Tshig don mdzod (Longchenpa): Vajra topic 1 (5)

From Rangjung Yeshe Wiki Texts
Tshig don mdzod (Longchenpa)Tshig don mdzod (Longchenpa): Vajra topic 1 (5)
< Tshig don mdzod (Longchenpa)
Revision as of 15:00, 26 November 2026 by Eric (talk | contribs) (Tshig don mdzod study edition: editions, critical edition, translation, bilingual text, outline and quotations (November 2026))
(diff) ← Older revision | Latest revision (diff) | Newer revision → (diff)

Tshig don mdzod (Longchenpa)/Vajra topic 1 (5)
Jump to navigation Jump to search
← Vajra topic 1 (4)Tshig don mdzod: contentsVajra topic 2 (1) →

Vajra topic 1 · The Stages of Ascertaining the Ground · གཞི་གཏན་ལ་དབབ་པའི་རིམ་པ
Pages 52–62 of the corrected base text (W22920 vol. 4), part 5 of 5.

[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD85), gorn05 tibocr 2026: BDRC OCR on 338 pages, Mitra OCR on 147 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 33] བློས་བཏགས་འཁྲུལ་པའི་མིང་ཡང་མེད།། །།སེམས་དང་ཡིད་དུ་མ་གྲུབ་པས། །འགྱུ་བྱེད་འཁྲུལ་པ་ངང་གིས་མེད། །ཕྲ་རགས་དྲི་མ་གཉིས་མེད་པས། །འབྱུང་རྐྱེན་འཁྲུལ་པ་ངང་གིས་མེད།། །།བྱ་དང་བྱེད་པོ་གཉིས་མེད་པས། །ཡུལ་འཛིན་འཁྲུལ་པ་ག་ལ་ཡོད། །ཅེས་སོ། །འོན་ཀྱང་རང་ངོ་ཤེས་པའི་གྲོལ་རྐྱེན་བྱེད་པའི་ཆ་ནས་གྲོལ་གཞི་ཞེས་བཏགས་ལ། མ་ཤེས་ན་འཁྲུལ་རྐྱེན་བྱེད་པའི་ཆ་ནས་འཁྲུལ་གཞི་ཞེས་བཏགས་པ་ཡིན་ནོ། །དེ་ཡང་གཞི་

[p. 34] སྣང་འདི་གྲོལ་གཞི་ཡིན་ལ། ཀ་དག་ནི་གྲོལ་ས་ཡིན་པས་འདི་གཉིས་ཀྱི་བྱེ་བྲག་ཕྱེད་པའང་ཤིན་ཏུ་གལ་ཆེ་སྟེ་ལེགས་པར་ཕྱེད་པ་ཤིན་ཏུ་ཉུང་ངོ་། །འདི་ལ་བརྟེན་ནས་འཁྲུལ་རྐྱེན་བྱེད་པས་འཁྲུལ་པར་བཏགས་པ་ནི་དུང་དཀར་པོ་ལ་སེར་པོར་འཁྲུལ་རྐྱེན་བྱས་པ་ལྟ་བུ་སྟེ། འཁྲུལ་པ་དངོས་མ་ཡིན་ཡང་རྐྱེན་བྱས་དུས་བཏགས་པ་ནི། མུ་ཏིག་ཕྲེང་བ་ལས། ཁྱད་པར་ཆེན་པོའི་སྣང་བ་ལས། །ཡོད་དང་མེད་པ་གཉིས་བྱུང་སྟེ། །སྤྱི་ལ་འཁྲུལ་གཞི་ཞེས་བྱ་སྟེ། །མ་རིག་ཉིད་དང་སྤགས་པའི་ཕྱིར། །ཤེས་བྱ་ཉིད་ཀྱང་དྲི་མར་སྣང་། །ཞེས་དང་། དུང་ཡིག་ཅན་ལས། དེ་ལ་མ་ངེས་ལྷུན་གྲུབ་གཞི། །མ་རིག་གསུམ་དང་རྐྱེན་བཞི་དང་། །ཤེས་པས་སྤགས་པའི་འཁྲུལ་བའོ། །ཞེས་སོ། །དེ་ལྟ་བུའི་གཞི་སྣང་དེ་ལ་རང་ངོ་ལྷུན་གྲུབ་ཀྱི་སྣང་བ་ནམ་མཁའི་མཐའ་འཁོར་འདས་སུ་སྣང་བ་རྒྱ་ཆེ་ཞིང་རིག་མ་རིག་ལས་འཁོར་འདས་འབྱུང་བས་དབྱིངས་ཆེ་བའི་ཕྱིར་སྔོན་མེད་པའི་རང་སྣང་ཤོང་ཆེ་ལ་མཚར་ཆེ་བ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས།གསལ་བ་མངོན་སྣང་བརྗིད་རི་ཆེ། །སྣང་བ་ཉིད་ནི་ལྷུན་རེ་སྟུག །ཆོས་སྐུ་ངོ་སྤྲོད་དང་རེ་སྤྲོ། །ངོ་བོ་ཟང་ཐལ་སྦུབས་རེ་ཡངས། །རང་བཞིན་ཀུན་ཁྱབ་གདལ་རེ་ཆེ། །ཐུགས་རྗེ་ཀུན་འབྱུང་སྐྱེད་རེ་ཆེ། །ཁྱབ་པ་ཡེ་གདངས་བཀྲག་རེ་གསལ། །གནས་པ་ཐོགས་མེད་བང་རེ་མགྱོགས། །རིག་པའི་རང་གདངས་འོད་རེ་གསལ། །སྟོང་པ་ཀུན་འབྱུང་ངོ་རེ་མཚར། །

[p. 35] མ་བཙལ་བཞག་པས་རྒྱུན་རེ་རིང་། །མ་བཀག་རང་འབྱུང་གདལ་རེ་ཆགས། །སྣང་སྲིད་གཞི་བཞེངས་དཔངས་རེ་མཐོ། །འབད་མེད་རང་གྲོལ་རྒྱ་རེ་ཆེ། །ཡེ་ཐོག་ཆེན་པོ་འཁོར་རེ་མཁས། །ཁ་དོག་ལྔ་ལྡན་བྲིས་རེ་ལེགས། །སྣང་སྲིད་རྣམ་དག་ཁོད་རེ་སྙོམས། །རང་བྱུང་འོད་གསལ་བཀོད་རེ་ལེགས། །གཞི་སྣང་ཆེན་པོ་ཤོང་རེ་ཆེ། །འཁོར་འདས་གཉིས་པོ་འབྲེལ་རེ་མཁས། །སྐུ་ལྔ་ཡེ་ཤེས་བརྩེགས་རེ་ལེགས། །ཞེས་སོ། །དོན་གསུམ་པ་ཀུན་ཏུ་བཟང་པོའི་གྲོལ་ལུགས་ནི་གཞི་ལས་འཕགས་པའི་སྐད་ཅིག་ལ་གཞི་སྣང་ལྷུན་གྲུབ་ཀྱི་སྒོ་བརྒྱད་རང་སྣང་དུ་ཤར་བ་སྟེ། གཞན་དུ་མ་བཟུང་བར་གཟུ་བོའི་བློས་རང་གདངས་སུ་ངོ་ཤེས་པས་འགྱུ་བ་རང་ཐོག་ཏུ་ཆོད་དེ་སྐད་ཅིག་དང་པོ་ལ་རང་སྣང་དུ་ཤར་བ་རང་ངོ་ཤེས་པས་རྟོགས་པ་སྐྱེས་ཏེ་བྱེ་བྲག་ཕྱེད། གཉིས་པ་ལ་འཁྲུལ་པ་སངས་ཤིང་ཡེ་ཤེས་རྒྱས་པས་གཞི་འབྲས་བུར་སྨིན་ཏེ་ངོ་བོ་ཡེ་སངས་རྒྱས་རྟོགས་པས་ཡང་སངས་རྒྱས་པ་ཞེས་བྱ། རང་སྣང་ཀ་དག་ཏུ་ཐིམ་ནས་གཞི་ཐོག་ཏུ་ཀུན་གྱི་སྔོན་རོལ་དུ་སངས་རྒྱས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཞེས་བྱ་སྟེ། ཐལ་འགྱུར་ལས། དེ་ལྟར་འཁོར་འདས་ཐོག་མཐའ་ལས། །སངས་རྒྱས་འཁྲུལ་པར་མ་གྱུར་པ། །གཞི་ལས་འཕགས་པའི་དབང་པོ་ཡིས། །རང་སྣང་རང་བཞིན་མེད་པར་ཤེས། །རྟོག་དཔྱོད་ཡིད་རྣམས་ཕྱིར་མ་ཤོར། །འགྱུ་བ་རང་ཐོག་ཆོད་པའོ། །དེ་ཡང་གནས་ལུགས་ཆེན་པོ་

[p. 36] ལས། །འཁྲུལ་ཞེས་ཀ་ནས་དག་པ་ལ། །མ་འཁྲུལ་ཉིད་དུ་བཅོས་སུ་མེད། །མེད་སྣང་མཐོང་བ་མེད་པའི་ཆོས། །བྱས་བྱུང་རྟོག་པ་རང་འགགས་སོ། །འཁྲུལ་ནས་དམིགས་པར་སྣང་བ་ཡིན། །རང་བཞིན་ཡེ་གདངས་མི་དམིགས་པས། །ཆོས་ཀུན་མཉམ་པར་རོ་གཅིག་གོ། །མི་མཛད་རྟོག་བྲལ་ཡེ་སངས་རྒྱས། །ཞེས་པ་དང་། རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། །ཉུག་ཙམ་ལས་ནི་རིག་བྱུང་ནས། །ཝལ་གྱིས་གསལ་ནས་སྒྲོ་སྐུར་བྲལ། །ཞེས་པ་དང་། མཚན་བརྗོད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་སོ། །དེ་ཡང་གཞི་ནས་འཕགས་པའི་རིག་པ་ས་བོན་ལྟ་བུ་གྲོལ་འཁྲུལ་གང་བྱེད་མ་ངེས་པས་མ་སྨིན་པའི་རིག་པ་ཞེས་བྱ་སྟེ། སངས་རྒྱས་སུ་སྨིན་པར་བྱེད་པ་ནི་རྟོགས་པའི་ཤེས་རབ་ཀྱིས་བྱས་ཏེ། སྒྲོན་མ་འབར་བ་ལས། འབྲས་བུར་སྨིན་བྱེད་ཤེས་རབ་སྟེ། །ཤེས་རབ་སྐུ་རུ་སྨིན་པ་ཡི། །ངོ་བོ་ཉིད་ཀྱི་ཆོས་སྐུ་དེ། །ཡེ་ཤེས་ཆོས་ཀྱི་སྐུ་རུ་སྨིན། །དེ་ཡི་ཡེ་ཤེས་རྒྱུན་མི་འཆད། །སྐུ་དང་ཡེ་ཤེས་ལྷུན་གྲུབ་གསལ། །ཞེས་སོ། །དཔྱོད་བྱེད་ཕྱིར་མ་ཤོར་བས་རང་དུ་རྟོགས་པའི་ཚེ་གཟུ་བོའི་བློ་ཅན་ཏེ་ལྷུན་གྲུབ་ཐིམ་ཚུལ་དང་སྦྱར་ནས་ནང་གསལ་དུ་གནས་པ་ནི། སྒྲོན་མ་སྣང་བྱེད་ལས། ངེས་པ་མེད་པའི་ལྷུན་གྲུབ་ལས། །སྣ་ཚོགས་དུ་མ་ཤར་ཚུལ་ལ། །འགག་པ་མེད་པའི་རོལ་པ་ནི། །ཅིར་ཡང་མཛད་ཅིང་ཅིར་ཡང་འཆར། །ངེས་མེད་

[p. 37] ༄༅། །སྣང་བ་དུ་མའོ། །དེ་ཉིད་གཟུ་བོའི་བློ་ཅན་ལ། །མཐོང་བ་མ་འགགས་ནང་གསལ་ཏེ། །དེ་ལ་ངེས་པའི་ཆ་རེག་ཟུང་ངོ། །ཞེས་སོ། །དེའི་ཚེ་ལྷུན་གྲུབ་ཀྱི་ཐིམ་ཚུལ་ནི། རིན་པོ་ཆེ་དུ་བས་པ་ལས། རོལ་པའི་ རྩལ་ལས་ཐིམ་ལུགས་བརྒྱད། །ལྷུན་གྲུབ་ངེས་པ་མེད་པའི་གཞི། །ཡོན་ཏན་ཚུལ་དུ་འདི་ལྟ་བུ། །ཐུགས་རྗེ་ཉིད་ནི་ཐུགས་རྗེ་ལ། །རང་གི་ངོ་བོ་རང་ཐིམ་པས། །མ་བཞག་ཐོབ་པའི་ཚུལ་གྱིས་ནི། །མཛད་པ་མེད་པའི་ ཀློང་དུ་འདས། །མི་མཛད་ཅི་ཡང་མ་ཡིན་པས། །བྱེད་སྤྱོད་ཐམས་ཅད་མྱ་ངན་འདས། །མ་བྱས་བྱེད་པར་སྣང་བྱེད་པས། །འདུས་བྱས་རྣམས་ནི་དག་པའི་ཀློང་། །དེ་ཉིད་རང་ལ་རང་ཐིམ་པས། །གཞན་དུ་སོང་བ་མ་ ཡིན་ནོ། །དཔེར་ན་ཉི་མའི་སྙིང་པོ་ལ། །རང་གི་ཟེར་རྣམས་རང་ཐིམ་ལྟར། །རང་གི་གདངས་དང་བཅས་པ་ཡི། །གཟིགས་སྣང་ཐམས་ཅད་མྱ་ངན་འདས། །འདི་ཀུན་ཡོན་ཏན་རིན་པོ་ཆེ། །རྐྱེན་ལ་མི་གནས་རངས་འོ། ། རང་འོད་རང་ལ་ཐིམ་པ་ནི། །འདི་ཡང་ཡོན་ཏན་ཆེན་པོར་ཤར། །རང་གི་ངོ་བོ་རྣམ་དག་པས། །མཚན་མར་འཛིན་པའི་ཞེན་ཡུལ་འགག །ཕྱི་རོལ་འབྱུང་བཞི་རགས་པར་ཡང་། །འདིར་མི་སྣང་སྟེ་ཞེན་པ་ལོག །རང་ དག་སྟོང་པ་ཆེན་པོ་ལས། །ཁ་དོག་བདག་འཛིན་མྱ་ངན་འདས། །འདི་ཡང་གཞན་དུ་སོང་བ་མེད། །རང་གི་ངོ་བོར་རང་ཐིམ་པས། །སྣང་བ་ཐམས་ཅད་མྱ་ངན་འདས། །འོད་ཀྱི་དཀྱིལ་འཁོར་རང་ཐིམ་པས། །དཔེར་ན་

[p. 38] ནམ་མཁའི་འཇའ་ཚོན་བཞིན། །ནམ་མཁའ་ཉིད་ལ་རང་ཡལ་ལྟར། །མི་འབྱེད་ཆེན་པོའི་ཀློང་དུ་ནི། །འཛིན་ཆགས་ཐམས་ཅད་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡོན་ཏན་འཆར་ཚུལ་འདི་ལྟ་བུ། །ཡེ་ཤེས་ཉིད་ལ་ཡེ་ཤེས་ཉིད། །རང་གི་ངོ་བོར་རང་ཐིམ་པས། །ཤེས་པའི་འཛིན་རྟོག་དྲན་བསམ་ནི། །རང་གནས་མཉམ་པ་ཉིད་ཀློང་དུ། །ཐམས་ཅད་གཉིས་མེད་མྱ་ངན་འདས། །སོ་སོའི་ཡེ་ཤེས་སྣང་ཆ་ཡང་། །བྱས་པ་མེད་པའི་ཀློང་དཀྱིལ་དུ། །ནུབ་པ་མེད་པར་མྱ་ངན་འདས། །དེ་ཉིད་རང་ལ་རང་ཐིམ་པས། །ཡེ་ཤེས་རོལ་པ་སྣ་ཚོགས་ཀུན། །རང་ངོ་མ་ལ་ཐིམ་པ་ནི། །དཔེར་ན་མ་པང་བུ་འཇུག་བཞིན། །རང་གི་ཡེ་ཤེས་རང་ཡིད་ཆེས། །རང་གི་རང་བཞིན་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡང་ནི་ཡོན་ཏན་ཐིམ་པའི་ཚུལ། །སྐུ་ཉིད་སྐུ་ལ་རང་ཐིམ་པས། །གཟུགས་ཀུན་མི་རྟོག་ཆེན་པོར་ནི། །སྣང་བ་མེད་པར་མྱ་ངན་འདས། །རགས་པས་བསྡུས་པའི་འབྱུང་བ་དང་། །ཕྲ་བས་བཟུང་བའི་མ་རིག་སོགས། །འབྱེད་པ་མེད་པར་མྱ་ངན་འདས། །སྐུ་རྣམས་རང་ངོར་ཐིམ་པས་ནི། །ཤེས་པའི་འབྱུང་ཆ་ཕྱིར་མ་ཤོར། །དཔེར་ན་བུམ་པའི་སྐུ་གཟུགས་བཞིན། །ནང་གསལ་ཕྱི་ཡི་འགྱུ་བ་རྣམས། །རང་བཞིན་མེད་པར་གནས་སུ་དག །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡང་ནི་ཡོན་ཏན་འདི་ལྟ་བུ། །གཉིས་མེད་གཉིས་མེད་རང་ཐིམ་པས། །གྲངས་སུ་

[p. 39] འཛིན་པའི་ཞེན་པ་རྣམས། །ཉག་གཅིག་སྤྲོས་དང་བྲལ་བར་ནི། །མི་གཉིས་གཅིག་པའི་ཚུལ་དུ་ནི། །རང་ཐིམ་ཉིད་དུ་མྱ་ངན་འདས། །གཉིས་སུ་སྣང་བ་རང་ཐིམ་པས། །དཔེར་ན་ཆུ་བོ་ཆུ་བོ་ལ། །ཐིམ་པ་བཞིན་དུ་དབྱེར་མི་ཕྱེད། །དབྱེར་མེད་ཆེན་པོར་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །མ་འགགས་ཡོན་ཏན་འདི་ལྟ་བུ། །མཐའ་གྲོལ་ཉིད་ནི་མཐའ་གྲོལ་ལ། །རང་གི་ངོ་བོར་རང་ཐིམ་པས། །སྐུ་གསུམ་འཛིན་པའི་རང་རྒྱུད་ཀུན། །ཡུལ་རྣམས་ཟད་པར་མྱ་ངན་འདས། །མཐའ་ཉིད་རང་དག་རང་ཐིམ་པས། །དཔེར་ན་ནམ་མཁའ་ནམ་མཁའ་ལ། །ཐིམ་པ་བཞིན་དུ་ངོས་གཟུང་མེད། །མྱ་ངན་འདས་པའི་རྟོག་ཞེན་རང་འགགས་པས། །མི་གནས་ཆེན་པོར་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །སྣང་བའི་ཡོན་ཏན་འདི་ལྟ་བུ། །མ་དག་འཁོར་བ་རང་འཇུག་སྒོ། །ངོ་བོ་ཉིད་ཀྱི་དག་སྒོ་ལ། །སོང་བ་མེད་པའི་ཚུལ་དུ་ཐིམ། །དཔེར་ན་སྒྲ་ཡི་ཚོན་ཐག་རྣམས། །བརྟུལ་བས་དབུས་སུ་རང་འདུས་ལྟར། །དབང་པོའི་སྤྱོད་ཡུལ་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །འདི་ལྟར་ཡོན་ཏན་ཆ་རྫོགས་པས། །དག་པ་ཡེ་ཤེས་ཉིད་ཀྱི་སྒོ། །ངོ་བོ་ཉིད་ལ་རང་ཐིམ་པས། །སྐུ་དང་ཡེ་ཤེས་མྱ་ངན་འདས། །དཔེར་ན་སེང་གེ་གངས་ཟིན་བཞིན། །མི་ལྡོག་འཇིགས་མེད་གདེང་རྣམས་རྙེད། །འདི་ཡང་ཡོན་ཏན་རིན་པོ་ཆེ། །འདི་ལྟར་ཡོན་ཏན་

[p. 40] འབྱུང་ཚུལ་གྱིས། །གཅིག་པར་གནས་པའི་ཡེ་ཤེས་ནི། །མ་བཅལ་རང་གིས་རང་རྙེད་པར། །སྔོན་ནས་དེ་ཡི་རང་བཞིན་ནོ། །ཞེས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་གཞི་གཏན་ལ་དབབ་པའི་རིམ་པ་སྟེ་རྡོ་རྗེའི་གནས་དང་པོ་རྒྱ་ཆེར་བཤད་པའོ།། །།

[edit]
BDRC typed e-text UT22920_004_0001 as downloaded (the base text was made from it).

བློས་བཏགས་འཁྲུལ་པའི་མིང་ཡང་མེད། །སེམས་དང་ཡིད་དུ་མ་གྲུབ་པས། །འགྱུ་བྱེད་འཁྲུལ་པ་ངང་གིས་མེད། །ཕྲ་རགས་དྲི་མ་གཉིས་མེད་པས། །འབྱུང་རྐྱེན་འཁྲུལ་པ་ངང་གིས་མེད། །བྱ་དང་བྱེད་པོ་གཉིས་མེད་པས། །ཡུལ་འཛིན་འཁྲུལ་པ་ག་ལ་ཡོད། །ཅེས་སོ། །འོན་ཀྱང་རང་ངོ་ཤེས་པའི་གྲོལ་རྐྱེན་བྱེད་པའི་ཆ་ནས་གྲོལ་གཞི་ཞེས་བཏགས་ལ། མ་ཤེས་ན་འཁྲུལ་རྐྱེན་བྱེད་པའི་ཆ་ནས་འཁྲུལ་གཞི་ཞེས་བཏགས་པ་ཡིན་ནོ། །དེ་ཡང་གཞི་སྣང་འདི་གྲོལ་གཞི་ཡིན་ལ། ཀ་དག་ནི་གྲོལ་ས་ཡིན་པས་འདི་གཉིས་ཀྱི་བྱེ་བྲག་ཕྱེད་པའང་ཤིན་ཏུ་གལ་ཆེ་སྟེ་ལེགས་པར་ཕྱེད་པ་ཤིན་ཏུ་ཉུང་ངོ༌། །འདི་ལ་བརྟེན་ནས་འཁྲུལ་རྐྱེན་བྱེད་པས་འཁྲུལ་པར་བཏགས་པ་ནི་དུང་དཀར་པོ་ལ་སེར་པོ་འཁྲུལ་རྐྱེན་བྱས་པ་ལྟ་བུ་སྟེ། འཁྲུལ་པ་དངོས་མ་ཡིན་ཡང་རྐྱེན་བྱས་དུས་བཏགས་པ་ནི། མུ་ཏིག་ཕྲེང་བ་ལས། ཁྱད་པར་ཆེན་པོའི་སྣང་བ་ལས། །ཡོད་དང་མེད་པ་གཉིས་བྱུང་སྟེ། །སྤྱི་པ་འཁྲུལ་གཞི་ཞེས་བྱ་སྟེ། །མ་རིག་ཉིད་དང་སྤགས་པའི་ཕྱིར། །ཤེས་བྱ་ཉིད་ཀྱང་དྲི་མར་སྣང༌། །ཞེས་དང༌། དུང་ཡིག་ཅན་ལས། དེ་ལ་མ་ངེས་ལྷུན་གྲུབ་གཞི། །མ་རིག་གསུམ་དང་རྐྱེན་བཞི་དང༌། །ཤེས་པས་སྤགས་པའི་འཁྲུལ་པའོ། །ཞེས་སོ། །དེ་ལྟ་བུའི་གཞི་སྣང་དེ་ལ་རང་ངོ་ལྷུན་གྲུབ་ཀྱི་སྣང་བ་ནམ་མཁའི་མཐའ་འཁོར་འདས་སྣང་བ་རྒྱ་ཆེ་ཞིང་རིག་མ་རིག་ལས་འཁོར་འདས་འབྱུང་བས་དབྱིངས་ཆེ་བའི་ཕྱིར་སྔོན་མེད་པའི་རང་སྣང་ཤོང་ཆེ་ལ་མཚར་ཆེ་བ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། གསལ་བ་མངོན་སྣང་བརྗིད་རེ་ཆེ། །སྣང་བ་ཉིད་ནི་ལྷུན་རེ་སྟུག །ཆོས་སྐུ་ངོ་སྤྲོད་དང་རེ་སྤྲོ། །ངོ་བོ་ཟང་ཐལ་སྦུབས་རེ་ཡངས། །རང་བཞིན་ཀུན་ཁྱབ་གདལ་རེ་ཆེ། །ཐུགས་རྗེ་ཀུན་འབྱུང་སྐྱེད་རེ་ཆེ། །ཁྱབ་པ་ཡེ་གདངས་བཀྲག་རེ་གསལ། །གནས་པ་ཐོགས་མེད་བར་རེ་མགྱོགས། །རིག་པའི་རང་གདངས་འོད་རེ་གསལ། །སྟོང་པ་ཀུན་འབྱུང་ངོ་རེ་མཚར། །མ་བཙལ་བཞག་པས་རྒྱུན་རེ་རིང༌། །མ་བཀག་རང་འབྱུང་གདལ་རེ་ཆགས། །སྣང་སྲིད་གཞི་བཞེངས་དཔངས་རེ་མཐོ། །འབད་མེད་རང་གྲོལ་རྒྱ་རེ་ཆེ། །ཡེ་ཐོག་ཆེན་པོ་འཁོར་རེ་མཁས། །ཁ་དོག་ལྔ་ལྡན་བྲིས་རེ་ལེགས། །སྣང་སྲིད་རྣམ་དག་ཁོང་རེ་སྙོམས། །རང་བྱུང་འོད་གསལ་བཀོད་རེ་ལེགས། །གཞི་སྣང་ཆེན་པོ་ཤོང་རེ་ཆེ། །འཁོར་འདས་གཉིས་པོ་འབྲེལ་རེ་མཁས། །སྐུ་ལྔ་ཡེ་ཤེས་བརྩེགས་རེ་ལེགས། །ཞེས་སོ། །དོན་གསུམ་པ་ཀུན་ཏུ་བཟང་པོའི་གྲོལ་ལུགས་ནི་གཞི་ལས་འཕགས་པའི་སྐད་ཅིག་ལ་གཞི་སྣང་ལྷུན་གྲུབ་ཀྱི་སྒོ་བརྒྱད་རང་སྣང་དུ་ཤར་བ་སྟེ། གཞན་དུ་མ་བཟུང་བར་གཟུ་བོའི་བློས་རང་གདངས་སུ་ངོ་ཤེས་པས་འགྱུ་བ་རང་ཐོག་ཏུ་ཆོད་དེ་སྐད་ཅིག་དང་པོ་ལ་རང་སྣང་དུ་ཤར་བ་རང་ངོ་ཤེས་པས་རྟོགས་པ་སྐྱེས་ཏེ་བྱེ་བྲག་ཕྱེད། །གཉིས་པ་ལ་འཁྲུལ་པས་སངས་ཤིང་ཡེ་ཤེས་རྒྱས་པས་གཞི་འབྲས་བུར་སྨིན་ཏེ་ངོ་བོ་ཡེ་སངས་རྒྱ་ལ་རྟོགས་པས་ཡང་སངས་རྒྱས་པ་ཞེས་བྱ། རང་སྣང་ཀ་དག་ཏུ་ཐིམ་ནས་གཞི་ཐོག་ཏུ་ཀུན་གྱི་སྔོན་རོལ་ཏུ་སངས་རྒྱས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཞེས་བྱ་སྟེ། ཐལ་འགྱུར་ལ། དེ་ལྟར་འཁོར་འདས་ཐོག་མཐའ་ལས། །སངས་རྒྱས་འཁྲུལ་པར་མ་གྱུར་པ། །གཞི་ལས་འཕགས་པའི་དབང་པོ་ཡིས། །རང་སྣང་རང་བཞིན་མེད་པར་ཤེས། །རྟོག་དཔྱོད་ཡིད་རྣམས་ཕྱིར་མ་ཤོར། །འགྱུ་བ་རང་ཐོག་ཆོད་པའོ། །དེ་ཡང་གནས་ལུགས་ཆེན་པོ་ལས། །འཁྲུལ་ཞེས་ཀ་ནས་དག་པ་ལ། །མ་འཁྲུལ་ཉིད་དུ་བཅོས་སུ་མེད། །མེད་སྣང་མཐོང་བ་མེད་པའི་ཆོས། །བྱས་བྱུང་རྟོག་པ་རང་འགགས་སོ། །འཁྲུལ་ནས་དམིགས་པར་སྣང་བ་ཡིན། །རང་བཞིན་ཡེ་གདངས་མི་དམིགས་པས། །ཆོས་ཀུན་མཉམ་པར་རོ་གཅིག་གོ །མི་མཛད་རྟོག་བྲལ་ཡེ་སངས་རྒྱས། །ཞེས་པ་དང༌། རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། ཉུག་ཙམ་ལས་ནི་རིག་བྱུང་ནས། །ཝལ་གྱིས་གསལ་ནས་སྒྲོ་སྐུར་བྲལ། །ཞེས་པ་དང༌། མཚན་བརྗོད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་སོ། །དེ་ཡང་གཞི་ནས་འཕགས་པའི་རིག་པ་ས་བོན་ལྟ་བུ་གྲོལ་འཁྲུལ་གང་བྱེད་མ་ངེས་པས་མ་སྨིན་པའི་རིག་པ་ཞེས་བྱ་སྟེ། སངས་རྒྱས་སུ་སྨིན་པར་བྱེད་པ་ནི་རྟོགས་པའི་ཤེས་རབ་ཀྱིས་བྱས་ཏེ། སྒྲོན་མ་འབར་བ་ལས། འབྲས་བུར་སྨིན་བྱེད་ཤེས་རབ་སྟེ། །ཤེས་རབ་སྐུ་རུ་སྨིན་པ་ཡི། །ངོ་བོ་ཉིད་ཀྱི་ཆོས་སྐུ་དེ། །ཡེ་ཤེས་ཆོས་ཀྱི་སྐུ་རུ་སྨིན། །དེ་ཡི་ཡེ་ཤེས་རྒྱུན་མི་འཆད། །སྐུ་དང་ཡེ་ཤེས་ལྷུན་གྲུབ་གསལ། །ཞེས་སོ། །དཔྱོད་བྱེད་ཕྱིར་མ་ཤོར་བས་རང་དུ་རྟོགས་པའི་ཚེ་གཟུ་བོའི་བློ་ཅན་ཏེ་ལྷུན་གྲུབ་ཐིམ་ཚུལ་དང་སྦྱར་ནས་ནང་གསལ་དུ་གནས་པ་ནི། སྒྲོན་མ་སྣང་བྱེད་ལས། ངེས་པ་མེད་པའི་ལྷུན་གྲུབ་ལས། །སྣ་ཚོགས་དུ་མ་ཤར་ཚུལ་ལ། །འགགས་པ་མེད་པའི་རོལ་པ་ནི། །ཅིར་ཡང་མཛད་ཅིང་ཅིར་ཡང་འཆར། །ངེས་མེད་སྣང་བ་དུ་མའོ། །དེ་ཉིད་གཟུ་བོའི་བློ་ཅན་ལ། །མཐོང་བ་མ་འགགས་ནང་གསལ་ཏེ། །དེ་ལ་ངེས་པའི་ཆར་གཟུང་ངོ༌། །ཞེས་སོ། །དེའི་ཚེ་ལྷུན་གྲུབ་ཀྱི་ཐིམ་ཚུལ་ནི། རིན་པོ་ཆེ་སྤུངས་པ་ལས། རོལ་པའི་རྩལ་ལས་ཐིམ་ལུགས་བརྒྱད། །ལྷུན་གྲུབ་ངེས་པ་མེད་པའི་གཞི། །ཡོན་ཏན་ཚུལ་དུ་འདི་ལྟ་བུ། །ཐུགས་རྗེ་ཉིད་ནི་ཐུགས་རྗེ་ལ། །རང་གི་ངོ་བོ་རང་ཐིམ་པས། །མ་བཞག་ཐོབ་པའི་ཚུལ་གྱིས་ནི། །འཛད་པ་མེད་པའི་ཀློང་དུ་འདས། །མི་མཛད་ཅི་ཡང་མ་ཡིན་པས། །བྱེད་སྤྱོད་ཐམས་ཅད་མྱ་ངན་འདས། །མ་བྱས་བྱེད་པར་སྣང་བྱེད་པས། །འདུས་བྱས་རྣམས་ནི་དག་པའི་ཀློང༌། །དེ་ཉིད་རང་ལ་རང་ཐིམ་པས། །གཞན་དུ་སོང་བ་མ་ཡིན་ནོ། །དཔེར་ན་ཉི་མའི་སྙིང་པོ་ལ། །རང་གི་ཟེར་རྣམས་རང་ཐིམ་ལྟར། །རང་གི་གདངས་དང་བཅས་པ་ཡི། །གཟིགས་སྣང་ཐམས་ཅད་མྱ་ངན་འདས། །འདི་ཀུན་ཡོན་ཏན་རིན་པོ་ཆེ། །རྐྱེན་ལ་མི་གནས་རང་སའོ། །རང་འོད་རང་ལ་ཐིམ་པ་ནི། །འདི་ཡང་ཡོན་ཏན་ཆེན་པོར་ཤར། །རང་གི་ངོ་བོ་རྣམ་དག་པས། །མཚན་མར་འཛིན་པའི་ཞེན་ཡུལ་འགག །ཕྱི་རོལ་འབྱུང་བཞི་རགས་པར་ཡང༌། །འདིར་མི་སྣང་སྟེ་ཞེན་པ་ལོག །རང་དག་སྟོང་པ་ཆེན་པོ་ལས། །ཁ་དོག་བདག་འཛིན་མྱ་ངན་འདས། །འདི་ཡང་གཞན་དུ་སོང་བ་མེད། །རང་གི་ངོ་བོ་རང་ཐིམ་པས། །སྣང་བ་ཐམས་ཅད་མྱ་ངན་འདས། །འོད་ཀྱི་དཀྱིལ་འཁོར་རང་ཐིམ་པས། །དཔེར་ན་ནམ་མཁའི་འཇའ་ཚོན་བཞིན། །ནམ་མཁའ་ཉིད་ལ་རང་ཡལ་ལྟར། །མི་འབྱེད་ཆེན་པོའི་ཀློང་དུ་ནི། །འཛིན་ཆགས་ཐམས་ཅད་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡོན་ཏན་འཆར་ཚུལ་འདི་ལྟ་བུ། །ཡེ་ཤེས་ཉིད་ལ་ཡེ་ཤེས་ཉིད། །རང་གི་ངོ་བོར་རང་ཐིམ་པས། །ཤེས་པའི་འཛིན་རྟོག་དྲན་བསམ་ནི། །རང་གནས་མཉམ་པ་ཉིད་ཀློང་དུ། །ཐམས་ཅད་གཉིས་མེད་མྱ་ངན་འདས། །སོ་སོའི་ཡེ་ཤེས་སྣང་ཆ་ཡང༌། །བྱས་པ་མེད་པའི་ཀློང་དཀྱིལ་དུ། །ནུབ་པ་མེད་པར་མྱ་ངན་འདས། །དེ་ཉིད་རང་ལ་རང་ཐིམ་པས། །ཡེ་ཤེས་རོལ་པ་སྣ་ཚོགས་ཀུན། །རང་ངོ་མ་ལ་ཐིམ་པ་ནི། །དཔེར་ན་མ་པང་བུ་འཇུག་བཞིན། །རང་གི་ཡེ་ཤེས་རང་ཡིད་ཆེས། །རང་གི་རང་བཞིན་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡང་ནི་ཡོན་ཏན་ཐིམ་པའི་ཚུལ། །སྐུ་ཉིད་སྐུ་ལ་རང་ཐིམ་པས། །གཟུགས་ཀུན་མི་རྟོག་ཆེན་པོར་ནི། །སྣང་བ་མེད་པར་མྱ་ངན་འདས། །རགས་པས་བསྡུས་པའི་འབྱུང་བ་དང༌། །ཕྲ་བས་བཟུང་བའི་མ་རིག་སོགས། །འབྱེད་པ་མེད་པར་མྱ་ངན་འདས། །སྐུ་རྣམས་རང་ངོར་ཐིམ་པས་ནི། །ཤེས་པའི་འབྱུང་ཆ་ཕྱིར་མ་ཤོར། །དཔེར་ན་བུམ་པའི་སྐུ་གཟུགས་བཞིན། །ནང་གསལ་ཕྱི་ཡི་འགྱུ་བ་རྣམས། །རང་བཞིན་མེད་པར་གནས་སུ་དག །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡང་ནི་ཡོན་ཏན་འདི་ལྟ་བུ། །གཉིས་མེད་གཉིས་མེད་རང་ཐིམ་པས། །གྲངས་སུ་འཛིན་པའི་ཞེན་པ་རྣམས། །ཉག་གཅིག་སྤྲོས་དང་བྲལ་བར་ནི། །མི་གཉིས་གཅིག་པའི་ཚུལ་དུ་ནི། །རང་ཐིམ་ཉིད་དུ་མྱ་ངན་འདས། །གཉིས་སུ་སྣང་བ་རང་ཐིམ་པས། །དཔེར་ན་ཆུ་བོ་ཆུ་བོ་ལ། །ཐིམ་པ་བཞིན་དུ་དབྱེར་མི་ཕྱེད། །དབྱེར་མེད་ཆེན་པོར་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །མ་འགགས་ཡོན་ཏན་འདི་ལྟ་བུ། །མཐའ་གྲོལ་ཉིད་ནི་མཐའ་གྲོལ་ལ། །རང་གི་ངོ་བོར་རང་ཐིམ་པས། །སྐུ་གསུམ་འཛིན་པའི་རང་རྒྱུད་ཀུན། །ཡུལ་རྣམས་ཟད་པར་མྱ་ངན་འདས། །མཐའ་ཉིད་རང་དག་རང་ཐིམ་པས། །དཔེར་ན་ནམ་མཁའ་ནམ་མཁའ་ལ། །ཐིམ་པ་བཞིན་དུ་ངོས་གཟུང་མེད། །མུ་བཞིའི་རྟོག་ཞེན་རང་འགགས་པས། །མི་གནས་ཆེན་པོར་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །སྣང་བའི་ཡོན་ཏན་འདི་ལྟ་བུ། །མ་དག་འཁོར་བ་རང་འཇུག་སྒོ། །ངོ་བོ་ཉིད་ཀྱི་དག་སྒོ་ལ། །སོང་བ་མེད་པའི་ཚུལ་དུ་ཐིམ། །དཔེར་ན་སྦྲ་ཡི་ཆོན་ཐག་རྣམས། །བརྟུལ་བས་དབུས་སུ་རང་འདུས་ལྟར། །དབང་པོའི་སྤྱོད་ཡུལ་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །འདི་ལྟར་ཡོན་ཏན་ཆ་རྫོགས་པས། །དག་པ་ཡེ་ཤེས་ཉིད་ཀྱི་སྒོ། །ངོ་བོ་ཉིད་ལ་རང་ཐིམ་པས། །སྐུ་དང་ཡེ་ཤེས་མྱ་ངན་འདས། །དཔེར་ན་སེང་གེ་གངས་ཟིན་བཞིན། །མི་ལྡོག་འཇིགས་མེད་གདེང་རྣམས་རྙེད། །འདི་ཡང་ཡོན་ཏན་རིན་པོ་ཆེ། །འདི་ལྟར་ཡོན་ཏན་འབྱུང་ཚུལ་གྱིས། །གཅིག་པར་གནས་པའི་ཡེ་ཤེས་ནི། །མ་བཙལ་རང་གིས་རང་རྙེད་པར། །སྔོན་ནས་དེ་ཡི་རང་བཞིན་ནོ། །ཞེས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་གཞི་གཏན་ལ་དབབ་པའི་རིམ་པ་སྟེ་རྡོ་རྗེའི་གནས་དང་པོ་རྒྱ་ཆེར་བཤད་པའོ། །

[edit]
rywikitexts e-text of the Beijing 2009 edition (vol. 19), with its page numbers ༼N༽.

བློས་བཏགས་འཁྲུལ་བའི་མིང་ཡང་མེད། །སེམས་དང་ཡིད་དུ་མ་གྲུབ་པས། །འགྱུ་བྱེད་འཁྲུལ་པ་ངང་གིས་མེད། །ཕྲ་རགས་དྲི་མ་གཉིས་མེད་» «པས། །འབྱུང་རྐྱེན་འཁྲུལ་བ་ངང་གིས་མེད། །བྱ་དང་བྱེད་པོ་གཉིས་མེད་» «པས། །ཡུལ་འཛིན་འཁྲུལ་བ་ག་ལ་ཡོད། །ཅེས་སོ། །འོན་ཀྱང་རང་ངོ་ཤེས་པའི་གྲོལ་རྐྱེན་བྱེད་པའི་ཆ་ནས་གྲོལ་གཞི་ཞེས་བཏགས་ལ། མ་ཤེས་ན་འཁྲུལ་རྐྱེན་བྱེད་པའི་ཆ་ནས་འཁྲུལ་གཞི་ཞེས་བཏགས་པ་ཡིན་ནོ། །དེ་ཡང་གཞི་སྣང་འདི་གྲོལ་གཞི་ཡིན་ལ། ཀ་དག་ནི་གྲོལ་ས་ཡིན་པས་འདི་གཉིས་ཀྱི་བྱེ་བྲག་ཕྱེད་པའང་ཤིན་ཏུ་གལ་ཆེ་སྟེ་ལེགས་པར་ཕྱེད་པ་ཤིན་ཏུ་ཉུང་ངོ༌། །འདི་ལ་བརྟེན་ནས་འཁྲུལ་རྐྱེན་བྱེད་པས་འཁྲུལ་པར་བཏགས་པ་ནི་དུང་དཀར་པོ་ལ་སེར་པོར་འཁྲུལ་རྐྱེན་བྱས་པ་ལྟ་བུ་སྟེ། འཁྲུལ་པ་དངོས་མ་ཡིན་ཡང་རྐྱེན་བྱས་དུས་བཏགས་པ་ནི། མུ་ཏིག་ཕྲེང་བ་ལས། ཁྱད་པར་ཆེན་པོའི་སྣང་བ་» «ལས། །ཡོད་དང་མེད་པ་གཉིས་བྱུང་སྟེ། །སྤྱི་ལ་«༼༢༽«འཁྲུལ་གཞི་ཞེས་བྱ་» «སྟེ། །མ་རིག་ཉིད་དང་སྤགས་པའི་ཕྱིར། །ཤེས་བྱ་ཉིད་ཀྱང་དྲི་མར་སྣང༌། །» «ཞེས་དང༌། དུང་ཡིག་ཅན་ལས། དེ་ལ་མ་ངེས་ལྷུན་གྲུབ་གཞི། །མ་རིག་གསུམ་དང་རྐྱེན་བཞི་དང༌། །ཤེས་པས་སྤགས་པའི་འཁྲུལ་བའོ། །ཞེས་སོ། །དེ་ལྟ་བུའི་གཞི་སྣང་དེ་ལ་རང་ངོ་ལྷུན་གྲུབ་ཀྱི་སྣང་བ་ནམ་མཁའི་མཐའ་འཁོར་འདས་སུ་སྣང་བ་རྒྱ་ཆེ་ཞིང་རིག་མ་རིག་ལས་འཁོར་འདས་འབྱུང་བས་དབྱིངས་ཆེ་བའི་ཕྱིར་སྔོན་མེད་པའི་རང་སྣང་ཤོང་ཆེ་ལ་མཚར་ཆེ་བ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། གསལ་བ་མངོན་སྣང་བརྗིད་རེ་ཆེ། །སྣང་བ་ཉིད་ནི་ལྷུན་རེ་སྟུག» «།ཆོས་སྐུ་ངོ་སྤྲོད་དང་རེ་སྤྲོ། །ངོ་བོ་ཟང་ཐལ་སྦུབས་རེ་ཡངས། །རང་བཞིན་ཀུན་ཁྱབ་གདལ་རེ་ཆེ། །ཐུགས་རྗེ་ཀུན་འབྱུང་སྐྱིད་རེ་ཆེ། །ཁྱབ་པ་ཡེ་གདངས་བཀྲག་རེ་གསལ། །གནས་པ་ཐོགས་མེད་བང་རེ་མགྱོགས། །རིག་པའི་རང་གདངས་འོད་རེ་གསལ། །སྟོང་པ་ཀུན་འབྱུང་ངོ་རེ་མཚར། །མ་བཙལ་བཞག་པས་རྒྱུན་རེ་རིང༌། །མ་བཀག་རང་འབྱུང་གདལ་རེ་ཆགས། །སྣང་སྲིད་གཞི་བཞེངས་དཔངས་རེ་མཐོ། །འབད་མེད་རང་གྲོལ་རྒྱ་རེ་ཆེ། །ཡེ་ཐོག་ཆེན་པོ་འཁོར་རེ་མཁས། །ཁ་དོག་ལྔ་ལྡན་བྲིས་རེ་ལེགས། །སྣང་སྲིད་རྣམ་དག་ཁོད་རེ་» «སྙོམས། །རང་བྱུང་འོད་གསལ་བཀོད་རེ་ལེགས། །གཞི་སྣང་ཆེན་པོ་ཤོང་རེ་» «ཆེ། །འཁོར་འདས་གཉིས་པོ་འབྲེལ་རེ་མཁས། །སྐུ་ལྔ་ཡེ་ཤེས་བརྩེགས་རེ་ལེགས། །ཞེས་སོ། །དོན་གསུམ་པ་ཀུན་ཏུ་བཟང་པོའི་གྲོལ་ལུགས་ནི་གཞི་ལས་འཕགས་པའི་སྐད་ཅིག་ལ་གཞི་སྣང་ལྷུན་གྲུབ་ཀྱི་སྒོ་བརྒྱད་རང་སྣང་དུ་ཤར་བ་སྟེ། གཞན་དུ་མ་བཟུང་བར་གཟུ་བོའི་བློས་རང་གདངས་སུ་ངོ་ཤེས་པས་འགྱུ་བ་རང་ཐོག་ཏུ་ཆོད་དེ་སྐད་ཅིག་དང་པོ་ལ་རང་སྣང་དུ་ཤར་བ་རང་ངོ་ཤེས་པས་རྟོགས་པ་སྐྱེས་ཏེ་བྱེ་བྲག་ཕྱེད། གཉིས་པ་ལ་འཁྲུལ་པ་སངས་ཤིང་ཡེ་ཤེས་རྒྱས་པས་གཞི་འབྲས་བུར་སྨིན་ཏེ་ངོ་བོ་ཡེ་སངས་རྒྱ་ལ་རྟོགས་པས་ཡང་སངས་རྒྱས་པ་ཞེས་བྱ། རང་སྣང་ཀ་དག་ཏུ་ཐིམ་ནས་གཞི་ཐོག་ཏུ་ཀུན་གྱི་སྔོན་རོལ་དུ་སངས་རྒྱས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཞེས་བྱ་སྟེ། ཐལ་འགྱུར་ལས། དེ་ལྟར་འཁོར་འདས་ཐོག་མཐའ་ལས། །སངས་རྒྱས་འཁྲུལ་པར་མ་གྱུར་» «པ། །གཞི་ལས་འཕགས་པའི་དབང་པོ་ཡིས། །རང་སྣང་རང་བཞིན་མེད་པར་ཤེས། །རྟོག་དཔྱོད་ཡིད་རྣམས་ཕྱིར་མ་ཤོར། །འགྱུ་བ་རང་ཐོག་ཆོད་པའོ། །དེ་ཡང་གནས་ལུགས་ཆེན་པོ་ལས། །འཁྲུལ་ཞེས་ཀ་ནས་དག་པ་ལ། །མ་འཁྲུལ་ཉིད་དུ་བཅོས་སུ་མེད། །མེད་སྣང་མཐོང་བ་མེད་པའི་ཆོས། །བྱས་བྱུང་རྟོག་པ་རང་འགགས་སོ། །འཁྲུལ་ནས་དམིགས་པར་སྣང་བ་ཡིན། །རང་བཞིན་ཡེ་གདངས་མི་དམིགས་པས། །ཆོས་ཀུན་མཉམ་པར་རོ་གཅིག་གོ། །མི་མཛད་རྟོགས་བྲལ་ཡེ་སངས་རྒྱས། །ཞེས་པ་དང༌། རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། ཉུག་ཙམ་ལས་ནི་རིག་བྱུང་ནས། །ཝལ་གྱིས་གསལ་ནས་སྒྲོ་སྐུར་» «བྲལ། །ཞེས་པ་དང༌། མཚན་བརྗོད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་» «ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་སོ། །དེ་ཡང་གཞི་ནས་འཕགས་པའི་རིག་པ་ས་བོན་ལྟ་བུ་གྲོལ་འཁྲུལ་གང་བྱེད་མ་ངེས་པས་མ་སྨིན་པའི་རིག་པ་ཞེས་བྱ་སྟེ།སངས་རྒྱས་སུ་སྨིན་པར་བྱེད་པ་ནི་རྟོགས་པའི་ཤེས་རབ་ཀྱིས་བྱས་ཏེ། སྒྲོན་མ་འབར་བ་ལས། འབྲས་བུར་སྨིན་བྱེད་ཤེས་རབ་སྟེ། །» «ཤེས་རབ་སྐུ་རུ་སྨིན་པ་ཡི། །ངོ་བོ་ཉིད་ཀྱི་ཆོས་སྐུ་དེ། །ཡེ་ཤེས་ཆོས་ཀྱི་སྐུ་རུ་སྨིན། །དེ་ཡི་ཡེ་ཤེས་རྒྱུན་མི་འཆད། །སྐུ་དང་ཡེ་ཤེས་ལྷུན་གྲུབ་གསལ། །ཞེས་སོ། །དཔྱོད་བྱེད་ཕྱིར་མ་ཤོར་བས་རང་དུ་རྟོགས་པའི་ཚེ་གཟུ་བོའི་བློ་ཅན་ཏེ་ལྷུན་གྲུབ་ཐིམ་ཚུལ་དང་སྦྱར་ནས་ནང་གསལ་དུ་གནས་པ་ནི། སྒྲོན་མ་སྣང་བྱེད་ལས། ངེས་པ་མེད་པའི་ལྷུན་གྲུབ་ལས། །སྣ་ཚོགས་དུ་མ་ཤར་ཚུལ་ལ། །» «འགག་པ་མེད་པའི་རོལ་བ་ནི། །ཅིར་ཡང་མཛད་ཅིང་ཅིར་ཡང་འཆར། །ངེས་མེད་སྣང་བ་དུ་མའོ། །དེ་ཉིད་གཟུ་བོའི་བློ་ཅན་ལ། །མཐོང་བ་མ་འགགས་ནང་གསལ་ཏེ། །དེ་ལ་ངེས་པའི་ཆར་གཟུང་ངོ༌། །ཞེས་སོ། །དེའི་ཚེ་ལྷུན་གྲུབ་ཀྱི་ཐིམ་ཚུལ་ནི། །རིན་པོ་ཆེ་སྤུངས་པ་ལས། །རོལ་པའི་རྩལ་ལས་ཐིམ་ལུགས་བརྒྱད། །ལྷུན་གྲུབ་ངེས་པ་མེད་པའི་གཞི། །ཡོན་ཏན་ཚུལ་དུ་འདི་ལྟ་བུ། །» «ཐུགས་རྗེ་ཉིད་ནི་ཐུགས་རྗེ་ལ། །རང་གི་ངོ་བོ་རང་ཐིམ་པས། །མ་བཞག་ཐོབ་པའི་ཚུལ་གྱིས་ནི། །མཛད་པ་མེད་པའི་ཀློང་དུ་འདས། །མི་མཛད་ཅི་ཡང་མ་ཡིན་པས། །བྱེད་སྤྱོད་ཐམས་ཅད་མྱ་ངན་འདས། །མ་བྱས་བྱེད་པར་སྣང་བྱེད་པས། །འདུས་བྱས་རྣམས་ནི་དག་པའི་ཀློང༌། །དེ་ཉིད་རང་ལ་རང་ཐིམ་» «པས། །གཞན་དུ་སོང་བ་མ་ཡིན་ནོ། །དཔེར་ན་ཉི་མའི་སྙིང་པོ་ལ། །རང་གི་ཟེར་རྣམས་རང་ཐིམ་ལྟར། །རང་གི་གདངས་དང་བཅས་པ་ཡི། །གཟིགས་སྣང་ཐམས་ཅད་མྱ་ངན་འདས། །འདི་ཀུན་ཡོན་ཏན་རིན་པོ་ཆེ། རྐྱེན་ལ་མི་གནས་རང་སའོ། །རང་འོད་རང་ལ་ཐིམ་པ་ནི། །འདི་ཡང་ཡོན་ཏན་ཆེན་པོར་» «ཤར། །རང་གི་ངོ་བོ་རྣམ་དག་པས། །མཚན་མར་འཛིན་པའི་ཞེན་ཡུལ་འགག།» «ཕྱི་རོལ་འབྱུང་བཞི་རགས་པར་ཡང༌། །འདིར་མི་སྣང་སྟེ་ཞེན་པ་ལོག» «།རང་དག་སྟོང་པ་ཆེན་པོ་ལས། ཁ་དོག་བདག་འཛིན་མྱ་ངན་འདས། །འདི་ཡང་གཞན་དུ་སོང་བ་མེད། །རང་གི་ངོ་བོ་རང་ཐིམ་པས། །སྣང་བ་ཐམས་ཅད་མྱ་ངན་འདས། །འོད་ཀྱི་དཀྱིལ་འཁོར་རང་ཐིམ་པས། །དཔེར་ན་ནམ་མཁའི་འཇའ་ཚོན་བཞིན། །ནམ་མཁའ་ཉིད་ལ་རང་ཡལ་ལྟར། །མི་འབྱེད་ཆེན་པོའི་ཀློང་དུ་ནི། །འཛིན་ཆགས་ཐམས་ཅད་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡོན་ཏན་འཆར་ཚུལ་འདི་ལྟ་བུ། །ཡེ་ཤེས་ཉིད་ལ་ཡེ་ཤེས་ཉིད། །རང་གི་ངོ་བོར་རང་ཐིམ་པས། །ཤེས་པའི་འཛིན་རྟོག་དྲན་བསམ་ནི། །རང་གནས་མཉམ་པ་ཉིད་ཀློང་དུ། །ཐམས་ཅད་གཉིས་མེད་མྱ་ངན་འདས། །སོ་སོའི་ཡེ་ཤེས་སྣང་ཆ་ཡང༌། །བྱས་པ་མེད་པའི་ཀློང་དཀྱིལ་དུ། །ནུབ་པ་མེད་པར་མྱ་ངན་འདས། །དེ་ཉིད་རང་ལ་རང་ཐིམ་པས། །ཡེ་ཤེས་རོལ་བ་སྣ་ཚོགས་ཀུན། །» «རང་ངོ་མ་ལ་ཐིམ་པ་ནི། །དཔེར་ན་མ་པང་བུ་འཇུག་བཞིན། །རང་གི་ཡེ་ཤེས་རང་ཡིད་ཆེས། །རང་གི་རང་བཞིན་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡང་ནི་ཡོན་ཏན་ཐིམ་པའི་ཚུལ། །སྐུ་ཉིད་སྐུ་ལ་རང་ཐིམ་པས། །གཟུགས་ཀུན་མི་རྟོག་ཆེན་པོར་ནི། །སྣང་བ་མེད་པར་མྱ་ངན་འདས། །རགས་པས་བསྡུས་པའི་འབྱུང་བ་དང༌། །ཕྲ་བས་བཟུང་བའི་མ་རིག་སོགས། །འབྱེད་པ་མེད་པར་མྱ་ངན་འདས། །སྐུ་རྣམས་རང་ངོར་ཐིམ་པས་ནི། །ཤེས་པའི་འབྱུང་ཆ་ཕྱིར་མ་ཤོར། །དཔེར་ན་བུམ་པའི་སྐུ་གཟུགས་བཞིན། །ནང་གསལ་ཕྱི་ཡི་འགྱུ་བ་རྣམས། །རང་བཞིན་མེད་པར་གནས་སུ་དག» «།འདི་ཡང་ཡོན་ཏན་རིན་པོ་» «ཆེ། །ཡང་ནི་ཡོན་ཏན་འདི་ལྟ་བུ། །གཉིས་མེད་གཉིས་མེད་རང་ཐིམ་པས། །» «གྲངས་སུ་འཛིན་པའི་ཞེན་པ་རྣམས། །ཉག་གཅིག་སྤྲོས་དང་བྲལ་བར་ནི། །མི་གཉིས་གཅིག་པའི་ཚུལ་དུ་ནི། །རང་ཐིམ་ཉིད་དུ་མྱ་ངན་འདས། །གཉིས་སུ་སྣང་བ་རང་ཐིམ་པས། །དཔེར་ན་ཆུ་བོ་ཆུ་བོ་ལ། །ཐིམ་པ་བཞིན་དུ་དབྱེར་མི་ཕྱེད། །དབྱེར་མེད་ཆེན་པོར་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །» «མ་འགགས་ཡོན་ཏན་འདི་ལྟ་བུ། །མཐའ་གྲོལ་ཉིད་ནི་མཐའ་གྲོལ་ལ། །རང་གི་ངོ་བོར་རང་ཐིམ་པས། །སྐུ་གསུམ་འཛིན་པའི་རང་རྒྱུད་ཀུན། །ཡུལ་རྣམས་ཟད་པར་མྱ་ངན་འདས། །མཐའ་ཉིད་རང་དག་རང་ཐིམ་པས། །དཔེར་ན་ནམ་མཁའ་ནམ་མཁའ་ལ། །ཐིམ་པ་བཞིན་དུ་ངོས་གཟུང་མེད། །མུ་བཞིའི་རྟོག་ཞེན་རང་འགགས་པས། །མི་གནས་ཆེན་པོར་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །སྣང་བའི་ཡོན་ཏན་འདི་ལྟ་བུ། །མ་དག་འཁོར་བ་རང་འཇུག་སྒོ། །ངོ་བོ་ཉིད་ཀྱི་དག་སྒོ་ལ། །སོང་བ་མེད་པའི་ཚུལ་དུ་ཐིམ། །དཔེར་ན་སྦྲ་ཡི་ཆོན་ཐག་རྣམས། །བརྟུལ་བས་དབུས་སུ་རང་འདུས་ལྟར། །དབང་པོའི་སྤྱོད་ཡུལ་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །འདི་ལྟར་ཡོན་ཏན་ཆ་རྫོགས་པས། །དག་པ་ཡེ་ཤེས་ཉིད་ཀྱི་སྒོ། །ངོ་བོ་ཉིད་ལ་རང་ཐིམ་པས། །སྐུ་དང་ཡེ་ཤེས་མྱ་ངན་འདས། །དཔེར་ན་སེང་གེ་གངས་ཟིན་བཞིན། །མི་ལྡོག་འཇིགས་མེད་གདེང་རྣམས་རྙེད། །འདི་ཡང་ཡོན་ཏན་རིན་པོ་ཆེ། །འདི་ལྟར་ཡོན་ཏན་འབྱུང་ཚུལ་གྱིས། །གཅིག་པར་གནས་པའི་ཡེ་ཤེས་ནི། །མ་བཙལ་རང་གིས་རང་རྙེད་པར། །སྔོན་ནས་དེ་ཡི་རང་བཞིན་ནོ། །ཞེས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་གཞི་གཏན་ལ་དབབ་པའི་རིམ་པ་སྟེ་རྡོ་རྗེའི་གནས་དང་པོ་རྒྱ་ཆེར་བཤད་པའོ།། » «།།

[edit]
OCR of the BDRC scans (I1CZ5003), gorn05 tibocr 2026: BDRC OCR on 239 pages, Mitra OCR on 125 pages (the model with more recognisable syllables on each page).

[p. 182] བློས་བཏགས་འཁྲུལ་པའི་མིང་ཡང་མེད། སེམས་དང་ཡིད་དུ་མ་གྲུབ་པས། །འགྱུ་བྱེད་འཁྲུལ་པ་ངང་གིས་མེད། །ཕྲ་རགས་དྲི་མ་གཉིས་མེད་པས། །འབྱུང་རྐྱེན་འཁྲུལ་པ་ངང་གིས་མེད། བྱ་དང་བྱེད་པོ་གཉིས་མེད་པས། །ཡུལ་འཛིན་འཁྲུལ་པ་ག་ལ་ཡོད། །ཅེས་སོ། །འོན་ཀྱང་རང་ངོ་ཤེས་པའི་གྲོལ་རྐྱེན་བྱེད་པའི་ཆ་ནས་གྲོལ་གཞི་ཞེས་བཏགས་ལ། མ་ཤེས་ན་འཁྲུལ་རྐྱེན་བྱེད་པའི་ཆ་ནས་འཁྲུལ་གཞི་ཞེས་བཏགས་པ་ཡིན་ནོ། །དེ་ཡང་གཞི་སྣང་འདི་གྲོལ་གཞི་ཡིན་ལ། ཀ་དག་ནི་གྲོལ་ས་ཡིན་པས་འདི་གཉིས་ཀྱི་བྱེ་བྲག་ཕྱེད་པའང་ཤིན་ཏུ་གལ་ཆེ་སྟེ་ལེགས་པར་ཕྱེད་པ་ཤིན་ཏུ་ཉུང་ངོ་། །འདི་ལ་བརྟེན་ནས་འཁྲུལ་རྐྱེན་བྱེད་པས་འཁྲུལ་པར་བཏགས་པ་ནི་དུང་དཀར་པོ་ལ་སེར་པོར་འཁྲུལ་རྐྱེན་བྱས་པ་ལྟ་བུ་སྟེ། འཁྲུལ་པ་དངོས་མ་ཡིན་ཡང་རྐྱེན་བྱས་དུས་བཏགས་པ་ནི། མུ་ཏིག་ཕྲེང་བ་ལས། ཁྱད་པར་ཆེན་པོའི་སྣང་བ་ལས། །ཡོད་དང་མེད་པ་གཉིས་བྱུང་སྟེ། །སྤྱི་པ་འཁྲུལ་གཞི་ཞེས་བྱ་སྟེ། །མ་རིག་ཉིད་དང་སྦགས་པའི་ཕྱིར། །ཤེས་བྱ་ཉིད་ཀྱང་དྲི་མར་སྣང་། །ཞེས་དང་། དུང་ཡིག་ཅན་ལས། དེ་ལ་མ་ངེས་ལྷུན་གྲུབ་གཞི། །མ་རིག་གསུམ་དང་རྐྱེན་བཞི་དང་། །ཤེས་པས་སྦགས་པའི་འཁྲུལ་པའོ། །ཞེས་སོ། །དེ་ལྟ་བུའི་གཞི་སྣང་དེ་ལ་ངང་ངོ་ལྷུན་གྲུབ་ཀྱི་སྣང་བ་ནམ་མཁའི་མཐའ་འཁོར་འདས་སུ་སྣང་བ་རྒྱ་ཆེ་ཞིང་རིག་མ་རིག་ལས་འཁོར་འདས་འབྱུང་བས་དབྱིངས་ཆེ་བའི་ཕྱིར་སྔོན་མེད་པའི་རང་སྣང་ཤོང་ཆེ་ལ་མཚར་ཆེ་བ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས།གསལ་བ་མངོན་སྣང་བརྗིད་རེ་ཆེ། །སྣང་བ་ཉིད་ནི་ལྷུན་རེ་སྟུག །ཆོས་སྐུ་ངོ་སྤྲོད་དང་ངོ་སྤྲོ། །ངོ་བོ་ཟང་ཐལ་སྦུབས་རེ་ཡངས། །རང་བཞིན་ཀུན་ཁྱབ་གདལ་རེ་ཆེ། །

[p. 183] ༄༅། །ཐུགས་རྗེ་ཀུན་འབྱུང་སྐྱེད་རེ་ཆེ། །ཁྱབ་པ་ཡེ་གདངས་བཀྲག་རེགས་ལ། །གནས་པ་ཐོགས་མེད་བང་རེ་མགྱོགས། །རིག་པའི་ངང་གདངས་འོད་རེ་གསལ། །སྟོང་པ་ཀུན་འབྱུང་ངོ་རེ་མཚར། །མ་བཙལ་བཞག་པས་རྒྱུན་རེ་ རིང༑ ༑མ་བཀག་རང་འབྱུང་གདལ་རེ་ཆགས། །སྣང་སྲིད་བཞི་བཞེངས་དང་པས་རེ་མཐོ། །འབད་མེད་རང་གྲོལ་རྒྱ་རེ་ཆེ། །ཡེ་ཐོག་ཆེན་པོ་འཁོར་རེ་མཁས། །ཁ་དག་ལྔ་ལྡན་བྲིས་རེ་ལེགས། །སྣང་སྲིད་རྣམ་དག་ཁོང་རེ་སྙོམས། །རང་ བྱུང་འོད་གསལ་བཀོད་རེ་ལེགས། །གཞི་སྣང་ཆེན་པོ་ཤིང་རེ་ཆེ། །འཁོར་འདས་གཉིས་པོ་འབྲེལ་རེ་མཁས། །སྐུ་ལྔ་ཡེ་ཤེས་བརྩེགས་རེ་ལེགས། །ཞེས་སོ། །དོན་གསུམ་པ་ཀུན་དུ་བཟང་པོའི་གྲོལ་ལུགས་ནི་གཞི་ལས་འཕགས་ པའི་སྐད་ཅིག་ལ་གཞི་སྣང་ལྷུན་གྲུབ་ཀྱི་སྒོ་བརྒྱད་རང་སྣང་དུ་ཤར་བ་སྟེ། གཞན་དུ་མ་བཟུང་བར་གཟུ་བོའི་བློས་རང་གདངས་སུ་ངོ་ཤེས་པས་འགྱུ་བ་རང་ཐོག་ཏུ་ཆོད་དེ་སྐད་ཅིག་དང་པོ་ལ་རང་སྣང་ཏུ་ཤར་བ་རང་ངོ་ཤེས་པས་རྟོགས་པ་སྐྱེས་ཏེ་ བྱེ་བྲག་ཕྱེད། གཉིས་པ་ལ་འཁྲུལ་པ་སངས་ཤིང་ཡེ་ཤེས་རྒྱས་པས་གཞི་འབྲས་བུར་སྨིན་ཏེ་ངོ་བོ་ཡེ་སངས་རྒྱ་ལ་རྟོགས་པས་ཡང་སངས་རྒྱས་པ་ཞེས་བྱ། རང་སྣང་ཀ་དག་ཏུ་ཐིམ་ནས་གཞི་ཐོག་ཏུ་ཀུན་གྱི་སྔོན་རོལ་དུ་སངས་རྒྱས་པའི་ སྟོན་པ་ཀུན་དུ་བཟང་པོ་ཞེས་བྱ་སྟེ། ཐལ་འགྱུར་ལས། དེ་ལྟར་འཁོར་འདས་ཐོག་མཐའ་ལས། །སངས་རྒྱས་འཁྲུལ་པར་མ་གྱུར་པ། །གཞི་ལས་འཕགས་པའི་དབང་པོ་ཡིས། །རང་སྣང་རང་བཞིན་མེད་པར་ཤེས། །རྟོག་ དཔྱོད་ཡིད་རྣམས་ཕྱིར་མ་ཤོར། །འགྱུ་བ་རང་ཐོག་ཆོད་པའོ། །དེ་ཡང་གནས་ལུགས་ཆེན་པོ་ལས། །འཁྲུལ་ཞེས་ཀ་ནས་དག་པ་ལ། །མ་འཁྲུལ་ཉིད་དུ་བཅོས་སུ་མེད། །མེད་སྣང་མཐོང་བ་མེད་པའི་ཆོས། །བྱས་བྱུང་རྟོག་པ་རབ་

[p. 184] འགགས་སོ། །འཁྲུལ་ནས་དམིགས་པར་སྣང་བ་ཡིན། །རང་བཞིན་ཡེ་གདངས་མི་དམིགས་པས། །ཆོས་ཀུན་མཉམ་པར་རོ་གཅིག་གོ། །མི་མཛད་རྟོག་བྲལ་ཡེ་སངས་རྒྱས། །ཞེས་པ་དང་། རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ ལས། །ཉུག་ཙམ་ལས་ནི་རིག་བྱུང་ནས། །ཝལ་གྱིས་གསལ་ནས་སྒྲོ་སྐུར་བྲལ། །ཞེས་པ་དང་། མཚན་བརྗོད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་སོ། །དེ་ཡང་ གཞི་ནས་འཕགས་པའི་རིག་པ་ས་བོན་ལྟ་བུ་གྲོལ་འཁྲུལ་གང་བྱེད་མ་ངེས་པས་མ་སྨིན་པའི་རིག་པ་ཞེས་བྱ་སྟེ། སངས་རྒྱས་སུ་སྨིན་པར་བྱེད་པ་ནི་རྟོགས་པའི་ཤེས་རབ་ཀྱིས་བྱས་ཏེ། སྒྲོན་མ་འབར་བ་ལས། འབྲས་བུར་སྨིན་བྱེད་ ཤེས་རབ་སྟེ། །ཤེས་རབ་སྐུ་རུ་སྨིན་པ་ཡི། །ངོ་བོ་ཉིད་ཀྱི་ཆོས་སྐུ་དེ། །ཡེ་ཤེས་ཆོས་ཀྱི་སྐུ་རུ་སྨིན། །དེ་ཡི་ཡེ་ཤེས་རྒྱུན་མི་འཆད། །སྐུ་དང་ཡེ་ཤེས་ལྷུན་གྲུབ་གསལ། །ཞེས་སོ། །དཔྱོད་བྱེད་ཕྱིར་མ་ཤོར་བས་རང་དུ་རྟོགས་ པའི་ཚེ་གཟུ་བོའི་བློ་ཅན་ཏེ་ལྷུན་གྲུབ་ཐིམ་ཚུལ་དང་སྦྱར་ནས་ནང་གསལ་དུ་གནས་པ་ནི། སྒྲོན་མ་སྣང་བྱེད་ལས། ངེས་པ་མེད་པའི་ལྷུན་གྲུབ་ལས། །སྣ་ཚོགས་དུ་མ་ཤར་ཚུལ་ལ། །འགག་པ་མེད་པའི་རོལ་པ་ནི། །ཅིར་ཡང་མཛད་ཅིང་ཅིར་ ཡང་འཆར། །ངེས་མེད་སྣང་བ་དུ་མའོ། །དེ་ཉིད་གཟུ་བོའི་བློ་ཅན་ལ། །མཐོང་བ་མ་འགགས་ནང་གསལ་ཏེ། །དེ་ལ་ངེས་པའི་ཆར་གཟུང་ངོ་། །ཞེས་སོ། །དེའི་ཚེ་ལྷུན་གྲུབ་ཀྱི་ཐིམ་ཚུལ་ནི། རིན་པོ་ཆེ་སྤུངས་པ་ལས། རོལ་པའི་རྩལ་ལས་ ཐིམ་ལུགས་བརྒྱད། །ལྷུན་གྲུབ་ངེས་པ་མེད་པའི་གཞི། །ཡོན་ཏན་ཚུལ་དུ་འདི་ལྟ་བུ། །ཐུགས་རྗེ་ཉིད་ནི་ཐུགས་རྗེ་ལ། །རང་གི་ངོ་བོ་རང་ཐིམ་པས། །མ་བཞག་ཐོབ་པའི་ཚུལ་གྱིས་ནི། །མཛད་པ་མེད་པའི་ཀློང་དུ་འདས། །མི་མཛད་ཅི་ཡང་

[p. 185] ༄༅། །མ་ཡིན་པས། །བྱེད་སྤྱོད་ཐམས་ཅད་མྱ་ངན་འདས། །མ་བྱས་བྱེད་པ་ར་སྣང་བྱེད་པས། །འདུས་བྱས་རྣམས་ནི་དག་པའི་ཀློང་། །དེ་ཉིད་རང་ལ་རང་ཐིམ་པས། །གཞན་དུ་སོང་བ་མ་ཡིན་ནོ། །དཔེར་ན་ཉི་མའི་ སྙིང་པོ་ལ། །རང་གི་ཟེར་རྣམས་རང་ཐིམ་ལྟར། །རང་གི་གདངས་དང་བཅས་པ་ཡི། །གཟིགས་སྣང་ཐམས་ཅད་མྱ་ངན་འདས། །འདི་ཀུན་ཡོན་ཏན་རིན་པོ་ཆེ། །རྐྱེན་ལ་མི་གནས་རང་སའོ། །རང་འོད་རང་ལ་ཐིམ་པ་ནི། །འདི་ཡང་ ཡོན་ཏན་ཆེན་པོར་ཤར། །རང་གི་ངོ་བོ་རྣམ་དག་པས། །མཚན་མར་འཛིན་པའི་ཞེན་ཡུལ་འགག །ཕྱི་རོལ་འབྱུང་བཞི་རགས་པར་ཡང་། །འདིར་མི་སྣང་སྟེ་ཞེན་པ་ལོག །རང་དག་སྟོང་པ་ཆེན་པོ་ལས། །ཁ་དོག་བདག་འཛིན་མྱ་ ངན་འདས། །འདི་ཡང་གཞན་དུ་སོང་བ་མེད། །རང་གི་ངོ་བོར་རང་ཐིམ་པས། །སྣང་བ་ཐམས་ཅད་མྱ་ངན་འདས། །འོད་ཀྱི་དཀྱིལ་འཁོར་རང་ཐིམ་པས། །དཔེར་ན་ནམ་མཁའི་འཇའ་ཚོན་བཞིན། །ནམ་མཁའ་ཉིད་ལ་རང་ ཡལ་ལྟར། །མི་འབྱེད་ཆེན་པོའི་ཀློང་དུ་ནི། །འཛིན་ཆགས་ཐམས་ཅད་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡོན་ཏན་འཆར་ཚུལ་འདི་ལྟ་བུ། །ཡེ་ཤེས་ཉིད་ལ་ཡེ་ཤེས་ཉིད། །རང་གི་ངོ་བོར་རང་ཐིམ་པས། ། ཤེས་པའི་འཛིན་རྟོག་དྲན་བསམ་ནི། །རང་གནས་མཉམ་པ་ཉིད་ཀློང་དུ། །ཐམས་ཅད་གཉིས་མེད་མྱ་ངན་འདས། །སོ་སོའི་ཡེ་ཤེས་སྣང་ཆ་ཡང་། །བྱས་པ་མེད་པའི་ཀློང་དཀྱིལ་དུ། །ནུབ་པ་མེད་པར་མྱ་ངན་འདས། ། དེ་ཉིད་རང་ལ་རང་ཐིམ་པས། །ཡེ་ཤེས་རོལ་པ་སྣ་ཚོགས་ཀུན། །རང་ངོ་མ་ལ་ཐིམ་པ་ནི། །དཔེར་ན་མ་པང་བུ་འཇུག་བཞིན། །རང་གི་ཡེ་ཤེས་རང་ཡིད་ཆེས། །རང་གི་རང་བཞིན་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །

[p. 186] ཡང་ནི་ཡོན་ཏན་ཐིམ་པའི་ཚུལ། །སྐུ་ཉིད་སྐུ་ལ་རང་ཐིམ་པས། །གཟུགས་ཀུན་མི་རྟོག་ཆེན་པོར་ནི། །སྣང་བ་མེད་པར་མྱ་ངན་འདས། །རགས་པས་བསྡུས་པའི་འབྱུང་བ་དང་། །ཕྲ་བས་བཟུང་བའི་མ་རིག་སོགས། །འབྱེད་པ་མེད་པར་མྱ་ ངན་འདས། །སྐུ་རྣམས་རང་ངོར་ཐིམ་པས་ནི། །ཤེས་པའི་འབྱུང་ཆ་ཕྱིར་མ་ཤོར། །དཔེར་ན་བུམ་པའི་སྐུ་གཟུགས་བཞིན། །ནང་གསལ་ཕྱི་ཡི་འགྱུ་བ་རྣམས། །རང་བཞིན་མེད་པར་གནས་སུ་དག །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡང་ ནི་ཡོན་ཏན་འདི་ལྟ་བུ། །གཉིས་མེད་གཉིས་མེད་རང་ཐིམ་པས། །གྲངས་སུ་འཛིན་པའི་ཞེན་པ་རྣམས། །ཉག་གཅིག་སྤྲོས་དང་བྲལ་བར་ནི། །མི་གཉིས་གཅིག་པའི་ཚུལ་དུ་ནི། །རང་ཐིམ་ཉིད་དུ་མྱ་ངན་འདས། །གཉིས་སུ་སྣང་བ་རང་ ཐིམ་པས། །དཔེར་ན་ཆུ་བོ་ཆུ་བོ་ལ། །ཐིམ་པ་བཞིན་དུ་དབྱེར་མི་ཕྱེད། །དབྱེར་མེད་ཆེན་པོར་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །མ་འགགས་ཡོན་ཏན་འདི་ལྟ་བུ། །མཐའ་གྲོལ་ཉིད་ནི་མཐའ་གྲོལ་ལ། །རང་གི་ངོ་བོར་ རང་ཐིམ་པས། །སྐུ་གསུམ་འཛིན་པའི་རང་རྒྱུད་ཀུན། །ཡུལ་རྣམས་ཟད་པར་མྱ་ངན་འདས། །མཐའ་ཉིད་རང་དག་རང་ཐིམ་པས། །དཔེར་ན་ནམ་མཁའ་ནམ་མཁའ་ལ། །ཐིམ་པ་བཞིན་དུ་ངོས་བཟུང་མེད། །མུ་བཞིའི་རྟོག་ཞེན་རང་ འགགས་པས། །མི་གནས་ཆེན་པོར་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །སྣང་བའི་ཡོན་ཏན་འདི་ལྟ་བུ། །མ་དག་འཁོར་བ་རང་འཇུག་སྒོ། །ངོ་བོ་ཉིད་ཀྱི་དག་སྒོ་ལ། །སོང་བ་མེད་པའི་ཚུལ་དུ་ཐིམ། །དཔེར་ན་སྒྲ་ཡི་ཚོན་དྲག་རྣམས། ། བརྟུལ་བས་དབུས་སུ་རང་འདུས་ལྟར། །དབང་པོའི་སྤྱོད་ཡུལ་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །འདི་ལྟར་ཡོན་ཏན་ཆ་རྫོགས་པས། །དག་པ་ཡེ་ཤེས་ཉིད་ཀྱི་སྒོ། །ངོ་བོ་ཉིད་ལ་རང་ཐིམ་པས། །སྐུ་དང་ཡེ་ཤེས་མྱ་ངན་འདས། །དཔེར་ན་

[p. 187] ༄༅། །སེང་གེ་གངས་ཟིན་བཞིན། །མི་ལྡོག་འཇིགས་མེད་གདེང་རྣམས་རྙེད། །འདི་ཡང་ཡོན་ཏན་རིན་པོ་ཆེ། །འདི་ལྟར་ཡོན་ཏན་འབྱུང་ཚུལ་གྱིས། །གཅིག་པར་གནས་པའི་ཡེ་ཤེས་ནི། །མ་བཙལ་རང་གིས་རང་རྙེད་ པར། །སྔོན་ནས་དེ་ཡི་རང་བཞིན་ནོ། །ཞེས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་གཞི་གཏན་ལ་དབབ་པའི་རིམ་པ་སྟེ་རྡོ་རྗེའི་གནས་དང་པོ་རྒྱ་ཆེར་བཤད་པའོ།། །།

[edit]
OCR of the BDRC scans (I2PD20603), gorn05 tibocr 2026: BDRC OCR on 248 pages, Mitra OCR on 119 pages (the model with more recognisable syllables on each page).

[p. 404] བློས་བཏགས་འཁྲུལ་པའི་མིང་ཡང་མེད། སེམས་དང་ཡིད་དུ་མ་གྲུབ་པས། །འགྱུ་བྱེད་འཁྲུལ་པ་ངང་གིས་མེད། །ཕྲ་རགས་དྲི་མ་གཉིས་མེད་པས། །འབྱུང་རྐྱེན་འཁྲུལ་པ་ངང་གིས་མེད། བྱ་དང་བྱེད་པོ་གཉིས་མེད་པས། །ཡུལ་འཛིན་འཁྲུལ་པ་ག་ལ་ཡོད། །ཅེས་སོ། །འོན་ཀྱང་རང་ངོ་ཤེས་པའི་གྲོལ་རྐྱེན་བྱེད་པའི་ཆ་ནས་གྲོལ་གཞི་ཞེས་བཏགས་ལ། མ་ཤེས་ན་འཁྲུལ་རྐྱེན་བྱེད་པའི་ཆ་ནས་འཁྲུལ་གཞི་ཞེས་བཏགས་པ་ཡིན་ནོ། །དེ་ཡང་གཞི་སྣང་འདི་གྲོལ་གཞི་ཡིན་ལ། ཀ་དག་ནི་གྲོལ་ས་ཡིན་པས་འདི་གཉིས་ཀྱི་བྱེ་བྲག་ཕྱེད་པའང་ཤིན་ཏུ་གལ་ཆེ་སྟེ་ལེགས་པར་ཕྱེད་པ་ཤིན་ཏུ་ཉུང་ངོ་། །འདི་ལ་བརྟེན་ནས་འཁྲུལ་རྐྱེན་བྱེད་པས་འཁྲུལ་པར་བཏགས་པ་ནི་དུང་དཀར་པོ་ལ་སེར་པོར་འཁྲུལ་རྐྱེན་བྱས་པ་ལྟ་བུ་སྟེ། འཁྲུལ་པ་དངོས་མ་ཡིན་ཡང་རྐྱེན་བྱས་དུས་བཏགས་པ་ནི། མུ་ཏིག་ཕྲེང་བ་ལས། ཁྱད་པར་ཆེན་པོའི་སྣང་བ་ལས། །ཡོད་དང་མེད་པ་གཉིས་བྱུང་སྟེ། །སྤྱི་པ་འཁྲུལ་གཞི་ཞེས་བྱ་སྟེ། །མ་རིག་ཉིད་དང་སྦགས་པའི་ཕྱིར། །ཤེས་བྱ་ཉིད་ཀྱང་དྲི་མར་སྣང་། །ཞེས་དང་། དུང་ཡིག་ཅན་ལས། དེ་ལ་མ་ངེས་ལྷུན་གྲུབ་གཞི། །མ་རིག་གསུམ་དང་རྐྱེན་བཞི་དང་། །ཤེས་པས་སྦགས་པའི་འཁྲུལ་པའོ། །ཞེས་སོ། །དེ་ལྟ་བུའི་གཞི་སྣང་དེ་ལ་རང་ངོ་ལྷུན་གྲུབ་ཀྱི་སྣང་བ་ནམ་མཁའི་མཐའ་འཁོར་འདས་སུ་སྣང་བ་རྒྱ་ཆེ་ཞིང་རིག་མ་རིག་ལས་འཁོར་འདས་འབྱུང་བས་དབྱིངས་ཆེ་བའི་ཕྱིར་སྔོན་མེད་པའི་རང་སྣང་ཤོང་ཆེ་ལ་མཚར་ཆེ་བ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས།གསལ་བ་མངོན་སྣང་བརྗིད་རེ་ཆེ། །སྣང་བ་ཉིད་ནི་ལྷུན་རེ་སྟུག །ཆོས་སྐུ་ངོ་སྤྲོད་དང་རེ་སྤྲོ། །ངོ་བོ་ཟང་ཐལ་སྦུབས་རེ་ཡངས། །རང་བཞིན་ཀུན་ཁྱབ་གདལ་རེ་ཆེ། །

[p. 405] ཐུགས་རྗེ་ཀུན་འབྱུང་སྐྱེད་རེ་ཆེ། །ཁྱབ་པ་ཡེ་གདངས་བཀྲག་རེ་གསལ། །གནས་པ་ཐོགས་མེད་བང་རེ་མགྱོགས། །རིག་པའི་རང་གདངས་འོད་རེ་གསལ། །སྟོང་པ་ཀུན་འབྱུང་ངོ་རེ་མཚར། །མ་བཙལ་བཞག་པས་རྒྱུན་རེ་རིང་། །མ་བཀག་རང་འབྱུང་གདལ་རེ་ཆགས། །སྣང་སྲིད་བཞི་བཞེངས་དཔངས་རེ་མཐོ། །འབད་མེད་རང་གྲོལ་རྒྱ་རེ་ཆེ། །ཡེ་ཐོག་ཆེན་པོ་འཁོར་རེ་མཁས། །ཁ་དོག་ལྔ་ལྡན་བྲིས་རེ་ལེགས། །སྣང་སྲིད་རྣམ་དག་ཁོད་རེ་སྙོམས། །རང་བྱུང་འོད་གསལ་བཀོད་རེ་ལེགས། །གཞི་སྣང་ཆེན་པོ་ཤོང་རེ་ཆེ། །འཁོར་འདས་གཉིས་པོ་འབྲེལ་རེ་མཁས། །སྐུ་ལྔ་ཡེ་ཤེས་བརྩེགས་རེ་ལེགས། །ཞེས་སོ། །དོན་གསུམ་པ་ཀུན་ཏུ་བཟང་པོའི་གྲོལ་ལུགས་ནི་གཞི་ལས་འཕགས་པའི་སྐད་ཅིག་ལ་གཞི་སྣང་ལྷུན་གྲུབ་ཀྱི་སྒོ་བརྒྱད་རང་སྣང་དུ་ཤར་བ་སྟེ། གཞན་དུ་མ་བཟུང་བར་གཟུ་བོའི་བློས་རང་གདངས་སུ་ངོ་ཤེས་པས་འགྱུ་བ་རང་ཐོག་ཏུ་ཆོད་དེ་སྐད་ཅིག་དང་པོ་ལ་རང་སྣང་དུ་ཤར་བ་རང་ངོ་ཤེས་པས་རྟོགས་པ་སྐྱེས་ཏེ་བྱེ་བྲག་ཕྱེད། གཉིས་པ་ལ་འཁྲུལ་པ་སངས་ཤིང་ཡེ་ཤེས་རྒྱས་པས་གཞི་འབྲས་བུར་སྨིན་ཏེ་ངོ་བོ་ཡེ་སངས་རྒྱ་ལ་རྟོགས་པས་ཡང་སངས་རྒྱས་པ་ཞེས་བྱ། རང་སྣང་ཀ་དག་ཏུ་ཐིམ་ནས་གཞི་ཐོག་ཏུ་ཀུན་གྱི་སྔོན་རོལ་དུ་སངས་རྒྱས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཞེས་བྱ་སྟེ། ཐལ་འགྱུར་ལས། དེ་ལྟར་འཁོར་འདས་ཐོག་མཐའ་ལས། །སངས་རྒྱས་འཁྲུལ་པར་མ་གྱུར་པ། །གཞི་ལས་འཕགས་པའི་དབང་པོ་ཡིས། །རང་སྣང་རང་བཞིན་མེད་པར་ཤེས། །རྟོག་དཔྱོད་ཡིད་རྣམས་ཕྱིར་མ་ཤོར། །འགྱུ་བ་རང་ཐོག་ཆོད་པའོ། །དེ་ཡང་གནས་ལུགས་ཆེན་པོ་ལས། །འཁྲུལ་ཞེས་ཀ་ནས་དག་པ་ལ། །མ་འཁྲུལ་ཉིད་དུ་བཅོས་སུ་མེད། །མེད་སྣང་མཐོང་བ་མེད་པའི་ཆོས། །བྱས་བྱུང་རྟོག་པ་རང་

[p. 406] འགགས་སོ། །འཁྲུལ་ནས་དམིགས་པར་སྣང་བ་ཡིན། །རང་བཞིན་ཡེ་གདངས་མི་དམིགས་པས། །ཆོས་ཀུན་མཉམ་པར་རོ་གཅིག་གོ། །མི་མཛད་རྟོག་བྲལ་ཡེ་སངས་རྒྱས། །ཞེས་པ་དང་། རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། ཉུག་ཙམ་ལས་ནི་རིག་བྱུང་ནས། །ཝལ་གྱིས་གསལ་ནས་སྒྲོ་སྐུར་བྲལ། །ཞེས་པ་དང་། མཚན་བརྗོད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་སོ། །དེ་ཡང་གཞི་ནས་འཕགས་པའི་རིག་པ་ས་བོན་ལྟ་བུ་གྲོལ་འཁྲུལ་གང་བྱེད་མ་ངེས་པས་མ་སྨིན་པའི་རིག་པ་ཞེས་བྱ་སྟེ། སངས་རྒྱས་སུ་སྨིན་པར་བྱེད་པ་ནི་རྟོགས་པའི་ཤེས་རབ་ཀྱིས་བྱས་ཏེ། སྒྲོན་མ་འབར་བ་ལས། འབྲས་བུར་སྨིན་བྱེད་ཤེས་རབ་སྟེ། །ཤེས་རབ་སྐུ་རུ་སྨིན་པ་ཡི། །ངོ་བོ་ཉིད་ཀྱི་ཆོས་སྐུ་དེ། །ཡེ་ཤེས་ཆོས་ཀྱི་སྐུ་རུ་སྨིན། །དེ་ཡི་ཡེ་ཤེས་རྒྱུན་མི་འཆད། །སྐུ་དང་ཡེ་ཤེས་ལྷུན་གྲུབ་གསལ། །ཞེས་སོ། །དཔྱོད་བྱེད་ཕྱིར་མ་ཤོར་བས་རང་དུ་རྟོགས་པའི་ཚེ་གཟུ་བོའི་བློ་ཅན་ཏེ་ལྷུན་གྲུབ་ཐིམ་ཚུལ་དང་སྦྱར་ནས་ནང་གསལ་དུ་གནས་པ་ནི། སྒྲོན་མ་སྣང་བྱེད་ལས། ངེས་པ་མེད་པའི་ལྷུན་གྲུབ་ལས། །སྣ་ཚོགས་དུ་མ་ཤར་ཚུལ་ལ། །འགག་པ་མེད་པའི་རོལ་པ་ནི། །ཅིར་ཡང་མཛད་ཅིང་ཅིར་ཡང་འཆར། །ངེས་མེད་སྣང་བ་དུ་མའོ། །དེ་ཉིད་གཟུ་བོའི་བློ་ཅན་ལ། །མཐོང་བ་མ་འགགས་ནང་གསལ་ཏེ། །དེ་ལ་ངེས་པའི་ཆར་གཟུང་ངོ་། །ཞེས་སོ། །དེའི་ཚེ་ལྷུན་གྲུབ་ཀྱི་ཐིམ་ཚུལ་ནི། རིན་པོ་ཆེ་སྤུངས་པ་ལས། རོལ་པའི་རྩལ་ལས་ཐིམ་ལུགས་བརྒྱད། །ལྷུན་གྲུབ་ངེས་པ་མེད་པའི་གཞི། །ཡོན་ཏན་ཚུལ་དུ་འདི་ལྟ་བུ། །ཐུགས་རྗེ་ཉིད་ནི་ཐུགས་རྗེ་ལ། །རང་གི་ངོ་བོ་རང་ཐིམ་པས། །མ་བཞག་ཐོབ་པའི་ཚུལ་གྱིས་ནི། །མཛད་པ་མེད་པའི་ཀློང་དུ་འདས། །མི་མཛད་ཅི་ཡང་

[p. 407] ༄༅། །མ་ཡིན་པས། །བྱེད་སྤྱོད་ཐམས་ཅད་མྱ་ངན་འདས། །མ་བྱས་བྱེད་པར་སྣང་བྱེད་པས། །འདུས་བྱས་རྣམས་ནི་དག་པའི་ཀློང་། །དེ་ཉིད་རང་ལ་རང་ཐིམ་པས། །གཞན་དུ་སོང་བ་མ་ཡིན་ནོ། །དཔེར་ན་ཉི་མའི་ སྙིང་པོ་ལ། །རང་གི་ཟེར་རྣམས་རང་ཐིམ་ལྟར། །རང་གི་གདངས་དང་བཅས་པ་ཡི། །གཟིགས་སྣང་ཐམས་ཅད་མྱ་ངན་འདས། །འདི་ཀུན་ཡོན་ཏན་རིན་པོ་ཆེ། །རྐྱེན་ལ་མི་གནས་རང་སའོ། །རང་འོད་རང་ལ་ཐིམ་པ་ནི། །འདི་ཡང་ ཡོན་ཏན་ཆེན་པོར་ཤར། །རང་གི་ངོ་བོ་རྣམ་དག་པས། །མཚན་མར་འཛིན་པའི་ཞེན་ཡུལ་འགག །ཕྱི་རོལ་འབྱུང་བཞི་རགས་པར་ཡང་། །འདིར་མི་སྣང་སྟེ་ཞེན་པ་ལོག །རང་དག་སྟོང་པ་ཆེན་པོ་ལས། །ཁ་དོག་བདག་འཛིན་མྱ་ ངན་འདས། །འདི་ཡང་གཞན་དུ་སོང་བ་མེད། །རང་གི་ངོ་བོར་རང་ཐིམ་པས། །སྣང་བ་ཐམས་ཅད་མྱ་ངན་འདས། །འོད་ཀྱི་དཀྱིལ་འཁོར་རང་ཐིམ་པས། །དཔེར་ན་ནམ་མཁའི་འཇའ་ཚོན་བཞིན། །ནམ་མཁའ་ཉིད་ལ་རང་ ཡལ་ལྟར། །མི་འབྱེད་ཆེན་པོའི་ཀློང་དུ་ནི། །འཛིན་ཆགས་ཐམས་ཅད་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡོན་ཏན་འཆར་ཚུལ་འདི་ལྟ་བུ། །ཡེ་ཤེས་ཉིད་ལ་ཡེ་ཤེས་ཉིད། །རང་གི་ངོ་བོར་རང་ཐིམ་པས། ། ཤེས་པའི་འཛིན་རྟོག་དྲན་བསམ་ནི། །རང་གནས་མཉམ་པ་ཉིད་ཀློང་དུ། །ཐམས་ཅད་གཉིས་མེད་མྱ་ངན་འདས། །སོ་སོའི་ཡེ་ཤེས་སྣང་ཆ་ཡང་། །བྱས་པ་མེད་པའི་ཀློང་དཀྱིལ་དུ། །ནུབ་པ་མེད་པར་མྱ་ངན་འདས། ། དེ་ཉིད་རང་ལ་རང་ཐིམ་པས། །ཡེ་ཤེས་རོལ་པ་སྣ་ཚོགས་ཀུན། །རང་ངོ་མ་ལ་ཐིམ་པ་ནི། །དཔེར་ནམ་པང་བུ་འཇུག་བཞིན། །རང་གི་ཡེ་ཤེས་རང་ཡིད་ཆེས། །རང་གི་རང་བཞིན་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །

[p. 408] ཡང་ནི་ཡོན་ཏན་ཐིམ་པའི་ཚུལ། །སྐུ་ཉིད་སྐུ་ལ་རང་ཐིམ་པས། །གཟུགས་ཀུན་མི་རྟོག་ཆེན་པོར་ནི། །སྣང་བ་མེད་པར་མྱ་ངན་འདས། །རགས་པས་བསྡུས་པའི་འབྱུང་བ་དང་། །ཕྲ་བས་བཟུང་བའི་མ་རིག་སོགས། །འབྱེད་པ་མེད་པར་མྱ་ངན་འདས། སྐུ་རྣམས་རང་ངོར་ཐིམ་པས་ནི། །ཤེས་པའི་འབྱུང་ཆ་ཕྱིར་མ་ཤོར། །དཔེར་ན་བུམ་པའི་སྐུ་གཟུགས་བཞིན། །ནང་གསལ་ཕྱི་ཡི་འགྱུ་བ་རྣམས། །རང་བཞིན་མེད་པར་གནས་སུ་དག །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡང་ནི་ཡོན་ཏན་འདི་ལྟ་བུ། །གཉིས་མེད་གཉིས་མེད་རང་ཐིམ་པས། །གྲངས་སུ་འཛིན་པའི་ཞེན་པ་རྣམས། །ཉག་གཅིག་སྤྲོས་དང་བྲལ་བར་ནི། །མི་གཉིས་གཅིག་པའི་ཚུལ་དུ་ནི། །རང་ཐིམ་ཉིད་དུ་མྱ་ངན་འདས། །གཉིས་སུ་སྣང་བ་རང་ཐིམ་པས། །དཔེར་ན་ཆུ་བོ་ཆུ་བོ་ལ། །ཐིམ་པ་བཞིན་དུ་དབྱེར་མི་ཕྱེད། །དབྱེར་མེད་ཆེན་པོར་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པ་ཆེ། །མ་འགགས་ཡོན་ཏན་འདི་ལྟ་བུ། །མཐའ་གྲོལ་ཉིད་ནི་མཐའ་གྲོལ་ལ། །རང་གི་ངོ་བོར་རང་ཐིམ་པས། །སྐུ་གསུམ་འཛིན་པའི་རང་རྒྱུད་ཀུན། །ཡུལ་རྣམས་ཟད་པར་མྱ་ངན་འདས། །མཐའ་ཉིད་རང་དག་རང་ཐིམ་པས། །དཔེར་ན། ནམ་མཁའ་ནམ་མཁའ་ལ། །ཐིམ་པ་བཞིན་དུ་ངོས་གཟུང་མེད། །མུ་བཞིའི་ཏོག་ཞེན་རང་འགགས་པས། །མི་གནས་ཆེན་པོར་མྱ་ངན་འདས། འདི་ཡང་ཡོན་ཏན་རིན་པོ་ཆེ། །སྣང་བའི་ཡོན་ཏན་འདི་ལྟ་བུ། །མ་དག་འཁོར་བ་རང་འཇུག་སྒོ། །ངོ་བོ་ཉིད་ཀྱི་དག་སྒོ་ལ། །སོང་བ་མེད་པའི་ཚུལ་དུ་ཐིམ། །དཔེར་ན་སྒྲ་ཡི་ཚོན་ཐག་རྣམས། །བརྟུལ་བས་དབུས་སུ་རང་འདུས་ལྟར། །དབང་པོའི་སྤྱོད་ཡུལ་མྱ་ངན་འདས། །འདི་ཡང། ཡོན་ཏན་རིན་པོ་ཆེ། །འདི་ལྟར་ཡོན་ཏན་ཆ་རྫོགས་པས། །དག་པ་ཡེ་ཤེས་ཉིད་ཀྱི་སྒོ། །ངོ་བོ་ཉིད་ལ་རང་ཐིམ་པས། །སྐུ་དང་ཡེ་ཤེས་མྱ་ངན་འདས། །དཔེར་ན་

[p. 409] སེང་གེ་གངས་ཟིན་བཞིན། །མི་ལྡོག་འཇིགས་མེད་གདེང་རྣམས་རྙེད། །འདི་ཡང་ཡོན་ཏན་རིན་པོ་ཆེ། །འདི་ལྟར་ཡོན་ཏན་འབྱུང་ཚུལ་གྱིས། །གཅིག་པར་གནས་པའི་ཡེ་ཤེས་ནི། །མ་བཙལ་རང་གིས་རང་རྙེད་ པར། །སྔོན་ནས་དེ་ཡི་རང་བཞིན་ནོ། །ཞེས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་གཞི་གཏན་ལ་དབབ་པའི་རིམ་པ་སྟེ་རྡོ་རྗེའི་གནས་དང་པོ་རྒྱ་ཆེར་བཤད་པའོ།། །།

[edit]
OCR of the BDRC scans (I3CN4959), gorn05 tibocr 2026: BDRC OCR on 159 pages, Mitra OCR on 256 pages (the model with more recognisable syllables on each page).

[p. 62] བློས་བཏགས་འཁྲུལ་ བའི་མིང་ཡང་མེད། །སེམས་དང་ཡིད་དུ་མ་གྲུབ་པས། །འགྱུ་བྱེད་འཁྲུལ་པ་ངང་ གིས་མེད། །ཕྲ་རགས་དྲི་མ་གཉིས་མེད་པས། །འབྱུང་རྐྱེན་འཁྲུལ་བ་ངང་གིས་མེད། ། བྱ་དང་བྱེད་པོ་གཉིས་མེད་པས། །ཡུལ་འཛིན་འཁྲུལ་བ་ག་ལ་ཡོད། །ཅེས་སོ། ། འོན་ཀྱང་རང་ངོ་ཤེས་པའི་གྲོལ་རྐྱེན་བྱེད་པའི་ཆ་ནས་གྲོལ་གཞི་ཞེས་བཏགས་ལ། མ་ཤེས་ན་འཁྲུལ་རྐྱེན་བྱེད་པའི་ཆ་ནས་འཁྲུལ་གཞི་ཞེས་བཏགས་པ་ཡིན་ནོ། །དེ་ ཡང་གཞི་སྣང་འདི་གྲོལ་གཞི་ཡིན་ལ། ཀ་དག་ནི་གྲོལ་ས་ཡིན་པས་འདི་གཉིས་ཀྱི་ བྱེ་བྲག་ཕྱེད་པའང་ཤིན་ཏུ་གལ་ཆེ་སྟེ་ལེགས་པར་ཕྱེད་པ་ཤིན་ཏུ་ཉུང་ངོ། །འདི་ལ་ བརྟེན་ནས་འཁྲུལ་རྐྱེན་བྱེད་པས་འཁྲུལ་པར་བཏགས་པ་ནི་དུང་དཀར་པོ་ལ་སེར་ པོར་འཁྲུལ་རྐྱེན་བྱས་པ་ལྟ་བུ་སྟེ། འཁྲུལ་པ་དངོས་མ་ཡིན་ཡང་རྐྱེན་བྱས་དུས་ བཏགས་པ་ནི། མུ་ཏིག་ཕྲེང་བ་ལས། ཁྱད་པར་ཆེན་པོའི་སྣང་བ་ལས། །ཡོད་དང་ མེད་པ་གཉིས་བྱུང་སྟེ། །སྤྱི་ལ ༤་འཁྲུལ་གཞི་ཞེས་བྱ་སྟེ། །མ་རིག་ཉིད་དང་སྤགས་ པའི་ཕྱིར། །ཤེས་བྱ་ཉིད་ཀྱང་དྲི་མར་སྣང་། །ཞེས་དང་། དུང་ཡིག་ཅན་ལས། དེ་ ལ་མ་ངེས་ལྷུན་གྲུབ་གཞི། །མ་རིག་གསུམ་དང་རྐྱེན་བཞི་དང་། །ཤེས་པས་སྤགས་ པའི་འཁྲུལ་བའོ། །ཞེས་སོ། །དེ་ལྟ་བུའི་གཞི་སྣང་དེ་ལ་རང་ངོ་ལྷུན་གྲུབ་ཀྱི་སྣང་

[p. 63] ༈ ཚིག་དོན་རིན་པོ་ཆེའི་མཛོད། བ་ནམ་མཁའི་མཐའ་འཁོར་འདས་སུ་སྣང་བ་རྒྱ་ཆེ་ཞིང་རིག་མ་རིག་ལས་འཁོར་ འདས་འབྱུང་བས་དབྱིངས་ཆེ་བའི་ཕྱིར་སྔོན་མེད་པའི་རང་སྣང་ཤོང་ཆེ་ལ་མཚར་ ཆེ་བ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། གསལ་བ་མངོན་སྣང་བརྗིད་རེ་ཆེ། །སྣང་ བ་ཉིད་ནི་ལྷུན་རེ་སྟུག །ཆོས་སྐུ་ངོ་སྤྲོད་དང་རེ་སྤྲོ། །ངོ་བོ་ཟང་ཐལ་སྦུབས་རེ་ ཡངས། །རང་བཞིན་ཀུན་ཁྱབ་གདལ་རེ་ཆེ། །ཐུགས་རྗེ་ཀུན་འབྱུང་སྐྱིད་རེ་ཆེ། ། ཁྱབ་པ་ཡེ་གདངས་བཀྲག་རེ་གསལ། །གནས་པ་ཐོགས་མེད་བང་རེ་མགྱོགས། ། རིག་པའི་རང་གདངས་འོད་རེ་གསལ། །སྟོང་པ་ཀུན་འབྱུང་ངོ་རེ་མཚར། །མ་ བཙལ་བཞག་པས་རྒྱུན་རེ་རིང་། །མ་བཀག་རང་འབྱུང་གདལ་རེ་ཆགས། །སྣང་ སྲིད་གཞི་བཞེངས་དཔངས་རེ་མཐོ། །འབད་མེད་རང་གྲོལ་རྒྱ་རེ་ཆེ། །ཡེ་ཐོག་ཆེན་ པོ་འཁོར་རེ་མཁས། །ཁ་དོག་ལྔ་ལྡན་བྲིས་རེ་ལེགས། །སྣང་སྲིད་རྣམ་དག་ཁོད་རེ་ སྙོམས། །རང་བྱུང་འོད་གསལ་བཀོད་རེ་ལེགས། །གཞི་སྣང་ཆེན་པོ་ཤོང་རེ་ཆེ། ། འཁོར་འདས་གཉིས་པོ་འབྲེལ་རེ་མཁས། །སྐུ་ལྔ་ཡེ་ཤེས་བརྩེགས་རེ་ལེགས། ། ཞེས་སོ། ། དོན་གསུམ་པ་ཀུན་ཏུ་བཟང་པོའི་གྲོལ་ལུགས་ནི་གཞི་ལས་འཕགས་པའི་སྐད་ཅིག་ ལ་གཞི་སྣང་ལྷུན་གྲུབ་ཀྱི་སྒོ་བརྒྱད་རང་སྣང་དུ་ཤར་བ་སྟེ། གཞན་དུ་མ་བཟུང་ བར་གཟུ་བོའི་བློས་རང་གདངས་སུ་ངོ་ཤེས་པས་འགྱུ་བ་རང་ཐོག་ཏུ་ཆོད་དེ་སྐད་ ཅིག་དང་པོ་ལ་རང་སྣང་དུ་ཤར་བ་རང་ངོ་ཤེས་པས་རྟོགས་པ་སྐྱེས་ཏེ་བྱེ་བྲག་ཕྱེད། གཉིས་པ་ལ་འཁྲུལ་པ་སངས་ཤིང་ཡེ་ཤེས་རྒྱས་པས་གཞི་འབྲས་བུར་སྨིན་ཏེ་ངོ་བོ་ ཡེ་སངས་རྒྱ་ལ་རྟོགས་པས་ཡང་སངས་རྒྱས་པ་ཞེས་བྱ། རང་སྣང་ཀ་དག་ཏུ་ཐིམ་ ནས་གཞི་ཐོག་ཏུ་ཀུན་གྱི་སྔོན་རོལ་དུ་སངས་རྒྱས་པའི་སྟོན་པ་ཀུན་ཏུ་བཟང་པོ་

[p. 64] ༈ རྡོ་རྗེའི་གནས་དང་པོ་གཞི་གཏན་ལ་དབབ་པའི་རིམ་པ་རྒྱ་ཆེར་བཤད་པ། ཞེས་བྱ་སྟེ། ཐལ་འགྱུར་ལས། དེ་ལྟར་འཁོར་འདས་ཐོག་མཐའ་ལས། །སངས་ རྒྱས་འཁྲུལ་པར་མ་གྱུར་པ། །གཞི་ལས་འཕགས་པའི་དབང་པོ་ཡིས། །རང་སྣང་ རང་བཞིན་མེད་པར་ཤེས། །རྟོག་དཔྱོད་ཡིད་རྣམས་ཕྱིར་མ་ཤོར། །འགྱུ་བ་རང་ ཐོག་ཆོད་པའོ། །དེ་ཡང་གནས་ལུགས་ཆེན་པོ་ལས། །འཁྲུལ་ཞེས་ཀ་ནས་དག་པ་ ལ༑ ༑མ་འཁྲུལ་ཉིད་དུ་བཅོས་སུ་མེད། །མེད་སྣང་མཐོང་བ་མེད་པའི་ཆོས། །བྱས་ བྱུང་རྟོག་པ་རང་འགགས་སོ། །འཁྲུལ་ནས་དམིགས་པར་སྣང་བ་ཡིན། །རང་ བཞིན་ཡེ་གདངས་མི་དམིགས་པས། །ཆོས་ཀུན་མཉམ་པར་རོ་གཅིག་གོ། །མི་ མཛད་རྟོགས་བྲལ་ཡེ་སངས་རྒྱས། །ཞེས་པ་དང་། རང་བྱུང་བདེ་བ་འཁོར་ལོའི་ རྒྱུད་ལས། ཉུག་ཙམ་ལས་ནི་རིག་བྱུང་ནས། །ཝལ་གྱིས་གསལ་ནས་སྒྲོ་སྐུར་བྲལ། ། ཞེས་པ་དང་། མཚན་བརྗོད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་ གཅིག་གིས་རྫོགས་སངས་རྒྱས། །ཞེས་སོ། །དེ་ཡང་གཞི་ནས་འཕགས་པའི་རིག་ པ་ས་བོན་ལྟ་བུ་གྲོལ་འཁྲུལ་གང་བྱེད་མ་ངེས་པས་མ་སྨིན་པའི་རིག་པ་ཞེས་བྱ་སྟེ། སངས་རྒྱས་སུ་སྨིན་པར་བྱེད་པ་ནི་རྟོགས་པའི་ཤེས་རབ་ཀྱིས་བྱས་ཏེ། སྒྲོན་མ་ འབར་བ་ལས། འབྲས་བུར་སྨིན་བྱེད་ཤེས་རབ་སྟེ། །ཤེས་རབ་སྐུ་རུ་སྨིན་པ་ཡི། ། ངོ་བོ་ཉིད་ཀྱི་ཆོས་སྐུ་དེ། །ཡེ་ཤེས་ཆོས་ཀྱི་སྐུ་རུ་སྨིན། །དེ་ཡི་ཡེ་ཤེས་རྒྱུན་མི་འཆད། ། སྐུ་དང་ཡེ་ཤེས་ལྷུན་གྲུབ་གསལ། །ཞེས་སོ། །དཔྱོད་བྱེད་ཕྱིར་མ་ཤོར་བས་རང་དུ་ རྟོགས་པའི་ཚེ་གཟུ་བོའི་བློ་ཅན་ཏེ་ལྷུན་གྲུབ་ཐིམ་ཚུལ་དང་སྦྱར་ནས་ནང་གསལ་དུ་ གནས་པ་ནི། སྒྲོན་མ་སྣང་བྱེད་ལས། ངེས་པ་མེད་པའི་ལྷུན་གྲུབ་ལས། །སྣ་ ཚོགས་དུ་མ་ཤར་ཚུལ་ལ། །འགག་པ་མེད་པའི་རོལ་བ་ནི། །ཅིར་ཡང་མཛད་ཅིང་ ཅིར་ཡང་འཆར། །ངེས་མེད་སྣང་བ་དུ་མའོ། །དེ་ཉིད་གཟུ་བོའི་བློ་ཅན་ལ། །མཐོང་

[p. 65] ། ཚིག་དོན་རིན་པོ་ཆེའི་མཛོད། བ་མ་འགགས་ནང་གསལ་ཏེ། །དེ་ལ་ངེས་པའི་ཆར་གཟུང་ངོ་། །ཞེས་སོ། །དེའི་ཚེ་ ལྷུན་གྲུབ་ཀྱི་ཐིམ་ཚུལ་ནི། །རིན་པོ་ཆེ་སྤུངས་པ་ལས། །རོལ་པའི་རྩལ་ལས་ཐིམ་ ལུགས་བརྒྱད། །ལྷུན་གྲུབ་ངེས་པ་མེད་པའི་གཞི། །ཡོན་ཏན་ཚུལ་དུ་འདི་ལྟ་བུ། ། ཐུགས་རྗེ་ཉིད་ནི་ཐུགས་རྗེ་ལ། །རང་གི་ངོ་བོ་རང་ཐིམ་པས། །མ་བཞག་ཐོབ་པའི་ ཚུལ་གྱིས་ནི། །མཛད་པ་མེད་པའི་ཀློང་དུ་འདས། །མི་མཛད་ཅི་ཡང་མ་ཡིན་པས། ། བྱེད་སྤྱོད་ཐམས་ཅད་མྱ་ངན་འདས། །མ་བྱས་བྱེད་པར་སྣང་བྱེད་པས། །འདུས་ བྱས་རྣམས་ནི་དག་པའི་ཀློང་། །དེ་ཉིད་རང་ལ་རང་ཐིམ་པས། །གཞན་དུ་སོང་བ་ མ་ཡིན་ནོ། །དཔེར་ན་ཉི་མའི་སྙིང་པོ་ལ། །རང་གི་ཟེར་རྣམས་རང་ཐིམ་ལྟར། ། རང་གི་གདངས་དང་བཅས་པ་ཡི། །གཟིགས་སྣང་ཐམས་ཅད་མྱ་ངན་འདས། ། འདི་ཀུན་ཡོན་ཏན་རིན་པོ་ཆེ། རྐྱེན་ལ་མི་གནས་རང་སའོ། །རང་འོད་རང་ལ་ཐིམ་ པ་ནི། །འདི་ཡང་ཡོན་ཏན་ཆེན་པོར་ཤར། །རང་གི་ངོ་བོ་རྣམ་དག་པས། །མཚན་ མར་འཛིན་པའི་ཞེན་ཡུལ་འགག །ཕྱི་རོལ་འབྱུང་བཞི་རགས་པར་ཡང་། །འདིར་ མི་སྣང་སྟེ་ཞེན་པ་ལོག །རང་དག་སྟོང་པ་ཆེན་པོ་ལས། །ཁ་དོག་བདག་འཛིན་མྱ་ ངན་འདས། །འདི་ཡང་གཞན་དུ་སོང་བ་མེད། །རང་གི་ངོ་བོ་རང་ཐིམ་པས། །སྣང་ བ་ཐམས་ཅད་མྱ་ངན་འདས། །འོད་ཀྱི་དཀྱིལ་འཁོར་རང་ཐིམ་པས། །དཔེར་ན་ ནམ་མཁའི་འཇའ་ཚོན་བཞིན། །ནམ་མཁའ་ཉིད་ལ་རང་ཡལ་ལྟར། །མི་འབྱེད་ ཆེན་པོའི་ཀློང་དུ་ནི། །འཛིན་ཆགས་ཐམས་ཅད་མྱ་ངན་འདས། །འདི་ཡང་ཡོན་ ཏན་རིན་པོ་ཆེ། །ཡོན་ཏན་འཆར་ཚུལ་འདི་ལྟ་བུ། །ཡེ་ཤེས་ཉིད་ལ་ཡེ་ཤེས་ཉིད། ། རང་གི་ངོ་བོར་རང་ཐིམ་པས། །ཤེས་པའི་འཛིན་རྟོག་དྲན་བསམ་ནི། །རང་གནས་ མཉམ་པ་ཉིད་ཀློང་དུ། །ཐམས་ཅད་གཉིས་མེད་མྱ་ངན་འདས། །སོ་སོའི་ཡེ་ཤེས་

[p. 66] ༈ རྡོ་རྗེའི་གནས་དང་པོ་གཞི་གཏན་ལ་དབབ་པའི་རིམ་པ་རྒྱ་ཆེར་བཤད་པ། སྣང་ཆ་ཡང་། །བྱས་པ་མེད་པའི་ཀློང་དཀྱིལ་དུ། །ནུབ་པ་མེད་པར་མྱ་ངན་འདས། ། དེ་ཉིད་རང་ལ་རང་ཐིམ་པས། །ཡེ་ཤེས་རོལ་བ་སྣ་ཚོགས་ཀུན། །རང་ངོ་མ་ལ་ ཐིམ་པ་ནི། །དཔེར་ན་མ་པང་བུ་འཇུག་བཞིན། །རང་གི་ཡེ་ཤེས་རང་ཡིད་ཆེས། ། རང་གི་རང་བཞིན་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡང་ནི་ཡོན་ ཏན་ཐིམ་པའི་ཚུལ། །སྐུ་ཉིད་སྐུ་ལ་རང་ཐིམ་པས། །གཟུགས་ཀུན་མི་རྟོག་ཆེན་ པོར་ནི། །སྣང་བ་མེད་པར་མྱ་ངན་འདས། རགས་པས་བསྡུས་པའི་འབྱུང་བ་དང་། ། ཕྲ་བས་བཟུང་བའི་མ་རིག་སོགས། །འབྱེད་པ་མེད་པར་མྱ་ངན་འདས་། །སྐུ་རྣམས་ རང་ངོར་ཐིམ་པས་ནི། །ཤེས་པའི་འབྱུང་ཆ་ཕྱིར་མ་ཤོར། །དཔེར་ན་བུམ་པའི་སྐུ་ གཟུགས་བཞིན། །ནང་གསལ་ཕྱི་ཡི་འགྱུ་བ་རྣམས། །རང་བཞིན་མེད་པར་གནས་ སུ་དག །འདི་ཡང་ཡོན་ཏན་རིན་བོ་ཆེ། །ཡང་ནི་ཡོན་ཏན་འདི་ལྟ་བུ། །གཉིས་མེད་ གཉིས་མེད་རང་ཐིམ་པས། །གྲངས་སུ་འཛིན་པའི་ཞེན་པ་རྣམས། །ཉག་གཅིག་ སྤྲོས་དང་བྲལ་བར་ནི། །མི་གཉིས་གཅིག་པའི་ཚུལ་དུ་ནི། །རང་ཐིམ་ཉིད་དུ་མྱ་ ངན་འདས། །གཉིས་སུ་སྣང་བ་རང་ཐིམ་པས། །དཔེར་ན་ཆུ་བོ་ཆུ་བོ་ལ། །ཐིམ་པ་ བཞིན་དུ་དབྱེར་མི་ཕྱེད། །དབྱེར་མེད་ཆེན་པོར་མྱ་ངན་འདས། །འདི་ཡང་ཡོན་ཏན་ རིན་པོ་ཆེ། །མ་འགགས་ཡོན་ཏན་འདི་ལྟ་བུ། །མཐའ་གྲོལ་ཉིད་ནི་མཐའ་གྲོལ་ལ། ། རང་གི་ངོ་བོར་རང་ཐིམ་པས། །སྐུ་གསུམ་འཛིན་པའི་རང་རྒྱུད་ཀུན། །ཡུལ་རྣམས་ ཟད་པར་མྱ་ངན་འདས། །མཐའ་ཉིད་རང་དག་རང་ཐིམ་པས། །དཔེར་ནན་ནམ་ མཁའ་ནམ་མཁའ་ལ། །ཐིམ་པ་བཞིན་དུ་ངོས་གཟུང་མེད། །མུ་བཞིའི་རྟོག་ཞེན་ རང་འགགས་པས། །མི་གནས་ཆེན་པོར་མྱ་ངན་འདས། འདི་ཡང་ཡོན་ཏན་རིན་ པོ་ཆེ། །སྣང་བའི་ཡོན་ཏན་འདི་ལྟ་བུ། །དམ་དག་འཁོར་བ་རང་འཇུག་སྒོ། །ངོ་བོ་

[p. 67] ༈ ཚིག་དོན་རིན་པོ་ཆེའི་མཛོད། ཉིད་ཀྱི་དག་སྒོ་ལ། །སོང་བ་མེད་པའི་ཚུལ་དུ་ཐིམ། །དཔེར་ན་སྤྲ་ཡི་ཆོན་ཐག་ རྣམས། །བརྟུལ་བས་དབུས་སུ་རང་འདུས་ལྟར། །དབང་པོའི་སྤྱོད་ཡུལ་མྱ་ངན་ འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །འདི་ལྟར་ཡོན་ཏན་ཆ་རྫོགས་པས། །དག་ པ་ཡེ་ཤེས་ཉིད་ཀྱི་སྒོ། །ངོ་བོ་ཉིད་ལ་རང་ཐིམ་པས། །སྐུ་དང་ཡེ་ཤེས་མྱ་ངན་འདས། ། དཔེར་ན་སེང་གེ་གངས་ཟིན་བཞིན། །མི་ལྡོག་འཇིགས་མེད་གདེང་རྣམས་རྙེད། ། འདི་ཡང་ཡོན་ཏན་རིན་པོ་ཆེ། །འདི་ལྟར་ཡོན་ཏན་འབྱུང་ཚུལ་གྱིས། །གཅིག་པར་ གནས་པའི་ཡེ་ཤེས་ནི། །མ་བཙལ་རང་གིས་རང་རྙེད་པར། །སྔོན་ནས་དེ་ཡི་རང་ བཞིན་ནོ། །ཞེས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་གཞི་གཏན་ལ་དབབ་ པའི་རིམ་པ་སྟེ་རྡོ་རྗེའི་གནས་དང་པོ་རྒྱ་ཆེར་བཤད་པའོ།། །།

[edit]
OCR of the BDRC scans (I8LS32911), gorn05 tibocr 2026: BDRC OCR on 307 pages, Mitra OCR on 201 pages (the model with more recognisable syllables on each page).

[p. 33] བྱུང་ཚུལ་འགག་པ་མེད་

[p. 34] ༄༅། །བྱེ་བྲག་ཕྱེད་པའང་ཤིན་ཏུ་གལ་ཆེ་སྟེ་ལེགས་པར་ཕྱེད་པ་ཤིན་ཏུ་ཉུང་ངོ་། །འདི་ལ་བརྟེན་ནས་འཁྲུལ་རྐྱེན་བྱེད་པས་འཁྲུལ་པར་བཏགས་པ་ནི་དུང་དཀར་པོ་ལ་སེར་ པོར་འཁྲུལ་རྐྱེན་བྱས་པ་ལྟ་བུ་སྟེ། འཁྲུལ་པ་དངོས་མ་ཡིན་ཡང་རྐྱེན་བྱས་དུས་བཏགས་པ་ནི། མུ་ཏིག་ཕྲེང་བ་ལས། ཁྱད་པར་ཆེན་པོའི་སྣང་བ་ལས། །ཡོད་དང་མེད་པ་གཉིས་བྱུང་སྟེ།། སྤྱི་ས་འཁྲུལ་གཞི་ཞེས་བྱ་སྟེ། །མ་རིག་ཉིད་དང་སྦགས་པའི་ཕྱིར། །ཤེས་བྱ་ཉིད་ཀྱང་དྲི་མར་སྣང་། །ཞེས་དང་། དུང་ཡིག་ཅན་ལས། དེ་ལ་མ་ངེས་ལྷུན་གྲུབ་གཞི། །མ་རིག་གསུམ་དང་རྐྱེན་བཞི་ དང༑ ཤེས་པས་སྦགས་པའི་འཁྲུལ་པའོ། །ཞེས་སོ། །དེ་ལྟ་བུའི་གཞི་སྣང་དེ་ལ་རང་ངོ་ལྷུན་གྲུབ་ཀྱི་སྣང་བ་ནམ་མཁའི་མཐའ་འཁོར་འདས་སུ་སྣང་བ་རྒྱ་ཆེ་ཞིང་རིག་མ་རིག་ལས་འཁོར་འདས་འབྱུང་བས་ དབྱིངས་ཆེ་བའི་ཕྱིར་སྔོན་མེད་པའི་རང་སྣང་ཤོང་ཆེ་ལ་མཚར་ཆེ་བ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས།གསལ་བ་མངོན་སྣང་བརྗིད་རེ་ཆེ། །སྣང་བ་ཉིད་ནི་ལྷུན་རེ་སྟུག །ཆོས་སྐུ་ངོ་སྤྲོད་དང་རེ་སྤྲོ། །ངོ་བོ་ ཟང་ཐལ་སྦུབས་རེ་ཡངས། །རང་བཞིན་ཀུན་ཁྱབ་གདལ་རེ་ཆེ། །ཐུགས་རྗེ་ཀུན་འབྱུང་སྐྱེད་རེ་ཆེ། །ཁྱབ་པ་ཕོ་གདབས་བཀྲག་རེ་གསལ། །གནས་པ་ཐོགས་མེད་དབང་རེ་མགྱོགས། །རིག་པའི་རང་

[p. 35] སྐུའི་སྣང་ལུགས་སྲིད་དོ། །དེའི་ཐུགས་རྗེའི་གོ་མ་འགགས་པ་ལས་མ་དག་པའི་སྣང་ལུགས་བྱུང་ངོ་ཞེས་སོ། །དེ་ལྟར་གཞི་སྣང་ལ་ལྷུན་གྲུབ་ཀྱི་སྒོ། ཡོད་པས་དག་པའི་ཞིང་དང་མ་དག་པའི་འཁྲུལ་སྣང་མཐོང་ བའི་གནད་ཀྱང་འདི་ལ་ཐུག་གོ། གསུམ་པ་རྣམ་པས་དོན་བསྡུ་བ་ནི། དེ་ལྟ་བུའི་གཞི་སྣང་དེའི་རང་ངོ་ལ་སྣང་ཚུལ་དེ་ལྟར་སྣང་ཡང་འཁྲུལ་མ་འཁྲུལ་གང་དུའང་མ་གྲུབ་སྟེ། མུ་ཏིག་ཕྲད་པ་ལས། གྲྭ་ཞི་ སྣང་ཆེན་པོ་དེ་ཉིད་ལ། །མ་རིག་པ་ཞེས་བཏགས་མེད་པས། །འཁྲུལ་པར་གྲུབ་པ་ཡོད་མ་ཡིན། །བློ་ཞེས་ཀུན་དུ་མ་བཏགས་པས། །དྲི་མ་འཁྲུལ་པའི་སྲིད་ཡང་མེད། །མིང་དང་ཡི་གེའི་ཚོགས་མེད་པས། ། བཏགས་པའི་འཁྲུལ་པ་ཡོད་མ་ཡིན། །ཆོས་ཞེས་མེད་དུ་མ་གྲགས་པས། །བློས་བཏགས་འཁྲུལ་པའི་མིང་ཡང་མེད། །སེམས་དང་ཡིད་དུ་མ་གྲུབ་པས། །འགྱུ་རེད་འཁྲུལ་པ་དང་གིས་མེད། །ཕྲ་ རགས་དྲི་མ་གཉིས་མེད་པས། །འབྱུང་རྐྱེན་འཁྲུལ་པ་དང་གིས་མེད། །གྱ་དང་བྱེད་པོ་གཉིས་མེད་པས། །ཡུལ་འཛིན་འཁྲུལ་པ་ག་ལ་ཡོད། །གཙོས་སོ། །འོན་ཀྱང་རང་ངོ་ཞེས་པའི་གྲོལ་རྐྱེན་བྱེད་པའི་ཆུ་ ནས་གྲོལ་གཞི་ཞེས་བཏགས་ལ། མ་ཤེས་ན་འཁྲུལ་རྐྱེན་བྱེད་པའི་ཆ་ནས་འཁྲུལ་གཞི་ཞེས་བཏགས་པ་ཡིན་ནོ། །དེ་ཡང་གཞི་སྣང་འདི་གྲོལ་གཞི་ཡིན་ལ། །ཀ་དག་ནི་གྲོལ་ས་ཡིན་དང་ས་འདི་གཉིས་ཀྱི་

[p. 36] །པར་ཤེས། །རྟོག་དཔྱོད་ཡིད་རྣམས་ཕྱིར་མ་ཤོར། །འགྱུ་བ་རང་ཐོག་ཆོད་པའོ། །དེ་ཡང་གནས་ལུགས་ཆེན་པོ་ལས། །འཁྲུལ་ཞེས་ཀ་ནས་དག་པ་ལ། །མ་འཁྲུལ་ ཉིད་དུ་བཅོས་སུ་མེད། །མེད་སྣང་མཐོང་བ་མེད་པའི་ཆོས། །བྱས་བྱུང་རྟོག་པ་རང་འགགས་སོ། །འཁྲུལ་ནས་དམིགས་པར་སྣང་བ་ཡིན། །རང་བཞིན་ཡེ་གདངས་མི་དམིགས་པས། །ཆོས་ཀུན་མཉམ་ པར་རོ་གཅིག་གོ། །མི་མཛད་རྟོག་བྲལ་ཡེ་སངས་རྒྱས། །ཞེས་པ་དང་། རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། ཉུག་ཙམ་ལས་ནི་རིག་བྱུང་ནས། །ཝལ་གྱིས་གསལ་ནས་སྒྲོ་སྐུར་བྲལ། །ཞེས་པ་དང་། མཚན་བརྗོད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་སོ། །དེ་ཡང་གཞི་ནས་འཕགས་པའི་རིག་པ་ས་བོན་ལྟ་བུ་གྲོལ་འཁྲུལ་གང་བྱེད་མ་ངེས་ པས་མ་སྨིན་པའི་རིག་པ་ཞེས་བྱ་སྟེ། སངས་རྒྱས་སུ་སྨིན་པར་བྱེད་པ་ནི་རྟོགས་པའི་ཤེས་རབ་ཀྱིས་བྱས་ཏེ། སྒྲོན་མ་འབར་བ་ལས། འབྲས་བུར་སྨིན་བྱེད་ཤེས་རབ་སྟེ། །ཤེས་རབ་སྐུ་རུ་སྨིན་པ་ཡི། ། ངོ་བོ་ཉིད་ཀྱི་ཆོས་སྐུ་དེ། །ཡེ་ཤེས་ཆོས་ཀྱི་སྐུ་རུ་སྨིན། །དེ་ཡི་ཡེ་ཤེས་རྒྱུན་མི་འཆད། །སྐུ་དང་ཡེ་ཤེས་ལྷུན་གྲུབ་གསལ། །ཞེས་སོ། །དཔྱོད་བྱེད་ཕྱིར་མ་ཤོར་བས་རང་དུ་རྟོགས་པའི་ཆོ་ག་ཟླ་བོའི་

[p. 37] གདངས་འོད་རེ་གསལ། །སྟོང་པ་ཀུན་འབྱུང་ངོ་རེ་མཚར། །མ་བཙལ་བཞག་པས་རྒྱན་རེ་རིང་། །མ་བཀག་རང་འབྱུང་གདལ་རེ་ཆགས། །སྣང་སྲིད་བཞི་བཞེངས་དབངས་རེ་མཐོ། །འབད་མེད་རང་གྲོལ་རྒྱ་རེ་མཚོ། །ཡེ་ཐོབ་ཆེན་པོ་འཁོར་རེ་མཁས། །ཁ་དོག་ལྔ་ལྡན་བྲིས་རེ་ལེགས། །སྣང་སྲིད་རྣམ་དག་ཁོད་རེ་སྙོམས། །རང་བྱུང་འོད་གསལ་བཀོད་རེ་ལེགས། །གཞི་སྣང་ཆེན་པོ་ཀོ་པ་རེ་ཆེ། །འཁོར་འདས་གཉིས་པོ་འགྲོ་བ་རེ་མཁས། །སྐུ་ལྔ་ཡེ་ཤེས་བརྩེགས་རེ་ལེགས། །ཞེས་སོ། །དོན་གསུམ་པ་ཀུན་དུ་བཟང་པོའི་གྲོལ་ལུགས་ནི་གཞི་ལས་འཕགས་པའི་སྐད་ཅིག་ལ་བཞི་སྣང་ལྷུན་གྲུབ་ཀྱི་སྒོ་བརྒྱད་རང་སྣང་དུ་ཤར་བ་སྟེ། གཞན་དུ་མ་བཟུང་བར་གཟུ་བོའི་བློས་རང་གདངས་སུ་ངོ་ཤེས་པས་འགྱུ་བ་རང་ཐོག་ཏུ་ཆོད་དེ་སྐད་ཅིག་དང་པོ་ལ་རང་སྣང་དུ་ཤར་བ་རང་ངོ་ཤེས་པས་རྟོགས་པ་སྐྱེས་ཏེ་བྱེ་བྲག་ཕྱེད། གཉིས་པ་ལ་འཁྲུལ་པ་སངས་ཤིང་ཡེ་ཤེས་རྒྱས་པས་གཞི་འབྲས་བུར་སྨིན་ཏེ་ངོ་བོ་ཡེ་སངས་རྒྱས་རྟོགས་པས་ཡང་སངས་རྒྱས་པ་ཞེས་བྱ། རང་སྣང་ཀ་དག་ཏུ་ཐིམ་ནས་གཞི་ཐོག་ཏུ་ཀུན་གྱི་སྔོན་རོལ་དུ་སངས་རྒྱས་པའི་སྟོན་པ་ཀུན་དུ་བཟང་པོ་ཞེས་བྱ་སྟེ། ཐལ་འགྱུར་ལས། དེ་ལྟར་འཁོར་འདས་ཐོག་མཐའ་ལས། །སངས་རྒྱས་འཁྲུལ་པར་མ་གྱུར་པ། །གཞི་ལས་འཕགས་པའི་དབང་པོ་ཡིས། །རང་སྣང་རང་བཞིན་མེད་

[p. 38] ༄༅། །ཕྱི་རོལ་འབྱུང་བཞི་རགས་པར་ཡང་། །འདིར་མི་སྣང་སྟེ་ཞེན་པ་ལོག །རང་དག་སྟོང་པ་ཆེན་པོ་ལས། །ཁ་དོག་བདག་འཛིན་མྱ་ངན་འདས། །འདི་ཡང་གཞན་དུ་སོང་ པ་མེད། །རང་གི་ངོ་བོར་རང་ཐིམ་པས། །སྣང་བ་ཐམས་ཅད་མྱ་ངན་འདས། །འོད་ཀྱི་དཀྱིལ་འཁོར་རང་ཐིམ་པས། །དཔེར་ན་ནམ་མཁའི་འཇའ་ཚོན་བཞིན། །ནམ་མཁའ་ཉིད་ལ་རང་ཡལ་ལྟར། །མི་ འབྱེད་ཆེན་པོའི་ཀློང་དུ་ནི། །འཛིན་ཆགས་ཐམས་ཅད་མྱ་ངན་འདས་། །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡོན་ཏན་འཆར་ཚུལ་འདི་ལྟ་བུ། །ཡེ་ཤེས་ཉིད་ལ་ཡེ་ཤེས་ཉིད། །རང་གི་ངོ་བོར་རང་ ཐིམ་པས། །ཤེས་པའི་ འཛིན་རྟོག་དྲན་བསམ་ནི། །རང་གནས་མཉམ་པ་ཉིད་ཀློང་དུ། །ཐམས་ཅད་གཉིས་མེད་མྱ་ངན་འདས། །སོ་སོའི་ཡེ་ཤེས་སྣང་ཆ་ཡང་། །བྱས་པ་མེད་པའི་ཀློང་དཀྱིལ་དུ། །ནུབ་པ་མེད་པར་མྱ་ངན་འདས། ། དེ་ཉིད་རང་ལ་རང་ཐིམ་པས། །ཡེ་ཤེས་རོལ་པ་སྣ་ཚོགས་ཀུན། །རང་ངོ་མ་ལ་ཐིམ་པ་ནི། །དཔེར་ན་མ་པང་བུ་འཇུག་བཞིན། །རང་གི་ཡེ་ཤེས་རང་ཡིད་ཆེས། །རང་གི་རང་བཞིན་མྱ་ངན་འདས། །འདི་ཡང་ཡོན་ ཏན་རིན་པ་ཆེ། །ཡང་ནི་ཡོན་ཏན་ཐིམ་པའི་ཚུལ། །སྐུ་ཉིད་སྐུ་ལ་རང་ཐིམ་པས། །གཟུགས་ཀུན་མི་རྟོག་ཆེན་པོར་ནི། །སྣང་བ་མེད་པར་མྱ་ངན་འདས།།རགས་པས་བསྡུས་པའི་འབྱུང་བ་དང་། །ཕྲ་བས་

[p. 39] བློ་ཅན་ཏེ་ལྷུན་གྲུབ་ཐིམ་ཚུལ་དང་སྦྱར་ནས་ནང་གསལ་དུ་གནས་པ་ནི། སྒྲོན་མ་སྣང་བྱེད་ལས། ངེས་པ་མེད་པའི་ལྷུན་གྲུབ་ལས། །སྣ་ཚོགས་དུ་མ་ཤར་ཚུར་ལ། །འགག་པ་མེད་པའི་རོལ་པ་ནི། །ཅིར་ ཡང་མཛད་ཅིང་ཅིར་ཡང་འཆར། །ངེས་མེད་སྣང་བ་དུ་མའོ། །དེ་ཉིད་གཟུ་བའི་བློ་ཅན་ལ། །མཐོང་བ་མ་འགས་ནང་གསལ་ཏེ། །དེ་ལ་ངེས་པའི་ཆར་གཟུང་ངོ། །ཞེས་སོ། །དེའི་ཚེ་ལྷུན་གྲུབ་ཀྱི་ཐིམ་ཚུལ་ནི། ། རིན་པོ་ཆེ་སྤུངས་པ་ལས། རོལ་པའི་རྩལ་ལས་ཐིམ་ལུགས་བརྒྱད། །ལྷུན་གྲུབ་ངེས་པ་མེད་པའི་གཞི། །ཡོན་ཏན་ཚུལ་དུ་འདི་ལྟ་བུ། །ཐུགས་རྗེ་ཉིད་ནི་ཐུགས་རྗེ་ལ། །རང་གི་ངོ་བོ་རང་ཐིམ་པས། །མ་བཞག་ ཐོབ་པའི་ཚུལ་གྱིས་ནི། །མཛད་པ་མེད་པའི་ཀློང་དུ་འདས། །མི་མཛད་ཅི་ཡང་མ་ཡིན་པས། །རྗེ་སྤྱོད་ཐམས་ཅད་མྱ་ངན་འདས། །མ་བྱས་བྱེད་པར་སྣང་བྱེད་པས། །འདུས་བྱས་རྣམས་ནི་དག་པའི་ཀློང་། ། དེ་ཉིད་རང་ལ་རང་ཐིམ་པས། །གཞན་དུ་སོང་བ་མ་ཡིན་ནོ། །དང་པོར་ན་ཉི་མའི་སྙིང་པོ་ལ། །རང་གི་ཐར་རྣམས་རང་ཐིམ་ལྟར། །རང་གི་གདངས་དང་བཅས་པ་ཡི། །གཟིགས་སྣང་ཐམས་ཅད་མྱ་ངན་འདས། ། འདི་ཀུན་ཡོན་ཏན་རིན་པོ་ཆེ། །རྐྱེན་ལ་མི་གནས་རང་སྲོལ། །རང་འོད་རང་ལ་ཐིམ་པ་ནི། །འདི་ཡང་ཡོན་ཏན་ཆེན་པོར་ཤར། །རང་གི་ངོ་བོ་རྣམ་དག་པས། །མཚན་མར་འཛིན་པའི་ཞེན་ཡུལ་འགག །

[p. 40] ༄༅། །པོའི་སྤྱོད་ཡུལ་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །འདི་ལྟར་ཡོན་ཏན་ཆ་རྫོགས་པས། །དག་པ་ཡེ་ཤེས་ཉིད་ཀྱི་སྒོ། །ངོ་བོ་ཉིད་ལ་རང་ཐིམ་པས། །སྐུ་དང་ཡེ་ ཤེས་མྱ་ངན་འདས། །དཔེར་ན་སེང་གེ་གངས་ཟིན་བཞིན། །མི་ལྡོག་འཇིགས་མེད་གདེང་རྣམས་རྙེད། །འདི་ཡང་ཡོན་ཏན་རིན་པོ་ཆེ། །འདི་ལྟར་ཡོན་ཏན་འབྱུང་ཚུལ་གྱིས། །གཅིག་པར་གནས་པའི་ ཡེ་ཤེས་ནི། །མ་བཙལ་རང་གིས་རང་རྙེད་པར། །སྔོན་ནས་དེ་ཡི་རང་བཞིན་ནོ། །ཞེས་སོ། །ཆོ་ག་དེན་རིན་པོ་ཆེའི་མཛོད་ལས་གཞི་གཏན་ལ་དབབ་པའི་རིམ་པ་སྟེ་རྡོ་རྗེའི་གནས་དང་པོ་རྒྱ་ཆེར་བཤད་ པའོ༑༑ ༑དེ་ནས་སྤྱི་དོན་གཉིས་པ་དེའི་ངང་ལས་འཁྲུལ་པ་ཇི་ལྟར་བྱུང་བའི་ཚུལ་ལ་གཉིས་ཏེ། འཁྲུལ་པའི་ཚུལ་སྤྱིར་བསྟན་པ་དང་། ལུས་གྲུབ་ཚུལ་གྱི་རྣམ་གྲངས་བྱེ་ བྲག་ཏུ་རྒྱ་ཆེར་བཤད་པའོ། །དང་པོ་ལ་ངོ་བོ་མདོར་བསྟན་པ་དང་། རང་བཞིན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། གཞི་སྣང་དེ་རང་ངོ་མ་ཤེས་པའི་ཆ་ལས་འཁྱལ་ཏེ། ཐལ་འགྱུར་ལས་གཅིག་ མ་ཤེས་པས་ཀ་དག་ལ། །ཆོས་ཉིད་རང་ངོ་མ་ཤེས་པས། །རྒྱུ་དང་མཚུངས་པར་ཉེར་ལེན་ནོ། །དམིགས་པའི་རྟེན་ནི་ཁ་དོག་ལས། །གཉིས་ཆ་ཕྲ་བའི་རྒྱུ་རྐྱེན་གྱིས། །འཁོར་བ་ལས་ཀྱི་དམིགས་

[p. 41] བཟུང་བའི་མ་རིག་སོགས། །འབྱེད་པ་མེད་པར་མྱ་ངན་འདས། །སྐུ་རྣམས་རང་ངོར་ཐིམ་པས་ནི། །ཤེས་པའི་འབྱུང་ཆ་ཕྱིར་མ་ཤོར། །དཔེར་ན་བུམ་པའི་སྐུ་གཟུགས་བཞིན། །ནང་གསལ་ཕྱི་ཡི་འགྱུ་བ་རྣམས། ། རང་བཞིན་མེད་པར་གནས་སུ་དག །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡང་ནི་ཡོན་ཏན་འདི་ལྟ་བུ། །གཉིས་མེད་གཉིས་མེད་རང་ཐིམ་པས། །གྲངས་སུ་འཛིན་པའི་ཞེན་པ་རྣམས། །ཉག་གཅིག་སྤྲོས་དང་བྲལ་བར་ནི། ། མི་གཉིས་གཅིག་པའི་ཚུལ་དུ་ནི། །རང་ཐིམ་ཉིད་དུ་མྱ་ངན་འདས། །གཉིས་སུ་སྣང་བ་རང་ཐིམ་པས། །དཔེར་ན་ཆུ་བོ་ཆུ་བོ་ལ། །ཐིམ་པ་བཞིན་དུ་དབྱེར་མི་ཕྱེད། །དབྱེར་མེད་ཆེན་པོར་མྱ་ངན་འདས། །འདི་ཡང་ཡོན་ ཏན་རིན་པོ་ཆེ། །མ་འགགས་ཡོན་ཏན་འདི་ལྟ་བུ། །མཐའ་གྲོལ་ཉིད་ནི་མཐའ་གྲོལ་ལ། །རང་གི་ངོ་བོར་རང་ཐིམ་པས། །སྐུ་གསུམ་འཛིན་པའི་རང་རྒྱུད་ཀུན། །ཡུལ་རྣམས་ཟད་པར་མྱ་ངན་འདས། །མཐའ་ཉིད་ རང་དག་རང་ཐིམ་པས། །དཔེར་ན་ནམ་མཁའ་ནམ་མཁའ་ལ། །ཐིམ་པ་བཞིན་དུ་ངོས་གཟུང་མེད། །མུ་བཞིའི་རྟོག་ཞེན་རང་འགགས་པས། །མི་གནས་ཆེན་པོར་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། ། སྣང་བ་ཡོན་ཏན་འདི་ལྟ་བུ། །མ་དག་འཁོར་བ་རང་འཇུག་སྒོ། །ངོ་བོ་ཉིད་ཀྱི་དག་སྒོ་ལ། །སོང་བ་མེད་པའི་ཚུལ་དུ་ཐིམ། །དཔེར་ན་སྦ་ཡི་ཚོན་ཐག་རྣམས། །

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 1009 typing errors, November 2026), with the variants of the other editions under each page (23 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = Tshig don mdzod MW3CN4957; X = Tshig don mdzod MW8LS32779. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 52] འཁྲུལ་པའི་མིང་ཡང་མེད། །སེམས་དང་ཡིད་དུ་མ་གྲུབ་པས། །འགྱུ་བྱེད་འཁྲུལ་པ་ངང་གིས་མེད། །ཕྲ་རགས་དྲི་མ་གཉིས་མེད་པས། །འབྱུང་རྐྱེན་འཁྲུལ་པ་ངང་གིས་མེད། །བྱ་དང་བྱེད་པོ་གཉིས་མེད་པས། །ཡུལ་འཛིན་འཁྲུལ་པ་ག་ལ་ཡོད། །ཅེས་སོ། །འོན་ཀྱང་རང་ངོ་ཤེས་པའི་གྲོལ་རྐྱེན་བྱེད་པའི་ཆ་ནས་གྲོལ་གཞི་ཞེས་བཏགས་ལ། མ་ཤེས་ན་འཁྲུལ་རྐྱེན་བྱེད་པའི་ཆ་ནས་འཁྲུལ་གཞི་ཞེས་བཏགས་པ་ཡིན་ནོ། །དེ་ཡང་གཞི་སྣང་འདི་གྲོལ་གཞི་ཡིན་ལ། ཀ་དག་ནི་གྲོལ་ས་ཡིན་པས་འདི་གཉིས་ཀྱི་བྱེ་བྲག་ཕྱེད་པའང་ཤིན་ཏུ་གལ་ཆེ་སྟེ་ལེགས་པར་ཕྱེད་པ་ཤིན་ཏུ་ཉུང་ངོ༌། །འདི་ལ་བརྟེན་ནས་འཁྲུལ་རྐྱེན་བྱེད་པས་འཁྲུལ་པར་བཏགས་པ་ནི་དུང་དཀར་པོ་ལ་སེར་པོར་འཁྲུལ་རྐྱེན་བྱས་པ་ལྟ་བུ་སྟེ། འཁྲུལ་པ་དངོས་མ་ཡིན་ཡང་རྐྱེན་བྱས་དུས་བཏགས་པ་ནི། མུ་ཏིག་ཕྲེང་བ་ལས། ཁྱད་པར་ཆེན་པོའི་སྣང་བ་

འབྱུང་རྐྱེན་འཁྲུལ་པ་ངང་གིས ] བ P S · ཡུལ་འཛིན་འཁྲུལ་པ་ག་ལ ] བ P S · པོ་ལ་སེར་པོར་འཁྲུལ་རྐྱེན ] པོ W

[p. 53] ལས། །ཡོད་དང་མེད་པ་གཉིས་བྱུང་སྟེ། །སྤྱི་པ་འཁྲུལ་གཞི་ཞེས་བྱ་སྟེ། །མ་རིག་ཉིད་དང་སྤགས་པའི་ཕྱིར། །ཤེས་བྱ་ཉིད་ཀྱང་དྲི་མར་སྣང༌། །ཞེས་དང༌། དུང་ཡིག་ཅན་ལས། དེ་ལ་མ་ངེས་ལྷུན་གྲུབ་གཞི། །མ་རིག་གསུམ་དང་རྐྱེན་བཞི་དང༌། །ཤེས་པས་སྤགས་པའི་འཁྲུལ་པའོ། །ཞེས་སོ། །དེ་ལྟ་བུའི་གཞི་སྣང་དེ་ལ་རང་ངོ་ལྷུན་གྲུབ་ཀྱི་སྣང་བ་ནམ་མཁའི་མཐའ་འཁོར་འདས་སུ་སྣང་བ་རྒྱ་ཆེ་ཞིང་རིག་མ་རིག་ལས་འཁོར་འདས་འབྱུང་བས་དབྱིངས་ཆེ་བའི་ཕྱིར་སྔོན་མེད་པའི་རང་སྣང་ཤོང་ཆེ་ལ་མཚར་ཆེ་བ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། གསལ་བ་མངོན་སྣང་བརྗིད་རེ་ཆེ། །སྣང་བ་ཉིད་ནི་ལྷུན་རེ་སྟུག །ཆོས་སྐུ་ངོ་སྤྲོད་དང་རེ་སྤྲོ། །ངོ་བོ་ཟང་ཐལ་སྦུབས་རེ་ཡངས། །རང་བཞིན་ཀུན་ཁྱབ་གདལ་རེ་ཆེ། །ཐུགས་རྗེ་ཀུན་འབྱུང་སྐྱེད་རེ་ཆེ། །ཁྱབ་པ་ཡེ་གདངས་བཀྲག་རེ་གསལ། །གནས་པ་ཐོགས་

བྱུང་སྟེ་སྤྱི་པ་འཁྲུལ་གཞི ] ལ A P S · རིག་ཉིད་དང་སྤགས་པའི་ཕྱིར ] སྦགས D G X · དང་ཤེས་པས་སྤགས་པའི་འཁྲུལ ] སྦགས D G X · སྤགས་པའི་འཁྲུལ་པའོ་ཞེས་སོ ] བའོ A P S · མཐའ་འཁོར་འདས་སུ་སྣང་བ ] om. W · རྗེ་ཀུན་འབྱུང་སྐྱེད་རེ་ཆེ ] སྐྱིད P S

[p. 54] མེད་བར་རེ་མགྱོགས། །རིག་པའི་རང་གདངས་འོད་རེ་གསལ། །སྟོང་པ་ཀུན་འབྱུང་ངོ་རེ་མཚར། །མ་བཙལ་བཞག་པས་རྒྱུན་རེ་རིང༌། །མ་བཀག་རང་འབྱུང་གདལ་རེ་ཆགས། །སྣང་སྲིད་གཞི་བཞེངས་དཔངས་རེ་མཐོ། །འབད་མེད་རང་གྲོལ་རྒྱ་རེ་ཆེ། །ཡེ་ཐོག་ཆེན་པོ་འཁོར་རེ་མཁས། །ཁ་དོག་ལྔ་ལྡན་བྲིས་རེ་ལེགས། །སྣང་སྲིད་རྣམ་དག་ཁོད་རེ་སྙོམས། །རང་བྱུང་འོད་གསལ་བཀོད་རེ་ལེགས། །གཞི་སྣང་ཆེན་པོ་ཤོང་རེ་ཆེ། །འཁོར་འདས་གཉིས་པོ་འབྲེལ་རེ་མཁས། །སྐུ་ལྔ་ཡེ་ཤེས་བརྩེགས་རེ་ལེགས། །ཞེས་སོ། །དོན་གསུམ་པ་ཀུན་ཏུ་བཟང་པོའི་གྲོལ་ལུགས་ནི་གཞི་ལས་འཕགས་པའི་སྐད་ཅིག་ལ་གཞི་སྣང་ལྷུན་གྲུབ་ཀྱི་སྒོ་བརྒྱད་རང་སྣང་དུ་ཤར་བ་སྟེ། གཞན་དུ་མ་བཟུང་བར་གཟུ་བོའི་བློས་རང་གདངས་སུ་ངོ་ཤེས་པས་འགྱུ་བ་རང་ཐོག་ཏུ་ཆོད་དེ་སྐད་ཅིག་དང་པོ་ལ་རང་སྣང་དུ་ཤར་བ་རང་ངོ་ཤེས་པས་

པ་ཐོགས་མེད་བར་རེ་མགྱོགས ] བང A P D G S · ཆགས་སྣང་སྲིད་གཞི་བཞེངས་དཔངས ] བཞི D G · སྲིད་རྣམ་དག་ཁོད་རེ་སྙོམས ] ཁོང W D

[p. 55] རྟོགས་པ་སྐྱེས་ཏེ་བྱེ་བྲག་ཕྱེད། །གཉིས་པ་ལ་འཁྲུལ་པ་སངས་ཤིང་ཡེ་ཤེས་རྒྱས་པས་གཞི་འབྲས་བུར་སྨིན་ཏེ་ངོ་བོ་ཡེ་སངས་རྒྱ་ལ་རྟོགས་པས་ཡང་སངས་རྒྱས་པ་ཞེས་བྱ། རང་སྣང་ཀ་དག་ཏུ་ཐིམ་ནས་གཞི་ཐོག་ཏུ་ཀུན་གྱི་སྔོན་རོལ་ཏུ་སངས་རྒྱས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཞེས་བྱ་སྟེ། ཐལ་འགྱུར་ལས། དེ་ལྟར་འཁོར་འདས་ཐོག་མཐའ་ལས། །སངས་རྒྱས་འཁྲུལ་པར་མ་གྱུར་པ། །གཞི་ལས་འཕགས་པའི་དབང་པོ་ཡིས། །རང་སྣང་རང་བཞིན་མེད་པར་ཤེས། །རྟོག་དཔྱོད་ཡིད་རྣམས་ཕྱིར་མ་ཤོར། །འགྱུ་བ་རང་ཐོག་ཆོད་པའོ། །དེ་ཡང་གནས་ལུགས་ཆེན་པོ་ལས། །འཁྲུལ་ཞེས་ཀ་ནས་དག་པ་ལ། །མ་འཁྲུལ་ཉིད་དུ་བཅོས་སུ་མེད། །མེད་སྣང་མཐོང་བ་མེད་པའི་ཆོས། །བྱས་བྱུང་རྟོག་པ་རང་འགགས་སོ། །འཁྲུལ་ནས་དམིགས་པར་སྣང་བ་ཡིན། །རང་བཞིན་ཡེ་གདངས་མི་དམིགས་པས། །

པ་ལ་འཁྲུལ་པ་སངས་ཤིང ] པས W · གྱི་སྔོན་རོལ་ཏུ་སངས་རྒྱས ] དུ A P D G S · སྟེ་ཐལ་འགྱུར་ལས་དེ་ལྟར ] ལ W

[p. 56] ཆོས་ཀུན་མཉམ་པར་རོ་གཅིག་གོ །མི་མཛད་རྟོག་བྲལ་ཡེ་སངས་རྒྱས། །ཞེས་པ་དང༌། རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། ཉུག་ཙམ་ལས་ནི་རིག་བྱུང་ནས། །ཝལ་གྱིས་གསལ་ནས་སྒྲོ་སྐུར་བྲལ། །ཞེས་པ་དང༌། མཚན་བརྗོད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་སོ། །དེ་ཡང་གཞི་ནས་འཕགས་པའི་རིག་པ་ས་བོན་ལྟ་བུ་གྲོལ་འཁྲུལ་གང་བྱེད་མ་ངེས་པས་མ་སྨིན་པའི་རིག་པ་ཞེས་བྱ་སྟེ། སངས་རྒྱས་སུ་སྨིན་པར་བྱེད་པ་ནི་རྟོགས་པའི་ཤེས་རབ་ཀྱིས་བྱས་ཏེ། སྒྲོན་མ་འབར་བ་ལས། འབྲས་བུར་སྨིན་བྱེད་ཤེས་རབ་སྟེ། །ཤེས་རབ་སྐུ་རུ་སྨིན་པ་ཡི། །ངོ་བོ་ཉིད་ཀྱི་ཆོས་སྐུ་དེ། །ཡེ་ཤེས་ཆོས་ཀྱི་སྐུ་རུ་སྨིན། །དེ་ཡི་ཡེ་ཤེས་རྒྱུན་མི་འཆད། །སྐུ་དང་ཡེ་ཤེས་ལྷུན་གྲུབ་གསལ། །ཞེས་སོ། །དཔྱོད་བྱེད་ཕྱིར་མ་ཤོར་བས་རང་དུ་རྟོགས་པའི་ཚེ་གཟུ་བོའི་བློ་

གོ་མི་མཛད་རྟོག་བྲལ་ཡེ ] རྟོགས P S

[p. 57] ཅན་ཏེ་ལྷུན་གྲུབ་ཐིམ་ཚུལ་དང་སྦྱར་ནས་ནང་གསལ་དུ་གནས་པ་ནི། སྒྲོན་མ་སྣང་བྱེད་ལས། ངེས་པ་མེད་པའི་ལྷུན་གྲུབ་ལས། །སྣ་ཚོགས་དུ་མ་ཤར་ཚུལ་ལ། །འགག་པ་མེད་པའི་རོལ་པ་ནི། །ཅིར་ཡང་མཛད་ཅིང་ཅིར་ཡང་འཆར། །ངེས་མེད་སྣང་བ་དུ་མའོ། །དེ་ཉིད་གཟུ་བོའི་བློ་ཅན་ལ། །མཐོང་བ་མ་འགགས་ནང་གསལ་ཏེ། །དེ་ལ་ངེས་པའི་ཆར་གཟུང་ངོ༌། །ཞེས་སོ། །དེའི་ཚེ་ལྷུན་གྲུབ་ཀྱི་ཐིམ་ཚུལ་ནི། རིན་པོ་ཆེ་སྤུངས་པ་ལས། རོལ་པའི་རྩལ་ལས་ཐིམ་ལུགས་བརྒྱད། །ལྷུན་གྲུབ་ངེས་པ་མེད་པའི་གཞི། །ཡོན་ཏན་ཚུལ་དུ་འདི་ལྟ་བུ། །ཐུགས་རྗེ་ཉིད་ནི་ཐུགས་རྗེ་ལ། །རང་གི་ངོ་བོ་རང་ཐིམ་པས། །མ་བཞག་ཐོབ་པའི་ཚུལ་གྱིས་ནི། །མཛད་པ་མེད་པའི་ཀློང་དུ་འདས། །མི་མཛད་ཅི་ཡང་མ་ཡིན་པས། །བྱེད་སྤྱོད་ཐམས་ཅད་མྱ་ངན་འདས། །མ་བྱས་བྱེད་པར་སྣང་བྱེད་པས། །

ཤར་ཚུལ་ལ་འགག་པ་མེད ] འགགས W · མེད་པའི་རོལ་པ་ནི་ཅིར ] བ P S · ཚུལ་གྱིས་ནི་མཛད་པ་མེད ] འཛད W

[p. 58] འདུས་བྱས་རྣམས་ནི་དག་པའི་ཀློང༌། །དེ་ཉིད་རང་ལ་རང་ཐིམ་པས། །གཞན་དུ་སོང་བ་མ་ཡིན་ནོ། །དཔེར་ན་ཉི་མའི་སྙིང་པོ་ལ། །རང་གི་ཟེར་རྣམས་རང་ཐིམ་ལྟར། །རང་གི་གདངས་དང་བཅས་པ་ཡི། །གཟིགས་སྣང་ཐམས་ཅད་མྱ་ངན་འདས། །འདི་ཀུན་ཡོན་ཏན་རིན་པོ་ཆེ། །རྐྱེན་ལ་མི་གནས་རང་སའོ། །རང་འོད་རང་ལ་ཐིམ་པ་ནི། །འདི་ཡང་ཡོན་ཏན་ཆེན་པོར་ཤར། །རང་གི་ངོ་བོ་རྣམ་དག་པས། །མཚན་མར་འཛིན་པའི་ཞེན་ཡུལ་འགག །ཕྱི་རོལ་འབྱུང་བཞི་རགས་པར་ཡང༌། །འདིར་མི་སྣང་སྟེ་ཞེན་པ་ལོག །རང་དག་སྟོང་པ་ཆེན་པོ་ལས། །ཁ་དོག་བདག་འཛིན་མྱ་ངན་འདས། །འདི་ཡང་གཞན་དུ་སོང་བ་མེད། །རང་གི་ངོ་བོར་རང་ཐིམ་པས། །སྣང་བ་ཐམས་ཅད་མྱ་ངན་འདས། །འོད་ཀྱི་དཀྱིལ་འཁོར་རང་ཐིམ་པས། །དཔེར་ན་ནམ་མཁའི་འཇའ་ཚོན་བཞིན། །ནམ་མཁའ་ཉིད་ལ་རང་ཡལ་ལྟར། །མི་འབྱེད་

རང་གི་ངོ་བོར་རང་ཐིམ ] བོ W P S

[p. 59] ཆེན་པོའི་ཀློང་དུ་ནི། །འཛིན་ཆགས་ཐམས་ཅད་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡོན་ཏན་འཆར་ཚུལ་འདི་ལྟ་བུ། །ཡེ་ཤེས་ཉིད་ལ་ཡེ་ཤེས་ཉིད། །རང་གི་ངོ་བོར་རང་ཐིམ་པས། །ཤེས་པའི་འཛིན་རྟོག་དྲན་བསམ་ནི། །རང་གནས་མཉམ་པ་ཉིད་ཀློང་དུ། །ཐམས་ཅད་གཉིས་མེད་མྱ་ངན་འདས། །སོ་སོའི་ཡེ་ཤེས་སྣང་ཆ་ཡང༌། །བྱས་པ་མེད་པའི་ཀློང་དཀྱིལ་དུ། །ནུབ་པ་མེད་པར་མྱ་ངན་འདས། །དེ་ཉིད་རང་ལ་རང་ཐིམ་པས། །ཡེ་ཤེས་རོལ་པ་སྣ་ཚོགས་ཀུན། །རང་ངོ་མ་ལ་ཐིམ་པ་ནི། །དཔེར་ན་མ་པང་བུ་འཇུག་བཞིན། །རང་གི་ཡེ་ཤེས་རང་ཡིད་ཆེས། །རང་གི་རང་བཞིན་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡང་ནི་ཡོན་ཏན་ཐིམ་པའི་ཚུལ། །སྐུ་ཉིད་སྐུ་ལ་རང་ཐིམ་པས། །གཟུགས་ཀུན་མི་རྟོག་ཆེན་པོར་ནི། །སྣང་བ་མེད་པར་མྱ་ངན་འདས། །རགས་པས་བསྡུས་པའི་

ཡེ་ཤེས་རོལ་པ་སྣ་ཚོགས ] བ P S

[p. 60] འབྱུང་བ་དང༌། །ཕྲ་བས་བཟུང་བའི་མ་རིག་སོགས། །འབྱེད་པ་མེད་པར་མྱ་ངན་འདས། །སྐུ་རྣམས་རང་ངོར་ཐིམ་པས་ནི། །ཤེས་པའི་འབྱུང་ཆ་ཕྱིར་མ་ཤོར། །དཔེར་ན་བུམ་པའི་སྐུ་གཟུགས་བཞིན། །ནང་གསལ་ཕྱི་ཡི་འགྱུ་བ་རྣམས། །རང་བཞིན་མེད་པར་གནས་སུ་དག །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡང་ནི་ཡོན་ཏན་འདི་ལྟ་བུ། །གཉིས་མེད་གཉིས་མེད་རང་ཐིམ་པས། །གྲངས་སུ་འཛིན་པའི་ཞེན་པ་རྣམས། །ཉག་གཅིག་སྤྲོས་དང་བྲལ་བར་ནི། །མི་གཉིས་གཅིག་པའི་ཚུལ་དུ་ནི། །རང་ཐིམ་ཉིད་དུ་མྱ་ངན་འདས། །གཉིས་སུ་སྣང་བ་རང་ཐིམ་པས། །དཔེར་ན་ཆུ་བོ་ཆུ་བོ་ལ། །ཐིམ་པ་བཞིན་དུ་དབྱེར་མི་ཕྱེད། །དབྱེར་མེད་ཆེན་པོར་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །མ་འགགས་ཡོན་ཏན་འདི་ལྟ་བུ། །མཐའ་གྲོལ་ཉིད་ནི་མཐའ་གྲོལ་ལ། །རང་གི་ངོ་བོར་རང་ཐིམ་པས། །སྐུ་གསུམ་འཛིན་པའི་རང་

[p. 61] རྒྱུད་ཀུན། །ཡུལ་རྣམས་ཟད་པར་མྱ་ངན་འདས། །མཐའ་ཉིད་རང་དག་རང་ཐིམ་པས། །དཔེར་ན་ནམ་མཁའ་ནམ་མཁའ་ལ། །ཐིམ་པ་བཞིན་དུ་ངོས་གཟུང་མེད། །མུ་བཞིའི་རྟོག་ཞེན་རང་འགགས་པས། །མི་གནས་ཆེན་པོར་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །སྣང་བའི་ཡོན་ཏན་འདི་ལྟ་བུ། །མ་དག་འཁོར་བ་རང་འཇུག་སྒོ། །ངོ་བོ་ཉིད་ཀྱི་དག་སྒོ་ལ། །སོང་བ་མེད་པའི་ཚུལ་དུ་ཐིམ། །དཔེར་ན་སྦྲ་ཡི་ཆོན་ཐག་རྣམས། །བརྟུལ་བས་དབུས་སུ་རང་འདུས་ལྟར། །དབང་པོའི་སྤྱོད་ཡུལ་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །འདི་ལྟར་ཡོན་ཏན་ཆ་རྫོགས་པས། །དག་པ་ཡེ་ཤེས་ཉིད་ཀྱི་སྒོ། །ངོ་བོ་ཉིད་ལ་རང་ཐིམ་པས། །སྐུ་དང་ཡེ་ཤེས་མྱ་ངན་འདས། །དཔེར་ན་སེང་གེ་གངས་ཟིན་བཞིན། །མི་ལྡོག་འཇིགས་མེད་གདེང་རྣམས་རྙེད། །འདི་ཡང་ཡོན་ཏན་རིན་པོ་ཆེ། །

ཐིམ་དཔེར་ན་སྦྲ་ཡི་ཆོན ] སྒྲ A D G · ན་སྦྲ་ཡི་ཆོན་ཐག་རྣམས ] ཚོན A G X

[p. 62] འདི་ལྟར་ཡོན་ཏན་འབྱུང་ཚུལ་གྱིས། །གཅིག་པར་གནས་པའི་ཡེ་ཤེས་ནི། །མ་བཙལ་རང་གིས་རང་རྙེད་པར། །སྔོན་ནས་དེ་ཡི་རང་བཞིན་ནོ། །ཞེས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་གཞི་གཏན་ལ་དབབ་པའི་རིམ་པ་སྟེ་རྡོ་རྗེའི་གནས་དང་པོ་རྒྱ་ཆེར་བཤད་པའོ། །

[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the divisions of each unit; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The first levels of the outline of the whole work are on the contents page.
2 The way the ground-appearances arise from that དེ་ལས་གཞི་སྣང་གི་འཆར་ལུགས [p. 44]
2.3 Summarizing the meaning by way of the aspects རྣམ་པས་དོན་བསྡུ་བ [p. 51]
2.3.2 Ground of liberation and ground of delusion གྲོལ་གཞི་དང་འཁྲུལ་གཞི [p. 52] topical
Recognized, it is called the ground of liberation; unrecognized, the ground of delusion, like a white conch seen as yellow. The ground-appearance as ground of liberation must be distinguished from primordial purity as the place of liberation.
2.3.3 The unprecedented self-appearance, great in capacity and wonder སྔོན་མེད་པའི་རང་སྣང་ཤོང་ཆེ་ལ་མཚར་ཆེ་བ [p. 53] topical
Because its spontaneously present appearances span saṃsāra and nirvāṇa and arise from awareness and ignorance, the ground-appearance is called great in capacity and wonder. A String of Pearls passage praises its qualities.
3 The mode of liberation of Samantabhadra ཀུན་ཏུ་བཟང་པོའི་གྲོལ་ལུགས [p. 54]
Samantabhadra recognized the eight doors as natural radiance, drawing the distinction in the first instant and awakening in the second. Explains how unripened awareness is ripened by insight and how the impartial intellect abides as inner clarity. A Heap of Jewels passage describes the eightfold dissolution of spontaneous presence.
3.1 Distinction in the first instant, buddhahood in the second སྐད་ཅིག་དང་པོ་ལ་བྱེ་བྲག་ཕྱེད [p. 54] topical
Recognizing the eight doors as natural radiance with an impartial intellect, Samantabhadra cut movement on the spot. He drew the distinction in the first instant and awakened in the second as the teacher awakened before all, as the Reverberation of Sound and other texts attest.
3.2 Unripened awareness ripened by insight མ་སྨིན་པའི་རིག་པ་ཤེས་རབ་ཀྱིས་སྨིན་པ [p. 56] topical
Awareness risen from the ground is like a seed, not yet determined toward liberation or delusion. It is ripened into buddhahood by the insight of realization, as the Blazing Lamp states.
3.3 The impartial intellect abiding as inner clarity གཟུ་བོའི་བློ་ཅན་ནང་གསལ་དུ་གནས་པ [p. 56] topical
Because analysis did not stray outward, Samantabhadra possessed the impartial intellect. For him the indeterminate display is inner clarity, as the Illuminating Lamp explains.
3.4 The way spontaneous presence dissolves ལྷུན་གྲུབ་ཀྱི་ཐིམ་ཚུལ [p. 57] topical
A long Heap of Jewels passage describes the eight modes of dissolution. Compassion, light, wisdom, kāya, nonduality, liberation from extremes, the impure door and the pure wisdom door each dissolve into themselves. Each passes into nirvāṇa as a precious quality, so that self-abiding wisdom finds itself.
4 Colophon of the first vajra topic མཇུག་བྱང [p. 62] topical
Concluding colophon identifying the chapter as the extensive explanation of the first vajra topic, the stages of ascertaining the ground.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 52] There is not even the name of delusion designated by the intellect.
Since it is not established as mind or mentation,
The delusion that sets up movement is naturally absent.
Since there are neither of the two stains, subtle or coarse,
The delusion of conditions for arising[136]Note 136 · p. 52 · འབྱུང་རྐྱེན་འཁྲུལ་པ: the compound is terse. GPT-6.2 Astra has "delusion born of conditions", Claude Fable 5.2 "the delusion that conditions arising", Gemini 4 Neon "of arising conditions" and Dharmamitra "of causal conditions". I render it literally as "the delusion of conditions for arising", parallel to 'gyu byed and yul 'dzin. is naturally absent.
Since there is neither action nor agent,
How could there be the delusion of grasping at objects?"Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 85 % of the words.

2.3.2 Ground of liberation and ground of delusion གྲོལ་གཞི་དང་འཁྲུལ་གཞི2.3.2 Ground of liberation and ground of delusion (topical division)
Recognized, it is called the ground of liberation; unrecognized, the ground of delusion, like a white conch seen as yellow. The ground-appearance as ground of liberation must be distinguished from primordial purity as the place of liberation.

Nevertheless, from the aspect of its acting as the condition for liberation when its own face is recognized, it is designated the "ground of liberation";

and from the aspect of its acting as the condition for delusion if that is not recognized, it is designated the "ground of delusion." Moreover, this ground-appearance is the ground of liberation, whereas primordial purity is the place of liberation; to draw the distinction between these two is therefore also extremely important, yet those who have drawn it well are very few. That it is designated "delusion" because, in dependence on it, it acts as the condition for delusion[137]Note 137 · p. 52 · འདི་ལ་བརྟེན་ནས་འཁྲུལ་རྐྱེན་བྱེད་པས: GPT-6.2 Astra has "provides the condition on which delusion depends", which reverses the dependence. With Claude Fable 5.2, Gemini 4 Neon, Dharmamitra I read "because, in dependence on it [the ground-appearance], it acts as the condition for delusion". is like a white conch having acted as the condition for the delusion that it is yellow. Although it is not actual delusion, it is so designated when it has acted as the condition, as the String of Pearls says:

"From the appearance of great distinction[138]Note 138 · p. 52 · The part ends in mid-verse. The opening "From" of the last line renders ལས, the first syllable of the next page, as English word order requires.

[p. 53] The two, existence and nonexistence, arise;
That which is general is called the 'ground of delusion';[139]Note 139 · p. 53 · spyi pa 'khrul gzhi: Adzom reads spyi la ("in general it is called the ground of delusion"). I keep spyi pa, "that which is general", i.e. what is common to both outcomes (so GPT-6.2 Astra).
Because it is mingled with ignorance itself,
Even the knowable itself appears as stain."Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

And the Conch-Lettered says:

"There, the indeterminate ground of spontaneous presence
Is mingled with the three ignorances,[140]Note 140 · p. 53 · Dung yig can verse: Claude Fable 5.2 reads three listed items (ground, ignorances and conditions, delusion). With GPT-6.2 Astra, Dharmamitra, Gemini 4 Neon I take the ground as that which is mingled (spags pa) with the three ignorances, four conditions and cognition, this being delusion; the dang … dang … -pas series all depends on spags pa. the four conditions,
And cognition: this is delusion."Dung yig canQuotation (named in the text: དུང་ཡིག་ཅན་ལས)
དུང་ཡིག་ཅན, dung yig can, The Conch-Lettered · tantra
Identification: low confidence (A Great Perfection scripture not traced in the available collections.)
The quoted words are in Klong chen rab byams gsung 'bum/volume 010 327 (a parallel), 62 % of the words.

2.3.3 The unprecedented self-appearance, great in capacity and wonder སྔོན་མེད་པའི་རང་སྣང་ཤོང་ཆེ་ལ་མཚར་ཆེ་བ2.3.3 The unprecedented self-appearance, great in capacity and wonder (topical division)
Because its spontaneously present appearances span saṃsāra and nirvāṇa and arise from awareness and ignorance, the ground-appearance is called great in capacity and wonder. A String of Pearls passage praises its qualities.

In such a ground-appearance, the appearances of spontaneous presence (lhun grub kyi snang ba), its own face, are vast in extent, appearing as saṃsāra and nirvāṇa to the limits of space; and since saṃsāra and nirvāṇa arise from awareness and ignorance,[141]Note 141 · p. 53 · rig ma rig las: rendered "from awareness and ignorance" per the glossary; the sense is recognition and non-recognition of the ground-appearance. its expanse is great. For this reason it is called "the unprecedented self-appearance, great in capacity and great in wonder," as the String of Pearls says:

"Clarity manifestly appearing: how great its majesty!
Appearance itself: how dense its mass![142]Note 142 · p. 53 · lhun re stug: lhun is "mass, bulk" (GPT-6.2 Astra, Gemini 4 Neon, Claude Fable 5.2), not an abbreviation of lhun grub as in Dharmamitra's "densely spontaneous".
The introduction (ngo sprod) to the dharmakāya: how joyful the delight!
The essence, unimpeded transparency: how spacious its hollow!
The nature, all-pervading: how great its spread!
Compassion, the source of all: how great its increase!
Pervasion, the primordial radiance: how clear its lustre!

[p. 54] Abiding, unobstructed: how swift its passage![143]Note 143 · p. 53 · The line gnas pa thogs med bar re mgyogs straddles the page break; it is placed whole after the marker. bar re mgyogs is obscure (lit. "how swift its interval"); "passage" follows Gemini 4 Neon and Claude Fable 5.2.
The natural radiance of awareness: how clear its light!
Emptiness (stong pa), the source of all: how wondrous its face!
Left as it is, unsought: how long its continuity!
Unblocked, arising of itself: how settled its spread![145]Note 145 · p. 54 · gdal re chags: uncertain; chags taken as "formed, settled" (Gemini 4 Neon "steady", Claude Fable 5.2 "evenly spread").
Appearance and existence, arisen as the ground:[144]Note 144 · p. 54 · snang srid gzhi bzhengs: taken as the set phrase "arisen as the ground" (Dharmamitra, Claude Fable 5.2), not "rising from the ground" (GPT-6.2 Astra, Gemini 4 Neon). how lofty its height!
Effortless self-liberation: how vast its extent!
The great primordial beginning: how skillful its turning!
Endowed with the five colours: how fine its painting!
Appearance and existence, utterly pure: how even its surface!
Self-arisen luminosity: how fine its array!
The great ground-appearance: how great its capacity!
Saṃsāra and nirvāṇa, the two: how skillful their linking!
The five kāyas (sku lnga) and primordial wisdom: how fine their tiers!"Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

3 The mode of liberation of Samantabhadra ཀུན་ཏུ་བཟང་པོའི་གྲོལ་ལུགས3 The mode of liberation of Samantabhadra
Samantabhadra recognized the eight doors as natural radiance, drawing the distinction in the first instant and awakening in the second. Explains how unripened awareness is ripened by insight and how the impartial intellect abides as inner clarity. A Heap of Jewels passage describes the eightfold dissolution of spontaneous presence.

The third point, the mode of liberation of Samantabhadra:

3.1 Distinction in the first instant, buddhahood in the second སྐད་ཅིག་དང་པོ་ལ་བྱེ་བྲག་ཕྱེད3.1 Distinction in the first instant, buddhahood in the second (topical division)
Recognizing the eight doors as natural radiance with an impartial intellect, Samantabhadra cut movement on the spot. He drew the distinction in the first instant and awakened in the second as the teacher awakened before all, as the Reverberation of Sound and other texts attest.

in the instant of rising up from the ground, the ground-appearance, the eight doors of spontaneous presence, arose as self-appearance;

not apprehending this as other, he recognized it with an impartial intellect (gzu bo'i blo) as natural radiance, whereby movement was cut through right where it was. In the first instant, by recognizing as his own face what had arisen as self-appearance,

[p. 55] realization was born and the distinction was drawn. In the second, delusion cleared away (sangs) and primordial wisdom unfolded (rgyas), whereby the ground ripened into the fruition; this is called "awakening anew (yang sangs rgyas pa) through realization while being primordially awakened in essence."[146]Note 146 · p. 55 · ngo bo ye sangs rgya la rtogs pas yang sangs rgyas pa: reading sangs rgyas la. With GPT-6.2 Astra and Gemini 4 Neon I take la as concessive ("while primordially awakened in essence, awakened anew through realization"), the standard formula. Dharmamitra and Claude Fable 5.2 take it as the object of rtogs pa ("realizing the essence as primordially awakened"), which would call for -su. Self-appearance having dissolved into primordial purity, he is called "the teacher Samantabhadra, who awakened upon the ground itself before all," as the Reverberation of Sound[147]Note 147 · p. 55 · thal 'gyur: "Reverberation of Sound" per the glossary; Dharmamitra's "Consequence Tantra" is rejected. says:

"Thus, from the beginning and end of saṃsāra and nirvāṇa,
The buddha who did not become deluded,
Through the faculty that rose up from the ground,
Knew self-appearance to be without nature.
Investigation and analysis (rtog dpyod) and mentation[148]Note 148 · p. 55 · rtog dpyod yid rnams: the plural rnams suggests a list (GPT-6.2 Astra, Dharmamitra, Gemini 4 Neon), not "the mind of thought and analysis" (Claude Fable 5.2). did not stray outward;
Movement was cut through right where it was.
Moreover, in the great abiding reality,
In what is called 'delusion' yet is primordially pure,
There is nothing to contrive into non-delusion.
It is a phenomenon with no seeing of what appears while nonexistent;[149]Note 149 · p. 55 · med snang mthong ba med pa'i chos: ambiguous. I follow GPT-6.2 Astra and Gemini 4 Neon ("a phenomenon in which what appears while nonexistent is not seen"). Claude Fable 5.2 reads "seeing what appears while nonexistent is a nonexistent phenomenon"; Dharmamitra is a loose paraphrase.
Conceptual thoughts of the made and the arisen[150]Note 150 · p. 55 · byas byung rtog pa: taken with Claude Fable 5.2 as "thoughts of the made and the arisen", echoing mi mdzad rtog bral below. GPT-6.2 Astra, Dharmamitra, Gemini 4 Neon read "fabricated thoughts", which is also possible. cease of themselves.
It is through delusion that there is appearance as a reference point;
Since the nature, primordial radiance, is without reference point,

[p. 56] All phenomena are equal, of one taste (ro gcig).
Without deeds, free of conceptual thought: primordial buddhahood."Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (The root tantra of the Seventeen Tantras; the name 'gsang ba sgra rgyud' appears to refer to it as well.)
The quoted words are in Ngb-pt-0056-vol-01-text (the text itself), 67 % of the words.

And the Tantra of the Wheel of Self-Arisen Bliss says:

"From the merest stirring,[151]Note 151 · p. 56 · nyug tsam: literally "a mere touch or brush"; rendered "the merest stirring" (Gemini 4 Neon; Claude Fable 5.2 "glimmer"). GPT-6.2 Astra silently emends to gnyug ("natural state"); Dharmamitra's "mere instant" has no basis. awareness emerged;
Vividly clear, it was free of superimposition and denial."Rang byung bde ba 'khor loQuotation (named in the text: རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས)
རང་བྱུང་བདེ་བ་འཁོར་ལོའི་རྒྱུད, rang byung bde ba 'khor lo'i rgyud, Tantra of the Wheel of Self-Arisen Bliss · tantra
Identification: low confidence (Not traced.)
The quoted words were not found among the texts on this wiki.

And the Nāmasaṃgīti says:

"In a single instant the distinction is drawn;
In a single instant, perfect buddhahood."Mtshan brjodQuotation (named in the text: མཚན་བརྗོད་ལས)
འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ, 'jam dpal gyi mtshan yang dag par brjod pa, Chanting the Names of Mañjuśrī (Mañjuśrīnāmasaṃgīti) · tantra; Kangyur; Toh 360
Identification: high confidence (Traditionally regarded as a chapter of the Mañjuśrī Net of Illusion, hence also cited as 'jam dpal sgyu 'phrul drva ba.)
The quoted words are in Ngb-pt-0500-vol-06-text (a parallel: ཆོས་ཐམས་ཅད་ཀྱི་དོན་བསྟན་པ), 100 % of the words.

3.2 Unripened awareness ripened by insight མ་སྨིན་པའི་རིག་པ་ཤེས་རབ་ཀྱིས་སྨིན་པ3.2 Unripened awareness ripened by insight (topical division)
Awareness risen from the ground is like a seed, not yet determined toward liberation or delusion. It is ripened into buddhahood by the insight of realization, as the Blazing Lamp states.

Moreover, the awareness that has risen up from the ground is like a seed: since it is indeterminate whether it will bring about liberation or delusion, it is called "unripened awareness" (ma smin pa'i rig pa). Its ripening into buddhahood is brought about by the insight of realization, as the Blazing Lamp says:

"What ripens it into fruition is insight.
Of insight ripened into the kāya,
That dharmakāya of the essence itself
Ripens into the dharmakāya of primordial wisdom.
Its primordial wisdom is uninterrupted;
Kāya and primordial wisdom are spontaneously present and clear."Sgron ma 'bar baQuotation (named in the text: སྒྲོན་མ་འབར་བ་ལས)
སྒྲོན་མ་འབར་བའི་རྒྱུད, sgron ma 'bar ba'i rgyud, The Blazing Lamp · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Klong chen rab byams gsung 'bum/volume 007 198 (a parallel: མཁའ་འགྲོ་སྙིང་ཏིག་གི་མན་ངག་ཟབ་དོན་རྒྱ་མཚོའི་སྤྲིན), 66 % of the words.

3.3 The impartial intellect abiding as inner clarity གཟུ་བོའི་བློ་ཅན་ནང་གསལ་དུ་གནས་པ3.3 The impartial intellect abiding as inner clarity (topical division)
Because analysis did not stray outward, Samantabhadra possessed the impartial intellect. For him the indeterminate display is inner clarity, as the Illuminating Lamp explains.

At the time of realizing it as his own, since that which analyzes had not strayed outward, he was endowed with the impartial intellect;[152]Note 152 · p. 56 · The last sentence runs on to the next page (gzu bo'i blo / can te). I have rendered can te ("he was endowed with") to complete the English clause; the next part should begin from lhun grub thim tshul dang sbyar nas. Dharmamitra omits this sentence.

[p. 57] and as for his abiding as inner clarity,[154]Note 154 · p. 57 · nang gsal: rendered "inner clarity" per the glossary; Claude Fable 5.2, GPT-6.2 Astra and Dharmamitra have "luminosity", which is reserved for 'od gsal. taken together with the way spontaneous presence dissolves[153]Note 153 · p. 57 · The opening "can te" ("endowed with") was already rendered at the end of the previous part, so the translation resumes at "lhun grub thim tshul dang sbyar nas". Dharmamitra re-translates the whole preceding sentence; this is not repeated. (thim tshul), the Illuminating Lamp says:

"From spontaneous presence, which is indeterminate,
In the way the manifold variety arises,
The unceasing play
Does anything whatsoever and arises as anything whatsoever:
These are the many indeterminate appearances.
For the one endowed with the impartial intellect,
That itself is inner clarity, seeing unceasing;
This is to be held as the determinate aspect."Sgron ma snang byedQuotation (named in the text: སྒྲོན་མ་སྣང་བྱེད་ལས)
སྒྲོན་མ་སྣང་བྱེད་ཀྱི་རྒྱུད, sgron ma snang byed kyi rgyud, The Illuminating Lamp · tantra
Identification: low confidence (Not one of the Seventeen Tantras; the scripture itself has not been traced.)
The quoted words are in ཉམས་ལེན་ལག་ཁྲིད་མའི་ཁྲིད་ངོ་མཚར་ཅན་བཞུགས། (a parallel), 67 % of the words.
[155]Note 155 · p. 57 · "de la nges pa'i char gzung ngo": nges pa is taken as "determinate", in contrast with the "indeterminate" appearances just mentioned (so Claude Fable 5.2). Gemini 4 Neon, GPT-6.2 Astra and Dharmamitra have "certainty/certain".

3.4 The way spontaneous presence dissolves ལྷུན་གྲུབ་ཀྱི་ཐིམ་ཚུལ3.4 The way spontaneous presence dissolves (topical division)
A long Heap of Jewels passage describes the eight modes of dissolution. Compassion, light, wisdom, kāya, nonduality, liberation from extremes, the impure door and the pure wisdom door each dissolve into themselves. Each passes into nirvāṇa as a precious quality, so that self-abiding wisdom finds itself.

As for the way spontaneous presence dissolves at that time, the Heap of Jewels says:

"From the dynamic energy of play come eight modes of dissolution (thim lugs).
The ground of indeterminate spontaneous presence,
In the manner of its qualities, is like this:
Compassion itself, into compassion,
Dissolves of itself, into its own essence;[156]Note 156 · p. 57 · "rang gi ngo bo rang thim pas": read as equivalent to "rang gi ngo bor rang thim pas", the form found in every later occurrence of the refrain.
Thus, in the manner of gaining what was never set in place,[157]Note 157 · p. 57 · "ma bzhag thob pa'i tshul gyis" is obscure. It is rendered literally as "gaining what was never set in place", with Claude Fable 5.2 and close to GPT-6.2 Astra.
It passes into the vast expanse where there is no acting.
Since, not acting, it is nothing whatsoever,[158]Note 158 · p. 57 · "mi mdzad ci yang ma yin pas": the drafts diverge. Gemini 4 Neon and Dharmamitra take it as a double negative ("there is nothing it does not enact"), GPT-6.2 Astra as "there is nothing it does", Claude Fable 5.2 as "not acting, it is nothing whatsoever". Claude Fable 5.2's reading follows the word order (ci yang ma yin = "is not anything") and fits the consequence that all doing passes into nirvāṇa. The line remains ambiguous.
All doing and conduct pass into nirvāṇa (mya ngan 'das).[159]Note 159 · p. 57 · mya ngan 'das: "pass into nirvāṇa" throughout, per the glossary (Claude Fable 5.2, GPT-6.2 Astra); Gemini 4 Neon and Dharmamitra have "pass beyond sorrow".
Since, with nothing done, it makes there appear a doing,

[p. 58] Conditioned things are the vast expanse of purity.
Since that itself dissolves of itself into itself,
It has not gone anywhere else.
Just as, for example, into the heart of the sun
Its own rays dissolve of themselves,
All that is beheld, together with its own radiance,
Passes into nirvāṇa.
All this is a precious quality:
Not dwelling in conditions, it is its own place.
As for its own light dissolving into itself,
This too arises as a great quality.
Since its own essence is utterly pure,
The objects of clinging (zhen pa), grasped as marks, cease.
Nor do the four outer elements, in coarse form,
Appear here; clinging is turned back.
Within the great emptiness of natural purity,[160]Note 160 · p. 58 · "rang dag stong pa chen po las": las is taken loosely as "within". Dharmamitra's "beyond this … great emptiness" misreads the particle.
The grasping at colours as a self[161]Note 161 · p. 58 · "kha dog bdag 'dzin": taken as "grasping at colours as a self" (Gemini 4 Neon, Claude Fable 5.2), since this second dissolution concerns light dissolving into itself. GPT-6.2 Astra and Dharmamitra split it into "colours and grasping at self". (bdag 'dzin) passes into nirvāṇa.
This too has not gone anywhere else.
Since it dissolves of itself into its own essence,
All appearances pass into nirvāṇa.
Since the maṇḍala (dkyil 'khor) of light dissolves of itself,
As, for example, a rainbow in the sky
Fades of itself into the sky itself,

[p. 59] In the vast expanse of the great undivided
All grasping and attachment pass into nirvāṇa.
This too is a precious quality.
The way the qualities arise is like this:
Primordial wisdom itself, into primordial wisdom itself,
Dissolves of itself, into its own essence;
Thus cognition's grasping and conceptual thought, recollection and reflection,
In the vast expanse of self-abiding equality (mnyam pa nyid),
All pass, nondual, into nirvāṇa.
The appearing aspects of the individual primordial wisdoms, too,
In the centre of the vast expanse where nothing is made,
Pass into nirvāṇa without ever setting.
Since that itself dissolves of itself into itself,
All the varied play of primordial wisdom
Dissolves into the mother, its own face,[162]Note 162 · p. 59 · "rang ngo ma la thim pa": read as "into the mother, its own face", which the following simile of the child and the mother's lap confirms. Dharmamitra ("their own true face") drops the mother.
As, for example, a child enters its mother's lap.
Its own primordial wisdom trusts in itself;
Its own nature passes into nirvāṇa.[163]Note 163 · p. 59 · "rang gi rang bzhin mya ngan 'das": taken with all the drafts as "its own nature passes into nirvāṇa". With no case particle, "passes into nirvāṇa in its own nature" is also possible.
This too is a precious quality.
Again, the way the qualities dissolve:
Since the kāya itself dissolves of itself into the kāya,
All forms, in the great non-conceptuality (mi rtog pa),
Pass into nirvāṇa without appearing.

[p. 60] The elements, comprised within the coarse,
And ignorance and the rest, held by the subtle,
Pass into nirvāṇa without division.
Since the kāyas dissolve into their own face,
The arising aspect of cognition does not stray outward.
As, for example, with an image inside a vase,[164]Note 164 · p. 60 · "bum pa'i sku gzugs": taken as the simile of an image (statue) inside a vase, so "image" rather than the glossary's "vase body".
There is inner clarity, and the outward movements,[165]Note 165 · p. 60 · "nang gsal phyi yi 'gyu ba rnams": taken as "inner clarity" followed by "the outward movements" (Gemini 4 Neon, Claude Fable 5.2, GPT-6.2 Astra). Dharmamitra's "outward movements of inner luminosity" does not fit the syntax.
Being without nature, are purified in their own place.
This too is a precious quality.
Again, the quality is like this:
Since the nondual dissolves of itself into the nondual,
The clingings that grasp at number,
In the sole one, free from elaboration,
In the manner of being one and not two,
Pass into nirvāṇa as self-dissolution itself.
Since what appears as two dissolves of itself,
As, for example, a river dissolving into a river,
It cannot be divided;
It passes into nirvāṇa in the great indivisibility.
This too is a precious quality.
The unceasing quality is like this:
Liberation from extremes itself, into liberation from extremes,
Dissolves of itself, into its own essence;
Thus all of one's own mindstream that grasps at the three kāyas,[166]Note 166 · p. 60 · The page ends mid-line at "sku gsum 'dzin pa'i rang". The line is completed from the next page ("rang rgyud kun") and rendered "all of one's own mindstream that grasps at the three kāyas"; the next part should resume at "yul rnams zad par…". Gemini 4 Neon read "rang" as "self", Claude Fable 5.2 left a lacuna, and GPT-6.2 Astra omitted "rang rgyud".

[p. 61] Passes into nirvāṇa in the exhaustion (zad pa) of objects (yul).
Since the extremes themselves, in natural purity, dissolve of themselves,
As, for example, space dissolving into space,
There is nothing to identify.
Since conceptual clinging to the four alternatives (mu bzhi)[168]Note 168 · p. 61 · mu bzhi: rendered "four alternatives" with the house glossary and Claude Fable 5.2. GPT-6.2 Astra, Dharmamitra and Gemini 4 Neon have "four extremes", which blurs the distinction from mtha' in the line just above. ceases of itself,
It passes into nirvāṇa in the great non-abiding.
This too is a precious quality.
The quality of appearance is like this:
The door (sgo) of self-entry into impure saṃsāra[169]Note 169 · p. 61 · ma dag 'khor ba rang 'jug sgo: read as the "door of entry into impure saṃsāra" among the eight doors of spontaneous presence, paired with the "door of pure primordial wisdom" below, hence "door of self-entry into impure saṃsāra" (close to Dharmamitra and Claude Fable 5.2). GPT-6.2 Astra ("through which impure saṃsāra unfolds of itself") and Gemini 4 Neon ("through which impure saṃsāra enters of itself") make saṃsāra the agent.
Dissolves into the pure door of the essence itself
In the manner of not having gone anywhere.
As, for example, the guy ropes of a yak-hair tent,
When drawn in, gather of themselves[170]Note 170 · p. 61 · brtul bas: taken as "drawn in / gathered in" with Claude Fable 5.2, which fits the image of the ropes converging at the centre. GPT-6.2 Astra has "when the tent is taken down", Dharmamitra "collapsed", Gemini 4 Neon "slackened". at the centre,
The domains of the sense faculties pass into nirvāṇa.
This too is a precious quality.
Since the qualities are thus complete in every part,
The door of pure primordial wisdom itself
Dissolves of itself into the essence itself,
And so the kāyas and primordial wisdoms pass into nirvāṇa.
As, for example, a lion that has taken hold of the snows,[171]Note 171 · p. 61 · seng ge gangs zin: zin is "seized, taken hold of". Dharmamitra's "reigns over" and Gemini 4 Neon's "upon reaching" are looser.
The confidences (gdeng) of irreversibility and fearlessness are found.
This too is a precious quality.[167]Note 167 · p. 61 · The opening words རྒྱུད་ཀུན complete the line already rendered at the end of the previous part ("all of one's own mindstream that grasps at the three kāyas"), so they are not translated again. GPT-6.2 Astra repeats the whole line; Claude Fable 5.2 and Gemini 4 Neon repeat "mind-streams/continua".

[p. 62] Through the way the qualities thus arise,
The primordial wisdom that abides as one,
Unsought,[172]Note 172 · p. 62 · ma btsal ("unsought"): Adzom reads ma bcal ("unmeasured"). The typeset text's btsal is followed, since it is the natural pair to rnyed ("found") in "unsought, found by itself". finds itself by itself:[173]Note 173 · p. 62 · rang gis rang rnyed par: taken as the wisdom finding itself by itself, the whole clause being what "has been its nature from the beginning" (so Claude Fable 5.2 and Gemini 4 Neon in sense). Gemini 4 Neon's "unseeking" for ma btsal makes the wisdom the one that does not seek, where the sense is rather "without being sought".
That has been its nature from the very beginning.

Thus it is said.

4 Colophon of the first vajra topic མཇུག་བྱང4 Colophon of the first vajra topic (topical division)
Concluding colophon identifying the chapter as the extensive explanation of the first vajra topic, the stages of ascertaining the ground.

From the Precious Treasury of Words and Meanings, this is the extensive explanation of the first vajra topic, the stages of ascertaining the ground.

Translation notes
  • 136. [p. 52] འབྱུང་རྐྱེན་འཁྲུལ་པ: the compound is terse. GPT-6.2 Astra has "delusion born of conditions", Claude Fable 5.2 "the delusion that conditions arising", Gemini 4 Neon "of arising conditions" and Dharmamitra "of causal conditions". I render it literally as "the delusion of conditions for arising", parallel to 'gyu byed and yul 'dzin.
  • 137. [p. 52] འདི་ལ་བརྟེན་ནས་འཁྲུལ་རྐྱེན་བྱེད་པས: GPT-6.2 Astra has "provides the condition on which delusion depends", which reverses the dependence. With Claude Fable 5.2, Gemini 4 Neon, Dharmamitra I read "because, in dependence on it [the ground-appearance], it acts as the condition for delusion".
  • 138. [p. 52] The part ends in mid-verse. The opening "From" of the last line renders ལས, the first syllable of the next page, as English word order requires.
  • 139. [p. 53] spyi pa 'khrul gzhi: Adzom reads spyi la ("in general it is called the ground of delusion"). I keep spyi pa, "that which is general", i.e. what is common to both outcomes (so GPT-6.2 Astra).
  • 140. [p. 53] Dung yig can verse: Claude Fable 5.2 reads three listed items (ground, ignorances and conditions, delusion). With GPT-6.2 Astra, Dharmamitra, Gemini 4 Neon I take the ground as that which is mingled (spags pa) with the three ignorances, four conditions and cognition, this being delusion; the dang … dang … -pas series all depends on spags pa.
  • 141. [p. 53] rig ma rig las: rendered "from awareness and ignorance" per the glossary; the sense is recognition and non-recognition of the ground-appearance.
  • 142. [p. 53] lhun re stug: lhun is "mass, bulk" (GPT-6.2 Astra, Gemini 4 Neon, Claude Fable 5.2), not an abbreviation of lhun grub as in Dharmamitra's "densely spontaneous".
  • 143. [p. 53] The line gnas pa thogs med bar re mgyogs straddles the page break; it is placed whole after the marker. bar re mgyogs is obscure (lit. "how swift its interval"); "passage" follows Gemini 4 Neon and Claude Fable 5.2.
  • 144. [p. 54] snang srid gzhi bzhengs: taken as the set phrase "arisen as the ground" (Dharmamitra, Claude Fable 5.2), not "rising from the ground" (GPT-6.2 Astra, Gemini 4 Neon).
  • 145. [p. 54] gdal re chags: uncertain; chags taken as "formed, settled" (Gemini 4 Neon "steady", Claude Fable 5.2 "evenly spread").
  • 146. [p. 55] ngo bo ye sangs rgya la rtogs pas yang sangs rgyas pa: reading sangs rgyas la. With GPT-6.2 Astra and Gemini 4 Neon I take la as concessive ("while primordially awakened in essence, awakened anew through realization"), the standard formula. Dharmamitra and Claude Fable 5.2 take it as the object of rtogs pa ("realizing the essence as primordially awakened"), which would call for -su.
  • 147. [p. 55] thal 'gyur: "Reverberation of Sound" per the glossary; Dharmamitra's "Consequence Tantra" is rejected.
  • 148. [p. 55] rtog dpyod yid rnams: the plural rnams suggests a list (GPT-6.2 Astra, Dharmamitra, Gemini 4 Neon), not "the mind of thought and analysis" (Claude Fable 5.2).
  • 149. [p. 55] med snang mthong ba med pa'i chos: ambiguous. I follow GPT-6.2 Astra and Gemini 4 Neon ("a phenomenon in which what appears while nonexistent is not seen"). Claude Fable 5.2 reads "seeing what appears while nonexistent is a nonexistent phenomenon"; Dharmamitra is a loose paraphrase.
  • 150. [p. 55] byas byung rtog pa: taken with Claude Fable 5.2 as "thoughts of the made and the arisen", echoing mi mdzad rtog bral below. GPT-6.2 Astra, Dharmamitra, Gemini 4 Neon read "fabricated thoughts", which is also possible.
  • 151. [p. 56] nyug tsam: literally "a mere touch or brush"; rendered "the merest stirring" (Gemini 4 Neon; Claude Fable 5.2 "glimmer"). GPT-6.2 Astra silently emends to gnyug ("natural state"); Dharmamitra's "mere instant" has no basis.
  • 152. [p. 56] The last sentence runs on to the next page (gzu bo'i blo / can te). I have rendered can te ("he was endowed with") to complete the English clause; the next part should begin from lhun grub thim tshul dang sbyar nas. Dharmamitra omits this sentence.
  • 153. [p. 57] The opening "can te" ("endowed with") was already rendered at the end of the previous part, so the translation resumes at "lhun grub thim tshul dang sbyar nas". Dharmamitra re-translates the whole preceding sentence; this is not repeated.
  • 154. [p. 57] nang gsal: rendered "inner clarity" per the glossary; Claude Fable 5.2, GPT-6.2 Astra and Dharmamitra have "luminosity", which is reserved for 'od gsal.
  • 155. [p. 57] "de la nges pa'i char gzung ngo": nges pa is taken as "determinate", in contrast with the "indeterminate" appearances just mentioned (so Claude Fable 5.2). Gemini 4 Neon, GPT-6.2 Astra and Dharmamitra have "certainty/certain".
  • 156. [p. 57] "rang gi ngo bo rang thim pas": read as equivalent to "rang gi ngo bor rang thim pas", the form found in every later occurrence of the refrain.
  • 157. [p. 57] "ma bzhag thob pa'i tshul gyis" is obscure. It is rendered literally as "gaining what was never set in place", with Claude Fable 5.2 and close to GPT-6.2 Astra.
  • 158. [p. 57] "mi mdzad ci yang ma yin pas": the drafts diverge. Gemini 4 Neon and Dharmamitra take it as a double negative ("there is nothing it does not enact"), GPT-6.2 Astra as "there is nothing it does", Claude Fable 5.2 as "not acting, it is nothing whatsoever". Claude Fable 5.2's reading follows the word order (ci yang ma yin = "is not anything") and fits the consequence that all doing passes into nirvāṇa. The line remains ambiguous.
  • 159. [p. 57] mya ngan 'das: "pass into nirvāṇa" throughout, per the glossary (Claude Fable 5.2, GPT-6.2 Astra); Gemini 4 Neon and Dharmamitra have "pass beyond sorrow".
  • 160. [p. 58] "rang dag stong pa chen po las": las is taken loosely as "within". Dharmamitra's "beyond this … great emptiness" misreads the particle.
  • 161. [p. 58] "kha dog bdag 'dzin": taken as "grasping at colours as a self" (Gemini 4 Neon, Claude Fable 5.2), since this second dissolution concerns light dissolving into itself. GPT-6.2 Astra and Dharmamitra split it into "colours and grasping at self".
  • 162. [p. 59] "rang ngo ma la thim pa": read as "into the mother, its own face", which the following simile of the child and the mother's lap confirms. Dharmamitra ("their own true face") drops the mother.
  • 163. [p. 59] "rang gi rang bzhin mya ngan 'das": taken with all the drafts as "its own nature passes into nirvāṇa". With no case particle, "passes into nirvāṇa in its own nature" is also possible.
  • 164. [p. 60] "bum pa'i sku gzugs": taken as the simile of an image (statue) inside a vase, so "image" rather than the glossary's "vase body".
  • 165. [p. 60] "nang gsal phyi yi 'gyu ba rnams": taken as "inner clarity" followed by "the outward movements" (Gemini 4 Neon, Claude Fable 5.2, GPT-6.2 Astra). Dharmamitra's "outward movements of inner luminosity" does not fit the syntax.
  • 166. [p. 60] The page ends mid-line at "sku gsum 'dzin pa'i rang". The line is completed from the next page ("rang rgyud kun") and rendered "all of one's own mindstream that grasps at the three kāyas"; the next part should resume at "yul rnams zad par…". Gemini 4 Neon read "rang" as "self", Claude Fable 5.2 left a lacuna, and GPT-6.2 Astra omitted "rang rgyud".
  • 167. [p. 61] The opening words རྒྱུད་ཀུན complete the line already rendered at the end of the previous part ("all of one's own mindstream that grasps at the three kāyas"), so they are not translated again. GPT-6.2 Astra repeats the whole line; Claude Fable 5.2 and Gemini 4 Neon repeat "mind-streams/continua".
  • 168. [p. 61] mu bzhi: rendered "four alternatives" with the house glossary and Claude Fable 5.2. GPT-6.2 Astra, Dharmamitra and Gemini 4 Neon have "four extremes", which blurs the distinction from mtha' in the line just above.
  • 169. [p. 61] ma dag 'khor ba rang 'jug sgo: read as the "door of entry into impure saṃsāra" among the eight doors of spontaneous presence, paired with the "door of pure primordial wisdom" below, hence "door of self-entry into impure saṃsāra" (close to Dharmamitra and Claude Fable 5.2). GPT-6.2 Astra ("through which impure saṃsāra unfolds of itself") and Gemini 4 Neon ("through which impure saṃsāra enters of itself") make saṃsāra the agent.
  • 170. [p. 61] brtul bas: taken as "drawn in / gathered in" with Claude Fable 5.2, which fits the image of the ropes converging at the centre. GPT-6.2 Astra has "when the tent is taken down", Dharmamitra "collapsed", Gemini 4 Neon "slackened".
  • 171. [p. 61] seng ge gangs zin: zin is "seized, taken hold of". Dharmamitra's "reigns over" and Gemini 4 Neon's "upon reaching" are looser.
  • 172. [p. 62] ma btsal ("unsought"): Adzom reads ma bcal ("unmeasured"). The typeset text's btsal is followed, since it is the natural pair to rnyed ("found") in "unsought, found by itself".
  • 173. [p. 62] rang gis rang rnyed par: taken as the wisdom finding itself by itself, the whole clause being what "has been its nature from the beginning" (so Claude Fable 5.2 and Gemini 4 Neon in sense). Gemini 4 Neon's "unseeking" for ma btsal makes the wisdom the one that does not seek, where the sense is rather "without being sought".
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the text announces and opens), gold the quotations, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Author's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 52]
འཁྲུལ་པའི་མིང་ཡང་མེད།
།སེམས་དང་ཡིད་དུ་མ་གྲུབ་པས།
།འགྱུ་བྱེད་འཁྲུལ་པ་ངང་གིས་མེད།
།ཕྲ་རགས་དྲི་མ་གཉིས་མེད་པས།
།འབྱུང་རྐྱེན་འཁྲུལ་པ་ངང་གིས་མེད།
།བྱ་དང་བྱེད་པོ་གཉིས་མེད་པས།
།ཡུལ་འཛིན་འཁྲུལ་པ་ག་ལ་ཡོད།
།ཅེས་སོ། །འོན་ཀྱང་རང་ངོ་ཤེས་པའི་གྲོལ་རྐྱེན་བྱེད་པའི་ཆ་ནས་གྲོལ་གཞི་ཞེས་བཏགས་ལ། མ་ཤེས་ན་འཁྲུལ་རྐྱེན་བྱེད་པའི་ཆ་ནས་འཁྲུལ་གཞི་ཞེས་བཏགས་པ་ཡིན་ནོ། །དེ་ཡང་གཞི་སྣང་འདི་གྲོལ་གཞི་ཡིན་ལ། ཀ་དག་ནི་གྲོལ་ས་ཡིན་པས་འདི་གཉིས་ཀྱི་བྱེ་བྲག་ཕྱེད་པའང་ཤིན་ཏུ་གལ་ཆེ་སྟེ་ལེགས་པར་ཕྱེད་པ་ཤིན་ཏུ་ཉུང་ངོ༌། །འདི་ལ་བརྟེན་ནས་འཁྲུལ་རྐྱེན་བྱེད་པས་འཁྲུལ་པར་བཏགས་པ་ནི་དུང་དཀར་པོ་ལ་སེར་པོར་འཁྲུལ་རྐྱེན་བྱས་པ་ལྟ་བུ་སྟེ། འཁྲུལ་པ་དངོས་མ་ཡིན་ཡང་རྐྱེན་བྱས་དུས་བཏགས་པ་ནི། མུ་ཏིག་ཕྲེང་བ་ལས། ཁྱད་པར་ཆེན་པོའི་སྣང་བ་

There is not even the name of delusion designated by the intellect.
Since it is not established as mind or mentation,
The delusion that sets up movement is naturally absent.
Since there are neither of the two stains, subtle or coarse,
The delusion of conditions for arising[136]Note 136 · p. 52 · འབྱུང་རྐྱེན་འཁྲུལ་པ: the compound is terse. GPT-6.2 Astra has "delusion born of conditions", Claude Fable 5.2 "the delusion that conditions arising", Gemini 4 Neon "of arising conditions" and Dharmamitra "of causal conditions". I render it literally as "the delusion of conditions for arising", parallel to 'gyu byed and yul 'dzin. is naturally absent.
Since there is neither action nor agent,
How could there be the delusion of grasping at objects?"Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 85 % of the words.

2.3.2 Ground of liberation and ground of delusion གྲོལ་གཞི་དང་འཁྲུལ་གཞི2.3.2 Ground of liberation and ground of delusion (topical division)
Recognized, it is called the ground of liberation; unrecognized, the ground of delusion, like a white conch seen as yellow. The ground-appearance as ground of liberation must be distinguished from primordial purity as the place of liberation.

Nevertheless, from the aspect of its acting as the condition for liberation when its own face is recognized, it is designated the "ground of liberation";

and from the aspect of its acting as the condition for delusion if that is not recognized, it is designated the "ground of delusion." Moreover, this ground-appearance is the ground of liberation, whereas primordial purity is the place of liberation; to draw the distinction between these two is therefore also extremely important, yet those who have drawn it well are very few. That it is designated "delusion" because, in dependence on it, it acts as the condition for delusion[137]Note 137 · p. 52 · འདི་ལ་བརྟེན་ནས་འཁྲུལ་རྐྱེན་བྱེད་པས: GPT-6.2 Astra has "provides the condition on which delusion depends", which reverses the dependence. With Claude Fable 5.2, Gemini 4 Neon, Dharmamitra I read "because, in dependence on it [the ground-appearance], it acts as the condition for delusion". is like a white conch having acted as the condition for the delusion that it is yellow. Although it is not actual delusion, it is so designated when it has acted as the condition, as the String of Pearls says:

"From the appearance of great distinction[138]Note 138 · p. 52 · The part ends in mid-verse. The opening "From" of the last line renders ལས, the first syllable of the next page, as English word order requires.

[p. 53]
ལས།
།ཡོད་དང་མེད་པ་གཉིས་བྱུང་སྟེ།
།སྤྱི་པ་འཁྲུལ་གཞི་ཞེས་བྱ་སྟེ།
།མ་རིག་ཉིད་དང་སྤགས་པའི་ཕྱིར།
།ཤེས་བྱ་ཉིད་ཀྱང་དྲི་མར་སྣང༌།
།ཞེས་དང༌། དུང་ཡིག་ཅན་ལས། དེ་ལ་མ་ངེས་ལྷུན་གྲུབ་གཞི།
།མ་རིག་གསུམ་དང་རྐྱེན་བཞི་དང༌།
།ཤེས་པས་སྤགས་པའི་འཁྲུལ་པའོ།
།ཞེས་སོ། །དེ་ལྟ་བུའི་གཞི་སྣང་དེ་ལ་རང་ངོ་ལྷུན་གྲུབ་ཀྱི་སྣང་བ་ནམ་མཁའི་མཐའ་འཁོར་འདས་སུ་སྣང་བ་རྒྱ་ཆེ་ཞིང་རིག་མ་རིག་ལས་འཁོར་འདས་འབྱུང་བས་དབྱིངས་ཆེ་བའི་ཕྱིར་སྔོན་མེད་པའི་རང་སྣང་ཤོང་ཆེ་ལ་མཚར་ཆེ་བ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། གསལ་བ་མངོན་སྣང་བརྗིད་རེ་ཆེ།
།སྣང་བ་ཉིད་ནི་ལྷུན་རེ་སྟུག །ཆོས་སྐུ་ངོ་སྤྲོད་དང་རེ་སྤྲོ།
།ངོ་བོ་ཟང་ཐལ་སྦུབས་རེ་ཡངས།
།རང་བཞིན་ཀུན་ཁྱབ་གདལ་རེ་ཆེ།
།ཐུགས་རྗེ་ཀུན་འབྱུང་སྐྱེད་རེ་ཆེ།
།ཁྱབ་པ་ཡེ་གདངས་བཀྲག་རེ་གསལ།
།གནས་པ་ཐོགས་

The two, existence and nonexistence, arise;
That which is general is called the 'ground of delusion';[139]Note 139 · p. 53 · spyi pa 'khrul gzhi: Adzom reads spyi la ("in general it is called the ground of delusion"). I keep spyi pa, "that which is general", i.e. what is common to both outcomes (so GPT-6.2 Astra).
Because it is mingled with ignorance itself,
Even the knowable itself appears as stain."Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

And the Conch-Lettered says:

"There, the indeterminate ground of spontaneous presence
Is mingled with the three ignorances,[140]Note 140 · p. 53 · Dung yig can verse: Claude Fable 5.2 reads three listed items (ground, ignorances and conditions, delusion). With GPT-6.2 Astra, Dharmamitra, Gemini 4 Neon I take the ground as that which is mingled (spags pa) with the three ignorances, four conditions and cognition, this being delusion; the dang … dang … -pas series all depends on spags pa. the four conditions,
And cognition: this is delusion."Dung yig canQuotation (named in the text: དུང་ཡིག་ཅན་ལས)
དུང་ཡིག་ཅན, dung yig can, The Conch-Lettered · tantra
Identification: low confidence (A Great Perfection scripture not traced in the available collections.)
The quoted words are in Klong chen rab byams gsung 'bum/volume 010 327 (a parallel), 62 % of the words.

2.3.3 The unprecedented self-appearance, great in capacity and wonder སྔོན་མེད་པའི་རང་སྣང་ཤོང་ཆེ་ལ་མཚར་ཆེ་བ2.3.3 The unprecedented self-appearance, great in capacity and wonder (topical division)
Because its spontaneously present appearances span saṃsāra and nirvāṇa and arise from awareness and ignorance, the ground-appearance is called great in capacity and wonder. A String of Pearls passage praises its qualities.

In such a ground-appearance, the appearances of spontaneous presence (lhun grub kyi snang ba), its own face, are vast in extent, appearing as saṃsāra and nirvāṇa to the limits of space; and since saṃsāra and nirvāṇa arise from awareness and ignorance,[141]Note 141 · p. 53 · rig ma rig las: rendered "from awareness and ignorance" per the glossary; the sense is recognition and non-recognition of the ground-appearance. its expanse is great. For this reason it is called "the unprecedented self-appearance, great in capacity and great in wonder," as the String of Pearls says:

"Clarity manifestly appearing: how great its majesty!
Appearance itself: how dense its mass![142]Note 142 · p. 53 · lhun re stug: lhun is "mass, bulk" (GPT-6.2 Astra, Gemini 4 Neon, Claude Fable 5.2), not an abbreviation of lhun grub as in Dharmamitra's "densely spontaneous".
The introduction (ngo sprod) to the dharmakāya: how joyful the delight!
The essence, unimpeded transparency: how spacious its hollow!
The nature, all-pervading: how great its spread!
Compassion, the source of all: how great its increase!
Pervasion, the primordial radiance: how clear its lustre!

[p. 54]
མེད་བར་རེ་མགྱོགས།
།རིག་པའི་རང་གདངས་འོད་རེ་གསལ།
།སྟོང་པ་ཀུན་འབྱུང་ངོ་རེ་མཚར།
།མ་བཙལ་བཞག་པས་རྒྱུན་རེ་རིང༌།
།མ་བཀག་རང་འབྱུང་གདལ་རེ་ཆགས།
།སྣང་སྲིད་གཞི་བཞེངས་དཔངས་རེ་མཐོ།
།འབད་མེད་རང་གྲོལ་རྒྱ་རེ་ཆེ།
།ཡེ་ཐོག་ཆེན་པོ་འཁོར་རེ་མཁས།
།ཁ་དོག་ལྔ་ལྡན་བྲིས་རེ་ལེགས།
།སྣང་སྲིད་རྣམ་དག་ཁོད་རེ་སྙོམས།
།རང་བྱུང་འོད་གསལ་བཀོད་རེ་ལེགས།
།གཞི་སྣང་ཆེན་པོ་ཤོང་རེ་ཆེ།
།འཁོར་འདས་གཉིས་པོ་འབྲེལ་རེ་མཁས།
།སྐུ་ལྔ་ཡེ་ཤེས་བརྩེགས་རེ་ལེགས།
།ཞེས་སོ། །དོན་གསུམ་པ་ཀུན་ཏུ་བཟང་པོའི་གྲོལ་ལུགས་ནི་གཞི་ལས་འཕགས་པའི་སྐད་ཅིག་ལ་གཞི་སྣང་ལྷུན་གྲུབ་ཀྱི་སྒོ་བརྒྱད་རང་སྣང་དུ་ཤར་བ་སྟེ། གཞན་དུ་མ་བཟུང་བར་གཟུ་བོའི་བློས་རང་གདངས་སུ་ངོ་ཤེས་པས་འགྱུ་བ་རང་ཐོག་ཏུ་ཆོད་དེ་སྐད་ཅིག་དང་པོ་ལ་རང་སྣང་དུ་ཤར་བ་རང་ངོ་ཤེས་པས་

Abiding, unobstructed: how swift its passage![143]Note 143 · p. 53 · The line gnas pa thogs med bar re mgyogs straddles the page break; it is placed whole after the marker. bar re mgyogs is obscure (lit. "how swift its interval"); "passage" follows Gemini 4 Neon and Claude Fable 5.2.
The natural radiance of awareness: how clear its light!
Emptiness (stong pa), the source of all: how wondrous its face!
Left as it is, unsought: how long its continuity!
Unblocked, arising of itself: how settled its spread![145]Note 145 · p. 54 · gdal re chags: uncertain; chags taken as "formed, settled" (Gemini 4 Neon "steady", Claude Fable 5.2 "evenly spread").
Appearance and existence, arisen as the ground:[144]Note 144 · p. 54 · snang srid gzhi bzhengs: taken as the set phrase "arisen as the ground" (Dharmamitra, Claude Fable 5.2), not "rising from the ground" (GPT-6.2 Astra, Gemini 4 Neon). how lofty its height!
Effortless self-liberation: how vast its extent!
The great primordial beginning: how skillful its turning!
Endowed with the five colours: how fine its painting!
Appearance and existence, utterly pure: how even its surface!
Self-arisen luminosity: how fine its array!
The great ground-appearance: how great its capacity!
Saṃsāra and nirvāṇa, the two: how skillful their linking!
The five kāyas (sku lnga) and primordial wisdom: how fine their tiers!"Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

3 The mode of liberation of Samantabhadra ཀུན་ཏུ་བཟང་པོའི་གྲོལ་ལུགས3 The mode of liberation of Samantabhadra
Samantabhadra recognized the eight doors as natural radiance, drawing the distinction in the first instant and awakening in the second. Explains how unripened awareness is ripened by insight and how the impartial intellect abides as inner clarity. A Heap of Jewels passage describes the eightfold dissolution of spontaneous presence.

The third point, the mode of liberation of Samantabhadra:

3.1 Distinction in the first instant, buddhahood in the second སྐད་ཅིག་དང་པོ་ལ་བྱེ་བྲག་ཕྱེད3.1 Distinction in the first instant, buddhahood in the second (topical division)
Recognizing the eight doors as natural radiance with an impartial intellect, Samantabhadra cut movement on the spot. He drew the distinction in the first instant and awakened in the second as the teacher awakened before all, as the Reverberation of Sound and other texts attest.

in the instant of rising up from the ground, the ground-appearance, the eight doors of spontaneous presence, arose as self-appearance;

not apprehending this as other, he recognized it with an impartial intellect (gzu bo'i blo) as natural radiance, whereby movement was cut through right where it was. In the first instant, by recognizing as his own face what had arisen as self-appearance,

[p. 55]
རྟོགས་པ་སྐྱེས་ཏེ་བྱེ་བྲག་ཕྱེད། །གཉིས་པ་ལ་འཁྲུལ་པ་སངས་ཤིང་ཡེ་ཤེས་རྒྱས་པས་གཞི་འབྲས་བུར་སྨིན་ཏེ་ངོ་བོ་ཡེ་སངས་རྒྱ་ལ་རྟོགས་པས་ཡང་སངས་རྒྱས་པ་ཞེས་བྱ། རང་སྣང་ཀ་དག་ཏུ་ཐིམ་ནས་གཞི་ཐོག་ཏུ་ཀུན་གྱི་སྔོན་རོལ་ཏུ་སངས་རྒྱས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཞེས་བྱ་སྟེ། ཐལ་འགྱུར་ལས། དེ་ལྟར་འཁོར་འདས་ཐོག་མཐའ་ལས།
།སངས་རྒྱས་འཁྲུལ་པར་མ་གྱུར་པ།
།གཞི་ལས་འཕགས་པའི་དབང་པོ་ཡིས།
།རང་སྣང་རང་བཞིན་མེད་པར་ཤེས།
།རྟོག་དཔྱོད་ཡིད་རྣམས་ཕྱིར་མ་ཤོར།
།འགྱུ་བ་རང་ཐོག་ཆོད་པའོ།
།དེ་ཡང་གནས་ལུགས་ཆེན་པོ་ལས།
།འཁྲུལ་ཞེས་ཀ་ནས་དག་པ་ལ།
།མ་འཁྲུལ་ཉིད་དུ་བཅོས་སུ་མེད།
།མེད་སྣང་མཐོང་བ་མེད་པའི་ཆོས།
།བྱས་བྱུང་རྟོག་པ་རང་འགགས་སོ།
།འཁྲུལ་ནས་དམིགས་པར་སྣང་བ་ཡིན།
།རང་བཞིན་ཡེ་གདངས་མི་དམིགས་པས།
།

realization was born and the distinction was drawn. In the second, delusion cleared away (sangs) and primordial wisdom unfolded (rgyas), whereby the ground ripened into the fruition; this is called "awakening anew (yang sangs rgyas pa) through realization while being primordially awakened in essence."[146]Note 146 · p. 55 · ngo bo ye sangs rgya la rtogs pas yang sangs rgyas pa: reading sangs rgyas la. With GPT-6.2 Astra and Gemini 4 Neon I take la as concessive ("while primordially awakened in essence, awakened anew through realization"), the standard formula. Dharmamitra and Claude Fable 5.2 take it as the object of rtogs pa ("realizing the essence as primordially awakened"), which would call for -su. Self-appearance having dissolved into primordial purity, he is called "the teacher Samantabhadra, who awakened upon the ground itself before all," as the Reverberation of Sound[147]Note 147 · p. 55 · thal 'gyur: "Reverberation of Sound" per the glossary; Dharmamitra's "Consequence Tantra" is rejected. says:

"Thus, from the beginning and end of saṃsāra and nirvāṇa,
The buddha who did not become deluded,
Through the faculty that rose up from the ground,
Knew self-appearance to be without nature.
Investigation and analysis (rtog dpyod) and mentation[148]Note 148 · p. 55 · rtog dpyod yid rnams: the plural rnams suggests a list (GPT-6.2 Astra, Dharmamitra, Gemini 4 Neon), not "the mind of thought and analysis" (Claude Fable 5.2). did not stray outward;
Movement was cut through right where it was.
Moreover, in the great abiding reality,
In what is called 'delusion' yet is primordially pure,
There is nothing to contrive into non-delusion.
It is a phenomenon with no seeing of what appears while nonexistent;[149]Note 149 · p. 55 · med snang mthong ba med pa'i chos: ambiguous. I follow GPT-6.2 Astra and Gemini 4 Neon ("a phenomenon in which what appears while nonexistent is not seen"). Claude Fable 5.2 reads "seeing what appears while nonexistent is a nonexistent phenomenon"; Dharmamitra is a loose paraphrase.
Conceptual thoughts of the made and the arisen[150]Note 150 · p. 55 · byas byung rtog pa: taken with Claude Fable 5.2 as "thoughts of the made and the arisen", echoing mi mdzad rtog bral below. GPT-6.2 Astra, Dharmamitra, Gemini 4 Neon read "fabricated thoughts", which is also possible. cease of themselves.
It is through delusion that there is appearance as a reference point;
Since the nature, primordial radiance, is without reference point,

[p. 56]
ཆོས་ཀུན་མཉམ་པར་རོ་གཅིག་གོ །མི་མཛད་རྟོག་བྲལ་ཡེ་སངས་རྒྱས། །ཞེས་པ་དང༌། རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། ཉུག་ཙམ་ལས་ནི་རིག་བྱུང་ནས།
།ཝལ་གྱིས་གསལ་ནས་སྒྲོ་སྐུར་བྲལ།
།ཞེས་པ་དང༌། མཚན་བརྗོད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད།
།སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས།
།ཞེས་སོ། །དེ་ཡང་གཞི་ནས་འཕགས་པའི་རིག་པ་ས་བོན་ལྟ་བུ་གྲོལ་འཁྲུལ་གང་བྱེད་མ་ངེས་པས་མ་སྨིན་པའི་རིག་པ་ཞེས་བྱ་སྟེ། སངས་རྒྱས་སུ་སྨིན་པར་བྱེད་པ་ནི་རྟོགས་པའི་ཤེས་རབ་ཀྱིས་བྱས་ཏེ། སྒྲོན་མ་འབར་བ་ལས། འབྲས་བུར་སྨིན་བྱེད་ཤེས་རབ་སྟེ།
།ཤེས་རབ་སྐུ་རུ་སྨིན་པ་ཡི།
།ངོ་བོ་ཉིད་ཀྱི་ཆོས་སྐུ་དེ།
།ཡེ་ཤེས་ཆོས་ཀྱི་སྐུ་རུ་སྨིན།
།དེ་ཡི་ཡེ་ཤེས་རྒྱུན་མི་འཆད།
།སྐུ་དང་ཡེ་ཤེས་ལྷུན་གྲུབ་གསལ།
།ཞེས་སོ། །དཔྱོད་བྱེད་ཕྱིར་མ་ཤོར་བས་རང་དུ་རྟོགས་པའི་ཚེ་གཟུ་བོའི་བློ་

All phenomena are equal, of one taste (ro gcig).
Without deeds, free of conceptual thought: primordial buddhahood."Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (The root tantra of the Seventeen Tantras; the name 'gsang ba sgra rgyud' appears to refer to it as well.)
The quoted words are in Ngb-pt-0056-vol-01-text (the text itself), 67 % of the words.

And the Tantra of the Wheel of Self-Arisen Bliss says:

"From the merest stirring,[151]Note 151 · p. 56 · nyug tsam: literally "a mere touch or brush"; rendered "the merest stirring" (Gemini 4 Neon; Claude Fable 5.2 "glimmer"). GPT-6.2 Astra silently emends to gnyug ("natural state"); Dharmamitra's "mere instant" has no basis. awareness emerged;
Vividly clear, it was free of superimposition and denial."Rang byung bde ba 'khor loQuotation (named in the text: རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས)
རང་བྱུང་བདེ་བ་འཁོར་ལོའི་རྒྱུད, rang byung bde ba 'khor lo'i rgyud, Tantra of the Wheel of Self-Arisen Bliss · tantra
Identification: low confidence (Not traced.)
The quoted words were not found among the texts on this wiki.

And the Nāmasaṃgīti says:

"In a single instant the distinction is drawn;
In a single instant, perfect buddhahood."Mtshan brjodQuotation (named in the text: མཚན་བརྗོད་ལས)
འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ, 'jam dpal gyi mtshan yang dag par brjod pa, Chanting the Names of Mañjuśrī (Mañjuśrīnāmasaṃgīti) · tantra; Kangyur; Toh 360
Identification: high confidence (Traditionally regarded as a chapter of the Mañjuśrī Net of Illusion, hence also cited as 'jam dpal sgyu 'phrul drva ba.)
The quoted words are in Ngb-pt-0500-vol-06-text (a parallel: ཆོས་ཐམས་ཅད་ཀྱི་དོན་བསྟན་པ), 100 % of the words.

3.2 Unripened awareness ripened by insight མ་སྨིན་པའི་རིག་པ་ཤེས་རབ་ཀྱིས་སྨིན་པ3.2 Unripened awareness ripened by insight (topical division)
Awareness risen from the ground is like a seed, not yet determined toward liberation or delusion. It is ripened into buddhahood by the insight of realization, as the Blazing Lamp states.

Moreover, the awareness that has risen up from the ground is like a seed: since it is indeterminate whether it will bring about liberation or delusion, it is called "unripened awareness" (ma smin pa'i rig pa). Its ripening into buddhahood is brought about by the insight of realization, as the Blazing Lamp says:

"What ripens it into fruition is insight.
Of insight ripened into the kāya,
That dharmakāya of the essence itself
Ripens into the dharmakāya of primordial wisdom.
Its primordial wisdom is uninterrupted;
Kāya and primordial wisdom are spontaneously present and clear."Sgron ma 'bar baQuotation (named in the text: སྒྲོན་མ་འབར་བ་ལས)
སྒྲོན་མ་འབར་བའི་རྒྱུད, sgron ma 'bar ba'i rgyud, The Blazing Lamp · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Klong chen rab byams gsung 'bum/volume 007 198 (a parallel: མཁའ་འགྲོ་སྙིང་ཏིག་གི་མན་ངག་ཟབ་དོན་རྒྱ་མཚོའི་སྤྲིན), 66 % of the words.

3.3 The impartial intellect abiding as inner clarity གཟུ་བོའི་བློ་ཅན་ནང་གསལ་དུ་གནས་པ3.3 The impartial intellect abiding as inner clarity (topical division)
Because analysis did not stray outward, Samantabhadra possessed the impartial intellect. For him the indeterminate display is inner clarity, as the Illuminating Lamp explains.

At the time of realizing it as his own, since that which analyzes had not strayed outward, he was endowed with the impartial intellect;[152]Note 152 · p. 56 · The last sentence runs on to the next page (gzu bo'i blo / can te). I have rendered can te ("he was endowed with") to complete the English clause; the next part should begin from lhun grub thim tshul dang sbyar nas. Dharmamitra omits this sentence.

[p. 57]
ཅན་ཏེ་ལྷུན་གྲུབ་ཐིམ་ཚུལ་དང་སྦྱར་ནས་ནང་གསལ་དུ་གནས་པ་ནི། སྒྲོན་མ་སྣང་བྱེད་ལས། ངེས་པ་མེད་པའི་ལྷུན་གྲུབ་ལས།
།སྣ་ཚོགས་དུ་མ་ཤར་ཚུལ་ལ།
།འགག་པ་མེད་པའི་རོལ་པ་ནི།
།ཅིར་ཡང་མཛད་ཅིང་ཅིར་ཡང་འཆར།
།ངེས་མེད་སྣང་བ་དུ་མའོ།
།དེ་ཉིད་གཟུ་བོའི་བློ་ཅན་ལ།
།མཐོང་བ་མ་འགགས་ནང་གསལ་ཏེ།
།དེ་ལ་ངེས་པའི་ཆར་གཟུང་ངོ༌།
།ཞེས་སོ། །དེའི་ཚེ་ལྷུན་གྲུབ་ཀྱི་ཐིམ་ཚུལ་ནི། རིན་པོ་ཆེ་སྤུངས་པ་ལས། རོལ་པའི་རྩལ་ལས་ཐིམ་ལུགས་བརྒྱད། །ལྷུན་གྲུབ་ངེས་པ་མེད་པའི་གཞི།
།ཡོན་ཏན་ཚུལ་དུ་འདི་ལྟ་བུ།
།ཐུགས་རྗེ་ཉིད་ནི་ཐུགས་རྗེ་ལ།
།རང་གི་ངོ་བོ་རང་ཐིམ་པས།
།མ་བཞག་ཐོབ་པའི་ཚུལ་གྱིས་ནི།
།མཛད་པ་མེད་པའི་ཀློང་དུ་འདས།
།མི་མཛད་ཅི་ཡང་མ་ཡིན་པས།
།བྱེད་སྤྱོད་ཐམས་ཅད་མྱ་ངན་འདས།
།མ་བྱས་བྱེད་པར་སྣང་བྱེད་པས།
།

and as for his abiding as inner clarity,[154]Note 154 · p. 57 · nang gsal: rendered "inner clarity" per the glossary; Claude Fable 5.2, GPT-6.2 Astra and Dharmamitra have "luminosity", which is reserved for 'od gsal. taken together with the way spontaneous presence dissolves[153]Note 153 · p. 57 · The opening "can te" ("endowed with") was already rendered at the end of the previous part, so the translation resumes at "lhun grub thim tshul dang sbyar nas". Dharmamitra re-translates the whole preceding sentence; this is not repeated. (thim tshul), the Illuminating Lamp says:

"From spontaneous presence, which is indeterminate,
In the way the manifold variety arises,
The unceasing play
Does anything whatsoever and arises as anything whatsoever:
These are the many indeterminate appearances.
For the one endowed with the impartial intellect,
That itself is inner clarity, seeing unceasing;
This is to be held as the determinate aspect."Sgron ma snang byedQuotation (named in the text: སྒྲོན་མ་སྣང་བྱེད་ལས)
སྒྲོན་མ་སྣང་བྱེད་ཀྱི་རྒྱུད, sgron ma snang byed kyi rgyud, The Illuminating Lamp · tantra
Identification: low confidence (Not one of the Seventeen Tantras; the scripture itself has not been traced.)
The quoted words are in ཉམས་ལེན་ལག་ཁྲིད་མའི་ཁྲིད་ངོ་མཚར་ཅན་བཞུགས། (a parallel), 67 % of the words.
[155]Note 155 · p. 57 · "de la nges pa'i char gzung ngo": nges pa is taken as "determinate", in contrast with the "indeterminate" appearances just mentioned (so Claude Fable 5.2). Gemini 4 Neon, GPT-6.2 Astra and Dharmamitra have "certainty/certain".

3.4 The way spontaneous presence dissolves ལྷུན་གྲུབ་ཀྱི་ཐིམ་ཚུལ3.4 The way spontaneous presence dissolves (topical division)
A long Heap of Jewels passage describes the eight modes of dissolution. Compassion, light, wisdom, kāya, nonduality, liberation from extremes, the impure door and the pure wisdom door each dissolve into themselves. Each passes into nirvāṇa as a precious quality, so that self-abiding wisdom finds itself.

As for the way spontaneous presence dissolves at that time, the Heap of Jewels says:

"From the dynamic energy of play come eight modes of dissolution (thim lugs).
The ground of indeterminate spontaneous presence,
In the manner of its qualities, is like this:
Compassion itself, into compassion,
Dissolves of itself, into its own essence;[156]Note 156 · p. 57 · "rang gi ngo bo rang thim pas": read as equivalent to "rang gi ngo bor rang thim pas", the form found in every later occurrence of the refrain.
Thus, in the manner of gaining what was never set in place,[157]Note 157 · p. 57 · "ma bzhag thob pa'i tshul gyis" is obscure. It is rendered literally as "gaining what was never set in place", with Claude Fable 5.2 and close to GPT-6.2 Astra.
It passes into the vast expanse where there is no acting.
Since, not acting, it is nothing whatsoever,[158]Note 158 · p. 57 · "mi mdzad ci yang ma yin pas": the drafts diverge. Gemini 4 Neon and Dharmamitra take it as a double negative ("there is nothing it does not enact"), GPT-6.2 Astra as "there is nothing it does", Claude Fable 5.2 as "not acting, it is nothing whatsoever". Claude Fable 5.2's reading follows the word order (ci yang ma yin = "is not anything") and fits the consequence that all doing passes into nirvāṇa. The line remains ambiguous.
All doing and conduct pass into nirvāṇa (mya ngan 'das).[159]Note 159 · p. 57 · mya ngan 'das: "pass into nirvāṇa" throughout, per the glossary (Claude Fable 5.2, GPT-6.2 Astra); Gemini 4 Neon and Dharmamitra have "pass beyond sorrow".
Since, with nothing done, it makes there appear a doing,

[p. 58]
འདུས་བྱས་རྣམས་ནི་དག་པའི་ཀློང༌། །དེ་ཉིད་རང་ལ་རང་ཐིམ་པས།
།གཞན་དུ་སོང་བ་མ་ཡིན་ནོ།
།དཔེར་ན་ཉི་མའི་སྙིང་པོ་ལ།
།རང་གི་ཟེར་རྣམས་རང་ཐིམ་ལྟར།
།རང་གི་གདངས་དང་བཅས་པ་ཡི།
།གཟིགས་སྣང་ཐམས་ཅད་མྱ་ངན་འདས།
།འདི་ཀུན་ཡོན་ཏན་རིན་པོ་ཆེ།
།རྐྱེན་ལ་མི་གནས་རང་སའོ། །རང་འོད་རང་ལ་ཐིམ་པ་ནི། །འདི་ཡང་ཡོན་ཏན་ཆེན་པོར་ཤར། །རང་གི་ངོ་བོ་རྣམ་དག་པས། །མཚན་མར་འཛིན་པའི་ཞེན་ཡུལ་འགག །ཕྱི་རོལ་འབྱུང་བཞི་རགས་པར་ཡང༌། །འདིར་མི་སྣང་སྟེ་ཞེན་པ་ལོག །རང་དག་སྟོང་པ་ཆེན་པོ་ལས། །ཁ་དོག་བདག་འཛིན་མྱ་ངན་འདས།
།འདི་ཡང་གཞན་དུ་སོང་བ་མེད།
།རང་གི་ངོ་བོར་རང་ཐིམ་པས།
།སྣང་བ་ཐམས་ཅད་མྱ་ངན་འདས།
།འོད་ཀྱི་དཀྱིལ་འཁོར་རང་ཐིམ་པས།
།དཔེར་ན་ནམ་མཁའི་འཇའ་ཚོན་བཞིན།
།ནམ་མཁའ་ཉིད་ལ་རང་ཡལ་ལྟར།
།མི་འབྱེད་

Conditioned things are the vast expanse of purity.
Since that itself dissolves of itself into itself,
It has not gone anywhere else.
Just as, for example, into the heart of the sun
Its own rays dissolve of themselves,
All that is beheld, together with its own radiance,
Passes into nirvāṇa.
All this is a precious quality:
Not dwelling in conditions, it is its own place.
As for its own light dissolving into itself,
This too arises as a great quality.
Since its own essence is utterly pure,
The objects of clinging (zhen pa), grasped as marks, cease.
Nor do the four outer elements, in coarse form,
Appear here; clinging is turned back.
Within the great emptiness of natural purity,[160]Note 160 · p. 58 · "rang dag stong pa chen po las": las is taken loosely as "within". Dharmamitra's "beyond this … great emptiness" misreads the particle.
The grasping at colours as a self[161]Note 161 · p. 58 · "kha dog bdag 'dzin": taken as "grasping at colours as a self" (Gemini 4 Neon, Claude Fable 5.2), since this second dissolution concerns light dissolving into itself. GPT-6.2 Astra and Dharmamitra split it into "colours and grasping at self". (bdag 'dzin) passes into nirvāṇa.
This too has not gone anywhere else.
Since it dissolves of itself into its own essence,
All appearances pass into nirvāṇa.
Since the maṇḍala (dkyil 'khor) of light dissolves of itself,
As, for example, a rainbow in the sky
Fades of itself into the sky itself,

[p. 59]
ཆེན་པོའི་ཀློང་དུ་ནི། །འཛིན་ཆགས་ཐམས་ཅད་མྱ་ངན་འདས།
།འདི་ཡང་ཡོན་ཏན་རིན་པོ་ཆེ།
།ཡོན་ཏན་འཆར་ཚུལ་འདི་ལྟ་བུ།
།ཡེ་ཤེས་ཉིད་ལ་ཡེ་ཤེས་ཉིད།
།རང་གི་ངོ་བོར་རང་ཐིམ་པས།
།ཤེས་པའི་འཛིན་རྟོག་དྲན་བསམ་ནི།
།རང་གནས་མཉམ་པ་ཉིད་ཀློང་དུ།
།ཐམས་ཅད་གཉིས་མེད་མྱ་ངན་འདས།
།སོ་སོའི་ཡེ་ཤེས་སྣང་ཆ་ཡང༌།
།བྱས་པ་མེད་པའི་ཀློང་དཀྱིལ་དུ།
།ནུབ་པ་མེད་པར་མྱ་ངན་འདས།
།དེ་ཉིད་རང་ལ་རང་ཐིམ་པས།
།ཡེ་ཤེས་རོལ་པ་སྣ་ཚོགས་ཀུན།
།རང་ངོ་མ་ལ་ཐིམ་པ་ནི།
།དཔེར་ན་མ་པང་བུ་འཇུག་བཞིན།
།རང་གི་ཡེ་ཤེས་རང་ཡིད་ཆེས།
།རང་གི་རང་བཞིན་མྱ་ངན་འདས།
།འདི་ཡང་ཡོན་ཏན་རིན་པོ་ཆེ།
།ཡང་ནི་ཡོན་ཏན་ཐིམ་པའི་ཚུལ།
།སྐུ་ཉིད་སྐུ་ལ་རང་ཐིམ་པས།
།གཟུགས་ཀུན་མི་རྟོག་ཆེན་པོར་ནི།
།སྣང་བ་མེད་པར་མྱ་ངན་འདས།
།རགས་པས་བསྡུས་པའི་

In the vast expanse of the great undivided
All grasping and attachment pass into nirvāṇa.
This too is a precious quality.
The way the qualities arise is like this:
Primordial wisdom itself, into primordial wisdom itself,
Dissolves of itself, into its own essence;
Thus cognition's grasping and conceptual thought, recollection and reflection,
In the vast expanse of self-abiding equality (mnyam pa nyid),
All pass, nondual, into nirvāṇa.
The appearing aspects of the individual primordial wisdoms, too,
In the centre of the vast expanse where nothing is made,
Pass into nirvāṇa without ever setting.
Since that itself dissolves of itself into itself,
All the varied play of primordial wisdom
Dissolves into the mother, its own face,[162]Note 162 · p. 59 · "rang ngo ma la thim pa": read as "into the mother, its own face", which the following simile of the child and the mother's lap confirms. Dharmamitra ("their own true face") drops the mother.
As, for example, a child enters its mother's lap.
Its own primordial wisdom trusts in itself;
Its own nature passes into nirvāṇa.[163]Note 163 · p. 59 · "rang gi rang bzhin mya ngan 'das": taken with all the drafts as "its own nature passes into nirvāṇa". With no case particle, "passes into nirvāṇa in its own nature" is also possible.
This too is a precious quality.
Again, the way the qualities dissolve:
Since the kāya itself dissolves of itself into the kāya,
All forms, in the great non-conceptuality (mi rtog pa),
Pass into nirvāṇa without appearing.

[p. 60]
འབྱུང་བ་དང༌། །ཕྲ་བས་བཟུང་བའི་མ་རིག་སོགས།
།འབྱེད་པ་མེད་པར་མྱ་ངན་འདས།
།སྐུ་རྣམས་རང་ངོར་ཐིམ་པས་ནི།
།ཤེས་པའི་འབྱུང་ཆ་ཕྱིར་མ་ཤོར།
།དཔེར་ན་བུམ་པའི་སྐུ་གཟུགས་བཞིན།
།ནང་གསལ་ཕྱི་ཡི་འགྱུ་བ་རྣམས།
།རང་བཞིན་མེད་པར་གནས་སུ་དག །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡང་ནི་ཡོན་ཏན་འདི་ལྟ་བུ།
།གཉིས་མེད་གཉིས་མེད་རང་ཐིམ་པས།
།གྲངས་སུ་འཛིན་པའི་ཞེན་པ་རྣམས།
།ཉག་གཅིག་སྤྲོས་དང་བྲལ་བར་ནི།
།མི་གཉིས་གཅིག་པའི་ཚུལ་དུ་ནི།
།རང་ཐིམ་ཉིད་དུ་མྱ་ངན་འདས།
།གཉིས་སུ་སྣང་བ་རང་ཐིམ་པས།
།དཔེར་ན་ཆུ་བོ་ཆུ་བོ་ལ།
།ཐིམ་པ་བཞིན་དུ་དབྱེར་མི་ཕྱེད།
།དབྱེར་མེད་ཆེན་པོར་མྱ་ངན་འདས།
།འདི་ཡང་ཡོན་ཏན་རིན་པོ་ཆེ།
།མ་འགགས་ཡོན་ཏན་འདི་ལྟ་བུ།
།མཐའ་གྲོལ་ཉིད་ནི་མཐའ་གྲོལ་ལ།
།རང་གི་ངོ་བོར་རང་ཐིམ་པས།
།སྐུ་གསུམ་འཛིན་པའི་རང་

The elements, comprised within the coarse,
And ignorance and the rest, held by the subtle,
Pass into nirvāṇa without division.
Since the kāyas dissolve into their own face,
The arising aspect of cognition does not stray outward.
As, for example, with an image inside a vase,[164]Note 164 · p. 60 · "bum pa'i sku gzugs": taken as the simile of an image (statue) inside a vase, so "image" rather than the glossary's "vase body".
There is inner clarity, and the outward movements,[165]Note 165 · p. 60 · "nang gsal phyi yi 'gyu ba rnams": taken as "inner clarity" followed by "the outward movements" (Gemini 4 Neon, Claude Fable 5.2, GPT-6.2 Astra). Dharmamitra's "outward movements of inner luminosity" does not fit the syntax.
Being without nature, are purified in their own place.
This too is a precious quality.
Again, the quality is like this:
Since the nondual dissolves of itself into the nondual,
The clingings that grasp at number,
In the sole one, free from elaboration,
In the manner of being one and not two,
Pass into nirvāṇa as self-dissolution itself.
Since what appears as two dissolves of itself,
As, for example, a river dissolving into a river,
It cannot be divided;
It passes into nirvāṇa in the great indivisibility.
This too is a precious quality.
The unceasing quality is like this:
Liberation from extremes itself, into liberation from extremes,
Dissolves of itself, into its own essence;
Thus all of one's own mindstream that grasps at the three kāyas,[166]Note 166 · p. 60 · The page ends mid-line at "sku gsum 'dzin pa'i rang". The line is completed from the next page ("rang rgyud kun") and rendered "all of one's own mindstream that grasps at the three kāyas"; the next part should resume at "yul rnams zad par…". Gemini 4 Neon read "rang" as "self", Claude Fable 5.2 left a lacuna, and GPT-6.2 Astra omitted "rang rgyud".

[p. 61]
རྒྱུད་ཀུན། །ཡུལ་རྣམས་ཟད་པར་མྱ་ངན་འདས།
།མཐའ་ཉིད་རང་དག་རང་ཐིམ་པས།
།དཔེར་ན་ནམ་མཁའ་ནམ་མཁའ་ལ།
།ཐིམ་པ་བཞིན་དུ་ངོས་གཟུང་མེད།
།མུ་བཞིའི་རྟོག་ཞེན་རང་འགགས་པས།
།མི་གནས་ཆེན་པོར་མྱ་ངན་འདས།
།འདི་ཡང་ཡོན་ཏན་རིན་པོ་ཆེ།
།སྣང་བའི་ཡོན་ཏན་འདི་ལྟ་བུ།
།མ་དག་འཁོར་བ་རང་འཇུག་སྒོ།
།ངོ་བོ་ཉིད་ཀྱི་དག་སྒོ་ལ།
།སོང་བ་མེད་པའི་ཚུལ་དུ་ཐིམ།
།དཔེར་ན་སྦྲ་ཡི་ཆོན་ཐག་རྣམས།
།བརྟུལ་བས་དབུས་སུ་རང་འདུས་ལྟར།
།དབང་པོའི་སྤྱོད་ཡུལ་མྱ་ངན་འདས།
།འདི་ཡང་ཡོན་ཏན་རིན་པོ་ཆེ།
།འདི་ལྟར་ཡོན་ཏན་ཆ་རྫོགས་པས།
།དག་པ་ཡེ་ཤེས་ཉིད་ཀྱི་སྒོ།
།ངོ་བོ་ཉིད་ལ་རང་ཐིམ་པས།
།སྐུ་དང་ཡེ་ཤེས་མྱ་ངན་འདས།
།དཔེར་ན་སེང་གེ་གངས་ཟིན་བཞིན།
།མི་ལྡོག་འཇིགས་མེད་གདེང་རྣམས་རྙེད།
།འདི་ཡང་ཡོན་ཏན་རིན་པོ་ཆེ།
།

Passes into nirvāṇa in the exhaustion (zad pa) of objects (yul).
Since the extremes themselves, in natural purity, dissolve of themselves,
As, for example, space dissolving into space,
There is nothing to identify.
Since conceptual clinging to the four alternatives (mu bzhi)[168]Note 168 · p. 61 · mu bzhi: rendered "four alternatives" with the house glossary and Claude Fable 5.2. GPT-6.2 Astra, Dharmamitra and Gemini 4 Neon have "four extremes", which blurs the distinction from mtha' in the line just above. ceases of itself,
It passes into nirvāṇa in the great non-abiding.
This too is a precious quality.
The quality of appearance is like this:
The door (sgo) of self-entry into impure saṃsāra[169]Note 169 · p. 61 · ma dag 'khor ba rang 'jug sgo: read as the "door of entry into impure saṃsāra" among the eight doors of spontaneous presence, paired with the "door of pure primordial wisdom" below, hence "door of self-entry into impure saṃsāra" (close to Dharmamitra and Claude Fable 5.2). GPT-6.2 Astra ("through which impure saṃsāra unfolds of itself") and Gemini 4 Neon ("through which impure saṃsāra enters of itself") make saṃsāra the agent.
Dissolves into the pure door of the essence itself
In the manner of not having gone anywhere.
As, for example, the guy ropes of a yak-hair tent,
When drawn in, gather of themselves[170]Note 170 · p. 61 · brtul bas: taken as "drawn in / gathered in" with Claude Fable 5.2, which fits the image of the ropes converging at the centre. GPT-6.2 Astra has "when the tent is taken down", Dharmamitra "collapsed", Gemini 4 Neon "slackened". at the centre,
The domains of the sense faculties pass into nirvāṇa.
This too is a precious quality.
Since the qualities are thus complete in every part,
The door of pure primordial wisdom itself
Dissolves of itself into the essence itself,
And so the kāyas and primordial wisdoms pass into nirvāṇa.
As, for example, a lion that has taken hold of the snows,[171]Note 171 · p. 61 · seng ge gangs zin: zin is "seized, taken hold of". Dharmamitra's "reigns over" and Gemini 4 Neon's "upon reaching" are looser.
The confidences (gdeng) of irreversibility and fearlessness are found.
This too is a precious quality.[167]Note 167 · p. 61 · The opening words རྒྱུད་ཀུན complete the line already rendered at the end of the previous part ("all of one's own mindstream that grasps at the three kāyas"), so they are not translated again. GPT-6.2 Astra repeats the whole line; Claude Fable 5.2 and Gemini 4 Neon repeat "mind-streams/continua".

[p. 62]
འདི་ལྟར་ཡོན་ཏན་འབྱུང་ཚུལ་གྱིས། །གཅིག་པར་གནས་པའི་ཡེ་ཤེས་ནི། །མ་བཙལ་རང་གིས་རང་རྙེད་པར། །སྔོན་ནས་དེ་ཡི་རང་བཞིན་ནོ། །ཞེས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་གཞི་གཏན་ལ་དབབ་པའི་རིམ་པ་སྟེ་རྡོ་རྗེའི་གནས་དང་པོ་རྒྱ་ཆེར་བཤད་པའོ། །

Through the way the qualities thus arise,
The primordial wisdom that abides as one,
Unsought,[172]Note 172 · p. 62 · ma btsal ("unsought"): Adzom reads ma bcal ("unmeasured"). The typeset text's btsal is followed, since it is the natural pair to rnyed ("found") in "unsought, found by itself". finds itself by itself:[173]Note 173 · p. 62 · rang gis rang rnyed par: taken as the wisdom finding itself by itself, the whole clause being what "has been its nature from the beginning" (so Claude Fable 5.2 and Gemini 4 Neon in sense). Gemini 4 Neon's "unseeking" for ma btsal makes the wisdom the one that does not seek, where the sense is rather "without being sought".
That has been its nature from the very beginning.

Thus it is said.

4 Colophon of the first vajra topic མཇུག་བྱང4 Colophon of the first vajra topic (topical division)
Concluding colophon identifying the chapter as the extensive explanation of the first vajra topic, the stages of ascertaining the ground.

From the Precious Treasury of Words and Meanings, this is the extensive explanation of the first vajra topic, the stages of ascertaining the ground.

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 8 quotations, 5 found on this wiki.
# p. Tibetan English Source On this wiki
1 52 ཁྱད་པར་ཆེན་པོའི་སྣང་བ་ ལས། །ཡོད་དང་ … པའི་ཕྱིར། །ཤེས་བྱ་ཉིད་ཀྱང་དྲི་མར་སྣང༌། From the appearance of great distinction The two, existence … ignorance itself, Even the knowable itself appears as stain." named: མུ་ཏིག་ཕྲེང་བ་ལས
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras high
not found
2 53 དེ་ལ་མ་ངེས་ལྷུན་གྲུབ་གཞི། །མ་རིག་གསུམ་དང་རྐྱེན་བཞི་དང༌། །ཤེས་པས་སྤགས་པའི་འཁྲུལ་པའོ། There, the indeterminate ground of spontaneous presence Is mingled with the three ignorances, the four conditions, And cognition: this is delusion." named: དུང་ཡིག་ཅན་ལས
དུང་ཡིག་ཅན, dung yig can, The Conch-Lettered · tantra low
parallel: Klong chen rab byams gsung 'bum/volume 010 327, 62 %
3 53 གསལ་བ་མངོན་སྣང་བརྗིད་རེ་ཆེ། །སྣང་བ་ … རེ་མཁས། །སྐུ་ལྔ་ཡེ་ཤེས་བརྩེགས་རེ་ལེགས། Clarity manifestly appearing: how great its majesty! Appearance itself: … (sku lnga) and primordial wisdom: how fine their tiers!" named: མུ་ཏིག་ཕྲེང་བ་ལས
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras high
not found
4 55 དེ་ལྟར་འཁོར་འདས་ཐོག་མཐའ་ལས། །སངས་རྒྱས་ … གཅིག་གོ །མི་མཛད་རྟོག་བྲལ་ཡེ་སངས་རྒྱས། Thus, from the beginning and end of saṃsāra and … gcig). Without deeds, free of conceptual thought: primordial buddhahood." named: ཐལ་འགྱུར་ལས
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0056-vol-01-text (the text itself), 67 %
5 56 ཉུག་ཙམ་ལས་ནི་རིག་བྱུང་ནས། །ཝལ་གྱིས་གསལ་ནས་སྒྲོ་སྐུར་བྲལ། From the merest stirring, awareness emerged; Vividly clear, it was free of superimposition and denial." named: རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས
རང་བྱུང་བདེ་བ་འཁོར་ལོའི་རྒྱུད, rang byung bde ba 'khor lo'i rgyud, Tantra of the Wheel of Self-Arisen Bliss · tantra low
not found
6 56 སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། In a single instant the distinction is drawn; In a single instant, perfect buddhahood." named: མཚན་བརྗོད་ལས
འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ, 'jam dpal gyi mtshan yang dag par brjod pa, Chanting the Names of Mañjuśrī (Mañjuśrīnāmasaṃgīti) · tantra; Kangyur; Toh 360 high
parallel: ཆོས་ཐམས་ཅད་ཀྱི་དོན་བསྟན་པ, 100 %
7 56 འབྲས་བུར་སྨིན་བྱེད་ཤེས་རབ་སྟེ། །ཤེས་རབ་ … མི་འཆད། །སྐུ་དང་ཡེ་ཤེས་ལྷུན་གྲུབ་གསལ། What ripens it into fruition is insight. Of insight … Kāya and primordial wisdom are spontaneously present and clear." named: སྒྲོན་མ་འབར་བ་ལས
སྒྲོན་མ་འབར་བའི་རྒྱུད, sgron ma 'bar ba'i rgyud, The Blazing Lamp · tantra; Nyingma Gyubum, one of the Seventeen Tantras high
parallel: མཁའ་འགྲོ་སྙིང་ཏིག་གི་མན་ངག་ཟབ་དོན་རྒྱ་མཚོའི་སྤྲིན, 66 %
8 57 ངེས་པ་མེད་པའི་ལྷུན་གྲུབ་ལས། །སྣ་ཚོགས་ … གསལ་ཏེ། །དེ་ལ་ངེས་པའི་ཆར་གཟུང་ངོ༌། From spontaneous presence, which is indeterminate, In the way … This is to be held as the determinate aspect." named: སྒྲོན་མ་སྣང་བྱེད་ལས
སྒྲོན་མ་སྣང་བྱེད་ཀྱི་རྒྱུད, sgron ma snang byed kyi rgyud, The Illuminating Lamp · tantra low
parallel: ཉམས་ལེན་ལག་ཁྲིད་མའི་ཁྲིད་ངོ་མཚར་ཅན་བཞུགས།, 67 %