་ལོངས་སྐུའི་རྣམ་པ་འདྲར་རུང་དུ་སྣང་སྟེ། ཕྱོགས་བཞི་ཞི་བས་བསྐོར་བའི་དབུས་སྟེང་གི་ཆར་རང་རང་གི་མདུན་ནས་བལྟས་པ་ན་ཁྲོ་བོའི་ཞིང་ཡོད་པ་ནི་སྟོན་པ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་གི་བྱིན་རླབས་ལས་རང་ཤར་བའོ། །དེ་ཡང་རང་ཤར་ལས། འདི་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་ཞིང་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཡོད་དེ། སྤྲུལ་པ་སྐུའི་ཞིང་ཁམས་དེ་ན་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་དམ་པ་ཐོབ་པའི་གནས་དེ་ན་གཞལ་ཡས་ཁང་གི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། དེ་ཡང་འདི་ལྟ་སྟེ། རིན་པོ་ཆེ་ཤེལ་ལས་གྲུབ་པའི་ཁང་པ་སྒོ་བཞི་དང་ལྡན་པ། རིན་པོ་ཆེ་སྣ་ལྔའི་རྟ་

'It does appear to them; yet[330]Note 330 · p. 703 · ston pas gsungs pa de snang de: the page break falls inside one seven-syllable verse line. The second de is obscure, perhaps for ste; read as "it does appear to them; yet", as all the drafts do in effect.
Their habitual tendencies of ordinary grasping[331]Note 331 · p. 704 · rang gar 'dzin pa'i bag chags: rang ga is taken as "ordinary, commonplace" (Dharmamitra, GPT-6.2 Astra). Claude Fable 5.2 has "grasping at things in their own right" and Gemini 4 Neon "arbitrary grasping"; the sense is not fully certain. are exhausted.
They find relief in the natural emanation
And, without an intermediate state, are buddhas indeed.'"Nyi zla kha sbyorQuotation (named in the text: ཉི་ཟླ་ཁ་སྦྱོར་ལས)
ཉི་མ་དང་ཟླ་བ་ཁ་སྦྱོར་བ་ཆེན་པོ་གསང་བའི་རྒྱུད, nyi ma dang zla ba kha sbyor ba chen po gsang ba'i rgyud, The Union of Sun and Moon · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0064-vol-01-text (the text itself), 59 % of the words.

2.4.1.2 The nature of those buddha-fields ཞིང་དེ་དག་གི་རང་བཞིན2.4.1.2 The nature of those buddha-fields (topical division)
The fields resemble the saṃbhogakāya: four peaceful fields around a central wrathful field arising from Samantabhadra Vajradhara's blessing; the Self-Arising's description begins with Abhirati in the east and its crystal palace.

The nature of those buddha-fields appears in a way that may well resemble the aspect of the saṃbhogakāya. In the centre encircled by the peaceful [fields] of the four directions,[332]Note 332 · p. 704 · phyogs bzhi zhi bas bskor ba: zhi bas is taken as the peaceful buddha-fields of the four directions (Claude Fable 5.2, Gemini 4 Neon), since the Self-Arising citation goes on to describe them one by one, beginning with Abhirati in the east. Dharmamitra and GPT-6.2 Astra have "peaceful deities". in the region above, as seen from in front of each of them, there is the buddha-field of the wrathful deities. This is self-arisen from the blessing of the Teacher Samantabhadra Vajradhara.

On this, the Self-Arising says: "In the world-system to the east of here there is the buddha-field called Abhirati. In that nirmāṇakāya buddha-field, in the abode of the nirmāṇakāya called Vajrasattva, who has received the sublime empowerment[333]Note 333 · p. 704 · dbang bskur dam pa thob pa'i gnas: construed as "the abode of Vajrasattva, who has received the sublime empowerment" (Claude Fable 5.2). GPT-6.2 Astra and Gemini 4 Neon take it as "the place where he received" it, which is also possible. Dharmamitra's "there resides the nirmāṇakāya" breaks the syntax. from all the tathāgatas, there is a celestial palace of immeasurable qualities.[334]Note 334 · p. 704 · gzhal yas khang gi yon tan dpag tu med pa yod: literally "there are the immeasurable qualities of a celestial palace" (Dharmamitra, Gemini 4 Neon); rendered "a celestial palace of immeasurable qualities" for readability (Claude Fable 5.2, GPT-6.2 Astra). It is like this. It is a mansion made of precious crystal, with four doors and, fashioned of the five kinds of precious substances,

[p. 705]
བབས་དང་ལྡན་པ། ས་གཞི་ཐམས་ཅད་ཀྱང་རིན་པོ་ཆེ་ཤེལ་ལས་གྲུབ་པ། ཤིན་ཏུ་ཡིད་དུ་འོང་བ་བལྟ་ན་སྡུག་པ། ཐེམ་སྐས་དང་དཀར་ཁུང་དང་ལྡན་པ། ཕྱོགས་བཞི་ན་གསེང་དཀར་ཆེན་པོ་བཞི་ཡོད་པ། གསེང་དཀར་ནས་ཉི་མ་ཤར་བས་རིན་པོ་ཆེ་ཤེལ་ལས་གྲུབ་པའི་ཁང་པ་ལ་ཕོག་ནས་ནང་དུ་ཉིན་མོ་འོད་ལྔའི་སྣང་བ་ལྷུག་པར་འཆར་བ། གཞལ་ཡས་ཁང་དེའི་ཕྱི་རོལ་ན་ཡན་ལག་བརྒྱད་དང་ལྡན་པའི་ཆུའི་འོབས་ཡོད་པ། ཆུ་དེ་ལ་ནད་ཀྱིས་བཏབ་པ་རྣམས་ཀྱིས་འཐུངས་ན་ནད་འཚོ་བར་འགྱུར་ལ། དེའི་ཕྱི་རོལ་ན་མཚེའུ་བརྒྱད་ཡོད་དེ། དེ་རྣམས་ཀྱི་ནང་ན་ཡང་བྱ་སྐད་སྙན་པ་སྣ་ཚོགས་ཏེ། དེ་ཡང་འདི་ལྟ་སྟེ། བྱའི་རྒྱལ་པོ་ངང་པ་གསེར་ལྡན་དང་མཐིང་རིལ་དང༌། བྱ་ཀ་ཏི་དང༌། རྨ་བྱ་དང༌། ནེ་ཙོ་མི་སྐད་ཤེས་པ་དང༌། ཁུ་བྱུག་དང༌། ཤང་ཤང་ཏེའུ་དང༌། རི་སྐེགས་དང༌། དེ་ལ་སོགས་ཏེ་

archways.[335]Note 335 · p. 704 · rta babs is split by the page break; the marker is placed immediately before "archways". The whole ground, too, is made of precious crystal. It is utterly delightful and beautiful to behold. It has stairways and windows. In its four directions there are four great skylights. As the sun shines in through the skylights and strikes the mansion made of precious crystal, by day the appearances of the five lights arise freely within. Outside that celestial palace there is a moat of water endowed with the eight qualities; if those stricken by illness drink of that water, they are cured of their illness. Outside that there are eight pools, and within these too are all manner of sweet-voiced birds. They are these: the king of birds, the golden goose, and the mthing ril duck; the kati bird;[336]Note 336 · p. 705 · Bird names without a secure identification (mthing ril, kati, shang shang te'u, kaṅkari, zer mo, sbabs, kritisa) are left in transliteration. Dharmamitra's "pheasant" and "francolin" and Gemini 4 Neon's "mountain partridge" for ri skegs are not followed; ri skegs is rendered "mynah" (Claude Fable 5.2). the peacock; the parrot that knows human speech; the cuckoo; the shang shang te'u; the mynah; and so forth,

[p. 706]
སྐད་སྙན་པའི་བྱ་རིགས་སྟོང་ཕྲག་བརྒྱད་ཅུ་དང༌། ཡིད་དུ་འོང་བའི་བྱ་རིགས་འདི་ལྟ་སྟེ། ཀང་ཀ་རི་དང༌། ཟེར་མོ་དང༌། སྦབས་དང༌། ལྷའི་བྱ་དྲིལ་བུའི་སྐད་ཅན་དང༌། བྱ་ཀྲི་ཏི་ས་གསེར་གྱི་རྡོ་རྗེའི་གཟུགས་ལ་སོགས་ཏེ། གཡུའི་མདོག་ལྟར་སྔོ་བ་དང༌། དུང་གི་མདོག་ལྟར་དཀར་བ་དང༌། བྱེ་རུའི་མདོག་ལྟར་དམར་བ་དང༌། ཨིནྡྲ་ནཱི་ལ་ལྟར་ལྗང་བ་ལ་སོགས་ཏེ་ཡིད་དུ་འོང་བ་དང་སྐད་སྙན་པ་བསམ་གྱིས་མི་ཁྱབ་པ་ཡོད་དོ། །དེའི་ཕྱི་རིམ་ན་རིན་པོ་ཆེ་སྣ་བདུན་གྱི་ལྕགས་རི་ཡོད་དོ། །དེ་རྣམས་ཀྱི་དབུས་ན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁྲི་ཆོས་བཤད་པའི་སྟན་དང་ལྡན་པ་ཡོད་དོ། །དེར་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེས་སྲོད་ལ་འཁོར་རྣམས་ལ་རྒྱུའི་ཆོས་འཆད་དོ། །ནམ་ཕྱེད་ན་སྔགས་ཕྱིའི་ཆོས་འཆད་དོ། །ཐོ་རངས་གསང་སྔགས་ནང་གི་ཆོས་འཆད་དོ། །ཉི་མ་ཕྱེད་ན་རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད་

eighty thousand kinds of sweet-voiced birds. And there are delightful kinds of birds such as these: the kaṅkari, the zer mo, the sbabs, the divine bird with the voice of a bell, the kritisa bird with the form of a golden vajra, and so forth. Blue like the colour of turquoise, white like the colour of conch, red like the colour of coral, green like indranīla,[337]Note 337 · p. 706 · indranīla (sapphire) is described as green (ljang ba) in the Tibetan; translated as it stands. and so forth, they are delightful and sweet-voiced beyond all conceiving. In the ring outside that there is an encircling wall of the seven kinds of precious substances. In the centre of all these there is a throne made of the seven kinds of precious substances, furnished with a seat for teaching the Dharma. There, at dusk, the nirmāṇakāya called Vajrasattva teaches his retinue the Dharma of the cause. At midnight he teaches the Dharma of outer mantra. At dawn he teaches the Dharma of inner Secret Mantra. At midday he teaches the Dharma of the Great Perfection, the unsurpassed result.[338]Note 338 · p. 706 · rgyu'i chos / 'bras bu bla na med pa: 'bras bu is rendered "result" rather than "fruition" because it is paired with the Dharma of the cause, per the glossary rule. The final sentence is completed from the next page (pa'i chos 'chad do), as English word order requires.

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 6 quotations, 6 found on this wiki.
# p. Tibetan English Source On this wiki
1 697 དེ་ཡང་ཐ་མའི་ས་ཟིན་པ་ནི་ཞག་ … དེ་རྣམས་ཀྱང་དཔེར་ན་རྨི་ལམ་ལྟ་བུའོ་ Further, those who have seized the level of the … (bar do), too, are, for example, like a dream." not named:
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0052-vol-01-text (the text itself), 65 %
2 701 རོལ་པའི་རྩལ་དུ་ཐིམ་ལུགས་བརྒྱད། ལྷུན་གྲུབ་ངེས་པ་མེད་པའི་གཞི། །ཡོན་ཏན་ཚུལ་དུ་འདི་ལྟ་བུ། In the dynamic energy of play (rol pa) are … is like this in the manner of its qualities." named: རིན་པོ་ཆེ་སྤུངས་པ་ལས
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པའི་རྒྱུད, rin po che spungs pa yon tan chen po ston pa'i rgyud, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0054-vol-01-text (the text itself), 100 %
3 701 ཀྱེ་གྲོགས་པོ་དག་ལྷུན་གྲུབ་ཀྱི་སྣང་བ་ … དཔེར་ན་སྦྲའི་ཆོན་ཐག་བརྟུལ་བ་ལྟ་བུའོ་ O friends! When, in the appearances of spontaneous presence, … the guy-ropes of a yak-hair tent being gathered in." named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0052-vol-01-text (the text itself), 67 %
4 703 བདེན་པ་མཐོང་བའི་སེམས་ཅན་ནི། །རྟོགས་པ་ … ཁམས་སུ། །གནས་ནས་མཐར་ཕྱིན་གྲོལ་བར་འགྱུར། Sentient beings who have seen the truth, Even though … directions And then, reaching the end, will be liberated." named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0052-vol-01-text (the text itself), 96 %
5 703 དབང་པོ་ཐ་མའི་ཐ་མ་ནི་ཞག་ཉི་ … བར་དོ་མེད་པར་ཡང་དག་པར་འཚང་རྒྱའོ་ Those of the very lowest of the lowest faculties … they truly awaken to buddhahood without an intermediate state." “the same”: ཡང་དེ་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0052-vol-01-text (the text itself), 51 %
6 703 འདི་མཐོང་དབང་པོ་ཐ་མ་ལ། །བར་མ་ … ཕྱུང་སྟེ། བར་དོ་མེད་པར་སངས་རྒྱས་ཉིད། For those of the lowest faculties who have seen … emanation And, without an intermediate state, are buddhas indeed.'" named: ཉི་ཟླ་ཁ་སྦྱོར་ལས
ཉི་མ་དང་ཟླ་བ་ཁ་སྦྱོར་བ་ཆེན་པོ་གསང་བའི་རྒྱུད, nyi ma dang zla ba kha sbyor ba chen po gsang ba'i rgyud, The Union of Sun and Moon · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0064-vol-01-text (the text itself), 59 %