Ngb-pt-0500-vol-06-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

པའོ།། །།ཨ་ར་ལི་རྙོག་པ་མེད་པའི་རྒྱུ་ཟབ་མོ་རྫོགས་སོ།། །། རྒྱ་གར་སྐད་དུ། །དྷ་རྨ་རྦུ་ཐེ་དེ་ཤ། །བོད་སྐད་དུ། །ཆོས་ཐམས་ཅད་ཀྱི་དོན་བསྟན་པ། །ཀ་དག་ཡེ་རྫོགས་ངང་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། །གནས་འོག་མིན་ཆོས་ཀྱི་ཕོ་བྲང་དུ། །སྟོན་པ་རིག་སྟོང་ཀུན་ཏུ་བཟང། །ལོངས་སྐུ་རྡོ་རྗེ་འཆང་དུ་སྤྲུལ། །ཞལ་ཕྱག་རྣམ་པར་སྐུ་བཞེངས་ནས། །འཁོར་ནི་ཞི་ཁྲོ་སངས་རྒྱས་དཔག་ཏུ་མེད། །ཁྱད་པར་སྐུ་ཡི་འཁོར་ནི་འདི་ལྟ་སྟེ། །རྡོ་རྗེ་རིགས་དང་རིན་ཆེན་རིགས། །པདྨའི་རིགས་དང་ལས་ཀྱི་རིགས། །བདེ་གཤེགས་རིགས་ལ་སོགས་པ་དང། །སངས་རྒྱས་ཆོས་དང་དགེ་འདུན་དང། །བྱང་ཆུབ་སེམས་དཔའ་དཔག་ཏུ་མེད། །ཕྱི་བའི་འཁོར་ནི་འདི་ལྟ་སྟེ། །དབང་ཕྱུག་ཆེན་པོ་དང། །མུ་སྟེགས་མུར་ཐུག་རྒྱང་འཕེན་དང། །ལྷ་དང་ལྷ་མིན་དྲི་ཟས་བསྐོར། །གསུང་གི་འཁོར་ནི་འདི་ལྟ་སྟེ། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །ཀྲི་ཡཨུ་པ་ཡོ་ག་དང། །མ་ཧྭ་ཨ་ནུ་ཨ་ཏི་དང། །རྡུལ་དང་རྡུལ་ཕྲན་སྙིང་སྟོབས་གསུམ། །ཕྱི་ཡི་རྟག་ཆད་མུ་བཞིས་བསྐོར། །ཐུགས་ཀྱི་འཁོར་ནི་འདི་ལྟ་སྟེ། །གསལ་སྟོང་དང་ནི་སྣང་སྟོང་དང། །བདེ་སྟོང་དང་ནི་གྲགས་སྟོང་དང། །རིག་སྟོང་དག་དང་རྣམ་ལྔས་བསྐོར། །ཐབས་ཅིག་ཏུ་ནི་བཞུགས་པའི་ཚེ། །བཅོམ་ལྡན་རྡོ་རྗེ་འཆང་ཆེན་ནི། །མི་གཡོ་པ་ཡི་ངང་ཉིད་ལས། །ལྷང་ངེ་ལྷམ་མེ་ལྷན་ནེར་བཞུགས། །དེ་ཚེ་དེ་ཡི་དུས་ཉིད་དུ། །འཁོར་རྣམས་ཀུན་ནས་ལྷགས་པའི་ལྷ། །གཤོན་ནུ་ཉིད་ནི་ཁྲོ་གཉེར་ཅན། །བླ་གོས་ཕྲག་པ་ཁ་ལ་བཀལ། །པུས་གཡས་ལྷ་ང་ས་ལ་བཙུགས། །སྟོན་པ་ཉིད་ལ་འདི་སྐད་ཞུས། །ཆོས་རྣམས་ཀུན་གྱི་མཐར་ཐུག་ནི། །ཐེག་པ་རྣམས་ལ་ཐུག་པས་ན། །འདི་ཡི་མ་བརྗེད་དབྱེ་བ་ནི། །བདག་ཅག་རྣམས་ལ་གསུང་དུ་གསོལ། །དེ་སྐད་ཅེས་ནི་ཞུས་པ་དང། །དེ་ནས་སྟོན་པས་བཀའ་སྩལ་པ། །ཀྱེ་མ་གསང་བདག་ལེགས་པར་ཉོན། །ངས་བསྟན་ཡིད་ཀྱི་རྟོག་པ་སེལ། །ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །དེས་ན་ཡེ་ཤེས་ཀློང་ཡངས་ལས། །འོད་ཀྱི་ཡུལ་དང་རིག་པའི་གནས། །སྐུ་ཡི་མཁའ་ལ་གསུང་གི་ཟེར། །ཐུགས་ཀྱི་དབྱིངས་ནས་ཤེས་རབ་ཕོ་བྲང་དུ། །དེ་སྐད་ཅེས་ནི་རབ་ཏུ་གསུང་། །འདི་སྐད་བདག་གི་ཐོས་པ་ཡི། །དུས་དང་དྲན་པའི་ཚེ་ན་ནི། །ཐེག་པ་དབྱེ་བ་འདི་ལྟ་སྟེ། །མདོ་དང་རྒྱས་པ་ཆེན་པོ་དང། །ཤིན་ཏུ་རྒྱས་པ་ཆེན་པོའོ། །བརྒྱད་ཁྲི་བཞི་སྟོང་བསམ་མི་ཁྱབ། །རྒྱ་ཆེ་གྲངས་མང་ཆེན་པོ་སྟེ། །བསམ་མི་ཁྱབ་སྟེ་གཞལ་དུ་མེད། །བརྗོད་མེད་བསམ་འདས་ཆེན་པོ་འོ། །རྒྱས་པ་ཆེན་པོ་འདི་ལྟ་སྟེ། །དབྱེ་བ་རྣམ་པ་དགུ་རུ་འདོད། །ཉན་ཐོས་དང་ནི་རང་རྒྱལ་དང། །དེ་བཞིན་བྱང་ཆུབ་སེམས་དཔའ་འོ། །ཀྲི་ཡ་དང་ནི་ཨུ་པ་ཡི། །དེ་བཞིན་ཡོ་ག་དག་དང་གསུམ། །མ་ཧྭ་ཨ་ནུ་ཡོ་ག་དང། །དེ་བཞིན་རྫོགས་ཆེན་ཨ་ཏིའོ། །དེ་ལྟར་རྣམ་པ་དགུ་པ་ནི། །ཆོས་རྣམས་ཀུན་གྱི་བསྟན་པ་ཆེན་པོ་ཡིན། །དེ་སྐད་ཅེས་ནི་བདག་གིས་ཐོས། །ཡང་ཅིག་གཞོན་ནུ་ཁྲོ་གཉེར་ཅན། །སྟོན་པ་ཉིད་ལ་འདི་སྐད་ཞུས། །ཀྱེ་མ་སྟོན་པ་རྡོ་རྗེ་འཆང། །ཐེག་པའི་རྣམ་གྲངས་དེ་ལྟར་ན། །ཐེག་པའི་བཤད་ལུགས་གསུང་དུ་གསོལ། །སྟོན་པས་ལན་དུ་བཀའ་སྩལ་པ། །ཀྱེ་ཧོ་གཞོན་ནུ་ཁྲོ་གཉེར་ཅན། །ང་ཡི་ཐེག་པ་བསམ་ཡས་ཀྱང། །བཤད་ལུགས་རྣམ་པ་གཉིས་སུ་འདུས། །འཁོར་བ་དང་ནི་མྱང་འདས་སོ། །དེ་ཡང་འཁོར་བ་འདི་ལྟ་སྟེ། །ལོག་ལྟ་དང་ནི་དག་ལྟ་གཉིས། །དང་པོ་ལོག་པའི་ཐེག་པ་བཤད། །འཇིག་ཚོགས་གསུམ་བརྒྱ་དྲུག་ཅུར་འདོད། །སུམ་བརྒྱ་དབྱིངས་ལས་བཤད་པར་བྱ། །དྲུག་ཅུའི་ལྟ་བ་འདི་ལྟ་སྟེ། །ལེགས་པར་རྣམ་གྲངས་ཡིད་ལ་ཟུང་། །གྲངས་ཅན་ལོག་པར་སྨྲ་དང་གཅིག །བྱེ་བྲག་རང་གི་རྒྱུར་སྨྲ་གཉིས། །ཀུ་མ་ར་ཡི་གྲུབ་མཐའ་གསུམ། །གོལ་བ་དག་ཏུ་སྨྲ་དང་བཞི། །རྣ་མ་ཕུག་པར་འཛིན་དང་ལྔ། །གསང་བ་མེ་ལྔ་བསྟན་དང་དྲུག །མེ་རས་ཏིལ་མརལུ་་བསྲེག་བདུན། །མདུང་རྩེ་གསུམ་པའི་དཀའ་ཐུབ་བརྒྱད། །ཚོང་དང་ཚོགས་པའི་དཀའ་ཐུབ་དགུ། ཁྲ་ཁེལ་ལུས་ལ་བྱ་ཐོག་བཅུ། །ཁྱི་ཡི་ཆ་བྱད་སྤྱོད་པ་དང། །མངོན་ཤེས་ཕྲ་མོ་གཙོར་བྱེད་དང། །སངས་རྒྱས་བྱིན་རླབས་ཅིར་སྣང་དང། །ལོག་པའི་དཀའ་ཐུབ་སྤྱོད་པ་དང། །བྱེད་པ་རྒྱུར་སྨྲ་དག་དང་བཅོ་ལྔའོ། །བྱེད་པ་ལམ་དུ་འཁྱེར་བ་དང། །རྟག་པ་དོན་མཚོན་ཆེན་པོ་དང། །ཐེར་ཟུག་འགྱུར་མེད་སྨྲ་བ་དང། །གནས་སྐབས་རྟག་པར་ལྟ་བ་དང། །འབྲས་བུ་རྟག་པར་འདོད་དང་ཉི་ཤུའོ། །རྟག་པ་ལམ་ལ་ལྟོས་པ་དང། །སྤྱོད་བ་རྟག་པར་འདོད་པ་དང། །དོན་ལ་རྟག་མེད་ཆད་ལྟ་དང། །ཚད་མེད་ངན་སྔགས་གཙོར་བྱེད་དང། །མོ་དང་པྲ་ལ་གཙོར་བྱེད་དང། །རྫུ་འཕྲུལ་མོ་ལ་གཙོར་བྱེད་དང། །རྩོད་པ་ལྷུ་རུ་ལེན་པ་དང། །ལོག་པའི་དཀའ་ཐུབ་སྤྱོད་པ་དང། །འཇིག་རྟེན་འདི་ལ་ཞེན་པ་དང། །རང་གི་བྱ་བ་འཛིན་པ་དང་སུམ་ཅུ་པའོ། །ལ་བ་ཅན་དང་སོ་གཅིག་གོ །མི་ཕམ་རས་གོས་ཅན་དང་ནི། །ཕྱག་མཚན་གཙོ་བོར་བྱེད་པ་དང། །བྱ་བ་ལྟོས་པར་སྨྲ་བ་དང། །རིག་པས་ཕ་རོལ་སུན་འབྱིན་དང། ཁུ་མེད་ཆད་པར་སྨྲ་བ་དང། །ལམ་ཆད་ཡེ་ཤེས་ཆད་ལྟ་དང། །ཚད་མེད་ཐེར་ཟུག་ཆེན་པོ་དང། །ལམ་ཆད་འབྲས་བུ་གཏན་ཆད་དང། །ལོག་པའི་སེམས་ཀྱི་གཏན་ཆད་དང་བཞི་བཅུ་པའོ། །ཆད་པ་སྟོང་པ་ཆེན་པོའོ། །རིག་བྱེད་གསང་བར་སྨྲ་བ་དང། །ཆ་མཐུན་གོལ་བའི་མུ་སྟེགས་དང། །འཁྲུལ་བ་སྣང་བའི་མུ་སྟེགས་དང། །ཞེ་སྡང་བསྐྱེད་པའི་མུ་སྟེགས་ཕྱིར། །འཇིག་ཚོགས་ཀྱི་ལྟ་བ་བསྡུས་ཏེ་བཤད་པའོ། །འཇིག་རྟེན་ཐེག་པའི་ལེའུ་སྟེ་གཉིས་པའོ།། །།ཡང་ཅིག་གཞོན་ནུ་སྟོབས་ལྡན་གྱིས། །སྟོན་པ་ཉིད་ལ་འདི་སྐད་ཞུས། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང། །ལྟ་ལོག་སུམ་བརྒྱ་དྲུག་ཅུ་ཡི། །རང་རང་འདོད་གཞུང་གསུང་དུ་སོལ། །དེ་སྐད་ཅེས་ནི་ཞུས་པའི་ལན། །རྡོ་རྗེ་འཆང་གིས་ལན་གསུངས་པ། །ངས་བསྟན་ལེགས་པར་ཡིད་ལ་་ཟུང། །ལྟ་ལོག་དྲུག་ཅུའི་ཐོག་མ་ནི། །གྲངས་ཅན་ལོག་པར་སྨྲ་བའི་འདོད་གཞུང་འདི་ལྟ་སྟེ། །རྡུལ་དང་མུན་པ་སྙིང་སྟོབས་གསུམ། །རྟག་པ་ལོག་པར་འཛིན་པའོ། །དེ་ཡང་གཏི་མུག་གིས་གཞི་བྱེད་པར་འདོད། །འདོད་ཆགས་ཀྱིས་བདེ་བ་སྐྱེ་བར་འདོད། །ཞེ་སྡང་གིས་བདུད་དཔུང་བཟློག་པར་འདོད་པའོ། །དེ་ནི་གྲངས་ཅན་ལོག་པར་སྨྲ་བའི་འདོད་གཞུང་སྟེ། །ལྟ་ལོག་ལེའུ་གཅིག་པའོ།། །།བྱེ་བྲག་རང་གིས་རྒྱུར་སྨྲ་བ། །དེ་ཡི་འདོད་གཞུད་འདི་ལྟར་རོ། །ཕྱི་ཡི་ཕུང་པོ་ཁམས་དང་སྐྱེམ་ཆེད་ཀུན། །རྡུལ་དང་རྡུལ་ཕྲན་དག་ཏུ་ལྟ། །དེ་ཡང་དངོས་པོ་འཛིན་པས་གཟུངས་ནས། །རྡུལ་དང་རྡུལ་ཕྲན་དུ་བགྲང་ནས། །འདི་ནི་འཇིགས་པའི་རྒྱུ་རུ་འདོད། །འདི་ནི་སྟོང་པ་ཅི་ཡང་མེད་རྒྱུ་ཅན་ནོ། །འདི་ནི་སྟོང་པའི་རྒྱུ་མེད་རྒྱུ་ཅན་ནོ། །ལུས་པོ་འདི་ཀ་བོར་བ་དང། །སེམས་ནི་ནམ་མཁའི་བག་ལ་ཞ། །ལུས་འདི་འབྱུང་པའི་བག་ལ་ཞ། །ཅང་མེད་སྟོང་པའི་མུ་ལ་གནས། །བྱུང་ཡང་ནམ་མཁའ་རང་ལས་བྱུང། །ཐིམ་ཡང་ནམ་མཁའ་རང་ལ་ཐིམ། །ཐམས་ཅད་སྟོང་པ་ཕྱང་ཆད་དོ། །བྱེ་བྲག་པ་ཡི་འདོད་གཞུང་ངོ། །ལྟ་ལོག་ལེའུ་གཉིས་པའོ།། །།ཀུ་མ་རའི་གྲུབ་མཐའ་འདི་ལྟར་འདོད། །སེམས་མེད་པའི་ལུས་སུ་འདོད། །ལུས་ལ་སེམས་མེད། །དེ་སེམས་མེད། །ཐོན་དུས་ལུས་ཀྱང་མེད་དོ། །ལུས་སེམས་གཉིས་ཀ་མེད་ཙམ་ལ། །སྟོང་པ་ཅི་ཡང་མེད་པར་འདོད། །སེམས་མེད་པ་ཡི་དུས་སུ་ལུས་འདུག་གམ། །སེམས་མེད་ལུས་ཀྱང་ཡོད་མ་ཡིན། །ཅེས་སོ། །ཀུ་མ་ར་ཡི་འདོད་གཞུང་ངོ། །ལྟ་ལོག་ལེའུ་གསུམ་པའོ།། །།གོལ་བར་སྨྲ་བའི་གྲུབ་མཐའ་ནི། །ལྟ་སྤྱོད་སྒོམ་སྒྲུབ་ཐམས་ཅད་ཀུན། །འགྱང་པ་ཅན་དུ་འགྲོ་བ་སྟེ། །ལྟ་བ་ལྟ་རྒྱུ་མེད་པའོ། །སྒོམ་པ་བྱ་རྒྱུ་མེད་པའོ། །སྤྱོད་པ་སྤྱད་རྒྱུ་མེད་པའོ། །འབྲས་བུ་བྱས་མེད་བྱུང་མེད་ཡིན། །ཡར་སངས་རྒྱས་ལ་མི་རེ། །མར་འཁོར་བར་མི་དོགས། །བར་དགེ་སྡིག་གིས་ཕན་གནོད་མི་བྱེད་པའོ། །འདི་ནི་གོལ་བའི་འདོད་གཞུང་ངོ། །ལྟ་ལོག་ལེའུ་བཞི་པའོ།། །།རྣ་མ་ཕུག་པའི་གྲུབ་མཐའ་འདི་ལྟ་སྟེ། །སྣང་བ་འདི་ལ་གནས་སྐབས་ཀྱི་རྟག་པར་མཐོང་ལ། །དོན་དམ་པ་ལ་སྣང་བ་འདི་མི་རྟག་པར་འདོད་པའོ། །ཚེ་ཕྱི་མའི་སྣང་བ་ལ་ཕྱའང་དབང་ཕྱུག་གི་འཁོར་དུ་རྟག་པར་འདོད་པའོ། །རྣ་མ་ཕུག་པའི་འདོད་གཞུང་ངོ། །ལྟ་ལོག་ལེའུ་ལྔ་པའོ།། །།གསང་བ་མེ་ལྔ་བསྟན་པའི་གྲུབ་མཐའ་ནི། །སངས་རྒྱས་རྣམས་ཀྱིས་སྤྲུལ་པའི་ཞིང་འདིར་གནས་པའི་གང་ཟག་གིས། །ཞེན་པ་མེད་པ་མེར་བཏང་བས། །ཡེ་ཤེས་ལྔའི་སྣང་སངས་རྒྱས་པར་འདུག་པ། །མངོན་པར་ཤེས་པ་ཕྲ་མོས་མཐོང་སྟེ། །མེ་ལྔ་ལ་སྤྱོད་པའོ། །དེ་ཡང་ཙན་དན་གྱི་སྡོང་པོ་ལ་ཏིལ་མར་གྱིས་བྱུགས་ནས། །མེའི་ཕུང་པོའི་ཕྱོགས་བཞི་དབུས་དང་ལྔར་བཏང་ནས། །རང་ལུས་འོད་བསྲེག་བྱས་པས། །གང་གི་ཕྱོགས་སུ་འགྱེལ་བ་དེ་ལ་ཡེ་ཤེས་རེརེའི་འབྲས་བུ་ཐོབ་པར་འདོད་པ་ཡོད་དོ། །དེ་ནི་མེ་ལྔ་པའི་འདོད་གཞུང་ངོ། །ལྟ་ལོག་ལེའུ་དྲུག་པའོ།། །།མེ་རས་པའི་གྲུབ་མཐའ་འདི་ལྟར་རོ། །རས་ཡུག་ཏིལ་མར་ནང་དུ་སྣབ་པས། །རང་ལུག་དྲིལ་ནས་མེ་ཡང་སྦར། །དབང་ཕྱུག་རྟེན་གྱི་དྲུང་དུ་ལངས། །འབྲས་བུ་འོད་གསལ་ཐོབ་པ་དང། །རང་ལུས་གཅེས་འཛིན་བྲལ་བར་འདོད། །མེ་རས་པ་ཡི་འདོད་གཞུང་ངོ། །ལྟ་ལོག་ལེའུ་བདུན་པའོ།། །།མདུང་རྩེ་གསུམ་པའི་གྲུབ་མཐའ་ནི། །ཁ་ཊ༷་རྩེ་གསུམ་ས་ལ་བཙུགས། །གཡངས་ཀྱི་ཁ་ནས་དེ་རུ་མཆོངས། །གཡས་པ་སྐུ་གཡོན་སྤྲུལ་སྐུ། །བར་མ་ཟུག་ན་ཆོས་སྐུ་ཐོབ། །གསུམ་ཀ་ཟུག་ན་སྐུ་གསུམ་ཐོབ། །མདུང་རྩེ་གསུམ་པའི་འདོད་གཞུང་ངོ། །ལྟ་ལོག་ལེའུ་བརྒྱད་པའོ།། །།ཚོང་དང་འཚོགས་པའི་གྲུབ་མཐའ་ནི། །ཚོང་དུས་སམ་མི་འཚོགས་ཆེན་པོའི་དུས། །རང་ལུས་ངག་དང་ཡིད་གསུམ་ལ། །ཆགས་ཞེན་ཨེ་འདུག་ལྟོས་ཤིག་ཟེར། །བྲག་ལ་མཆོངས་ནས་རང་ལུས་རླག །ཕྱི་ཡི་དབང་ཕྱུག་འཁོར་དུ་སྐྱེ། །ཚོང་དང་ཚོགས་པའི་འདོད་གཞུད་ངོ། །ལྟ་ལོག་ལེའུ་དགུ་པའོ།། །ཁྲ་འཁོལ་པ་ཡི་གྲུབ་མཐའ་འདི་ལྟར་རོ། །ལོག་པའི་ཆ་འཛིན་སྤྱོད་པ་ནི། །རང་གི་དཔུང་པ་གཡས་གཡོན་དང། །སྒྱི་གཙུག་ཤ་འཁོལ་མེ་ལོང་ཙམ་བཏོན་ནས། །རང་ལུས་དོང་ན་བཅུག་ནས་ནི། །དུར་བྱའི་རིགས་ཀྱིས་ཟ་རུ་འཇུག། །སྤྱིན་པའི་ཕ་རོལ་ཕྱིན་པར་འདོད། །ལྟ་ལོག་ལེའུ་བཅུ་པའོ།། །།ཁྱི་ཡི་ཆ་བྱད་སྤྱོད་པ་ནི། །ལོག་པ་དུད་འགྲོའི་སྤྱོད་པ་སྟེ། །ཁྱི་ཡི་ཆས་སུ་ཞུགས་ནས་ནི། །ཁྱི་ཡི་སྤྱོད་པ་སྣ་ཚོགས་སྤྱད། །གཙང་སྨེའི་རྟོག་པ་ལམ་དུ་ཁྱེར་བར་འདོད། །ལོག་པར་སྤྱོད་པའི་ལེའུ་བཅུ་གཅིག་པའོ།། །།མངོན་ཤེས་ཕྲ་མོའི་གྲུབ་མཐའ་ནི། །དཔེར་ན་ཤིང་མཁན་མཁས་པ་ཡི། །སྐྱེས་པ་དང་བུད་མེད་ཀྱི་གཟུགས་འདི་ལྟར་ཐ་དད་པར་མངོན་པར་སྤྲུལ་ནས། །བྱ་བའི་ལས་ཐམས་ཅད་བྱེད་པ་ལྷར། །ཆོས་ལ་སོགས་པ་ཀུན་ཀྱང་རང་གིས་མངོན་ཤེས་ཀྱི་བྱ་བ་བྱས་ནས། །ཕྱའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་པའོ། །ལྟ་ལོག་ལེའུ་སྟེ་བཅུ་གཉིས་པའོ།། །།སངས་རྒྱས་བྱིན་གྱིས་རླབས་ཅིར་སྣང་བའི་གྲུབ་མཐའ་ནི། །མཐུ་དང། །སྟོབས་དང། །ནུས་པ་དང། །རྫུ་འཕྲུལ་དང། །འོད་དང། །འོད་ཟེར་ཐམས་ཅད་སངས་རྒྱས་པས་ལྷག་པའི་ཡོན་ཏན། །རྩོལ་སྒྲུབ་མི་དགོ་པར་འབྱུང་བ་དག་ཀྱང་ཡོད་དོ། །སང་རྒྱ་ཀྱི་བྱིན་རླབ་ཅིར་སྣང་ཡང། །འདི་ལ་ལྷག་པ་མེད་དོ། །ཞེ་པའོ། །ལྟ་ལོག་ལེའུ་བཅུ་གསུམ་པའོ།། །།ལོག་པའི་གྲུབ་མཐའ་འདི་ལྟ་སྟེ། །རྫུའབྲུལ་སྟག་ལ་སོག་དུད་འགྲོ་རུ་སྤྲུལ་ནས། །སང་རྒྱ་ཡོན་ཏན་འདི་རང་ཡིན་ཟེར་ནས། །དུད་འགྲོའི་སྤྱོད་པ་སྣ་ཚོག་སྤྱོད་པ་དག་ཀྱང་ཡོད་དོ། །དུད་འགྲོ་ལོག་པའི་འདོད་གཞུང་སྟེ། །ལྟ་ལོག་ལེའུ་སྟེ་བབྱུབཞི་པའོ།། །།བྱེད་པ་རྒྱུར་སྨྲའི་གྲུབ་མཐའ་འདི་ལྟ་སྟེ། །དཔེར་ན་སྣང་སྲིད་འཁོར་འདས་ཀུན། །བསྒོམ་སོ་བྱ་ཡི་བྱ་པ་ཡིན། །བསྐོ་བཞག་ཐམ་ཅད་ཕྱ་ཡི་བྱས། །དེ་བཞིན་ད་ལྟའི་ཆོས་ལ་སོགས། །སྐུ་དང་ཞིང་ཁམ་ཐམས་ཅད་ཀྱང། །བྱས་པ་ཕྱའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་པའོ། །ལྟ་ལོག་ལེའུ་སྟེ་བཅོ་ལྔ་པའོ།། །།བྱེད་པ་ལམ་དུ་ཁྱེར་བའི་གྲུབ་མཐའ་ནི། །འཇིག་རྟེན་འདི་ལ་ཁྱིམ་ལ་སོག་པའི་སྦྱོད་པ་སྤྱད་པས། །ཕྱའམ་དབང་བྱུག་གིས་རང་གི་མདུན་བསུ་ནས། །རི་རབ་ཀྱི་བང་རིམ་ལ་གན་པར་བྱེད་པའོ། །ལྟ་བ་ལོག་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།རྟག་པ་དོན་མཚོན་གྲུབ་མཐའ་ནི། །དོན་རང་གིས་རྟག་པར་འཛིན་ལ། །གཞན་ལ་ཆད་པ་ཕྱམ་ཆད་དུ་སྟོན་པའོ། །དེ་ལྟར་གོ་ལོག་བཤད་པ་སྟེ། །རྟག་པ་དོན་མཚོན་འདོད་གཞུང་ངོ། །ལྟ་ལོག་ལེའུ་བཅུ་བདུན་པའོ།། །།ཐེར་ཟུག་འགྱུར་མེད་གྲུབ་མཐའ་ནི། །དོན་རྟག་པ་འགྱུར་མེད་ཆེན་པོ། །རང་བཞིན་མ་ངེས་པར་འདོད་པའོ། །ལྟ་ལོག་ལེའུ་བཅོ་བརྒྱད་པའོ།། །།གནས་སྐབས་རྟག་པར་ལྟ་བའི་གྲུབ་མཐའ་ནི། ཁུན་ཆད་པ་ལ་གན་སྐབ་ཀྱི་རྟག་པར་ལྟ་བ་ནི། ཁུ་རྟག་པར་ལྟ་བ་སྟེ། །རང་གི་སྙིང་གི་དཀྱིལ་དུ་རྒྱུའི་དངོས་པོ་སྟེ། །དབྱིབས་ཟླུམ་པ། ཁ་དོག་དཀར་བ། །ཆེ་ཆུང་གི་ཚད་སྲན་མ་ཙམ། །ཕའི་རྒྱུ་ལ་མ་བྱུང་ཞིང། །མའིརྐྱེན་གྱིས་མ་བསྐྱེད་པར། །དུས་ཐམས་ཅད་དུ་རྟགཔར་ལྟ་བ་ཡོད་དོ། །ལྟ་ལོག་ལེའུབཅུ་དགུ་པའོ།། །།འབྲས་བུ་རྟག་པར་འདོད་པའི་གྲུབ་མཐའ་ནི། །རྒྱུ་མི་རྟག་སྟེ་སེམས་ལ་དངོས་པོ་མེད། །འབྲས་བུ་རྟག་སྟེ་ཕྱའམ་དབང་ཕྱུག་ཡོད་ཟེར་བའོ། །ལྟ་ལོག་ལེའུ་ཉི་ཤུ་པའོ།། །།རྟག་པ་ལམ་ལ་ལྟོས་པ་ནི་འདི་ལྟར་རོ། ཁུ་མི་རྟག་སྟེ་སེམ་དང་དངོས་པོ་མེད། །འབྲས་བུ་མི་རྟག་སྟེ་ཕྱའམ་དབང་ཕྱུག་གི་སར་གྲོགས་མེད་པར་མི་ཕྱིན་ཏེ། །ལམ་རྟག་ཕྱའམ་དབང་ཕྱུག་གི་ལམ་ནི་རི་རབ་ཀྱི་སྟེང་ན་གནས་ཏེ། །དེ་ལྟར་ལམ་རྟག་ནས་རྒྱུ་འབྲ་གཉི་མི་རྟག་པར་འདོད་པའོ། །ལྟ་ལོག་ལེའུ་སྟེ་ཉེར་གཅིག་པའོ།། །།སྤྱོད་པ་རྟག་པར་འདོད་པའི་གྲུབ་མཐའ་ནི། ཁུ་དང་འབྲ་བུ་མི་རྟག་སྟེ། །སྤྱོད་པ་རྟག་པས་སངས་རྒྱས་པར་འདོད་དེ། །ཡུལ་དང་ཁང་པ་ཐམས་ཅད་རྟག་པའི་དངོས་པོ་ཡིན། །སྣང་བ་འདི་གང་ཡང་རྟག་པར་འདོད་པའོ། །སྤྱོད་པ་རྟོག་པས་ཐམས་ཅད་སྤྱོད་པས་རྟག་པའོ། །ལྟ་ལོག་ལེའུ་ཉེར་གཉིས་པའོ།། །།དོན་ལ་རྟག་མེད་ཆད་མཐའི་གྲུབ་མཐའི་གྲུབ་མཐའ་ནི། །དོན་ལ་ཆད་པར་ལྟ་བས་ཏེ། །འདི་ཉིད་ལ་རྟག་པའི་གྲུབ་མཐའ་སྤྱོད་དོ། །ལྟ་ལོག་ལེའུ་ཉེར་གསུམ་པའོ།། །།དོན་ལ་རྟག་མེད་ཆད་མཐའི་གྲུབ་མཐའ་ནི། །ངན་སྔགས་གཅིག་པུ་ལ་གཙོར་སྟོན་ནས་ཕུང་བའི་ལས་དྲག་པོ་བྱེད་པ་ནི། །ནག་པོ་གཅིག་ཙུགས་སུ་སྨྲ་བ་སྟེ། །དེ་ལ་མངོན་པར་ཞེན་ཅིང་འབྲས་བུ་འདོད་པ་དག་ཀྱང་ཡོད་དོ། །ལྟ་ལོག་ལེའུ་ཉེར་བཞི་པའོ།། །།མོ་དང་པྲ་ལ་གཙོར་བྱེད་ནི། །འཇིག་རྟེན་འདིའི་བདེ་བ་འབའ་ཞིག་ལ་ཞེན་ནས། །ཕྱི་གང་བྱུང་ལ་རྒྱབ་གཏོད་པ་དག་ཀྱང་ཡོད་དོ། །ལྟ་ལོག་ལེའུ་སྟེ་ཉེར་ལྔ་པའོ།། །།རྫུ་འཕྲུལ་ཕྲ་མོ་བྱེད་པའི་གྲུབ་མཐའ་ནི། །འཇིག་རྟེན་འདིའི་མིག་འཕྲུལ་ལ་སོགས་པ། །དམག་དཔུང་ལ་བརྟེན་པ་དང། །གཟི་བརྗིད་ལ་བརྟེན་ནས། །ཕྱི་མའང་དམག་དཔུང་དང་རྫུ་འཕྲུལ་གྱིས་ཟིལ་གྱིས་མནན་ནས། །ཕྱ་དང་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་པ་ཡང་ཡོད་དོ། །ལྟ་ལོག་ལེའུ་ཉེར་དྲུག་པའོ།། །།རྩོད་པ་ལྷུ་རུ་ལེན་པའི་གྲུབ་མཐའ་ནི། །རང་གི་བདེན་པ་ཁོངས་སུ་བཅུག་སྟེ། །ཕ་རོལ་གྱི་བདེན་པ་སུན་འབྱིན་པ་དག་ཀྱང་ཡོད་དོ། །ལྟ་ལོག་ལེའུ་ཉེར་བདུན་པའོ།། །།ལོག་པའི་དཀའ་ཐུབ་སྤྱོད་པ་ནི། །སྲོག་རྣམས་བཅད་ནས་དགེ་བར་འདོད། །རྫུན་དུ་སྨས་ནས་བདེན་པར་འདོད། །ལོག་ནོར་སྤྱོད་པས་ཆོས་པར་འདོད། །བློ་རྣམས་བརྐུས་ནས་དྲང་པོར་འདོད། །བདག་བསྟོད་གཞན་ལ་སྨོད་པ་ཡི། །ཞུན་འབུ་ལ་ཡི་བྱང་སེམས་སྤྱོད། །ལྟ་ལོག་ལེའུ་ཉེར་བརྒྱད་པའོ།། །།འཇིག་རྟེན་འདི་ལ་ཞེན་པའི་གྲུབ་མཐའ་ནི། །འཇིག་རྟེན་རྒྱང་འཕེན་ཞེས་བྱ་བ་སྟེ། །བྱ་བ་ཐམས་ཅད་ཚེ་འདིའི་བྱ་བ་སྤྱོད། །རང་གི་བདེན་པ་ཁོངས་སུ་བཅུག་ནས་སུ། །གཞན་རྣམས་ཁྱད་དུ་སོད་པར་བྱེད། །ལྟ་ལོག་ལེའུ་ཉེར་དགུ་པའོ།། །།རང་གི་བྱ་བ་འཛིན་པའི་གྲུབ་མཐའ་ནི། །གཞན་ལ་ཕན་པས་ཁས་བླངས་ནས། །དོན་ལ་རང་དོན་རྩེ་གཅིག་སྒྲུབ་པ། །ལ་ལ་རྐུ་ཕྲོག་རློམ་སེམས་འཆང། །གཞན་ལ་མི་དགོས་པར་རང་ལ་དགོས། །མུ་སྟེགས་ལོག་པའི་ལྟ་བ་སྟེ། །ལེའུ་སུམ་ཅུ་རུ་བཤད།། །།ལ་བ་ཅན་གྱི་མུ་སྟེགས་གྲུབ་མཐའ་ནི། །ཆ་ལུགས་དག་གིས་དོན་ཚོལ་ཏེ། །རལ་པ་རིང་པོ་དག་གིས་ནི། །མགོ་ལ་ལ་ཐོད་དག་ཏུ་བཅིངས། །རྒྱན་དང་ཆས་གོས་བཟང་པོ་དང། །སྨ་ར་ཨག་ཙོམ་བཤད་པ་ནི། །དོན་གྱི་སྙིང་པོ་ཡོད་པར་སྒོམ། །ཚད་པའི་ཡུལ་དུ་རས་རྐྱང་རེ། །ང་ལ་ནང་ལ་བདེ་དྲོད་ཡོད་ཟེར། །མུ་ཐུག་གོམ་པའི་རས་གོས་དང། །རྫས་ལ་བརྟེན་པའི་རས་རྐྱང་བྱེད་པ་དག་ཀྱང་ཡོད་དོ། །ལྟ་ལོག་ལེའུ་སོ་གཉིས་པའོ།། །།ཕྱག་མཚན་གཙོར་བྱེད་གྲུབ་མཐའ་ནི། །ཁ་ཊ༷་ཁ་དང་ཌའ་རུ་དཀྲོལ། །རང་གི་རང་གཟེང་བསྟོད་ན་སུ། །ང་ནི་རྟོགས་ལྡན་སྤྲུལ་སྐུ་ཡིན་ནོ་ཟེར། །ཕྱག་མཚན་ཅན་གྱི་འདོད་གཞུང་ངོ། །ལྟ་ལོག་ལེའུ་སོགསུམ་པའོ།། །།བྱ་བ་བལྟོས་པར་སྨྲ་བ་ནི། །ཁྱོད་ཀྱི་དགེ་བ་ཅི་བྱ་པ། །ང་ལ་ཕན་ནོ་ཟེར་ཞིང་དུ། །དོན་ཉིད་དེ་ལ་ཆོལ་བ་ཡོད། །ལྟ་ལོག་ལེའུ་སོ་བཞི་པའོ།། །།རིག་པས་ཕ་རོལ་སུན་འབྱིན་གྲུབ་མཐའ་ནི། །རང་གིས་རིག་པས་ཕ་རོལ་གྱི་རིག་པ་སུན་ཕྱུང་ནས། །ངའི་བྱ་བ་ཡིན་ནོ་ཟེར་ཞིང། །དོན་དེ་ལ་བལྟོ་པ་ཡང་ཡོད་དོ། །ལྟ་ལོག་གི་ལེའུ་སོ་ལྔ་པའོ།། །ཁུ་མེད་ཆད་པར་སྨྲ་བའི་གྲུབ་མཐའ་ནི། ཁུ་ཆད་དེ་ནམ་མཁའ་ལྟ་བུར་ཕྱམ་ཆད་དོ། །ཕྱམ་ཆད་དེ་རང་ལུ་ཡང་སྟོང་ངོ། །ཟེར་བ་དག་ཀྱང་ཡོད་དོ། ཁུ་ཡང་ཆད། །འབྲས་བུ་ཡང་ཆད་པ་ནི། ཁུ་ཆད་དེ་སེམ་ཅན་དངོ་པོར་གཟུང་དུ་མེད། །འབྲ་བུ་ཆད་དེ་ཕྱ་དང་དབང་ཕྱུག་མེད་ཟེར་བ་དག་ཀྱང་ཡོད་དོ། །ལྟ་ལོག་ལེའུ་སོདྲུག་པའོ།། །།ལམ་ཆད་ཡེ་ཤེ་ཆད་ལྟའི་གྲུབ་མཐའ་ནི། །ཡང་ལམ་ཆད་དེ་སུན་མ་མེད། །ཡེ་ཤེས་ཆད་དེ་སང་རྒྱ་མེད་པའོ། །ལྟ་ལོག་ལེའུ་སོ་བདུན་པའོ།། །།ཆད་པ་ཐེར་ཟུག་ཆེན་པོའི་གྲུབ་མཐའ་ནི། ཁུ་ཡང་མེད་ལ་འབྲས་བུ་དག་ཀྱང་མེད་དེ་སྟོང་ངོ། །ཕྱམ་ཆོད་ཟེར་བ་དག་ཀྱང་ཡོད་དོ། །ལྟ་ལོག་ལེའུ་སོ་བརྒྱད་པའོ།། །།ལམ་ཆད་འབྲས་བུ་ཆད་པའི་གྲུབ་མཐའ་ནི། །ལམ་ལ་གནས་སྐབས་ཀྱི་ཆད་པ་དེ་༄༅ ལ་འབྲ་བུ་ཡང་གཏན་ན་ཆད་ཟེར་བ་དག་ཀྱང་ཡོད་དོ། །ལྟ་ལོག་ལེའུ་སོ་དགུ་པའོ།། །།ལོག་པའི་སེམ་ཀྱི་གྲོག་བཅད་ནས། །དེ་ལ་དོན་གོ་འབྱུང་བར་འདོད། །མི་ཡི་ཁྲག་གི་ཁྲུས་བྱ་ནས། །དེ་ཡི་དྲི་མ་དག་པར་འདོད། །བསད་པ་ཐམ་ཅད་ཕྱ་དང་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་པ་དག་ཀྱང་ཡོད་དོ། །ལྟ་ལོག་ལེའུ་བཞི་བཅུ་པའོ།། །།ཆད་པ་སྟོང་པ་ཆེན་པོ་གྲུབ་མཐའ་ནི། །ཆད་པ་ཐམས་ཅད་སྟོང་པ་ཡིན། །ཅིས་ཏེ་ཁྱོད་ཡང་ཆད་ལང་ཡང་ཆད་པའི་ཕྱིར། །སྟོང་པ་ཅན་མེད་མིང་དང་ཁ་དོག་ཚད་བཟུང་ཐམ་ཅད་དང་བྲལ་ལོ། །ཟེར་བ་དག་ཀྱང་ཡོད་དོ། །ལྟ་ལོག་ལེའུ་ཞེ་གཅིག་པའོ།། །།རིག་བྱེད་གསང་བར་སྨྲ་བའི་གྲུབ་མཐའ་ནི། །དོན་དམ་སྟོང་པ་ཇི་བཞིན་དུ། །སྟོང་པ་ཕྱམ་ཆད་དེ་ཡོད་པར་དངོ་པོར་མེད། །ཆབ་གཅིག་ཡོད་དེ། །དབང་པོ་ལ་སྣང་དུ་རང་བ་ནི་གང་ཡང་མེད་དོ། །ཟེར་བ་དག་ཀྱང་ཡོད་དོ། །ལྟ་ལོག་ལེའུ་ཞེ་གཉིས་པའོ།། །།ཆ་མཐུན་གོལ་བའི་མུ་སྟེགས་ཀྱི་འདོད་གཞུང་འདི་ལྟར་རོ། །ནང་པ་སངས་རྒྱས་པ་དང་ཆ་མཐུན་པ་ལས་གོལ་ཏེ། །ནང་པ་སངས་རྒྱས་པའི་གྲུབ་མཐའ་ལ་ལོག་པ་ཤ་སྟག་གོ།ཅིའི་ཕྱིར་ན། །ཆ་ལུགས་ཐམས་ཅད་ནང་པ་དང་མཐུན་ལ། །དོན་གོ་ལོག་ཏུ་སྤྱོད་པའོ། །ལྷ་ལོག་ལེའུ་ཞེ་གསུམ་པའོ།། །།མངོན་སྣང་སེམས་ཀྱི་མུ་སྟེགས་གྲུབ་མཐའ་ནི། །ཐམས་ཅད་མངོན་སྣང་སེམས་ཀྱི་ཆོ་འཕྲུལ་ལོ། །ཞེས་བྱ་བར་རྟོགས་ཏེ། །ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཞེས་བྱ་བར་སྟོན་པ་དག་ཀྱང་ཡོད་དོ། །ལྟ་ལོག་ལེའུ་ཞེ་བཞི་པའོ།། །།འཁྲུལ་སྣང་པའི་མུ་སྟེགས་གྲུབ་མཐའ་འདི་ལྟར་འདོད། །ཞབྲུལ་པའི་སྣང་བ་འདི་དག་བདེན་པ་ཡིན་ལ། །དོན་དམ་མེད་པའི་ཕྱིར་ཟེར་བདག་ཀྱང་ཡོད་དོ། །ལྟ་ལོག་ལེའུ་ཞེ་ལྔ་པའོ།། །།ཞེ་སྡང་བསྐྱེད་པའི་མུ་སྟེགས་གྲུབ་མཐའ་འདི་ལྟར་རོ། །ཞེ་སྡང་དྲག་པོས་འབྱུང་པོ་ཚར་གཅོད་པས། །རིགས་ཀྱི་བུ་ཞེ་སྡང་ལ་གནས་པར་བྱའོ། །ཟེར་བ་དག་ཀྱང་ཡོད་དོ། །ལྟ་ལོག་ལེའུ་ཞེ་དྲུག་པའོ།། །།ཆ་བྱད་སེམས་ཀྱི་མུ་སྟེགས་གྲུབ་མཐའ་འདི་ལྟར་རོ། །ཆ་བྱད་དུ་སེམས་འདི་རང་སངས་རྒྱས་ཡིན། །འདི་ལ་བཅོས་སུ་མེད་ཟེར་བ་དག་ཀྱང་ཡོད་དོ། །སེམས་སངས་རྒྱས་སུ་འདོད་པའི་ལེའུ་སྟེ་ཞེ་བདུན་པའོ།། །།འཛིན་པ་དོན་མེད་མུ་སྟེགས་གྲུབ་མཐའ་འདི་ལྟར་འདོད། །ལྷའི་སྐུ་བསྒོམ་པས་སུ། །འབྱུང་བཞིའི་བརྟེན་ཅིར་བསྒོམ་ཡང་ཆོག། །ལྷ་ཡང་འབྱུང་བཞི་ལས་གྲུབ་པ་ཡིན་ལ། །དམིགས་བརྟེན་གང་ལ་བྱས་ཀྱང་ཆོག། །ཟེར་བ་དག་ཀྱང་ཡོད་དོ། །ལྟ་ལོག་ལེའུ་ཞེ་བརྒྱད་པའོ།། །།ཁ་ཚིག་གོལ་པའི་མུ་སྟེགས་གྲུབ་མཐའ་ནི། །ང་མུ་སྟེགས་ཡིན་པས་མུ་སྟེགས་ཀྱི་ནུས་པ་ཐམས་ཅད་དང་ལྡན་པ་ཡིན་ནོ། །མུ་སྟེགས་རྒོད་པོ་ལྟ་སྨྲ་བ་དག་ཀྱང་ཡོད་དོ །ལྟ་ལོག་ལེའུ་ཞེ་དགུ་པའོ།། །།རྟག་པ་དོན་མེད་མུ་སྟེགས་ནི། །རྟག་པ་འདི་ཁོ་ན་ཡིན་པས། །འདི་ལ་ཅིར་ཡང་བྱར་མེད་དོ། །བཟོ་དང་བཅོས་མ་མང་ན་དོན་དང་འགལ་བ་ཡིན། །ཅེས་པ་ཡང་ཡོད་དོ། །ལྟ་ལོག་ལེའུ་ལྔ་བཅུ་པའོ།། །།ཀ་ནི་བའི་གྲུབ་མཐའ་འདི་ལྟར་འདོད། །དོན་དམ་པ་འདི་ལ་ཕྱལ་བར་འདོད་པ། །ཀུན་རྫོབ་དོན་ཅན་དུ་འདོད་པའོ། །ལྟ་ལོག་ལེའུ་ང་གཅིག་པའོ། སེར་སྣ་བའི་མུ་སྟེགས་གྲུབ་མཐའ་འདི་ལྟར་འདོད། །སྣང་བ་འདི་ཟད་ཅིང་སྟོངས་ཀྱིས་དོགས་པའི་སྡུག་བསྔལ་དང་ལྡན་པ་འོ། །ལྟ་བ་ལོག་ལེའུ་ང་གཉིས་པའོ།། །།བྷ་པ་རིའི་གྲུབ་མཐའ་ནི། །མཆོག་ཁྱད་པར་གྱི་དོན་ནི་གང་ཡང་མེད། །ཐུན་མོང་གི་དོན་ཅི་ཡང་ཡོད་པར་འདོད་པའོ། །ལྟ་ལོག་ལེའུ་ང་གསུམ་པའོ།། །།ཀ་སྟི་ཤའི་གྲུབ་མཐའ་ནི། །ཐུན་མོང་དོན་ཅི་ཡང་མེད་པ་ལ། །ཁྱད་པར་མཆོག་གི་དོན་ཅི་ཡང་ཡོད་པར་འདོད་པའོ། །ལྟ་ལོག་ལེའུ་ང་བཞི་པའོ།། །།སི་དྷ་རའི་གྲུབ་མཐའ་ནི། །ཐུན་མོང་ཁྱད་པར་གཉིས་ཀ་ལ་དོན་ཅི་ཡང་མེད་པར་འདོད་པའོ། །ལྟ་ལོག་ལེའུ་ང་ལྔ་པའོ།། །།དྷ་པིས་པའི་གྲུབ་མཐའ་ནི། །ཐུན་མོང་ཁྱད་པར་གཉིས་ཀ་ལ་དོན་ཅི་ཡང་ཡོད་པར་འདོད་པའོ། །ལྷ་ལོག་ལེའུ་ང་དྲུག་པའོ།། །།ཀ་བྷ༷་པ་ཞེས་བྱ་བའི་གྲུབ་མཐའ་ནི། །དོན་ཅི་ཡང་ཡོད་པ་ལ་དབུགས་ཆད་པ་དང་དོན་ཐམས་ཅད་ཆད་པར་འདོད་པའོ། །ལྷ་ལོག་ལེའུ་ང་བདུན་པའོ།། །།སང་བྷ་པའི་གྲུབ་འཐའ་འདི་ལྟར་འདོད། །ང་དགེ་འདུན་གྱི་ཆ་བྱད་ལ་ཞུགས་པ་རང་གིས་ཆོག། །དོན་ཅི་ཡང་བྱར་མེད་དོ། །ཟེར་བ་དག་ཀྱང་ཡོད་དོ། །ལྟ་ལོག་ལེའུ་ང་བརྒྱད་པའོ།། །ཁྲ་ཀ་རའི་གྲུབ་མཐའ་ནི། རྨམས་པར་མི་རྟག་བདེན་པའོ། །ལུས་རྣམས་པར་མི་རྟག་པར་མི་རྟག་བདེན་པ་ནི། །ཕྱ་འམ་དབང་ཕྱུག་བདེན་པའོ། །ལྟ་ལོག་ལེའུ་ང་དགུ་པའོ། །མདོ་ཤ་ཀ་ཡི་གྲུབ་མཐའ་ནི། །ཐམས་ཅད་ཀྱི་མདོ་ཕྱ་དང་དབང་ཕྱུག་ཆེན་པོ་ལ་མ་འདུས་པ་མེད་དོ། །འདི་གཉིས་ལ་མ་འདུས་པ་གཅིག་ཀྱང་མེད་དོ། །ཕྱ་དང་དབང་ཕྱུག་ཆེན་པོ་རི་རབ་ཀྱི་ཁ་ལ་ཡོད་ངེས་ཟེར་བ་དག་ཀྱང་ཡོད་དོ། །དེ་ལྟར་ན་ལྟ་ལོག་དྲུག་ཅུ་ཐམས་ཅད་ཀྱི་འདོད་གཞུང་དང། །གྲུབ་མཐའ་བསྟན་པའི་ལེའུ་སྟེ་དྲུག་ཅུ་ཐམ་པའོ། །ས་མ་པ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ སྤྱི་སྡོམས་ཁོག་དབུབ་ཀྱི་ལེའུ་སྟེ་གསུམ་པའོ། ་་ རྒྱ ་་་ །རྒྱ་ལྟ་ལོག་དྲུག་ཅུ་ཐམ་པ་ཡང། །བསྡུ་ན་རྣམ་པ་གཉིས་སུ་འདུས། །རྟག་པ་དང་ནི་ཆད་པའོ། །ཆད་པར་ལྟ་བའི་དོན་ནི་འདི་ལྟར་རོ། །ཕྱམ་ཆད་མུ་མེད་ཐམས་ཅད་སྟོང་པ་ཆེ། །རྒྱུན་ཆད་ནམ་མཁའ་སྟོང་པ་བཞིན། །ཆད་པར་རང་བཞིན་མེད་པར་ལྟ། །ཆད་པའི་དོན་ནི་སྟོང་པའོ། ཁུ་དང་འབྲས་བུ་གཉིས་ཀ་ཆད། །ལན་དང་སུ་མ་མེད་པར་ཆད། །ཐམས་ཅད་ཕྱལ་བ་ཉིད་དུ་འདོད། །སྟོང་པ་མེད་པའི་རྟག་པ་ནི། །རྟག་པའི་གྲུབ་མཐའ་འདི་ལྟར་འདོད། །རྒྱུ་རྟག་དངོས་པོ་འདི་ལྟར་རོ། །རང་གི་སྙིང་གི་དཀྱིལ་ཤེད་དུ། །ཕ་ཡི་རྒྱུ་ལས་མ་བྱུང་ཞིང། །མ་ཡི་རྐྱེན་ལས་མ་བརྟེན་པར། །ཆེ་སྟེ་ཆེ་ན་སྲན་མ་ཙམ། །ཆུང་སྟེ་ཆུང་ན་ཡུང་འབྲུ་ཙམ། །ཡང་ཆུང་སྐྲ་ཡི་རྩེ་མོ་ཙམ། །སྣུམ་ལ་འདྲིལ་ལ་དཀར་ལ་དྭངས། །དེ་བཞིན་རྒྱུ་འམ་རང་བཞིན་ཏེ། །ཡེ་ནས་མི་འགྱུར་རྟག་པར་འདོད། །དེ་ཡང་བག་ཆགས་ཕུང་པོ་འདི། །མི་འབྲལ་གཅིག་ཏུ་གནས་པས་ན། །རྒྱུ་ཡང་རྟག་པའི་གྲུབ་མཐའ་ཡིན། །འབྲས་བུ་རྟག་པ་འདི་ལྟར་རོ། །ཕྱ་དང་དབང་ཕྱུག་ཆེན་པོ་ནི། །བརྟེན་ཅིང་མཆོད་པའི་ཡོན་ཏན་གྱིས། །དང་པོའི་ལུས་འདི་བོར་ནས་ཀྱང། །རང་རང་ས་ལ་སྐྱེ་བར་བྱེད། །ཕྱ་འམ་དབང་ཕྱུག་ཆེན་པོ་ནི། །བྱས་ཏེ་འབྲས་བུ་རྟག་པར་འདོད། །རྟག་དང་ཆད་པ་རྣམ་པ་གཉིས། །རང་རང་དོན་ལ་མི་མཐུན་པའི། །དེ་ལ་སོགས་ཏེ་ལྟ་ལོག་རྣམས། །རྣམ་པ་བཞི་རུ་འདུས་པར་བཤད། །མུ་སྟེགས་དང་ནི་མུར་ཐུག་གཉིས། །རྒྱང་འཕེན་པ་དང་ཕྱལ་བ་བཞི། །དེ་ཡང་བཤད་པ་འདི་ལྟ་སྟེ། །མུ་སྟེགས་རྟག་པ་ཐེར་ཟུག་གོ །མུར་ཐུག་ཕྱེད་རྟག་ཕྱེད་ཆད་དོ། །ཕྱལ་བ་ཆད་པ་ཕྱམ་ཆད་དོ། །རྒྱང་འཕེན་འབྲས་བུ་ཆད་པའོ། །དེ་ལྟར་སུམ་བརྒྱ་དྲུག་ཅུ་ཡང། །རྣམ་པ་བཞི་རུ་འདུས་པའོ། །དེ་ཡང་རྟག་ཆད་གཉིས་སུ་འདུས། །དེ་ཡང་དོན་མེད་ཕྱལ་བར་འདུས། །འཇིག་རྟེན་ཐེག་པའི་རྐང་གྲངས་སོ། །རྐང་གྲངས་གོང་དུ་བཤད་ན་ཡང། །བསྡུས་དོན་ཟུར་ཙམ་བཤད་ལགས་ཀྱང། །རྒྱས་པར་འདོད་གཞུང་རིམ་པར་བཀྲོལ། །དེ་ཡང་བཅའ་བ་བཞི་རུ་བསྟན། །དེ་ཡང་རྟག་ཆད་གཉིས་སུ་བསྟན། །དེ་ཡང་སྟོང་ཉིད་ཆད་ལྟར་བསྟན། །གང་ཟག་ལམ་སྣ་ནོར་དོགས་ནས། །འཇིག་རྟེན་ལྷ་མིའི་ཐེག་པར་བཤད། །འཇིག་རྟེན་ཐེག་པའི་རྣམ་གྲངས་ཀྱི་ལེའུ་སྟེ་བཞི་པའོ། །ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ཡང་ཅིག་གཞོན་ནུ་སྟོབས་ལྡན་གྱིས། །རྡོ་རྗེ་འཆང་ལ་ཡང་ཞུས་པ། །འཇིག་རྟེན་ཐེག་པ་དེ་ལྟར་ན། །རིམ་དགུའི་ཐེག་པ་བཤད་དུ་གསོལ། །དེ་སྐད་ཅེས་ནི་ཞུས་པའི་ལན། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཀྱེ་ཧོ་གསང་བའི་བདག་པོ་ཉོན། །གཞོན་ནུ་སྟོབས་ལྡན་ཁྱོད་ཉིད་ཀྱིས། །ཐེག་པའི་སྒོ་རྣམས་ཡིད་ལ་ཟུང། །ང་ཡི་དོན་བསྡུས་ཁྱོད་ལ་བསྟན་པར་བྱ། །ཉན་ཐོས་ཐེག་པ་འདི་ལྟ་སྟེ། །འཇུག་པའི་སྒོ་ནི་བདེན་པ་བཞི། །ཉན་ཐོས་སྤྱི་ཡི་འཇུག་སྒོ་ཡིན། །དེ་ཡང་དབྱེ་བ་གཉིས་སུ་འདོད། །བྱེ་བྲག་པ་དང་མདོ་སྡེའོ། །བྱེ་བྲག་པ་ཡི་ལྟ་བ་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །གཡག་རྔ་ནེའུ་གསིང་ཚུལ་དུ་འདོད། །རང་གི་བློ་ཡི་བལྟས་གྱུར་ན། །རྡུལ་དང་རྡུལ་ཕྲན་ཚུལ་དུ་འདོད། །དེ་བཞིན་རྣམ་པ་གཞིག་ནས་ནི། །སྟོང་པ་ཉིད་དུ་བསྒོམ་པའོ། །མདོ་སྡེ་པ་ཡི་ལྷ་བ་ནི། །ཁ་ཐོན་བྱས་པའིརངབཞིནདང། །ཐོསཔ་བསམ་པ་བསྒོམ་པ་གསུམ། ཁྲེས་རབ་རྣམ་གསུམ་གོམས་པ་ཡི། །ས་བཡི་འབྲས་བུ་ཐོབ་པར་འདོད། །ཉན་ཐོས་ཕྱི་ཡི་བསྒོམ་པ་ནི། །བདེན་པ་རྣམ་པ་བཞི་བསྒོམ་ཞིང། །འབྲས་བུ་རྣམ་བཞི་འདོད་པའོ། །དེ་ཡང་བསྒོམ་ལུགས་འདི་ལྟ་སྟེ། །འགོག་པ་བསྒོམ་པར་འདོད་པ་ལ། །ཀུན་འབྱུང་སྤང་བར་འདོད་པའོ། །འགོག་པ་བསྒོམ་ལུགས་འདི་ལྟ་སྟེ། །ཕྱི་ཡི་འབྱུང་བ་འདི་དག་ལ། །མི་ཆགས་གནས་སུ་ཞུགས་ནས་ནི། །དང་པོ་ཟས་ལ་གོམས་པར་བྱེད། །ཟས་ལ་གོམས་པར་གྱུར་པ་དང། །བསམ་གཏན་ཏིང་འཛིན་སྒོམ་པར་བྱེད། །བསམ་གཏན་མི་རྟོག་གཅིག་ཚུག་བསྒོམ། །རྒྱལ་བ་བྱམས་པའི་བསྟན་པ་ལ། །འབྲས་བུ་ཐོབ་པར་འདོད་པའོ། །ཀུན་འབྱུང་སྤོང་བ་འདི་ལྟར་རོ། །ཟས་ཀྱི་འདུ་ཤེས་བྲལ་བ་དང། །ཀུན་འབྱུང་རྒྱུན་ཐག་གཅོད་པར་འདོད། །དེ་ཡང་ཞེ་སྡང་གཉེན་པོར་སྒོམ། །ཉོན་མོངས་ཐམས་ཅད་སྤོངས་པའོ། །སལ་སྒོམ་པ་འདི་ལྟ་སྟེ། །འདོད་ཆགས་གཉེན་པོར་བསྒོམ་པ་དང། །གཏི་མུག་གཉེན་པོར་བསྒོམ་པ་དང། །དེ་བཞིན་ལམ་གྱི་སྒོམ་པ་ནི། །སྡུག་བསྔལ་སྤོང་བར་འདོད་པའོ། །ལམ་གྱི་སྒོམ་ལུགས་འདི་ལྟ་སྟེ། །འདོད་ཆགས་གཉེན་པོར་འདི་ལྷར་སྒོམ། །རང་གི་དཔྲལ་བའི་དཀྱིལ་འཁོར་དུ། །ཀེང་རུས་དཀར་པོ་མཐེ་བོང་ཙམ། །དཀར་པོ་འོད་ཆགས་སྒོམ་པ་ལས། །དེ་ལ་བསྐྱེད་ནས་མགོ་བོ་ཙམ། །དེ་ནས་ལུས་པོ་ཙམ་པ་སྒོམ། །དེ་ནས་རང་གི་ཐོ་ཕྱི་ཙམ། །དེ་ནས་ཅེར་སྣང་ཐམས་ཅད་སྒོམ། །དེ་ལྟར་སྟོང་གསུམ་དཀར་པོས་ཏེ། །དེ་ལྟ་དཀར་པོར་གོམས་གྱུར་ན། །འདོད་ཆགས་སྡུག་བསྔལ་སྤོངས་པའོ། །གཏི་མུག་སྡུག་བསྔལ་སྤོངས་བ་ནི། །རང་གི་སྤྱི་བོའི་གཙུག་ཏུ་ཡང། །མར་མེ་གསལ་ལ་དྭངས་པ་གཅིག །སྒོམ་པས་ཤེས་པ་གསལ་པ་དང། །སེམས་ནི་སྟོང་པར་འདོད་པའོ། །དེས་ནི་གཏི་མུག་སྡུག་བསྔལ་སྤོངས། །དེ་ལྟར་རྣམ་བཞི་སྒོམ་པ་ཡིན། །འབྲས་བུ་རྣམ་པ་བཞི་ཐོབ་སྟེ། །འབྲས་བུ་རྣམ་བཞི་གང་ཡིན་ན། །འགོག་པ་བསྒོམས་པའི་འབྲས་བུ་ནི། །རྒྱུན་དུ་ཞུགས་པ་ཐོབ་པ་སྟེ། །ས་དང་པོ་རབ་ཏུ་དགའ་བ་ནས། །དེ་ཡང་ས་བདུན་མན་ཆོད་དོ། །ཀུན་འབྱུང་བསྒོམས་པའི་འབྲས་བུ་ཡི། །ལན་ཅིག་ཕྱིར་མི་འོངས་བ་ཐོབ། །ས་བརྒྱད་མན་ཆད་ཐོབ་པའོ། །ལམ་བསྒོམས་པ་ཡི་འབྲས་བུ་ནི། །དགྲ་བཅོམ་འབྲས་བུ་ཐོབ་པ་སྟེ། །ས་བཅུ་མཐར་ཕྱིན་ཐོབ་པའོ། །ས་དང་ལམ་ལ་གནས་པའི་ཚ། །ཉན་ཅིང་ཐོས་པར་བྱེད་པའོ། །ས་བདུན་མན་ཆད་སེམས་དཔའ་ནི། །རང་རང་དཔོན་ལ་ཉན་པའོ། །ས་བརྒྱད་མན་ཆད་སེམས་དཔའ་ནི། །སྤྲུལ་པའི་སྐུ་ལ་ཉན་པའོ། །དེ་ཡང་དངོས་པོར་མཐོང་མེད་དོ། །བྱིན་གྱིས་བརླབས་ཀྱིས་ཐོས་པའོ། །རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། །ཉན་ཐོས་ཐེག་པའི་གྲུབ་མཐའ་སྟེ་ལེའུ་སྟེ་ལྔ་པའོ།། །།དེ་ནས་གཞོན་ནུ་སྟོབས་ལྡན་གྱིས། །རྡོ་རྗེ་འཆང་ལ་འདི་སྐད་ཞུས། །ཀྱེ་ཀྱེ་བཅོམ་ལྡན་ཐེག་ཆེན་བདག། །ཉན་ཐོས་ཐེག་པ་དེ་ལྟར་ན། །རང་རྒྱལ་ཐེག་པ་གསུང་དུ་གསོལ། །ཅེས་ཞུས་སོ། །དེ་ནས་སྟོན་པས་བཀའ་སྩལ་པ། །ཀྱེ་ཧོ་གཞོན་ནུ་སྟོབས་ལྡན་ཉོན། །རང་རྒྱལ་མདོ་སྡེའང་གྲུབ་མཐའ་ནི། །འཇུག་སྒོ་རྟེན་འབྲེལ་བཅུ་གཉིས་སོ། །རྟོགས་པའི་ལྟ་བ་འདི་ལྟ་སྟེ། །གང་ཟག་བདག་ཏུ་མེད་པ་སྟེ། །ཆོས་ལ་བདག་ཏུ་མེད་པར་ལྟ། །ཚུལ་ཁྲིམས་གཉིས་བརྒྱ་ལྔ་བཅུ་བསྲུངས། །བསྒོམ་ནི་མི་རྟོག་ཆོས་ཉིད་བསྒོམ། །ཕྱི་དང་ནང་གི་རྟེན་འབྲེལ་རྣམས། །གོམས་ནས་མཐའ་རུ་ཕྱིན་པ་དང། །འབྲས་བུ་མཐར་ཕྱིན་ཚད་དུ་འདོད། །དེ་ཡང་དཔེ་མཚོན་འདི་ལྟ་སྟེ། །དཔེར་ན་དུར་ཁྲོད་མི་རོ་བཞིན། །རིམ་པ་ལྟར་དུ་ཁྲིད་པ་ནི། །རང་གི་བུ་སློབ་རྗེས་འཇུག་རྣམས། །དུར་ཁྲོད་ཆེན་པོར་ཁྲིད་ནས་སུ། །རོ་རྣམས་བསྟན་ལ་འདི་སྐད་དོ། །རོ་འདི་དང་པོ་གང་ལས་འབྱུང། །བར་དུ་གང་ལྟར་གནས་པ་ཡིན། །ད་ལྟར་འདི་ཡི་དངོས་པོ་ཅི། །ཟེར་ནས་དཔེ་ཡི་མཚོན་པ་དྲིས། །དེ་ཡང་བྱུང་ལུགས་འདི་ལྟ་སྟེ། །རོ་འདི་དང་པོ་མ་རིག་པ་ལས་བྱུང། །མ་རིག་པ་ལས་འདུ་བྱེད་དོ། །འདུ་བྱེད་རྣམ་པར་ཤེས་པའོ། །རྣམ་པར་ཤེས་ལས་མིང་བྱུང་ཞིང། །མིང་ལས་གཟུགས་ཀྱི་རང་བཞིན་བྱུང། །གཟུགས་ལ་སྐྱེ་མཆེད་རྣམ་དྲུག་བྱུང། །སྐྱེ་མཆེད་དྲུག་ལས་རེག་པ་བྱུང། །རེག་པ་ལས་ནི་ཚོར་བ་བྱུང། །ཚོར་བ་ལས་ནི་སྲེད་པ་བྱུང། །སྲེད་པ་དག་ལས་ལེན་པ་བྱུང། །ལེན་པ་ལས་ནི་སྲིད་པ་བྱུང། །སྲིད་པ་ལས་ནི་སྐྱེ་བ་བྱུང་། སྐྱེ་བ་ལས་ནི་རྒས་པ་བྱུང་། །རྒས་པ་ལས་ནི་ན་བ་བྱུང། །ན་བ་ལས་ནི་ཤི་བ་བྱུང། །དེ་བཞིན་རྟེན་འབྲེལ་བཅུ་གཉིས་བསྒོམ། །དེ་ལྟར་བསྒོམས་པའི་ཡོན་ཏན་གྱིས། །ས་བཅུའི་ས་ནི་འབྲས་བུ་ཐོབ། །འཇུག་སྒོ་གཅིག་ལ་འདི་ལྟར་རོ། །མི་སྡུག་རྣམ་པ་བརྒྱད་སྒོམ་སྟེ། །དུར་ཁྲོད་ཆེན་པོར་ཕྱིན་ནས་སུ། །རང་གི་ལུས་ལ་འདི་ལྟར་བསྒོམ། །དང་པོ་རྣམ་པར་བསྔོ་བར་བསྒོམ། །དེ་ནས་ཐམས་ཅད་དམར་བར་བསྒོམ། །དེ་ནས་ཐམས་ཅད་བརྣག་པར་བསྒོམ། །དེ་ནས་ཐམས་ཅད་རུལ་བར་བསྒོམ། །དེ་ནས་ཐམས་ཅད་འབུ་ཞུགས་བསྒོམ། །དེ་ནས་འཐོར་ནས་དངོས་མེད་བསྒོམ། །དེ་ནས་ཐམས་ཅད་གཅིག་ལ་བསྡུ། །དེ་ནས་ཐམས་ཅད་དཀར་པོར་བསྒོམ། །དེ་བཞིན་འདོད་ཆགས་གཉེན་པོ་སྲ །མི་སྡུག་རྣམ་པ་བརྒྱད་བསྒོམ་མོ། །ཉན་དང་ཐོས་པ་མེད་པས་ཏེ། །དེ་ཕྱིར་རང་རྒྱལ་གྲུབ་མཐའ་ཡིན། ཁུད་ཆེན་དྲི་མེད་ཟླ་ཤེལ་ལས། །རང་རྒྱལ་ཐེག་པའི་གྲུབ་མཐའ་སྟེ། །རྒྱུད་ཚིག་ལེའུ་དྲུག་པའོ།། །།ཡང་ཅིག་གཤོན་ནུ་སྟོབས་ལྡན་གྱིས། །རྡོ་རྗེ་འཆང་ལ་འདི་སྐད་ཞུས། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང། །རང་རྒྱལ་ཐེག་པ་དེ་ལྟར་ན། །བྱང་ཆུབ་སེམས་དཔའི་གྲུབ་མཐའ་དང། །ཐེག་པའི་འདོད་གཞུང་ཇི་ལྟར་ལགས། །ཞུས་པའི་ལན་དུ་བཀའ་སྩལ་པ། །ཀྱེ་ཧོ་གཞོན་ནུ་སྟོབས་ལྡན་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང། །བྱང་ཆུབ་སེམས་དཔའི་གྲུབ་མཐའ་ནི། །འཇུག་པའི་སྒོ་ནི་རྣམ་པ་གཉིས། །དོན་དམ་དང་ནི་ཀུན་རྫོབ་བོ། །བསྲུང་བའི་ཚུལ་ཁྲིམས་ཡན་ལག་ནི། །སྡོམ་པ་བརྒྱད་ཅུ་རྩ་ལྔ་བསྲུང། །རྟོགས་པའི་ལྟ་བ་འདི་ལྟ་སྟེ། །སྟོང་པ་ཉིད་ཀྱི་ཡེ་ཤེས་བསྒོམ། །དོན་དམ་ཀུན་རྫོབ་འདི་ལྟ་སྟེ། །ཀུན་རྫོབ་རྣམ་པ་གཉིས་སུ་འདུས། །ལོག་པ་དང་ནི་ཡང་དག་གོ །ལོག་པའི་ཀུན་རྫོབ་འདི་ལྟ་སྟེ། །རྟག་པར་སྣང་བ་ཐམས་ཅད་དང། །མཐུན་པར་སྣང་བས་དོན་བྱེད་ནུས། །བརྟགས་ན་ངོ་བོ་ཉིད་ཀྱིས་དབེན། །དོན་ནི་མེད་པ་ལྟར་སྣང་ངོ། །དེ་ནི་ལོག་པའི་ཀུན་རྫོབ་བོ། །ཡང་དག་ཀུན་རྫོབ་འདི་ལྟ་སྟེ། །དགེ་བ་བཅུ་ཡི་ལས་རྣམས་དང། །དཀར་པོར་གྱུར་ཐོའི་བསམ་པ་དང། །མོས་པའི་བསམ་པ་ཇི་སྙེད་པ། །ཡང་དག་ཀུན་རྫོབ་ཆེན་པོར་འདོད། །སྤྱིན་པ་ལ་སོགས་ཚུལ་ཁྲིམས་དང། །དེ་བཞིན་ཏིང་འཛིན་ལ་སོགས་རྣམས། །ཡང་དག་ཀུན་རྫོབ་ཆེན་པོའོ། །དོན་དམ་ལ་ཡང་རྣམ་པ་གཉིས། །མཚན་མ་ཚིག་གི་དོན་དམ་དང། །ཡང་དག་སེམས་ཀྱི་དོན་དམ་མོ། །མཚན་མ་ཚིག་གི་དོན་དམ་གྱིས། །ཐམས་ཅད་སུན་འབྱིན་རྩོད་པའོ། །དེ་ཡང་མཚན་མའི་རིག་པ་ལ། །གང་དེ་ཉིད་ལ་དེ་ལྟར་སྣང། །ཚིག་གི་སྟོང་པ་ཆེན་པོ་ལ། །དོན་ལ་སྟོང་ཞིང་མ་རྟོགས་པའི། །མཚན་མ་ཚིག་གི་དོན་དམ་མོ། །ཡང་དག་སེམས་ཀྱི་དོན་དམ་ནི། །སྟོང་པ་ཅད་མེད་སྒོམ་པར་འདོད། །དཔེར་ན་ནམ་མཁའ་སྟོང་པ་ལས། །སྟོང་པའི་དོན་ཉིད་དེ་བཞིན་ནོ། །སྟོང་ཉིད་ཕྱམ་ཆད་མུ་མེད་དོ། །ཞེས་ནི་སྤྱོད་ཅིང་ལགས་པའོ། །ལམ་ནི་འདི་ལྷར་འདོད་པ་སྟེ། །ས་ལམ་སྦྱོང་བར་འདོད་པའོ། །དེ་ཡང་དྲོད་རྩེ་བཟོད་པ་དང། །རྩེ་མོ་འཇིག་རྟེན་ཆོས་མཆོག་གོ །དྲོད་ལ་རྣམ་པ་གསུམ་གྱིས་བསྟན། །ཕྱི་དང་ནང་དང་གཉིས་ཀའོ། །ཕྱི་ཡི་དྲོད་སྐྱེས་འདི་ལྟ་སྟེ། །ས་གཉིས་དྲི་མ་མེད་པ་ལ། །དང་པོའི་སྣང་བ་སྟོང་པར་སྐྱེ། །དེ་ནི་ཏིང་འཛིན་ཉམས་ལེན་ཏེ། །ས་གཉིས་དག་ལ་སྐྱེ་བར་འགྱུར། །ནང་གི་དྲོད་ནི་དྲུག་པ་ལ། །སྟོང་པ་རིག་བྱེད་དག་ཏུ་རྟོགས། །གཉིས་ཀའི་དྲོད་ནི་འདི་ལྟ་སྟེ། །ས་བདུན་དག་ལ་སྐྱེ་བར་འགྱུར། །ས་བརྒྱད་བཟོད་པ་ཐོབ་པ་སྟེ། །ས་དགུ་རྩེ་མོ་མཐར་ཕྱིན་ནོ། །ས་བཅུ་ཏིང་འཛིན་ཆོས་ཀྱི་མཆོག །དེ་བཞིན་ས་བཅུ་ཐོབ་པར་འདོད། །དེ་ནི་བྱང་ཆུབ་ཐེག་པ་སྟེ། །སྟོང་པ་ཚིག་མེད་ཡི་གེ་མེད། །ཅང་མེད་སྟོང་པར་འདོད་པའོ། །རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། །བྱང་ཆུབ་སེམས་དཔའི་ཐེག་པ་སྟེ། །རྒྱུད་ཚིག་ལེའུ་བདུན་པའོ།། །།ཡང་ཅིག་གཞོན་ནུ་སྟོབས་ལྡན་གྱིས། །སྟོན་པ་ཉིད་ལ་འདི་སྐད་ཞུས། །ཀྱེ་ཧོ་སྟོན་པ་རྡོ་རྗེ་འཆང། །མཚན་ཉིད་བྱང་སེམས་གྲུབ་མཐའ་དང། །ཐེག་པའི་བྱེ་བྲག་དེ་ལྟར་ན། །ཀྲི་ཡའི་ཐེག་པ་གསུང་དུ་གསོལ། །ཞུས་པའི་ལན་དུ་འདི་ལྟར་རོ། །ཀྲི་ཡ་ཐེག་པའི་གྲུབ་མཐའ་ནི། །འཇུག་པའི་སྒོ་ནི་དག་པ་གསུམ། །ཁྲུས་དང་གཙང་སྦྲ་མཆོད་པའོ། །སྲུང་བའི་དམ་ཚིག་འདི་ལྟར་རོ། །ལུང་གཅིག་ཆུ་ལ་མི་འཐུང་ཞིང། །མ་ཡེངས་ངང་ལ་སྤྱོད་པའོ། །བྱ་བ་དག་པ་རྣམ་གསུམ་བྱེད། །དག་པ་རྣམ་གསུམ་གང་ཞེ་ན། །ལྷ་དང་དཀྱིལ་འཁོར་དག་པ་དང། །རྫས་དང་ཡོ་བྱད་དག་པ་དང། །སྔགས་དང་ཏིང་འཛིན་དག་པའོ། །རྟོགས་པའི་ལྟ་བ་འདི་ལྟར་རོ། །ལྷ་དང་རྣལ་འབྱོར་དག་པ་གཉིས། །རྗེ་དང་འབངས་ཀྱི་ཚུལ་དུ་ལྟ། །སྤངས་པའི་རིམ་པ་འདི་ལྟ་སྟེ། །ཉ་དང་ཤ་དང་སྒོག་པ་དང། །དེ་བཞིན་ཆང་ལ་སོགས་པ་སྤངས། །ཏིང་ངེ་འཛིན་ལ་ཞེན་པའོ། །རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། །ཀྲི་ཡའི་གྲུབ་མཐའ་བསྟན་པ་དང། །ཨུ་པ་ཡ་ཡི་སྤྱོད་པ་བསྟན་པ་སྟེ། །རྒྱུད་ཚིག་ལེའུ་བརྒྱད་པའོ།། །།ཡང་ཅིག་གཞོན་ནུ་སྟོབས་ལྡན་གྱིས། །རྡོ་རྗེ་འཆང་ལ་འདི་སྐད་ཞུས། །ཨ་ཧོ་སྟོན་པ་རྡོ་རྗེ་འཆང། །ཀྲི་ཡའི་ཐེག་པ་དེ་ལྟར་ན། །ཨུ་པའི་ཐེག་པ་གསུང་དུ་གསོལ། །ཞུས་པའི་ལན་དུ་འདི་སྐད་དོ། །གཞོན་ནུ་སྟོབས་ལྡན་ལེགས་པར་ཟུང། །ཨུ་པའི་ཐེག་པ་འདི་ལྟར་རོ། །ལྟ་བ་ཡོ་ག་དང་མཐུན། །སྤྱོད་པ་ཀྲི་ཡར་སྩོད་པའོ། །དེ་ཕྱིར་གཉིས་ཀའི་རྒྱུད་ཅེས་གྲགས། །ཨུ་པ་གཉིས་ལྡན་དེ་ལ་ཟེར། །རྒྱུད་ཆེན་དྲི་མེད་ཟླ་ཤེས་ལས། །ཨུ་པ་ཡ་ཡི་གྲུབ་མཐའ་དང། །གཉིས་ལྡན་གྱི་ལེའུ་དགུ་པའོ།། །།ལྷ་དང་བདག་ཉིད་དཔོན་གཡོག་ལྟ། །ལུས་ངག་ཡིད་གསུམ་ཕྱག་རྒྱ་བསྒོམ། །རང་བཞིན་མི་དགེ་བཅུ་པོ་སྤངས། །འབྲས་བུ་རྡོ་རྗེ་འཆང་གི་ས། །ཨུ་པ་གཉིས་ལྡན་གྲུབ་མཐའ་འོ། །ས་མ་ཡུ། །ཡང་ཅིག་གཞོན་ནུ་སྟོབས་ལྡན་གྱིས། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང། །ཨུ་པའི་གྲུབ་མཐའ་དེ་ལྟར་ན། །ཡོ་གའི་གྲུབ་མཐའ་གསུང་དུ་གསོལ། །ཞུསླ་པའི་ལན་དུ་བཀའ་སྩལ་པ། །ཀྱེ་མ་གཞོན་ནུ་སྟོབས་ལྡན་ཉོན། །ཡོ་གའི་གྲུབ་མཐའ་འདི་ལྟར་རོ། །འཇུག་པའི་སྒོ་ནི་བྱང་ཆུབ་ལྔ། །ལྷ་དང་བདག་གཉིས་སྐྲུན་གྲོགས་ལྟ། །བསྲུང་བའི་དམ་ཚིག་མ་ཁྲེལ་རྣམ་གསུམ་བགྲུངས། །སྤྱོད་པ་དགག་སྒྲུབ་མེད་པར་སྤྱོད། །མངོན་བྱང་བྱང་ཆུབ་ལྔ་པོ་ནི། །གདན་གྱི་སྒོ་ནས་བྱང་ཆུབ་དང། །སྐུ་ཡི་སྒོ་ནས་བྱང་ཆུབ་དང། །ཕྱག་མཚན་སྒོ་ནས་བྱང་ཆུབ་དང། །བསྐྱེད་པའི་སྒོ་ནས་བྱང་ཆུབ་དང། །ཡིག་འབྲུའི་སྒོ་ནས་བྱང་ཆུབ་སྟེ། །དེ་ལྟར་བྱང་ཆུབ་ལྔ་ལ་སྤྱོད། །མ་ཁྲེལ་གསུམ་པོ་འདི་ལྟ་སྟེ། །ཡི་དམ་ལྷ་ཡི་མ་ཁྲེལ་དང། །སློབ་དཔོན་མཆེད་ཀྱི་མ་ཁྲེལ་དང། །རང་གི་སེམས་ཀྱི་མ་ཁྲེལ་གསུམ། །དམ་ཚིག་ཡིན་པས་དམ་དུ་བསྲུངས། །ལྷ་དང་རྣལ་འབྱོར་བདག་ཉིད་ཀྱང། །སྐྲུན་དང་གྲོགས་པོའི་ཚུལ་དུ་འདོད། །ལྷ་ཡི་དཀྱིལ་འཁོར་ཐམས་ཅད་ཀུན། །བདག་དང་གཉིད་མེད་གཅིག་ཏུ་བསྒོམ། །ལྷ་ཉིད་རང་ལ་རང་ཉིད་ལྷ། །དེ་ལྟར་བདག་དང་ལྷ་ཡི་འཕྲོ་འདུར་འདོད། །དེ་ནི་ཡོ་གའི་གྲུབ་མཐའ་འོ། །རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། །ཡོ་གའི་ཐེག་པ་བཤད་པ་དང། །གྲུབ་མཐའི་ལེའུ་སྟེ་བཅུ་པའོ།། །།ཡང་ཅིག་གཞོན་ནུ་སྟོབས་ལྡན་གྱིས། །སྟོན་པ་ཉིད་ལ་ཡང་ཞུས་པ། །ཀྱེ་ཧོ་སྟོན་པ་རྡོ་རྗེ་འཆང། །ཡོ་གའི་གྲུབ་མཐའ་གསུངནཡང། །མཧྭའིགྲུབམཐའ་གསུང་དུ་གསོལ། །ཞུས་་པའི་ལན་དུ་འདི་སྐད་དོ། །མ་ཡེངས་ལེགས་པར་ཡིད་ལ་ཟུང། །མ་ཧྭའི་གྲུབ་མཐའ་འདི་ལྟ་སྟེ། །དེ་བཞིན་ཉིད་ཀྱི་ཏིང་འཛིན་སོགས། །འཇུག་སྒོ་ཏིང་འཛིན་རྣམ་གསུམ་མོ། །རྟོགས་པའི་ལྟ་བ་ལྷ་དང་ལྷ་མོར་ལྟ། །བསྲུང་བའི་ཚུལ་ཁྲིམས་རྩ་བ་གསུམ་ཡིན་ཏེ། །ལུས་ངག་ཡིད་དང་གསུམ་དུ་འདུས། །འབྲས་བུ་ཐབས་ཤེས་གཉིས་སུ་མེད། །ཏིང་འཛིན་རྣམ་གསུམ་འདི་ལྟ་སྟེ། །དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། །རྟོག་མེད་སང་ངེ་སལ་ལེའོ། །ཀུན་ཏུ་སྣང་གི་ཏིང་ངེ་འཛིན། །གསལ་ལ་ཡེངས་པ་མེད་པ་སྒོམ། །དེ་བཞིན་རྒྱུ་ཡི་ཏིང་ངེ་འཛིན། །ཧུ༷་ལས་སེམས་དཔའ་གསུམ་བརྩེགས་སྒོམ། །བདག་ཉིད་དམ་ཚིག་སེམས་དཔའ་ལ། །ཕུན་སུམ་ཚོགས་པ་བཞི་དང་ལྡན། །ཏིང་འཛིན་ཡིག་འབྲུའི་སེམས་དཔའ་ལ། །གསལ་བ་རྣམ་པ་གསུམ་དང་ལྡན། །ཏིང་འཛིན་སེམས་དཔའ་འདི་ལྟ་སྟེ། །ཞི་བ་དང་ནི་ཁྲོ་བོ་ཡིན། །རྒྱུ་ཡི་ཏིང་འཛིན་འདི་ལྟ་སྟེ། །ཡ༷་ལས་རླུང་གི་དཀྱིལ་འཁོར་བསྒོམ། །ར༷་ལས་མེ་ཡི་དཀྱིལ་འཁོར་བསྒོམ། ཁ༷་ལས་ཆུ་ཡི་དཀྱིལ་འཁོར་ཟླུམ། །ར་ལས་ར་ཀྟའི་རྒྱ་མཚོ་འཁྱིལ། །སུམ་ལས་གསེར་གྱིས་གཞི་བདལ། །ཀེ་ལས་རུས་པའི་རི་རབ་སྟེང། །སྒྲུ༷ ལསརཏྣའིགཞལཡས་ཁང། །པ༷་ལས་པདྨ་འདབ་སྟོང་ལྡན། །ཨ་ལས་ཟླ་བའི་དཀྱིལ་འཁོར་རྒྱས། །མ་ལས་ཉི་མའི་དཀྱིལ་རྒྱས། །སང་ཧ་ར་ན་ཧུ༷་ཞེས་པས་ཚུར་ལ་བསྡུས་ཤིང་བསྟིམ་པའོ། །ཕ་ར་ན་ཕཊ་ཀྱིས་ཕར་ལ་འཕྲོས། །ཡིག་འབྲུ་འོད་ཟེར་བསམ་མི་ཁྱབ། །རབ་ཏུ་སྤྲུལ་ནས་ང་རྒྱལ་ལྡན། །རྣམ་པ་ལྷ་དང་སྟོང་གསལ་ལོ། །དེ་རི་ཏིང་འཛིན་གསུམ་དུ་འདོད། །དམ་ཚིག་རྣམ་གསུམ་འདི་ལྟ་སྟེ། །ལུས་ཀྱི་སྒོ་ནས་སྲོག་གཅོད་པ། །མ་བྱིན་ལེན་དང་མི་ཚངས་སྤྱོད། །དེ་ནི་སྐུ་ཡི་དམ་ཚིག་ཡིན། །ངག་གི་སྒོ་ནས་བརྫུན་དང་ཕྲ་མ་སྤངས། །དེ་ནི་གསུང་གི་དམ་ཚིག་ཡིན། །ཡིད་ཀྱི་བརྣབ་སེམས་གནོད་སེམས་དང། །ལོག་ལྟ་བསམ་ངན་སྤང་བར་བྱ། །དེ་ནི་ཐུགས་ཀྱི་དམ་ཚིག་ཡིན། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་རྟོགས། །དེ་ནི་ཧྭའི་གྲུབ་མཐའ་ཡིན། །རྒྱུད་ཆེན་ནི་དྲི་མེད་ཟླ་ཤེལ་ལས། །མ་ཧྭ་ཡོ་གའི་འདོད་གཞུང་སྟེ། །རྒྱུད་ཚིག་ལེའུ་བཅུ་གཉིས་པའོ།། །།ཡང་གཅིག་གཞོན་ནུ་སྟོབས་ལྡན་གྱིས། །སྟོན་པ་ཉིད་ལ་ཡང་ཞུས་པ། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང། །མཧོརེ་གྲུབ་མཐའ་དེ་ལྟར་ན། །ལུང་ཆེན་ཨ་ནུའི་གྲུབ་མཐའ་གང། །ཞུས་པའི་ལན་དུ་བཀའ་སྩལ་པ། །ཀྱེ་ཧོ་རྡོ་རྗེ་འཛིན་པ་ཉོན། །ལུང་ཆེན་ཨ་ནུའི་ཐེག་པའི་གྲུབ་མཐའ་ནི། །དབྱིངས་དང་ཡེ་ཤེས་རྣམ་པ་གཉིས། །འདུ་འབྲལ་མེད་པའི་རྡོ་རྗེར་འདོད། །འཇུག་སྒོ་ཅིག་ཅར་རིམས་ཀྱིས་གཉིས། །རྟོགས་པའི་ལྟ་བ་འདུ་འབྲལ་མེད། །ཅིག་ཅར་འཇུག་སྒོ་གང་ཞེ་ན། །ལྷ་རྣམས་མ་བསྐྱེད་སྙིང་པོ་དྲན་པས་རྫོགས། །རིམ་ཀྱིས་འཇུག་པ་གང་ཞེ་ན། །དབྱིངས་དང་ཡེ་ཤེས་རིམ་ཞུགས་ནས། །རྡོར་འཛིན་ས་༄༅ ལ་འབྲས་བུ་ཐོབ། །བསྲུང་བའི་དམ་ཚིག་འདི་ལྟར་རོ། །གསང་སྔགས་དོན་སྟོན་རྟག་ཏུ་བསྟོད། །ཅི་འབྱོར་བ་ཡི་མཆོད་པ་འབུལ། །སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ངོ་བོར་གནས། །མདོར་བསྡུས་དབྱིངས་དང་ཡེ་ཤེས་སོ། །ལུང་ཆེན་ཨ་ནུའི་གྲུབ་མཐའ་འོ། །རྒྱུད་ཚིག་ཨ་ནུའི་ལེའུ་སྟེ་བཅུ་གསུམ་པའོ། །ས་མ་ཡུ༔ ཡང་ཅིག་གཤོན་ནུ་སྟོབས་ལྡན་གྱིས། །རྡོ་རྗེ་འཆང་ལ་ཡང་ཞུས་པ། །ཨ་ནུའི་གྲུབ་མཐའ་གསུངས་ན་ཡང། །ཨ་ཏིའི་གྲུབ་མཐའ་གསུང་དུ་གསོལ། །ཞུས་པའི་ལན་དུ་འདི་སྐད་གསུངས། །ཉོན་ཅིག་གཞོན་ནུ་རྡོ་རྗེ་འཛིན། །རྫོགས་ཆེན་ཨ་ཏིའི་གྲུབ་མཐའ་ནི། །ཐེག་པ་མདོར་བསྡུས་བཤད་པར་བྱ། །ལྟ་བ་ཕྱིན་ཅི་མ་ལོག་པ། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །གཅིག་རྫོགས་གཉིས་རྫོགས་ཐམས་ཅད་རྫོགས། །གཅིག་བྱུང་གཉིས་བྱུང་ཐམས་ཅད་བྱུང། །གཅིག་སྐྱེས་གཉིས་སྐྱེས་ཐམས་ཅད་སྐྱེས། །གཅིག་མེད་གཉིས་མེད་ཐམས་ཅད་མེད། །དེ་བཞིན་རྫོགས་ཆེན་ཨ་ཏི་ལ། །བྱས་པའི་ཆོས་ནི་ཀ་ནས་དག །བྱ་དང་བྱེད་པ་མེད་པའོ། །རྫོགས་པ་ཆེན་པོའི་དོན་ཉིད་ལ། །དམ་ཚིག་བསྲུང་དུ་མེད་པས་ཏེ། །ཡེ་ནས་བསྲུང་དང་བྲལ་བའོ། །མེད་པ་ཕྱལ་བ་ལྷུན་གྲུབ་ཆེ། །ཉག་གཅིག་ཟང་ཐལ་ཉིད་དུ་འོ། །གསང་སྔགས་ཀུན་གྱི་དགོངས་པ་ཆེ། །རྫོགས་ཆེན་ཨ་ཏི་ཡོ་ག་ནི།།དཔེར་ན་གཅན་གཟན་སེང་གེ་བཞངན།།རང་རངག་ག་་ལ་ཕེབས་པ་སྟེ།།ཐེག་དམན་ཟངལ་གྱངས་གནོན་པ་འ།།རང་བྱུང་རང་ལ་ངཐམ་པའང་སྐུ་གསུམ་དོན།།སྐྱེ་མེད་དབྱངངས་ལས་སྒོམ་མེད་ཆེན་་་པའ།།བསྒོམ་བྱ་སྒོམ་་་་གཉངས་དང་བྲལ།།འཛིན་པ་མེད་པངའ་རང་གྲོལ་ནི།།དཔེར་ན་སྦྲུལ་གྱང་མདུད་པ་བཞོ།།རང་གྲོལ་རང་སངས་ཞོ་་་པའ།།དེ་བཝང་མགོ་མངའ་བསམ་པ་རྣམས།།རང་གྲོལ་རང་སངས་གོ་་་པའ།།རྫོགས་གོ་ཨ་ཏིའང་ཐེག་པ་ལ།།རེ་དང་ད་གས་པ་ག་ལ་ཡོད།།རེ་དོགས་ཡོད་ན་ལྟུང་བངའ་རྒྱུ།།དེ་བཝང་འཛིན་མེད་རང་གྲོལ་ལོ།།དཔེར་ན་མགོ་མར་སྣང་བ་ཡང།།རང་ལས་བྱུང་ཆིཁི་རང་ལ་ཐིམ།།དེ་བཞོ་རྫོགས་གོ་ཨ་ཏི་ལ།།སྒྲུབ་མེད་སྒྲུབ་དང་བྲལ་བ་འ།།བྱས་མེད་བྱུང་ས་མེད་པ་འ།།འགག་མེད་ཁྱབ་གདལ་་་ཆུབ་་བ།།་གྱུར་མེད་ཀློང་ཡངས་གོ་་་པའ།།ཅོ་་མེད་སངས་རྒྱས་མེད་པ་འ།།གནས་མེད་ཡ་་ཤེས་མེད་པ་འ།།སེམས་མེད་ཡངད་མེད་སངས་རྒྱས་མེད།།དེ་ནི་ཨ་ཏིངའ་གྲུབ་མཐའ་་འ།།རྒྱུད་ཞོ་དྲི་མེད་ཟླ་ཤེལ་ལས།།ཐེག་པ་ངརམ་དགུངའ་འདོད་ག་་དང།།དོན་རྣམས་བསྡུས་ནས་དབྱ་་བ་བསྟན།།ཐེག་པ་ངརན་གོ་དོན་བསྡུས་ཀྱང།།ཕྱང་དང་ཁྱད་པར་བསྟན་པ་ཡི།།རྒྱུད་ཚིག་ལེའུ་་བཞི་པའོ།།སྟོན་པ་ཉིད་ཀྱི་བསྟན་པའོ།།ས་མ་ཡུ།གཏེར་རྒྱསྦས་རྒྱཟབ་རྒྱ།་་་་་།་་་་་་་་་དེ་ནས་གཞོན་ནུ་སྟོབས་ལྡན་གྱིས། །སྟོན་པ་རྡོ་རྗེ་འཆང་ཆེན་ལ། །འདི་སྐད་ཅེས་ནི་ཞུ་བ་ཕུལ། །ཀྱེ་མ་སྟོན་པ་རྡོ་རྗེ་འཆང། །ཐེག་པའི་དབྱེ་བ་བསྟན་ན་ཡང། ཁུབ་མཐའ་མདོར་བསྡུས་བཤད་ན་ཡང། །སེམས་ཅན་རྣམས་ཀྱིས་མི་གོ་བས། །མ་གྲུབ་ཐོག་མའི་གོང་དག་ཏུ། །ཀུན་ཁྱབ་ཡེ་ཤེས་གནས་པ་ལ། །འཁྲུལ་མེད་འཁྲུལ་དང་གནས་པའི་ཚུལ། །ལམ་དང་འཆར་སྒོ་ཡུལ་གང་གསལ། །ཉམས་ལེན་གོང་འཕེལ་གྲོལ་བའི་རྟགས། །རྐྱེན་དང་བར་ཆད་སུ་དང་འཕྲད། །སྟོན་པ་ཉིད་ཀྱིས་ལེགས་པར་གསུངས། །དེ་སྐད་ཅེས་ནི་ཞུས་པའི་ལན། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཞོན་ནུ་དཔའ་བོ་ཆེ། །སྟོབས་དང་ལྡན་པ་ཚུར་ཉོན་ཅིག། །མ་གྲུབ་ཐོག་མའི་གོང་དག་ཏུ། །ཀུན་ཁྱབ་ཡེ་ཤེས་འདི་ལྟར་རོ། །ཐོག་མའི་ཀ་དག་གསལ་སྟོང་ཁྱབ། །ངོ་བོ་སྟོང་ལ་རང་བཞིན་གསལ། །ཐུགས་རྗེ་ཀུན་ཏུ་སྣང་ནུས་པས། །དེ་ཡང་ཡེ་ཤེས་ཆེན་པོ་ཉིད། །ཐོག་མའི་ཀ་དག་གསལ་སྟོང་ལ། །རང་བཞིན་ཉིད་ནི་འདི་ལྟ་བུ། །སུས་ཀྱང་མ་བྱས་རང་གསལ་ཉིད། །ཡེ་ཉིད་ནས་ནི་རང་བཞིན་ཁྱབ། །རང་བྱུང་ཡེ་ཤེས་རང་ལས་བྱུང། །མ་བཅད་པ་ཡི་ཡུལ་ཅན་ཡིན། །སྔར་འདས་ཕྱིས་འབྱུང་ད་ལྟ་མེད། །ལས་དང་བག་ཆགས་མ་རིག་མེད། །ཡིད་དང་འཁོར་བ་ཤེས་རབ་མེད། །མྱང་འདས་དག་ཀྱང་ཡོད་མ་མྱོང། །རིག་པ་ཉིད་ཀྱང་ཡོད་མ་ཡིན། །ཡེ་ཤེས་སུ་ཡང་སྣང་བ་མེད། །ཀྱེ་མ་རིག་སྟོང་ཉག་གཅིག་ཉོན། །རང་བྱུང་ཡེ་ཤེས་སྲོག་མེད་པས། །དགེ་སྡིག་གཉིས་ཀྱི་མཐའ་ལས་འདས། །རང་བྱུང་ཡེ་ཤེས་བྱེད་དང་བྲལ། །དབྱིངས་རིག་གཉིས་ལས་འདས་པའོ། །རང་བྱུང་ཡེ་ཤེས་མི་གཡོ་བས། །སྣང་བའི་རྟོག་པ་ཆོད་པའོ། །རང་བྱུང་ཡེ་ཤེས་འདུ་འབྲལ་མེད། །སྐུ་དང་ཡེ་ཤེས་མངོན་སྣང་ཉིད། །རང་བྱུང་ཡེ་ཤེས་སྣང་མཐའ་བྲལ། །ཡུལ་དང་ཡུལ་ཅན་ཀུན་ལས་འདས། །རང་བྱུང་ཡེ་ཤེས་རྩིས་མེད་པས། །གཟུང་འཛིན་གཉིས་ལས་འདས་པའོ། །རང་བྱུང་ཡེ་ཤེས་ཕྱི་ནང་མེད། །སྐྱོན་དང་ཡུལ་ཅན་ལན་ལས་འདས། །རང་བྱུང་ཡེ་ཤེས་འཁྲུལ་པ་མེད། །ཀ་དག་ཡིན་མིན་མཐའ་ལས་འདས། །རང་བྱུང་ཡེ་ཤེས་ཆོས་མེད་མཐའ་ལས་འདས། །རང་བྱུང་ཡེ་ཤེས་འགྱུ་བྱེད་ཤེས་རབ་མེད། །རང་བྱུང་ཡེ་ཤེས་ཆེན་པོའི་སྣང་བ་ལ། །སྟོང་པ་སྣང་བ་མ་སྤངས་རྫོགས། །ངོ་བོ་ཉིད་ཀྱི་སྣང་བ་ལ། །ངོ་བོ་ཉིད་ཀྱི་སྐུ་ཤར་ཏེ། །ཆོས་སྐུ་ཐིག་ལེ་ཉག་གཅིག་གོ །ངོ་བོ་ཉིད་ཀྱི་སྣང་བ་ནི། །ཡེ་ཤེས་ལྷུན་གྲུབ་ཆེན་པོར་བཞུགས། །དེ་ཡང་འདི་ལྟ་ཉིད་དུ་གནས། །རྒྱ་ཆད་མེད་པའི་ཡེ་ཤེས་དང། །ལྷུན་གྱིས་གྲུབ་པའི་ཡེ་ཤེས་དང། །སྤྲོས་དང་བྲལ་བའི་ཆོས་ཉིད་དང། །མཐའ་དང་བྲལ་བའི་རིག་པ་དང། །དག་པ་ཆེན་པོའི་སྣང་བ་དང། །ཕྱོགས་ལྷུང་མེད་པའི་ལྟ་བ་དང། །སྤང་ཐོབ་མེད་པའི་འབྲས་བུ་དང། །ཡངས་པ་གསལ་བ་མི་འགྱུར་བ། །ཟང་ཐལ་ཡེ་ཤེས་མ་འགགས་པ། །མི་འཁྲུལ་བ་ཡི་ཆོས་ཉིད་དོ། །ཕྱི་ཡི་རྒྱ་ཡང་མ་རལ་པ། །ནང་དུ་འོད་ལྔ་མ་འགགས་པ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །རང་བཞིན་གསལ་བ་ལྷུན་གྲུབ་སྐུ། །དགོངས་པ་ཡངས་པ་ཡེ་ཤེས་སྐུ། །ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་སྐུ། །བཞི་ལྡན་ཆོས་སྐུའི་ཚུལ་དུ་བཞུགས། །དེ་ལྟར་ཆོས་སྐུ་ཀ་དག་ནི། །ནམ་མཁའི་དཀྱིལ་ལྟར་འཕོ་འགྱུར་མེད། །རི་བོ་ལྟ་བུར་གཡོ་འགུལ་མེད། །རྒྱ་མཚོ་ལྟ་བུར་ཁ་གཏིང་མེད། །གསེར་དངུལ་ལྟ་བུར་འགྱུར་བ་མེད། །འདི་ཉིད་ཆོས་སྐུ་ཀ་དག་ཡིན། །དེ་ཡི་སྙིང་པོ་ཡེ་ཤེས་ནི། །ཡེ་ཤེས་ཟང་ཐལ་ཉིད་དུ་གནས། །ཡེ་ཤེས་ཟང་ཐལ་བཀྲག་མདངས་གསལ། །རང་བྱུང་ཡེ་ཤེས་འོད་སྐུར་ཤར། །དཔེར་ན་ཉི་མའི་སྙིང་པོ་འདྲ། །དེ་ཡང་ཆོས་སྐུ་ཡེ་ཤེས་ལ། །མདུན་རྒྱབ་མེད་པར་ཟང་ཐལ་ལེ། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཡེ་ཤེས་ལུས་ཏེ་ལུས་ཀྱི་མཆོག །ཡེ་ཤེས་ལུས་ལ་ཤ་ཁྲག་མེད། །རིན་ཆེན་འོད་འབར་སྐུ་རུ་བཞུགས། །ཡེ་ཤེས་སྤྱན་ལ་གསལ་འགྲིབ་མེད། །གསལ་དག་ཟང་ཐལ་ཆེན་པོར་ཁྱབ། །ཡེ་ཤེས་འོད་ལ་ཕྱི་ནང་མེད། །ཡེ་གསལ་ཟང་ཐལ་ཉིད་དུ་གནས། །ཡེ་ཤེས་ཐུགས་ལ་ཡངས་དག་མེད། །སྟོང་གསལ་གདང་ལྔ་ཉིད་དུ་བཞུགས། །དེ་ཡང་དངོས་པོར་མ་གྲུབ་པས། །རྟག་པ་ཐེར་ཟུག་ཅན་དུ་མིན། །རྒྱ་ཆད་དུ་ཡང་མ་ཡིན་ཏེ། །རང་བཞིན་འོད་གསལ་ཚུལ་དུ་བཞུགས། །སྟོང་གསལ་ཡིན་པས་གཉིས་མཐའ་ཟད། །རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །ངོ་བོ་ཉིད་ཀྱི་སྣང་བ་ནི། །རང་བཞིན་བཀྲག་མདངས་མེ་རེ་རེ། །གསལ་འཚེར་ལྷུན་སྡུག་ཅེ་རེ་རེ་། ནོར་བུ་འོད་འབར་ཚུལ་དུ་བཞུགས། །གསུང་ནི་རང་གསལ་དོན་གྱི་གསུང་། །གྲགས་སྟོང་ཆོས་ཀྱི་སྐུ་རུ་གནས། །ཐུགས་ནི་རྟོགས་མེད་ངང་ལ་གནས། །ང་དང་བདག་ཏུ་འཛིན་པ་མེད། །དབང་པོ་ལྔ་ལ་རག་མ་ལུས། །ཉོན་མོངས་པ་ཡི་ཡིད་མ་སྐྱེས། །བདེ་སྡུག་མྱོང་ཚོར་མེད་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་མེད། །རིག་པ་སྒོ་ལྔ་དག་ལ་ཡན། །རྣམ་པར་ཤེས་པ་ཚོགས་བརྒྱད་བྲལ། །ཉོན་མོངས་མ་སྐྱེས་ཆོས་ཉིད་ཀ་ནས་དག། །སྒྲིབ་མེད་ཡེ་ཤེས་གསུམ་དང་ལྡན། །ངོ་བོ་ཀ་དག་ཡེ་ཤེས་དང། །རང་བཞིན་ལྷུན་གྲུབ་ཡེ་ཤེས་དང། །ཐུགས་རྗེ་རང་སྣང་ཡེ་ཤེས་གསུམ། །འབྲལ་མེད་གཅིག་གི་ངོ་བོར་གནས། །ངོ་བོ་ཀ་དག་ཡེ་ཤེས་ནི། །མ་རིག་རྟོག་པ་ཀུན་དང་བྲལ། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི། །འཁྲུལ་བ་ཚིག་གི་ཐ་སྙད་བྲལ། །ཐུགས་རྗེ་རང་སྣང་ཡེ་ཤེས་ནི། །ཐམས་ཅད་དབྱིངས་རིག་གཅིག་ཏུ་སྣང། །ཡེ་ཤེས་རང་ལ་རང་གནས་ཕྱིར། །གསུམ་གྱི་ཚུལ་དུ་དབྱེར་མེད་དོ། །རྣམ་གྲངས་ཀུན་གྱི་མཐའ་ལས་འདས། །རྣམ་པ་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་ཆེན་པོ་གཅིག་ཏུ་བཞུགས། །ཡེ་ཤེས་དེ་ཡི་འཕྲིན་ལས་ནི། །སྐུ་ལྔ་དང་ནི་ཡེ་ཤེས་ལྔ། །འོད་ལྔ་དང་ནི་ཞིང་ལྔ་འཕྲིན་ལས་ལྔ། །རིགས་ལྔ་ཡུམ་ལྔ་ལ་སོགས་ཏེ། །ལྔ་མཚན་སུམ་ཅུ་སོ་ལྔ་ནི། །ཡེ་ཤེས་གཅིག་གི་ངོ་ལ་རྫོགས། །ཆོས་སྐུའི་ཀློང་ནས་ཐོག་མེད་ཤར། །ལོངས་སྐུའི་ངོས་ནས་མ་འགགས་ཤར། །སྤྲུལ་སྐུའི་ངོས་ནས་སྣ་ཚོགས་ཤར། །མི་མཛད་སྣ་ཚོགས་འཆར་བའི་སྒོ། །མཛད་པ་ལྟར་སྣང་ངོ་བོར་རྫོགས། །དེ་ཡང་གནས་ལུགས་འདི་ལྟ་སྟེ། །རིག་པའི་ངོ་བོ་སྐུ་ལྔར་བཞུགས། །སྐུ་ལྔའི་སྙིང་པོ་ཡེ་ཤེས་ལྔ། །ཡེ་ཤེས་བཀྲག་མདངས་འོད་ལྔར་ཤར། །བཞི་ཡི་མཚན་ཉིད་ཡེ་ཤེས་ལྔ། །སྐུ་ལྔ་དག་ནི་འདི་ལྟ་སྟེ། །ཐིག་ལེ་ཉག་གཅིག་སྐུ་དང་གཅིག། །འོད་ཟེར་མི་འགྱུར་སྐུ་དང་གཉིས། །རིག་པ་ཀུན་བཟང་སྐུ་དང་གསུམ། །རང་བཞིན་ལྷུན་གྲུབ་སྐུ་དང་བཞི། །གཞོན་ནུ་བུམ་པའི་སྐུ་དང་ལྔ། །སྙིང་པོ་ཡེ་ཤེས་རྣམ་ལྔ་ནི། །ཆོས་སྐུའི་ངོ་བོ་སྟོང་པས་ན། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཟེར། །སྟོང་པའི་རང་མདངས་གསལ་བས་ན། །མེ་ལོང་ལྟ་བུའི་ཡེ་ཤེས་ཟེར། །སྟོང་གསལ་གཉིས་སུ་མེད་པས་ན། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཟེར། །ཡོན་ཏན་ཐམས་ཅད་སོ་སོར་ཤར་བས་ན། །སོ་སོར་རྟོགས་པའི་ཡེ་ཤེས་ཟེར། །དེ་དག་ཐམས་ཅད་བཞི་ལ་གྲུབ་པས་ན། །བྱ་བ་གྲུབ་པའི་ཡེ་ཤེས་ཟེར། །དེ་ཡི་བཀྲག་མདངས་འོད་ལྔར་ཤར། །ཆོས་སྐུ་མི་འགྱུར་འོད་ཟེར་མཐིང། །རིག་པ་དྲི་མེད་འོད་ཟེར་དཀར། །རིག་པ་འོད་ལྡན་འོད་ཟེར་སེར། །རིག་པ་བདེ་གསལ་འོད་ཟེར་དམར། །རིག་པ་འགག་མེད་འོད་ཟེར་ལྗང། །འོད་ཟེར་དེ་དག་སྣང་ཚུལ་ནི། །ཕྲ་ལ་དྭངས་ཤིང་གསལ་ལ་འཚར། །རང་བཞིན་བཀྲག་མདངས་མ་ཉམས་པས། །སོས་ཀའི་སྨིག་སྒྱུ་ལྟ་བུ་མྲ །རྒྱ་མཚོར་གཟའ་སྐར་ཤར་པ་འདྲ། །བལྟས་པས་མི་ངོམ་མཚན་དཔེར་ལྡན། །ཡེ་ཤེས་འོད་དང་ཁ་དོག་ལྔ། །བཅོ་ལྔ་གཅིག་ཏུ་འདུས་པ་ལ། །ཀ་དག་བབས་ཀྱི་སངས་རྒྱས་ཟེར། །དེ་ཡི་གནས་ཚུལ་ཤེས་པ་ལ། །ཡེ་ཇི་བཞིན་པའི་སངས་རྒྱས་ཟེར། །དེ་ཡི་མཚན་ཉིད་ཤེས་པ་ལ། །རང་བཞིན་ལྷུན་གྲུབ་སངས་རྒྱས་ཟེར། །དེ་ཡིས་རྟོགས་ཚུལ་ཤེས་པ་ལ། །རྟོགས་པ་མངོན་གྱུར་སངས་རྒྱས་ཟེར། །ངོ་བོ་ཉིད་ཀྱི་སྣང་བ་ལ། །ངོ་བོ་ཉིད་ཀྱི་སྐུར་ཤར་བས། །ཡེ་ཇི་བཞིན་པའི་སངས་རྒྱས་ཟེར། །ཐམས་ཅད་གཤིས་ལ་གྲུབ་པས་ན། །སངས་རྒྱས་སྐུ་ལྔའི་སྙིང་པོ་ཅན། །རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །རང་གྲོལ་མཐའ་བཞིའི་དྲི་མ་སངས། །རྒྱུ་རྐྱེན་ཀུན་ལས་འདས་པའོ། །ལྷུན་གྲུབ་རེ་དོགས་ཀུན་ལས་གྲོལ། །ཀ་དག་ཡིན་ཕྱིར་ཀུན་ལས་གྲོལ། །ངར་འཛིན་མེད་པས་ཉོན་མོངས་གྲོལ། །གཟུང་འཛིན་མེད་པས་རྣམ་ཤེས་གྲོལ། །སྐྱེ་འགག་མེད་པས་སྒོ་ལྔ་གྲོལ། །བཅོས་བསླད་མེད་པས་རྟོག་པ་གྲོལ། །དྲི་མ་མེད་པས་འབྱུང་བཞི་གྲོལ། །འོད་གསལ་སྟོང་པས་སྐུ་ལྔར་ལྡན། །དེ་ནི་གཞི་ཡི་བཞུགས་ཚུལ་ཡིན། །ཆོས་སྐུ་ཡེ་ཤེས་ཆེན་པོ་ནི། །མཚན་ཉིད་རྣམ་པ་གསུམ་དང་ལྡན། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །ཆོས་ཀྱི་སྐུ་ཡི་མཚན་ཉིད་ཡིན། །མི་འཇིགས་གདངས་དང་གསལ་བ་དང། །བྱ་བ་ཐམས་ཅད་རྫོགས་པ་ནི། །ཆོས་ཀྱི་སྐུ་ཡི་ངེས་ཚིག་ཡིན། །འགྱུར་མེད་འགག་མེད་ཁྱབ་པ་གསུམ། །གསལ་དང་མདངས་དང་མ་འདྲེས་གསུམ། །ཆོས་ཀྱི་སྐུ་ཡི་ཡུམ་ཡིན་ནོ། །དཔག་མེད་དམིགས་མེད་འཛིན་པ་མེད། །ཆོས་ཀྱི་སྐུ་ཡི་གནས་ཡིན་ནོ། །འགག་མེད་ཞེན་མེད་ཆགས་པ་མེད། །ཆོས་ཀྱི་སྐུ་ཡི་སྤྱོད་པ་ཡིན། །ལྷན་ནེ་ལྷང་ངེ་ཡེངས་པ་མེད། །ཆོས་ཀྱི་སྐུ་ཡི་སྒོམ་པ་ཡིན། །ལྟར་མེད་བལྟས་ཟིན་ལྟ་བ་རྫོགས། །ཆོས་ཀྱི་སྐུ་ཡི་ལྟ་བ་ཡིན། །བྱས་མེད་བྱུང་མེད་བྱུང་ས་མེད། །ཆོས་ཀྱི་སྐུ་ཡི་འབྲས་བུ་ཡིན། །སྒྲུབ་མེད་སྒྲུབ་ཟིན་སྒྲུབ་དང་བྲལ། །ཆོས་ཀྱི་སྐུ་ཡི་འཕྲིན་ལས་ཡིན། །གཅིག་བྱུང་གཉིས་བྱུང་ཐམས་ཅད་བྱུང། །ཆོས་ཀྱི་སྐུ་ཡི་ཡོན་ཏན་ཡིན། །འགགས་མེད་གསལ་དང་ངོ་བོ་སྟོང། །ཆོས་ཀྱི་སྐུ་ཡི་སྣང་བ་ཡིན། །ཕྱི་མེད་ནང་མེད་དབྱིབས་སུ་མེད། །ཆོས་ཀྱི་སྐུ་ཡི་རངལུས་ཡིན། །འགྲོ་མེད་འོང་མེད་གནས་པ་མེད། །ཆོས་ཀྱི་སྐུ་ཡི་རང་རྟགས་ཡིན། །ཉི་ཟླ་པདྨ་རྒྱ་མཚོ་བཞི། །ཆོས་ཀྱི་སྐུ་ཡི་མཚན་དཔེ་ཡིན། །ཆོས་སྐུ་ཡེ་ཤེས་དེ་ལྟར་གནས། །ལོངས་སྐུའི་ཡེ་ཤེས་ལྔ་ལྡན་ནི། །དབྱེ་བ་བསམ་གྱིས་མི་ཁྱབ་ཀྱང་། ཁ་དོག་མེད་པར་སོ་སོར་གསལ། །མཚན་དང་དཔེ་བྱད་འོད་ཟེར་འདྲ། །ཡབ་ཡུམ་སྐུ་ཡི་ཆ་ལུགས་འཛིན། །ལོངས་སྤྱོད་རྫོགས་སྐུའི་མཚན་ཉིད་ཡིན། །སྐྱེ་མེད་འཆི་མེད་རྡོ་རྗེའི་སྐུ། །འོད་ལྔ་སྐུ་ལྔ་ཡེ་ཤེས་ལྔ། །ཡབ་ལྔ་ཡུམ་ལྔ་ཚོམ་བུ་ལྔ། །ཞིང་ཁམས་རྟོགས་པ་ལྔ་དང་ལྡན། །གཞི་ལྔ་ལམ་ལྔ་འབྲས་བུ་ལྔ། །གནས་ལྔ་ཡུལ་ལྔ་ངོ་བོ་ལྔ། །ལོངས་སྤྱོད་རྫོགས་སྐུའི་ངོ་བོ་ཡིན། །ཆོས་ཉིད་ངང་ལ་གནས་པས་ལོངས། །གསལ་ལ་མ་འདྲེས་ཁྱབ་པས་ལོངས། །ཡེ་ཤེས་ལྔ་དང་ལྡན་པས་ལོངས། །ཐབས་ཤེས་གཉིས་སུ་མེད་པས་ལོངས། །འཛིན་མེད་རང་སར་རོལ་པས་སྤྱོད། །སལ་ལེ་སིང་ངེ་སྙམ་པས་སྤྱོད། །གནས་ཤིང་སྤྲུལ་པ་འགྱེད་པས་སྤྱོད། །སྐུ་དོན་མཐར་ཕྱིན་རོལ་པས་སྤྱོད། །རང་བྱུང་རང་ལ་བྱུང་ཞིང་སྤྱོད། །བྱ་བྱེད་ཀུན་ལས་འདས་པས་རྫོགས། །དམིགས་མེད་དོན་ལ་གནས་པས་རྫོགས། །ཕྱོགས་ལྷུང་འགྲོ་འོང་མེད་པས་རྫོགས། །བྱས་པ་མེད་པས་རང་བྱུང་རྫོགས། །གསལ་སྟོང་ཡེ་ཤེས་རྫོགས་པས་པ། །རྒྱན་དང་ཆ་ལུགས་འཛིན་པས་པ། །འཛིན་མེད་རང་སར་དག་པས་སྐུ། །ཀུན་སྣང་ཐུགས་རྗེ་འཆར་བའི་སྐུ། །ལྷུན་གྲུབ་ལོངས་སྐུའི་བཞུགས་ཚུལ་ལོ། །ཐུགས་རྗེ་སྤྲུལ་སྐུའི་བཞུགས་ཚུལ་ནི། །བྱ་བ་རྫོགས་དང་བྱ་བ་བྱེད། །ཕྱི་ནང་བྱ་བ་རྫོགས་པས་ཏེ། །བྱ་བ་རྫོགས་པས་སྤྲུལ་པའི་སྐུའི། །གང་ལ་གང་འདུལ་ཚུལ་དུ་ནི། །དེ་ལ་དེར་སྟོན་མཐུན་པར་སྣང། །ཐུགས་རྗེ་ཉི་འོད་ཀུན་ལ་ཁྱབ། །འགྲོ་བ་ཡོངས་ལ་སྣང་ནུས་པས། །སྤྲུལ་པ་སྐུ་ཡི་བཞུགས་ཚུལ་ལོ། །ཡེ་ཤེས་རང་རྩལ་ཕྱོགས་བཅུར་ཁྱབ། །སྐུ་གསུམ་ངོ་བོ་གཅིག་གི་ངང། །ཡེ་ཤེས་གསུམ་གྱི་རང་བཞིན་ཅན། །གཞི་ཡི་གནས་ལུགས་དེ་ལྟར་རོ། །གཞི་ལ་མང་དུ་བཤད་ལགས་ན། །ངོ་བོ་ངེས་ཚིག་དབྱེ་བ་མཐུན་དཔེ་བཞི། །ངོ་བོ་ཐིག་ལེ་ཉག་གཅིག་ཡིན། །ངེས་ཚིག་གཞི་ལ་རྩལ་རྫོགས་པས། །ཀུན་གྱི་ཀུན་གཞི་ཞེས་ཀྱང་བྱ། །དབྱེ་བ་རྣམ་པ་གསུམ་ཡིན་ཏེ། །ཡེ་དོན་དང་པོའི་ཀུན་གཞི་དང། །སྣ་ཚོགས་སོགས་པའི་ཀུན་གཞི་དང། །སྦྱོར་བ་དོན་གྱི་ཀུན་གཞིའོ། །འདི་ནི་ཡེ་དོན་ཀུན་གཞི་སྟེ། །མཚན་ཉིད་བཞུགས་ཚུལ་དབྱེ་བ་དང། །སྐུ་གསུམ་ཡེ་ཤེས་གསུམ་ལྡན་དུ། །ཉག་གཅིག་རང་གནས་བཞུགས་ལུགས་སོ།་་་་་་་ །གཞི་གནས་ཆོས་སྐུ་ཀ་དག་ལ། །རིག་རྩལ་རྫོགས་ལུགས་བཤད་པར་བྱ། །རླུད་དང་རིག་པ་ནམ་མཁའ་གསུམ། །བྱ་བ་གྲུབ་པའི་ཡེ་ཤེས་བཞི། །དབྱེར་མེད་གཅིག་གི་ཚུལ་དུ་བཞུགས། །ཡེ་ཤེས་རླུང་ནི་གཡོ་འགུལ་མེད། །རིག་པ་དྲི་མེད་གཅེར་བུར་བཞུགས། །ནམ་མཁའ་སྟོང་ལ་བསྣན་ཕྲི་མེད། །བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཡེ་ཤེས་ལྔ་ཡི་དྭངས་མ་སྟེ། འོད་ནི་ལྗང་གུ་ཁྲ་ལྡེམས་ལྡེམས་། །རིག་པའི་ངོ་བོར་གནས་པའོ། །གཞི་ལ་གཡོ་འགུལ་མེད་པ་སྟེ། །བྱ་གྲུབ་ཡེ་ཤེས་ནང་ལ་གསལ། ཁྲེས་པ་བཅུད་དུ་དྲིལ་བ་སྟེ། །རླུད་དང་རིག་པའི་རྩལ་ལ་སྤྱོད། །རྫོགསལྡནཆེནཔོརབཞུགས་པའོ། །ད་ནི་གཞི་ཡི་མཐུན་དཔེ་བཤད།།སྟོངས་པ་ཡངས་པ་ཁྱབ་པ་སྟེ།།ནམ་མཁའ་ལྟ་བུར་གནས་པ་འ།།དྲི་མེད་གསལ་དག་ཟང་ཐལ་ལེ།།མན་ཤེལ་དྲི་མེད་ལྟ་བུར་གནས།།མ་གྲུབ་ཐོག་མའི་གོང་དག་ཏུ།།ཀུན་ཁྱབ་ཡ་་ཤེས་གནས་ཚུལ་དང།།ཐོགས་མངའ་སྤྱང་གཞང་འདུག་ཚུལ་སྟེ།།རྒྱུད་ཚིག་ལེའུ་བ་ཅ་ལྔ་པའོ།།ས་མ་ཡུ།གཏེར་རྒྱ།སྦས་རྒྱ།ཟབ་རྒྱ།།་་་་དོ་དེ་ནས་གགོ་ནུ་སྟོབས་ལྡན་གྱངས།།རྡོ་རྗེ་འཡོ་ལ་འདི་སྐད་གསོལ།།ཐོག་མངའ་སྤྱང་གཞི་བསྟན་པ་དང།།ཀུན་ཁྱབ་ཡ་་ཤེས་གནས་ལུགས་བཤད།།ལེགས་པར་རྒྱས་པར་གསུང་ནའང།།འཁྲུལ་མེད་འཁྲུལ་ཚུལ་གསུང་དུ་གསོལ།།དེ་སྐད་ཅེས་ནི་བཤད་པངའ་ལན།།རྡོ་རྗེ་འཆང་གངས་བཀའ་སྩལ་པ།།ཉོན་ཅངག་གགོ་ནུ་སྟོབས་དང་ལྡན།།གོང་ལྟར་གཞང་ལ་འཁྲུལ་མེད་ཀྱང།།་་ར་འདས་གཉིས་སུ་འཁྲུལ་པ་ཡང།།གཞི་ཡང་ཀློང་ནང་་གྱུས་ལུགས་བསྟན།།གཞང་ཡང་ཡ་་ཤེས་རང་མོ་དང།།གཞང་ཡང་ངརག་པ་གཅེར་བུ་དང།།གཞང་ཡང་ནམ་མཁའ་གསལ་སྟོང་དང།།གཞང་ཡང་བྱ་གྲུབ་ཡ་་ཤེས་བཞང།།དབྱ་ར་མེད་གཅངག་གི་རང་བཛི་ཏེ།།རྒྱ་ཞོ་བས་པ་ལྷ་བུར་གནས།།འདི་ལ་གཡོ་འགུལ་འདི་ལྟར་ཝང།།ཡེ་ཤེས་མོ་གིས་རིག་པ་བཏེག།།རིག་པའི་་སྒོ་ནི་ནམ་མཁས་ཕྱེས།།བྱ་གྲུབ་རིག་རྩལ་མ་འགགས་ཏེ།།གཡོའམ་མི་གཡོ་བག་ཙམ་གཡོ།།་གྱུ་འམ་མི་་གྱུ་བག་ཙམ་འགྱུ།།གཞི་ལ་གཡོ་འགུལ་མེད་མོད་ཀྱང། །རིག་པའི་རྩལ་ལས་གཡོ་འགུལ་བྱུང། །འགྱུ་བ་དེ་ལ་ཡིད་ཅེས་ཟེར། །དེ་ཡང་ཡེ་ཤེས་རིག་རྩལ་ཡིན། །རིག་རྩལ་ཅི་ཙམ་འགྱུས་པ་དེ། །གསེར་ས་འོག་ཡོད་པ་ཡི་རླངས་པ་འམ། །བྱེའུ་ཆུང་གི་ཁ་རླངས་ཙམ། །བྱ་ཕོད་རྐྱེན་མེད་འགུལ་བའམ། །རྟ་རྔ་བརྒྱ་གཤགས་ཆ་ཙམ་གཅིག །རིག་པ་ཉིད་ཀྱང་ཡིད་དུ་འགྱུས། །རིག་པ་དེ་ལ་མཐོང་སྣང་ནི། །ཕྲ་རག་རྟོག་པ་མང་པོ་ཤར། །འོད་ཁྱིམ་ཁ་དོག་ལྔ་ལྡན་ནི། །ནམ་མཁའ་སྟོང་པའི་ཀློང་དུ་ཤར། །རིག་པ་འགག་སྟེ་ཡིད་དུ་འགྱུས། །འོད་ཁྱིམ་དེ་ལ་རྟག་དཔྱད་བཏང། །རྟོག་པ་ཕྲ་མོ་མང་པོ་སྐྱེས། །འོད་ཁྱིམ་ཕ་གི་ང་ཡིན་ནམ། །ཕ་གི་ང་ལས་བྱུང་ངམ་ཅི། །ང་ཉིད་ཕ་གི་ཡིན་ནམ་ཅི། །གཉིས་འཛིན་རྟོག་པ་མང་པོ་ཤར། །ཡེ་ཤེས་ཉིད་ལས་མ་རིག་འཁྲུལ། །རང་སྣང་རང་གིས་མི་རིག་པས། །ལྷན་ཅིག་སྐྱེས་པའི་མ་རིག་པ། །གང་དུ་སྐྱེས་ནས་ཆོས་སྐུའི་ཀློང་དུ་སྐྱེས། །སུ་ཡི་སུ་ཉིད་མ་རིག་ན། །དཔེར་ན་མེ་ལོང་དཀྱིལ་འཁོར་ལ། །བདག་པོ་རང་གིས་བལྟས་པའི་ཚེ། །རང་གཟུགས་ཡིན་པར་མ་རིག་སྟེ། །འོད་བྱད་ཡུལ་སྣང་སོ་སོར་བཟུང། །འོད་བྱེད་ཡུལ་སྣང་རྟོག་དཔྱོད་རྣམས། །དུས་གཅིག་སྔ་ཕྱི་མེད་པ་སྟེ། །ལྷན་ཅིག་སྐྱེས་པའི་མ་རིག་དཔེ། །དེ་བཞིན་ནམ་མཁའ་སྟོང་པ་ལ། །རིག་དང་མ་རིག་འོད་སྣང་དང། །རིག་པ་ཡེ་ཤེས་རྩལ་ཉིད་རྣམས། །སྔ་ཕྱི་མེད་པར་ལྷན་ཅིག་སྐྱེས། །ལྷན་ཅིག་སྐྱེས་པའི་མ་རིག་པ། །ཡུལ་དང་ཡུལ་ཅན་གཉིས་སུ་འཁྲུལ། །ཡེ་ཤེས་གསལ་བའི་ཡུལ་དྲུག་ལ། །གཉིས་འཛིན་སེམས་དེ་བྱུང་བའོ། །དུང་ལ་སེར་པོ་མཐོང་བ་དང། །གསེར་ལ་ནག་པོར་མཐོང་བ་རྣམས། །གཉིས་སྣང་རྟོག་པའི་ཆ་ལས་འཁྲུལ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །དངོས་སུ་ཡོད་ཀྱང་མ་རིག་པས། །རྒྱུ་རྐྱེན་འབྲས་བུ་གསུམ་དུ་བྱུང། །ཡུལ་སྣང་ཆོས་ཉིད་མ་རིག་འཁྲུལ། །མདོར་ན་ཞབྲུལ་པ་རྩད་གཅོད་ལ། །རྒྱུ་ཡི་རྐྱེན་དང་དམིགས་པའི་རྐྱེན། །བདག་པོའི་རྐྱེན་དང་མཚུངས་པའི་རྐྱེན། །རྐྱེན་བཞི་འདུས་པའི་ཞབྲུལ་བ་ནི། །རྒྱུ་ཡི་རྐྱེན་ནི་ཆོས་ཉིད་དང། །དམིགས་པའི་རྐྱེན་ནི་འོད་སྣང་ཉིད། །བདག་པོའི་རྐྱེན་ནི་རིག་པ་ཉིད། །དེ་གསུམ་དུས་མཚུངས་མཚུངས་པའི་རྐྱེན། །འཁྲུལ་པ་དེ་མ་ཐག་ཅེས་ཟེར། །འཁྲུལ་པའི་དུས་ནི་འདི་ལྟར་རོ། །རིག་དང་མ་རིག་གཉིས་འཛིན་གཉིས། །ཆོས་ཉིད་ཡུལ་ལ་ཤར་དུས་ཞབྲུལ། །ཡེ་ཤེས་ཁ་དོག་འབྱུང་བ་ལྔ། །གདོད་ནས་ཡེ་ཤེས་རྩལ་ཉིད་དུ། །འབྲལ་བ་མེད་དེ་མ་རིག་འཁྲུལ། །འོད་ཁྱིམ་ཁ་དོག་རྣམ་ལྔ་ལ། །རྟོག་དཔྱོད་བྱས་པས་འབྱུང་ལྔར་འཁྲུལ། །གཞི་དག་པ་མེ་ལོང་ཡེ་ཤེས་ལ། །རྟོག་དཔྱོད་བྱས་པས་ཆུ་རུ་འཁྲུལ། །གཞི་དག་པ་མཉམ་ཉིད་ཡེ་ཤེས་ལ། །རྟོག་དཔྱོད་བྱས་པས་ས་རྡོར་འཁྲུལ། །གཞི་དག་པ་སོར་རྟོག་ཡེ་ཤེས་ལ། །རྟོག་དཔྱོད་བྱས་པ་ས་མེ་རུ་འཁྲུལ། །གཞི་དག་པ་བྱ་གྲུབ་ཡེ་ཤེས་ལ། །རྟོག་དབྱོད་བཏང་བས་རླུད་དུ་འཁྲུལ། །གཞི་དག་པ་ཆོས་དབྱིངས་ཡེ་ཤེས་ལ། །རྟོག་དཔྱོད་བཏང་བས་ནམ་མཁར་འཁྲུལ། །ཡེ་ཤེས་ལྔ་ཡོ་གཞི་ཡིན་ཏེ། །རྟོག་སྤྱོད་བྱས་པས་ཡུལ་ལྔརབཟུང། །མིང་མེད་མིང་དུ་བོས་པ་ལྟར། །འབྱུང་ལྔ་མེད་བཞིན་རིམ་གྱིས་ཆགས། །ཕྱི་ཡི་འབྱུང་ལྔ་དག་ལ་ནི། །ནང་གི་སེམས་ཀྱི་ང་དང་བདག །གཉིས་སུ་བཟུང་བས་འོད་ལྔ་ནི། །གསལ་བར་མ་ནུས་འབྱུང་བཞིས་སྒྲིབ། །མ་རིག་པ་དེ་སེམས་ཡིན་ཏེ། །དེ་ལས་བྱུང་བ་འབྱུང་བའོ། །སེམས་ལ་དྲན་བསམ་བྱུང་བས་ན། །ངོ་བོ་ཉིད་ཀྱི་རྟོག་པས་བཏུམ། །ད་ནི་བཅུད་ཀྱི་འཁྲུལ་ལུགས་ནི། །འཁྲུལ་གཞི་ཡེ་ཤེས་རྣམ་ལྔས་བྱས། །འཁྲུལ་རྒྱུ་མ་རིག་གཉིས་ཀྱིས་བྱས། །འཁྲུལ་རྐྱེན་སྐད་ཅིག་ལྔ་ཡིས་བྱས། །འཁྲུལ་པའི་འབྲས་བུ་ཡིད་ཀྱིས་བྱས། །ཡེ་ཤེས་མ་རིག་ཡུལ་ལ་བཟུང། །དེར་འཛིན་རླུད་སེམས་འདུས་པ་ལས། །འབྱུང་བ་ལྔ་ཡི་སྦུབས་སུ་ཆུད། །རླུད་སེམས་ཡིད་དུ་འགྱུས་པ་ལས། ཁུགས་ལྡན་སྣ་ཚོགས་རྒྱ་གྲམ་རླུད། །དེ་ལས་ཡེ་ཤེས་དྲོད་རླན་འབྱུང། །རྒྱ་མཚོ་ཆེན་པོ་དེ་ཉིད་ལས། །ཆན་ལ་ཕབ་རྩི་བཏབ་པ་ལྟར། །ས་ཡི་རྣམ་པ་སྙོམས་པར་ཆགས། །དེ་ལ་དུད་རླངས་ལག་ངར་ཙམ། །དེ་ཡི་དྭངས་མ་འོད་སྐོར་ནི། །སྦ་ཕུ་བ་ཙམ་པ་གསུམ་དུ་བྱུང། །འོད་གཅིག་སྣང་ལརངབཞིནམེད། །དེལསྐྱེམཆེད་མུ་བཞི་ཆགས། །འོད་གཉིས་མཐོ་རས་གནས་བཅུ་ཆགས། །དེ་ནས་ཡིད་ཀྱིས་རྟོག་དཔྱོད་བཏང། །ཡིད་ཀྱི་སྦྱན་གྱི་གཟིགས་པས་ན། །སྲིད་པ་འོད་ཀྱི་སྒོ་ངར་མཐོང། །དེ་ཉིད་མཛས་པར་མཐོང་ནས་སུ། །ཡིད་ཀྱིས་སྦྱོར་བ་བྱས་པ་ལས མཛེས་པའི་ཆགས་སེམས་སྒོ་ངར་འཐུམ། །ཉི་མ་རབ་སྣང་དྲོད་བྱས་ཏེ། །ནོར་བུ་དྲི་མེད་རླན་བྱས་སོ། །ཕྱི་ལྟར་ཤེད་བུ་ཤེད་ལ་རོག །ནང་ལྟར་འདོད་ཆགས་བྱ་སྒོང་དང། །ཞེ་སྡང་སྦྲུལ་གྱི་སྒོ་ང་ཟེར། །གསང་བ་ལྟར་ན་ཐབས་ཤེས་གཉིས། །དེ་དུས་ཟ་བའི་ཟས་མེད་པས། །འདོད་པའི་ཡོན་ཏན་ལྔ་ལ་སྤྱོད། །ས་ལ་བརྟེན་ནས་གཟུགས་རྣམས་བྱུང། །ཆུ་ལ་བརྟེན་ནས་སྒྲ་རྣམས་བྱུང། །མེ་ལ་བརྟེན་ནས་དྲི་རྣམས་བྱུང། །རླུང་ལ་བརྟེན་ནས་རོ་རྣམས་བྱུང། །ནམ་མཁར་བརྟེན་ནས་རེག་རྣམས་བྱུང། །དེ་ནས་རིག་པའི་ཁ་ལོ་དེ། ཁ་ལོ་ལ་ཕྱིར་བལྟས་པ་ཡིས། །འདོད་ཡོན་ལྔ་ལ་ཡུལ་ལྔར་སོང། ཁོགོས་པ་ནང་དུ་ལོག་པ་ཡིས། །དུག་ལྔ་དག་ལ་བརྟེན་པ་ལས། །ནང་གི་འཛིན་པའི་སེམས་སུ་སོང། །ཉོན་མོངས་ལྔ་དང་དུག་ལྔར་ཤར། །ས་ལ་བརྟེན་ནས་གཏི་མུག་བྱུང། །ཆུ་ལ་བརྟེན་ནས་འདོད་ཆགས་བྱུང། །མེ་ལ་བརྟེན་ནས་ཞེ་སྡང་བྱུང། །རླུད་ལ་བརྟེན་ནས་ཕྲག་དོག་བྱུང། །མཁའ་ལ་བརྟེན་ནས་ང་རྒྱལ་བྱུང། །དེ་ནས་དུག་ལྔའི་རྩལ་ལ་ནི། །འགྲོ་བ་རིགས་དྲུག་དཔག་མེད་སྨིན། །ཞེ་སྡང་ཆ་ལས་བསད་བཅད་བྱས། །འབྲས་བུ་ཚ་གྲང་དམྱལ་བ་མྱོང། །འདོད་ཆགས་ཆ་ལས་སེར་སྣ་ཕྲག་དོག་བྱས། །འབྲས་བུ་ཡི་དག་བཀྲེས་སྐོམ་བྱུང། །གཏི་མུག་ཆ་ལས་ལེ་ལོ་བླུན་རྨོངས་བྱས། །འབྲས་བུ་བྱོལ་སོང་གླེན་ལྐུགས་བྱུང། །ང་རྒྱལ་ཆ་ལས་ང་བདག་འཛིན་པ་བྱས། །འབྲས་བུ་བྲེལ་འཕོངས་ལྷ་མི་བྱུང། །ཕྲག་དོག་ཆ་ལས་ཁོང་ཁྲོ་ང་རྒྱལ་བྱས། །འབྲས་བུ་ལྷ་མ་ཡིན་དུ་སྨིན། །འགྲོ་བ་རིགས་དྲུག་དེ་དག་ལ། །སྣང་སྲིད་ལྷ་འདྲེ་ཐམས་ཅད་བྱུང། །ལྷ་མེད་པ་ལ་ལྷ་རུ་མཆོད། །འདྲེ་མེད་པ་ལ་འདྲེ་རུ་བཀར། །མིང་མེད་རྣམས་ལ་མིང་དུ་བཏགས། །རྣམ་རྟོག་འདྲེ་རུ་བཟུང་བས་བྱུང། །དམྱལ་བ་རྣམས་ལ་གཤིན་རྗེ་བྱུང། །ཡི་དྭགས་རྣམས་ལ་མོ་འདྲེ་བྱུང། །ཕོ་འདྲེ་ཐམས་ཅད་ཞོར་ལས་བྱུང། །བྱོལ་སོང་རྣམས་ལ་ཀླུ་གཉན་བྱུང། །མི་ལ་གནོད་སྤྱིན་ཐམས་ཅད་བྱུང། །ལྷ་ལ་ཕྱ་དང་དབང་ཕྱུག་གཟའ་སྐར་བྱུང། །ལྷ་མ་སྲིན་ལ་གཟའ་སྲིན་བྱུང། །འགྲོ་བ་རིགས་དྲུག་དེ་དག་ལ། །ཚེ་ཚད་ལུས་ཚད་ལོངས་སྤྱོད་དང། །བདེ་སྡུག་སྐྱེ་བ་རྣམ་བཞི་དང། །ནད་རིགས་བཞི་བརྒྱ་རྩ་བཞི་དང། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་བྱུང། །རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། །ཕྱི་སྣོད་ནང་བཅུད་ཞབྲུལ་ལུགས་ཀྱི། ཁུ།ད་ཚིག་ལེའུ་བཅུ་དྲུག་པའོ། །ཡང་ཅིག་གཞོན་ནུ་སྟོབས་ལྡན་གྱིས། །སྟོན་པ་ཉིད་ལ་འདི་སྐད་ཞུས། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང། །འཁྲུལ་མེད་འཁྲུལ་ཚུལ་གསུངས་ནའང། །འབྱུང་བ་དྭངས་སྙིགས་དབྱེ་བ་དང། །གནས་ཚུལ་ཡེ་ཤེས་གསུང་དུ་གསོལ། །ཞུས་པའི་ལན་དུ་བཀའ་སྩལ་པ། །ཉོན་ཅིག་གཞོན་ནུ་སྟོབས་དང་ལྡན། །འབྱུང་བ་དྭངས་སྙིགས་དབྱེ་བ་དང། །ཕྱི་དང་ནང་དང་གསང་པ་གསུམ། །དྭངས་སྙིགས་འདི་ལྟར་ཕྱེ་བར་བྱ། །ཕྱི་ས་རྡོ་རི་བྲག་སྙིགས་མ་ཡིན། །དེ་ཡི་དྭངས་མ་ཉི་མ་རྩེ་ཤིང་ནགས་ཚལ་དང། །འབྲས་བུ་རྩི་ཐོག་དྭངས་མ་ཡིན། །འབྱུང་བ་ཆུ་འདི་སྙིགས་མ་ཡིན། །དེ་ཡི་དྭངས་མ་ཆུ་ཟླ་ཡིན། །འབྱུང་བ་མེ་འདི་སྙིགས་མ་ཡིན། །དེ་ཡི་དྭངས་མ་ཉི་མ་ཡིན། །འབྱུང་བ་རླུད་འདི་སྙིགས་མ་ཡིན། །དེ་ཡི་དྭངས་མ་རང་སྒྲ་ཡིན། །ནམ་མཁའ་སྟོང་པ་སྙིགས་མ་ཡིན། །དྭངས་མ་འཇའ་དང་གཟའ་སྐར་ཡིན། །ད་ནང་གི་འབྱུང་བ་དྭངས་སྙིགས་དབྱེ། ཁྲ་རུས་སྐྲུ་ལྤགས་སྙིགས་མ་ཡིན། །དེ་ཡི་དངས་མ་ཀ་ཏི་ཙ། ་གོལ་དཀར་སྐུད་པ་སྙིང་ལ་གནས། །ཁྲག་དང་ཆུ་སེར་སྙིགས་མ་ཡིན། །དེ་ཡི་དྭངས་མ་ཁྲག་ཐིག་ནི། །མཐེ་བོང་ཙམ་ཅིག་སྙིང་ནང་གནས། །ལུས་པོའི་དྲོད་འདི་སྙིགས་མ་ཡིན། །དེ་ཡི་དྭངས་མ་རང་དྲོད་ནི། །ཉི་འོད་ཙམ་ཅིག་སྙིང་དུ་གནས། །འབྱུང་འཇུག་དབུགས་འདི་སྙིགས་མ་ཡིན། །དྭངས་མ་རྟ་རྔ་ཙམ་ཅིག་སྙིང་དུ་གནས། །བྱང་ཁོག་རྩ་སྦུགས་སྟོང་པ་འདི། །སྙིགས་མའི་ཚུལ་དུ་འདོད་པའོ། །དྭངས་མ་ཐིག་ལེ་ཁྲ་ཡི་མིག། །སྟོང་གསལ་སྙིང་གི་དཀྱིལ་དུ་གནས། །གསང་བའི་དྭངས་སྙིགས་དབྱེ་བ་ནི། །ནང་ཡེ་ཤེས་རྣམ་ལྔ་དྭངས་མ་ཡིན། །ཕྱི་རུ་ཤར་༄། །བའ་འད་སྣང་ལྔ། །སྙིགས་མ་མང་དུ་བ་ས་པ་ཡན། །དན་ལ་སྐུ་ལྔ་ཡ་ཤེས་ལྔ། །འད་ལྔ་ཁ་དག་ལྔ་དང་ལྡན། །དབྱེར་མེད་སྙིང་གི་དཀྱངལ་དུ་གནས། ཁུད་གོ་ངདྲ་མེད་ཟླ་ཤེལ་ལས། །ཝང་ལྔ་དྭངས་སྙིགས་དབྱ་བ་དང། །གནས་ཚུལ་ཟུར་ཙམ་་ད་པ་སྟེ། །རྒྱུད་ཚིག་ལེའུ་་་བདུན་པའ། །ས་མ་ཡུ། ་་་་ །ཡང་ཅངག་གཝ་ནུ་སྟབས་ལྡན་གྱས། །སྟན་པ་ཉད་ལ་འད་སྐད་ཞུས། ། ་མ་སྟན་པ་བཅམ་ལྡན་འདས། །ལུང་ལྔ་དྭངས་སྙིགས་དབྱ་བ་དང། །གནས་ཚུལ་ཟུར་ཙམ་་ད་ན་ཡང། ། མས་ཅན་རྣམས་ཀྱས་མ་ག་བས། །གནས་ཚུལ་བས་ཚུལ་རྒྱས་པར་ཞུ། །དེ་སྐད་ཅེས་ངན་ཞུས་པ་དང། །སྟན་པ་ཉད་ཀྱས་ལན་གསུངས་པ། །ཉན་ཅིག་གཞན་ནུ་སྟབས་དང་ལྡན། །ལྷུན་གྲུབ་ཡ་ཤེས་ངརག་པ་དང། །རང་བྱུང་ལུས་ཀྱ་གནས་ལུགས་ན། ། གས་པར་་ད་ཀྱས་ཡད་ལ་ཟུང། །བརྟེན་བཞི་ལུས་ཀྱང་ཆ་ལུགས་ན། །རང་དབང་ཅན་དུ་་ར་བ་དང། །རང་དབང་མེད་པར་་ར་ལུགས་ས། །རང་དབང་ཅན་གྱ་་ར་ལུགས་ན། །འད་ ར་མཐང་ཁ་ཕྱ་ལ་ཐན། །ལྗང་ཁུ་ནང་དུ་ལག་པས་ཏ། །ཡ་ཤེས་ཁང་གསལ་ཆེན་པར་གནས། ། ་ན་ཆས་སྐུ་ལྷུན་གྲུབ་ཡན། །དྲན་བཝང ་སྐྱེ་བ་ལེན་པས་ཏ། །ལངས་སྤྱད་རྫགས་པའ་་ར་ལུགས་ས། །དྲན་བཞན་འགྲ་དན་བྱེད་པས་ན། །སྤྲུལ་པའ་སྐུ་ཡ་་ར་ལུགས་ས། །མེ་ཏག་ལ་སོགས་རྫུས་ཏེ་སྐྱེས། །དག་པའི་མངལ་དུ་དྲན་བཞིན་འཇུག །དེ་རྣམས་རང་དབང་ཅན་ཡིན་ནོ། །རང་དབང་མེད་པའི་འཁོར་ལུགས་ནི། །དགེ་བ་ཅན་ནི་ཡར་ལ་འཁོར། །སྡིག་པ་ཅན་ནི་མར་ལ་འཁོར། །དེ་ཡང་སྡིག་ཅན་འཁོར་ལུགས་ནི། །རླུང་དང་རྣམ་ཤེས་སྣང་བ་འདི། །ལས་ཀྱི་དབང་གིས་གཟུགས་སྣང་ཤར། །དབང་པོ་ཀུན་ལྡན་ཕྱོགས་མེད་དུ། །ཟས་དང་སྐོམ་དང་སྐྱབས་གནས་ཚོལ། །སྟོང་གསུམ་ཐམས་ཅད་སེ་གོལ་གཅིག་ལ་འཁོར། །སྡུག་བསྔལ་ཚོར་བ་མང་པོ་མྱོང། །དེ་ལ་སྐྱེ་བ་རྣམ་བཞི་སྟེ། །མངལ་སྐྱེས་སྒོང་སྐྱེས་དྲོད་གཤེར་སྐྱེས། །རྫུས་ཏེ་སྐྱེས་དང་རྣམ་པ་བཞི། །མ་ཡི་མངལ་དུ་འདི་ལྟ་སྟེ། །བར་དོའི་རྣམ་ཤེས་འ་་པ་དང། །ཕ་མའི་འདོད་སྲེད་རྟེན་འབྲེལ་འཛོམ། །བསོད་ནམས་མཐུན་ཅིང་ལས་འབྲེལ་ལྡན། །རྒྱུ་རྐྱེན་ཕུན་ཚོགས་མངལ་དུ་འཇུག །འཇུག་སྒོ་དག་དང་མ་དག་གཉིས། །ལྔ་འདུས་མཚན་མ་སྦྱོར་བ་ལ། །ཉོན་མོངས་ལྔ་དང་ཡིད་དྲུག་དང། །ཡེ་ཤེས་ལྔ་ཡི་བདག་ཉིད་དོ། །ཡེ་ཤེས་རང་ངོ་མ་ཤེས་ཏེ། །དེར་འཛིན་དྲི་མས་འབྱུང་བ་འདུས། །དེ་ནས་ལུས་གྲུབ་རྒ་ཤིའི་བར། །འཁོར་བར་འཁྱམ་ཞིང་འབྱུང་བ་འདུས། །ཆོས་ཉིད་བར་དོ་ངོ་མ་ཤེས། །དེར་འཛིན་དུག་ལྔ་དུག་གསུམ་རྒྱས། །ཡུལ་དྲུག་དག་གིས་འཛིན་པ་ཡིས། །ཕོ་མོ་སྦྱོར་བ་བྱེད་པ་ལ། །དེར་འཛིན་སྐྱེས་པས་ཡེ་ཤེས་རྩལ། །རིག་པ་ཡིད་དུ་འགྱུ་བ་དེ། །ཕ་མ་བདེ་བ་གཉིས་མཉམ་དུས། །དེར་འཛིན་འདྲེས་པས་མངལ་རྒྱར་འཐུམ། །དེ་ཡང་འཐུམ་ལུགས་འདི་ལྟ་སྟེ། །ཕ་ཡི་ཐིག་ལེ་ཟླ་བའི་ཚུལ། །མ་ཡི་ཁུ་ཁྲག་ཉི་མའི་ཚུལ། །ཉི་ཟླ་གའུ་ཁ་སྦྱར་བར། །བར་དོའི་རྣམ་པར་ཤེས་པ་འདི། །ཡི་གེ་ཨ་ཡི་ཚུལ་དུ་ཚུད། །ཆུ་ལ་ཆུ་བཞག་ཚུལ་དུ་ཐིམ། །དྲན་པའི་བྱུང་ཚོར་ཐམས་ཅད་འགགས། །བདེ་བ་ཆེན་པོའི་ངང་ལ་གནས། །སེམས་ཡིད་ཐོགས་པ་ཅན་དུ་སོང། །མི་ལུས་ལེན་པ་རླུད་སེམས་དང། །ཕ་མའི་ས་བོན་བཞི་པོ་འདྲེས། །རྒྱུ་རྐྱེན་དེ་བཞི་འཛོམ་པ་རྣམས། །འབྱུང་བ་བཞི་ཡི་ལས་སུ་སོང། །དེ་ཡང་བྱེད་ལས་འདི་ལྟ་སྟེ། །ཞག་ནི་བདུན་ཕྲག་དང་པོ་ལ། །སྲུབ་བྱེད་རླུང་གི་རབ་སྲུབ་ནས། །ཉི་ཟླ་གའུ་དེ་དག་ནི། །མེར་མེར་ཞོ་རླན་ལྟ་བུ་སྟེ། །ཡུངས་འབྲུ་བརྒྱ་ཡི་ཆ་ཙམ་ཆགས། །འབྱུང་བ་ཆུ་ཡི་བྱེད་ལས་སོ། །ཞག་ནི་བདུན་ཕྲག་གཉིས་པ་ལ། །ནུར་ནུར་ཞོ་དང་ཁྲག་འདྲེས་ཚུལ། །འབྱུང་བ་བཞི་ཡི་ཡི་གེ་དང། །རང་བཞིན་ཡི་གེ་བཞི་བཅུ་ནི། །རྟ་རྔ་བཅུ་ཡི་ཆ་ཙམ་ཆགས། །ཐིག་ལེ་ཡུངས་འབྲུའི་ཆ་ཙམ་ཆགས། །འབྱུང་བ་ས་ཡི་བྱེད་ལས་སོ། །ཞག་ནི་བདུན་ཕྲག་གསུམ་པ་ལ། །འབྱུང་བ་མེ་ཡི་བསྐྱེད་པས་ཏེ། །གོར་གོར་པོ་ནི་ཞོ་ལྟར་ཆགས། །རང་བཞིན་ཡི་གེ་རྩ་ཡི་ཚུལ། །རྣམ་པ་བརྒྱད་དུ་སྣང་བར་འགྱུར། །ཐིག་ལེ་ཡུངས་འབྲུའི་བཅུ་ཆ་ཙམ། །གོར་གོར་པོ་རུ་ཆགས་པའོ། །ཞག་ནི་བདུན་ཕྲག་བཞི་པ་ལ། །འབྱུང་བ་རླུད་གི་རབ་ཏུ་གཏོར། །ལྟར་ལྟར་དངུལ་ཆུ་ལྟ་བུ་སྟེ། །ཡུངས་འབྲུ་ཕྱེད་ཀྱི་ཚད་དུ་བྱས། །དེ་དུས་རྩ་རྣམས་རགས་པར་བསྐྱེད། །ཞག་ནི་བདུན་ཕྲག་ལྔ་པ་ལ། །མཁྲང་གྱུར་ཆུ་ཡི་རབ་བསྡུས་ཏེ། །བརྟེན་པར་ཡུངས་འབྲུ་ཙམ་ཅིག་བྱས། །དེ་དུས་རྩ་འདབ་བཅུ་དྲུག་ཆགས། །རྩ་ཡི་རྩེ་མོར་ཐིག་ལེ་ནི། །ཉ་ཡི་མིག་ཙམ་གཅིག་ཏུ་ཆགས། །དེ་ལ་བརྟེན་ནས་སྙིང་ཁ་སྲ །དེ་ནས་ལྟེ་བ་སྤྲུལ་པ་ཡི། །འཁོར་ལོ་ཡིས་ནི་གཞི་མ་ཆགས། །ཞག་ནི་བདུན་ཕྲག་བདུན་པ་ལ། །མེ་རླུད་གཉིས་ཀྱི་སྨིན་པར་བྱས། །ཡུངས་འབྲུ་གཉིས་ཀྱི་ཆ་ཙམ་ཅིག། །ཁྱབ་འཇུག་ཉ་ཡི་ཚུལ་དུ་ཆགས། །དེ་དུས་རྩ་དཀར་རྩེ་མོ་ལ། །ཐིག་ལེ་ཉ་མིག་ཙམ་ཅིག་ཆགས། །དེ་ལ་བརྟེན་ནས་སྙིང་ཁ་མྲ །ཆོས་ཀྱི་འཁོར་ལོའི་གཞི་མ་ཆགས། །ཞག་ནི་བདུན་ཕྲག་བདུན་པ་ལ།། འབྱུང་བ་ཆར་གྱིས་བསྡུས་པ་ཡིས། །ཡུངས་འབྲུ་གསུམ་གྱི་ཆ་ཙམ་བསྐྱེད། །མེར་མེར་རུས་སྦལ་ལྟ་བུ་སྟེ། །ཆུ་ཡིས་བཤིག་ཅིང་ས་ཡིས་མནན། །མེ་ཡིས་སྡུད་ཅིང་རླུད་གིས་གཏོར། །ཡང་ཅིག་འབྱུང་བཞི་འདུས་པ་ཡི། །ཉི་ཤུ་རྩ་བཞི་ཡི་གེ་དང། །ལྟེ་བ་དག་ནས་བསྐྱེད་པ་ཡི། །རོ་མ་རྐྱང་མ་ཀུན་དར་མ། །རྟ་རྔ་ཙམ་དུ་ཡར་ཆད་ནས། །སྙིང་ཁར་འཁྲིས་ནས་མགྲིན་པ་མྲ །ལོངས་སྤྱོད་འཁོར་ལོའི་ཚུལ་དུ་ཆགས། །དེ་ནས་རྩ་གསུམ་རྩེ་མོ་ལ། །ཐིག་ལེ་ཉ་མིག་ཙམ་པ་ལ། །བརྟེན་ནས་སྤྱི་བོ་བདེ་ཆེན་ཆགས། །དེ་ལ་བརྟེན་ནས་མིག་གཉིས་ཆགས། །འབྱུང་བ་བཞི་ཡི་དྭངས་མ་བཞི་པོ་ནི། །སྙིང་གི་དཀྱིལ་དུ་འགྱུར་མེད་བཞུགས། །ཞག་ནི་བདུན་ཕྲག་བརྒྱད་པ་ལ། །ཆུ་ཡི་རབ་ཏུ་བསྡུས་པ་ལས། །སྲན་མ་བཅུ་ཆ་ཙམ་དུ་བྱས། །དེ་དུས་སྙིང་གི་དྭངས་མ་ལྔ། །རྩ་ཆེན་ལྔ་པོ་ཕྱིར་ཤར་ཏེ། །ནང་གི་དོན་སྙིང་རྣམ་ལྔ་ཆགས། །ཐིག་ལེའི་དངས་མ་སྙིང་ཡང་ཆགས། །སྙིང་རྩ་ཡར་སོང་རྩེ་ཆགས་སོ། །དེ་ལས་གྱེས་ནས་མགོ་བོ་ཆགས། །རྩ་ཆེན་བཞི་ནི་སྙིང་དུ་འདུས། །མཆེར་པའི་རྩ་ལ་མཆུ་ཆགས་སོ། །དེ་ལ་བསྟེན་ནས་ལུས་ཆགས་སོ། །དེ་ནས་ལག་པ་གཡས་པ་ཆགས། །དེ་ནས་མཁལ་མ་གཡས་གཡོན་ཆགས། །མཁལ་རྩ་ཡར་སོང་སྙན་གཉིས་ཆགས། །དེ་ནས་རྐང་པ་གཡས་པ་ཆགས། །དེ་ནས་མཆིན་རྩ་མཆིན་པ་ཆགས། །མཆིན་རྩ་ཡར་སོང་སྤྱན་གཉིས་ཆགས། །དེ་ནས་ལག་པ་གཡོན་པ་ཆགས། །རླུད་གི་དྭངས་མ་གློ་བ་ཆགས། །གློ་རྩ་ཡར་སོང་སྣ་གཉིས་ཆགས། །དེ་ནས་རྐང་པ་གཡོན་པ་ཆགས། །དེ་ནས་སྨད་ཀྱི་ནང་རོལ་ཆགས། །ལུས་ཀྱང་སྦལ་པ་ལྟ་བུའོ། །ཞག་ནི་ལྔ་བཅུ་ང་དྲུག་སྟེ། །བདུན་ཚན་བརྒྱད་དུ་ལུས་རྣམས་བསྐྱེད། །འཁོར་ལོ་བཞི་ཡི་རྩ་འདབ་དང། །རང་བཞིན་ཡི་གེ་སྤྱན་དང་བཅས། །ལུས་ཀྱི་ཤ་རུས་ཐམས་ཅད་ནི། །ཆ་རྣམས་ཚང་བར་ཆགས་པའོ། །ཞག་ནི་བདུན་ཕྲག་དགུ་པ་ལ། །འཁོར་ལོ་བཞི་དང་རྩ་ཆེན་བརྒྱད། །རྣམ་ཤེས་རྨི་ལམ་ལྟ་བུ་ཆགས། །འབྱུང་བ་ས་ཡི་སྲ་བར་བྱས། །ཞག་ནི་བདུན་ཕྲག་བཅུ་པ་ལ། །ལུས་ལ་སྲིན་བུའི་གྲོང་ཁྱེར་དང། །ཕྱི་རོལ་ཤ་ལྤགས་བར་རྣམས་ཀུན། །རྩ་ཡི་དྲུ་བ་དྲུ་ཕྱེད་ཀྱི། །ཐམས་ཅད་འབྲེལ་བའི་རྣམ་པ་ཆགས། །གོང་གི་དེ་དག་ཐམས་ཅད་ཀུན། །རིམས་ཀྱིས་བསྐྱེད་ཅིང་རིམ་ཀྱིས་ཆགས། །གལ་ཏེ་ཕ་མ་སྐྱོན་ཅན་ནམ། །དབང་པོ་མ་ཚང་ལུས་སྐྱོན་ཞུགས། །དེ་ལ་ཆགས་ལུགས་ཞབྲུལ་པའོ། །འཁོར་ལོ་བཞི་ལ་སྤྱན་གཉིས་གཉིས། །ཐབས་ཤེས་ཚུལ་དུ་སྤྱན་བརྒྱད་ཆགས། །ཞག་ནི་བདུན་ཕྲག་བཅུ་གཅིག་ལ། །མ་ལ་རྨི་ལོ་འདི་ལྡངས་ཏེ། །མགོན་སྒྱུག་བྲོ་དང་འགའ་འགག །རྩ་རྣམས་དྭ་བ་ལྟ་བུར་ཆགས། །གཟུགས་ཀྱང་སྦལ་པ་ལྟ་བུ་སྟེ། །མཐོ་གང་དག་ཏུ་རག་པར་ཆགས། །འབྱུང་བ་ཆེན་པོ་འདུས་པ་ཡི། །རླུད་གིས་ཕྱིས་ཤིང་ཆུ་ཡིས་བསྡུས་། །ས་ཡིས་བཟུང་ཞིང་མེ་ཡིས་སྨིན། །རྩ་གསུམ་འཁོར་ལོ་བཞི་ལ་སོགས། །ལུས་ཀྱི་རྟེན་འབྲེལ་ཚང་མར་ཆགས། །ཞག་ནི་བདུན་ཚན་བཅུ་གཉིས་ལ། །ལྟེ་བ་སྤྲུལ་བའི་འཁོར་ལོ་ཡི། །རྩ་མདུད་ཐམས་ཅད་རྫོགས་པར་ཆགས། །ཞག་ནི་བདུན་ཕྲག་བཅུ་གསུམ་ལ། །ཕ་ཡི་ས་བོན་རུས་པ་ཆགས། །ཞག་ནི་བདུན་ཕྲག་བཅུ་བཞི་ལ། །མ་ཡི་ས་བོན་ཤ་རྣམས་བསྐྱེད། །ཞག་ནི་བདུན་ཕྲག་བཅོ་ལྔ་ལ། ཁྲ་རུས་དྭངས་མ་རྐང་མར་ཆགས། །ཞག་ནི་བདུན་ཕྲག་བཅུ་དྲུག་ལ། །ལྤགས་པ་ཀྲིས་མ་ཐམས་ཅད་ཆགས། །ཞག་ནི་བདུན་ཕྲག་བཅོ་བརྒྱད་ལ། །ལུས་ཀྱི་ཡན་ལག་གསལ་བར་དོད། །ཞག་ནི་བདུན་ཚན་བཅུ་དགུ་ལ། །ཉ་སུམ་ཐམས་ཅད་སྦྲུལ་ལྟར་འཁྱིལ། །ཞག་ནི་བདུན་ཕྲག་ཉི་ཤུ་ལ། །རྩ་རྣམས་དྭ་བའི་ཚུལ་དུ་གཡོགས། །ཞག་ནི་བདུན་ཚན་ཉེར་གཅིག་ལ། །མེ་ཁམས་སྙིང་ནི་བྲ་བོ་ཙམ། །ཞག་ནི་བདུན་ཚན་ཉེར་གཉིས་ལ། །ལྕགས་ཁམས་གློ་བ་གངས་རི་ཆགས། །ཞག་ནི་བདུན་ཕྲག་ཉེར་གསུམ་ལ། །ཤིང་ཁམས་མཆིན་པ་ནགས་ལྟར་ཆགས། །ཞག་ནི་བདུན་ཕྲག་ཉེར་བཞི་ལ། །མཆེར་པ་ས་ཁམས་སྤང་ལྟར་ཆགས། །ཞག་ནི་བདུན་ཕྲག་ཉེར་ལྔ་ལ། །ཀུ་ཡ་དར་གྱི་ཡོལ་ལྟར་ཆགས། །ཞག་ནི་བདུན་ཕྲག་ཉེར་དྲུག་ལ། །ཀླད་པ་ཞོ་ཕོར་ལྟ་བུར་ཆགས། །ཞག་ནི་བདུན་ཕྲག་ཉེར་བདུན་ལ། །རྒྱུ་མ་འདོམ་པ་གསུམ་དུ་ཆགས། །ཞག་ནི་བདུན་ཕྲག་ཉེར་བརྒྱད་ལ། །རྒྱུ་མའི་ཁུག་པ་ཚིལ་བུ་དང། ་རྒོན་ཏུ་རགས་པར་ཆགས་པའོ། །ཞག་ནི་བདུན་ཕྲག་ཉེར་དགུ་ལ། །ཕོ་བ་རང་གི་སྙིམ་གང་ཆགས། །ཞག་ནི་བདུན་ཕྲག་སུམ་ཅུ་ལ། །གྲོད་པ་རང་གི་བྱིན་པ་ཙམ། །ཞག་ནི་བདུན་ཕྲག་སོ་གཅིག་ལ། །ལོང་ཀ་རང་གི་ལག་ངར་ཙམ། །ཞག་ནི་བདུན་ཕྲག་སོ་གཉིས་ལ། །ལྕེ་བ་སྤྲུལ་པའི་རྩ་ཁ་དབྱེ། །མ་ཡི་ཟས་སྐོམ་བུ་ལ་ཕན། །ཟས་ཀྱི་དྭངས་མ་ཕོ་བར་སོང། །ལྟེ་བ་སྤྲུལ་བའི་འཁོར་ལོ་ནས། །སྲུབ་བྱེད་རླུད་གིས་དངས་སྙིགས་ཕྱེས། །དྭངས་མ་མེ་ཡི་ཁམས་ལ་ནི། །མཁྲིས་པ་རང་གི་ཁྱོར་གང་ཆགས། །སྙིགས་མ་བད་ཀན་ཆུ་ཡི་ཁམས། །ཁྱོར་བ་གང་ནི་ཕོ་བར་ཆགས། །ཞག་ནི་བདུན་ཕྲག་སོ་གསུམ་ལ། །རླུད་མཁྲིས་བད་ཀན་གསུམ་གྱིས་ནི། ཁམས་ཀྱི་ནུས་པ་སྐྱེད་པར་བྱེད། །བརྟེན་པ་ས་ཡི་ཁམས་ཀྱིས་ནི། །ལུས་ཟུང་ཐམས་ཅད་གསོ་བར་བྱེད། །རླན་པ་ཆུ་ཡིས་ལུས་ཟུང་བསྡུས། །གཡོ་བ་རླུད་གིས་ལུས་ཟུང་སྡོམ། །དྲོ་བ་མེ་ཡི་ལུས་རྣམས་སྨིན། །ཞག་ནི་བདུན་ཕྲག་སོ་བཞི་ལ། ཁམས་ཀྱི་དྭངས་མ་འཆར་བ་སྟེ། །སྙིང་ནི་མེ་ཁམས་ཡིན་པས་ན། །རོ་ཡི་མྱོང་བ་ཚོར་བར་བྱེད། །གློ་བ་ལྕགས་ཀྱི་ཁམས་ཡིན་པས། །དྭངས་མ་རྣ་བ་གཉིས་ཀྱི་ནི། །སྒྲ་ཡི་དོན་ཀུན་ཚོར་བར་བྱེད། །མཆིན་པ་ཤིང་གི་ཁམས་ཡིན་པས། །དྭངས་མ་མིག་གཉིས་གཟུགས་སྣང་ཤར། །མཆེར་པ་ས་ཡི་ཁམས་ཡིན་པས། །དྭངས་མ་ས་ཡི་དྲི་རྣམས་ཚོར། །མཁལ་མ་ཆུ་ཡི་ཁམས་ཡིན་པས། །དྭངས་མ་རྡོ་རྗེ་པདྨ་ཡི། །བདེ་བ་ཐམས་ཅད་མྱོང་བར་བྱེད། །ཞག་ནི་བདུན་ཕྲག་སོ་ལྔ་ལ། །རྩ་ཡི་ལམ་རྣམས་དོད་པར་བྱེད། །ཞག་ནི་བདུན་ཕྲག་སོ་དྲུག་ལ། །རླུང་དང་རྣམ་ཤེས་འཕྲད་པར་བྱེད། །ཞག་ནི་བདུན་ཕྲག་སོ་བདུན་ལ། །བདེ་སྡུག་མྱོང་ཚོར་དྲག་པོ་སྐྱེས། །ཞག་ནི་བདུན་ཕྲག་སོ་བརྒྱད་ལ། །ལུས་ཀྱི་སྟོབས་རྣམས་སྐྱེད་པར་བྱེད། །ཞག་ནི་བདུན་ཕྲག་སོ་དགུ་ལ། །རྣམ་ཤེས་བྱུང་ཚོར་ཕྱི་ལ་འབྲངས། །ཞག་ནི་བདུན་ཕྲག་བཞི་བཅུ་ལ། །སྐྱེ་བ་སྔ་ཕྱི་ཐམས་ཅད་དྲན། །དེ་ལྟར་བདུན་ཕྲག་བཞི་བཅུ་ལ། །ཟླ་བ་དགུ་དང་ཞག་པོ་བརྒྱད། །སྒྱིར་ན་ཟླ་དགུ་ངོ་བཅུ་ལ། །མངལ་འདི་བཙོག་པའི་འདུ་ཤེས་ཤར། །ཕུལ་བྱེད་རླུད་གིས་མར་ལ་བདས། །མགོ་མཇུག་ལོག་ནས་ཕྱི་ལ་ཐོན། །དེ་ལྟར་མངལ་གྱི་རྒྱ་དང་བྲལ། །སྔར་གྱི་བག་ཆགས་སྲབ་ཏུ་སོང། །ཕྱིས་ཀྱི་ཉེར་ལེན་ངོ་མ་འཕྲད། ཁྲེས་པ་སྔར་བས་མི་གསལ་ཅིང། །རྩ་རླུད་ཀུན་གྱི་སྟོབས་མ་སྐྱེས། །ཁམས་ཀྱི་དྭངས་མ་མ་བྱེད་པས། །ནད་གདོན་མི་མཐུན་ཕྱོགས་རྣམས་སྡང། །དེ་ནས་ཁམས་ཀྱི་ཟས་ཟོས་པས། །དྭངས་མས་ཁམས་ཀྱི་ནུས་པ་བསྐྱེད། །སྙིགས་མས་ལུས་ཀྱི་སྟོབས་བསྐྱེད་ནས། །རིམ་ཀྱིས་ལུས་རྣམས་བསྐྱེད་པར་འགྱུར། །དེ་ལྟར་རྫོགས་ལྡན་མི་ལུས་ལ། །རུས་དུམ་སུམ་བརྒྱ་དྲུག་ཅུ་ཡོད། །ཤ་ནི་སྤར་ཚད་ལྔ་བརྒྱ་ཡོད། །ཁྲག་ནི་རང་གི་སྙིམ་པ་དྲུག །རྩ་ནི་ནི་ཁྲི་ཆིག་སྟོང་ཡོད། །ཉ་སུལ་ཆེན་པོ་དྲུག་ཡོད་དོ། །ཀླད་པ་རང་གི་སྙིམ་པ་གང་། །རྒྱུ་མ་རང་འདོམ་གསུམ་ཡོད་དོ། །དབུ་སྐྲ་བརྒྱད་ཁྲི་བཞི་སྟོང་ཡོད། །བ་སྐྲུ་བྱེ་བ་གཅིག་ཡོད་དོ། །སོ་ནི་སུམ་ཅུ་རྩ་གཉིས་ཡོད། །སྒལ་ཚིགས་ཉི་ཤུ་རྩ་བརྒྱད་ཡོད། །རྩིབས་མ་བཅུ་དྲུག་ལ་སོགས་ཏེ། །འདོམ་གང་གྲུ་བཞིའི་ལུས་ལ་རྫོགས། །རང་ལུས་རྒྱལ་བའི་དཀྱིལ་འཁོར་འདི། ཁུབས་ནས་ཐོན་ཏེ་སྤྲུལ་པའི་སྐུ། །འབྱུང་བ་ལྔ་ལས་ལུས་གྲུབ་སྟེ། །ཐབས་ཤེས་སྐུ་ནི་འདུ་འབྲལ་མེད། །བདུན་ཚན་རྣམས་ནི་རྟགས་ཚད་དེ། །ཟླ་བ་དགུ་ནི་ཐེག་པ་དགུ། །ཟླ་ངོ་བཅུ་ནི་ས་རྣམས་རླུད་གིས་བསྐྱེད། །ཤེལ་སྐྲུགས་ཅན་ནི་མེ་ཡིས་བསྐྱེད། །རོ་མ་ལྟེ་བའི་གཡོན་དུ་ནི། །བྱང་སེམས་འབབ་པའི་རྟེན་བྱེད་དོ། །རྐྱང་མ་སྙིང་རྩེ་གཡོན་པ་ནས། །མགྲིན་པའི་རྩེ་ནས་སྣ་གཉིས་ནུས་པ་ཕྱེས། །རྩེ་ཆུང་གཉིས་ནས་ཐོད་པ་མྲ །དར་སྐུད་བ་མེན་རྭ་འདྲའི་ཆ། །རྩ་ནི་མིག་གི་འབྲས་ལ་ཟུག། །ཡེ་ཤེས་སྣང་བ་འཆར་བའི་ལམ། །ཀུན་དར་མ་ནི་དབུས་སུ་གནས། །རྩེ་མོ་གསུམ་དུ་ཡར་སོང་ནས། །གཡས་གཡོན་རྣ་བ་གཉིས་ལ་ཟུག །དབུས་ནི་ཚངས་པའི་གནས་སུ་ཟུག །རྩ་ཡི་མདུད་པ་དེ་དག་ཏུ། །རང་བཞིན་ཡི་གེ་འོད་དང་བཅས། །རླུད་ལྔ་ཡེ་ཤེས་རྣམ་ལྔ་དང། །ཐིག་ལེ་འོད་འབར་ཚུལ་དུ་གནས། །དེ་ནི་རྩ་ཡི་སྤྱི་བཤད་ཡིན། །ད་ནི་སོ་སོའི་རྩ་གནས་བཤད། །དང་པོ་སྐྱེད་བྱེད་ལྟེ་འཁོར་གྱིས། །སྲིད་པ་ཆགས་པའི་གཞི་མ་བྱས། །དགོངས་པའི་དོན་ནི་རྣལ་དུ་ཕེབས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ཡིས། །སྣང་སྟོང་གཉིས་ལ་ལོངས་སྤྱོད་དོ། །སྤྱི་བོར་བདེ་ཆེན་འཁོར་ལོ་ཡིས། །བདེ་བ་ཆེན་པོའི་རྣལ་དུ་འཇོག །དེ་ཡང་མི་འགྱུར་འདི་ལྟ་སྟེ། །ལུས་མི་འགྱུར་རྩ་ཡི་ཐེམས་སུ་བཞུགས། །ངག་མི་འགྱུར་ཡི་གེའི་ཐེམས་སུ་བཞུགས། །རྩ་ཡིག་རྣམས་ནི་ལུས་ངག་ཡིད། །དེ་རྣམས་ལྟེ་བ་དག་ནས་བསྐྱེད། །ད་ནི་སྐྱེད་བྱེད་རྩ་གནས་བཤད། །དེ་ལ་རྩ་དང་ཡི་གེའོ། །རྩ་འདབ་བརྒྱད་ཅུ་རྩ་བཞི་དང། །རངབཞིནཡིགེདེདངམཐུན། །ཡི་གེ་འོད་ཀྱི་གོང་བུར་གནས། །འོད་ཀྱི་ནང་དུ་རང་བཞིན་སྐུ། །ཀུན་ཏུ་བཟང་པོ་སོ་གཉིས་དང། །ཀུན་ཏུ་བཟང་མོ་སོ་གཉིས་ནི། །ཐབས་དང་ཤེས་རབ་གཉིས་སུ་མེད། །དེ་ལས་ཐམས་ཅད་སྐྱེད་པར་བྱེད། །སྐྱེད་བྱེད་བྱ་བ་དེ་ལ་ཟེར། །སྒྲོན་མའི་སྤྱན་དང་འབྱུང་བཞིའི་སྤྱན། །ས་དང་ས་ཡི་མཚན་མར་གནས། །ཁྱད་པར་ལུས་སྲོག་སྨིན་པའི་རྩ། །གྲངས་ཅན་ཉི་ཤུ་རྩ་བརྒྱད་ཡོད། །ཐིག་ལེའི་སྤྱན་རྩ་བཅུ་དྲུག་ཡོད། །སྒྲོན་མའི་རྩ་ནི་བཅུ་གཉིས་ཡོད། །དེ་ལ་ཡི་གེ་རེ་རེ་གནས། །ཨ་རཨ་ཧ་ཨུ་ཉ་ར༷་ན༷་ན་ཛ་དེ་ས་ཁ་ར༷་ཡ༷་ཕོ་མོའི་རྩ་བཅུ་དྲུག་ཡོད། །༔ཡུ་ཧ་གི་ཊ་ཕམ་ཀྟ་ཧི་ཛ་ཕ་སུ་ཛ་ཧུ༷། །སྒྲོན་མ་མེ་ཡི་ཐིག་རྩ་བཅུ་གཉིས་ནི། །ཡི་གེ་འོད་ཀྱི་གོང་བུར་གནས། །ལྟེ་བར་འབྱུང་བའི་ས་བོན་ཏེ། །ཡི་གེ་སུ་སེར་ཚུལ་དུ་གནས། །དབུ་མ་རོ་མ་རྐྱང་མ་གསུམ། །རྩ་གསུམ་ཀ་བའི་ཚུལ་དུ་གནས། །དེ་ནས་ལྟེ་བ་སྤྲུལ་པའི་རྩ། །འདབ་མ་དྲུག་ཅུ་རྩ་བཞི་ནི། །ལྗོན་ཤིང་ཡལག་གྱེས་འདྲར་གནས། །དེ་ནི་སྐྱེད་བྱེད་དེ་ཡི་གནས་ལུགས་སོ། །ས་ཡ་ཨུརྒྱ་ཧུ༷ ད་ནི་དྲན་བྱེད་འཁོར་ལོ་བཤད། །ལྟེ་བ་དག་ནས་སོ་བརྒྱད་པར། །སྙིང་ཁའི་རྩ་རྣམས་ཡལ་གའི་ཚུལ། །རྩ་འདབ་སུམ་ཅུ་རྩ་གཉིས་ནི། །རངབཞིནཡིགེདགདང་བཅས། །འོད་དང་ཐིག་ལེའི་ཚུལ་དུ་གནས། །འཁོར་ལོ་དེ་ཡི་ལྟེ་བ་སྲ །ཆུ་ཡི་ཡི་གེ་ཁམས་དཀར་གནས། །ཡབ་ཡུམ་ཡི་གེ་ནི་དང་ཧྲི། །འོད་ཀྱི་གོང་བུའི་ཚུལ་དུ་གནས། །རྩ་ཡིག་རྣམས་ནི་འདི་ལྟར་རོ། །ཁ་ཙ་ཏ་ཏ་ཕ་ཡ་ས་ཏ༷༷ ཀ་བྷ་བྷ་རྙོ་ཏེ་དྷ་ར་ཙ༷༷ ། ལྷག་མ་རྣམས་ལ་ཨ་གནས་སོ། །དེ་ནི་ཀུན་བཟང་ཡབ་ཡུམ་ཡིན། །ས་མ་ཡ་ཨུ་རྒྱ་ལོ།། །།ད་ནི་རོ་འདུས་ལོངས་སྤྱོད་ཀྱི། །རྩ་དང་ཡི་གེའི་གནས་ལུགས་བཤད། །རྩ་འདབ་གྲངས་ནི་བཅུ་དྲུག་ལ། །རང་བཞིན་ཡི་གེ་རེ་རེ་གནས། །དབུས་སུ་མེ་ཡིག་ར༷་དང་ནི། །ཡབ་ཡུམ་ཡི་གེ་རེ་དང་རྩ། །འོད་ཀྱི་གོང་བུའི་ཚུལ་དུ་གནས། །རྩ་ཡིག་རྣམས་ནི་འདི་ལྟར་རོ། །ར་ཏྭ་ལི་སྙི་ཨེ་ཨ་ཨུ་ཨུ་ཨ་ཨུ་ཨེ་ཨུ་ཨ་ཨུ། །ད་ནི་རྩེ་མོ་རྣམ་བཀོད་ཀྱི། །རྩ་དང་ཡི་གེའི་གནས་ལུགས་བཤད། །རྩ་འདབ་སུམ་བརྒྱ་དྲུག་ཅུ་ཡོད། །དེ་ཡང་བསྡུ་ན་སུམ་ཅུ་གཉིས། །རང་བཞིན་ཡི་གེ་རེ་རེ་གནས། །དབུས་སུ་ཡི་གེ་ཡ༷་ལྗང་དང། །ཡབ་ཡུམ་ཡི་གེ་ཧ་དང་ར། །འོད་ཀྱི་གོང་བུའི་ཚུལ་དུ་གནས། །རྩ་ཡིག་རྣམས་ནི་འདི་ལྟར་རོ། །ཕ་ཕུ་ཕི་ཕྲི། །མི་སྙི་བ་བཱ་བི་བྲི་ཉ་ཉྭ་ཉི་ཉི་ཁ་ཁུ་ག་ཀྟ་ཙ་ཚ་ཚྭ་ད་དྷ་ཐ་ཐུ་ས་སྭ་ན་མུ་ཨ་ཨ། །རྩ་འདབ་རྣམས་ནི་གདུགས་རྩིབས་ལྟར། །རྩ་ཡི་གཙོ་བོ་གསུམ་ལས་གྱེས། །དེ་ལྟར་ལུས་ཀྱི་འཁོར་ལོ་བཞིར། །རྩ་དང་ཡི་གེའི་གནས་ལུགས་རྫོགས། །རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། །ལུས་ལ་བརྟེན་ནས་རྩ་འཁོར་བཞི། །གནས་ཚུལ་བསྟན་པའི་རྒྱུད་ཚིག་ལེའུ་བཅུ་དགུ་པའོ། ་་་་་་ང་ །ས་མ་ལྭ༷༷ ཡང་ཅིག་གཤོན་ནུ་སྟོབས་ལྡན་གྱིས། །སྟོན་པ་ཉིད་ལ་འདི་སྐད་ཞུས། །ཀྱེ་མ་སྟོན་པ་རྡོ་རྗེ་འཆང། །རྩ་ཡི་གནས་ལུགས་གསུངས་ན་ཡང། །ཡེ་ཤེས་རླུད་གི་གནས་ས་གསུམ། །ལེགས་པར་ཡང་དག་ཉིད་དུ་གསུངས། །ཞུས་པའི་ལན་དུ་འདི་སྐད་དོ། །ཡེ་ཤེས་རླུད་གིས་ཀུན་ལ་ཁྱབ། །རླུད་ལ་རྣམ་གྲངས་མང་ན་ཡང། །ལས་ཀྱི་རླུད་དང་ཡེ་ཤེས་རླུད། །ཡེ་ཤེས་རླུད་ནི་སེམས་དང་འདྲེས། །སེམས་ནི་ལས་ཀྱི་རླུད་དང་འདྲེས། །རླུད་སེམས་གཉིས་སུ་མེད་པ་སྟེ། །དེ་ཕྱིར་རླུད་གིས་ལས་ཀུན་བྱེད། །རླུད་ནི་རྩ་གསུམ་ནང་དུ་རྒྱུ། །ས་རླུད་ལྔ་སྟོང་བཞི་བརྒྱ་དང། །མེ་ཆུ་གཉིས་ཀྱང་དེ་ཙམ་ཅིག །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགྱུ། །གྱེན་རྒྱུ་ཐུར་སེལ་ལས་རྣམས་བྱེད། །སྣང་སྲིད་ཐམས་ཅད་རླུད་ལ་བརྟེན། །ཐམས་ཅད་རླུང་གི་བྱེད་ལས་སོ། །ས་ལ་རླུང་གིས་མ་ཁྱབ་ན། །འདེགས་པའི་རྩལ་ཤུགས་ག་ལ་ཡོང། །ཆུ་ལ་རླུང་གིས་མ་ཁྱབ་ན། །འབབ་པའི་རྩལ་ཤུགས་ག་ལ་ཡོང། །མེ་ལ་རླུང་གིས་མ་ཁྱབ་ན། །འབར་བའི་རྩལ་ཤུགས་ག་ལ་ཡོང། །རླུད་ལ་རླུད་གིས་མ་ཁྱབ་ན། །འགྲོ་བའི་རྩལ་ཤུགས་ག་ལ་ཡོང། །ནམ་མཁར་རླུང་གིས་མ་ཁྱབ་ན། །བཀྲག་དང་ཡོན་ཏན་ག་ལ་འཆར། །སྤྱིར་ན་འདི་ལྟར་ཤེས་པར་བྱ། །རྩ་དང་རླུད་དང་སེམས་དང་གསུམ། །ཐ་དད་བཤད་ཀྱང་གཅིག་ཏུ་འདུས། །ཡེ་ཤེས་མེད་ན་སེམས་མི་འབྱུང། །སེམས་འདི་མེད་ན་རླུང་མི་འབྱུང། །སེམས་གཅིག་བྱུང་ན་ཡེ་ཤེས་གྲུབ། །ཡེ་ཤེས་རྩལ་ལས་མ་འགག་འཆར། །རྩ་རླུད་ཐིག་ལེ་ཡེ་ཤེས་མེད་ན་སེམས། །ཐམས་ཅད་དབྱེར་མེད་གཅིག་ཏུ་འདུས། །དེ་ལཏར་མ་ཤེས་སོ་སོར་བཟུང། །མིང་མེད་མིང་དུ་སོང་བ་ལྟར། །ཡེ་ཤེས་ལྔ་དང་འབྱུང་བ་ལྔ། །དུག་ལྔ་ཉོན་མོངས་ལ་སོགས་པ། །གཅིག་ལ་མང་པོར་བཟུང་བས་འཁྲུལ། །ཡང་དག་དོན་ལ་ཉེ་བ་མེད། །སྤྱིར་ན་ཐམས་ཅད་ཡེ་ཤེས་རླུད་གི་རྩལ། །དབྱེར་མེད་གཅིག་ཏུ་ཤེས་པ་ནི། །རང་སེམས་ཉིད་ལས་རང་གྲོལ་ཏེ། །ཟག་བཅས་ཉིད་ཀྱང་མི་སྣང་བར། །ཡེ་ཤེས་ཀློང་དུ་སངས་རྒྱས་སོ། །ཡེ་ཤེས་རྩལ་གྱི་ལུས་ཉིད་ལ། །རླུང་ནི་སྤྱི་དང་བྱེ་བྲག་གཉིས། །མང་དུ་བཤད་ཀྱང་ལྔ་རུ་འདུས། །འདེགས་བྱེད་རླུང་ཞེས་བྱ་བ་ནི། །འོད་དམར་ཚུལ་དུ་སྙིང་ལ་གནས། །མཆེར་པའི་རྩ་ནང་ཕར་སོང་སྟེ། །ལུས་རྣམས་ཀུན་ལ་ཁྱབ་པར་ཆགས། །ཁྱད་པར་ལྷུ་ཚིགས་བཞི་ལ་གནས། །ཤ་དང་རུས་པའི་སྟོབས་རྣམས་བསྐྱེད། །བཀྲག་དང་གཟི་མདངས་བསྐྱེད་པའི་རླུང། །འོད་ཟེར་ཚུལ་དུ་སྙིང་དུ་གནས། །མཁལ་མའི་རྩ་མར་སོང་ནས། །ལུས་ཀྱི་མགོ་མཇུག་ཀུན་ལ་ཁྱབ། །ཁྱད་པར་སྨིན་འཕྲག་བར་ལ་གནས། །ཁྲག་དང་ཆུ་སེར་བཀྲག་མདངས་བསྐྱེད། །དྲོད་འབེབས་མེ་དང་མཉམ་པའི་རླུད། །འོད་དམར་ཚུལ་དུ་སྙིང་ལ་གནས། །མཆིན་པའི་རྩ་ལ་ཕར་སོང་སྟེ། །ལུས་ཀྱི་མགོ་མཇུག་ཀུན་ལ་ཁྱབ། །ཁྱད་པར་ཕོ་བའི་ནང་དུ་གནས། །ཟས་རྣམས་འཇུ་ཞིང་ལུས་དྲོད་བསྐྱེད། །དྭངས་སྙིགས་འབྱེད་པའི་རླུད་ཞེས་པ། །འོད་ལྗང་ཚུལ་དུ་སྙིང་ལ་གནས། །གློ་བའི་རྩ་ནས་ཕར་སོང་སྟེ། །ལུས་རྣམས་ཀུན་ལ་ཁྱབ་པར་གནས། །ཁྱད་པར་ཁ་གཉིས་བར་ལ་གནས། །ཟས་རྣམས་དྭངས་སྙིགས་གཉིས་སུ་ཕྱེ། །དྭངས་མས་ཕུང་ཁམས་སྐྱེ་མཆེད་བསྐྱེད། །སྙིགས་མ་དྲི་ཆེན་དྲི་ཆུར་ཕྱེ། །སྙིང་རྗེ་མེད་པའི་ལས་རླུད་ནི། །འོད་མཐིང་ཚུལ་དུ་སྙིང་ནས་གནས། །རིག་པ་དག་དང་གཉིས་སུ་མེད། །དེ་རྩལ་སྲོག་པ་རྩ་ལ་ཞུགས། །ལུས་རྣམས་ཀུན་ལ་ཁྱབ་པར་གནས། །ཁྱད་པར་སྲོག་རྩ་ལྕེ་ལ་གནས། །གསལ་སྟོང་འཆང་བའི་གཞི་མའོ། །དེ་ནི་རླུ་་ལྔ་ཡེ་ཤེས་ལྔ། །དབྱེར་མེད་གཅིག་ཏུ་གནས་ཚུལ་བསྟན། །ད་ནི་བྱེ་བྲག་འཁོར་ལོ་བཞིར། །རླུ་་ལྔའི་གནས་ཚུལ་བཤད་པར་བྱ། །དང་པོ་ལྟེ་བ་སྐྱེད་བྱེད་དུ། །རླུད་གི་དབྱིབས་ནི་འོད་མའི་གཞུ། །ཆང་ཟུང་ཏིལ་གྱི་སྒང་བུ་ལྟར། །རབ་ཏུ་རྒྱས་ཏེ་ཐིག་ལེས་བརྒྱན། །སྤྱན་གྱི་རྣམ་པ་ལྟ་བུ་སྟེ། །དེ་ནི་སྲོག་འཛིན་རླུད་ཡིན་ནོ། །ཆང་ཟུང་འོག་ཏུ་སྙིང་རྗེའི་རླུད། །བྱེའུ་ལན་མ་ཡི་ལྟར་གནས། །དེ་ཡི་གཡས་སུ་མེ་རླུང་མཉམ། །ཐིག་ལེ་སྤྲིན་གྱི་རྣམ་པར་ལས། བྱི་བའི་ཁ་རླུདས་ལྟ་བུར་གནོད། །དེ་ཡི་གཡོན་དུ་ཁྱབ་བྱེད་རླུང་། །ཆུ་ལ་བུ་བོར་རྡོལ་ཚུལ་གནས་མ། །གཞུ་རྒྱུད་དཀྱིལ་དུ་དྭངས་སྙིགས་རླུད་། །ལྕགས་ཚགས་སྤྱན་གྱི་རྣམ་པར་གནས། །འདི་ནི་ཐོག་མར་ཆགས་པ་སྟེ། །སྲིད་པ་ཆགས་བྱེད་ལྟེ་བ་ཡིས། །རླུད་ལྔ་ཡེ་ཤེས་གནས་ཚུལ་ལོ། ། །ད་ནི་དྲན་པ་འདུས་བ་མྲ །རླུད་ལྔ་ཡེ་ཤེས་གནས་ཚུལ་བསྟེན། །ཙིསྟ་རིན་ཆེན་ཟུར་བརྒྱད་ཚུལ། །དབུས་སུ་སྲོག་འཛིན་རླུད་ཞེས་པ། །ཐིག་ལེ་སྲན་སྒང་ལྟ་བུར་གནས། །དེ་ཡི་འོག་ཏུ་ལས་ཀྱི་རླུད། །མཚོན་དྲུག་ཚུལ་དུ་གནས་པའོ། །དེ་ཡི་རྩེ་མོར་ཐིག་ལེ་སྐུ་ཡི་ཚུལ། །ཀུན་ལ་ཁྱབ་པར་གནས་པའོ། །དེ་ཡི་གཡས་སུ་དངས་སྙིགས་རླུད། །ཐིག་ལེ་སྐུ་ཡི་གང་བར་གནས། །དེ་ཡི་གཡོན་དུ་ཁྱབ་བྱེད་རླུད་། །ཐིག་ལེ་ཡབ་ཡུམ་ཚུལ་དུ་གནས། །མེ་མཉམ་རླུང་ནི་ཐིག་ལེ་དང། །ཐིག་ཕྲན་ཚུལ་དུ་གནས་པའོ། །ད་ནི་རོ་འདུས་རླུང་ལྔ་བཤད། །རླུང་གཟུགས་ལྕེ་སྦྱང་ལྕེ་འདྲར་གནས། །དབུས་སུ་སྲོག་འཛིན་རླུང་ཞེས་པ། །ཐིག་ལེ་སྤྱན་མིག་དགུ་བརྩེགས་གནས། །དེ་ཡི་འོག་ཏུ་ལས་ཀྱི་རླུད་། །ཉ་ཡི་མིག་ལྟར་གནས་པ་ལ། །ཕྱོགས་བཞི་མཚམས་བཞིར་ཐིག་ལེ་བརྒྱད། །སྦྲ་ཡི་ཆུན་ཐག་བརྒྱངས་པ་ལྟར། །གཡོ་འགུལ་མེད་པར་གནས་པའོ། །གཡས་སུ་མེ་དང་མཉམ་པའི་རླུད། །ཐིག་ལེ་ལྔ་བརྩེགས་མུ་ཁྱུད་ལྔར། །དར་ལྕེ་ཕྱར་བ་ལྟ་བུར་གནས། །གཡོན་དུ་དྭངས་སྙིགས་འབྱེད་པའི་རླུད། །ཐིག་ལེ་ཐིག་ཕྲན་སྐྲུངས་པར་གནས། །འོག་ཏུ་ཀུན་ཏུ་ཁྱབ་བྱེད་རླུད། །ཐིག་ལེ་དྲུ་བའི་རིས་སུ་གནས། །རྩེ་མོ་རྣམས་བཀོད་རླུད་ལྔ་ནི། །འཁོར་ལོ་རྩིགས་ལྔ་མུ་ཁྱུད་ལྔ། །ལྟེ་བར་སྲོག་འཛིན་རླུད་ཞེས་པ། །ཐིག་ལེ་ཞལ་གསུམ་ཕྱག་དྲུག་གནས། །དེ་ཡི་འོག་ཏུ་ལས་ཀྱི་རླུད། །ཁྲོ་བོ་ཞལ་གསུམ་ཕྱག་དྲུག་པ། །མེ་རླུད་ནང་དུ་བཞུགས་པར་གནས། །ཕྱོགས་མཚམས་བརྒྱད་དུ་ཐིག་ལེ་བརྒྱད། །རེ་ཐག་འཐེན་འདྲར་གནས་པའོ། །འཁོར་ལོའི་རྩིབས་ནི་གཉིས་པ་ལ། །ཐིག་ལེ་རྨ་བྱའི་མདོངས་ལྟར་གནས། །གཡོན་གྱི་རྩིབས་ལ་དྭངས་སྙིགས་འབྱེད་པའི་རླུང། །ཐིག་ལེ་ཉ་ཡི་མིག་ལྟར་གནས། །ལྷག་པའི་རྩིབས་ནི་གཉིས་པ་ལ། །ཐིག་ལེ་ཟ་འོག་གུར་ཁྱིམ་གནས། །རྩིབས་མཆན་རྣམས་སུ་ལྷག་པའི་རླུད་། །སྨིག་སྒྱུ་ལུག་རྒྱུད་ཚུལ་དུ་གནས། །ལྟེ་བར་ས་ཡི་རླུད་གནས་སོ། །དྲན་པ་ཆུ་ཡི་རླུད་གནས་སོ། །རོ་འདུས་མེ་ཡི་རླུད་གནས་སོ། །རྩེ་མོར་རླུད་གི་རླུད་གནས་སོ། །རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། །ཁྱད་པར་འཁོར་ལོ་བཞི་ཡི་རྩར། །རླུད་ལྔ་ཡེ་ཤེས་གནས་ལུགས་ཀྱི། །རྒྱུད་ཚིག་ལེའུ་ཉི་ཤུ་པའོ། །ས་མ་ཡུ༷༷གཏེར་རྒྱ། སྦས་རྒྱ། ཡང་ཅིག་གཤོན་ནུ་སྟོབས་ལྡན་གྱིས། །སྟོན་པ་ཉིད་ལ་འདི་སྐད་ཞུས། །ཀྱེ་ཧོ་སྟོན་པ་རྡོ་རྗེ་འཆང་། །རླུད་ལྔའི་གནས་ཚུལ་བཤད་ན་ཡང། །ཐིག་ལེའི་གནས་ལུགས་གསུང་དུ་གསོལ། །ཞུས་པའི་ལན་དུ་བཀའ་སྩལ་པ། །ཀྱེ་མ་གཞོན་ནུ་སྟོབས་ལྡན་ཉོན། །ཡེ་ཤེས་རྩལ་གྱི་ལུས་གྲུབ་པས། །དེ་ལ་རྩ་གྲུབ་དེ་ལ་ཐིག་ལེས་ཁྱབ། །རྒྱུ་ཡི་ཐིག་ལེ་ཡི་གེར་གནས། །དེ་ལ་སྐུ་དང་ཡེ་ཤེས་ཀྱིས། །ཐིག་ལེ་དག་ནི་གནས་པའོ། །དེ་ཡང་སྤྱི་དང་བྱེ་བྲག་གོ །སྤྱི་ནི་འོད་ལྟར་གནས་པས་ཏེ། །རྩ་རེའི་ནང་དུ་རླུད་རེ་གནས། །རླུད་དང་ཡེ་ཤེས་ཐིག་ལེ་ནི། །ཡུངས་འབྲུ་ཙམ་གྱིས་རྩ་རྣམས་ཁྱབ། །ཕོ་ལ་ཐིག་ལེ་དངོས་སུ་འབབ། །མོ་ལ་སྙོམས་འཇུག་ཁམས་རྒྱས་དུས། །སྣའུ་གཡས་སུ་འབབ་པར་འགྱུར། །ཀུན་རྫོབ་ཐིག་ལེ་དེ་ཉིད་ནི། །འབྱུང་བ་ལྔ་ཡི་དངས་མ་ཡིན། །ཡུམ་ཆེན་ལྔ་པོ་དངོས་དང་མཐུན། །མཁའ་འགྲོ་རྣམས་ཀྱི་སྲོག་ཡིན་ནོ། །དེ་ལ་ཡེ་ཤེས་ཐིག་ལེ་གནས། །དོན་དམ་ཀུན་རྫོབ་ཐིག་ལེ་གཉིས། །དབྱེར་མེད་གཅིག་གི་རང་བཞིན་ནོ། །ཀླད་པ་རྐང་མར་རུས་པ་རྣམས། །ཕ་ཡི་ཐིག་ལེ་དཀར་པོ་བསྐྱེད། །རུས་པ་རྩ་དང་ཆུ་རྒྱུས་དང། །ཞག་དང་ཚིལ་ལུ་ཐམས་ཅད་བསྐྱེད། ཁྲ་ཁྲག་ཆུ་སེར་སྤུ་ལྤགས་རྣམས། །མ་ཡི་ཐིག་ལེ་དམར་པོས་བསྐྱེད། །དེ་ནས་ལུས་རྣམས་རྫོགས་པས་ཏེ། ཁ་མིག་རྣ་བ་ཅན་དུ་བྱོན། །བྱེ་བྲག་ཐིག་ལེའི་གནས་ལུགས་ནི། །ཁྱད་པར་འཁོར་ལོ་བཞི་ཡི་རྩ་མདུད་དུ། །ཕ་མའི་ཐིག་ལེ་ཡུངས་འབྲུ་ཙམ། །དངུལ་ཆུ་རྒྱ་སྐག་མདོག་ལྟར་གནས། །དེ་ཡང་ཁ་དོག་ལྔ་དང་ལྡན། །ཡི་གེའི་གཟུགས་སུ་གནས་པའོ། །དེ་ཡང་འཁོར་ལོ་བཞི་དང་མཐུན། །གྲངས་ཅན་རྩ་དང་གྲངས་མེད་རྩ། །བ་སྨུའི་བུ་ག་ཐམས་ཅད་དུ། །ཕ་མ་གཉིས་ཀྱི་ཐིག་ལེ་ཁྱབ། །ཐིག་ལེ་གཉིས་ཀྱང་ཡེ་ཤེས་རྩལ་ལས་བྱུང། །འབྱུང་ལྔ་འདུས་པའི་དྭངས་མ་ནི། །འདས་མ་འདས་གཉིས་ཀྱི་སྲོག་ཡིན་ནོ། །སྐུ་དང་ཐིག་ལེ་གཉིས་སུ་མེད། །རང་ལུས་ཀུན་ལ་ཁྱབ་པར་གནས། །ཐིག་ལེ་དེ་དག་ངོ་སྤྲོད་ནི། །མ་ཡེངས་འདི་ལྟར་ཤེས་པར་གྱིས། །ཕྱི་རབ་རྣམས་ཀྱིས་ཉམས་སུ་ལོང། །ཕྱི་ནང་གསང་བ་ཡང་གསང་ཉིད། །ཕྱི་ལྟར་འབྱུང་བ་རྣམ་ལྔ་ཡིན། །ནང་ལྟར་ཡུམ་ཆེན་རྣམ་ལྔ་ཡིན། །གསང་བ་ལྟར་ན་མ་རིག་ལྔ། །ཡང་གསང་ལྟར་ན་ཡེ་ཤེས་ལྔ། །ཕྱི་ལྟར་འོད་ཟེར་ལྔ་ཡིན་ནོ། །ནང་ལྷར་ཐིག་ལེ་ལྔ་ཡིན་ནོ། །གསང་བ་ལྟར་ན་ཡི་གེ་ལྔ། །ཡང་གསང་ལྟར་ན་མ་རིག་ལྔ། །ཕྱི་ལྟར་དབང་པོ་ལྔ་ཡིན་ལ། །ནང་ལྟར་ཉོན་མོངས་དུག་ལྔ་ཡིན། །གསང་བ་ལྟར་ན་སྐུ་ལྔ་སྟེ། །ཡང་གསང་ལྟར་ན་ཡེ་ཤེས་ལྔ། །དེ་ལྟར་ཡིན་པའི་ཡོན་ཏན་གྱིས། །རྒྱུ་ཡི་ཐིག་ལེ་མ་སྤོངས་བསྒྲུབ། །རྒྱུ་ཡི་ཐིག་ལེ་སྤངས་གྱུར་ན། །གསང་སྔགས་དམ་ཚིག་ཉམས་ནས་སུ། །བསྐལ་པ་འབུམ་ཁྲིར་ན་རག་སྤྱོད། །དེ་ཕྱིར་ཐིག་ལེ་མ་ཉམས་སྲུངས། །རྒྱུ་ཡི་ཐིག་ལེ་ཉམས་གྱུར་ན། །མཁའ་འགྲོ་ཁྲི་འབུམ་ངུ་སྐད་འདོན། །མི་མཐུན་རྐྱེན་དང་བར་ཆད་འབྱུང། །དེ་ཕྱིར་ཐིག་ལེ་མ་ཉམས་སྲུངས། །ཐིག་ལེ་མ་ཉམས་སྲུངས་གྱུར་ན། །འདས་དང་མ་འདས་ཐམས་ཅད་ཀུན། །དབང་དུ་འགྱུར་བར་ཐེ་ཚོམ་མེད། །འཁོར་འདས་ཀུན་གྱི་སྲོག་ཡིན་ནོ། །དེ་ཕྱིར་ཐིག་ལེ་མ་ཉམས་པར། །མཚན་ལྡན་མ་ལ་བདེ་བ་བསྐུལ། །ཕབ་ཟློག་འདྲེན་དང་འགྲེམ་པ་དང། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་སྦྱངས། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན། །རྒྱལ་བའི་དཀྱིལ་འཁོར་ཆེན་པོར་སྒོམ། །དབང་པོའི་འདོད་ཡོན་ཐམས་ཅད་ཀུན། །ཕྱི་རུ་མི་འབུལ་ནང་དུ་འབུལ། །དེ་ལྟར་མི་ཤེས་བླུན་པོ་རྣམས། །ཡི་དམ་ཕྱི་ནས་སྒོམ་པ་དང། །ཡེ་ཤེས་ཕྱི་རུ་ཚོལ་བ་དང། །ཐིག་ལེ་སྤོང་དང་ཐབས་ཤེས་བྲལ། །ཚོགས་མཆོད་འདོད་ཡོན་ཕྱི་ལ་འབུལ། །ལྟ་སྒོམ་སྤྱོད་གསུམ་ཕྱི་ནས་ཚོལ། །སངས་རྒྱས་ཕྱི་ལ་རེ་བ་རྣམས། །བསྐལ་པ་ཞིང་གི་རྡུལ་སྙེད་དུ། །བསོད་ནམས་བསགས་ཀྱང་གྲོལ་མི་འགྱུར། །ཅི་ཕྱིར་ཡེ་ཤེས་རང་གསལ་ནི། །རང་ལ་རང་གསལ་ཡོད་པའི་ཕྱིར། །རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ། །སྐུ་དང་ཡེ་ཤེས་ཐིག་ལེ་རྣམས། །སྐུ་གསུམ་རང་ལ་རང་ཆས་གནས། །དེ་ཕྱིར་རང་ལ་རང་སྤྱོད་དོ། །རྒྱུད་ཆེན་དྲི་མེད་ཟླ་ཤེས་ལས། །ཐིག་ལེའི་གནས་ལུགས་བསྟན་པ་སྟེ། ཁུད་ཚིག་ལེའུ་ཉེར་གཅིག་པའོ། །ས་མ་ལྭ ། གཏེར་རྒྱ ། སྦས་རྒྱ ། ཟབ་རྒྱ ། ཏ ། ཏཅ།༷༷ ཡང་ཅིག་གཤོན་ནུ་སྟོབས་ལྡན་གྱིས། །སྟོན་པ་ཉིད་ལ་ཡང་ཞུས་པ། །ཀྱེ་མ་སྟོན་པ་རྡོ་རྗེ་འཆང་། །ཐིག་ལེའི་གནས་ལུགས་བཤད་ན་ཡང། །བྱིས་པ་རྣམས་ཀྱིས་མི་གོ་བས། །ཡེ་ཤེས་གནས་ལུགས་གསུང་དུ་གསོལ། །བཞུགས་ཚུལ་མཚན་ཉིད་ཇི་ལྟ་བུ། །ཞུསླ་པའི་ལན་དུ་བཀའ་སྩལ་པ། །ཉོན་ཅིག་གཤོན་ནུ་བུམ་པ་ཅན། །ལུས་ལ་ཡེ་ཤེས་གནས་ཚུལ་ནི། །དག་དང་མ་དག་རྣམ་པ་གཉིས། །མ་དག་ཉོན་མོངས་གནས་ཚུལ་དང། །དག་པ་སྐུ་དང་ཡེ་ཤེས་ཀྱི། །གནས་པའི་ཚུལ་དང་ངོ་སྤྲད་པ། །རྣམ་པ་གཉིས་སུ་ངས་བཤད་དོ། །དང་པོ་ཉིད་ནི་འདི་ལྟར་རོ། །མ་དག་ཉོན་མོངས་གནས་ཚུལ་ནི། །རླུང་ཅན་གློ་བའི་གྲོང་ཁྱེར་དུ། །མ་རིག་པ་དང་སེམས་དང་ཡིད། །རྣམ་པ་གསུམ་དུ་གནས་པའོ། །དེ་ཡང་མ་རིག་པ་ཞེས་པ། །དངོས་པོའི་གཤིས་ལ་སྐྲིབ་པར་བྱེད། །སེམས་ཀྱིས་ཡེ་ཤེས་ཉིད་ལ་སྒྲིབ། །ཡིད་ཀྱིས་རིག་སྣང་ཉིད་ལ་སྒྲིབ། །དེ་ལ་ཉོན་མོངས་བག་ཆགས་དང་། །ཀུན་གཞི་དང་ནི་འཛིན་པ་འབྱུང། །ཉོན་མོངས་དག་ལ་རྣམ་ལྔ་སྟེ། །གནས་ལུགས་དོན་གོ་མ་ཤེས་ན། །གཏི་མུག་མུན་པ་ལྟ་བུས་འཐིབ། །དེ་ཡང་མ་གྲུབ་མེད་བཞིན་དུ། །སེམས་མ་རིག་པའི་ཆ་ལ་ཞེ་སྡང་བྱུང། །རང་གཞན་དོན་ལ་སྒྲིབ་པས་ན། །ང་རྒྱལ་བྲག་རི་ལྟ་བུ་རྒྱས། །བདེ་བའི་དོན་ལ་སྒྲིབ་པས་ན། །འདོད་ཆགས་རང་ཁ་མ་རུ་སོང། །གཞན་ལ་འགྲན་པས་ཕྲག་ཀྱང་དོག །དེ་ལ་དེ་རྟེན་ཉོན་མོངས་ནི། །བརྒྱད་ཁྲི་དང་ནི་བཞི་སྟོང་བྱུང། །བག་ཆགས་འཐུག་པོའི་སྐྲུགས་སུ་ཆུད། །བག་ཆགས་ཉིད་ནི་འདི་ལྟ་བུ། །སྔར་ཞེན་བག་ཆགས་རྨི་ལམ་འདྲ། །ཕྱིས་འབྱུང་བག་ཆགས་སྒྱུ་མ་འདྲ། །ད་ལྟའི་བག་ཆགས་གར་ཕྱིན་འདྲ། །ཅི་ཕྱིར་བག་ཆགས་མཚན་ཉིད་ནི། །ལས་རྣམས་ཀུན་གྱི་འཚམས་སྦྱོར་ཅིང། །འགོ་བ་སླ་ཞིང་འགོག་པ་དཀའ། །ཀུན་གཞི་ལ་ཡང་རྣམ་པ་གསུམ། །ཡེ་དོན་ཀུན་གཞི་བྱ་བ་ནི། །རིག་པའི་སྣང་བ་སྡུད་ཅིང་སོགས་པ་དང། །སྦྱོར་བ་དོན་གྱི་ཀུན་གཞི་ནི། །ཉོན་མོངས་སྣ་ཚོགས་སོག་པར་བྱེད། །སྣ་ཚོགས་སོགས་པའི་ཀུན་གཞི་ནི། །ཕུང་ཁམས་རྣམས་ལ་བརྟེན་བྱས་ནས། །ཉོན་མོངས་དུག་ལྔའི་རྟེན་གནས་བྱེད། །དཔེར་ན་རིགས་ངན་ཁྱེའུ་བཞིན། །འཛིན་པ་དང་ནི་དབང་པོ་ཡི། །སྒོ་ལྔའི་ཡུལ་ལ་སེམས་ཀྱི་གཟུང། །སྣང་ཡུལ་དུ་མ་ཉིད་དུ་གཟུང། །དེ་ཕྱིར་ཁམས་གསུམ་ཁང་པ་སྲ །འཁོར་བ་ཉིད་ནས་འཁོར་བར་འ་ས། །གཟུང་འཛིན་ཐག་པས་དམ་དུ་བསྡམས། །ཐེ་ཚོམ་དབང་གི་རྒྱུ་འབྲས་ལོག །དུང་ལ་སེར་པོར་མཐོང་བའམ། །ཐག་པ་སྦྲུལ་དུ་མཐོང་བའམ མཐོ་ཡོར་མི་རུ་མཐོང་བ་འམ། །རྒྱལ་བུ་རྐང་འཁྱམ་སྤྲང་པོར་འཁྲུལ། འདི་རྣམས་མ་དག་གནས་ལུགས་སོ།་་་ ་་་ ་ཉངུ་་ །དག་པ་ཡེ་ཤེས་གནས་ལུགས་ནི། །ཆོས་སྐུ་ཡེ་ཤེས་ཆེན་པོ་དེ། །ཙིསྟ་རིན་ཆེན་ཟུར་བརྒྱད་དུ། །ཀུན་ཁྱབ་ཡེ་ཤེས་ངོ་བོ་ནི། །ས་བོན་ཡི་གེའི་ཚུལ་དུ་གནས། །དེ་ཡང་གནས་ལུགས་འདི་ལྟ་སྟེ། །ཟས་རྣམས་ཀུན་གྱི་དྭངས་མ་ནི། །རྒྱ་མཚོ་གསེར་གྱི་ཉི་མ་ཅན། །དྭངས་མ་ལྔ་འདུས་དབུས་ན་བཞུགས། །བཞུགས་ཚུལ་ཇི་ལྟར་བཞུགས་པ་ནི། །ཆོས་སྐུ་ཡེ་ཤེས་ཆེན་པོ་ནི། །ངོ་བོ་རང་བཞིན་ཐུགས་རྗེར་ལྡན། །ངོ་བོ་ཡེ་ཤེས་ཟང་ཐལ་ཏེ། །སྟོང་པ་ཡེ་ཤེས་སྙིང་པོ་ཅན། །གསལ་བ་འོད་ཀྱི་སྙིང་པོ་ཅན། །རང་བྱུང་རིག་པའི་སྙིང་པོ་ཅན། །སྒྲིབ་གཡོག་མེད་པར་ཟང་ཐལ་ལེ། །ཕྱོགས་མཚམས་མེད་པར་ཁྱབ་གདལ་ཏེ། །གསལ་འགྲིབ་མེད་པར་དང་སང་དེ། །ངོས་ལྐོག་མེད་པར་རྗེན་ཆེ་རེ། །སྟོང་གསལ་ཁྱབ་པ་ཆེན་པོར་བཞུགས། །དེ་ཡང་ལྔ་ལྡན་ཆེན་པོར་བཞུགས། །སྟོང་པ་ཡེ་ཤེས་སྙིང་པོ་ཅན། །ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཐིག་ལེ་ཉག་གཅིག་སྐུ་རུ་བཞུགས། །གསལ་བ་འོད་ཀྱི་སྙིང་པོ་ཅན། །ཐོག་མའི་སངས་རྒྱས་འོད་མི་འགྱུར། །འོད་ཟེར་སྙིང་གི་སྐུ་རུ་བཞུགས། །རང་བྱུང་རིག་པའི་སྙིང་པོ་ཅན། །རིག་སྟོང་ཀུན་བཟང་ཆོས་སྐུར་བཞུགས། །བག་ཆགས་སྒྲིབ་པ་མེད་པར་ཟང་ཐལ་ལེ། །ཡེ་ཤེས་ཆེན་པོའི་རང་བཞིན་དུ། །རང་བཞིན་ལྷུན་གྲུབ་སྐུ་རུ་བཞུགས། །ཆོས་སྐུའི་ཀློང་དུ་གཟུགས་སྐུ་ཞིང་ཁམས་རྒྱས། །མ་འདྲེས་ཡོངས་སུ་རྫོགས་པ་མྲ །རྒྱ་མཚོར་གཟའ་སྐར་ཤར་བ་འདྲ། །སོས་ཀའི་སྨིག་རྒྱུ་ཐང་བཀྲམ་བཞིན། །སྐུ་དང་ཡེ་ཤེས་འོད་དང་གསུམ། །འདུ་འབྲལ་མེད་པར་བཞུགས་པ་ཡིན། །གཞོན་ནུ་བུམ་པའི་སྐུ་ཞེས་པ། །དེ་ཡང་ཐོག་མའི་ཀ་དག་སྟེ། །ཐོག་མའི་ཀ་དག་ཡེ་ཤེས་ལྔ། །དེ་ལ་དབྱེར་མེད་སྐུ་ལྔ་སྟེ། །དེ་གསལ་འོད་ལྔ་དེ་ཡུམ་ལྔ། །༷་ལྔས་བསྐྱོད་པས་འབྱུང་བ་ལྔ། །འབྱུང་ལྔ་དེ་ཡི་དྭངས་མ་ལྔ། །དེ་ལ་ཕུང་པོ་དྭངས་སྙིགས་ལྔ། །ཡི་གེ་མཁའ་འགྲོ་ཤེས་རབ་ལྔ། །དེ་ཡང་གཞི་གནས་ཡེ་ཤེས་ལྔ། །ཕྱི་ནང་གསང་བ་གསུམ་དུ་བཤད། །དེ་ཡང་གཞ་ལམ་འབྲས་གསུམ་མོ། །དང་པོ་གཞི་ཡི་ཡེ་ཤེས་ལྔ། །རང་ཐོག་ཉིད་དུ་ངོ་སྤྲད་པས། །གཞི་ཡི་རིག་པ་གཅེར་བུ་འདི། །འཁོར་འདས་གང་ཡང་མ་གྲུབ་སྟེ། །དྲི་མེད་ཀུན་ཁྱབ་མ་འགགས་གསལ། །དེ་ནི་མེ་ལོང་ཡེ་ཤེས་ཡིན། །སྐྱོན་གྱིས་མ་གོས་རང་གདངས་ནི། །འོད་ཟེར་དཀར་པོའི་ཚུལ་དུ་གསལ། །དེ་ལྟ་བུ་ཡི་ཡེ་ཤེས་དེ། །ངོ་བོ་གང་དུ་མ་ཕྱེ་ཞིང། །གྲུབ་པ་མེད་པར་ཀུན་ལ་སྙོམས། །དེ་ནི་མཉམ་ཉིད་ཡེ་ཤེས་ཡིན། །དེ་ཡི་ཡོན་ཏན་རྫོགས་པས་སུ། །འོད་ཟེར་སེར་པོའི་ཚུལ་དུ་གསལ། །ངོ་བོ་མཉམ་ཉིད་དེ་ཉིད་ལ། །བློ་ཡི་བྱེ་བྲག་སོ་སོར་ཤར། །དེ་ནི་སོར་རྟོགས་ཡེ་ཤེས་ཡིན། །དེ་ལ་རང་རྩལ་དྲོད་དང་ལྡན། །འོད་ཟེར་དམར་པོའི་ཚུལ་དུ་གསལ། །གང་ལྟར་ཤར་བའི་ཡོན་ཏན་རྣམས། །བྱ་བཙལ་མེད་པར་རང་ལ་གྲུབ། །བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །འགག་པ་མེད་པའི་རང་གདངས་ནི། །འོད་ཟེར་ལྗང་ཀུའི་ཚུལ་དུ་གསལ། །ཡེ་ཤེས་བཞི་པོ་དེ་དག་ཀྱང། །ཐམས་ཅད་ཆོས་ཉིད་དབྱིངས་སུ་འདུས། །ཐམས་ཅད་ཆོས་དབྱིངས་སྟོང་པ་ཡི། །རང་རྩལ་ཉིད་ལས་མ་འདས་ཏེ། །དེ་ནི་ཆོས་དབྱིངས་ཡེ་ཤེས་ཡིན། །འགྱུར་མེད་འོད་ཟེར་ཆེན་པོ་ནི། །མཐིང་ཁ་ཉིད་དུ་གསལ་བའོ། །ད་ལམ་དང་སྦྱར་ན་འདི་ལྟར་རོ། །རིག་པའི་ཡེ་ཤེས་ཟང་ཐལ་འདི། །དྲི་མེད་ལོང་གཡའ་དག་ལྟར། །གསལ་ལ་དྲི་མེད་སིང་ངེ་བ ཡེངས་བ་མེད་པའི་སྒོམ་པ་འདི། །མེ་ལོང་ཡེ་ཤེས་འཇུག་པའི་ལམ། །དེ་ལ་ཆེ་ཆུང་འཕོ་འགྱུར་མེད། །མཐོ་དམན་ཉེ་རིང་མཐའ་དབུས་མེད། །བརྗོད་བྱ་ཀུན་དང་བྲལ་བ་དེ། །བླ་མ་ཉིད་ཀྱིས་ངོ་སྤྲད་ནས། །རིག་པ་ཚད་ཕེབས་སྲང་ལ་ཆུར། །ཕྱོགས་ལྷུང་མེད་པར་སྒོམ་པ་ནི། །མཉམ་ཉིད་ཡེ་ཤེས་འཇུག་པའི་ལམ། །ངོ་བོ་མཉམ་ཉིད་དེ་ཉིད་ཀྱི། །གསལ་ཆ་སོ་སོར་སྣང་བ་རྣམས། །གང་ཤར་འཛིན་མེད་སྒོམ་པ་འདི། །སོར་རྟོགས་ཡེ་ཤེས་འཇུག་པའི་ལམ། །དེ་ལྟར་འཆར་ཚུལ་བསྒོམ་པ་ལ། །དཀའ་ཐུབ་ཆེན་པོ་མི་དགོས་ཏེ། །ཐམས་ཅད་ངང་ལ་གྲུབ་པས་ན། །བྱ་གྲུབ་ཡེ་ཤེས་འཇུག་པའི་ལམ། །བསྒོམ་བྱ་སྒོམ་བྱེད་བྲལ་བ་ནི། །ཆོས་དབྱིངས་ཡེ་ཤེས་འཇུག་པའི་ལམ། །དེ་ནི་ལམ་དང་སྦྱར་བའོ། །འབྲས་བུ་ལྟར་དུ་བཤད་པ་ནི། །དེ་ལྟར་འབྱུང་ལྔའི་དྭངས་མ་སྟེ། །ཡེ་ཤེས་རིག་པ་ཞེས་བྱ་བ། །ཕྱི་ལྟར་འབྱུང་བ་ལྔ་རུ་སྣང། །ནང་ལྟར་ཕུང་པོ་ལྔ་རུ་སྣང། །གསང་བ་ལྟར་ན་དངས་མ་ལྔ། །ཡང་གསང་ལྟར་ན་ཡི་གེ་ལྔ། །བླ་མེད་ལྟར་ན་མ་རིག་ལྔ། །དེ་ལྟར་དུ་མར་ཕྱེ་གྱུར་ཀྱང། །རིག་པ་ཡེ་ཤེས་ཉིད་ལ་རྫོགས། ཁེས་རབ་དྲུག་ཏུ་ངོ་སྤྲད་ན། །རིག་པ་ཉིད་ལས་འཁོར་འདས་གཞི་བྱུང་བས། །མ་ཕྱེ་པ་ཡི་ཤེས་རབ་ཡིན། །དེ་ཡང་རིག་པ་ཉིད་ཡིན་པས། །སྡུད་པའི་ཤེས་རབ་ཅེས་ཀྱང་བྱ། །རིག་པས་ཀུན་ལ་ཁྱབ་པས་ན། །ཀུན་ཏུ་ཁྱབ་པའི་ཤེས་རབ་ཡིན། །དེ་ཉིད་གསལ་ཆ་ཡེ་ཤེས་གསལ། །རླུད་གིས་བསྐྱེད་པར་ནུས་པས་ན། །སྐྱེད་པར་བྱེད་པའི་ཤེས་རབ་ཡིན། །འཁོར་འདས་གཉིས་ནི་ཡེ་ཤེས་སུ། །རང་སྲོག་གཅོད་པར་ཡིན་པས་ན། །སྒྲོལ་བར་བྱེད་པའི་ཤེས་རབ་ཡིན། །ཐམས་ཅད་ཡེ་ཤེས་རང་ཡིན་པས། །རང་བྱུང་ཡེ་ཤེས་རིག་པའོ། ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །སྙིང་པོ་ཡེ་ཤེས་གསུམ་བརྩེགས་ནས། །གསུམ་དུ་དབྱེ་ཡང་གཅིག་ཏུ་རྫོགས། །རིག་པ་རྟོག་མེད་ཆོས་སྐུ་ཡིན། །རིག་པ་འགག་མེད་ལོངས་སྐུ་ཡིན། །རིག་པ་ཅིར་ཡང་སྣང་བས་ཏེ། །སྤྲུལ་པ་སྣ་ཚོགས་སྐུ་ཡིན་ནོ། །དུ་མར་བསྟན་ཀྱང་ལུས་སེམས་གཅིག། །ལུས་ཅན་སེམས་ཀྱིས་ཁྱབ་པའི་ཕྱིར། །སངས་རྒྱས་མ་ཡིན་སེམས་ཅན་མེད། །འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན། །ལུས་སེམས་གཉིས་ལ་ཚང་བའོ། །ལུས་ནི་སྐུ་གསུམ་ལུས་ཡིན་ཏེ། །སྐུ་གསུམ་ཡི་གེ་གསུམ་དང་ལྡན། །ཁྱད་པར་རིན་ཆེན་ཟུར་བརྒྱད་ན། །སྐུ་དང་ཡེ་ཤེས་འོད་དང་གསུམ། །སྐུ་ནི་མི་འགྱུར་རང་བཞིན་དོན། །འཕྲོ་བ་ཡངས་པ་མི་གཡོ་བ། །ཞི་བའི་སྐུ་ནི་ཡུངས་འབྲུ་ཙམ། །མཚན་དཔེའི་སྤྱན་ནི་ཕུལ་ཐག་ཙམ། །སྣ་ཚོགས་གཅེར་གྲོལ་ཉིད་དུ་གནས། །ཐབས་ཤེས་གཉིས་མེད་ཡབ་ཡུམ་ཚུལ། །ཡབ་ཀྱི་ཆ་འཛིན་སེམས་དཔའ་བརྒྱད། །ཡུམ་གྱི་ཆ་འཛིན་སེམས་མ་བརྒྱད། །སྒོ་བ་ཡབ་ཡུམ་བརྒྱད་དང་ཐུ་བ་དྲུག་གོ །ཀུན་བཟངས་ཡབ་ཡུམ་རིགས་ལྔ་ཡབ་ཡུམ་བཅུ། །བཞི་བཅུ་རྩ་གཉིས་བུམ་སྐུའི་ཚུལ། །ལྔ་ལྡན་ཚོམ་བུའི་དཀྱིལ་འཁོར་རྫོགས། །དེ་རྩལ་ཀླད་པ་དུང་ཁང་དུ། །ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་བཞུགས། །ཧེ་རུ་ཡབ་ཡུམ་བཅུ་པོ་ལ། །ཀེའུ་རི་བརྒྱད་དང་སིང་ཧ་བརྒྱད། །སྒོ་མ་བཞི་དང་དབང་ཕྱུག་ཉེར་བརྒྱད་དོ། །ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ནི། །སྐུ་ནི་ཡུངས་འབྲུ་ཙམ་པ་ལ། །མཁྱེན་སྤྱོད་མ་འགགས་མཚན་དཔེའི་སྦྱན། །ཕུལ་ཐག་ཙམ་ནི་ཕྱི་ནང་མེད། །ཟང་ཐལ་རྟོག་མེད་ཡེ་ཤེས་ཁྱབ་སྣྲིའོ། །འོད་ནི་མཚན་ཉིད་དངོས་པོ་བྲལ། །འབྱུང་ལྔའི་དྭངས་མ་ཁ་དོག་ལྔ། །མ་འདྲེས་རང་གསལ་ཉིད་དུ་སྟེ། །སྐུ་ལ་ཡེ་ཤེས་འོད་དུ་བྱུང། །རིག་པའི་སྐུ་ནི་བུམ་སྐུ་འདྲ། །ཡེ་ཤེས་བུམ་ནང་མར་མེ་འདྲ། །འོད་ཟེར་མར་མེའི་འོད་དང་འདྲ། །གནས་ཚུལ་འོད་ཀྱི་གོང་བུར་བཞུགས། །དེ་དག་སྐུ་དང་ཡེ་ཤེས་འོད། །གསུམ་བརྩེགས་ཚུལ་དུ་བཞུགས་ཚུལ་ལོ། །རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། །གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ཀྱི། །སྙིང་པོ་རང་རིག་ཡེ་ཤེས་འདི། །འདི་ལྟར་ངོ་ཡང་སྤྲད་པར་བྱ། །ཡེ་ཤེས་སྐུ་ལྔར་ངོ་སྤྲད་པ། །དེ་ཡང་རིག་པའི་ཡེ་ཤེས་འདི། །རྣམ་པ་སྣ་ཚོགས་སྣང་བས་ན། །རྣམ་སྣང་ཆེན་པོའི་སྐུ་ཡང་ཡིན། །རིག་པའི་དོན་མི་འགྱུར་བས། །མི་བསྐྱོད་རྡོ་རྗེའི་སྐུ་ཡང་ཡིན། །རིག་པ་དགོས་འདོད་འབྱུང་བས་ན། །རིན་ཆེན་འབྱུང་ལྡན་སྐུ་ཡང་ཡིན། །ཐུགས་རྗེ་ཀུན་ཏུ་སྣང་བས་ན། །སྣང་བ་མཐའ་ཡས་སྐུ་ཡང་ཡིན། ཁྲེས་བྱ་ཐམས་ཅད་རང་གྲུབ་པས། །དོན་ཡོད་གྲུབ་པའི་སྐུ་ཡང་ཡིན། །རང་གི་རིག་པ་ཡེ་ཤེས་འདི། །རིགས་ནི་ལྔ་རུ་ངོ་སྤྲད་ན། །གཞི་ཡི་རིག་པ་གསལ་སྟོང་འདི། །སངས་རྒྱས་ཀུན་གྱི་གཤེགས་ཤུལ་ཏེ། །དེ་བཞིན་གཤེགས་པའི་རིགས་ཀྱང་ཡིན། །རིག་པ་མི་འགྱུར་བརྟན་པས་ན། །སྲ་བརྟན་རྡོ་རྗེའི་རིགས་ཀྱང་ཡིན། །རིག་པ་ཡོན་ཏན་ལྡན་པས་ན། །རིན་ཆེན་འབར་བའི་རིགས་ཀྱང་ཡིན། །རིག་པ་སྐྱོན་གྱིས་མ་གོས་པས། །མ་ཆགས་པདྨའི་རིགས་ཀྱང་ཡིན། །རིག་པ་རྩལ་ཤུགས་ལྡན་པས་ན། །ལས་ཀྱི་རིགས་ཀྱང་ཡིན་པའོ། །རང་རིག་ཡེ་ཤེས་གསལ་སྟོང་འདི། །སྤྲོས་པའི་མཐའ་དང་བྲལ་བས་ན། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། །རིག་པའི་གདངས་ལྔ་གསལ་བ་འདི། །མེ་ལོང་ལྟ་བུའི་ཡེ་ཤེས་ཡིན། །ཆོས་རྣམས་ཐམས་ཅད་གཉིས་མེད་མཉམ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། །རང་རིག་སྣང་སྟོང་གཉིས་སུ་གསལ། །སོ་སོར་རྟོགས་པའི་ཡེ་ཤེས་ཡིན། །ཆོས་རྣམས་འབད་རྩོལ་མཐའ་ལས་འདས། །བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །རང་རིག་འོད་ལྔ་རོ་དང་ངོ་སྤྲད་ན། །རང་རིག་ཡེ་ཤེས་དྲི་མ་མེད། །འོད་ཟེར་དཀར་པོའི་ཚུལ་དུ་ཤར། །རིག་པ་ཡོན་ཏན་རྫོགས་པས་ན། །འོད་ཟེར་སེར་པོའི་ཚུལ་དུ་གསལ། །རང་གི་མ་བཙལ་བཞག་པས་ན། །འོད་ཟེར་དམར་པོའི་ཚུལ་དུ་ཤར། །བྱ་བ་ཐམས་ཅད་རྫོགས་པས་ན། །འོད་ཟེར་ལྗང་ཀུའི་ཚུལ་ཀུ་ཤར། །རང་རིག་མི་འཀྱུར་ཁྱབ་པས་ན། །འོད་ཟེར་མཐིང་ཁའི་ཚུལ་དུ་ཤར། །རང་རིག་ཡེ་ཤེས་གསལ་སྟོང་འདི། །ཡུལ་ལྔ་དག་དང་སྦྱར་བ་ན། །རང་རིག་སྣང་བཞིན་མ་གྲུབ་པའི། །གསལ་ཆ་མ་འགགས་ཤར་བ་འདི། །ཡེ་ཤེས་སྣང་སྟོང་གཟུགས་ཀྱི་ཡུལ། །རྣ་བར་སྒྲ་རྣམས་མ་འགགས་ཐོས། །ཐོས་ཀྱང་མཚན་ཉིད་གྲགས་སྟོང་ངང། །སྒྲ་གྲགས་སྟོང་པ་རྣ་བའི་ཡུལ། །སྣ་ཡི་ཡུལ་དུ་དྲི་སྣ་ཚོགས། །གང་ལྟར་བྲོ་ཡང་རང་བཞིན་སྟོང། །དྲིར་འཛིན་སྟོང་པ་སྣ་ཡི་ཡུལ། །ལྕེ་ཡི་ཡུལ་དུ་རོ་སྣ་ཚོགས། །གང་ལྟར་བྲོ་ཡང་གཟུང་ཡུལ་སྟོང། །རོ་སྣང་སྟོང་པ་ལྕེ་ཡི་ཡུལ། །ལུས་ལ་རེག་བྱ་གང་སྣང་ཡང། །འཛིན་བྱེད་ཤེས་པའི་རང་བཞིན་སྟོང། །སེམས་ལ་བདེ་སྡུག་གང་ཤར་ཡང། །རང་ཤར་རང་གྲོལ་ཉིད་དུ་སྟེ། ་།ར་གྲོལ་དུས་མཉམ་ཡིད་ཀྱི་ཡུལ། །བདེ་སྡུག་ཐམས་ཅད་དྲན་སྟོང་ཡུལ། །ཐམས་ཅད་གཅེར་གྲོལ་ཕྱི་ནང་ཡུལ། །རང་རིག་ཡེ་ཤེས་གསལ་སྟོང་ནི། །འབྱུང་བ་ལྔ་དང་སྦྱར་བ་ན། །རང་སེམས་ཅིར་ཡང་མ་གྲུབ་སྟེ། །འབྱུང་བ་ནམ་མཁའ་ཉིད་དང་འདྲ། །སེམས་ཀྱི་གསལ་ཆ་སྣ་ཚོགས་གཡོ། །རང་རྩལ་རྫོགས་པས་རླུད་དང་འདྲ། །ཡེ་ཤེས་འཆར་བས་མེ་་དང་འདྲ། །ཡོན་ཏན་སྐྱེ་བས་ཆུ་དང་འདྲ། །ངོ་བོ་བརྟན་པས་ས་དང་འདྲ། །རང་རིག་ཡེ་ཤེས་ཟང་ཐལ་འདི། །རླུད་ལྔ་དག་དང་སྦྱར་བ་ན། །རིག་པ་ཡེ་ཤེས་དྲོད་དང་གཉིས་སུ་མེད། །མེ་དང་མཉམ་པའི་རླུང་ཡང་ཡིན། །རིག་པ་འཁོར་འདས་སྲོག་ཡིན་པས། །སྲོག་འཛིན་པ་ཡི་རླུང་ཡང་ཡིན། །རིག་པས་འབྱུང་བ་དྭངས་སྙིགས་འབྱེད། །དྭངས་སྙིགས་འབྱེད་པའི་རླུང་ཡང་ཡིན། །རིག་པས་འཁོར་འདས་གཉིས་སུ་ཕྱེ་བར་བྱེད། །རིག་པས་ཀུན་ལ་ཁྱབ་པས་ན། །ཀུན་ཏུ་ཁྱབ་བྱེད་རླུང་ཡང་ཡིན། །རིག་པས་འཁོར་བའི་སྲོག་བཅད་ནས། །མྱང་འདས་ས་ལ་སྐྱེལ་བས་ན། །སྙིང་རྗེ་མེད་པས་སྐལ་པ་ཡི། །ལས་རླུང་དྲག་པོ་ཞེས་བྱའོ། །རང་གི་དྭངས་མ་ལྔ་ཡང་ཡིན། །རིག་པ་གསལ་སྟོང་ངང་གནས་ཕྱིར། །ནམ་མཁའི་ཁམས་ནི་དྭངས་མ་ཡིན། །རིག་རྩལ་འགྱུ་བ་དྭངས་སངས་པས། །འབྱུང་བ་རླུང་གི་དྭངས་མ་ཡིན། །རིག་པ་རང་བཞིན་བག་དྲོ་བས། །འབྱུང་བ་མེ་ཡི་དྭངས་མ་ཡིན། །རག་པ་བདེ་དྲོད་ལྡན་པ་སྟེ། །འབྱུང་བ་ཆུ་ཡི་དྭངས་མ་ཡིན། །རིག་མདངས་ཁ་དོག་ལྔ་ལྡན་ཏེ། །འབྱུང་བ་ས་ཡི་དྭངས་མ་ཡིན། །རང་རིག་ཡེ་ཤེས་གསལ་སྟོང་འདི། །ལུས་དང་གྲིབ་མའི་ཚུལ་དུ་ནི། །དག་པ་ཡེ་ཤེས་གནས་ལུགས་དང། །མ་དག་འཁོར་བའི་གནས་ལུགས་གཉིས། །སོ་སོར་ཕྱེ་སྟེ་ངོ་སྤྲད་དང། །ཁྱད་པར་རིན་ཆེན་ཟུར་བརྒྱད་མཛོད། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །ཞལ་ཕྱག་རྫོགས་པས་བུམ་སྐུའི་ཚུལ། །ལྷུན་གྲུབ་འོད་ཀྱི་གོང་བུ་མྲ །རང་ཆས་ཉིད་དུ་བཞུགས་ཚུལ་དང། །གནས་ལུགས་གཏན་ལ་ཕབ་ནས་སུ། །ངོ་སྤྲོད་ཉིད་དུ་ཡང་ཡང་བསྟན། །ཀུན་ཏུ་བཟང་པོའི་དགོངས་ཚིག་རྣམས། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །རྡོ་རྗེ་འཛིན་པས་ངེས་ཞུས་ནས། །ལེགས་པར་གཏན་ལ་ཕབ་པས་ཏེ། །རྒྱུད་ཚིག་ལེའུ་ཉེར་གཉིས་པའོ། །ས་མ་ཡ༷༷གཏེར་རྒྱ།སྦས་རྒྱ།ཟབ་རྒྱ། བྱུ་་་་་ཐ་ ཡང་ཅིག་གཞོན་ནུ་སྟོབས་ལྡན་གྱིས། །སྟོན་པ་ཉིད་ལ་ཡང་གསོལ་བ། །སེམས་ཅན་ཀུན་གྱི་རང་རྒྱུད་ལ། །དག་པ་ཡེ་ཤེས་གནས་ལུགས་དང། །མ་དག་འཁོར་བའི་གནས་ཚུལ་དང། །ཁྱད་པར་སྙིང་ལ་གནས་ཚུལ་རྣམས། །ལེགས་པར་གོང་དུ་བཤད་གྱུར་ཀྱང། །སེམས་ཅན་རྣམས་ཀྱིས་མི་གོ་བས། །དེ་ལྟར་གནས་པའི་ཡེ་ཤེས་དེ། །ལམ་ནི་གང་ལ་ཞུགས་པ་ཡིན། །ཞུས་པའི་ལན་དུ་བཀའ་སྩལ་པ། །ཨ་ཧོ་གཤོན་ནུ་སྟོབས་ལྡན་ཉོན། །སྙིང་ལ་གནས་པའི་ཡེ་ཤེས་དེ། །ལམ་ནི་རྩ་བཞི་ཡིན་ལགས་ཀྱང། །ཁྱད་པར་ཀ་ཏི་ཤེལ་སྦུག་ཅན། །རྩ་ནི་དར་དཀར་སྐུད་པ་འདྲ། །ཁྲག་དང་ཆུ་སེར་མེད་པ་མྲ །སྙིང་གི་རྩེ་མོར་ཡར་ཟུག་ནས། །སྒལ་པའི་འདབ་མ་གཡས་པ་ནས། ཁ་པྲག་གཉིས་སུ་ཡར་གྱེས་ཏེ། །རྩེ་ཆུང་གཡས་གཡོན་གཉིས་ན་ཡར། །རྣ་འདབ་གཡས་ནས་ཀླད་པར་ཟུག །ཀླད་རྒྱའི་ནང་ནས་མིག་ལ་འབྲེལ། །རྩ་སྣ་རྒྱལ་མོ་གཉིས་ལ་ཟུག །རྒྱལ་མོའི་མིང་ནི་འདི་སྐད་དོ། །རྒྱང་ཞགས་ཆུ་ཡི་སྒྲོན་མེ་ཟེར། །ཡེ་ཤེས་སྙིང་གི་དཀྱིལ་དུ་གནས། །དར་དཀར་སྐུད་པ་ལྟ་བུ་ཡི། །རྩ་ཡི་ལམ་ལ་ཡེ་ཤེས་འཆར། །ཡེ་ཤེས་དེ་ཡི་རང་འོད་ནི། །མེ་ལོང་དཀྱིལ་འཁོར་ལྟ་བུ་དང། །དཔེར་ན་ཉ་ཡིམིགབཞིནགནས། །སྣང་བར་ནུས་པའི་འགྱུ་བྱེད་རླུད། །རོ་རྐྱང་གཉིས་པོ་རླུ་་གི་ལམ། །ཀུན་ཞར་འབྱུང་ཞུ། །དེ་སྐད་ཅེས་ནི་ཞུས་པ་དང། །སྟོན་པས་ལན་དུ་འདི་སྐད་གསུངས། །ཀྱེ་ཧོ་རྡོ་རྗེ་འཛིན་པ་ཉོན། །ཡེ་ཤེས་འཆར་བའི་སྒོ་ཉིད་ནི། །ལུས་བཅུད་སྒོ་ལ་ཀུན་འདུས་པའི། །ཙསྟུ་ཞེས་པའི་སྒོ་ལ་གསལ། །འཁོར་འདས་གཉིས་ཀྱི་སྣང་བ་སྟོན། །དར་སྐུད་བ་མན་རྭ་འདྲའི་བ། །ཨ་འབྲས་ཞེས་བྱས་དཀར་ནག་ཕྱེད། །ནམ་མཁའི་མཐོངས་སུ་བགྲད་པ་ཡིན། །ཡེ་ཤེས་སྣང་བ་ལྷུག་པར་འཆར། ཁྲེས་པའི་རང་རྩལ་རྫོགས་པར་སྟོན། །འདི་ནི་མངོན་སུམ་མཐོང་བས་ཏེ། །སྒྲོན་མ་བཞི་ཡང་འདི་ལ་འཆར། །མིག་གཉིས་རྒྱང་ཞག་ཆུ་སྒྲོན་ཡིན། །གཟུགས་སོགས་ངོ་བོ་ཉིད་དུ་སྡུད། །དོན་རྣམས་རིག་ཅིང་གོ་བར་བྱེད། ་ས་རབ་རང་བྱུང་སྒྲོན་མའོ། །ཐེག་པ་རྣམས་ཀྱི་ཐེ་ཚོམ་གཅོད། །ཡིན་ནི་ནམ་མཁའ་སྟོང་པ་ཡིན། །ཆོས་རྣམས་མཉམ་པ་ཉིད་དུ་ནི། །བསྡུས་ཏེ་རང་སྣང་འཛིན་པར་བྱེད། །འདི་ནི་བག་ཆགས་འབྲེལ་རྒྱུན་གཅོད། །དབྱིངས་་ཀྱི་དྭངས་མ་སྡུད་པ་དང། །ཆོས་ཉིད་མངོན་སུམ་སྣང་བ་འཆར། །ཐིག་ལེ་སྟོང་པའི་སྒྲོན་མ་ཡི། །འཁོར་འདས་བསྲེ་བའི་འཚམས་སྦྱོར་བྱེད། །འདིས་ནི་ལས་ཀུན་བྱེད་པས་ཏེ། །མིག་ལ་བརྟེན་ནས་འཇའ་འོད་འཆར། །རླུང་གིས་བཀྲག་དང་གཟི་མདངས་བསྐྱེད། །བསྒྱུར་ཅིང་ཡེ་ཤེས་སྣང་བ་སྟོན། །དག་པ་དབྱིངས་ཀྱི་སྒྲོན་མ་ཡི། །རྣལ་འབྱོར་ཉམས་ཀྱི་ས་བོན་འདེབས། །འོད་སྣང་ཞིང་ཁམས་ཉིད་དུ་འཆར། །སྒྲོན་མའི་མཚན་ཉིད་མང་བཤད་ཀྱང། །མངོན་སུམ་མཐོང་བ་ཉིད་ཡིན་ནོ། །སྣང་བ་ཡིས་ནི་འཆར་བྱེད་ལམ། །རྐྱེན་གྱིས་མ་བསྒྲིབས་སེམས་ཅན་མིག། །རྒྱལ་མོའི་དཀྱིལ་འཁོར་སྒོ་ནས་ནི། །ཉི་མའི་དཀྱིལ་འཁོར་བཞིན་དུ་ཡངས། །རང་གི་འོད་ཀྱི་ཟེར་བཞིན་དུ། །རང་ཆས་བཞིན་དུ་རྣམ་པར་སྣང། །ཆོས་ཉིད་མཚན་ཉིད་ཡེ་ཤེས་ལྔ། །ཁ་དོག་མ་འདྲེས་མཚན་ཉིད་ལྡན། །སྐུ་དང་ཡེ་ཤེས་སྣང་བ་ནི། །རང་བཞིན་སྣང་བ་མ་འགགས་ཤར། །རིག་པའི་སྐུ་ནི་ལྷ་ཁང་འདྲ། །སྒྲོན་མ་བཞི་ནི་མཐོང་ཁུང་འདྲ། །རང་རིག་ཡེ་ཤེས་མར་མེ་འདྲ། །སྒྲོན་མ་བཞི་ཡང་དབྱིངས་སུ་འདུས། །གཉིས་ཀྱི་དབྱིངས་ལ་འདུས་པའོ། །རྒྱང་ཞིག་གིས་ནི་གཟུགས་རྣམས་འཛིན། ཁེས་རབ་ཀྱིས་ནི་དོན་རྣམས་ཤེས། །ཐིག་ལེ་དབྱིངས་དང་གཉིས་སུ་མེད། །འོད་སྣང་ཐམས་ཅད་རིམ་བཞིན་འཆར། ། དེ་དག་ཡེ་ཤེས་འཆར་སྒོའོ། །མ་དག་ཉོན་མོངས་འཆར་བའི་སྒོ། །ཁ་སྣ་གཉིས་དང་རྣ་བའོ། །ཁྱད་པར་ཁ་སྣ་གཉིས་པོ་ནི། །ལས་དང་ཉོན་མོངས་བག་ཆགས་སྡུད། །རྣམ་གཡེངས་བག་ཆགས་ཐམས་ཅད་སྡུད། །དེ་ནི་མ་དག་འཁོར་བའི་སྒོ། །རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། །འཁོར་འདས་འཆར་བའི་འཆར་སྒོ་བསྟན། །ཁྱད་པར་ཡེ་ཤེས་འཆར་བའི་སྒོ། །ཡང་དག་བསྟན་པའི་རྒྱུད་ཚིག་ལེའུ་ཉེར་བཞི་པའོ། །ཡང་ཅིག་གཞོན་ནུ་སྟོབས་ལྡན་གྱིས། །སྟོན་པ་ཉིད་ལ་ཡང་ཞུས་པ། །དེ་ལྟར་འཆར་བའི་ཡེ་ཤེས་དེ། །ཡུལ་ནི་གང་དུ་འཆར་བ་ལ། །ཞུས་པའི་ལན་དུ་བཀའ་སྩལ་པ། །ཀྱེ་ཧོ་ཡང་དག་ལེགས་པར་ཉོན། །ཡུལ་རྐྱེན་བྲལ་གསུམ་ལ་འཆར། །བདག་རྐྱེན་གཞན་རྐྱེན་འབྱུང་བཞིའི་རྐྱེན། །ཁྱད་པར་ནམ་མཁའ་དྭངས་པ་ལ། །རླུད་དང་སེར་བུ་ཁུ་རླུད་མེད། །དབྱར་མ་སྟོན་དང་དགུན་བྱུང་དུས། །འཛིན་པ་མེད་པའི་བར་སྣང་ལ། །འོད་དང་ཁ་དོག་དབྱིངས་ཉིད་དང། །ཡེ་ཤེས་ལྔ་ཡི་རང་སྣང་འཆར། །ཞེ་འདོད་མེད་པའི་སྒྲོན་མ་ནི། །ཐིག་ལེ་སྟོང་པའི་སྒྲོན་མ་ཤར། །གཉིས་མེད་གཅིག་གི་རང་མདངས་ལ། །ཐིག་ལེ་སྐུ་དང་ཡེ་ཤེས་ཉིད། །འཁྲུལ་སྣང་དག་པའི་ཞིང་ཁམས་ནི། །ངོ་བོ་རང་བཞིན་གཉིས་མེད་པར། །སྟོང་གསལ་འགག་པ་མེད་པ་སྲ །རྫོགས་ལྡན་ཆོས་སྐུའི་སྣང་བ་མཐོང་། །རྫོགས་ལྡན་འོད་ཀྱི་མུ་ཁྱུད་ཟིན། །ཡུལ་བྲལ་སྒྱུ་མ་གཟུགས་ཀྱི་སྐུ། །རིགས་སྟོང་གསལ་བ་ཆོས་ལོངས་རྫོགས། །འཕོ་འགྱུར་མེད་པར་ལྷང་ངེར་ཤར། །རང་རིག་རང་གསལ་ངོ་མཚར་ཆེ། །ལྟ་བ་རང་བྱུང་ཡེ་ཤེས་ཏེ། །སྒོམ་པ་དབྱིངས་རིགས་རང་ངོ་ཟུང། །སྤྱོད་པ་སྒྲོན་མ་བཞི་ལྡན་སྤྱོད། །འབྲས་བུ་སྐུ་གསུམ་རང་ངོར་རྫོགས། །ཕྱི་དབྱིངས་ནམ་མཁའ་སྟོང་པ་ལས། །ནང་དབྱིངས་རིག་པ་ཡེ་ཤེས་ཤར། །སྒྲོན་མ་བཞི་ནི་ལམ་དུ་འདོད། །དོན་གྱི་སྙིང་པོ་གང་ཡིན་པ། །རྐྱེན་བྲལ་ནམ་མཁའ་ཉིད་ལ་བརྟག། །དབྱིངས་རིག་འདུ་འབྲལ་མེད་པ་ཡི། །རིག་པ་རྡོ་རྗེ་ལུ་གུ་རྒྱུད། །དབང་པོའི་སྒོ་ནས་ལེགས་དོན་ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ནི། །རྐྱེན་བྲལ་གསུམ་ལ་གསལ་བར་འགྱུར། །སུས་ཀྱང་བྱས་པ་མེད་པ་ཡི། །གསལ་དག་ཆེན་པོའི་རང་དབྱིངས་ལས། །ཕྱི་ནང་མེད་པར་ངོ་མཚར་ཆེ། །སྟོང་པ་ཆེན་པོའི་འབྱུང་གནས་ལས། །ཡེ་ཤེས་ཆེན་པོའི་འོད་ཟེར་འབར། །ཀུན་ལ་ཡོད་པའི་འོད་པོ་ཆེ། །ཉི་མའི་དཀྱིལ་འཁོར་དངས་པ་ལ། །འོད་ཟེར་ཁ་དོག་ཤར་བ་ལྟར། །རྣམ་དག་སྟོང་པའི་ནམ་མཁའ་ལ། །དོན་གྱི་སྙིང་པོ་མ་འདྲེས་པ། །ཚོམ་བུ་ལྔ་ཡི་དཀྱིལ་འཁོར་ལ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གསལ། །འོད་ཕུང་ནམ་མཁའི་མཐའ་དང་མཉམ། །བག་ཆག་གཟུགས་ལ་རབ་བརྟེན་ནས། །ཐིག་ལེ་སྟོང་པའི་ཡེ་ཤེས་ནི། །དག་པ་དབྱིངས་ཀྱི་ངང་ལ་སྦྱོར། །ཡེ་ཤེས་སྒྲོན་མ་རང་སྣང་འོད་པོ་ཆེ། །ཡེ་ཤེས་སྒྲོན་མ་ལྡན་པ་ཀུན་གྱི་གཞི། །ཡེ་ཤེས་སྒྲོན་མ་ཡུལ་སྣང་རྣམ་པར་དག །འདི་ནི་ཡིད་དཔྱོད་མ་ཡིན་པས། །མངོན་སུམ་རང་ཐོག་ཕབ་པའོ། །ཅི་ཕྱིར་མངོན་སུམ་ཞེས་པ་ནི། །སྒོ་དང་ཡུལ་དང་རིག་པ་གསུམ། །འདུ་འབྲལ་མེད་པར་གནས་པའོ། །ཆོས་ཉིད་མངོན་སུམ་སྣང་བ་འདི། །མཐོང་བ་ཙམ་གྱིས་ཤེས་པ་དང་། ཁེས་པ་ཙམ་གྱིས་རྟོགས་པ་དང་། །རྟོགས་པ་ཙམ་གྱིས་གྲོལ་བ་དང་། །གྲོལ་བ་ཙམ་གྱིས་ཕྱིར་མི་ལྡོག །རིག་པ་ཡེ་ཤེས་ལུ་གུ་རྒྱུད། །ཡེ་ནས་གཞི་ལ་གནས་མོད་ཀྱང་། །བར་དུ་རྐྱེན་མེད་རྐྱེན་གྱིས་གསལ། །མངོན་སུམ་རང་ཐོག་ཉིད་དུ་ཕེབས། །འདི་ནི་ཡང་དག་དོན་ཉིད་དོ། །རིག་པའི་ངོ་བོ་ལུ་གུ་རྒྱུད། །འདས་དང་མ་འོངས་ད་ལྟར་བར། །སུས་ཀྱང་བྱས་པ་མེད་པ་མྲ །ཡེ་ཉིད་ནས་ནི་རང་གསལ་ལོ། །རིག་པ་རྡོ་རྗེ་ལུ་གུ་རྒྱུད། །ལུ་གུ་རྒྱུད་ཀྱི་མཚན་ཉིད་ནི། །རྣམ་པར་རྟོག་པ་ཀུན་དག་ནས། །མ་གྲུབ་པ་ཡི་སངས་རྒྱས་སོ། །མངོན་སུམ་བསྟན་པའི་སྐལ་ལྡན་ལ། །ཁམས་གསུམ་འཁོར་བའི་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །རང་གི་རྡོ་རྗེ་ལུ་གུ་རྒྱུད། །འདི་ལ་ཡོན་ཏན་བསམ་མི་ཁྱབ། །མདོ་དོན་ཟབ་མོའི་ངང་དུ་བསྡུ། །སྣང་བ་རང་ལུགས་འཆར་བས་ན། །ཡུལ་སྣང་འཛིན་པས་ཅི་ཞིག་བྱ། །རང་བཞིན་སྣང་བའི་ངོ་བོ་ལ། །ཆོས་ཀྱི་སྐུ་ཡི་མུན་པ་སངས། །ཆོས་ཀྱི་སྐུ་ནི་གཅིག་ཡིན་པས། །བྱ་བྱེད་དྲི་མ་གཉིས་ལས་འདས། །རིག་པའི་སྣང་བ་རང་རྫོགས་པས། །ཆོས་ཀྱི་མེ་ལོང་ཉིད་དུ་སྣང་། །གསལ་བའི་འོད་སྣང་སྣ་ཚོགས་འབྱུང་། །དྲི་མའི་སྐྱོན་དང་འདི་བྲལ་བས། །སྐུ་གསུམ་རང་རྫོགས་ཉིད་དུ་སྣང་། །བྱ་བྱེད་བྲལ་བས་རང་སར་གྲོལ། །ཆོས་སྐུ་དྲི་མ་མི་གནས་པས། །འཛིན་པ་སད་པའི་ཐིག་ལེར་ཤར། །ཐིག་ལེ་ཉག་གཅིག་སྣང་བ་ལ། །རྟོག་པའི་ཡིད་ནི་ག་ལ་ཡོད། །དབྱིངས་ཀྱི་སྒྲོན་མ་རྒྱན་བཟང་བས། །ཆོས་ཉིད་ཡུལ་གྱི་སྣང་བ་ལ། །སྣ་ཚོགས་སྣང་བ་བསམ་མི་ཁྱབ། །ཆོས་ཉིད་རྒྱན་བཟང་ཨ་ལ་ལ ང་ཡི་ཆོས་ལ་ཚིག་མེད་པས། །སྟོང་པ་ཉིད་ལ་བདག་མེད་ལྟ། །ཆོས་སྐུའི་སྣང་བ་ངོ་མཚར་ཆེ། །རྟོག་པའི་བློ་སྣང་བསམ་ཡས་ཏེ། །ཆོས་སྐུའི་སྣང་བ་གཅིག་ལས་མེད། །སྣ་ཚོགས་སྐུ་ནི་བསམ་ཡས་ཀྱང་། །ཡེ་ཤེས་སྐུ་གཅིག་བསྟན་པ་ཡི། །ཐམས་ཅད་རང་གི་གྲོགས་སུ་འགྱུར། །ཡེ་ཤེས་འོད་འབར་སྣང་བ་ཡི། །སྐུ་ཡི་དོན་ནི་བསམ་ལས་འདས། །མཚན་མའི་ཡུལ་ནི་ཀ་ནས་དག །དྲི་མའི་ཕྱོགས་ཀྱིས་ང་མི་སྒྲིབ། །ང་ལ་སྐྱེ་དང་འཆི་མེད་པས། །དགེ་བའི་ཕྱོགས་ཀྱིས་ང་མི་སྐྱོབ། །ང་ལ་ལུས་སེམས་གཉིས་མེད་པས། །སྡིག་པས་ང་ཡི་སྐུ་མི་འགྲིབ། །རང་རིག་ཡེ་ཤེས་འོད་གསལ་བས། །འཁོར་བའི་མུན་པས་ང་མི་སྒྲིབ། །ང་ལ་ཞེ་སྡང་སེམས་མེད་པས། །ཞི་གནས་ལྷག་མཐོང་ཅི་ཞིག་བྱ། །ང་ལ་འཛིན་པའི་སེམས་མེད་པས། །རྟོག་པའི་བསམ་པས་ང་མི་རྙེད། །ཆོས་མེད་པ་ལ་ཆོས་ཉིད་འབྱུང་། །ཡུལ་མེད་པ་ཡུལ་ལྟར་སྣང་། །ཐམས་ཅད་ཞིང་ཁམས་རྒྱས་པ་ལ། །དྲན་བྱེད་ཡུལ་དུ་མེད་པའོ། །ཆོས་འདས་ཆོས་སྐུ་མ་ཤེས་ན། །ལུ་གུ་རྒྱུད་ཀྱི་སྐུ་ལ་ལྷོས། །ཡེ་ཤེས་རྣམ་ལྔ་མ་ཤེས་ན། །རིག་པ་ལུག་རྒྱུད་མཁའ་ལ་ལྟོས། །རིག་པའི་སྤྱན་ལྔ་མ་ཤེས་ན། །རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལ་ལྟོས། །ཡེ་ཤེས་སྒྲོན་མ་བཞི་ལྡན་མཐོང་། །དེ་ཡང་ཤ་ཡི་སྤྱན་གྱིས་མཐོང་། །མཐོང་སྣང་མ་འགགས་ཤར་བདེ། །ཕྱི་དང་ནང་གི་དོན་ཤེས་ཏེ། །དངོས་པོ་ཐམས་ཅད་རྟོགས་པ་ནི། ཁོ།ས་རབ་སྤྱན་གྱི་མཐོང་བའོ། །དེ་ཡི་ངང་ལ་ཕྱི་ནང་གི །ཆོས་རྣམས་རྫོགས་ཤིང་ཤར་བ་ནི། །ཆོས་ཀྱི་སྤྱན་གྱིས་མཐོང་བའོ། །དེ་ཡི་དོན་ལ་མ་འགགས་པར། །ཆོས་ཀྱི་མཚན་ཉིད་ཤེས་པ་ནི། །མཁྱེན་པའི་སྤྱན་གྱིས་ཐམས་ཅད་གཟིགས། །དེ་ཡང་མི་གནས་རིག་པའི་སྐུ། །མངོན་སུམ་ངང་ལས་མ་ཡེངས་པར། །རྣམ་པར་གྲོལ་བའི་སྤྱན་གྱིས་གཟིགས། །དེ་ལྟར་སྤྱན་ལྔའི་གཟིགས་སྣང་རྣམས། །རིག་པ་ལུག་རྒྱུད་ཉིད་ལ་ཐུག །སྐྱེ་ཤི་མེད་པའི་སྲོག་འཛིན་ན། །ལུ་གུ་རྒྱུད་ཀྱི་སྐུ་ལ་ལྟོས། །འགགས་མེད་རང་སར་གྲོལ་འདོད་ན། །ལུ་གུ་རྒྱུད་ཀྱི་སྣང་བ་ལྟོས། །དྲན་མེད་ཆོས་སྐུ་ལྟ་འདོད་ན། །ལུ་གུ་རྒྱུད་ཀྱི་དངོས་པོ་ལྟོས། །ཕྱི་ནང་ཆོས་རྣམས་ཤེས་འདོད་ན། །རིག་པ་ལུག་རྒྱུད་འགྱུ་བ་ལྟོས། །གནས་མེད་ཆོས་སྐུ་ལྟ་འདོད་ན། །རིག་པ་ལུག་རྒྱུད་སྣང་བ་ལྟོས། །མཚན་ཆོས་རང་སྣང་ལྟ་འདོད་ན། །ཆོས་ཉིད་ལུག་རྒྱུད་སྐུ་ལ་ལྟོས། །སངས་རྒྱས་ཐུགས་དགོངས་ལྡན་འདོད་ན། །ལུག་རྒྱུད་སྐུ་དང་འབྲལ་མ་བྱི། །ལྟ་སྒོམ་སྤྱོད་གསུམ་རིལ་འདོད་ན། །ལུ་གུ་རྒྱུད་ལ་རྒྱུན་པར་ལྟོས། །ལྟ་བ་རྒྱུན་གྱི་རྣལ་འབྱོར་པས། །ལེགས་པར་ཡང་དག་ཉིད་དུ་ནི། །སྡོམ་ཚིག་འདི་རྣམས་ཡིད་ལ་ཟུང་། །གསང་སྔགས་ཀུན་གྱོ་གནས་ཚུལ་ནི། །རིན་ཆེན་ཟུར་བརྒྱད་གཞལ་ཡས་དང་། །ལྟ་བྱེད་མིག་གི་གཞལ་ཡས་དང་། །མཁའ་ཉམས་ཐིག་ལེའི་གཞལ་ཡས་དང་། །རྣམ་དག་དབྱིངས་ཀྱིས་གཞལ་ཡས་སུ། །གསང་སྔགས་ཀུན་གྱི་གསང་ཆེན་གནས། །རང་རིག་སྐུ་ལ་འགྱུར་བ་མེད། །ལྟ་སྒོམ་ལམ་དུ་རབ་བཞུགས་ནས། །མཁའ་མཉམ་སྟོང་པ་ཉིད་ལ་སྦྱར། །དོན་གྱིས་ཡེ་ཤེས་ཅིར་ཡང་སྣང་། །ངང་ལས་རྫོགས་ཤིང་ངངལས་བྱུང་། །གནས་ཚུལ་ཆེན་པོ་དེ་ཉིད་ལས། །ལྟ་བའི་དོན་ནི་ལུ་གུ་རྒྱུད། །ཆོས་ཅན་ལྟ་བ་གྲངས་མང་ཡང་། །ཆོས་ཉིད་ལྟ་བ་གཅིག་ལས་མེད། །ལྟ་བ་རྒྱུན་གྱི་རྣལ་འབྱོར་བས། །དེ་ཡི་དོན་ལ་འགྱུར་མེད་ལྟ། །དེ་ཡང་ལུ་གུ་རྒྱུད་ཀྱི་སྐུ། །མངོན་དུ་སྣང་ཞིང་གཟུང་བ་དཀའ། །རིག་པའི་ངོ་བོ་དེ་ཉིད་ལས། །འགག་མེད་ཟང་ཐལ་གནས་པའི་དཔེ། །དཔེར་ན་རྒྱ་མཚོ་དངས་པ་ལས། །གཟའ་དང་སྐར་མ་ཤར་བ་བཞིན། །སྣ་ཚོགས་ཟང་ཐལ་ཆེན་པོར་ཤར། །ལྟ་བ་རྒྱུན་གྱི་རྣལ་འབྱོར་པས། །དེ་ཡི་དོན་ལ་མ་ཡེངས་ན། །རང་སྣང་ཆོས་ཉིད་རོལ་བ་ཆེ། །སྤྱོད་པ་རྒྱུན་གྱི་རྣལ་འབྱོར་པས། །ལུ་གུ་རྒྱུད་ཀྱི་ངོ་བོ་དང་། །དུས་བཞི་ཉིད་དུ་མ་བྲལ་ན། །སྒྲོད་པ་རྒྱུན་གྱི་རྣལ་འབྱོར་ཡིན། །རང་གིས་སྒོམ་པའི་རྒྱུ་མེད་ཀྱང་། །སྒོམ་པ་རྒྱུན་གྱི་རྣལ་འབྱོར་བྱུང་། །དུས་དང་དུས་མིན་ཐམས་ཅད་དུ། །ལུ་གུ་རྒྱུད་དང་མབྲལ་ན། །སྒོམ་པ་རྒྱུན་གྱི་རྣལ་འབྱོར་ཡིན། །རང་སྣང་རིག་རྒྱུད་མེད་མོད་ཀྱང་། །རང་རིག་ཁྱེར་སོར་བསྟན་པའོ། །རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། །སྣང་བ་གཞི་ཡི་ཆར་ཚུལ་དང་། །ཡེ་ཤེས་ཡུལ་སྣང་སྒྲོན་མ་བཞི། །སྒོ་དང་ཡུལ་གྱི་མཚན་ཉིད་རྣམས། །ལེགས་པར་གཏན་ལ་ཕབ་པས་ཏེ། །རྒྱུད་ཚིག་ལེའུ་ཉེར་ལྔ་པའོ། །ས་མ་ཡ།རྒྱ་རྒྱ། ་)་༡་༥་་གོ་ ཡང་ཅིག་གཞོན་ནུ་སྟོབས་ལྡན་གྱིས། །སྟོན་པ་ཉིད་ལ་ཡང་ཞུས་པ། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །སེམས་ཅན་རྣམས་ཀྱི་རང་རྒྱུད་ལ། །དག་པ་ཡེ་ཤེས་གནས་ཚུལ་དང་། །ལམ་དང་འཆར་སྒོ་ཡུལ་གང་གསལ། །ལེགས་པར་གཏན་ལ་ཕབ་ན་ཡང་། །སེམས་ཅན་བློ་ལ་ཐེ་ཚོམ་པས། །ལྟ་སྒོམ་རྣམས་ཀྱི་གོལ་ས་དང་། །མ་དག་འཁོར་བའི་ཡུལ་གང་ལགས། །དེ་སྐད་ཅེས་ནི་ཞུས་པའི་ལན། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །ཨེ་མ་གཞོན་ནུ་སྟོབས་ལྡན་ཉོན། །ལྷ་སྒོམ་སྤྱོད་པའི་རྣལ་འབྱོར་ལ། །གོལ་ས་རྣམ་པ་གསུམ་ཡོད་དེ། །སྟོང་པ་ཉིད་ལ་འཐས་པས་ན། །གཟུགས་མེད་སྐྱེ་མཆེད་མུ་བཞིར་གོལ། །དངོས་པོ་ཅན་དུ་འཐས་པས་ན། །གཟུགས་ཁམས་གནས་རིགས་བཅུ་བདུན་དང་། །བེམས་པོ་ལྟ་བུར་གོལ་བར་འགྱུར། །ལུ་གུ་རྒྱུད་ཀྱི་སྣང་བ་ལ། །རྟག་པ་ཅན་དུ་འཐས་པ་ན། །ཆགས་པ་ཆེན་པོས་བཅིངས་པར་འགྱུར། །འགྲོ་དྲུག་གནས་སུ་གོལ་བའོ། །ཡང་ཅི་གོལ་ས་གསུམ་ཡོད་དེ། །འདི་ལྟར་སྣང་བ་ཐམས་ཅད་ལ། །སྨྱོན་པ་ལྟ་བུར་སྤྱད་གྱུར་ན། །ནམ་མཁའ་ལྟ་བུར་མཐའ་ཡས་གོལ། །དོན་ལ་ཁ་ཆོས་ཉམས་ལེན་མེད། །མུ་སྟེགས་ལྟ་བར་གོལ་བར་འགྱུར། །སྒོམ་པ་རྒྱུན་གྱི་རྣལ་འབྱོར་ལ། །གོལ་ས་རྣམ་པ་གསུམ་ཡོད་དེ། །བཏང་སྙོམས་བདག་མེད་བསྒོམ་བྱས་ན། །སྟོང་སྣང་མུན་སྣང་ཉིད་དུ་གོལ། །ཏིང་འཛིན་ཡིག་འབྲུ་བསྒོམ་བྱས་ན། །དགས་ནས་འཁོར་བའི་གནས་སུ་གོལ། །མི་རྟོག་སྟོང་པ་བསྒོམ་བྱས་ན། །ཆད་པའི་མུ་སྟེགས་ཉིད་དུ་གོལ། །གོལ་བའི་རྒྱུ་ལ་བསམ་འདས་ཀྱང་། །གོལ་ས་ཆེན་པོ་དེ་ལས་མེད། །ལུ་གུ་རྒྱུད་ལ་གོལ་ས་མེད། །ལམ་པའི་རྒྱུད་ལ་གོལ་བར་སྣང་། །དོན་ལ་གོལ་ས་གཅིག་ཀྱང་མེད། །རྒྱུ་དང་འབྲས་བུ་བརྟགས་པ་ཡང་། །གོལ་ས་གཅད་ཕྱིར་གསུངས་པའོ། །གནས་ངན་ཡུལ་ངན་གྲོགས་ངན་གསུམ། །དེ་ཡང་གོལ་ས་ཆེ་་།ས་ཡིན། །ཁ་ངན་ཁོག་གྱོང་རང་རྒྱུད་ངན། །དུག་ལྔ་དུག་གསུམ་ལོ་འདབ་རྒྱས། །དེ་རྣམས་གོལ་ས་ཆེ་་།ས་ཡིན། །ལྟ་སྦྱོད་སྒོམ་གསུམ་བྱེད་པ་ལ། །གོལ་ས་དེ་རྣམས་ཆོད་པ་གཅེས། །ཡང་ཅིག་གཞོན་ནུ་སྟོབས་ལྡན་ཉོན། །སེམས་ནི་བག་ཆགས་རྩ་བ་སྟེ། །སེམས་ཅན་ཀུན་གྱི་དྲི་མ་ཡིན། །སེམས་ནི་རླུད་དང་འདྲ་བ་སྟེ། །བག་ཆགས་ཐམས་ཅད་གནས་སུ་སྡུད། །དེ་ཡང་སེམས་ཅན་དྲི་མ་ཡིན། །དབུགས་འདི་ཆུ་དང་འདྲ་བ་སྟེ། །བག་ཆགས་ཀུན་གྱི་གནས་ས་ཡིན། །དེ་ཡང་སེམས་ཀྱི་དྲི་མ་ཡིན། །དུག་ལྔ་མེ་དང་འདྲ་བ་སྟེ། །སྣང་བའི་ཡུལ་ལ་མེ་མཆེད་དེ། །མ་རིག་པ་ཡི་ཡུལ་རྣམས་ནི། །ཚོགས་དྲུག་སྣང་བ་ཐམས་ཅད་དང་། །རྣམ་གཡེང་སོགས་པའི་ཡུལ་རྣམས་ཡིན། །བདག་རྟོག་གཞན་རྟོག་ཐམས་ཅད་ཀུན། །ཉོན་མོངས་སོགས་པའི་ཡུལ་དུ་འདོད། །རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས།།འཁྲུལ་མེད་འཁྲུལ་དང་བཅས་པངའ་ཚུལ།།ལམ་དང་འཆར་སྒོ་ཡུལ་གང་གསལ།།ནོར་འཁྲུལ་གོལ་ས་བཅད་པ་དང་།།ངརམ་པ་བཞངན་དུ་སྟོན་པས་གསུངས།།ཁྱད་པར་ལྟ་སྒོམ་སྤྱོད་གསུམ་གྱང།།གོལ་ས་དག་ནི་བཅད་པ་དང་།།མ་དག་འཁོར་བངའ་ཡུལ་དང་ནི།།ལེགས་པར་ག་་ལ་ཕབ་པ་སྟེ།ཁུད་ཚིག་ལེའུ་ཉ་ར་དྲུག་པ་འ།།ས་མ་ཡ།གཏེར་རྒྱ།སྦས་རྒྱ།ཟབ་རྒྱ།་་༢༄ཉཁོཏ།ར་་སྟོན་པ་རྡ་་རྗ་་སེམས་དཔའ་ལ།།ཕྱག་ན་རྡོ་རྗ་ས་ཡང་ཞུས་པ།།ཀྱ་་མ་སྟོན་པ་རྡོ་རྗེ་སེམས།།གོང་དུ་ངཨུད་པའང་ཡོན་ཏན་རྣམས།།ཉམས་སུ་ལེན་ན་གང་ལྟར་ལེན།།ལེགས་པར་ཡང་དག་ཉངད་དུ་གསུངས།།དེ་སྐད་ཅེས་ནི་ཞུས་པངའ་ལན།།སྟོན་པ་ཉིད་ཀྱངས་འདི་སྐད་གསུངས།།ཀྱེ་ཧོ་འདུས་པངའ་འཁོར་རྣམས་ཉོན།།སྐུ་གསུམ་ལམ་དུ་ཁྱེར་བ་ལ།།ཕུན་སུམ་ཚོགས་པ་ལྔ་དང་ལྡན།།སྐྲུ་་སྐུངའ་གནས་ནི་སྐྲུ་་ཀྱང་དབྱངངས།།ལོངས་སྐུངའ་གནས་ནི་སྟུག་བཀོད་ཞངང་།།སྤྲུལ་སྐུངའ་གནས་ནི་ཀུན་ཁྱབ་ཞངང་།།སྟོན་པ་ཕུན་སུམ་ཚོགས་པ་ནི།།་ཆས་སྐུངའ་སྟོན་པ་ཀུན་ཏུ་བཟང་།།ལོངས་སྐུངའ་སྟོན་པ་གང་གོ་མཚོ།།སྤྲུལ་སྐུངའ་སྟོན་པ་རྡོ་རྗེ་འ་་།།ཞུ་བ་ཕུན་སུམ་ཚོགས་པ་ནི།།ཆོས་སྐུའི་འཁོར་ནི་དྲན་རིག་ཡིན།།ལོངས་སྐུའི་འཁོར་ནི་ཞི་ཁྲེཁེ་ཚོགས།།སྤྲུལ་སྐུའི་འཁོར་ནི་སངས་རྒྱས་སྟོང་།།བསྟན་པ་ཕུན་སུམ་ཚོགས་པ་ནི།།ཅོ་་སྐུའི་བསྟན་པ་ཐོག་མཐའ་མེད། །ལོངས་སྐུའི་བསྟན་པ་རྒྱུད་འདི་ཉིད། །སྤྲུལ་སྐུའི་བསྟན་པ་དབང་བཞིའི་དོན། །དུས་ཚོད་ཕུན་སུམ་ཚོགས་པ་ནི། །ཆོས་སྐུའི་དུས་ནི་འདས་པའོ། །ལོངས་སྐུའི་དུས་ནི་ད་ལྟའོ། །སྤྲུལ་སྐུའི་དུས་ནི་མ་འོངས་པ། །ཕུན་སུམ་ཚོགས་པ་གཞི་མའོ། །ལམ་གྱི་ཕུན་སུམ་ཚོགས་པ་ནི། །རྣམ་པ་ལྔ་རུ་ངས་བཤད་དོ། །གནས་མཆོག་ཕུན་སུམ་ཚོགས་པ་ནི། །རང་ལུས་འདོམ་གང་གྲུ་བཞི་ཡིན། །སྟོན་པ་ཕུན་སུམ་ཚོགས་པ་ནི། །རང་ཤེས་རིག་པའི་རྒྱལ་པོ་ཡིན། ཁུ་འཁོར་ཕུན་སུམ་ཚོགས་པ་ནི། །རྣམས་པར་ཤེས་པའི་ཚོགས་བརྒྱད་དོ། །བསྟན་པ་ཕྱི་ནང་རྟེན་འབྲེལ་ཚང་བ་ཡིན། །དུས་ཚོད་ཕུན་སུམ་ཚོགས་པ་ནི། །དབྱར་མ་སྟོན་དང་དགུན་ཆུང་དུས། །ཉིན་མཚན་དུས་བཞི་ལ་སོགས་ཡིན། །དེ་ནི་ལམ་གྱི་ཕུན་སུམ་ཚོགས་པའོ། །ཁྱད་པར་ཕུན་སུམ་ཚོགས་པ་ནི། །ས་གཞི་ཡོན་ཏན་ལྡན་པ་ནི། །རི་མཐོ་ས་གཙང་བྱིན་ཆགས་པ། ཁུ།བ་ཐོབ་རིམ་པས་བཅགས་པའི་གནས། །མི་རྒོད་ལ་སོགས་གཅོར་པ་མེད། །ཕུན་སུམ་ཚོགས་པའི་གནས་ཉིད་དུ། །བདག་ཉིད་འཁོར་སྤང་གཅིག་པུ་མྲ །ལུས་ངག་ཡིད་གསུམ་བྱ་བ་བཏང་་། །ཞབྲུལ་པའི་དབང་དུ་མ་སོང་བར། །ལུས་ཀློད་ངག་བསྡམ་སེམས་མི་སྤྲོ། །རྩེ་གཅིག་ཉིད་དུ་ཆོས་ལ་དྲིལ། །ཁམས་ཀྱི་རྟེན་གསོ་ཡོ་བྱད་བསགས། །འཚོ་བ་ཟས་ཀྱི་ཡོ་བྱད་དང་། །དུག་འཇོམ་སྨན་གྱི་ཡོ་བྱད་དང་། །བར་ཆོད་དགྲ་བཟློག་ཡོ་བྱད་དང་། །ཐུགས་དམ་བསྐང་བའི་ཡོ་བྱད་དང་། །བསྒྲུབ་པ་རྫས་ཀྱི་ཡོ་བྱད་དང་། །མཐུན་རྫས་ཐམས་ཅད་ཚང་བར་བསགས། །གཡོག་འཁོར་ཕུན་སུམ་ཚོགས་པ་ནི། །རྡོ་རྗེ་རྒྱལ་ཐེབ་རྡོ་རྗེ་བྱ་རོག་དང་། །རྡོ་རྗེ་སྤྱན་པོ་ཀརྨ་ལས་མཁན་དང་། །རྡོ་རྗེ་བྱན་པོ་རྡོ་རྗེ་གིང་ཆེན་དང་། །རྡུལ་ཕྱག་སྐྱེས་བུ་ལ་སོགས་བསག །ལོ་ཟླ་ཞག་དང་ཟ་མ་དང་། །གཟའ་དང་སྐར་མ་ཉི་མ་དུས། །བཟང་གསུམ་འཛོམ་པ་ཀུན་ལ་གཏད། །བསྟན་པ་ཕུན་སུམ་ཚོགས་པ་ནི། །རྒྱུད་གཞུང་ལག་ལེན་འདི་ཉིད་དོ། །རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། །ལམ་མཆོག་ཉམས་སུ་ལེན་པ་ལ། །ཕུན་སུམ་ཚོགས་པའི་མཚན་ཉིད་དེ། །རྒྱུད་ཚིག་ལེའུ་ཉེར་བདུན་པའོ།། །།མནྟྲ་གྲུ་རུ། །སྟོན་པ་རྡོ་རྗེ་འཆང་ཆེན་ལ། །རྡོ་རྗེ་འཛིན་པས་ཡང་ཞུས་པ། །ཕུན་ཚོགས་རིམ་པ་གསུངས་ན་ཡང་། །ཉམས་ལེན་གསལ་སྒྲོན་གསུང་དུ་གསོལ། །ཞུས་པའི་ལན་དུ་བཀའ་སྩལ་པ། །ཐོག་མར་ཉམས་སུ་ལེན་པ་ལ། །ཕུན་སུམ་ཚོགས་པའི་གནས་ཉིད་དུ། །ཉམས་སུ་ལེན་པའི་རྣལ་འབྱོར་པ། །ནང་ཚངས་ཅན་གྱི་གདན་ལ་བཞུགས། །རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅས། །ལག་པ་གཉིས་པོ་མཉམ་གཞག་བསྣོལ། །ལུས་པོ་མདའ་སྙུག་བཞིན་དུ་བསྲང་། །དཔུང་པ་རྒོད་གཤོག་ལྟ་བུར་བརྒྱང་། །འཇིང་པ་གཞུ་མོ་ལྟར་དུ་བཀུག །ལུས་ཁོག་ཕག་ཟེ་ཡར་ལ་སྟོད། །མིག་རྩེ་སྣ་རྩེ་སེམས་རྩེ་བསྟུན། །དེ་ནི་ལུས་ཀྱི་འཁྲུལ་འཁོར་ཏེ། །རྣམ་སྣང་ཆོས་བདུན་ཞེས་སུ་གྲགས། །རྒྱུད་ཚིག་ལེའུ་ཉེར་བརྒྱད་པའོ།། །།སྐལ་བཟང་ཐར་པ་འདོད་པའི་ལམ། །ལམ་མཆོག་དམ་པར་འཇུག་པ་ལ། །སེམས་བསྐྱེད་གཉིས་དང་ཚེ་ཚད་བཞི། །སྨོན་འཇུག་གཉིས་ལ་འབད་པར་བྱ། །འཁོར་དང་འདས་པའི་ཆོས་རྣམས་ཀུན། །མཉམ་ཉིད་བདེ་བ་ཆེན་པོའི་ངང་། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །དེ་ལྟར་མ་རྟོགས་འཁོར་བ་རྣམས། །སྡུ་བསྔལ་ཆེན་པོ་སྙིང་རེ་རྗེ། །བཟོད་གླགས་མེད་པའི་སེམས་ཤུགས་ཀྱིས། །ཐམས་ཅད་རྫོགས་པའི་སངས་རྒྱས་ཉིད། །ཐོབ་པར་བྱ་ཕྱིར་སེམས་བསྐྱེད་དོ། །དེ་ནས་དོན་དམ་སེམས་བསྐྱེད་ནི། །རང་སེམས་རིག་པ་ཧུར་པོ་འདི། །ཡེ་ཤེས་ལྔ་ཡི་རང་བཞིན་དུ། །སྟོང་གསལ་འགག་པ་མེད་པར་བསྒོམ། །ཨོ༷་བཛྲ་མ་ཧྭ་ཤཱརྒྱ་ཏྭ་རྙོ་ན་བཛྲ་སྭ་བྷ་བ་ཨུ་ད་མ་ཀོ་྅ཧ༷། །ཕྱི་དང་ནང་གི་ཆོས་རྣམས་ཀུན། །ཐམས་ཅད་མཉམ་ཉིད་བདེ་ཆེན་ངང་། །འགྱུར་མེད་དབྱིངས་སུ་གདོད་མ་ནས། །གསལ་སྟོང་ངོས་གཟུང་བྲལ་བ་མྲ །སྣང་བ་རང་བཞིན་མེད་པའི་ངང་། །ངོ་བོ་རང་བཞིན་ཐུགས་རྗེར་ལྡན། །ཡེ་ཤེས་ལྔ་ཡི་བདག་ཉིད་སྒོམ། །ཨོ༔ཐིག་ལེ་སྟོང་ཉིད་ཡི་ཤེས་ཆེ། །ཟླ་ཚེས་མེ་ལོངཡེ་ཤེས་ངང་། །ན་རོ་མཉམ་ཉིད་ཡེ་ཤེས་སྟེ། །ཨུ་ནི་སོར་རྟོག་ཡེ་ཤེས་སོ། འ་ནི་བྱ་གྲུབ་ཡེ་ཤེས་མཚོན། །དེ་ལྟར་རིག་སྟོང་ཡེ་ཤེས་ནི། ཡི་གེ་ཨོ༷་གྱི་ངང་དུ་རྫོགས། །བཛྲ་དུས་གསུམ་འཕོ་འགྱུར་མེད། །མ་ཧྭ་ཡེ་ཤེས་ཆེན་པོ་སྟེ། ཁུརྒྱ་ཏྭ་བརྗོད་པ་མེད་པའོ། །ཙྭ་ན་གསལ་སྟོང་འགག་པ་མེད། །བཛྲ་གསལ་སྟོང་འཕོ་འགྱུར་མེད། །སྭ་བྷ་ཝ་ཆོས་དབྱིངས་རྣམ་པར་དག། །ཨུད་མ་ཀོ་྅་ཧ༷་རང་སྣང་གསལ། །ལྟ་བ་ཡེ་རྫོགས་བྱང་ཆུབ་སེམས། །དམིགས་མེད་ཟང་ཐལ་ཀློང་དུ་བསྐྱེད། །ཅེས་དོན་དམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བའི་ལེའུ་ཉེར་དགུ་པའོ།། །།དེ་ལྟར་མ་རྟོགས་པའི་གང་ཟག་རྣམས་ལ། །གཉེན་པོ་བསྟེན་ནས་སྒོམ་པ་ནི་འདི་ལྟར་རོ། །འདི་ཡང་དོན་དམ་སེམས་བསྐྱེད་དོ། །སྟོང་པ་ཉིད་སྙིང་རྗེ་ཆེན་པོའི་ངང་། །ཁམས་གསུམ་ཚད་མེད་བཞི་ཡི་བདག། །ཡེ་ཤེས་ཆེན་པོ་ཅིར་མི་དགོངས། །སྟོང་གསལ་བྱ་རྫོགས་ཆེན་པོའི་ངང་། །བདག་ཉིད་སྐད་ཅིག་དྲན་རྫོགས་སུ། །མདུན་གྱི་ནམ་མཁའ་སྟོང་པ་ལ། །སྣ་ཚོགས་པདྨ་ཉི་ཟླའི་སྟེང། །ཧུ༷་ལས་བླ་མ་རྡོ་རྗེ་སེམས། །དྲི་མེད་དཀར་མདངས་རིག་པའི་སྐུ། །སྐྱིལ་ཀྲུང་རྡོ་རྗེ་དྲིལ་བུ་བསྣམས། །མཛེས་པའི་རིན་ཆེན་རྒྱན་གྱིས་སྤྲས། །ཆེ་ཆུང་ཚད་མེད་མཚན་དཔེར་ལྡན། །ལྟ་བས་མི་ཆོག་མཐའ་དང་བྲལ། །ཡེ་ནས་རང་ཡིན་གསལ་ཀྱང་གདབ། །བདག་ཉིད་དེ་ལྟར་གསལ་བ་ཡི། །མརྫོད་བུ་མགྲིན་པ་སྙིང་ཁ་མྲ །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །དཀར་དམར་མཐིང་ཀ་ཐིག་ལེ་གསུམ། །ཡེ་ཤེས་ལྔ་ཡི་མུ་ཁྱུད་ལྡན། །མཛོད་བུར་ཐིག་ལེ་ཨོ་དཀར་སྒོམ། །འོད་འཕྲོས་སྣང་སྲིད་ཨོ་དུ་གྱུ། །ཨོ་ཉིད་བཟླས་བས་ལུས་སྒྲིབ་དག །མ་ཧྭ་སྐུ་ཡི་དབང་ཐོབ་ཤོག །མགྲིན་པར་ཐིག་ལེ་ཨུ༷༷དམར་བསྒོམ། །འོད་འཕྲོས་སྣང་སྲིད་ཨུ་རུ་བྱུར། །ཨ་ཉིད་བཟླས་པས་ངག་སྒྲིབ་དག །ཨ་ནུ་གསུང་གི་དབང་ཐོབ་ཤོག །སྙིང་ཁར་ཐིག་ལེ་ཧུ༷་མཐིང་བསྒོམ། །འོད་འཕྲོས་སྣང་སྲིད་ཧུ༷་དུ་གྱུར། །ཧྭ༷་ཉིད་བཟླས་པས་ཡིད་སྒྲིབ་དག །ཨ་ཏི་ཐུགས་ཀྱི་དབང་ཐོབ་ཤོག །བཟླས་བསྒོམ་དེའི་ངང་ཉིད་དུ། །མ་ཡེངས་གསལ་བའི་སྤྱི་བོ་སྲ །སྣ་ཚོགས་པདྨ་རིན་ཆེན་ལྔ། །ཟླ་ཉི་བརྩིགས་པའི་གདན་སྟེངས་སུ། །བླ་མ་ཞི་ཁྲོ་ཡབ་ཡུམ་སྐུ། །ཀུན་བཟང་སྐུ་ལྔ་བརྒྱུད་པར་བཅས། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་དམ་ཚིག་ཅན། །དཀོན་མཆོག་གསུམ་དང་གཉིས་སུ་མེད། །དངོས་གྲུབ་ཅན་གྱི་བདག་ཉིད་དུ། །སྐྲུང་ངེ་ཐིབས་སེ་བཞུགས་པར་བསྒོམ། །རང་ཉིད་སྐུ་གསུང་ཐུགས་སྲོག་ལས། །ཨོ་ཨུ༷༷ཧུ༷་གསུམ་གྱི་བྱིན་བརླབས་ལས། །འོད་དང་འོད་ཟེར་ཕྱོགས་བཅུར་ཕོག །ཕྱོགས་བཅུའི་སངས་རྒྱས་དཀྱིལ་འཁོར་དུ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །ཆོས་སྐྱོང་སྲུང་མ་དམ་ཅན་རྣམས། །རང་ཉིད་ལྷར་བསྐྱེད་ནམ་ཁར་རྫོགས། །དེ་ནི་དུས་གསུམ་སངས་རྒྱས་ཡིན། །དབྱིངས་དང་ཡེ་ཤེས་ཞི་ཁྲེའི་ཚོགས། །གསལ་སྟོང་དབྱེར་མེད་འཇམ་དཔལ་སྐུ། །གྲགས་སྟོང་དབྱེར་མེད་པདྨ་གསུང་། །རིག་སྟོང་དབྱེར་མེད་ཡང་དག་ཐུགས། །བདེ་སྟོང་བདུད་རྩི་ཡོན་ཏན་ལྷ། །སྣང་སྟོང་ཕུར་བུ་འཕྲིན་ལངས་སོ། །མི་རྟོག་སྟོང་པ་མ་མོའི་ཚོགས། །མ་འགག་རང་རྩལ་དྲེགས་པ་ཡིན། །ཚོགས་དྲུག་ཡུལ་དག་མཆོད་རྟེན་ལྷ། །སྣང་ལ་རང་བཞིན་མེད་པ་མྲ །རོལ་མོའི་སྒྲ་དང་བཅས་པ་ནི། །མདུན་གྱི་ནམ་མཁར་བཀྲ་ལམ་མེ། །འཇའ་དང་འོད་ཀྱི་དཀྱིལ་འཁོར་དུ། །སྤྲིན་དཔུང་ལྷ་བུར་གཏིབས་ནས་ཀྱང། །སྤྱི་གཙུག་ལྷ་དང་གཉིས་མེད་བཞུགས། །གཟུགས་སྣང་ཐམས་ཅད་ལྷ་ཡི་སྐུ། །སྒྲ་གྲགས་ཐམས་ཅད་ཨོ༷་ཨུ༷༷ཧུ༷། །དྲན་རྟོག་ཐམས་ཅད་སྤྲོས་བྲལ་དང། །ཡེ་ནས་བདག་དང་གཉིས་མེད་བསྒོམ། །དེ་ལྟར་བསྒོམས་པའི་ལྷ་ཚོགས་དང། །དཀོན་མཆོག་གསུམ་གྱི་བདག་ཉིད་ཅན། །བླ་མ་ཀུན་བཟང་ཡབ་ཡུམ་གྱི། །སྐུ་གསུང་ཐུགས་ཀྱི་ཡི་གེ་ལས། །བདུད་རྩི་དཀར་པོའི་རྒྱུན་བབས་ནས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །ལུས་ངག་ཡིད་གསུམ་སྡིག་སྒྲིབ་དག ཁྲེལ་སྒོང་ཕྲུ་མ་ཕུས་བཏབ་ལྟར། །ཕྱི་ནང་མེད་པར་གསལ་ལ་དག །དེ་ལྟར་བསྒོམས་པའི་རྐང་མཐིལ་དང། །སྤྱི་གཙུག་མན་ཆད་ཁེངས་པ་རྣམས། །བར་མཚམས་མེད་པར་བདུད་རྩིས་གང། །ཨོ་ལས་སྐུ་ཡི་བདུད་རྩི་དཀར། །ཨ་ལས་གསུང་གི་བདུད་རྩི་དམར། །ཧཱུཾ་ལས་ཐུགས་ཀྱི་བདུད་རྩི་མཐིང། །བདུད་རྩི་གསུམ་གྱིས་བྱིན་རླབས་ཀྱི། །ཡེ་ཤེས་གསུམ་གྱིརངབཞིནདུ། །འཕོའགྱུར་མེད་པར་བྱིན་གྱིས་བརླབས། །དབང་བཞི་ཐོབ་ནས་རྒྱུད་བཞི་གྲོལ། །སྐུ་བཞི་མཐར་ཕྱིན་རྫོགས་སངས་རྒྱས། །དམིགས་མེད་ཟང་ཐལ་ཆེ༷ན་པོར་བསྒོམ། །ཨོ་ཨོ་ཨོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡབ་ཀྱི་སྙིང་པོ་ཨོ་ཡིན་ཏེ། །ཡུམ་གྱི་སྙིང་པོ་ཡི་གེ་ཨུ༷༷ ཡབ་ཡུམ་གཉིས་མེད་སྙིང་པོ་ཧཱུཾ༷། །དུས་༷གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་སྒྲུབ་ཨོ་ལ་གསུང་སྒྲུབ་ཨུ༷༷ཐུགས་ཀྱི་སྒྲུབ་པ་ཧུ༷་ཡིན་ནོ། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །སྐུ་ལ་ཨོ་གྱི་རྒྱས་བཏབ་པས། །སྐུ་མི་འགྱུར་དག་པར་དབྱིངས་ཀྱི་ངང་། །ཨོ ། ཡེ་ཤེས་ལྔ་ལྡན་དབང་ཐོབ་ཤོག །ཨུ༷༷ཡི་ངག་ལ་རྒྱས་བཏབ་པས། །ངག་སྨྲ་བརྗོད་ཡུལ་འདས་ཆོས་སྒྲའི་ངང་། །ཨུ༷༷གྲག་སྟོང་ཆོས་སྒྲའི་དབང་ཐོབ་ཤོག །ཧུ༷་གི་སེམས་ལ་རྒྱས་བཏབ་པས། །ཐུགས་མི་འགྱུར་ཡེ་ཤེས་ཆེན་པོའི་ངང་། །ཧྭ༷། ཡང་དག་རྡོ་རྗེའི་དབང་ཐོབ་ཤོག །ཨོ་ནི་བདེ་ལ་ཨུ་ནི་གསལ། །ཧུ༷་ནི་མི་རྟོག་ནམ་མཁའ་འདྲ། །རང་དབང་མེད་པ་སྲོག་གི་གནད། །འབྲུ་གསུམ་སྔགས་ཀྱི་རྒྱལ་པོ་འདི། །མ་བྱུང་མི་འབྱུང་འབྱུང་མི་འགྱུར། ༷།ཨོ་གྱི་སྣང་སྲིད་གཡོ་ཞིང་འགུལ། །ཨུ་ཡི་འགྲོ་བ་དབང་དུ་སྡུད། །ཧུ༷་གི་སྐྱེ་མེད་ས་ལམ་ཆོད། །ཨོ༷་གྱིས་ཐིག་ལེ་གསལ་བར་བྱེད། །ཨུ་ཡིས་གོང་འཕེལ་ཞིང་ཁམས་རྒྱས། །ཧུ༷་གིས་གཉིས་མེད་མངོན་སངས་རྒྱས། །ལྗོ་དག་པ་དབྱིངས་སུ་སྒྲོལ། །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག །གཉེན་པོ་བསྒོམ་པའི་དོན་དམ་སེམས་བསྐྱེད་དེ། །རྒྱུད་ཚིག་ལེའུ་སུམ་ཅུ་པའོ།། །།དེ་ནས་ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། །ཨོ་བཛྲ་ས་མ་ཧུ༷་ཛ༷༷ ། དེ་ལྟར་ཡིག་འབྲུ་བདུན་བརྗོད་པས། །བདག་ཉིད་ཐ་མལ་པ་ཡི་སེམས། །སྟོང་གསལ་ལ་བདག་འཛིན་བྲལ་བ་ལས། །བདག་ཉིད་སྙིང་གི་དཀྱིལ་འཁོར་ནས། །ཛ་ལས་ལྷ་མོ་ལྕགས་ཀྱུ་མ། །དམར་གསལ་གྲངས་ལས་འདས་པའོ། །མདུན་གྱི་བར་སྣང་སྟོང་པ་མྲ །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །བླ་མ་ཡི་དམ་མཁའ་འགྲོ་དང། །ཆོས་སྐྱོང་སྲུང་མ་དམ་ཚིག་ཅན། །རྩ་བ་བརྒྱུད་པའི་བླ་མ་རྣམས། །པདྨའི་གདན་ལ་བཞུགས་སུ་གསོལ། །ཀུན་ཀྱང་སྟོང་གསལ་རིག་པའི་སྐུ། །འཇའ་དང་འོད་དུ་ཁྱི་ལི་ལི། །སྐུ་དང་ཐིག་ལེ་ཤིག་སེ་ཤིག །བཀྲག་དང་གཟི་མདངས་ཡ་ལ་ལ། །ཡེ་ཤེས་འོད་འབར་ལམ་སེ་ལམ། །ཞི་ཁྲོ་སྤྲུལ་པ་ཡང་སྤྲུལ་རྣམས། །སྣང་ལ་རང་བཞིན་མེད་པར་བསྒོམ། །དེ་ལྟར་ལྷ་ཚོགས་ཐམས་ཅད་ལ། །བདག་གི་ལུས་ངག་ཡིད་གསུམ་འདི། །བསྐལ་པ་ཞིང་གི་རྡུལ་སྙེད་དུ། །མཆོད་པའི་ལྷ་རྫས་མང་པོར་སྤྲུལ། །འཕགས་པའི་ཚོགས་རྣམས་ཀུན་ལ་འབུལ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་། ཤངས་པ་མཆོད་པའི་ལྷ་འཕྲོ་ནས། །ལག་གཉིས་གར་བསྒྱུར་སྤེ་མེ་མ། འཕགས་པ་རྣམས་ཀྱི་ཤངས་ལ་འབུལ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱི། །སྤྱན་ལ་མཆོད་པའི་ལྷ་འཕྲོས་ནས། །ལག་གཉིས་གར་བསྒྱུར་མེ་ལོང་མ། །འཕགས་པ་རྣམས་ཀྱི་སྤྱན་ལ་འབུལ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱི། །སྙན་ལ་མཆོད་པའི་ལྷ་འཕྲོས་ནས། །ལག་གཉིས་གར་བསྒྱུར་པི་ཝང་མ། །འཕགས་པ་རྣམས་ཀྱི་སྙན་ལ་འབུལ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱི། །ལྗགས་ལ་མཆོད་པའི་ལྷ་འཕྲོས་ན། །ལག་གཉིས་གར་བསྒྱུར་ཞལ་ཟས་མ། །འཕགས་པ་རྣམས་ཀྱི་ལྗགས་ལ་འབུལ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱི། །སྐུ་ལ་མཆོད་པའི་ལྷ་འཕྲོས་ནས། །ལག་གཉིས་གར་བསྒྱུར་ན་བཟའ་མ། །འཕགས་པ་རྣམས་ཀྱི་སྐུ་ལ་འབུལ། །བདག་སོགས་སེམས་ཅན་ཐམས་ཅད་ལ། །ཐུགས་ལ་མཆོད་པའི་ལྷ་འཕྲོས་ནས། །ལག་གཉིས་གར་བསྒྱུར་ཆོས་འཆད་མ། །འཕགས་པ་རྣམས་ཀྱི་ཐུགས་ལ་འབུལ། །བདག་སོགས་སེམས་ཅན་ཐམས་ཅད་ལ། །བ་སྤུའི་བུ་ག་ཐམས་ཅད་ནས། །དྷ་པེ་མ་དང་པུ་དམ་པ། །ཨུ་ལོ་ཀེ་དང་གརྙེམ། །ལྭ་པྱེ་མྱ་ལེ་གི་ཏི་མ། །ན་རྟི་མ་དང་རྣམ་པ་བརྒྱད། །འཕགས་པའི་ཚོགས་རྣམས་ཐམས་ཅད་ལ། །ཕྱིན་གསང་བ་མཆོད་པའི་སྤྲིན། །སྐུ་གསུམ་རྫོགས་ལྡན་ལྷ་ལ་འསྐྲུལ། །དབང་བསྐུར་བྱིན་གྱིས་རླབ་ཏུ་གསོལ། །སྐུ་གསུང་ཐུགས་ཀྱི་ཉམས་ཆགས་བཤགས། །འགྲོ་ཀུན་བྱང་ཆུབ་མྱུརཐོབ་།ག། །།ནམོ་འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །དཀོན་མཆོག་གསུམ་ལ་མཆོད་པར་འབུལ། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེ་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །བྱང་ཆུབ་མཆོག་གི་སེམས་ནི་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་་།ག། །ཅེས་ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི། །རྒྱུད་ཚིག་ལེའུ་སོ་གཅིག་པའོ།། །།དེ་ལྟར་སེམས་བསྐྱེད་པ་ལ་དགོས་ཆེད་ཅི་ཡོད་ན། །དོན་དམ་སེམས་བསྐྱེད་ཀྱི་གསལ་སྟོབས་རྒྱས་ཐེབས་པའི་དགོས་པ་ཡོད། །དམིགས་པ་ལ་བརྟེན་ནས་སྐུ་གསུམ་འདུ་འབྲལ་མེད་པར་རྒྱས་ཐེབས་པའི་དགོས་པ་ཡོད། །ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གཏན་ཚིག་ནི། །ན་མོ་ཞེས་པ་ནི། །ཕྱག་འཚལ་ལོ་ཞེས་ཟེར་ཏེ། །གང་གིས་འཚལ་ན། །རིག་པའི་ཡེ་ཤེས་ཀྱི་ཆོས་དབྱིངས་ལ་འཚལ་བའོ། །འཕགས་པ་ཞེས་པ་ནི། །ཁམས་གསུམ་འཁོར་བ་ལས་འཕགས་པའོ། །དཀོན་མཆོག་ཅེས་པ་ནི། །འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་ཆོས་དགེ་འདུན་གསུམ་དཀོན་པ་འོ། །ལ་ཕྱག་འཚལ་ལོ་ཞེས་པ་ནི། །ཡང་དག་པའི་དོན་ལ་ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་བཙལ་བའོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཞེས་པ་ནི། །བདག་དང་སེམས་ཅན་ཐམས་ཅད་འཁོར་བ་ངན་སོང་དུ་མི་ལྷུང་བའི་སྐྱབས་༄༅ བཙལ་བའོ། །དཀོན་མཆོག་གསུམ་ལ་མཆོད་པར་འབུལ། །ཞེས་པ་ནི། །བདག་སོགས་ཐམས་ཅད་ཀྱི་རྒྱུ་ཚོགས་རྫོགས་ལམ་སྒྲིབ་པ་སྦྱང་བའི་ཆེད་དུའོ། །སྡིག་པ་མི་དགེ་སོ་སོར་བཤགས་ཞེས་པ་ནི། །འཕགས་པ་རྣམས་ཀྱི་སྤྱན་ལམ་དུ་སྔར་བྱས་པའི་སྡིག་སྒྲིབ་ཐམས་ཅད་བཤགས་ཤིང། །ཕྱིས་མི་བྱེད་པར་དམ་བཅའ་བའོ། །འགྲོ་བའི་དགེ་ལ་ཡི་རང་ཞིང། །ཞེས་པ་ནི། །དགེ་བའི་རྩ་བ་ཅི་དང་ཅི་ཐམས་ཅད་བདག་དང་གཞན་ལ་ཡི་རང་ཞིང་རློམ་སེམས་དང་བྲལ་བར་བསྔོ་བའོ། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང། །ཞེས་པ་ནི། །དཀོན་མཆོག་གསུམ་དང་འཕགས་པའི་ཚོགས་ཅད་དུས་རྒྱན་ཆད་མེད་པར་ཡིད་ལ་དྲན་པའོ། །བྱང་ཆུབ་མཆོག་གི་སེམས་ནི་བདག་གིས་བསྐྱེད་པར་བགྱིས། །ཞེས་པ་ནི། །བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གྱུར་པ་ཅིག་བྱུང་ན་ལུས་སྲོག་ལ་མི་ལྟ་བར་དོན་རྒྱ་ཆེན་པོ་སྒྲུབ་པའོ། །སེམས་ཅན་མ་ལུས་བདག་གི་མགྲོན་དུ་གཉེར། །ཞེས་པ་ནི། །དཀར་པོའི་ལས་ཁ་ཅི་བྱེད་པ་ཐམས་ཅད་ནི། །བདག་དང་སེམས་ཅན་གཉིས་ཀའི་དོན་དུ་གཉེར་བའོ། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །ཞེས་པ་ནི། །བདག་གཞན་གཉིས་ཀའི་དོན་ཅིག་འོང་ན། །གང་ལ་ཡང་མ་ཆགས་པར་མཐུན་པའི་དོན་ཅི་ནུས་སུ་བསྒྲུབ་པའོ། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འུགྲུབཔར་།ག །ཅེས་པ་ནི། །བདག་ནམ་ཞིག་སངས་རྒྱས་ནས་ཀྱང། །འགྲོ་བའི་དོན་བྱེད་པར་ཤོག་ཅེས་པའོ། །དེ་ལྟར་སེམས་བསྐྱེད་པ་ལ་ཡང་ཚང་མེད་བཞི་དང་ལྡན་དགོས་པ་ནི། །རང་ཤུགས་ལས་འབྱུང་བའོ། །དེ་ལྟར་བྱང་ཆུབ་མཆོག་ཏུ་སེམས་པ་དང་གཅིག། །ཨོ་ཨུ༷༷ཧུ༷་གིས་རྒྱས་བཏབ་པ་དང་གཉིས། །ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་གསུམ། །སྤྱན་འདྲེན་བཞུགས་གསོལ་མཆོད་པ་འབུལ་བའོ། །ཡན་ལག་བཅུ་པའི་གཏན་ཚིག་སྟེ། །རྒྱུད་ཚིག་ལེའུ་སོ་གཉིས་པའོ།།་་་་ ད་ནི་མཎྜལ་འབུལ་བ་ནི་ཆོས་སྐུའི་མཎྜལ་ངོ་བོའི་ཞིང། །ལོངས་སྐུའི་མཎྜལ་རང་བཞིན་ཞིང། །སྤྲུལ་སྐུའི་མཎྜལ་ཐུགས་རྗེའི་ཞིང། །སྐུ་གསུམ་རྫོགས་ལྡན་ལྷ་ལ་འབུལ། །སྐུ་གསུམ་མཎྜལ་འབུལ་བ་ཡི། །རྒྱུད་ཚིག་ལེའུ་སོ་གསུམཔའོ། ཛི་གཐ་ག་་་༡་ །ད་ནི་གསོལ་བ་བཏབ་པ་ནི། །བརྒྱུད་པ་ཉེ་བརྒྱུད་རིང་བརྒྱུད་དང་། །མོས་པའི་སྒོ་ནས་གདབ་པའོ། །ཁྱད་པར་གསོལ་འདེབས་ཡན་ལག་ནི། །ཨོ།སྟོང་གསལ་སྙིང་རྗེའི་སེམས་ཤུགས་ཀྱིས། །མ་དང་བུ་ཡི་འདུ་ཤེས་དྲན། །བདག་གཞན་སེམས་ཅན་ཐམས་ཅད་ཀུན། །འཁོར་བའི་འདམ་ནས་དྲང་བའི་ཕྱིར། །སྐྱབས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །དཀོན་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་མཆོད་པར་འབུལ། །དཀོན་མཆོག་གསུམ་ལ་སྡིག་པ་བཤགས། །དཀོན་མཆོག་གསུམ་ལ་ཡི་རང་ངོ་། །དཀོན་མཆོག་གསུམ་གྱིས་ཐུགས་རྗེས་བཟུང་། །དཀོན་མཆོག་གསུམ་གྱིས་བར་ཆོད་སོལ། །དཀོན་གསུམ་གྱིས་ལམ་སྣ་དྲོངས། །དཀོན་མཆོག་གསུམ་གྱིས་སྨིན་གྲོལ་ཤོག །ཅེས་གསོལ་བ་བཏབ་པའི་ཡན་ལག་སྟེ། །རྒྱུད་ཚིག་ལེའུ་སོ་བཞི་པའོ།། །།ད་ནི་སྡིག་པ་བཤགས་པ་ནི། །ཚ་ཚྭ་གཏོར་གསུང་རྣམས་འདོན། །ཚོགས་སོགས་སྡིག་སྦྱངས་བཏགས་གྲོལ་ཀླག །བསྒོམ་བཟླས་ཡིག་བརྒྱ་ཨོ་ཨུ༷༷ཧུ༷་བགྲངས། །རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། །ཉམས་ལེན་སྔོན་འགྲོའི་ལེའུ་བརྒྱད་ཚིག་སོ་ལྔ་པའོ།། །།དེ་ནས་རྡོ་རྗེ་འཆང་ཆེན་ལ། །ཕྱག་ན་རྡོ་རྗེས་ཞུས་པ། །ཀྱེ་མ་སྟོན་པ་རྡོ་རྗེ་འཆང། །ཉམས་ལེན་སྔོན་འགྲོ་གསུ་ངས་ན་ཡང། །དངོས་བཞིའི་རིམ་པ་གསུང་དུ་གསོལ། །ཞུས་པའི་ལན་དུ་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་འཛིན་པ་ཉོན། །ཉམས་སུ་ཇི་ལྟར་བླངས་པ་ནི། །བླ་མ་མཚན་ཉིད་ལྡན་པ་ཡིས། །སློབ་མ་སྣོད་དང་ལྡན་པ་ལ། །འཁོར་བའི་ཆོས་ལས་བཟློག་ནས་ཀྱང་མྱངའདས་ལམ་དུ་འཇུག་པ་ལ། །སྐྱབས་འགྲོ་སེམས་བསྐྱོད་སྡོམ་པ་བླངས་། ལུས་ངག་ཡིད་གསུམ་ཉམས་ཆགས་བཤད། །དེ་ནས་སྤྲོས་བཅས་ནུས་དབང་བསྐུར། །དེ་ནས་ཐེག་པ་རིམ་བཞིན་ཁྲིད། །དེ་ནས་དབང་གསུམ་རིམ་བཞིན་ཁྲིད། །དབང་གི་དོན་བསྡུས་འདི་ལྟར་རོ། །རང་བྱུང་རོལ་པ་ཆེན་པོའི་དབྱིངས་རུམ་དུ། །འཁོར་འདས་ཆོས་རྣམས་ཐམས་ཅད་དབང་གི་དཀྱིལ། །རང་རིག་བདག་འཛིན་བྲལ་བའི་ངང་ཉངད་དུ། །དབང་བཞང་བྱང་ཆུབ་སེམས་ཀྱང་ཆུ་རྒྱུན་འབབ། །སྲངད་པའི་རྩ་བ་བདག་འཛིན་སངས་པའི་ངང་། །ཕྱང་ནང་ཀུན་བརྟགས་ཡ་གྲོལ་སྟོང། །སྣང་སྲངད་སེམས་སུ་ཤེས་པ་བུམ་པའི་དབང་། །སྲངད་བཅུད་ལྷ་རུ་གྲོལ་གྲོལ་བ་གསང་བའི་དབང། །གཉངས་མེད་ཟང་ཐལ་ཤ་ས་རབ་དབང་། །ཐམས་ཅད་ངར་འཛིན་གསང་བ་ཚིག་གང་དབང་། །གཉིས་མེད་ཟང་ཐལ་རྟོགས་པ་རིག་རྩལ་དབང། །བྱ་བཙལཀུན་ལས་འདས་པའོ། །སེམས་ཅན་སྣང་བ་ཕྱང་ལྟར་བསྐུར། །བསྒོམ་པ་སེམས་འཛིན་ནང་ལྟར་བསྐུར། །ངོ་སྤྲོད་ཉ་ར་གཅངག་གསང་བའི་དབང་། །ཁྲོག་ཆོད་ཐོད་རྒལ་ཡང་གསང་དབང་། །གདེང་བཞང་མཐར་ཕྱངན་བླ་མེད་དབང་། །དབང་རྣམས་ད་ཡང་དང་དུ་རྫོགས། །དབང་བཞང་དྲི་མེད་རང་བྱུང་ཁྱུང་ཆེན་ལྡངང། །དབང་རྣམས་ཐམས་ཅད་རིག་པའི་ངང་དུ་རྫོགས། །དབང་གང་སྡོམ་ཚིག་བསྟན་པ་སྟེ། །རྒྱུད་ཚིག་ལེའུ་སོ་དྲུག་པའོ།་་ ་ །ང་ཉམས་སུ་ལེན་པའི་དངོས་གཞང། །གཞང་ཁྲེགས་ཆོད་པ་དང། །ལམ་ཐོད་རྒལ་བ་དང། །འབྲས་བུ་སྐུ་གསུམ་ཡ་་རྫོགས་དང་གསུམ་མོ། །དེ་ལ་དང་པོ་ཐོག་མ་སྲ །གཞི་ཁྲེགས་ཆོད་གཏན་ལ་ཕབ་ལ། །ལྟ་བ་གཏན་ལ་ཕབ་པར་བྱ། །འཁོར་བའི་ལམ་རྒྱུན་གཅད་འདོད་པས། །བྱ་བྱེད་རྫོགས་པས་རྫོགས་པའོ། །མཐའ་དང་བྲལ་བས་དབུས་མི་གནས། །ཡོངས་སུ་རྫོགས་པས་མཐའ་དབུས་མེད། །ལྷག་མ་མེད་པས་ཆ་ཤས་མིན། །གཅིག་ཏུ་མ་ཡིན་གཉིས་མཐའ་ཟད། །དུ་མར་གནས་གཅིག་མཐའ་ཟད། །མཐའ་ཡང་མི་གནས་རང་སངས་ཉིད། །བརྗོད་དུ་མེད་པས་ཚིག་གི་གཞི། །དངོས་བྲལ་སྟོང་པ་སྙིང་པོའི་དོན། །ཕྱོགས་སུ་མ་ལྷུང་ལྟ་བའི་དོན། །འདི་ཤེས་འཁོར་བའི་ལམ་རྒྱུན་འགག །ལྟ་བ་ལྟ་རུ་མེད་དེ་གཅེར་གྲོལ་དང། །སྒོམ་པ་བསྒོམ་རྒྱུ་མེད་དེ་རང་བབས་ཀློང། །སྤྱོད་པ་སྤྱོད་རྒྱུ་མེད་དེ་བདག་འཛིན་བྲལ། །འབྲས་བུ་ཐོབ་རྒྱུ་མེད་དེ་རྒྱུ་འབྲས་ཟད། །ཆོས་སྐུ་མཚན་མའི་ཡུལ་དང་བྲལ། །ལོངས་སྐུ་གཟུང་འཛིན་ཡུལ་དང་བྲལ། །སྤྲུལ་སྐུ་ཆགས་པའི་ཡུལ་དང་བྲལ། །རྟོག་མེད་རང་སངས་རྙོག་པ་མེད། །འཛིན་མེད་རང་གྲོལ་ཕྱོགས་རིས་མེད། །སྣང་བ་རྟོག་མེད་མཁའ་ལ་རོལ། །སྐྱེ་མེད་ཆོས་ཉིད་མཉམ་པ་ཉིད། །ཡང་དག་ཆོས་ལ་སྒྲོ་བཏགས་མེད། །བསམ་འབྲས་བརྗོད་མེད་ངོ་བོ་ནི། །རྣམ་རྟོག་ཕྱོགས་སུ་མ་ལྷུང་བ། །རྟོག་མེད་སྐུ་ལ་ཡང་དག་བལྟ་བར་བྱ། །སྒོམ་མེད་སྒོམ་བྲལ་ཉིད་ཀྱི་ངོ་བོ་བཟུང། །འདའ་མེད་བསྲུངས་མཚམས་བྲལ་བའི་དམ་ཚིག་བསྲུངས། ཆོས་མེད་རང་བཞིན་བདག་མེད་པས། །དངོས་པོ་མེད་པས་འདུ་ཤེས་སྒོམ། །རང་སྣང་ཡི་དཔྱོད་དག་པ་ལ། །བློ་འདས་རང་གི་ངང་ལ་སྤྱོད། །སྤང་ཐོབ་མེད་པའི་འབྲས་བུ་ལ། །རེ་དོགས་མེད་པའི་རྒྱུ་འབྲས་ཡལ། །གཟུགས་སྣང་ཐམས་ཅད་སྟོང་པ་ཉིད། །སྟོང་པ་ཐམས་ཅད་གཟུགས་སྣང་ངོ། །སྟོང་དང་མཚན་མ་མེད་པར་སྤོང་ཤེས་ན། །སྤྲོས་མེད་དག་པའི་ཡེ་ཤེས་ཡིན། །བློ་ཤེས་རྟོག་པ་བྱང་ཆུབ་ཚོལ་མི་བྱ། །གང་ཞིག་དེ་ནི་ཕ་རོལ་ཕྱིན། །ཁྲེག་ཆོད་ང་ཡི་ལྟ་བ་ལ། །ངོ་བོ་རང་ཐོག་ཕབ་པ་ཡིན། །རིག་པ་ཡེ་ཤེས་སྣང་མེད་པས། །བེམ་པོའི་སྣང་བས་ང་མི་སྒྲིབ། །སྟོང་པའི་ཆོས་ཉིད་ཡུལ་མེད་པས། །སྟོང་པ་ཉིད་ལ་ང་མི་གནས། །མཚན་མར་འཛིན་པ་དངོས་དག་པས། །འཛིན་པའི་ཆོས་ལ་ང་མི་གནས། ཁྲེས་རབ་ཆེན་པོ་རང་བྱུང་བས། །སྡེ་སྣོད་ཆོས་ལ་མི་གནས་པ། །ང་ལ་དགེ་དང་སྡིག་མེད་པས། །འཁོར་བའི་ཆོས་ལ་ང་མི་གནས། །ཁྲེག་ཆོད་བཞི་ཡི་ལྟ་བ་ལ། །ཐམས་ཅད་ང་ཡི་ངོ་བོར་རྫོགས། །ང་ནི་སྟོང་པ་ཚིག་དང་བྲལ། །ང་ལ་མུན་པའི་ཆོས་མེད་པས། །ང་ནི་རང་སྣང་འོད་པོ་ཆེ། །ང་ལ་སྣང་བའི་རྐྱེན་མེད་པས། །ང་ནི་རྟགས་ཀྱི་སྐུ་ལྔར་གསལ། །ང་ལ་བྱས་པའི་ཆོས་མེད་པས། །ང་ནི་ཡེ་ནས་རྐྱེན་དང་བྲལ། །ང་ལ་བྱུང་བའི་ཆོས་མེད་པས། །ང་ནི་སྣ་ཚོགས་རྐྱེན་དང་བྲལ། །ང་ལ་རྟོག་པའི་མཐའ་མེད་པས། །ང་ནི་ཡིད་ཆེས་ཆོས་དང་བྲལ། །ང་ལ་འཛིན་པའི་ཚིག་མེད་པས། །ང་ནི་ཆད་པའི་ཆོས་དང་བྲལ། །ང་ལ་དངོས་པོའི་ཡུལ་མེད་པས། །ང་ནི་རྟག་པའི་ཡུལ་དུ་མེད། །ང་ལ་འཛིན་རྟོག་གཉིས་མེད་པས། །ང་ནི་རྟག་ཆད་ཡུལ་ལས་འདས། །ང་ལ་དྲན་བྱེད་སེམས་མེད་པས། །ང་ནི་འཁོར་བའི་སྡུག་བསྔལ་ཆོས་ལས་ཐར ང་ལ་གཉིས་སྣང་མེད་པ་ཡིས། །ང་ནི་དགེ་སྡིག་གཉིས་དང་བྲལ། །ང་ལ་ཕྱོགས་ལྷུང་མེད་པ་ཡིས། །ང་ནི་འཁྲུལ་བའི་སེམས་དང་བྲལ། །ང་ལ་བྱས་པའི་ཆོས་མེད་པས། །ང་ནི་རང་བྱུང་ལྷུན་གྱིས་གྲུབ། །ང་མེད་སྣང་བ་ཆེན་པོ་ཉིད། །ང་རང་བྱུང་ཡེ་ཤེས་ལྟ་བ་ལ། །ང་ལ་བཅད་པའི་ཡུལ་མེད་དོ། །ང་ལ་སྔར་བས་འདས་པ་མེད། །ང་ལ་ཕྱི་རབས་འབྱུང་བ་མེད། །ང་ལ་ད་ལྟའི་སྣང་བ་མེད། །ང་ལ་ལས་དང་བག་ཆགས་མེད། །ང་ལ་མ་རིག་པ་ཡང་མེད། །ང་ལ་ཡིད་ཀྱང་ཡོད་མ་ཡིན། །ཤེས་རབ་འཁོར་བ་གཉིས་ཀ་མེད། །འཁོར་བ་མྱང་འདས་གཉིས་ཀ་མེད། །རིག་པ་ཉིད་ཀྱང་ཡོད་མ་ཡིན། །ཡེ་ཤེས་སུ་ཡང་སྣང་བ་མེད། །རང་བྱུང་ཡེ་ཤེས་སྲོག་མེད་པས། །དགེ་སྡིག་ཀུན་ལས་འདས་པའོ། །རང་བྱུང་ཡེ་ཤེས་གཞི་མེད་པས། །སྣང་བའི་རྟོག་པ་ཆོད་པའོ། །ང་ལ་འདུ་འབྲལ་གཉིས་མེད་པས། །ཡེ་ཤེས་སྐུ་ཉིད་མངོན་ཕར་སྣང་། །ང་ལ་གཟིགས་སྣང་མཐའ་དང་བྲལ། །ཡུལ་སྣང་ཀུན་ལས་འདས་པའོ། །ང་རང་བྱུང་ཡེ་ཤེས་རྩིས་མེད་པས། །གཟུང་འཛིན་གཉིས་ལས་འདས་པའོ། །ང་རང་བྱུང་ཡེ་ཤེས་ཕྱི་ནང་མེད། །སྐྱོན་དང་ཡོན་ཏན་གཉིས་ལས་འདས། །ང་རང་བྱུང་ཡེ་ཤེས་ཀ་ནས་དག །ཡིན་མིན་གཉིས་ཀྱི་མཐའ་ལས་འདས། །ང་རང་བྱུང་ཡེ་ཤེས་ཆོས་མེད་པས། །ཐབས་ཤེས་གཉིས་ལས་འདས་པའོ། །ང་རང་བྱུང་ཡེ་ཤེས་འགྱུ་བྱེད་བྲལ། །ཤེས་རབ་ཀུན་ལས་འདས་པའོ། །ང་ལ་སྐྱེ་དང་འཆི་མེད་པས། །འགག་པའི་ཆོས་རྣམས་ཡོངས་སུ་རྫོགས། །ང་ལ་ཕྱི་ནང་མེད་པས། །གསལ་བའི་ཆོས་རྣམས་ཡོངས་སུ་རྫོགས། །ང་ལ་སྟོང་དང་དངོ་་མེད་པས། །སྣང་བའི་ཆོས་རྣམས་ཡོངས་སུ་རྫོགས། །ང་ལ་དམིགས་པའི་ཡུལ་མེད་པས། །མཐོང་བའི་ཆོས་རྣམས་ཡོངས་སུ་རྫོགས། །ང་ལ་ལུས་དང་སེམས་མེད་པས། །རང་སྣང་ཆོས་ནི་ཡོངས་སུ་རྫོགས། །ང་ལ་བདག་དང་གཞན་མེད་པས། །རིག་པའི་ཆོས་ལྔ་ཡོངས་སུ་རྫོགས། །ང་ལ་བྱེད་པའི་རྒྱུ་མེད་པས། །བསམ་གཏན་ཆེན་པོ་ཡོངས་སུ་རྫོགས། །ང་ལ་ཕྱི་ཡི་ཡུལ་མེད་པས། །རང་སྣང་ཡུལ་ནི་ཡོངས་སུ་རྫོགས། །ང་ལ་ཕྱོགས་དང་རིས་མེད་པས། །གསང་བའི་ཆོས་རྣམས་ཡོངས་སུ་རྫོགས། །ང་ལ་སྣང་བ་འགག་མེད་པས། །དབྱིངས་ཀྱི་ཆོས་གསུམ་ཡོངས་སུ་རྫོགས། །ང་ལ་གཅིག་དང་གཉིས་མེད་པས། །ཐིག་ལེའི་ཆོས་རྣམས་ཡོངས་སུ་རྫོགས། །ང་ལ་མུན་པའི་སྣང་མེད་པས། །མངོན་པར་སྣང་བའི་ཆོས་རྣམས་རྫོགས། །ང་ལ་བདག་གཞན་རྟོག་པ་མེད། །སྟོང་པའི་ཆོས་རྣམས་ཡོངས་སུ་རྫོགས། །ང་ལ་དྲི་མ་གཉིས་མེད་པས། །གསལ་བའི་ཆོས་རྣམས་ཡོངས་སུ་རྫོགས། །ང་ལ་སྐུ་ལྔ་རང་སྣང་པས། །ཞིང་ཁམས་ཆོས་རྣམས་ཡོངས་སུ་རྫོགས། །ང་ལ་སྤྲོ་བསྡུ་གཉིས་མེད་པས། །ཡེ་ཤེས་དོན་རྣམས་ཡོངས་སུ་རྫོགས། །ཆོས་སྐུའི་སྣང་བ་འགག་མེད་པས། །ང་ལ་ཡེ་ཤེས་ཡོད་མ་ཡིན། །ང་ལ་སྐྱེ་བ་ཉིད་མེད་པས། །ཡི་གེ་ཨ་ནི་ཡེ་ནས་མེད། །ང་ལ་འགག་པའི་གནས་མེད་པས། །ཡི་གེ་ཨོ་ནི་ངང་གི་མེད། །ང་ལ་འདུ་འབྲལ་གཉིས་མེད་པས། །ཡི་གེ་ཧུ༷་ནི་ཤིན་ཏུ་ཟད། །སྐུ་ཡི་སྣང་བ་སྣ་ཚོགས་པས། །ཡི་གེ་མིང་ནི་ངང་གི་སྟོང་། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལྡན་པས། །སྟོང་པ་ཕྱོགས་ཆ་མེད་པའི་ཡེ་ཤེས་ལྟོས། །ཨ་ཏིའི་ཁྲེག་ཆོད་ལྟ་བ་ལ། །གསོད་བྱེད་ལས་དག་སྣང་བ་ཆེན་པོ་གསལ། །སེམས་ཅན་གསད་ན་རང་སྣང་མ་དང་ཕྲད། །རྒྱུ་འབྲས་རྩད་བཅད་ན་རྒྱུད་དྲུག་རྩ་གསུམ་འབྱོངས། །དགེ་བའི་རྒྱུན་ཐག་བཅད་ན་ལུ་གུ་རྒྱུད་དང་ཉེ། །ཕྱི་ནང་བྱ་བ་བཏང་ན་སྣང་བ་རྒྱ་ཡིས་ཐེབས སེམས་འཛིན་ལྟ་སྒོམ་མེད་ན་ཆོས་སྐུ་དངོས་པོ་ཡིན། །གསལ་ལ་རང་བཞིན་མེད་ན་ལོངས་སྐུའི་རང་བཞིན་ཡིན། །བྱ་བྱེད་ཀུན་དང་བྲལ་ན་སྤྲུལ་སྐུའི་རང་བཞིན་ཡིན། །གཅིག་པུ་རང་ལ་བསྡད་ན་རྩ་གསུམ་ལུས་ལ་འབྱོངས། །ཐད་ཀ་གྲོགས་སུ་ཤེས་ན་ཅོག་གཞག་གཅིག་གི་ངང་། །དེ་ལ་རྒྱུན་དུ་གནས་ན་དེ་ལ་ཅི་ཞིག་བྱ། །སྣང་བ་ཆེན་པོ་ཀུན་ལ་ཡང་དག་གནས། །གསང་སྔགས་ཀྱི་ཁྲེག་ཆོད་འདི་ཉིད་དོ། །ཨ་ཏིའི་ཁྲེག་ཆོད་ལྟ་བ་ལ། །སྲོག་མ་བཅད་ན་དགེ་མི་འཕེལ། །ཆོས་མ་སྤངས་ན་སངས་མི་རྒྱ། །བསྟན་པ་མ་སྣུབ་ན་ཞིང་མི་རྒྱ། །དམྱལ་བ་ཡི་དྭགས་མ་ཆོད་ན། །དངོས་གྲུབ་དད་པས་སློང་མི་ནུས། །སྡུག་བསྔལ་དང་དུ་མ་བླངས་ན། །བདེ་བ་གཏན་ནས་ཕེབ་མི་སྲིད། །ཐམས་ཅད་སྐྱེས་པར་མ་གྱུར་ན། །སྐྱེ་བ་མེད་པའི་དོན་མི་རྟོགས། །ཉོན་མོངས་མེད་ན་ཤེས་རབ་མེད། འཁོར་བ་སྤེལ་ན་སངས་རྒྱས་ཐོབ། །སྙིང་རྗེ་མེད་ན་ཐུགས་རྗེ་འཆར། །གཏི་མུག་མེད་ན་ཡེ་ཤེས་འཆར། །མ་རིག་མེད་ན་རིག་པ་མེད། །རྩ་བ་མེད་ན་རྩེ་མོ་མེད། །སངས་རྒྱས་རྣམས་ཀྱི་སློབ་དཔོན་ནི། །དམྱལ་བ་ཡིན་པར་ཤེས་པར་བྱ། །སྲོག་རྣམས་བཅད་ན་དགེ་བ་འཕེལ། །སངས་རྒྱས་པས་སུ་ཤན་པ་བཟང། །རྦབ་ཏུ་ལྷུང་ན་བདེ་བར་སླེབ། །བསྡད་ཅིང་ཕྱིན་ན་མགྱོག་པར་སླེབ། །ཀུན་བཟང་ཉ་ཤོར་གཉིས་སུ་མེད། །གཞི་མེད་རྩ་བྲལ་ནམ་མཁའི་སྙིང་པོ་ལྟོས། །ཁྲེག་ཆོད་ལྟ་བའི་བརྡ་ཚིག་གོ །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །འཁྲུལ་པ་ལས་བཟློག་ཁྲེག་ཆོད་ནི། །རྡོ་རྗེ་འཆང་གིས་ལེགས་པར་བསྟན། །རྟོག་པ་མེད་པ་ཆོས་ཀྱི་སྐུ། །མཚན་མ་མེད་པར་རང་སར་གྲོལ། །འགྱུར་མེད་ཨ་ཏིའི་ངོ་བོ་ལ། །བྱ་དང་བྱེད་པའི་ཆོས་མེད་དེ། །ཨ་ཏི་རྫོགས་པ་ཆེན་པོ་ལ། །གཅིག་རྫོགས་གཉིས་རྫོགས་ཐམས་ཅད་རྫོགས། །རྫོགས་ཆེན་ཨ་ཏིའི་ངོ་བོ་ལ། །ཕྱི་ནང་གསང་བའི་ཆོས་རྣམས་རྫོགས། །དགེ་བ་བྱར་མེད་སྡིག་པ་སྤང་དུ་མེད། །དགེ་སྡིག་གཉིས་དང་བྲལ་བས་རིག་པ་ཆོས་ཀྱི་སྐུ། །དགེ་བ་མི་བྱ་བྱས་ན་སངས་རྒྱས་མེན། །སྡིག་པ་མི་སྤང་སྤངས་ན་སངས་རྒྱས་འགྲུབ་མི་འགྱུར། །ཁམས་གསུམ་སེམས་ཅན་གསད་ན་མངོན་སངས་རྒྱ་བར་འཀྱུར། །ཕ་མ་གསད་ན་ཡེ་ཤེས་ཐོབ་པར་འཀྱུར། །སྲོག་གཅོད་སྡིག་ཏུ་ག་ལ་འགྱུར། །སྲོག་གཅོད་སྡིག་ཏུ་གྱུར་ན་སངས་རྒྱས་མེད་པར་འགྱུར། །སྲོག་གཅོད་སྤངས་ན་སངས་རྒྱབ་ཀྱིས་ཕྱོགས། །དུས་གསུམ་སངས་རྒྱས་སྲོག་གཅོད་གྲོལ་བར་འགྱུར། །སྲོག་མ་བཅད་ན་སངས་རྒྱས་འབྱུང་མི་འཀྱུར། །བདག་ཉིད་ལྷ་ཡི་དཀྱིལ་འཁོར་རང་རྫོགས་པས། །ཡི་དམ་ལྷ་ལ་མཆོད་པ་མི་འབུལ་ལོ། །འབུལ་ན་འབུལ་མཁན་འཆིང་བར་འགྱུར། །མཆོད་པ་ཕྱག་རྒྱ་ལ་སོགས་རྒྱལ་བའི་སྐུ་ལ་སྒྲིབ། །ཕྱག་རྒྱས་བསྒྱུར་ན་རིན་ཆེན་བརླག་པར་འགྱུར། །དཀྱིལ་འཁོར་བྲིས་ན་རང་གི་དེ་ཉིད་ཡལ། །སངས་རྒྱས་དགོངས་པ་བྱ་བྱེད་བྲལ་བའོ། །བསམ་གཏན་ཏིང་འཛིན་ལ་སོགས་རྒྱལ་བའི་སྐུ་ལ་སྒྲིབ། །སྒོམ་ཞིང་བསྒྲུབ་པ་བྱས་ན་འཁོར་བའི་བསམ་གཏན་ཡིན། །སངས་རྒྱས་མི་སྒྲུབ་བསྒྲུབས་ན་རྩོལ་བར་འགྱུར། །འཁོར་བ་མི་སྤང་སྤངས་ན་སངས་མི་རྒྱ། །སངས་རྒྱས་གཞན་དུ་མེད་དོ་རིག་པ་ཡིན། །འཁོར་བ་གཞན་དུ་མེད་དོ་རང་སེམས་ཡིན། །འདུས་བྱས་དགེ་རྩ་བྱས་ན་འཆིང་བའི་རྒྱུ། །མཆོད་རྟེན་ལྷ་ཁང་ལ་སོགས་འདུ་བྱས་དགེ་རྩ་ཡང། །བྱས་པའི་ཆོས་ནི་བྱས་པས་མི་ཟིན་བཞག་པས་ཟིན་པར་འགྱུར། །བྱ་བ་བཏང་བས་རྣལ་འབྱོར་མི་སྤོངས་པ་དེ་བཞིན་གཤེགས། །ཡང་དག་སངས་རྒྱས་ལམ་ནི་ཀུན་ལ་དེ་བཞིན་གཤེགས་པར་བྱ། །ཡང་ཅིག་འདུས་པའི་འཁོར་ཚོགས་ཉོན། །ང་མེད་པ་ཡི་གོང་རོལ་དུ། །སངས་རྒྱས་སེམས་ཅན་གཉིས་མེད་དེ། །ལམ་དང་གྲུབ་པ་ག་ལ་ཡོད། །ང་ལ་མ་བྱུང་གཅིག་ཀྱང་མེད། །ང་ནི་སྟོང་པ་ཆེན་པོའོ། །ང་ལ་འབྱུང་བ་རྣམ་ལྔ་བསྐྱེད། །བ་ནི་འབྱུང་བདག་ཆེན་པོའོ། །ང་ནི་སངས་རྒྱས་ཀུན་གྱི་མེས། །ང་མེད་པ་ཡི་སྔོན་རོལ་དུ། །སངས་རྒྱས་བྱ་བའི་མིང་མེད་དེ། །ང་ནི་ཐབས་ཀྱི་ཕ་རོལ་ཕྱིན། །ང་ལ་མཚན་མའི་ཆོས་མེད་པས། །ང་ཡི་སེམས་ལ་གཡོ་བ་མེད། །ང་ནི་སངས་རྒྱས་ཀུན་གྱི་དུར། །འགྱུར་མེད་དུར་ས་མ་ང་ལ་བཏབ། །ང་ནི་སེམས་ཅན་ཀུན་གྱི་གནས། །བག་ཆགས་ལུས་ལྟར་སྣང་བའོ། །ང་ནི་དབྱེར་མེད་ཤེས་རབ་བོ། །ང་ལ་ཕྱི་ནང་གསང་བ་རྫོགས། །ང་ནི་རྡོ་རྗེ་སྙིང་པོའི་སྐུ། །ང་ལ་སངས་རྒྱས་བསྐྱེད་པའོ། །ང་ནི་སྐྱེ་མེད་རིག་པའི་དོན། །ང་ནི་དངོས་པོའི་ཆོས་དང་བྲལ། །ང་ལ་མཚན་མ་མེད་པའི་ཕྱིར། །ང་ནི་སེམས་ཅན་དུར་ཅན་འདོན། །ང་ལ་ཐུགས་རྗེ་འཆང་བའི་ཕྱིར། །ང་ནི་སྟོང་པའི་ཚིག་ལས་འདས། །ང་ལ་གསལ་ཆ་འབྱུང་བའི་ཕྱིར། །ང་ནི་མུན་པ་སྣང་བར་འགྱུར། །སྒྲོན་མ་རྣམ་གཉིས་ཡོད་པའི་ཕྱིར། །ང་ནི་ཕྱོགས་སུ་ལྷུང་བ་མེད། །ང་ལ་འཛིན་པ་མེད་པའི་ཕྱིར། །ཁྲེག་རྣམས་རང་རང་ཆོད་པའོ། །ཁྲེག་ཆོད་ཨ་ཏིའི་ལྟ་བ་ལ། །སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད། །སྟོན་པ་སངས་རྒྱས་མིང་སུ་འདོགས་པའི་སངས་རྒྱས་འཁྲུལ། །ཡང་དག་དོན་ལ་སངས་རྒྱས་སེམས་ཅན་མེད། །རང་རིག་སྟོང་པར་མི་གནས་བདེ་ཆེན་ས་ལ་གནས། །རིག་པ་འཛིན་པ་མེད་པས་སྟོང་། །སངས་རྒྱས་ཀུན་གྱི་རྗེ་བཙུན་ནི། །རང་རིག་ཡིན་པས་ཤེས་པར་བྱ། །རང་སྣང་རིག་པའི་རྒྱལ་པོ་འདི། །ཀུན་ལ་ཡོད་དེ་ཀུན་གྱིས་རྟོགས་པ་མེད། །རང་སྣང་རིག་པའི་སྒྲོན་མ་འདི། །ཀུན་ལ་སྣང་ཡང་གསལ་བར་དཀའ། །མཚུངས་མེད་རྟོག་པ་མེད་པ་ཡི། །རང་གསལ་ཆོས་ཉིད་དག་པ་འདི། །དགེ་སྡིག་མེད་ལ་དོན་གདེང་ལྡན། །སངས་རྒྱས་ཀུན་གྱི་ཡང་གསང་བཅུད། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །དགོངས་པ་གཅིག་ལས་མེད་པའོ། །སངས་རྒྱས་ཀུན་གྱི་རིག་པ་ནི། །སེམས་ཅན་ཀུན་གྱི་རང་ཡུལ་ཡིན།འོད་ལྔའི་མུ་ཁྱུད་ཟླུམ་པོར་གནས། །སེམས་ཅན་གྱིན་གྱི་ངོ་བོ་ནི། །འགྱུར་མེད་ཆོས་སྐུའི་ངོ་བོ་ཡིན། །སངས་རྒྱས་སེམས་ཅན་ཐམས་ཅད་ལ། །རང་རང་ཐུགས་ལ་དཀྱིལ་འཁོར་ཚང། །ང་ཉིད་གཅིག་པུ་དཀྱིལ་འཁོར་ལྷ། །ང་ཉིད་རྡོ་རྗེ་རྐྱེན་དང་བྲལ། །ང་ཉིད་དཔའ་བོ་གཅིག་པུ་ཉིད། །ང་ཉིད་བྱ་བ་ཐམས་ཅད་བྱེད། །གསང་སྔགས་རྒྱལ་པོ་ཚིག་ལས་འདས། །ཚིག་དང་ཡི་གེར་སྟོན་པའི་གང་ཟག་འཁྲུལ། །གསང་སྔགས་ཀུན་གྱི་གསང་བ་ཡང་བཅུད་འདི། །སྣོད་དང་ལྡན་པའི་སྐྱེས་བུ་རྣམས་ལ་སྣང་། །རྫོགས་ཆེན་ཨ་ཏི་ཡོ་ག་ནི། །དཔེར་ན་གཅན་གཟན་སེང་གེ་བཞིན། །གངས་དཀར་རྩེ་ནས་སྡེར་ཅན་ཟིལ་གྱིས་གནོན། དེ་བཞིན་རྫོགས་ཆེན་ཨ་ཏི་ནི། །སྣ་ཚོགས་དོན་ཆེན་སྟོན་ཅིང་ཐེག་དམན་ཟིལ་གྱི་གནོན། །སེང་གེས་རང་སྐད་འདོན་པས་སྡེར་ཆགས་ཐམས་ཅད་སྐྲག །རྫོགས་ཆེན་རང་སྐད་འདོན་པས་ཐེག་དམན་ཐམས་ཅད་བརྒྱལ། །ཀུན་དང་མི་མཉམ་རྫོགས་ཆེན་ཨ་ཏིའི་དོན། །སངས་རྒྱས་ཀུན་གྱི་གསང་བ་ཡང་གསང་ཡིན། །འདི་ལྟར་དྲི་མེད་ཟླ་ཤེལ་ལས། །ལྟ་བ་གཏན་ལ་ཕབ་ནས་སུ། །ཁྲེག་ཆོད་སྙིང་པོའི་དོན་ལ་སྦྱར། །དེ་ནས་ཐོད་རྒལ་གཏན་ལ་དབབ། །དེ་ནས་འབྲས་བུ་སངས་རྒྱས་བསྟན། །འཁྲུལ་ནས་འཁྲུལ་པ་མ་ལ་བཟློག། །རྫོགས་ཆེན་ཁྲེག་ཆོད་དོན་ལ་སྦྱར། །ཆོས་རྣམས་ཀུན་གྱི་མདུད་པ་ནི། །ཁྲེག་ཆོད་ཉིད་ལ་ཐུག་པའོ། །རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། །ལྟ་བ་ཁྲེག་ཆོད་བསྟན་པ་སྟེ། །རྒྱུད་ཚིག་ལེའུ་སོ་བདུན་པའོ། །ས་མ་ཡུ༷༷གཏེར་རྒྱ། སྦས་རྒྱ། ཟབ་རྒྱ།། །།སྟོན་པ་རྡོ་རྗེ་འཆང་ཆེན་ལ། །གསང་བདག་ཉིད་ཀྱིས་འདི་སྐད་ཞུས། །ཨེ་མ་སྟོན་པ་རྡོ་རྗེ་འཆང་། །ཁྲེག་ཆོད་ལྟ་བ་དེ་ལྟར་ན། །གཞི་ཉིད་དེ་ལ་བརྟེན་བྱས་ནས། །ཐོད་རྒལ་ལམ་དུ་ཇི་ལྟར་འཇུག །སྟོན་པ་ཉིད་ཀྱིས་ཞིབ་རྒྱས་གསུངས། །ཞུས་པའི་ལན་དུ་བཀའ་སྩལ་པ། །ཨེ་མ་འདུས་པའི་འཁོར་ཚོགས་ཉོན། །ཁྲེག་ཆོད་དག་ལ་བརྟེན་བྱས་ནས། །ཐོད་རྒལ་ལམ་དུ་འདི་ལྟར་གཞུག །ཡིད་འཐུན་པ་ཡི་ས་ཆ་ནི། །དྭངས་ཤིང་མཐོ་བའི་ས་ཆུ་སྲ །དགེ་སྡིག་རྐྱེན་དང་བྲལ་བའི་སར། །ལུས་ངག་ཡིད་གསུམ་བྱ་བ་བཏང་། །ལུས་ཕྱིའི་བྱ་བ་སོ་ནམ་འདུ་བྱེད་སྤངས། །ནང་གི་བྱ་བ་ཕྱག་བསྐོར་དང་། །གསང་བའི་བྱ་བ་འཁྲུལ་འཁོར་སྤངས། །ངག་ཕྱིའི་བྱ་བ་ངག་འཁྱལ་དང་། །ནང་གི་བྱ་བ་ཁ་ཏོན་དང། །གསང་བའི་བྱ་བ་ལྷ་བསྙེན་སྤངས། །སེམས་ཕྱིའི་བྱ་བ་སྤྲོ་རྟོག་དང་། །ནང་གི་བྱ་བ་ལྷ་བསྒོམ་དང་། །གསང་བའི་བྱ་བ་མི་རྟོག་བསྒོམ། །འདི་ལྟར་བྱ་བ་དགུ་ཕྲུག་བཏང། །ནམ་མཁའ་རྐྱེན་ད་བྲལ་བའི་དུས། །བདེ་བའི་གདན་ལ་སྐྱིལ་ཀྲུང་བཅའ། །ལུས་ནི་རྣམ་སྣངཆོས་བདུན་བཅའ། །རླུང་རོ་ལན་གསུམ་ཕྱིར་ལ་འབུད། །སྟེང་རླུང་བསྡམ་ལ་འོག་རླུང་བསྐུམ། །མིག་གཉིས་སྨིན་ཕྲག་མཁའ་ལ་གཏད། །མདུན་གྱི་ནམ་མཁའ་སྟོང་པ་ལ། །ཆོས་ཉིད་རྣམ་པར་དག་པ་ཡི། །ངོ་བོ་སྟོང་པ་དམིགས་གཏད་བྲལ། །རང་བཞིན་གསལ་དག་ཆོས་ཀྱི་དབྱིངས། །རྣམ་པར་དག་པའི་ལུ་གུ་རྒྱུད། །དབྱིངས་དང་འདུ་འབྲལ་མེད་པར་འཆར། །དེ་ནི་ཆོས་སྐུ་སྟོང་པས་ཏེ། །སྐྱེ་བ་མེད་པའི་རང་བཞིན་ཡིན། །མ་འགགས་འོད་དུ་གསལ་བས་ན། །འགག་པ་མེད་པའི་རིག་པ་ཡིན། །རིག་པ་རྡོ་རྗེ་ལུ་གུ་རྒྱུད། །ཕྲ་ཞིང་རྟ་རྔའི་མདུད་པ་འདྲ། །བར་བར་ཐིག་ལེ་ཡུངས་འབྲུ་ཙམ། །ཆེ་ཆུང་ཚད་མེད་ཅིར་ཡང་འཆར། །འགྲོ་དང་འོང་བའི་བདག་ཉིད་ཅན། །དེ་ཡང་འོད་ལྔའི་ནང་དུ་འཆར། །ཐིག་ལེ་དག་ནི་རྐྱང་པ་དང་། །གཉིས་འབྲེལ་གསུམ་འབྲེལ་ལ་སོགས་འཆར། །དཔེ་ནི་རྒྱ་མཚོའི་སྦྲང་ཆར་དང་། །ལྕགས་ཚགས་ཟ་འོགསྤར་མ་འདྲ། །དནང་རངགང་ངོ་བོ་སྟེ། །ཆེ་ཆུང་ཐངག་ལེཉག་གཅངག་གོ །ཆོས་ཉངདམངོན་གསུམ་སྣངབཡངན། །དུསགསུམ་སངས་རྒྱས་ཐམས་ཅདདང་། །བདབརགཤགས་པ་ཐམསཅད་དང། །རིགས་ལྔའི་སངས་རྒྱས་རིགས་གསུམམགོན། །སྐུ་དང་ཡ་ཤས་ཞངའ ཁམས་དང་། །ཐམས་ཅདམངོན་སུམམཇལ་བཡའན། །ལས་དང་སྡངག་སྒྲངབ་ཟད་པ་ཡངན། །དུག་ལྔ་ཡ་་ཤེས་རང་ལོག་ཡངན། །འཁོར་བ་དག་དང་རྒྱབ་གྱ་ས་ཡངན། །དབང་བཞང་ཐམས་ཅད་རྫོགས་པ་ཡངན། །སངས་རྒྱས་སྟོང་དང་མཇལ་བ་ཡངན། །མངོན་སུམ་འདི་དང་མ་བྲལ་ཅངག །ཐོག་མརབཞུགས་སྟངས་འདི་ལ་བསླབ། །ཐོད་རྒལ་ཁྱང་ཡང་འདུག་བཏང་སྟེ། །བཞུགས་སྟངས་ཀུན་གྱང་ཐོག་མའོ། །རྒྱུད་ཚིག་ལེའུ་སོ་བརྒྱད་པའོ། །ག་ །གོང་ལྟར་བཞུགས་སྟངས་རབ་རྫོགས་ན། །རྩ་བའི་བཞུགས་སྟངས་གསུམ་ལ་བསླབ། །བྱ་བ་དགུ་ཕྲུག་དག་ཏུ་བཏང། །ནང་ཚངས་ཅན་གྱང་གདན་སྟངས་སུ། །སེང་གེ་ཉལ་བ་ལྟ་བུ་ཡང། །དྲན་པ་རྣམས་ཀྱང་ཐག་པ་བཅད། །ཆོས་སྐུའི་བཞུགས་སྟངས་སེང་གེ་ཡང། །འཁྲུལ་པའི་འཇིགས་པ་རང་བྲལ་ནས། །མང་་གྱུར་རྡོ་རྗེའི་མངག་གངས་མཐོང། །དེ་ཡང་བཞུགས་སྟངས་འདི་ལྟར་རོ། །པུས་མོ་གཉིས་པོ་ས་ལ་བཙུགས། །ཡིད་ཙམ་ཕྱིར་ལ་བགྲད་པར་བྱ། །རྟིང་པ་གཉིས་པོ་འཕོངས་ལ་སྦྱར། །ལག་གཉིས་པུས་མོའི་ཕྱི་ལོགས་སུ། །ཅུང་ཟད་བགྲད་ལ་ས་ལ་བཙུགས། །སྒལ་ཚིགས་བསྲང་༄༅ ལ་མཇིང་པ་དགྱེད། །མིག་གཉིས་སྨིན་ཕྲག་མཁའ་ལ་བགྲད། །དབྱིངས་དང་རིག་པའི་ལྟ་སྟངས་ཀྱིས། །སྒྲིབ་བྱེད་བྲལ་བའི་ནམ་མཁའ་ལྟ། །དབྱིངས་ཀྱི་ནང་ནས་ལུ་གུ་རྒྱུད། །རྣམ་པ་གཞུག་ཅིང་འབྲལ་མི་བྱ། །དེ་ལྟར་སུ་ཡི་མཐོང་བའི་མིས། །ཐོག་མའི་ཀུན་ཏུ་བཟང་པོ་དང། །སྐལ་བ་ཉིད་ནི་མཉམ་པའོ། །གླང་ཆེན་ཉལ་བ་ལ་བརྟེན་ནས། །ཆོས་ཉིད་རྣམས་ལ་ལོངས་སྤྱོད་དེ། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །དེ་ཡི་བཞུགས་སྟངས་འདི་ལྟར་རོ། །ཁ་སྐྲུབ་དྲང་པོར་ཉལ་བྱས་ནས། །གྲུབ་མོ་གཉིས་པོ་ས་ལ་བཙུགས། །ལག་མཐིལ་གཉིས་ཀྱི་ཨོ་རྐོང་བརྟེན། །པུས་མོ་གཉིས་པོ་བྲང་ལ་སྦྱར། །མཇིང་པ་བཏེག་ལ་རྒྱབ་ཏུ་བོར། །མིག་གཉིས་སྨིན་ཕྲག་མཁའ་ལ་གཏད། །ཟུར་གྱིས་གཡས་དང་གཡོན་དུ་ཁྲིད། །གཡོ་འགུལ་མེད་པར་དལ་ལ་བརྟེན། །སྐུ་གསུམ་འབྲས་བུ་མངོན་དུ་བལྟ་འདོད་ན། །བཅུད་ཀྱི་སྙིང་པོའི་ཡེ་ཤེས་ལྷོས། །ཡེ་ཤེས་རང་སྣང་ལྷུག་པ་ཉིད་དུ་འཆར། །མ་བཅོས་ཅོག་བཞག་རྒྱལ་པོ་རང་གྲོལ་ཉིད། །སྐུ་གསུམ་འདུ་འབྲལ་མེད་པར་ལོངས་སྤྱོད་དོ། །སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་གིས། །རང་གི་སྣང་བ་གཏན་ལ་ཕེབས། །དྲང་སྲོང་ཙོག་བུ་ལ་བརྟེན་ནས། །ཆོས་ཉིད་རྣམ་པར་རང་སྤྲུལ་ནས། །ཆོས་ཉིད་མིག་གིས་མཐོང་བར་འགྱུར། །གཞན་ཡང་རྩ་དང་འཁྲུལ་འཁོར་གྱིས། །རང་བཞིན་གནས་པའི་ཡེ་ཤེས་ལྔ། །ཆུ་བུར་མིག་གིས་མཐོང་བར་འགྱུར། །དེ་ཡི་བཞུགས་སྟངས་འདི་ལྟར་རོ། །ཙོག་བུར་རྐང་པ་གཉིས་པོ་གཤིབ། །གསུས་པ་སྒལ་ལ་ཡིད་ཙམ་སྦྱར། །པུས་མོ་གཉིས་པོ་བྲང་ལ་སྦྱར། །གྲུ་མོ་གཉིས་པོ་པུས་མགོར་བཀལ། །ལག་མཐིལ་འགྲམ་པའི་ཟུར་གཉིས་བཏོད། །ཟིམ་བུའི་མིག་གིས་བར་སྣང་ལྟ། །ཉི་མའི་གཡས་དང་གཡོན་དུ་ལྟ། །ཧར་པོ་དག་དང་སྐབས་སུ་ལྟ། །སྤྲུལ་སྐུའི་ཞིང་ཁམས་མཐོང་བར་འགྱུར། །དེ་ནི་ཆོས་ཉིད་མངོན་སུམ་སྟེ། །སྐུ་གསུམ་འདུ་འབྲལ་མེད་པ་ཡིན། །རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། །རྩ་བ་སྐུ་གསུམ་བཞུགས་སྟངས་དང་། །གཟིགས་སྟངས་གསུམ་དང་བསྟུན་པས་ཏེ། །རྒྱུད་ཚིག་ལེའུ་སོ་དགུ་པའོ།། །།ད་ནི་ཡན་ལག་གཞུགས་སྟངས་བཤད། །སྐྱེས་བུ་གན་རྒྱལ་ཧར་པོ་ལྟ། །འབྱུང་བཞིའི་གྲིབ་མ་མཚམས་ལ་ཕེབས། །ཝ་མོ་ཁྱི་ཚུགས་བཅུས་ལ་ལྟ། །སྒོ་ལྔའི་ཡུལ་རྣམས་རྒྱ་ཡིས་ཐེབས། །ལྕགས་སྡོང་ལྟ་བུའི་སྲིན་ལངས་ཀྱིས། །སྒོ་ལྔའི་ཤེས་པ་གཅིག་ཏུ་སྡུད། །འདི་གསུམ་ལན་ཡག་འདུག་སྟངས་ཏེ། །རྒྱུད་ཚིག་ལེའུ་བཞི་་བཅུ་པའོ།། །།གཞུགས་སྟངས་དྲུག་པོ་གང་བྱེད་ཀྱང་། །རླུད་གནད་ཤིན་ཏུ་དལ་བ་ལ། །ཡིད་ཙམ་ཕྱིར་ལ་འདུར་བར་བྱ། །སོ་གཉིས་བར་དུ་ནས་ཐར་ཙམ། །མིག་གཉིས་སྨིན་ཕྲག་མཁའ་ལ་གཏད། །ཟེར་གཉིས་བར་དུ་ཁྱད་པར་ལྟ། །ནམ་མཁའ་རྐྱེན་དང་བྲལ་དུས་གསལ། །ཉིན་བར་སྨུབྱ་བལྟ་བར་བྱ། །ནུབ་མོ་ཙན་དྲ་བལྟ་བར་བྱ། །མངོན་སུམ་འདི་དང་འབྲལ་མི་བྱ། །བཞུགས་སྟངས་དེ་རྣམས་གང་བྱེད་ཀྱང་། །སེང་གེ་ལྟ་བུའི་ལྟ་སྟངས་ཀྱིས། །ལྒབྲུལ་པའི་ཡུལ་རྣམས་གཅིག་ཏུ་ལྟ། །གླང་ཆེན་ལྟ་བུའི་ལྟ་སྟངས་ཀྱིས། །དབྱིངས་རིག་གཉིས་པོ་གཅིག་ཏུ་ལྟ། །དྲང་སྲོང་ལྟ་བུའི་ལྟ་སྟངས་ཀྱིས། །སྣང་བ་རྣམས་ཀྱི་ཚད་ཀྱང་འཛིན། །སྐྱེས་བུ་ལྟ་བུའི་ལྟ་སྟངས་ཀྱིས། །རིག་པའི་སྣང་བ་མཆེད་པ་མཐོང་། །མདའ་སྲོང་ཝ་མོ་ལྟ་སྟངས་ཀྱིས། །རིག་པ་མི་འགྱུར་སྲང་དུ་གཞུག །ལྕག་སྡོང་ཁྲ་ཡི་ལྟ་སྟངས་ཀྱིས། །ཕྱི་ཡི་ཆོས་ཅན་དུམ་བུར་ལྟ། །ལྕེ་སྤྱང་ལྟ་བུའི་ལྟ་སྟངས་ཀྱིས། །ཉིན་དང་མཚན་མོ་མེད་པར་ལྟ། །ལྟ་སྟངས་རེ་དང་བཞུགས་སྟངས་བསྟུན། །ད་ནི་ལུས་ངག་ཡིད་གསུམ་པོ། །བསླབ་དང་སྦྱང་བའི་རིམ་པ་ནི། །མདུད་པ་ལྟ་བུར་གཅིག་ཏུ་དྲིལ། །ལྕགས་ཀྱུ་ལྷ་བུར་རླུད་སེམས་ཁུག །མདུང་ཤིང་ལྟ་བུར་གཅིག་ཏུ་དྲིལ། །གཅུད་ཕུར་ལྟ་བུར་ལུས་སེམས་གཅུན། །རྒྱལ་མཚན་ལྟ་བུར་ལུག་རྒྱུད་ཕྱོར། །མེ་ལོང་ལྟ་བུར་རང་ཉིད་ལྟོས། །མ་རིག་ལ་སོགས་ཉོན་མོངས་དྲུག །བཞུགས་སྟངས་གསུམ་གྱིས་གཅུན་པར་བྱ། །ལྟ་སྟངས་དྲུག་གིས་རྩད་བཅད་ནས། །དཔེ་དོན་དྲུག་གིས་གཏན་ནས་བརླབ། །རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། །ལྟ་སྟངས་རླུང་གནད་གཅུན་པས་ཏེ། །རྒྱུད་ཚིག་ལེའུ་ཞེ་གཅིག་པའོ།། །།ཨེ་མ་ཧོ། །ཆོས་ཉིད་མངོན་སུམ་སྣང་བ་འདི། །རང་བབས་ངང་ལས་གསལ་བའི་ཁོང་། །ལེགས་པར་བཤད་དོ་ཡིད་ལ་ཟུང། །དངོས་གཞིའི་བཞུགས་སྟངས་ལྟ་སྟངས་དང། །རྩ་བའི་བཞུགས་སྟངས་དང། །ཡན་ལག་བཞུགས་སྟངས་ལྟ་སྟངས་དང་། །འདི་རྣམས་རླུད་གནད་དག་དང་བསྟུན། །རིག་པ་ལུག་རྒྱུད་མངོན་སུམ་མཐོང་། །འདིས་ནི་ཆོས་ཉིད་སྣང་བས་ཏེ། །འདི་ལ་ཡོན་ཏན་བསམ་མི་ཁྱབ། །རང་སྣང་གསལ་བ་འདི་ལྟར་རོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །གང་གི་ཕྱོགས་སུ་མ་ལྷུང་ངོ་། །དཔེར་ན་སྦྲང་དང་སྤྱིན་སྣོད་ནི། །ཆུ་ཡིས་བཀྲུས་ནས་དག་པར་འགྱུར། །རིག་དང་མ་རིག་རྟོག་པ་ཡིན། །ཆོས་ཉིད་ཡེ་ཤེས་ནམ་མཁའ་ལ། །རིག་པ་ཡེ་ཤེས་མ་ཡེངས་པར། །འཛིན་མེད་ངང་དུ་བཞག་གྱུར་ན། །ཡེ་ཤེས་མཐོང་ལམ་ཤེས་ཤིང་རིག །མ་འགག་འཁྲུལ་པའི་ཆོས་ལ་སོགས། །བསམ་མེད་ཆོས་སྐུ་སྤྲོས་བྲལ་ནི། །བར་སྣང་སྟོང་པའི་ཡུལ་དུ་གསལ། །སངས་རྒྱས་ཀུན་གྱི་ལུས་ཉིད་ནི། །རྟོག་པ་མེད་པའི་ངང་དུ་གསལ། །འཛིན་མེད་དག་སྒོམ་ཆེན་པོ་ལ། །རྡོ་རྗེ་སེམས་དཔའི་རིག་པ་གསལ། །གསལ་སྟོང་དག་པའི་ཡེ་ཤེས་ལ། །མཚན་མ་མེད་པ་ཆོས་ཉིད་གསལ། །ཞེ་འདོད་མེད་པའི་སྒོམ་པ་ལ། །བཏང་སྙོམས་མེད་པའི་ཏིང་འཛིན་གསལ། །སྤང་ཐོབ་མེད་པའི་ལྟ་བ་ལ། །རྟོག་པ་མེད་པའི་མཐོང་བ་གསལ། །བཅོས་བསླད་མེད་པའི་སྤྱོད་པ་ལ། །བྱས་པ་མེད་པས་བྱུང་བ་གསལ། །བསམ་དང་བྲལ་བའི་ཆོས་སྐུ་ལ། །འགག་པ་མེད་༄༅ པའི་ལོངས་སྐུ་གསལ། །མཚན་མ་མེད་པའི་ཆོས་ཉིད་ལ། །ཐམས་ཅད་འདྲེན་པའི་སྤྲུལ་སྐུ་གསལ། །ཕྱིར་མི་ལྡོག་པའི་སྐུ་གསུམ་ལ། །གཟུང་འཛིན་མེད་པའི་རིག་པ་གསལ། །ཡང་དག་སངས་རྒྱས་ལམ་རྒྱལ་ལ། །སྦྱང་དུ་མེད་པའི་དཀྱིལ་འཁོར་གསལ། །བསྐྱེད་པ་མེད་པའི་ཡིག་འབྲུ་ལ། །འདུ་འབྲལ་མེད་པའི་ལྷ་ཚོགས་གསལ། །བསྟན་དུ་མེད་པའི་ལུང་ཆེན་ལ། ཁྲེས་སུ་མེད་པའི་ཆོས་སྐུ་ཤེས། །བརྗོད་དུ་མེད་པའི་མན་ངག་ལ། །བཟུང་དུ་མེད་པའི་རིག་པ་ཟིན། །བཤད་དུ་མེད་པའི་ཆོས་ཉིད་ལ། །ཐོབ་ཏུ་མེད་པའི་འབྲས་བུ་ཐོབ། །ཡི་གེ་མེད་པའི་རྒྱུད་ཆེན་ལ། །བཤད་དུ་མེད་པའི་སངས་རྒྱས་གསལ། །བསྒྲུབ་ཏུ་མེད་པའི་འཕྲིན་ལས་ལ། །བྱ་ཏུ་མེད་པའི་མཆོད་པ་གསལ། །ཆོས་ཉིད་མི་འགྱུར་སྣང་བ་ལ། །ལྷ་དང་བྲལ་བའི་རིག་པ་གསལ། །སྟོང་པ་ཉིད་ཀྱི་ཆོས་ཉིད་ལ། །བདེ་བ་ཟག་མེད་ཐིག་ལེ་གསལ། །ཡང་དག་དོན་གྱི་ཆོས་སྐུ་ལ། །རྟོག་མེད་གསལ་བའི་ཡེ་ཤེས་གསལ། །འགྱུར་མེད་རང་གསལ་ངོ་བོ་ལ། །རྟོག་མེད་མཉམ་པའི་ཐིག་ལེ་གསལ། །རྣམ་རྟོག་དབྱིངས་ཀྱི་ཐིག་ལེ་ལ། །བརྗོད་མེད་ལམ་གྱི་ཐིག་ལེ་གསལ། །ས་ལ་མི་གནས་སྐུ་མཆོག་ལ། །བཏང་སྙོམས་ཡེ་ཤེས་དལ་བ་གསལ། །བྱ་བཙལ་བྲལ་བའི་ཆོས་ཉིད་ལ། །དཀྱིལ་འཁོར་ལྔ་ཡི་འདུ་འཕྲོ་གསལ། །རྟོག་པ་ལམ་གྱི་སངས་རྒྱས་ལ། །བྱ་བ་རྒྱུ་ཡི་སངས་རྒྱས་གསལ། །གྲོལ་བ་འབྲས་བུའི་སངས་རྒྱས་ལ། །སྨིན་པ་རྟགས་ཀྱི་སངས་རྒྱས་གསལ། །བྱ་བྱེད་བྲལ་བའི་རིག་པ་ལ། །འཛིན་མེད་རྡོ་རྗེའི་ལུག་རྒྱུད་གསལ། །ཀུན་ལ་ཁྱབ་པའི་ཡེ་ཤེས་ལ། །རང་གསལ་ཆོས་ཉིད་རྟོག་མེད་གསལ། །འཛིན་པ་མེད་པའི་ཆོས་ཉིད་རང་ས་གསལ། །རྟོག་མེད་ཆོས་ནི་ནམ་མཁར་གསལ། །འཛིན་མེད་ཆོས་ནི་རང་སར་དག། །རྟོག་མེད་རང་གྲོལ་བདེ་བའི་ཤུགས། །ཡེངས་པ་མེད་པར་ཀུན་ལ་ཁྱབ། །ཆོས་ཉིད་བདེ་ཆེན་ས་ལ་གཤེགས། །རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། །ཡེ་ཤེས་སྣང་བ་ལམ་མེ་བ། །རིག་པ་རྡོ་རྗེ་ལུ་གུ་རྒྱུད། །ཁྲེག་ཆོད་ངང་ལ་ཐོད་རྒལ་གསལ། །ཆོས་རྣམས་རང་བཞིན་གསལ་བ་ཡི། །རྒྱུད་ཚིག་ལེའུ་ཞེ་གཉིས་པའོ།། །།ད་ཆོས་ཉིད་རང་སྣང་གསལ་བ་ལ། །ཁ་དོག་འོད་ཟེར་འདི་ལྟར་རོ། །རབ་ཏུ་དཀར་བར་སྣང་བ་དང་། ་རྐོན་ཏུ་དཀར་བར་སྣང་བ་དང་། །མཆོག་ཏུ་དཀར་བར་དག་དང་ནི། །ཚད་མེད་པ་རུ་དཀར་བ་དང་། །དེ་བཞིན་དུ་ནི་སེར་པོ་དང་། །རབ་ཏུ་སེར་དང་ཤིན་ཏུ་སེར། །མཆོག་ཏུ་སེར་དང་ཚད་མེད་སེར། །དེ་བཞིན་དུ་ནི་དམར་པོ་དང་། །རབ་ཏུ་དམར་དང་ཤིན་ཏུ་དམར། །མཆོག་ཏུ་དམར་དང་ཚད་མེད་དམར། །དེ་བཞིན་དུ་ནི་ལྗངགུ་དང་། །རབ་ཏུ་ལྗང་དང་ཤིན་ཏུ་ལྗང། །དེབཞིནདུནིམཐིངཀ་དང་། །རབ་ཏུ་མཐིང་དང་ཤིན་ཏུ་མཐིང་། །མཆོག་ཏུ་མཐིང་དང་ཚད་མེད་མཐིང་། །གསེར་དངུལ་ཤེལ་གྱི་ཁ་དོག་དང་། །མུ་ཏིག་མུ་མེན་མདོག་ལྷར་དང་། །ངང་པའི་སྒོ་ང་ལྟ་བུ་དང་། །རིན་ཆེན་མཐོན་མཐིང་མར་རྒད་དང་། །པདྨ་རྭ་ག་བི་ཌར་མདོག། །རྨ་བྱ་ནེ་ཙོ་ཟེར་མོའི་སྒྲོ། །ཕུ་རོན་སྐེ་མགུལ་ལྟ་བུ་དང་། །རི་སྐེག་ཤུལ་པོ་ལྟ་བུ་དང་། །སེང་གེའི་དཔྲལ་བ་ལྟ་བུ་དང་། །ཁྲ་དང་བྱ་ཡི་མིག་ལྟར་དང་། །དུག་གི་རླངས་པ་ལྟ་བུ་དང་། །བརྒྱ་བྱིན་ལག་པ་ལྟ་བུ་དང། །འབྲོང་བྱའི་གཤོག་པ་ལྟ་བུ་དང་། །ཐིག་ལེ་དག་ནི་ཐིག་ཕྲན་དང་། །འོད་ཟེར་ཁ་དོག་ལྔ་ལྡན་ནི། །གྱེན་འགྲེང་དང་ནི་རྩིབ་ཤར་དང་། །མདུང་རྩེ་རིས་དང་པདྨ་རིས། །མཆོད་རྟེན་རིས་དང་དྲུ་བ་རིས། །རྡོ་རྗེ་རིས་དང་ཙ་ཀྲ་རིས། །རལ་གྲི་རིས་དང་འཇུག་གི་རིས། །དྲུ་བས་དྲུ་བ་ཕྱེད་པ་དང་། །འོད་ཀྱི་དུམ་བུ་ལྟ་བུ་དང་། །དར་སྣ་ལྔ་ཡི་སྣམ་བུ་དང་། །རིན་ཆེན་མིག་ཚག་མིག་མང་རིས། །ཉ་མིག་རིས་དང་མཁར་ཐབས་རིས། །ཟ་འོག་གུར་ཁྱིམ་ལྟ་བུ་དང་། །ཉི་ཟླ་གཟའ་སྐར་དྭངས་པ་དང་། །པདྨ་སྟོང་ལྡན་ལྕགས་ཚགས་དང་། །སྨུག་པ་ལྟར་དང་ཉི་ཟླ་ལྟ། །མཆོད་རྟེན་རིས་དང་རེ་ལྡེ་རིས། །ཚ་ཚྭ་ལྟར་དང་སྤ་ཕུབ་རིས། །མེ་ལོང་གཡའ་དག་ཕྱིས་པའམ། །མེ་ལོང་སྣུམ་ཕྱིས་བྱས་པ་འམ། །ཁ་དོག་འབར་བ་མེ་ལྕེ་རིས། །རིན་ཆེན་གདུགས་བརྩེགས་འབྲུ་ཕུང་རིས། །སྨིག་སྒྱུ་རིས་དང་ཆོ་ལོང་རིས། །རྟ་རྔ་མདུད་པ་བསྒྲིགས་པ་དང་། །ཐིག་ལེ་ཐིག་ཕྲན་བསེ་ཕུབ་རིས། །འོད་སྐོར་འོད་འཁྱུད་སྣ་ཚོགས་པ། །འོད་ལྔས་ལུང་པ་ཁེངས་པ་དང་། །བེམས་པོའི་སྣང་བ་མེད་པ་མྲ །ཡེ་ཤེས་ལྔ་ཡི་འོད་ཟེར་རྒྱས། །མུ་ཁྱུད་ཐིག་ལེ་ལྔ་ལྡན་དང་། །དེ་ཡི་ནང་དུ་རྡོ་རྗེ་སེམས། །སྐུ་ལ་ཐིག་ལེ་ཐིག་ཕྲན་བརྒྱན། །རྡོ་རྗེ་སེམས་དཔའ་ཕྱེད་སྐུ་དང་། །སྐུ་རྐྱང་དང་ནི་ཟུང་འབྲེལ་དང། །ཐིག་ལེ་དེ་དག་རེ་རེའི་ནང་། །ཐིག་ལེ་ལྔ་ལྔ་ཚོམ་བུའི་ནང་། །རིགས་ལྔ་ཡབ་ཡུམ་ཚོམ་བུར་བཅས། །ས་རྡོ་རི་བྲག་རང་སར་དེངས། །ཞི་བའི་སྐུ་དང་ཁྲོ་བའོ་སྐུ། །སེམས་དཔའ་སེམས་མ་ལ་སོགས་རྣམས། །ཆོས་ཉིད་མངོན་སུམ་ཡུལ་ལ་འཆར། །བྱས་པ་མེད་པར་རང་བྱུང་ཡིན། །བཞུགས་སྟངས་གསུམ་དང་ལྟ་སྟངས་གསུམ། །མངོན་སུམ་འདི་ལ་སུ་གོམས་པ། །ཆོས་ཉིད་སྣང་བ་རིམ་བཞིན་འཆར། །ཡེ་ཤེས་ལྔ་ལ་འོ།ངས་སྤྱོད་དོ། །རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། །མངོན་སུམ་གསལ་བའི་ཁ་དོག་དང་། །རིག་པ་ལུག་རྒྱུད་འདུག་ཚུལ་དང་། །འོད་ཟེར་འཕྲོ་འདུ་ཡུལ་སྣང་དང་། །ལེགས་པར་མངོན་སུམ་བསྟན་པ་སྟེ། །རྒྱུད་ཚིག་ལེའུ་ཞེ་གསུམ་པའོ།། །།ཡང་ཅིག་སྟོན་པ་ཉིད་ལ་ནི། །རྡོ་རྗེ་ཅན་གྱིས་ཡང་ཞུས་པ། །སྟོན་པ་ཉིད་ཀྱིས་གསུངས་པའི་ཚོགས། །མངོན་སུམ་ཉིད་ལ་བསླབ་པ་ལ། །བཞུགས་སྟངས་གསུམ་དང་གཟིགས་སྟངས་གསུམ། །སྒོ་ཡུལ་རླུད་གནད་གཅུན་པ་དང་། །ཡུལ་ལ་ཆོས་ཉིད་གསལ་ཚུལ་དང་། །དེ་ཡི་འོད་ཟེར་འཕྲོ་འདུ་རྣམས། །ལེགས་པར་ཡང་དག་གསུངས་ན་ཡང་། །རྣལ་འབྱོར་ཉམས་སུ་ལེན་པ་ལ། །གོང་གི་སྣང་བ་ཐམས་ཅད་ཀུན། །རིམ་པ་བཞིན་དུ་འཆར་ཚུལ་དང་། །སྣང་བ་བཞི་ཡི་འཆར་ཚུལ་དང་། །རྟགས་ཚད་རིམ་ཀྱི་འབྱུང་བ་དང་། །ཉམས་ཀྱི་སྣང་བ་འཕེལ་ཚུལ་རྣམས། །ལེགསཔར་ཡང་དག་ཉིད་དུ་གསུངས། །དེ་སྐད་ཅེས་ནི་ཞུས་པའི་ལན། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །ཉོན་ཅིག་ལམ་གྱི་རྣལ་འབྱོར་ཉོན། །ཐོད་རྒལ་ཉམས་སུ་ལེན་པ་ལ། །རྟགས་ཚད་འདི་ལྷར་འཆར་བ་ཡིན། །དང་པོ་ཆོས་ཉིད་མངོན་སུམ་གྱི། །ཉམས་སྣང་ཉིད་ནི་འདི་ལྟར་རོ། །རྣམ་དག་དབྱིངས་ཀྱི་སྒྲོན་མ་ནི། །འོད་ཟེར་ཁ་དོག་མཐིང་ཀ་ནི། །ཡི་གེ་ན་རོ་ལྟ་བུ་འམ། །འཇའ་ཚོན་རྟ་རྔའི་མདུད་པ་འདྲ། །དེ་ལ་ཐིག་ལེ་ཡུངས་འབྲུ་ཙམ། །ཕྲོམ་ཕྲུམ་ཟ་ཟིལ་ཁྱག་ཁྱུག་དང་། །གྱ་གྱུ་ཕྲག་ཕྲིག་ཁྱག་ཁྱུག་དང་། །སོས་ཀའི་སྨིག་སྒྱུ་ལྟ་བུར་འཆར། །དེ་ནས་ཉི་མའི་ཕྱོགས་སུ་ནི། །ནམ་མཁའ་རྐྱེན་དང་བྲལ་དུས་སུ། །ཟིམ་བུ་མ་ཡེངས་བརྟེན་པར་བྱ། །རླུད་དང་ཤེས་པ་དལ་ལ་བསླབ། །ཡིད་ལ་གྱ་གྱུ་མེད་པར་བྱ། །ཉི་མ་དྲུག་བདུན་སོང་བ་དང་། །སྣང་བ་དེ་རྣམས་བརྟན་པར་འགྱུར། །རིག་པ་རྡོ་རྗེ་ལུ་གུ་རྒྱུད། །ཤིན་ཏུ་ཡང་ཤིང་འགྲོ་འོང་བྱེད། །སྔར་ལམ་དམ་དུམ་གསལ་བ་ལ། །འཇའ་ཚོན་ལྔ་ཡི་བརྒྱན་པ་འཆར། །ད་རུང་ཉམས་སུ་བླངས་པ་ཡིས། །འོད་ལྔའི་སྣང་བ་རེ་ལྡེ་ཙམ། །ལུག་རྒྱུད་ལྕགས་ཐག་འདྲ་བ་ལས། །ཐིག་ལེ་སྲན་མ་ཙམ་གྱིས་བརྒྱན། །ལྕགས་ཚགས་ཉ་མིག་ལྟ་བུ་དང་། །ཆུ་ཡི་གཉེར་མ་ལྟ་བུ་དང་། །མཚོ་ནང་རྡོ་བ་བོར་བ་དང་། །རི་མོ་ཕུབ་ལྟར་འཁྱིལ་འདྲ་འཆར། །སྣང་བ་རྣམས་ཀྱང་དལ་བར་སྣང་། །འོད་ཁྱིམ་ཁ་དོག་རྣམ་ལྔ་མཐོང་། །དེ་ནི་ཆོས་ཉིད་མངོན་སུམ་ཡིན། །ཁ་དོག་མཐིང་ཀ་མཐོང་བ་ནི། །ཆོས་དབྱིངས་ཡེ་ཤེས་ངོ་བོ་ཡིན། །ཉོན་མོངས་གཏི་མུག་རྣམ་པར་དག །འོད་ཟེར་དཀར་པོ་མཐོང་བ་ནི། །མེ་ལོང་ཡེ་ཤེས་ངོ་བོ་ཡིན། །ཉོན་མོངས་ཞེ་སྡང་རྣམ་པར་དག །འོད་ཟེར་སེར་པོ་མཐོང་བ་ནི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། །ཉོན་མོངས་ང་རྒྱལ་རྣམ་པར་དག །འོད་ཟེར་དམར་པོ་མཐོང་བ་ནི། །སོ་སོར་རྟོག་པའི་ཡེ་ཤེས་ཡིན། །ཉོན་མོངས་འདོད་ཆགས་རྣམ་པར་དག། །འོད་ཟེར་ལྗང་ཁུ་མཐོང་བ་ནི། །བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །ཉོན་མོངས་ཕྲག་དོག་རྣམ་པར་དག །འདི་ནི་ཆོས་ཉིད་མངོན་སུམ་ཡིན། །མངོན་སུམ་འདི་ལས་སྦྱང་བར་བྱ། །རིམ་གྱིས་ཁ་དོག་ལྔ་ལ་བསླབ། །རྒྱུད་ཆེན་དྲི་མེ་ཟླ་ཤེལ་ལས། །ཆོས་ཉིད་མངོན་སུམ་སྣང་བ་ནི། །ད་ལྟ་ཉིད་དུ་བསྟན་པ་སྟེ། ཁུ།ད་ཚིག་ལེའུ་ཞེ་བཞི་པའོ། །ད་ནི་ཉམས་སྣང་གོང་འཕེལ་བཤད། །དེ་ཡང་གཉིས་སུ་འདུས་པ་སྟེ། །སྣང་ཉམས་གོང་དུ་འཕེལ་བ་ཡི། །དེ་ལ་བརྟེན་ནས་ཤེས་ཉམས་འཆར། ་་་་་་་་མོ་ །ད་རུང་མངོན་སུམ་སྦྱངས་པ་ནི། །སེམས་ཅན་རྣམས་ལ་སྙིང་རྗེ་དང་། །བྱ་བ་གཞན་ལ་མི་ཡེངས་ཤིང་། །མངོན་སུམ་འདི་ལ་ལྟ་སྙིང་འདོད། །འོང་ཀྱང་རང་གི་ཐོ་ཕྱི་ཙམ། །མདུན་རྒྱབ་དག་ཏུ་གསལ་བའོ། །དེ་ཡང་ཉིན་མཚན་མེད་པར་འཆར། །ཐིག་ལེ་མེ་ལོང་འཕང་ལོ་ཙམ་། །འོད་ཁྱིམ་ཁ་དོག་ཅིར་ཡང་འཆར། །རྩིབས་ཤར་མདུང་རྩེ་པདྨ་རིས། །མཆོད་རྟེན་དྲུ་བ་རྡོ་རྗེ་དང་། །ཙ་ཀྲ་རལ་གྲི་དྲ་ཕྱེད་དང་། །མིག་མང་མིག་ཚག་ཟ་འོག་རིས། །མེ་ལོང་རེ་ལྡེ་ཚ་ཚྭ་རིས། །རིན་ཆེན་འོད་འདྲ་དཔལ་བེའུ་རིས། །འོད་ཤར་འོད་སྒོར་འོད་ཟེར་འབར། །རྨ་བྱའི་མདོངས་དང་ཕུ་རོན་སྐེ། །པདྨ་སྟོང་ལྡན་དྲུ་བ་རིས། །ཐིག་ལེ་ཐིག་ཕྲན་མུ་ཁྱུད་བཅས། །རྣམ་པ་སྣ་ཚོགས་ཉིད་དུ་འཆར། །དེ་ནི་སྣང་ཉམས་འཕེལ་བ་ཡིན། ཁྲེས་ཉམས་དགེ་སྡིག་ངོ་བོ་ཤེས། །ལུས་ལ་འབུ་སྲིན་ཤིག་མི་འབྱུང་། །དེ་ལྟར་རྟགས་ཚད་ལྡན་གྱུར་ཀྱང་། །ད་རུང་ཉམས་སུ་བླངས་པ་ཡིས། །འོད་ཀྱང་ཡུལ་གྲུ་ཙམ་པ་མཐོང་། །ཐིག་ལེ་ཕོར་པ་ཙམ་དུ་འགྲོ། །རིག་པ་ཤ་ར་རྒྱུག་པ་ཙམ། །ལུས་ལ་སྐྲ་དཀར་གཉེར་མ་མེད། །ཟས་སྐོམ་ཡིད་ལ་མི་འབྱུང་ངོ་། །མངོན་སུམ་ལུག་རྒྱུད་འབྲས་མི་ནུས། །བར་སྣང་ཁམས་སུ་འགྲོ་སྙམ་བྱེད། །མི་དང་འཕྲད་སྙིང་མི་འདོད་ཅིང་། །ཞབྲུལ་གཏམ་མི་འདོད་ལྐུག་པ་ལྟར། །འོད་སྣང་ཐམས་ཅད་བརྟན་པ་དང་། །གསལ་འཚེར་ལྷུན་སྡུག་ཉིད་དུ་འོ། །ཐིག་ལེ་བསེ་ཕུག་ཙམ་པར་འགྲོ། །ད་རུང་ཉམས་སུ་བླངས་པས་སུ། །འོད་ཀྱང་ཡུལ་ཁམས་ཙམ་དུ་གསལ། །ཐིག་ལེ་ཡུལ་ཁམས་གང་བ་ལ། །ཐིག་ལེ་དེ་དག་རེ་རེ་ལ། །འོད་ལྔའི་མུ་ཁྱུད་དག་དང་བཅས། །དེ་ཡི་དཀྱིལ་དུ་ཕོ་རྐྱང་སྐུ། །ཞལ་ཕྱག་དོད་དང་མ་དོད་འཆར། །ད་རུང་ཉམས་སུ་བླངས་པས་སུ། །དཔའ་བོ་རེ་ལ་ཡུམ་རེ་འཆར། །ས་རྡོའི་སྣང་བ་མི་སྣང་ཞིང་། །རང་གི་ལུས་ལ་སྐུ་དང་ཐིག་ལེ་འཆར། །ཁྲ་ཤིག་ཤིག་པའི་སྣང་བ་འཆར། །རིག་པ་བུང་་་ཙམ་དུ་འགྲོ། །དེ་དུས་རང་ལ་རང་རྒོད་ཕྲོ། །སྔར་མེད་པ་ཡི་ཆོས་ཀྱང་ཤེས། །ཅི་སྨྲས་ཐམས་ཅད་ཆོས་སུ་འོང་། །དགྲ་གཉེན་ཡིད་ལ་མི་འབྱུང་ངོ་། །གང་གིས་འོད་ལ་སུ་གོམས་པ། །རང་གིས་མཐོང་བའི་སྤྱོད་ཡུལ་དུ། །ས་དང་ཆུ་དང་མེ་དང་རླུང་། །འབྱུང་བཞིའི་སྣང་བ་རང་ནུབ་སྟེ། །རིམ་གྱིས་ཁ་དོག་ལྔ་ལ་སྤྱོད། །སྣང་ཉམས་ཤེས་ཉམས་གཉིས་ཀ་འཕེལ། །འོད་དང་ཁ་དོག་ཐིག་ལེ་འཕེལ། །དེ་ཕྱིར་གོང་འཕེལ་སྣང་བ་གཅེས། །ཉམས་ཀྱི་རྟགས་ཚད་ཉིད་དུ་བཀོད། །རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། །ཉམས་སྣང་གོང་འཕེལ་སྣང་བ་སྟེ། ཁུ།ད་ཚིག་ལེའུ་ཞེ་ལྔ་པའོ།། །།ད་ནི་རིག་པ་ཚད་ཕེབས་ཀྱི། །སྣང་བ་ཉིད་ནི་བསྟན་པར་བྱ། །དེ་ཡི་རྟགས་ཚད་འདི་ལྟར་རོ། །འོད་ཟེར་སྟོང་གསུམ་ཁྱབ་པར་གསལ། །ཐིག་ལེ་ཆེན་པོ་གཅིག་ལ་ནི། །མུ་ཁྱུད་རིམ་པ་ལྔ་ཡིས་བསྐོར། །ཁ་དོག་ལྔ་ལྡན་འོད་ཟེར་འཕྲོ། །དེ་ཡི་ནང་དུ་ཚོམ་བུ་ལྔ། །རེ་རེ་ལ་ཡང་བཞི་བཞིས་བསྐོར། །ཐིག་ལེ་དེ་དག་རེ་རེའི་ནང་། །རིགས་ལྔ་ཡབ་ཡུམ་རྫོགས་པར་འཆར། །ལུ་གུ་རྒྱུད་ཀྱི་བར་དག་ཏུ། །ཞི་ཁྲོའི་ལྷ་ཚོགས་དཔག་མེད་འཆར། །ཉིན་དང་མཚན་མོ་མེད་པ་མྲ །ཞི་ཁྲེའི་དཀྱིལ་འཁོར་རྫོགས་པར་འཆར། །ས་རྡོ་རི་བྲག་ལ་སོགས་པ། །གདོས་བཅས་ཐམས་ཅད་རང་དག་ནས། །ཐམས་ཅད་རྒྱལ་བའི་ཞིང་དུ་འཆར། །རང་ལུས་ཀུན་ཀྱང་འོད་ཀྱི་སྐུ། །ཐིག་ལེ་ཐིག་ཕྲན་ཤིག་སེ་ཤིག །ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་ཀུན། །གང་དུ་བལྟས་ཀྱང་ལོངས་སྐུའི་ཞིང་། །འདི་དང་འབྲལ་བ་མེད་པའི་རྟགས། །གཞན་གྱིས་མཐོང་བའི་སྦྱོད་ཡུལ་དུ། །སྨྱོར་པ་ཇི་བཞིན་ཐོག་མེད་པར། །གང་ལ་ཆགས་པ་མེད་པ་དང་། །རི་བྲག་རྣམས་ལ་ཟང་ཐལ་དང་། །འབྱུང་བ་ལྔ་ལ་རྩལ་སྦྱོང་ནུས། །ས་གཏིང་ལ་ཡང་འཛུལ་བ་དང་། །ཆུ་རྣམས་ལ་ཡང་མི་བྱིང་ཞིང་། །ལུས་ལ་གོས་སོགས་མེད་པ་མྲ །གཅེར་བུ་གང་ལ་ཐོགས་མེད་ཅིང་། །ཟས་ནོར་འདོད་པ་ཀུན་དང་བྲལ། །འདིས་ནི་སྣང་བ་འདི་ཉིད་ལ། །འབྱུང་བ་རང་སར་དྭངས་ནས་ནི། །ཟག་བཅས་ཕུང་པོ་མི་སྣང་བར། །འབྲས་བུ་ཐོབ་པར་ཐེ་ཚོམ་མེད། །རིག་པ་ཚད་ལ་ཕེབས་པའི་རྟགས། །རང་སྣང་ཅི་ལ་བཅུག་ཀྱང་ཚུད། །བེམ་པོ་ཀུན་ཡང་འགུལ་བར་ནུས། །རླུབ་གིས་འགྱུ་བའི་ཚད་ཟིན་པས། །ལུས་ཀྱི་རྡུལ་ཕྲན་མཐོང་བ་དང་། །ཅིར་སྣང་གཟུགས་སྐུར་རྫོགས་པ་དང་། །དེ་ལ་ཡབ་ཡུམ་འཁྲིལ་བ་དང་། །ལྔ་ལྔ་ཡབ་ཡུམ་སྦྱོར་བ་དང་། །ཀུན་ཀྱང་མུ་ཁྱུད་ཟླུམ་པོ་ལ། །རྣལ་འབྱོར་ལུས་ཀྱང་འོད་དུ་གསལ། །འགྲོ་དང་འོང་དང་འདུག་པ་དང་། །ཐམས་ཅད་རིག་པ་ཚད་ལ་ཕེབས། །ལུས་ཀྱང་ཚད་ལ་ཕེབས་པནི། །བར་སྣང་འོད་ཀྱི་སྐར་ཁུང་གསལ། །དེ་ལ་འོད་ཟེར་ལྕགས་ཀྱུའི་དབྱིབས། །འཁྲིལ་ཞིང་འཁྲིལ་བའི་སྣང་བ་འཛིན། །རང་ལུས་དངོས་པོ་རང་འགགས་ནས། །ཟང་ཐལ་དྲི་མེད་འོད་ཀྱི་ལུས། །དབུས་སུ་ཡི་གེ་ཨུ་དང་བཅས། །སྨིན་ཕྲག་འོད་ཟེར་འདོམ་གང་ཚད། །ཐོར་ཙུགས་རླུད་གིས་གང་བར་སྣང་། །རང་གི་ལག་པའི་སོར་མོ་ལ། །འོད་ཟེར་འཕྲེང་བ་རྣམ་པར་འཁྲིག། །མགོ་བོ་ཐོད་པའི་གཞལ་ཡས་སུ། །ཧེ་རུ་ཀ་རྣམས་རྫོགས་པར་གསལ། །དེ་དུས་རང་ལུས་ཚད་ལ་ཕེབས། །སྐུ་གསུམ་ཟང་ཐལ་ཉིད་དུ་གསལ། །འདི་ལྟར་སུ་ལ་ལྡན་པའི་མི། །རིག་པ་ཚད་ལ་ཕེབས་པ་ཡིན། ཁུད་ཆེན་དྲི་མེད་ཟླ་ཤེལ་ལས། །རིག་པ་ཚད་ལ་ཕེབས་པ་ཡི། །རྟགས་ཚད་ལེགས་པར་བསྟན་པ་སྟེ། །རྒྱུད་ཚིག་ལེའུ་ཞེ་དྲུག་པའོ།། །།ཡང་ཅིག་ལམ་གྱི་རྣལ་འབྱོར་ཉོན། །ཆོས་ཉིད་ཟད་པའི་སྣང་བ་སྟོན། །ལ་ར་རིག་པ་ཚད་ལ་ཕེབས་གྱུར་ན། །བློ་ཡི་ཆོས་རྣམས་ཟད་པ་ཡིན། །ཡིན་ཀྱང་སྣང་བ་གཏན་ལ་ཕེབས། །སངས་རྒྱས་གྲངས་ལས་འདས་པ་ཡི། །ལུང་རྣམས་གཅིག་ཏུ་དྲིལ་ནས་བསྟན། །ཚིག་གི་རྒྱལ་པོ་འདི་དག་ཀུན། །རྣལ་འབྱོར་རྣམས་ཀྱི་ཡིད་ལ་ཞོག །མི་རྟོག་ཡེ་ཤེས་ལས་བྱུང་བའི། །མ་བཙལ་བཞག་པའི་མན་ངག་གི །ཡེ་ཡོད་དང་པོའི་སངས་རྒྱས་སྙེད། །འདི་ཚེ་ང་ནི་སྣང་བ་དག །དག་པའི་རྟགས་ཚད་ཆོས་རྣམས་ཟད། །ཆོས་རྣམས་ཟད་ན་འཁོར་བ་སྟོངས། །འཁོར་བ་སྟོངས་པའི་རྟགས་ཚད་ནི། །རིགས་དྲུག་གཟུགས་རྣམས་མི་སྣང་ངོ་། །བམ་པོའི་སྣང་བ་འོད་སྐུ་ཤར། །འགྲོ་དང་འོང་དང་འདུག་པ་དང་། །ཇི་ལྟར་ཇི་བཞིན་སྒྲ་རིག་པ། །འདི་ནི་ཆོས་ཉིད་བདེན་པའོ། །བདེན་པ་མཐོང་བའི་རྣལ་འབྱོར་ནི། །སུས་མ་རྙེད་པའི་ནོར་བུ་རྙེད། །སུས་མ་མཐོང་བའི་སྣང་བ་མཐོང་། །ཆོས་ཅན་ཐམས་ཅད་དུམ་བུར་ཆོད། །ཆོས་ཉིད་རང་རིག་སྤར་མོས་ཟིན། །སངས་རྒྱས་པས་ཀྱང་སྔར་སངས་རྒྱས། །ཡང་དག་རྫོགས་པ་ཡང་སངས་རྒྱས། །སྤྲུལ་པ་རྣམས་ཀྱང་དེར་སངས་རྒྱས། །ཆོས་ཉིད་བདེན་པའི་དཀྱིལ་འཁོར་ལ། །སུ་ཡི་ལྟ་བར་ནུས་པའི་མི། །རིགས་རྣམས་ཀུན་གྱི་གཙོ་བོར་འགྱུར། །དཔལ་ལྡན་ཚོགས་ཀྱི་བདག་པོ་ཡིན། །ཁྱད་པར་འཁོར་ལོས་སྒྱུར་རྒྱལ་འགྱུར། །མི་དེ་ངན་སོང་གསུམ་འདས་ན། །ཕྱིར་མི་ལྡོག་པའི་སངས་རྒྱས་ཏེ། །འདས་པའི་སངས་རྒྱས་ཐམས་ཅད་ཀྱིས། །འདི་ལ་ལུང་རྣམས་སྟོན་པར་འགྱུར། །བདེན་པའི་ཡོན་ཏན་བསམ་མི་ཁྱབ། །སྒྲ་བཞི་གོམ་པའི་རྣལ་འབྱོར་པས། །ལུས་ཀྱི་རྟགས་རྣམས་མངོན་དུ་འབྱིན། །རྣལ་འབྱོར་འོད་ལ་འདྲིས་པ་ཡི། །ས་རྡོ་རི་བྲག་རང་སར་དག །ཐིག་ལེ་དག་ལ་སུ་གོམ་པ། །ཉག་གཅིག་དགོངས་པའི་རྩད་ཀྱང་ཆོད། །སྐུ་ལ་གོམས་པའི་རྣལ་འབྱོར་པས། །རིགས་དྲུག་གཟུགས་ཀྱང་ལོངས་སྐུ་གསལ། །རིག་པ་ཉིད་ལ་སུ་གོམས་པ། །འདི་ནི་ཆོས་རྣམས་ཟད་པར་འགྱུར། །ངེས་པར་འདི་ལ་གང་སྒོམ་པ། །ཆོས་ཀུན་མ་བསླབས་པ་ལ་ཤེས། །མ་བསྒོམས་པ་རུ་ཏིང་འཛིན་ཐོབ། །ལུང་དང་རིག་པ་དུས་གཅིག་རྫོགས། །སྔགས་དང་ཕྱག་རྒྱ་དཀྱིལ་འཁོར་ལྟ། །ཆོས་དང་དབང་དང་དམ་ཚིག་ནི། །མ་བཙལ་བཞག་པའི་ཚུལ་དུ་ཐོབ། །འདས་དང་མ་འོང་ད་ལྟ་རྣམས། །སྐད་ཅིག་ཆ་ལ་དུས་གཅིག་རྫོགས། །ས་དང་ལམ་དང་ཚོགས་རྣམས་ནི། །བགྲོད་ཅིང་སྦྱང་དང་བསག་མེད་པར། །རྣལ་འབྱོར་སེམས་ལ་དུས་གཅིག་རྫོགས། །གཞི་དང་ལམ་དང་འབྲས་བུ་ནི། །ཇི་ལྟར་གནས་པའི་ཚུལ་དུ་སྣང། །ངོ་བོ་རང་བཞིན་ཐུགས་རྗེ་ནི། །རྙོག་མེད་རང་སངས་ཉིད་དུ་གནས། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །མ་བསྐྱེད་རྫོགས་པའི་ཚུལ་དུ་ཐོབ། །ལྟ་བ་སྒོམ་པ་སྤྱོད་པ་གསུམ། །མ་བརྟེན་འཆར་བའི་ཚུལ་དུ་རྫོགས། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །ཡེ་རྫོགས་རང་གི་ལུས་ལ་གནས། །སྣང་དང་སྟོང་དང་དབྱེར་མེད་ནི། །མ་བྱས་ཡེ་རྫོགས་ཉིད་དུ་གནས། །ས་དང་ཆུ་དང་མེ་དང་རླུད་། །ནམ་མཁའ་ཏེ་རྫོགས་ཚུལ་དུ་གནས། །གཟུང་འཛིན་མེད་པའི་ལྟ་བ་ནི། །ཆོས་ཉིད་ཟད་པའི་སྣང་བ་ཡིན། །འདི་ཡི་མཚན་ཉིད་སུས་རིག་པ། །སྟོང་གསུམ་ཀུན་ཀྱང་ཡུངས་འབྲུ་ཚུད། །རྒྱ་མཚོ་ཆེན་པོ་ཧུབ་ཀྱིས་ཐེབས། །རི་རབ་ཀུན་ཀྱང་སྲང་ལ་འཇལ། །ཁམས་གསུམ་པོ་ནི་གཏིང་ནས་བཟློག། །སྲིད་གསུམ་ཐམས་ཅད་གདར་ཤ་བཅད། །སེམས་ཅན་མ་ལུས་སྲོག་བཅད་ནས། །སངས་རྒྱས་རྣམས་དང་དབྱེར་མི་ཕྱེད། །ཀུན་ཏུ་བཟང་པོའི་བྱང་ཆུབ་སེམས། །མི་སྣང་མི་འགྱུར་ལམ་རིག་གསལ། །བློ་བྲལ་འདི་ལ་འདྲིས་པའི་མི། །བརྗོད་མེད་རང་དག་རྙེད་པའོ། །འདི་ནི་ཡོན་ཏན་བསམ་ལས་འདས། །དཔག་མེད་སངས་རྒྱས་རྣམས་དང་མཉམ། །ཆོས་ཉིད་ཟད་པའི་སྣང་བ་ལ། །ལྟ་བ་བྱ་བ་གཏན་ནས་མེད། །ལྟ་བ་མེད་ཕྱིར་སྣང་བ་ཟད། །ཀུན་བཟང་ཆོས་ཉིད་ཡངས་བ་ཆེ། །དེ་བཞིན་སྒོམ་པ་ཉིད་ཀྱང་མེད། །སྒོམ་པ་མེད་ཕྱིར་སྣང་བ་ཟད། །སྤྱོད་པ་ཞེས་ནི་བརྗོད་དུ་མེད། །སྤྱོད་པ་མེད་ཕྱིར་ལུས་འབྱུང་ཟད། །ཟད་པ་འདི་ལ་མཐའ་བརྟེན་ནས། །མི་དེ་མི་སྣང་སྣང་བ་མེད། །ལྟ་དང་སྲིད་པའི་བདག་པོ་ཀུན། །ཆོས་ཉིད་ཟད་པའི་ཡུལ་སྣང་ལ། །འདི་ལ་སྐྲག་ཅིང་དངངས་པ་ནི། །འཇིག་རྟེན་བླུན་པོའི་གཟུགས་གཟུངས་ནས། །འཕགས་པའི་བདེན་པ་ཉིད་དང་བྲལ། །འཁོར་བའི་དཔུང་ལ་མངོན་པར་ཞེན། །དེས་ན་རིག་སྣང་ཡུལ་ལ་ལྟོས། །རིག་སྣང་འདི་ལ་སུ་འདྲིས་པ། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་བ་ཉིད་ནི་མཉམ་པའོ། །དེ་ཕྱིར་ཆོས་ཉིད་ཟད་པའོ། །ཆོས་ཉིད་ཟད་པའི་སྣང་བ་ནི། །ཐམས་ཅད་རང་གི་རིག་པར་འདུས། །རིག་པ་དགག་བསྒྲུབ་ཀུན་དང་བྲལ། །ཆོས་རྣམས་ཐམས་ཅད་རང་རིག་ཡིན། །རང་གི་ངོ་བོ་རྟེན་པ་ཡིན། །དཔེ་བྲལ་མཚོན་དུ་མེད་པ་ཡིན། །འདི་ལྟར་ཆོས་ཉིད་བརྗོད་མེད་ལ། །ཐ་སྙད་ཚིག་གི་གཞི་མར་ཤར། །ཚིག་བརྗོད་རིམ་པ་རྣམ་དག་པས། །ད་ལྟ་བརྗོད་མེད་རང་ལ་གནས། །དེ་ཕྱིར་ཚིག་མཐའ་ཟད་པའོ། །ཆོས་ཉིད་ཟད་པའི་སྣང་བ་ལ། །རྟགས་ནི་རང་ལ་འཆར་བ་ཡིན། །ཚད་ནི་གཞན་ལ་གསལ་བ་ཡིན། །ཟད་ཅེས་མིང་གི་ཐ་སྙད་དོ། །སངས་རྒྱས་ཀུན་གྱི་རྟགས་ཚད་ནི། །དཔེ་ཡི་ཡེ་ཤེས་རྣམས་ལ་གསལ། །རྟགས་ཀྱི་ཡེ་ཤེས་རྟགས་ཚད་ནི། །ཐིག་ལེ་སྟོང་པའི་སྒྲོན་མར་གསལ། །དོན་གྱི་ཡེ་ཤེས་རྟགས་ཚད་ནི། །མངོན་སུམ་གསལ་བའི་སྣང་བར་གསལ། །མི་རྟོག་བསམ་གཏན་རྟགས་ཚད་ནི། །ཡན་ལག་འདུ་བྱེད་རྣམས་ལ་གསལ། །སྒྲ་དོན་ཤེས་པའི་སྒྲ་ཚད་ནི། །འབྱུང་བའི་ཆོ་འཕྲུལ་ཉིད་ལ་གསལ། །ཨུ་ལི་ཀྭ་ལིའི་རྟགས་ཚད་ནི། །གནས་དང་འབྱུང་བ་ཉིད་ལ་གསལ། །འཁྲུལ་པ་རྣམས་ཀྱི་རྟགས་ཚད་ནི། །རྨི་ལམ་བྱ་བྱེད་རྣམས་ལ་གསལ། །བག་ཆགས་འཐུག་པའི་རྟགས་ཚད་ནི། །གང་ཞེན་ཡུལ་གྱི་རྐྱེན་ལ་གསལ། །མ་འཁྲུལ་ཡེ་ཤེས་རྟགས་ཚད་ནི། །སྤྲིན་མེད་ནམ་མཁའི་མདངས་ལ་གསལ། །ཡེ་ཤེས་འོད་ཀྱི་རྟགས་ཚད་ནི། །མན་ཤེལ་སྙིང་པོ་ཉིད་ལ་གསལ། །ཐིག་ལེ་རྣམས་ཀྱི་རྟགས་ཚད་ནི།དྭ་བ་མིག་ཚགས་བར་དུ་གསལ། །རྣལ་འབྱོར་གོམ་པའི་རྟགས་ཚད་ནི། །རིག་པ་ཚད་ལ་ཕེབ་དུས་གསལ། །སྤྲོས་མོད་རངདག་རྟག་ཚད་ན། །སྒྲུབ་རྒྱུ་རྣམས་དང་བྲལ་དུས་གསལ། །བདེ་བ་རང་གནས་རྟགས་ཚད་ནི། །གཉིས་འཇུག་མཁའ་མཉམ་བར་དུ་གསལ། །ཕྱག་རྒྱ་ཆེན་པོའི་རྟགས་ཚད་ནི། །སྣང་སྲིད་ཕྱག་རྒྱའི་ཞིང་དུ་གསལ། །རིག་པ་རྩལ་དབང་རྟགས་ཚད་ནི། །གཞི་བསྐྱེད་ལུས་ངག་བདལ་བ་ལ། །དབང་སྲོག་དམ་ཚིག་རྟགས་ཚད་ནི། །གདེང་ལྡན་ཡེ་བསྲུངས་ཉིད་ལ་གསལ། །ཐ་སྙད་གྲུབ་མཐའི་རྟགས་ཚད་ནི། །ཐིག་ལེ་སྤྲོས་བྲལ་ངང་དུ་གསལ། །ཐེག་པ་རང་སྤྱིའི་རྟགས་ཚད་ནི། །རིག་པ་མཁའ་ལྡིང་ཉིད་ལ་གསལ། །དྲན་པ་ཉིད་ཀྱི་རྟགས་ཚད་ནི། །སྒོ་ལྔའི་ཤེས་པ་ཉིད་ལ་གསལ། །བསམ་པ་རྣམས་ཀྱི་རྟགས་ཚད་ནི། །ཡུལ་རྐྱེན་གྲོལ་བའི་མཚམས་སུ་གསལ། །རྟོགས་པ་ཉིད་ཀྱི་རྟགས་ཚད་ནི། །དྲན་པ་ཡེངས་པའི་དུས་སུ་གསལ། །འཛིན་པ་ཀུན་གྱི་རྟགས་ཚད་ནི། །འདོད་པའི་ཡོན་ཏན་ལྔ་ལ་གསལ། །མ་རིག་རྩ་བའི་རྟགས་ཚད་ནི། །ཡོད་མེད་གཉིས་ཀྱི་མཚམས་སུ་གསལ། །ཉོན་མོངས་རྣམས་ཀྱི་རྟགས་ཚད་ནི། །བློ་བུར་རྐྱེར་གྱི་དུས་སུ་གསལ། །འགྱུ་བྱེད་ཡིད་ཀྱི་རྟགས་ཚད་ནི། །གང་བསམ་ཡུལ་གྱི་སྣང་བར་གསལ། བདག་འཛིན་བློ་སའི་རྟགས་ཚད་ནི། །འགྱུ་བྱེད་འགྱུ་བའི་མཚམས་སུ་གསལ། ཁྲེས་རབ་ཆེན་པོའི་རྟག་ཚད་ནི། །ཡུལ་རྐྱེན་ཆོས་པའི་བར་དུ་གསལ། །།རྟོག་མེད་རང་སངས་རྟགས་ཚད་ནི། །ཕྲ་རག་བྲལ་བའི་མཚམས་སུ་གསལ། །དྭངས་མ་ལྔ་ཡི་རྟགས་ཚད་ནི། །བྱུང་བ་དག་པའི་དུས་སུ་གསལ། །ཡེ་ཤེས་རྣམས་ཀྱི་རྟགས་ཚད་ནི། །རང་སྣང་ཡུལ་སྣང་རྒྱས་དུས་གསལ། །ཆོས་ཀྱི་སྐུ་ཡི་རྟགས་ཚད་ནི། །གནོད་པའི་རྐྱེན་དང་བྲལ་དུས་གསལ། །ལོངས་སྐུ་ཉིད་ཀྱི་རྟགས་ཚད་ནི། །ཆོས་ཉིད་མ་བུ་འཕྲད་དུས་གསལ། །སྤྲུལ་བ་སྐུ་ཡི་རྟགས་ཚད་ནི། །འཁོར་འདས་ཕྱེད་དེ་མཚམས་སུ་གསལ། །བླ་མའི་མན་ངག་རྟགས་ཚད་ནི། །འབྱུང་བ་དྭངས་པའི་དུས་སུ་གསལ། །སྙིང་པོ་དོན་གྱི་རྟགས་ཚད་ནི། །ཐིག་ལེ་འདུས་པའི་དུས་སུ་གསལ། །ལུས་ཀྱི་བདེ་དྲོད་རྟགས་ཆད་ནི། །རེས་འཇོག་བྲལ་བའི་དུས་སུ་གསལ། །གསུང་རྣམས་རང་སྒྲའི་རྟགས་ཚད་ནི། །སྲིད་པ་གཞི་བཞེངས་བར་དུ་གསལ། །རང་སྣང་མི་འགྱུར་རྟགས་ཚད་ནི། །འབྱུང་བ་ཟད་པའི་དུས་སུ་གསལ། །ཡེ་ཤེས་ཐུགས་ཀྱི་རྟགས་ཚད་ནི། །སྣང་བ་གཞི་བཞག་དུས་སུ་གསལ། །དགོངས་པ་རྣམས་ཤེས་རྟགས་ཚད་ནི། །རིག་པ་སྲང་ལ་ཆུར་དུས་གསལ། །ཏིང་ངེ་འཛིན་གྱི་རྟགས་ཚད་ནི། །འདུ་ཤེས་གསུམ་དང་བྲལ་དུས་གསལ། །ཆོས་ཉིད་མི་སྤྱོའི་རྟགས་ཚད་ནི། །མཉམ་པ་ཉིད་ཀྱི་དུས་སུ་གསལ། །ལྷག་མཐོང་ཉིད་ཀྱི་རྟགས་ཚད་ནི། །བླ་མའི་མན་ངག་ཉིད་ལ་གསལ། །སྒོམ་མེད་རང་གྲོལ་རྟགས་ཚད་ནི། ཁྲེག་ཆོད་ཐོད་རྒལ་མཚམས་སུ་གསལ། །ལུས་གནད་ཡེ་ཤེས་རྟགས་ཚད་ནི། །འདུག་སྟངས་རྣམས་ཀྱི་དུས་ན་གསལ། །འབད་མེད་རང་གྲོལ་རྟགས་ཚད་ནི། །བློ་འཛིན་དྲི་མ་དག་དུས་གསལ། །ཡིད་ཆེས་གོམས་པའི་རྟགས་ཚད་ནི། །ཉམས་མྱོང་གོམས་པའི་དུས་སུ་གསལ། །སྐུ་གསུམ་འབྲས་བུའི་རྟགས་ཚད་ནི། །ཆོས་རྣམས་ཟད་པའི་དུས་སུ་གསལ། །ཐུགས་རྗེ་གཞན་དོན་ངོ་སྤྲོད་ནི། །ཡེ་ཤེས་མཁྱེན་པའི་དུས་ན་གསལ། །ཁ་དོག་དབྱིབས་ཟད་ཚད་འཛིན་པ། །ཕྱི་ནང་གཉིས་ཀྱི་མཚམས་སུ་བརྟག། །དེ་ལྟར་རྟགས་ཚད་བརྟགས་པ་ཡིས། །དོན་རྣམས་ཀུན་ལ་ཡིད་ཆེས་འགྱུར། །རྡོ་རྗེ་འཆང་ཆེན་ང་ཡིས་བཤད། །ཆོས་ཉིད་ཟད་བའི་སྣང་བ་ཡིས། །ཡུལ་སྣང་ཐམས་ཅད་གཅེར་གྲོལ་ཉིད། །སྟོང་པས་སྟོང་པའི་ཚད་ཟིན་ཏེ། །གྲུབ་མཐའི་ཞེན་པ་དུས་གཅིག་ཆོད། །འཁོར་འདས་གཉིས་སུ་མེད་པའོ། །འབྱུང་བ་ཐམས་ཅད་རང་སར་དག །ཆུ་ཡི་སྣང་བ་དྲི་མ་མེད། །ཀུན་ཁྱབ་ཆེན་པོའི་སྟོང་པ་སྟེ། །རླུང་ལྔའི་སྣང་བ་རང་བྱུང་བས། །ཁྱབ་བརྡལ་ཆེན་པོའི་སྟོང་པ་རྙེད། །མེ་ཡི་སྣང་བ་རང་བྱུང་བས། །རང་གསལ་ཆེན་པོའི་སྟོང་པ་རྙེད། །རླུང་གི་སྣང་བ་རང་བྱུང་བས། །བསྐྱེད་བ་ཆེན་པོའི་སྟོང་པ་རྙེད། །ནམ་མཁའི་སྣང་བ་རང་བྱུང་བས། །དག་པ་ཡུལ་གྱི་སྟོང་པ་རྙེད། །དེ་ལྟར་ཆོས་ཉིད་སྟོང་པ་ཉིད། །གསལ་བ་ཆེན་པོ་རང་བྱུང་བས། །སྟོང་གསལ་གཉིས་ཀྱི་མཐའ་ལས་འདས། །ཡེ་ནས་མེད་པའི་སྟོང་ཉིད་ལ། །འབྱུང་བ་ཟད་པའི་འོད་སྣང་གསལ། །བྱ་བྱེད་བྲལ་བའི་སྟོང་ཉིད་ལ། །སྐུ་གསུམ་མཚོན་པའི་འོད་སྣང་གསལ། །འབྱུང་བ་ཟད་པའི་སྟོང་ཉིད་ལ། །རྣལ་འབྱོར་བརྟེན་པའི་འོད་སྣང་གསལ། །རྒྱུན་དུ་གནས་པའི་སྟོང་ཉིད་ལ། །རང་སྣང་བཞག་པའི་འོད་སྣང་གསལ། །མཐའ་མི་གནས་པའི་སྟོང་ཉིད་ལ། །རང་རིག་སྒྲིབ་བྲལ་འོད་སྣང་གསལ། །རྣལ་འབྱོར་འོད་སྣང་གོམས་པ་ཡི། །འབྱུང་བ་ཐམས་ཅད་བག་ལ་ཞ། །ཐམས་ཅད་སྟོང་གསལ་ངང་དུ་རྫོགས། །ཆོས་ཉིད་ཟད་པའི་སྣང་བ་འདི། །སྟོང་གསལ་འགག་པ་མེད་པ་སྟེ། །དྲི་མ་ཀུན་ལས་འདས་པ་སྟེ། །འོད་ཟེར་དཀར་པོའི་ཚུལ་དུ་ཤར། །ཡོན་ཏན་ཐམས་ཅད་རྫོགས་པའི་བརྡ། །འོད་ཟེར་སེར་པོའི་ཚུལ་དུ་ཤར། །ཆོས་རྣམས་མ་བཙལ་བཞག་པ་སྟེ། །འོད་ཟེར་དམར་པོའི་ཚུལ་དུ་ཤར། །བྱ་བ་ཐམས་ཅད་རྫོགས་པའི་བརྡ། །འོད་ཟེར་ལྗང་ཁུའི་ཚུལ་དུ་ཤར། །མི་འགྱུར་ཀུན་ལ་ཁྱབ་པའི་ཕྱིར། །ཁ་དོག་མཐིང་ཀའི་ཚུལ་དུ་ཤར། །དེ་ལྟར་སྐུ་ཡི་གསལ་ཆ་ཡི། །རིག་པ་དྲི་མ་མེད་པ་མཐོང་། །ཐིག་ལེ་སྟོང་པའི་གསལ་ཆ་ཡི། །རིག་པ་ཐིག་ལེ་ཉག་གཅིག་མཐོང་། །ཡེ་ཤེས་ལྔ་ཡི་གསལ་ཆ་ཡི། །རིག་པ་ཉིད་ཀྱི་ཁ་དོག་མཐོང་། །རྣམ་དག་དབྱིངས་ཀྱི་གསལ་ཆ་ཡི། །རིག་པའི་རང་ཡུལ་ཐམས་ཅད་མཐོང་། །སྒྲོན་མ་བཞི་ལྡན་གསལ་ཆ་ཡི། །རིག་པ་ཉིད་ཀྱི་རང་ངོ་མཐོང་། །འོད་ཟེར་ལྔ་ཡི་གསལ་ཆ་ཡི། །རིག་པ་ཉིད་ཀྱི་ཁ་དོག་མཐོང་། །ཤེས་རབ་ལྔ་ཡི་གསལ་ཆ་ཡི། །རིག་པ་རང་སྣང་འདུག་ཚུལ་མཐོང་། །རིག་པ་ཉིད་ལ་སུ་གོམས་པ། །འདི་ནི་རང་ལུས་རང་སར་དེངས། །དེ་ཡི་ཚད་ལ་སུ་གོམས་པ། །ཆོས་ཉིད་ཀུན་ཀྱང་ཟད་པའོ། །རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། །ཆོས་ཉིད་ཟད་པའི་སྣང་བ་དང་། །སྤྱིར་ན་སྣང་བ་བཞི་ཡི་ལམ། །རྟགས་ཚད་སྣང་སྟོང་གསལ་ཆ་དང་། །སྣང་སྟོང་གཉིས་མེད་ངང་ཚུལ་དང་། །ཆོས་རྣམས་ཟད་པའི་སྣང་བ་སྟེ། །རྒྱུད་ཚག་ལེའུ་ཞེ་བདུན་པའོ།། །།དེ་ནས་སྟོན་པ་རྡོ་རྗེ་ལ། །ཕྱག་ན་རྡོ་རྗེས་འདི་སྐད་གསོལ། །ཀྱེ་མ་སྟོན་པ་ཆེན་པོ་གསན། །དེ་ལྟར་ཉམས་སུ་ལེན་པ་ལ། །སྣང་བ་བཞི་ནི་གང་ལྟར་རྫོགས། །འབྲས་བུ་ཐོབ་ཚུལ་གང་ལྟར་ཐོབ། །ལེགས་པར་ཡང་དག་ཉིད་དུ་གསུངས། །དེ་སྐད་ཅེས་ནི་ཞུས་པའི་ལན། །རྡོ་རྗེ་འཆང་གིས་ཡང་གསུངས་པ། །ཀྱེ་མ་རིག་པའི་འཁོར་ཚོགས་ཉོན། །ཆོས་ཉིད་མངོན་སུམ་སྣང་བ་ནི། །རིག་པ་ལུག་རྒྱུད་ངོ་བོ་རྫོགས། །ཉམས་སྣང་གོང་འཕེལ་སྣང་བ་ནི། །རིག་སྣང་ཐམས་ཅད་དབྱིངས་སུ་རྫོགས། །རིག་པ་ཚད་ཕེབས་སྣང་བ་ནི། །ལྷུན་གྲུབ་ཆེན་པོའི་ངང་དུ་རྫོགས། །ཆོས་ཉིད་ཟད་པའི་སྣང་བ་ནི། །སྣང་སྟོང་དབྱེ་གསལ་མེད་པར་རྫོགས། །རང་རིག་ཡིན་ཕྱིར་སྣང་བ་རྫོགས། །རང་བྱུང་ཡིན་ཕྱིར་གཞི་ཡང་རྫོགས། །སྣང་བ་ཡིན་ཕྱིར་ལུས་ཀྱང་རྫོགས། །རང་གྲོལ་ཡིན་ཕྱངར་རང་རིག་རྫོགས། །རང་དག་ཡངན་ཕྱངར་ལམ་ཡང་རྫོགས། །རང་རིག་ཡངན་ཕྱངར་ཤས་བྱ་རྫོགས། །རང་ཁྱབ་ཡངན་ཕྱངར་འབྲས་བུ་རྫོགས། །རང་སངས་ཡངན་ཕྱངར་རྒྱུ་རྐྱེན་རྫོགས། །རང་རྟོགས་ཡངན་ཕྱངར་ཆོས་ཉིད་རྫོགས། །རང་བྱུང་ཡངན་ཕྱངར་རྒྱུད་ལུང་རྫོགས། །རང་རྫོགས་ཡངན་ཕྱངར་དུས་གཅངག་རྫོགས། །རང་ཤ་ས་ཡངན་ཕྱངར་གདམ་ངག་རྫོགས། །རང་གཞན་ཡངན་ཕྱངར་བསམ་གཏན་རྫོགས། །རང་ཆས་ཡངན་ཕྱངར་དུས་གཅངག་རྫོགས། །ང་ཡོན་ཏན་འབྲས་བུ་ཐོབ་ཚུལ་ནི། །ཐོབ་ཏུ་མེད་པའི་འབྲས་བུ་ཐོབ། །རྒྱས་སུ་མེད་པའི་སངས་ཆུང་རྒྱས། །འདའ་རུ་མེད་པའི་མྱ་ངན་འདས། །ཀ་ནས་དག་པ་དྲི་མ་ཟད། །ཐོག་མར་བྱུང་བས་རྒྱུད་པ་ཟད། །ལྟ་དང་བྲལ་བས་རྩངས་ལས་འདས། །དུག་ལྔའི་རྒྱུ་རྐྱེན་བདེ་བ་ཆེ། །བརྗོད་པའི་རྒྱུ་མེད་སྨྲ་བསམ་འདས། །ཡ་་ནས་རང་རིག་རྣམ་པར་དག །ཟག་པ་ཟད་པས་གདོས་བཅས་མེན། །དངོས་པོ་ཟད་པས་སྟོང་པར་གནས། །གཉངས་ཀྱང་འཕེལ་མེད་ངོ་བོ་ཉིད། །ཆོས་དང་བྲལ་བས་མཐའ་ལས་འདས། །རྟོག་མེད་གསལ་བས་འགྱུ་བ་སངས། །བེམ་རིག་གཉངས་པོ་ཚོགས་གཉིས་རྫོགས། །དྲན་པའི་ཟླ་མེད་ཅོག་བཞག་རང་ བཅོས་པའི་ཚིག་་མེད་ཀུན་ལ་ཁྱབ། །བསམ་མེད་སེམས་མེད་དྲན་པ་གསལ་། །སོ་མ་མ་ཡིན་ག་་མེད་དང་། །མ་བཅོས་ཅོག་བཞག་རང་གྲོལ་ཉིད་དོ། །་ལྐོག་མེད་པ་གདོས་ནས་དག། །འགྱུར་བ་མ་ཡིན་དྲང་པོར་གནས། །ཡོངས་ལ་ཁྱབ་པའི་སེམས་གཅིག་བུ། །གྲུབ་མཐའ་རྫོགས་པའི་སྤྱི་ཕུད་ཡིན། །ཐོག་མ་བར་དང་ཐ་མ་གྲུབ། །དེ་ལྟར་འབྲས་བུ་འཁྲུལ་མེད་གཞི། །རང་རིག་ཡེ་ནས་འོད་རེ་གསལ། །སྐུ་གསུམ་ཡེ་ནས་མ་བསྐྱེད་རྫོགས། །འབྲས་བུ་རང་གནས་ཆེན་པོ་ལ། །ཆོས་ཉིད་ཡེ་ནས་བཅོས་སུ་མེད། །གྲུབ་མཐའ་ཡེ་ནས་སྐྱབས་དང་བྲལ། །དུག་ལྔས་ཡེ་ནས་གོས་པ་མེད། །འཁོར་འདས་འདུ་འབྲལ་ག་ལ་ཡོད། །མངོན་སུམ་གསལ་བ་བརྗིད་རེ་ཆེ། །སྣང་བ་སྣ་ཚོགས་ལྷུན་རེ་སྡུག །ཆོས་སྐུ་ངོ་སྤྲོད་དང་རེ་སྤྲོ། །ངོ་བོ་ཟང་ཐལ་ཡངས་པ་ཆེ། །རང་བཞིན་ཀུན་ཁྱབ་བརྡལ་བ་ཆེ། །ཐུགས་རྗེ་ཀུན་ཁྱབ་བསྐྱེད་རེ་ཆེ། །ཁྱབ་པ་ཡེ་དྭངས་བཀྲག་རེ་བཟང་། །གནས་ལ་ཐོག་མེད་བང་རེ་མགྱོགས། །རིག་པ་རང་སྣང་འོད་རེ་གསལ། །སྟོང་པ་ཀུན་འབྱུང་ངོ་རེ་མཚར། །སྣང་སྲིད་གཞི་བཞེངས་དཔངས་རེ་མཐོ། །ཁ་དོག་ལྔ་ལྡན་བྲིས་རེ་ལེགས། །གཞི་སྣང་ཆེན་པོ་ངོ་མཚར་ཆེ། །འཁོར་འདས་གཉིས་པོ་འབྲེལ་རེ་མཁས། །སྐུ་ལྔ་ཡེ་ཤེས་རྩིག་པ་མཁས། །རང་བཞིན་གནས་པའི་བར་དོ་ལ། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །མ་རིག་མེད་ཅིང་འཁྲུལ་བ་མེད། །སེམས་མེད་ཡིད་ཀྱང་ཡོད་མ་ཡིན། །དགྲ་མེད་བཤེས་མེད་རྒྱུ་རྐྱེན་མེད། །ཕུང་པོ་མེད་ཅིང་ཁམས་ཀྱང་མེད། །ཡུལ་མེད་འཛིན་པ་བྱ་བ་མེད། །དབང་པོ་མེད་ཅིང་ཡུལ་ཡང་མེད། །གཟུང་བར་བྱ་ཞིང་འཛིན་པ་མེད། །དམིགས་མེད་གཞལ་ཡས་ཁང་ཡང་མེད། །ལྷ་མེད་མཆོད་པའི་ཡུལ་ཀྱང་མེད། །གཞི་ལ་གོམས་པའི་རྣལ་འབྱོར་པས། །རང་གི་གནས་ཀྱང་སྟོངས་པར་འགྱུར། །ལམ་ལ་གོམས་པའི་རྣལ་འབྱོར་པས། །འབྱུང་བ་རགས་པའི་དྲི་མ་ཟད། །འབྲས་བུ་དག་ལ་སུ་གོམས་པ། །ཀ་དག་ས་ལ་འདི་ཡིས་ཕྱིན། །སངས་རྒྱས་འབྲས་བུ་འདི་ཡིས་ཐོབ། །སངས་རྒྱས་ལ་ཡང་གྲངས་མངས་ཀྱང་། །རྣམ་པ་ལྔ་རུ་འདུས་པའོ། །ངོ་བོ་ཀ་དག་སངས་རྒྱས་དང་། །རང་བཞིན་ལྷུན་གྲུབ་སངས་རྒྱས་དང་། །ཐུགས་རྗེ་ཀུན་ཁྱབ་སངས་རྒྱས་དང་། །འབྲས་བུ་རྒྱུ་དག་སངས་རྒྱས་དང་། །མཚན་མ་ཡོངས་གྲོལ་སངས་རྒྱས་སོ། །དེ་ཡང་རྣམ་པ་གཉིས་སུ་འདུས། །ཡང་དག་རྫོགས་པའི་སངས་རྒྱས་དང་། །མངོན་པར་རྫོགས་པའི་སངས་རྒྱས་གཉིས། །ཡང་དག་རྫོགས་པའི་སངས་རྒྱས་ནི། །ངོ་བོ་སྐུ་རུ་རྒྱས་པ་དང་། །རང་བཞིན་འོད་དུ་རྒྱས་པ་དང་། །ཐུགས་རྗེའི་ཟེར་དུ་རྒྱས་པའོ། །མངོན་པར་རྫོགས་པའི་སངས་རྒྱས་ནི། །སྐུ་དང་གདུང་དང་འཇའ་དང་འོད། །མངོན་སུམ་གསལ་ནས་སངས་རྒྱས་པའོ། །ཐོག་མར་མ་རིག་པ་ཡི་སེམས། །རིག་པས་བསྐྱེད་པའི་ལུས་སེམས་འདི། །ཡེ་ཤེས་དག་གིས་བསྐྱེད་པས་ན། །འབྱུང་ལྔ་ཡེ་ཤེས་ལྔ་ལ་ཐིམ། །ལྷག་མ་མེད་པར་སངས་རྒྱས་སོ། །དེ་ཡི་ཐུགས་རྗེའི་ཆ་ཙམ་ལས། །གཞན་དོན་དཔག་ཏུ་མེད་པ་འབྱུང་། ཁུད་ཆེན་དྲི་མེད་ཟླ་ཤེལ་ལས། །རྫོགས་དང་འབྲས་བུ་ ཐོབ་ཚུལ་ཏེ། །ཆོས་ཟད་གདོད་ནས་སངས་རྒྱས་སོ། །རྫོགས་རིམ་འབྲས་བུའི་རྒྱུད་ཚིག་ལེའུ་ཞེ་བརྒྱད་པའོ། །ས་མཡུ།།བ་་་་་་ང་ཅིག་རྡོ་རྗེ་འཆང་ཆེན་ལ། །རྡོ་རྗེ་ཤུན་གྱིས་ཡང་ཞུས་པ། །ཀྱེ་མ་སྟོན་པ་རྡོ་རྗེ་འཆང་། །ཡོན་ཏན་འབྲས་བུ་བཤད་ལགས་ཀྱང་། །སེམས་ཅན་རྣམས་ཀྱིས་མི་གོ་ནས། །འཁོར་བ་དག་ཏུ་འ་ས་གྱུར་ན། །དབང་པོ་ཐ་མ་ཉམས་ལེན་མེད། །དེ་ལ་བར་དོ་འཆར་བས་ན། །བར་དོའི་རིམ་པ་གསུང་དུ་གསོལ། །ཞུས་པའི་ལན་དུ་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་འཛིན་པ་ཆེ། །ངས་བཤད་ལེགས་པར་ཡིད་ལ་ཟུང་། །བར་དོའི་རྣམ་གྲངས་བཞི་རུ་འདུས། །དང་པོར་སྐྱེ་གནས་བར་དོ་ནི། །མ་ལས་སྐྱེས་ནས་མ་ཤིའི་བར། །ཐོས་པས་ཕྱི་ཡི་སྒྲོ་འདོགས་བཅད། །སྒོམ་པས་ནང་གི་སྒྲོ་འདོགས་བཅད། །ཁྲེག་ཆོད གསང་བའི་སྒྲོ་འདོགས་བཅད། །ཉམས་ལེན་ཁྲེག་ཆོད་ཐོད་རྒལ་ཉིད། །རྟགས་ཚད་གདེངས་བཞིའི་རྣལ་འབྱོར་རོ། །བར་དོ་མ་བུ་ལམ་སྦྱོར་ཉིད། །གྲོལ་ས་ཉིད་ནི་ཁྲེག་ཆོད་དོ། །གང་ཞིག་ལམ་གྱི་རྣལ་འབྱོར་རྣམས། །ཉམས་སུ་ལེན་པར་བྱེད་པ་ལ། །བར་ཆོད་བདུད་ཀྱིས་ཁྱེར་བས་ན། །བདུད་ཀྱི་གོལ་ས་བཅད་པ་གཅེས། །ཨེ་མ་ལམ་གྱི་རྣལ་འབྱོར་ཉོན། །རྟོག་པ་མཚན་མས་བཅིངས་པའི་བདུད། །བསམ་གྱིས་མི་ཁྱབ་གྲངས་མང་ཞིང་། །བརྗོད་དུ་མེད་པས་བསམ་མི་ཁྱབ། །རྣམ་རྟོག་མཚན་མས་བཅིངས་གྱུར་ན། །ཐམས་ཅད་བདུད་ཀྱི་རང་བཞིན་ཏེ། །དེ་ཡང་མདོར་བསྡུས་འདི་ལྟ་སྟེ། །གཟུང་འཛིན་ཡུལ་ཆགས་ཕྱི་ཡི་བདུད། །རྣམ་རྟོག་འཁྲུལ་བར་སྤྱོད་ན་ནང་གི་བདུད། །དྲེགས་པ་ཁ་འཇམ་བདུད་ཀྱིས་བསླུས་པ་ཡིན། །ལུས་ལ་རྒྱན་བཟང་ཐོགས་པ་བདུད་ཀྱིས་བསླུས། །གཉེན་གྱི་ཁ་འཇམ་བདུད་ཀྱིས་བསླུས་པ་ཡིན། དགྲ་ལ་ཆགས་ན་བདུད་ཀྱི་བསྡུས་པ་ཡིན། །བདག་རྒྱུ་དྲེག་ན་བདུད་ཀྱི་བསྡུས་པ་ཡིན། །འཛིན་པའི་ཡུལ་ལ་ཆགས་ན་བདུད་ཀྱི་བསྡུས་པ་ཡིན། །ཏིང་འཛིན་རོ་ལ་ཆགས་ན་ནང་གི་བདུད། །སྣང་བའི་ཡུལ་ལ་ཆགས་ན་ཡུལ་གྱི་བདུད། །ཡིན་མིན་་ཐེ་ཚོམ་སྐྱེས་ན་རྟོག་པའི་བདུད། །བྱ་བྱེད་གཡེང་བས་ཁྱེར་ན་འཁོར་བའི་བདུད། །ལོངས་སྤྱོད་འཁོར་ལ་ཆགས་ན་གཡེང་བའི་བདུད། །རྟོག་པ་ཁོང་དུ་ཆུད་ན་སེམས་ཀྱི་བདུད། །གཟུང་འཛིན་ཆོས་ལ་ཆགས་ན་ཡིད་ཀྱི་བདུད། །འཁོར་བའི་ཆོས་ལ་ཆགས་ན་འཆིང་བའི་བདུད། །རྩོད་པའི་གཏམ་ལ་ཆགས་ན་ཉོན་མོངས་བདུད། །སྙིང་སྡུད་རོ་ལ་ཆགས་ན་ལྷ་ཡི་བདུད། །ཁྲོ་གཏུམ་དཔའ་རྔམས་ཆེ་ན་འཆི་བདག་བདུད། །སྒོམ་པའི་ལྷ་ལ་ཆགས་ན་འཆིང་བའི་བདུད། །ཆགས་སྡང་ལྔ་ལ་ཆགས་ན་ངན་སོང་བདུད། །ཆོས་སྤྱོད་བཅུ་ལ་སྤྱོད་ན་གནས་པའི་བདུད། །འཁོར་བའི་ལམ་ལ་ཆགས་ན་རྨོངས་པའི་བདུད། །ཆོས་ལ་སྨོད་པ་འཛུད་ན་ཕྲག་དོག་བདུད། །གཞན་ལ་སུན་འབྱིན་ཁྱེར་ན་ང་རྒྱལ་བདུད། །ཕ་རོལ་སྤོང་བར་བྱེད་ན་སྐྱོན་གྱི་བདུད། །ཆོས་པ་རྣམས་ལ་ཆོས་མ་བདུད། །ཆོས་མ་རྣམས་ལ་ཆོས་པ་བདུད། །གཉིས་ཀའི་བདུད་ནི་འདོད་ཆགས་ཡིན། །དེ་བཞིན་བདུད་ཀྱིས་བསླུས་པ་བསམ་མི་ཁྱབ། །བརྗོད་ཀྱི་མི་ལངས་གྲངས་མང་ཡང་། །རྩ་བ་བདུད་བཞི་ཆོམ་གྱུར་ན། །བདུད་རྣམས་གཞན་གྱིས་གླགས་མི་རྙེད། །གཞན་ཡང་ནོར་འཁྲུལ་ཐམས་ཅད་ཀུན། །བདུད་ཀྱི་དབང་དུ་སོང་བ་ཡིན། །རྙོག་པ་མེད་པའི་རང་སེམས་དང་། །རྟོག་པ་མེད་པའི་རང་སེམས་གཉིས། །འདྲ་འདྲ་འདྲ་སྟེ་ནོར་ར་རེ། །ནོར་ན་བདུད་དབང་སོང་བ་ཡིན། །མ་སྒྲིབ་གཏིང་གསལ་སྣང་བ་དང་། །འགྲོ་བའི་སེམས་རྒྱུད་ཞེན་པ་གཉིས། །འདྲ་འདྲ་འདྲ་སྟེ་ནོར་ར་རེ། །ནོར་ན་བདུད་དབང་སོང་བ་ཡིན། །མ་བཙལ་བཞག་པའི་སྒོམ་པ་དང་། །ཆོས་མ་ནུས་ཀྱི་བཏང་སྙོམས་གཉིས། །འདྲ་འདྲ་འདྲ་སྟེ་ནོར་ར་རེ། །ནོར་ན་བདུད་དབང་སོང་བ་ཡིན། །དྲན་མེད་རིག་པའི་ཡུལ་སྣང་དང་། །དྲན་བསམ་འགྲོ་དྲུག་འཁྲུལ་པ་གཉིས། །འདྲ་འདྲ་འདྲ་སྟེ་ནོར་ར་རེ། །ནོར་ན་བདུད་དབང་སོང་བ་ཡིན། །ཆོས་ཉིད་དག་པའི་བར་དོ་དང་། །ཡི་དམ་ལྷ་ཡི་སྒྱུ་ལུས་གཉིས། །འདྲ་འདྲ་འདྲ་སྟེ་ནོར་ར་རེ། །ནོར་ན་བདུད་དབང་སོང་བ་ཡིན། །རང་བཞིན་སྤྲུལ་སྐུའི་ཞིང་ཁམས་དང་། །ཐེག་པ་བགྲངས་བའི་ཞིང་ཁམས་གཉིས། །འདྲ་འདྲ་འདྲ་སྟེ་ནོར་ར་རེ། །ནོར་ན་བདུད་དབང་སོང་བ་ཡིན། །སྐུ་གསུམ་འབྲས་བུ་མཐར་ཐུག་དང་། །སྣ་ཚོགས་མ་ངེས་ལྷུན་གྲུབ་གཉིས། །འདྲ་འདྲ་འདྲ་སྟེ་ནོར་ར་རེ། །ནོར་ན་བདུད་དབང་སོང་བ་ཡིན། །རིག་པ་མངོན་སུམ་ལྟ་བ་དང་། །སྤྱོད་ལམ་བློ་ཡི་ཐེ་ཚོམགཉིས། །འདྲ་འདྲ་འདྲ་སྟེ་ནོར་ར་རེ། །ནོར་ན་བདུད་དབང་སོང་བ་ཡིན། །རྩོལ་མེད་རིག་པའི་ཡུལ་སྣང་དང་། །མཚན་བཅས་སྒོམ་པའི་གཟུགས་བརྙན་གཉིས། །འདྲ་འདྲ་འདྲ་སྟེ་ནོར་ར་རེ། །ནོར་ན་བདུད་དབང་སོང་བ་ཡིན། །རིག་པའི་མཛད་སྤྱོད་རོལ་པ་དང་། །འགྲོ་དྲུག་འཁྲུལ་པའི་སྤྱོད་པ་གཉིས། །འདྲ་འདྲ་འདྲ་སྟེ་ནོར་ར་རེ། །ནོར་ན་བདུད་དབང་སོང་བ་ཡིན། །རང་བཞིན་རྣམ་དག་ཐིག་ལེ་དང་། །རླུད་བཟུངས་མཚན་བཅས་ཐིག་ལེ་གཉིས། །འདྲ་འདྲ་འདྲ་སྟེ་ནོར་ར་རེ། །ནོར་ན་བདུད་དབང་སོང་བ་ཡིན། །ཆོས་སྐུ་ཤ་དག་སྣང་བ་དང་། །མྱ་ངན་འདས་པའི་གྲོང་ཁྱེར་གཉིས། །འདྲ་འདྲ་འདྲ་སྟེ་ནོར་ར་རེ། །ནོར་ན་བདུད་དབང་སོང་བ་ཡིན། །རང་རིག་བསམ་པ་བྲལ་བ་དང་། །སེམས་ཀྱི་བྱུང་ཚོར་སྣ་ཚོགས་གཉིས། །འདྲ་འདྲ་འདྲ་སྟེ་ནོར་ར་རེ། །ནོར་ན་བདུད་དབང་སོང་བ་ཡིན། །ཤེས་རབ་རང་རྩལ་རྫོགས་པ་དང་། །ཡིད་ཀྱི་དྲན་པ་ཕྱིརཇོ།རགཉིས། །འདྲ་འདྲ་འདྲ་སྟེ་ནོར་ར་རེ། །ནོར་ན་བདུད་དབང་སོང་བ་ཡིན། །གསང་ཆེན་ངེས་པའི་བདེན་ཚིག་དང་། །ལྡེམ་དགོངས་གཅུན་པའི་གལ་ཚིག་གཉིས། །འདྲ་འདྲ་འདྲ་སྟེ་ནོར་ར་རེ། །ནོར་ན་བདུད་དབང་སོང་བ་ཡིན། །ངེས་པའི་བཅུད་གསུམ་མན་ངག་དང་། །མཚན་མ་དཔེ་ཡི་བསླུ་བྲིད་གཉིས། །འདྲ་འདྲ་འདྲ་སྟེ་ནོར་ར་རེ། །ནོར་ན་བདུད་དབང་སོང་བ་ཡིན། །ཆོས་པ་རི་ཁྲོད་འགྲིམ་པ་དང་། །ནོར་རྫི་རི་ཁྲོད་འགྲིམ་པ་གཉིས། །འདྲ་འདྲ་འདྲ་སྟེ་ནོར་ར་རེ། །ནོར་ན་བདུད་དབང་སོང་བ་ཡིན། །སྒོམ་ཆེན་སྤྱོད་པ་སྐྱོང་བ་དང་། །ཆང་སྙོན་ཐོ་ཆོ་སྤྱོད་པ་གཉིས། །འདྲ་འདྲ་འདྲ་སྟེ་ནོར་ར་རེ། །ནོར་ན་བདུད་དབང་སོང་བ་ཡིན། །ཆོས་པ་ཞེན་མེད་ཆགས་མེད་དང་། །ཁྲམ་པ་ངོ་ཚ་བཏང་བ་གཉིས། །འདྲ་འདྲ་འདྲ་སྟེ་ནོར་ར་རེ། །ནོར་ན་བདུད་དབང་སོང་བ་ཡིན། །རང་བཞིན་སྐྱེ་གནས་བར་དོ་དང་། །ད་ལྟ་ཉིད་དུ་ཐག་ཆོད་པས། །བདུད་ཀྱི་དབང་དུ་མ་སོང་བར། །འདྲ་འདྲའི་འཕྲང་རྣམས་ཆོད་པར་བྱ། །རིག་པ་ཡེ་ཤེས་ཆེན་པོ་འདི། །ནམ་མཁའི་ངང་དུ་ཤེས་པར་བྱ། །གང་གི་ཕྱོགས་སུ་མ་་།ར་བར། །རང་ཉིད་ཆོས་སྐུར་རྟོགས་གྱུར་ན། །བདུད་ཅེས་བྱ་བ་རང་སར་གྲོལ། །ཆོས་སྐུ་སྤྲོས་དང་བྲལ་བ་ལ། །མཚན་མའི་བདུད་ཀྱི་ཕྱོགས་དང་བྲལ། །ད་བདུད་ལས་ཐར་པར་བྱེད་པ་ལ། །ཉམས་སུ་འདི་ལྟར་བླང་བར་བྱ། ཁོ༑ན་ཏུ་དབེན་པའི་གནས་ཉིད་དུ། །བླ་མ་མཚན་ཉིད་ལྡན་པ་ཡིས། །སློབ་མ་སྣོད་དང་ལྡན་པ་ལ། །དབང་གིས་རྒྱུད་རྣམས་སྨིན་པར་བྱ། །སྣང་བ་སེམས་སུ་དབང་ཡང་བསྐུར། །སེམས་ཉིད་རིག་པར་དབང་ཡང་བསྐུར། །རིག་པ་ཆོས་ཉིད་དབང་བསྐུར་རོ། །དེ་ནས་དམ་ཚིག་འདི་ལྟར་རོ། །སྣང་བ་ཡུལ་གྱི་དམ་ཚིག་དང་། །རྟོགས་བྱེད་ལྟ་བའི་དམ་ཚིག་དང་། །སྤྱད་རྒྱུ་ངེས་པའི་དམ་ཚིག་དང་། །བསྲུང་མཚམས་བྲལ་བའི་དམ་ཚིག་བཞི། །ལམ་ཞུགས་རྣམས་ཀྱིས་བསྲུང་བར་བྱ། །དམ་ཚིག་དམ་ཚིག་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་རིག་སྣང་བའི་དོན་རྟོགས་ན། །དམ་ཚིག་རྒྱལ་པོ་ཞེས་བྱའོ། །སངས་རྒྱས་ཀུན་ལ་དམ་ཚིག་མེད། །སེམས་ཅན་དུས་ན་སྐྱོན་ཡོན་བྱུང་། །ཡང་དག་རིག་པའི་དོན་རྟོགས་ན། །ཉམས་དང་མཉམས་གཉིས་ལས་འདས། །བསྲུངས་དང་མ་བསྲུངས་ཕྱོགས་ལས་འདས། །ཡེ་བསྲུང་ཆེན་པོའི་དོན་ལ་ལྟོས། །གསང་པ་ལམ་གྱི་རྣལ་འབྱོར་པས། །གོལ་ས་བཅད་ན་དབང་དམ་ལྡན། །དེ་ལ་སྤྱོད་པ་གལ་ཆེ་བས། །རྣལ་འབྱོར་རྣམས་ཀྱིས་འདི་ལྟར་སྤྱོད། །འཛིན་པ་ཡུལ་གྱི་སྤྱོད་པ་དང་། །རང་སྣང་ཐབས་ཀྱི་སྤྱོད་པ་དང་། །ཞེན་མེད་ཆགས་བྲལ་སྦྱོད་པ་དང་། །རྟོག་མེད་ལམ་གྱི་སྤྱོད་པ་དང་། །རྩོལ་སེམས་སྣང་བའི་སྤྱོད་པ་དང་། །བརྟུལ་ཞུགས་དབང་གི་སྤྱོད་པ་དང་། །གཟུང་འཛིན་འཁོར་བའི་སྤྱོད་པ་དང་། །རྣམ་པ་བདུན་དུ་བཤད་པའོ། །འཛིན་མེད་ཡུལ་གྱི་སྤྱོད་པ་ནི། །དཔེར་ན་སྨྱོན་པ་ལྟ་བུར་བསྟན། །རང་སྣང་ཐབས་ཀྱི་སྤྱོད་པ་ནི། །དཔེར་ན་རི་དྭགས་ལྟ་བུར་བསྟན། །ཞེན་མེད་ཆགས་བྲལ་སྤྱོད་པ་ནི། །དཔེར་ན་བུ་ཆུང་ལྟ་བུར་བསྟན། །རྟོག་མེད་ལམ་གྱི་སྤྱོད་པ་ནི། །རྒྱ་མཚོ་གཟའ་སྐར་ལྟ་བུར་བསྟན། །རྩོལ་སེམས་སྣང་བའི་སྤྱོད་པ་ནི། །གླང་ཆེན་སྨྱོན་པ་ལྟ་བུར་བསྟན། །བརྟུལ་ཞུགས་དབང་གི་སྦྱོད་པ་ནི། །དཔེར་ན་སྟག་མོ་ལྷ་བུར་བསྟན། །གཟུང་འཛིན་འཁོར་བའི་སྤྱོད་པ་ནི། །ནམ་མཁའི་མདུང་བསྐོར་ལྟ་བུར་བསྟན། །ལྟ་བ་ལམ་གྱི་རྣལ་འབྱོར་བས། །ཆོས་ཉིད་ཡུལ་གྱི་ལྟ་བ་དང་། །སྤྱོད་པ་ཐབས་ཀྱི་ལྟ་བ་དང་། །རང་རིག་རྒྱུན་གྱི་ལྟ་བ་དང་། །མ་ནོར་ལུང་གི་ལྟ་བའོ། །ཆོས་ཉིད་ཡུལ་གྱི་ལྟ་བ་ནི། །ཆོས་ཉིད་དང་ནི་ཆོས་ཅན་ནོ། །སྤྱོད་པ་ཐབས་ཀྱི་སྤྱོད་པ་ནི། །སྒྲོན་མ་བཞི་ཡི་ལྟ་སྟངས་སོ། །རང་རིག་རྒྱུན་གྱི་ལྟ་བ་ནི། །རིག་པ་ཡེ་ཤེས་སྙིང་པོ་སྟེ། །ཡེ་ནས་ཡོད་པའི་ལྟ་བ་ཡིན། །མ་ནོར་ལུང་གི་ལྟ་བ་ནི། །རྫོགས་ཆེན་ཨ་ཏི་ཡོ་གར་གྲགས། །རྣལ་འབྱོར་པ་ཡིས་དེ་ལྟར་ལྟོས། །ད་ནི་སྒོམ་པའི་མཚན་ཉིད་བཤད། །རྣམ་རྟོག་རྒྱུན་གྱི་སྒོམ་པ་དང་། །སྟོང་པ་མཐའ་མེད་སྒོམ་པ་དང་། །མཚན་མ་གཟུང་འཛིན་སྒོམ་པ་དང་། །རྩོལ་བྲལ་བཞག་ཐབས་སྒོམ་པའོ། །རྣམ་རྟོག་རྒྱུན་གྱི་སྒོམ་པ་ནི། །དཔེར་ན་སྤྱིན་བུ་ལྟ་བུར་བསྟན། །སྟོང་པ་མཐའ་མེད་སྒོམ་པ་ནི། །བྱ་ལོང་ནམ་མཁའི་མཐའ་འཚོལ་འདྲ། །མཚན་མ་གཟུང་འཛིན་སྒོམ་པ་ནི། །མེ་ལ་ཆུ་རུ་བསྒྱུར་བ་འདྲ། །རྩོལ་བྲལ་བཞག་ཐབས་སྒོམ་པ་ནི། །སེང་གེ་གངས་དཀར་ཟིན་པ་འདྲ། །འབྲས་བུ་ཁྲེག་ཆོད་ངོ་བོར་བཤད། །རྒྱུན་ཆེན་དྲི་མེད་ཟླ་ཤེལ་ལས། །རང་བཞིན་གནས་པའི་བར་དོ་ལ། །གོལ་ས་བཅད་དང་ལྟ་སྒོམ་སྤྱོད། །རིམ་པ་བཞིན་དུ་བསྟན་པས་ཏེ། །རྒྱུད་ཚིག་ལེའུ་ཞེ་བརྒྱད་པའོ། །ས་མ་ཡུ། དེ་ནས་སྟོན་པ་ཉིད་ལ་ནི། །ཁྲོ་གཉེར་ཅན་གྱིས་ཡང་ཞུས་པ། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །རང་བཞིན་བར་དོ་བཤད་ན་ཡང་། །འཆི་ཁའི་བར་དོ་གསུང་དུ་གསོལ། །ཞུས་པའི་ལན་དུ་བཀའ་སྩལ་པ། །ཉོན་ཅིག་གཤོན་ནུ་ཁྲོ་གཉེར་ཅན། །གང་ཞིག་རྣལ་འབྱོར་ལམ་པ་རྣམས། །འབྱུང་འཁྲུག་དབང་གི་སྒྱུར་ལུས་ཉམས། །དེ་དུས་རང་གི་ཉམས་ལེན་དང་། །བླ་མའི་གདམས་པ་དྲན་པར་བྱ། །འདི་དུས་གང་ཟག་རབ་འབྲིང་གསུམ། །རབ་ནི་ཕུང་པོ་ལྷག་མེད་དུ། །འདི་ཉིད་རང་དུ་རྫོགས་སངས་རྒྱས། །རང་བཞིན་གནས་པའི་བར་དོ་ཚོད། །འབྲིང་ནི་ལུས་སེམས་བྲལ་མ་ཐག །རང་ངོ་འཕྲོད་ནས་སངས་རྒྱས་སོ། །ཆོས་ཉིད་བར་དོ་ཆོད་པའོ། །ཐ་མ་མངལ་སྒོ་མ་འགྲིམས་པས། །པཟློ་ལྔ་ལ་རྫུས་ཏེ་སྐྱེས། །སྲིད་པའི་བར་དོ་ཆོད་པའོ། །མངོན་པར་རྫོགས་པར་སངས་རྒྱས་སོ། །གང་ཟག་ལམ་གྱི་རྣལ་འབྱོར་པས། །ལུ་གུ་རྒྱུད་ལ་སུ་གོམས་པ། །རིག་པ་རྣམ་ཤེས་སྲང་ལ་ཐེབས། །དེ་ཡི་འབྲས་བུ་སྐུ་གསུམ་ལ། །འདི་ཉིད་རྣམས་ནི་རང་རིག་པས། །རངབཞིནགནསཔའིབར་མ་དོར། །འདི་རྣམས་གོམས་པའི་སྐྱེས་བུ་ནི། །འབྱུང་བ་རྣམས་ནི་རང་དེངས་སུ། །འོད་ལུས་ཐོབ་པར་ཐེ་ཚོམ་མེད། །ས་ནི་ས་ལ་རང་ཐིམས་དྲུག་རྡོ་རྗེ་སྒྲ་ཆེན་འདི། །མཐིང་ཤོག་དག་ལ་གསེར་གྱིས་བྲིས། །ལུས་སམ་མགུལ་དུ་ཐོགས་པ་ལ། །དེ་ཉིད་གྲོལ་བར་ཐེ་ཚོམ་མེད། །འདི་ཡི་བྲི་ཐབས་བསྟན་པ་ནི། །གསེར་གྱི་རྡོ་རྗེ་རྩེ་ལྔ་ལ། །ལྟེ་བར་སྐུ་གསུང་ཐུགས་ཡིག་བྲི། །ར་དྲུག་དག་ལ་ཐིག་ལེ་དྲུག །དེ་རུ་ཡིག་དྲུག་བཀོད་པར་བྱ། །ཨོ༷་ཨཤུ༷༷། ཨ་འ་ཧ་ཤ་ས་མ། །འ་ཨ་ཧ་ཤ་ས་མ། །འ་ཨ་ཤ་ས་མ་ཧ། །ཡིག་འབྲུ་དྲུག་སོ་འདི་དག་ལ། །སྐུ་གསུམ་དགོངས་པ་གསུམ་དུ་ཡོད། །དེ་ཕྱིར་འདྲ་མིན་གསུམ་དུ་བྱུང་། །ཡིན་ཀྱང་ངོ་བོ་གཅིག་ལ་འདུས། །འཁོར་བ་དོང་སྤྲུག་ཡིག་དྲུག་འདི། །འ་ཡི་ཤེས་བྱ་སྟོང་པར་བྱེད། །ཨ་ཡི་ཤེས་བྱ་གསལ་བར་བྱེད། ཁྲ་ཡི་ཤེས་བྱ་མཐའ་གཉིས་དག །ས་ཡི་ཤེས་བྱ་འགྱུར་བ་མེད། །མ་ཡི་ཤེས་བྱ་ཀུན་ལ་སྙོམས། །ཧ་ཡི་ཤེས་བྱ་རང་སར་དག། །ཡང་ཅིག་ཡིག་དྲུག་འབྲུ་བཤད་ན། །རྡོ་རྗེ་འཆང་ཆེན་ང་ཡིས་བཤད། །ཨ་ནི་ཆོས་ཉིད་སྐྱེ་བ་མེད། །འ་ནི་འགག་པ་མེད་པའི་དོན། །ཧ་ནི་སྐྱེ་འགག་གཉིས་སུ་མེད། ཁྲ་ནི་དག་པ་དབྱིངས་སུ་སྒྲོལ། །ས་ནི་འགྱུར་་ པེད་པ་སྟེ། །མ་ནི་མ་བསྐྱེད་རྫོགས་པ་ཆེ། །ཡི་གེ་དྲུག་པའི་དོན་རྟོགས་ན། །གསང་སྔགས་གསང་བའི་རྒྱུད་ཆེན་གྲོལ། །ཡིག་དྲུག་དོན་ལ་གནས་ན་སྐྱེས་བུ་མྱ་ངན་འདའ། །རྟོགས་བྱེད་རྒྱལ་པོ་ཡིན་ནོ་སྒྲ་འགྱུརདྲུག་ལ་རྫོགས། །ཨ་ཡིས་ལྷ་ཡི་འཁོར་སྒོ་ཆོད། །འ་ཡིས་ལྷ་མིན་འཁོར་སྒོ་ཆོད། །ཧ་ཡིས་མི་ཡི་འཁོར་སྒོ་ཆོད། །ཤ་ཡིས་བྱོལ་སོང་འཁོར་སྒོ་ཆོད། །ས་ཡིས་ཡི་དྭགས་འཁོར་སྒོ་ཆོད། །མ་ཡིས་དམྱལ་བའི་འཁོར་སྒོ་ཆོད། །ཡིག་འབྲུ་དྲུག་གིས་རིགས་དྲུག་དོང་ནས་སྤྲུག །ཨོ་གྱིས་ལུས་ཀྱི་སྐྱེ་གནས་དག །ཨ་ཡིས་ངག་གི་འཁྲུལ་ཚིག་དག །ཧུ༷་གིས་སེམས་ཀྱི་འཁྲུལ་སྣང་དག །འབྲུ་གསུམ་སྐུ་གསུམ་རང་སར་གྲོལ། །རང་བྱུང་རྡོ་རྗེའི་རང་སྒྲ་འདི། །འཁོར་བ་དོང་ནས་སྤྲུག་པར་བྱེད། །འཁོར་བ་དོང་སྤྲུག་བཏགས་གྲོལ་རྒྱུད། །ལེགས་པར་གཏན་ལ་ཕབ་པ་སྟེ། །རྒྱུད་ཚིག་ལེའུ་ལྔ་བཅུ་པའོ། །ས་མ་ཡ༷༷ མ་་་་ དྲུག་པ་རྡོ་རྗེ་འཆང་ཆེན་གྱིས། །ཆོས་ཉིད་རང་སྒྲ་དག་པའི་ཚིག །དྲུག་འགྱུར་རྡོ་རྗེའི་གླུ་ཚིག་གིས། །རིག་པ་ལུ་གུ་རྒྱུད་དུ་གྲོལ། །རིགས་དྲུག་ཀློང་དུ་གྲོལ་བ་ཡི། །བཏགས་གྲོལ་ཚེག་བར་ཉེར་དྲུག་འདི། །རིགས་དྲུག་ཀློང་གྲོལ་ཞེས་སུ་གྲགས། །དེ་ཡི་རྒྱུད་ཚིག་འདི་ལྟར་རོ། །ཨེ་མ་ཀི་རི་ཀི་རི། །མས་ཏ་བྷ་ལི་བྷ་ལི། །ས་མི་ཏ་སུ་རུ་སུ་མྲ །ཀུན་དྷ་ལི་མ་སུ་མ་སུ། །ཨེ་ཀ་ལ་སུ་ལི་བྷས་ཏ་ཡེ། །ཙ་ཀ་ར་བྱུ་ལི་ཏི་ལྕ་ཡེ། །ས་མུན་ཏ་ཙབྱ་སུ་ཀྟ་ཡེ། །བྷ་ཏི་སན་སྦྱ་གུ་ལི་ཡེ། །ས་ཀ་རི་འདུ་ཀ་ནི། །མ་ཏ་རི་སྙེ་ཏ་ན། །པ་ར་ལི་ཧི་བ་ན། །ལ་ཁར་ཏེ་ཀ་ལ་ན། །ས༷་སྟུ་ར་ཏ་མེ་ཀེ་ཙར་ཏམ་པ། །སུ་བྱ་བྷ་ཏ་ར་ཨེ་པ་ཤན། །ན་ཕར་ན་སྟི་ཏི་ས་ལྷུར་ལ་ས། །མ་སྨིན་པ་ལྷུ་ཏི་རྟ་ཡ་ས། །ལྷུ་ར་ལྷུ་ར་པག་ཁེ་ར་ན། །ལ༷་ནར་ན་ར་ཨི་ཐ་ར་པ་ཏ་ལ༷། །སེར་ན་སིར་ན་སྙེར་ས་པ་ལམ། །བྱུད་དྷ་རྒྱུད་དྷ་བྱུད་ཤ་ས་གྱེ་ལ༷། །སྭ་སྭ། རྡི་རྡི། ལེ་ལེ། ཨི་སྙི། མ་མུ། རི་རྡི་གྲྭ་ཧྭ། ཡབ་ཅིག་ཀུན་ཏུ་བཟང་པོའི་དགོངས་པ་འདིས། །ནད་གདོན་སྡིག་སྒྲིབ་རྣམ་རྟོག་དང་། །འཇིགས་པ་བརྒྱད་ལ་སོགས་པ་ཡི། །ལས་དང་སྡིག་སྒྲིབ་ཐམས་ཅད་ཀུན། །རིག་པའི་ངང་དུ་ཞི་བ་ཤན་ཏིང་ཀུ་རུ་ཡེ་གྲྭ་ཧྭ། ཚེ་དང་བསོད་ནམས་དཔལ་འབྱོར་རྣམས། །རིག་པའི་ངང་དུ་རྒྱས་པར་གྱུར་ཅི། སུ་གི་ཀུ་རྒྱུ་ཡེ་གྲྭ་ཧྭ། སངས་རྒྱས་ཆོས་དང་དགེ་འདུན་དང་། །འཁོར་འདས་ཐམས་ཅད་རིག་པའི་ངང་དུ་དབང་དུ་སྡུས། །པ་ཤང་ཀུ་རུ་ཡེ་གྲྭ་ཧྭ། །དུག་ལྔ་དུག་གསུམ་གནོད་བྱེད་དང་། །དགྲ་བགེགས་འབྱུང་པོ་མ་རུང་རྣམས། །རིག་པའི་ངང་དུ་མྱ་ར་ཡ་སོད་སོད། །ཨོ་ཨ༷༷ཧུ༷ ། ཨོ་ཨ༷༷ཧུ༷ ། རྒྱུད་ཚིག་ལེའུ་ང་གཅིག་པའོ།། །།མཚན་ཉིད་འཛིན་པའི་རིག་པ་ཉིད། །གཞི་མེད་རྩ་བྲལ་ཉིད་དུ་གྲོལ། །ཀུན་བཟང་ཡུམ་གྱི་དགོངས་པ་སྟེ། །ཚེག་བར་ཉེར་བརྒྱད་རྡོ་རྗེའི་སྒྲ། །རང་བྱུང་རང་ཤར་ཉིད་དུ་གྲོལ། །ཨེ་མ་ཀི་རི་ཀི་རི ། མས་ཏ་བྷ་ལི ། ས་མི་ཏ་སུ་རུ་སུ་མྲ །ཀུན་དྷ་ལི་མ་སུ་མ་སུ ། ཨེ་ཀ་རི་ལ་བྷ་ཏ་ཡེ ། ཙ་ཏ་བྱུ་ལི་ཏ་ལྕེ་ཡེ། །ས་མཚན་ཙརུ་སུ་བྷ་ཡེ ། བྷ་ཏི་སི་ན་བྷ་ལྷུ་ཡེ ། ཀི་རི་དྷ་ཀི་ན ། དྷ་ཀ་མ་ཧ་བེ་ར ། ཏན་པ་བར་ལི་དྷ ། ས་ན༷་ཁ་ར་ཏ་ཀེ་ལན ། ཨེ་ཙ་ར་ས་ཏ༷ ། ཏ་ས་སུ་་བྷ་ཏ་ར་ཨ ། མ་ན་ས་ར་སྟི་ཧོ །ཏིང་གུར ། མ་སྨིན་པ་གུ་ཏི་ལ། །ཏ་ཡ་ལྷུར་ལྷུར་དྷ་པ་ན་ཁ་ས། །ར་ན་ལ༷། ན་ར་ན་ར་ལ༷། །ཨི་ཐ་ས་ཐ་ལ༷། །སིར་རྣ་སིར་རྣ་སྟེ་ས་རས་པ་ལ༷། །ཀ་སེ་ལ༷་ས་ས། །རི་རྡི །ལི་སྙི ། ཨི་སྙི ། མ་མྱ ། ར་རྭ ། རྒྱུད་ཚིག་ལེའུ་ང་གཉིས་པའོ།། །།འ་ཨ་ཧ་ཤ་ས་མ ། ཐིག་ལེ་དྲུག་པའོ། །རྒྱུད་ཚིག་ལེའུ་ང་གསུམ་པའོ།། །།ཡབ་ཡུམ་གཉིས་སུ་མེད་པའི་དགོངས་པ་སྟེ། །ཚེག་བར་བརྒྱད་པ་ཞེས་སུ་གྲགས། །ཨ་ཨུ ། ཨི་སྙི ། ཨུ་ཨུ །རེ་རྡི ། ལི་སྙི ། ཨེ་ཨེ ། ཨོ་ཨོ ། ཨ༷་ཨ༷༷ ། སྐྱེ་འགག་གཉིས་སུ་མེད་པ་ཡི། །དགོངས་པ་ཚེག་བར་བརྒྱད་པ་བཤད། །ཀ་ཁ་ག་བྷ་ང་། །ཙ་ཚ་ཛ་རྙོ་ཉ། །ཊ་ཋ་ཌ་རྟེ་ཎ། །ཏ་ཐ་ད་དྷ་ན། །པ་ཕ་བ་བྷ་མ། །ཡ་ར་ལ་ཝ་ཤ་ཥ་ས་ཧ། །ཀྟ།རྒྱུད་ཚིག་ལེའུ་ང་བཞི་པའོ།། །།བསྟན་པ་མི་འགྱུར་དགོངས་པ་ནི། །ཚེག་བར་བཅུ་གཉིས་པ་རུ་གྲགས། །ཡེ་དྷ་རྨ་ཧེ་ཏུ་བྲ་བྷ་བཱ། །ཧེ་དུན་ཏེ། །ཥའ་ན་ཏ་ཐ་ག་ཏོ། །རྒྱབ་དད་ཏེ་ཥའརྙ་ཡོ་ནི་རོ་དྷ་ཨེ་བ༷། བཱ་དི་མ་ཧྭ་བྲ་མ་ཎ་ཡེ་སྲུ་ཧྭ། །ནད་གདོན་སྡིག་སྒྲིབ་རྣམ་རྟོག་རྣམས། །རིག་པར་ཞི་བ་ཤན་ཏིང་ཀུ་རུ་ཡེ་གྲྭ་ཧྭ། །ཚེ་དབང་བསོད་ནམས་ལོངས་སྤྱོད་དང་། །ཁ་རྗེ་དབང་ཐང་ཐམས་ཅད་ཀུན། །རིག་པའི་ངང་དུ་རྒྱས་བར་གྱུར་ཅིག །སྤྲུཁོ་ཀུ་རུ་ཡེ་སྲུ་ཧྭ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །ཁམས་གསུམ་སྲིད་གསུམ་ཐམས་ཅད་དང་། །གཟུགས་ཅན་གཟུགས་མེད་ཐམས་ཅད་ཀུན། །རིག་པའི་ངང་དུ་དབང་སྡུས་ཤིག །པ་ཤང་ཀུ་རུ་ཡེ་གྲྭ་ཧྭ། །དུག་ལྔ་དུག་གསུམ་གནོད་བྱེད་དང་། །དགྲ་བགེགས་འབྱུང་པོ་ཐམས་ཅད་ཀུན། །རིག་པའི་ངང་དུ་མ་ར་ཡ་སོད། །རྒྱུད་ཚིག་ལེའུ་ང་ལྔ་པའོ་།། །།བཏགས་གྲོལ་འདི་ཡི་མིང་ཉིད་ནི། །རིག་པ་ཀློང་གྲོལ་ཞེས་པའོ། །ས་མ་ཡུ ། རྒྱ་རྒྱ་རྒྱ། རིག་སྟོང་གཉིས་སུ་མེད་པ་ཡི། །ཐིག་ལེ་ཉི་ཤུ་རྩ་ལྔ་པ། །བཏགས་གྲོལ་འདི་ཡི་མིང་ཉིད་ནི། །སྙིང་ཐིག་སྲོག་གི་ཡང་བཅུད་ཡིན། །བཅུ་བདུན་རྒྱུ་དང་ཟླ་ཤེལ་རྒྱུད། །ཡང་གསང་བླ་མེད་སྙིང་པོའི་བཅུད། །ཡོངས་སུ་དྲིལ་བས་ཐིག་ལེ་ཆེ། །གང་ཟག་ལམ་གྱི་རྣལ་འབྱོར་རྣམས། །ཤི་ཀའི་དུས་ལ་བབ་ཙམ་ན། །སྐྱེལ་མ་ལམ་མཁན་འདི་ཉིད་དོ། །འདི་ལས་ཟབ་པའི་བཏགས་གྲོལ་ནི། །འཇིག་རྟེན་ཁམས་སུ་ཡོད་རེ་སྐན། །དེའི་རྒྱུད་ཚིག་ལེའུ་ང་དྲུག་པའོ།། །།ཡང་དག་པ་ནི་འདི་ཉིད་དོ། །དབང་པོའི་ཞེན་བ་བཟློག་པའི་ཕྱིར། །ཀརྨ་རསྒ་འགྲི་ཧ༷་ཧི། །ཕུང་པོའི་ཞེན་པ་བཟློག་པའི་ཕྱིར། །སྙེ་ག་ར་ན་སོ་གད་གླིང་། །ཡུལ་ཀུན་ཞེན་པ་བཟློག་པའི་ཕྱིར། །བུ་ག་རི་ལ་བྷ་རྙུ་ཏི། །སེམས་ཀྱི་དངོས་པོ་སྤུར་བའི་ཕྱིར། །ར༷་པ་ཀ་ལ་ས་མི་ཁྱེ། །བྱུང་ཚོར་གནས་སུ་བཅད་པའི་ཕྱིར། །མ་ཏང་ཕ་ཕེར་རས་མི་ཏེ། །འདུས་ཚོགས་སྣང་བ་ངོས་བཟུང་ཕྱིར། །ཁ་ཊ་རེ་ཀ་ས་མིག་རླུད་། །རིག་པ་བཙོན་རར་གཞུག་པའི་ཕྱིར། །ཨེ་ཀ་རད་ན་སྙེ་ཚག་ཤ །འཁྲུལ་པའི་རང་རྒྱུད་ཁུངས་བཅད་ཕྱིར། །ཡ་རི་མུ་ཏ་ས་ལྷུ་ལི། །རིགས་དྲུག་རིམ་གྱིས་བསྒྲལ་བའི་ཕྱིར། །ཡ་སིང་ར་རླུང་པ་ལ་ཡ། །འཁོར་བ་དོང་ནས་འདོན་པའི་ཕྱིར། །ལ༷་པ་ཀོ་ལི་ས་མན་ཏ། །ཆོས་ཅན་ཐུར་དུ་གཞུག་པའི་ཕྱིར། །བྷ་རིང་ཡ༷་པ་རེ་མ༷་ཏི། །རོལ་པའི་འབྱུང་ཁུངས་སྤུར་པའི་ཕྱིར། །བུ་ག་སིང་ཧ་ཕ་ཀྟ་ལ། །ཞེན་པའི་འཕྲེང་ཐག་བཅད་པའི་ཕྱིར། །ར་མི་སི་སི་ཁེ་ཏ་པ། །ལུག་རྒྱུད་ཨར་ལ་གཏད་པའི་ཕྱིར། །བི་ཁུ་མ་ལ་བ་ཏ༷་ཀི །ལྷ་ཡི་ཕྱག་རྒྱ་བལྟ་བའི་ཕྱིར། །ས་མ་ཉི་ར་དྷི་ར་པ། །ལྟ་སྒོམ་ལོག་པ་དག་བྱའི་ཕྱིར། །བཛྲ་ས་ཏྭ་ཏྲི་ཏོ་མེ། །ས་ལམ་དུས་གཅིག་བཅད་པའི་ཕྱིར། །སྙེ་པ་སུ་ཀྟར་རྣམ་ཡེ། །ཡིད་སྤྱོད་ལྟ་བ་ཁུང་བཅད་ཕྱིར། །དྷརྨ་པ་ཏི་ས་ལྷུ་ལི། །སྐུ་གསུམ་ལམ་དུ་བསླང་བའི་ཕྱི༷ར། །རས་རྨི་པ་ལ་ཁ་རྒད་ཚེ། །སྣང་བ་དངོས་སུ་བླངས་པའི་ཕྱིར། །རུ་བ་ས་མི་མི་ཏ་ལམ། །སྒྲ་ཡི་ཞེན་པ་མཐའ་བཅད་ཕྱིར། །ང་ཏིག་པ་ཡ་ཀ་ལི་ས། །བསམ་གཏན་ཆེན་པོའི་ས་ནོན་ཕྱིར། །ག་ཚང་ས་ཡབ་ཨི་ཏོ། །འཕྲིན་ལས་མཐའ་རུ་འབྱུང་བའི་ཕྱིར། །ཀརྨ་ཨེ་ཀ་མ་ནུ་ས། །སངས་རྒྱས་མངོན་ཞེན་བཟློག་པའི་ཕྱིར། །སང་ཀྲི་མ་མ་ཀརྨ་ཏ། །རྒྱལ་སྲས་རྣམས་ཀྱི་གནས་བཙའ་ཕྱིར། །ང་ལ་ཁེ་པ་ཀི་ལི་ས། །རིག་སྟོང་གཉིས་སུ་མེད་པའི་ཕྱིར། །དབྱིངས་ནས་རང་བྱུང་ཚིག་ཏུ་གྲགས། །ཀུན་བཟང་ཡབ་ཡུམ་གཉིས་མེད་ཀྱི། །དགོངས་པ་རང་བྱུང་རང་ཤར་ཉིད། །རེ་རེས་གྲོལ་བར་ནུས་པ་ནི། །ཆོས་ཉིད་རང་སྒྲ་རང་ཤར་བས། །ཐིག་ལེ་ཉི་ཤུ་རྩ་ལྔ་པ། །བཏགས་གྲོལ་ཐིག་ལེ་ཆེན་པོར་གྲགས། །རྒྱུད་ཀྱི་ཁོང་སྙིང་དམ་པ་སྟེ། །རྒྱུད་ཚིག་ལེའུ་ང་དྲུག་པའོ་།། ་་་་་ཏ་ ཐིག་ལེ་ཆེན་པོའི་བྲི་ཐབས་བསྟན། །མཐིང་ཤོག་སྔོན་པོ་གྲུ་བཞི་པ། །མཐོ་གང་སོར་བཞི་ཡོད་པ་ལ མཐའ་མར་མུ་ཁྱུད་ལྔ་ལྡན་བསྐོར། །དེ་ཡི་ནང་དུ་མུ་ཁྱུད་གཅིག །རྟེན་འབྲེལ་ཚེག་བར་བཅུ་གཉིས་བྲི། །དེ་ཡི་ནང་དུ་ཡང་གཅིག་བསྐོར། །དེ་ལ་ཨུ་ལི་ཚེག་བར་བརྒྱད། །བར་འདིར་མུ་ཁྱུད་སོར་གཉིས་བསྐོར། །ཐིག་ལེའི་ཡུལ་ལོ། །དེ་ཡི་ནང་དུ་མཐེབ་གང་བསྐོར། །ལ་ཀུན་བཟང་ཡུམ་གྱི་སྔགས། །ཚེག་བར་ཉེར་བརྒྱད་ཤམ་བུ་བྲི། །དེ་ཡི་ནང་དུ་མཐེབ་གང་ལ། །ཀུན་བཟང་ཡབ་ཀྱི་དགོངས་པ་སྟེ། །རྒྱུད་ཚིག་ཚེག་བར་ཉེར་དྲུག་བྲི། །དེ་ཡི་ནང་དུ་མུ་ཁྱུད་ལྔ་ཡིས་བསྐོར། །དེ་ཡི་ནང་དུ་ལྔ་ལྡན་རྡོ་རྗེ་བྲི། །རྡོ་རྗེའི་ལྟེ་བར་འབྲུ་གསུམ་ཡི་གེ་བྲི། །གཡས་གཡོན་ཡིག་འབྲུ་བྲི་བར་བྱ། །བར་ཁྱམ་སོར་གཉིས་བསྐོར་བར་བྱ། །ཐིག་ལེ་ཉི་ཤུ་རྩ་ལྔ་ནང་། །ཚིག་དང་སྔགས་སུ་བསྡེབ་པ་ནི། །ཉི་ཤུ་རྩ་ལྔ་བྲི་བར་བྱ། །དེ་ཡང་ཟུང་དུ་བསྡེབ་པའོ། །དེ་རྣམས་རིན་ཆེན་སྣ་ལྔར བྲི། །ཁྱད་པར་གསེར་དང་དངུལ་གྱིས་བྲི། །དུས་ཚོད་ཚེས་གྲངས་བཟང་པོ་ལ། །བསྲུང་བ་རབ་ཏུ་གནས་པར་བྱ། །མཆོད་གཏོར་བཤམ་ཞིང་གསོལ་བ་གདབ། །བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །འཕགས་པའི་ཚོགས་རྣམས་སྤྱན་དྲངས་ལ། །འཁོར་བཏགས་གྲོལ་ཐིག་ལེ་ཀློང་རྫོགས་ཞེས་བྱ་བ། །བརྡལ་བ་རང་བྱུང་ཆེན་་པ་ལ་ཕྱག་འཚལ་ལོ། །ཀ༷༷ཨ༷༷ཁ༷༷ཙ༷༷ཚ༷༷ཛ༷༷ཝ༷༷ཏ༷༷ཐ༷༷ཊ༷༷ཊ༷༷ཊ༷༷ར༷༷ཐ༷༷ད༷༷ན༷༷ན༷༷པ༷༷ཕ༷༷བ༷༷མ༷༷ཡ༷༷ར༷༷ལཤ༷ ༷༷ས༷༷ཧ༷༷སྒ༷༷སྒ། བྷ་རྙོ་དྷ་བྷ༷༷འི་༷༷༷༷༷༷སྦུ༷༷ཞུཔྱརྟ༷༷ ཨུ་ཀྟང་ཁམ༷༷ག༷༷ཀྟ༷༷ང༷༷སྐོ༷༷ཚཛུ༷༷རྙོ༷༷རྙོ༷༷ཊ༷༷ཐས༷༷སྟཧ༷༷ཎ༷༷ཏི༷༷ཐད༷༷ཏརྙོན་རྣ་པ་ས་ཕཀབྲ་བྷ་སྨ་ཐ་ཡཐ། རླ་སྨ་ཤབྷ་སཧ་དྨ་སྒ། ་་་་་་་་་་་་་་ ་་་་ ་་་་་་་་་་་་་་་བཏགས་ཉུ་་་་་་་་་་་་གྲོལ་ཐིག་ལེ་གློང་རྫོགས་འད། །ཡངག་འབྲུ་དགུ་བཅུ་གོ་དགུ་ཡོད། །ཚན་པ་རྣམ་པ་གསུམ་དུ་ཡོད། །ཐིག་ལེ་འཕྲེང་གཅའག་མ་རུ་བྲངས། །ལུས་སམ་མགུལ་དུ་ཐོགས་པར་བྱ། །རྒྱུད་ཚིག་ལེའུ་ང་བརྒྱད་པའོ།། །ས་མ་ཡུ༷༷འཛིན་མེད་རང་གྲོལ་སྙིང་པོའི་སྒྲ། །རང་རིག་མངོན་པར་ག་་ལ་ཕེབས། །ཐུགས་རྗེ་མཐོང་གྲོལ་ཞེས་སུ་གྲགས། །དེ་ཡི་ཡང་སྙིང་འདི་དག་གོ །ཨ༷༷ཧ༷༷འཤ༷ ༷༷མ༷༷ཨོ༷༷ཨུ༷༷ཙི༷༷ཨུ༷༷མ༷༷འ༷༷སཤ༷ ༷༷ན༷༷་༷༷སརྦ །ཀམ༷༷སྟིན༷༷སརྦ༷༷བྷཏ༷༷དྷསིར༷༷སརྦ༷༷སྤཤོ༷༷དྷ་ནི་སྭ༷༷སམའུ་བྷ༷༷དྷ་དུཤ༷ ཧ༷༷སྭརྦ༷༷་བན་ཏི་པར༷༷སརྦ༷༷ཊ་དུ་ཎ༷༷ལྦེ༷༷སརྦ༷༷ཨུ༷༷ཨོ༷༷ཀདུ༷༷བླ༷༷ཨོ༷༷སར༷་༑་ཏ་ནི།ཐུགས་རྗེ་མཐོང་གྲོལ་ཞེས་བྱ་བ། །ཐུགས་ཀྱི་ཡི་གེ་ཞེ་དྲུག་ཡོད། །འཕྲེང་གཅིག་མ་ནི་གསེར་གྱིས་བྲིས། །མགོ་འཇུག་མ་ལོག་ལུས་ལ་བཏགས། །རབ་གནས་སྣ་ཚོགས་གོས་ཀྱིས་དྲིལ། །འདི་ཡང་ཟབ་པའི་མན་ངག་གོ །རྒྱུད་ཚིག་ལེའུ་ང་དགུ་པའོ།། །།ཡང་ཅིག་རྡོ་རྗེ་འཆང་ཆེན་གྱིས། །རྡོ་རྗེའི་ཚིག་དྲུག་བཏགས་གྲོལ་བསྟན། །འདི་བཏགས་འཁོར་བ་རྐང་དྲུག་འཇོམས། །རིགས་དྲུག་ཡུལ་སྟོངས་འཁོར་རྒྱུན་ཆད། །དེ་ཡི་གསང་འཁོར་མ་བུ་གསུམ། །ཁ་སྦྱོར་མགོ་མཇུག་མ་ལོག་པར། །དམ་ཚིག་ལྡན་པས་ལུས་ལ་བཅངས ས་མ་ཡ སརྦ་ཨ་བ་མ་ལ་གསེར་གྱིས་བྲིས་ལ་འདི་གཉིས་ཁ་སྦྱར་རོ། །དབྱིངས་མི་་གྱུར་དབུ་རྒྱན་ངའི་བརྡ་ཡིག་གོ །དྷ་ཐིམ། །སྙེ་ཏྲ་ཨ་ལོ་ཀ །ཨ་ན༷་པ་ལ༷་ཀེ །སརྦ་མ་ནི་ཤ། ཨ སྨ སྨཨ སྨ་། ཨ་ཀ་སར་ན་རྒྱ་རྒྱ་རམ། སྒྲོན་མ་དབྱིངས་ཀྱི་བཏགས་གྲོལ་འདི་བར་དུ་ཆུག་ཅིག །ས་མ་ཡ། རྡོ་རྗེ་འཆང་གི་རྒྱུད་ཚིག་ནི། །ཀློང་གསལ་འབར་བ་གསུམ་གྱི་སྲོག །རྡོ་རྗེ་ཚིག་དྲུག་བཏགས་གྲོལ་ཏེ། ཁུད་ཚིག་ལེའུ་དྲུག་ཅུ་པའོ།། །།ཨེ་མ་སྟོན་པ་ཐུགས་ཀྱི་གཏེར། །ལས་ཟད་སྐལ་ལྡན་སྙིང་གི་བུ། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །ཐུན་མོང་མན་ངག་བསམ་འདས་ཀྱང་། །མཆོག་གི་མན་ངག་ཁྱད་པར་ཅན། །གང་ཟག་ཤི་ཁའི་བར་དོ་སྲ །བཏགས་པས་གྲོལ་བས་བཏགས་གྲོལ་རྒྱུད། །རང་བྱུང་རང་ཤར་རང་གྲོལ་ཉིད། །རྒྱུད་ཀྱི་རྣམ་གྲངས་འདི་ལྟར་རོ། །བཏགས་གྲོལ་འཁོར་བ་རྒྱུན་གཅོད་དང་། །འཁོར་བ་དོང་སྤྲུག་རྡོ་རྗེའི་སྒྲོ། །རྣམ་པ་གཉིས་ནི་མ་བུའི་ཚུལ། །ཐིག་ལེ་ཆེན་པོ་རྒྱུད་ལྔ་དང་། །ཐིག་ལེ་ཀློང་རྫོགས་མ་བུ་གསུམ། །ཐུགས་རྗེ་མཐོང་གྲོལ་ཞེས་དྲུག་པ། །རྡོ་རྗེ་ཚིག་དྲུག་འཁོར་ལོ་གསུམ། །སྤྱི་རུ་དྲི་ལན་དྲུག་ཏུ་འདོད། །འདི་ལས་ཟབ་པ་ཡོང་རེ་སྐན། །འདི་ཡི་བྲི་ཐབས་བསྟན་པ་ནི། །མཐིང་ཤོག་དག་ལ་གསེར་གྱིས་བྲིས། །དུས་ཚོད་ཚེས་གྲངས་བཟང་ལ་གཏད། །རང་གནས་མཆོད་བསྟོད་རྒྱུད་ཀྱང་བཀླག །རང་ཉིད་རྒྱལ་བཞི་ཁྲོར་བསྒོམ། །རྒྱུད་རྣམས་ལ་ཡང་བསྟིམ་པར་བྱ། །དེ་ནས་ལས་ལྡན་བུ་ཉིད་ཀྱི། །སྐུ་གསུང་ཐུགས་ལ་དབང་ཡང་བསྐུར། །ཡེ་ཤེས་གསུམ་གྱིས་རྒྱས་བཏབ་བོ། །གཞན་གྱི་དོན་ཆེན་བྱ་འདོད་ན། །ཕྱོགས་དང་མཐུན་པའི་ཕྱག་མཚན་གཅེས། །མཚན་མ་བྱུང་བའི་དུས་སུ་བགྲངས། །དེས་ཀྱང་རང་གཞན་ཐམས་ཅད་གྲོལ། །འཆི་ཁ་བར་དོ་མེད་པར་འགྱུར། །ཞལ་གདམས་རྒྱུད་ཚིག་ལེའུ་སྟེ་རེ་གཅིག་པའོ།། །།ད་རུང་ཡང་དག་བཤད་པར་བྱ། །བཏགས་པས་གྲོལ་བས་བཏགས་གྲོལ་འདི། །སྐལ་ལྡན་སུ་ཡིས་བཅངས་པའི་མི། །སངས་རྒྱས་རྣམས་ཀྱི་གདུང་འཛིན་ཡིན། །འདི་ཉིད་འདས་ཚེ་གདུང་བསྲེགས་ན། །དབེན་པའི་གནས་སུ་སྐྲུར་ཁང་བརྩིགས། །སྟེང་དུ་སྐྲུར་བཞག་སླས་ཟེད་ལ། །ཙན་དན་རྒྱ་ཤུག་འབྲུ་མར་སྦྱར། །བུ་སློབ་དམ་ཚིག་ལྡན་པས་བསྲེགས། །གསོལ་འདེབས་མཆོད་བསྟོད་རོལ་མོ་འབུལ། །དེ་ལ་རྟགས་ནི་འདི་ལྟར་འབྱུང་། །འཇའ་འོད་ཟེར་དང་མེ་འོད་དུད་པའི་རྟགས། །སྤུར་ཁང་མཐོངས་སུ་འཇའ་འཁྱིལ་དང་། །དུད་པ་སྔོ་བསང་གྱེན་ལ་བསླངས། །གཡས་སུ་འཁྱིལ་ཅིང་མེ་འོད་དཀར། །གཡོ་འགུལ་མེད་ཅིང་མེ་ལྕེ་རིང་། །དྲང་པོར་མདའ་ལྟར་གྱེན་ལ་འབར། །དེ་ནི་མེ་འོད་དུད་པའི་རྟགས། །ནམ་མཁའ་དྭངས་ཤིང་རླུང་དམར་མེད། །ཡང་ན་འཇའ་འོད་སྣ་ལྔ་འཁྲིག །དེ་ལ་གདུང་རིགས་ལྔ་འམ་གཅིག །གང་རུང་ཅིག་ནི་འབྱུང་བར་འགྱུར། །རྣལ་འབྱོར་ཕྱིར་མི་ལྡོག་པའི་རྟགས། །རྡོ་རྗེ་རིན་ཆེན་པདྨའི་གདུང་། །ལས་དང་དེ་བཞིན་གཤེགས་པའི་གདུང་། །ཤ་ཁྲག་ལུས་དང་ཡན་ལག་བཞི། །འབྱུང་འདུས་ལྔ་ལ་འདི་ལྟར་འབྱུང་། །ཆུ་རི་ར༷་ནི་ཁྲག་ལས་འབྱུང་། །བ་རི་ར༷་ནི་སྒལ་ལས་འབྱུང་། །ཉ་རི་ར༷་ནི་ཡན་ལག་རྐང་། །་པརྩི་ར༷་ནི་སྙིང་ལས་འབྱུང་། །བྱུང་བས་འབྲས་བུ་གང་ཐོབ་ན། ཁྲ་རི་ཆུ་ཡི་བ་རི་ཡིས། །སྐྱེ་མེད་ཡོན་ཏན་ལོངས་སྐུ་ཐོབ། །ཉ་རི་པརྩི་ར༷་གྱིས་སུ། །སྤྲུལ་པའི་སྐུ་ལྔ་ངེས་པར་ཐོབ། །ཡང་ན་ཤ་རི་ར༷་གྱིས་སྐྱེ་མེད་ཐོབ། །ཆུ་རི་ར༷་གྱིས་ཡོན་ཏན་འཕེལ། །བ་རི་ར༷་གྱི་ལོངས་སྐུ་ཐོབ། །ཉ་རི་ར༷་གྱིས་སྤྲུལ་སྐུ་ཐོབ། །པ྅་ར༷་གྱིས་སྐུ་ལྔ་ཐོབ། །སངས་རྒྱས་སྐུ་ལྔ་སངས་རྒྱས་ཡེ་ཤེས་ལྔ། །རྒྱུད་འདི་བཅངས་ཤིང་ཀློག་པ་འམ། །སྙིང་པོ་བཏགས་གྲོལ་བཏགས་པས་ཐོབ། །གདུངས་ཚད་མང་ཉུངས་ངེས་པ་མེད། །གང་ཟག་ཉམས་ལེན་ཞེན་པ་འམ། །མངོན་སུམ་དོན་ལ་ལྟ་ནན་ཆུང་། །ལེ་ལོ་སྙོམས་ལས་ཅན་རྣམས་ལ། །བཏགས་གྲོལ་འདི་ཉིད་བཏགས་པར་བྱ། །ཆོས་ཉིད་མངོན་སུམ་ངོ་ཡང་སྤྲད། །ཤི་དུས་དབུགས་ལ་སླེབ་ཀྱང་ཆོག །བསྲེག་དུས་སྤུར་དང་མཉམ་པོར་བསྲེག །ཡང་ན་སྙིང་ཁར་བསྲེག་པར་བྱ། །རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། །གང་ཟག་ཤི་ཁའི་བར་དོ་ལས། །གྲོལ་བར་བྱ་བའི་མན་ངག་བསྟན། །གཞན་ཡང་གྲོལ་བར་བྱ་བའི་ཐབས། །གདམས་པ་སྣ་ཚོགས་ཉིད་དུ་སྟོན། ཁེ་ཁ་མ་ཡི་བར་དོ་སྟེ། །རྒྱུད་ཚིག་ལེའུ་རེ་གཉིས་པའོ།། །བྱུམོ། ཡང་ཅིག་སྟོན་པ་རྡོ་རྗེ་ལ། །ཕྱག་ན་རྡོ་རྗེས་ཡང་ཞུསླ་པ། །ཀྱེ་མ་སྟོན་པ་རྡོ་རྗེ་འཆང་། ཁེ་ཁའི་བར་དོ་གསུངས་ན་ཡང་། །ཆོས་ཉིད་བར་དོ་གསུང་དུ་གསོལ། །ཞུས་པའི་ལན་དུ་བཀའ་སྩལ་པ། །ཀྱེ་ཧོ་རྡོ་རྗེ་འཛིན་པ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །ཆོས་ཉིད་བར་དོ་ཞེས་བྱ་བ། །ད་ལྟའི་སྣང་བ་འདི་ནུབ་སྟེ། །ཕུང་པོ་མེད་ཅིང་ཟག་བཅས་བྲལ། །སྣང་བ་ཐམས་ཅད་བདེན་པའི་ཞིང་། །རང་སྣང་དག་པའི་སྐུར་སྣང་སྟེ། །འདི་ལ་ཐེ་ཚོམ་སུས་ཟ་བ། །རྒྱལ་བ་རྣམས་ཀྱི་སྐུ་ལ་སྒྲིབ། །འདི་ལ་དངངས་སྐྲག་མ་སྐྱེ་ཞིག །ཇི་ལྟར་མཐོང་བའི་ཡུལ་སྣང་ཀུན། །ས་རྡོའི་སྣང་བ་རང་ནུབ་སྟེ། །སྣང་བ་ཐམས་ཅད་འོད་སྣང་ལྔ། །དེ་ཡི་ནང་དུ་ཆོས་ཉིད་སྒྲ། །འབྲུག་སྟོང་ལྡིར་བ་ཙམ་དུ་འཆར། །འོད་ཟེརཉི་མ་འབུམ་སྟོང་འགྱེད། །རྒྱལ་བ་ཞི་ཁྲེའི་ལྷ་ཚོགས་རྣམས། །ཆེ་བ་ནམ་མཁའི་མཐའ་དང་མཉམ། །ཆུང་བ་ཡུངས་མའི་འབྲས་བུ་ཙམ། །འབྲིང་བ་རྣམས་ནི་རི་རབ་ཙམ། །དེ་ལ་འཇིགས་པར་མ་བྱེད་ཅིག །རང་སྣང་ཡིན་པར་ཐག་ཆོད་ཅིག །མི་འགྱུར་གསེར་གྱི་ཐུར་མ་ལྟར། །རང་རིག་ཡིན་པར་ཐག་ཆོད་ཅིག །དཔག་ཆེན་མདའ་ལྟར་ཚུལ་མ་ལོག ཁྲར་བ་མ་ཡིན་རང་ཉམས་སུ། །མ་བུ་གཉིས་པོ་མ་འཇོལ་ཅིག །འདི་ནི་དྲན་པས་ཆོག་པ་སྟེ། །འདི་ལ་གང་ཟག་དབང་པོ་དབྱེ། །རབ་ནི་སྐད་ཅིག་གསུམ་ལས་གྲོལ། །འབྲིང་ནི་ཞག་པོ་ལྔ་ལ་གྲོལ། །འདི་ནི་རང་གི་རྣམ་ཤེས་ཉིད། །འོད་གསལ་ཐ་མེད་པ་ལ་ཐིམ། །རིག་པ་འོད་ཀྱི་ཡུལ་ཅན་ནོ། །ཐ་མ་རྣམས་ནི་སྤྲུལ་སྐུའི་ཞིང་། །བར་དོ་མེད་པར་སངས་རྒྱས་སོ། །འདི་ནི་ཆོས་ཉིད་བར་དོ་སྟེ། །རྒྱུད་ཚིག་ལེའུ་རེ་གསུམ་པའོ།། །།ཡང་ཅིག་སྟོན་པ་ཉིད་ཀྱིས་གསུངས། །དེ་ལྟར་གནད་རྣམས་མ་ཤེས་ཏེ། །འོད་ལ་འཇིགས་ཤིང་ཟེར་ལ་དངངས། །སྐུ་ལ་རྟོག་པ་ཟོས་གྱུར་ན། །དབང་པོ་མར་ལ་ཁ་འཁྱལ་ན། །སྲིད་པའི་བར་དོ་ཉིད་དུ་ཆུད། །ཡད་ཡུད་ཕྱད་ཕྱོད་ཉིད་དུ་སྟེ། །རིགས་དྲུག་གར་སྐྱེས་ལས་ལ་སྤྱོད། །ཆོས་ཉིད་མ་མཐོང་མ་རིག་ཅིང་། །རང་སྣང་དགྲ་རུ་ལངས་པ་རྣམས། །འཁོར་བ་མངལ་གྱི་སྒོར་ཚུད་ནས། །ཕ་དང་མ་ཡི་རྒྱུ་རྐྱེན་ལས། །མེར་མེར་པོ་དང་ནུར་ནུར་པོ། །གོར་གོར་པོ་དང་ཉ་ལྟ་བུ། །རུ་སྦལ་བཞིན་དང་སྦལ་པ་བཞིན། །དེ་བཞིན་ཞག་ནི་བདུན་ཕྲག་བརྒྱད། །ལྟེ་བ་དག་ནས་ལུས་རྣམས་བསྐྱེད། །ཟླ་བ་དགུ་དང་ངོ་བཅུ་ནས། །ལུས་རྫོགས་མ་ཡི་མངལ་ནས་དོན། །དེ་ལྟར་གཟུགས་ནི་ཐ་དད་དུ། །འཁོར་བ་ཉིད་ནས་འཁོར་བའོ། །དེ་ཡང་འཁོར་ལུགས་འདི་ལྟ་སྟེ། །དགའ་ལྡན་རྩོད་ལྡན་མྱོང་ལྡན་གསུམ། །སྡུག་བསྔལ་བཀྲེས་ལྡན་སྡུག་བསྔལ་ཆེ། །རྣམ་པ་དྲུག་ཏུ་རེས་འཇོག་འཁོར། །མ་རིག་འཁྲུལ་པས་དབང་དུའོ། །རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། །བར་དོ་རྣམ་པ་བཞི་རུ་བསྟན། །ཁྱད་པར་སྲིད་པའི་བར་དོ་བཤད། །འདི་ལ་འཁྲུལ་གྲོལ་རྣམ་པ་གཉིས། །ཞབྲུལ་གྲོལ་ཟུར་ཙམ་བཤད་པ་སྟེ། ཁུད་ཚིག་ལེའུ་རེ་བཞི་པའོ། །ས་མ་ཡུ ། གཏེར་རྒྱ ། སྦས་རྒྱ ། ཟབ་རྒྱ ། དྲུག་པ་རྡོ་རྗེ་འཆང་ཆེན་ལ། །ཕྱག་ན་རྡོ་རྗེས་ཡང་ཞུས་པ། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །བར་དོའི་རིམ་པ་གསུངས་ན་ཡང་། །གྲོལ་ཚུལ་རིམ་པ་གསུང་དུ་གསོལ། །ཞུས་པའི་ལན་དུ་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་འཛིན་པ་ཉོན། །ཆོས་ཉིད་བར་དོ་ཤར་ཀྱང་རུང་། །སྔོན་གྱི་ཉམས་ལེན་འབྱོངས་ཀྱང་རུང་། །མངོན་སུམ་རང་སྣང་ཆོད་ཀྱང་རུང་། །རང་ངོ་ཤེས་པའི་གང་ཟག་རྣམས། །ཡར་ལ་འགྲོ་ལུགས་འདི་ལྟར་རོ། །ཕྱི་ནང་མེད་པར་ཟང་ཐལ་གྲོལ། །སྤྱི་སྣོད་འབྱུང་བ་ལྔ་པོ་ཡང་། །རང་ཤར་རང་གྲོལ་ཉིད་དུ་གྲོལ། །ནམ་མཁའ་ཉིད་ནི་ཁྱབ་སྟོང་པས། །ནམ་མཁའ་ནི་དངོས་པོ་གྲོལ། །རླུད་ནི་གཟུང་ཡུལ་མེད་སྣང་བས། །དངོས་པོ་སྡུད་པས་ལས་སུ་གྲོལ། །མེ་ནི་སྨིན་བྱེད་ཟས་ཟ་བས། །བསྐྱེད་ཅིང་དྭངས་སྙིགས་འབྱེད་པར་གྲོལ། །ས་ནི་སྐྱོབ་བྱེད་འགེགས་པས་ན། །དངོས་མེད་མཐའ་ཡས་སྟོང་པར་གྲོལ། །ཆུ་ནི་སྡུད་བྱེད་རླན་པས་ན། །སྲེད་བྱེད་སྨིན་པས་ལས་སུ་གྲོལ། །འབྱུང་བ་ཉི་ཤུ་རྩ་ལྔ་ཡང་། །ཡེ་ཤེས་རྣམ་པ་རྩ་བ་ལྔར་གྲོལ། །གཟུགས་སུ་སྣང་བ་ཐམས་ཅད་ཀུན། །རང་བཞིན་མེད་པའི་ངང་དུ་གྲོལ། །གཟུགས་མེད་རྣམས་ནི་དངོས་པོར་གྲོལ། །ཆོས་ནི་ཆོས་ཀྱིས་གྲོལ་བའོ། །མེད་པ་ལ་ནི་མེད་པས་གྲོལ། །གཅིག་ནི་གཅིག་གིས་གྲོལ་བ་ལ། །གཉིས་སུ་སྣང་བ་གཉིས་ཀྱིས་གྲོལ། །ཆོས་ཉིད་སྣང་བ་རང་ལུགས་ལ། །བེམ་པོ་རྣམས་ཀྱང་རང་གྲོལ་ཉིད། ཁུད་ཆེན་དྲི་མེད་ཟླ་ཤེལ་ལས། །ཕྱི་སྣོད་གྲོལ་ཚུལ་བསྟན་པ་སྟེ། ཁུད་ཚིག་ལེའུ་རེ་ལྔ་པའོ།། །།ཡང་ཅིག་སྟོན་པ་དྲུག་པ་ངས། །ནང་བབ་སེམས་ཅན་གྲོལ་ལུགས་བསྟན། །ཀྱེ་མ་ཡང་ཅིག་གསང་བདག་ཉོན། །འབད་པས་གྲོལ་བ་མ་ཡིན་ཏེ། །ཡེ་ཉིད་ནས་ནི་གྲོལ་བར་གནས། །ཐབས་དང་ཤེས་རབ་སྦྱོར་བ་ལ། །ཕ་དང་མ་ཡི་རྒྱུད་ཉིད་དག །འཕེན་བྱེད་རླུད་གིས་བསྐྱོད་པ་ནི། །བྱང་ཆུབ་རང་གི་བདེན་པའོ། །འབྱུངལྔའི་རྒྱུ་ལས་ས་བོན་ནི། །སྟོང་ཉིད་ཡུལ་ལས་སྣང་བ་ཤར། །བཟའ་མི་གཉིས་ཀྱི་སྙོམས་འཇུག་ནི། །ཐབས་ལས་བྱུང་བའི་ཤེས་རབ་ཉིད། །མངལ་གྱི་ནང་དུ་ཚུད་པ་ནི། །རང་རིག་ཞི་གནས་ལྷག་མཐོང་ཤར། །བདུན་ཚན་རྣམས་ནི་རྟགས་ཚད་དོ། །ཟླ་དགུ་ངོ་བཅུ་ས་དང་ལམ། །བཞུགས་གནས་དོན་ཏེ་སྤྲུལ་པའི་སྐུ། །ཐམས་ཅད་ཆོས་ཉིད་སྟོང་པར་གྲོལ། །དེ་ལྟར་ནང་བཅུད་སེམས་ཅན་རྣམས། །འབད་པ་མེད་པར་རང་གྲོལ་ལོ། །སྤྱོད་པར་མ་གྱུར་སྣང་བ་གྲོལ། །སྒོམ་པ་མ་བཙལ་ཆོས་ཅན་གྲོལ། །ལྟ་བ་མ་རྟོགས་ཆོས་ཉིད་གྲོལ། །འབྲས་བུ་མ་བཅིངས་རང་ལུས་གྲོལ། །སྣང་བ་ཐམས་ཅད་རྒྱས་་ཐེབས་སོ། ཁུད་ཆེན་དྲེ་མེད་ཟླ་ཤེལ་ལས། །ནང་བཅུད་སེམས་ཅན་གྲོལ་ལུགས་ཏེ། །རྒྱུད་ཚིག་ལེའུ་རེ་དྲུག་པའོ།། །།རང་ངོ་ཤེས་པའི་མི་རྣམས་ནི། །ངོ་བོ་སྐུ་རུ་རྒྱས་ཏེ་གྲོལ། །རང་བཞིན་འོད་དུ་རྒྱས་ཏེ་གྲོལ། །ཐུགས་རྗེ་ཟེར་དུ་རྒྱས་ཏེ་གྲོལ། །སྐུ་གསུམ་འཛིན་པ་རང་སངས་ནས། །ཐོག་མ་ཉིད་ནས་ཀ་དག་ལ། །རང་ས་ཟིན་ནས་ཆོས་ཟད་དོ། །ཆོས་མེད་ཆོས་ནི་མིང་མིན་ནོ། །ཐོག་མ་ཉིད་ནས་ཀ་དག་ལ། །འཁྲུལ་མེད་ཙམ་དུ་བརྗོད་པ་མེད། །དེ་བཞིན་མ་ཞབྲུལ་བ་ཡང་ཅི། །དེ་ལྷར་འཁྲུལ་པ་གདོད་ནས་དག། །གཞི་སྣང་ཆེན་པོ་དེ་ཉིད་ལས། །མ་རིག་ཅེས་ནི་མིང་མེད་པས། །འཁྲུལ་པར་གྲུབ་པ་ཡོད་མ་ཡིན། །ཆོས་ཞེས་མིང་དུ་མ་གྲགས་པས། །བླ་དགས་འཁྲུལ་པ་ག་ལ་ཡོད། །ཐམས་ཅད་རང་གྲོལ་ཆེན་པོ་འོ། །གནད་ཀྱིས་གྲོལ་བས་འབད་རྩོལ་ཟད། །ཡེ་ནས་གྲོལ་བས་སྐྱེད་མི་དགོས། །རང་གྲོལ་ཡིན་པས་གཉེན་པོ་མེད། །གཅེར་གྲོལ་ཡིན་པས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་རང་བཞིན་བཞག། །དུས་ཀྱི་གྲོལ་བས་བསྒོམ་མི་དགོས། །རང་བཞིན་གྲོལ་བས་མ་བཅིངས་སོ། །གྲོལ་ལོ་ཞེས་པ་ཐ་སྙད་དོ། །རྟོགས་དང་མ་རྟོགས་སུ་ཡི་ཆོས། །དེ་ལ་གྲོལ་ཞེས་སུ་ལ་དམིགས། །ཁམས་སུ་འཇུག་པ་ག་ལ་སྲིད། །སྲིད་མཐའ་བྲལ་བའི་ཆོས་ཉིད་དོ། །ཡེ་གྲོལ་ཡིན་པས་ཁྱད་པར་འཕགས། །རང་གྲོལ་ཡིན་པས་ཡུལ་རྐྱེན་ཟད། །གཅེར་གྲོལ་ཡིན་པས་རང་སར་དག། །མཐའ་གྲོལ་ཡིན་པས་མུ་བཞི་འགག །གཅིག་གྲོལ་ཡིན་པས་དུ་མ་སྟོང་། །ཐམས་ཅད་གྲོལ་བས་གཅིག་ཏུ་འདུས། །རྐྱེན་རྣམས་རྐྱེན་གྱིས་གྲོལ་བས་ན། །དམིགས་པའི་ཆོས་ལ་ང་མི་གནས། །ཡུལ་རྣམས་ཡུལ་གྱིས་གྲོལ་བས་ན། །ཐ་སྙད་ཚིག་ལ་ང་མི་རྟོག། །སེམས་ཉིད་སེམས་ཀྱིས་གྲོལ་བས་ན། །མཚོན་བྱེད་བློ་ལ་ང་མི་གནས། །དྲི་མས་དྲི་མ་བཀྲུ་བ་བཞིན། །དེ་བཞིན་དག་པས་དག་པ་གྲོལ། །དུག་གིས་དུག་རྣམས་འཇོམ་པ་འམ། །ལྕགས་ཀྱིས་ལྕགས་རྣམས་གཤག་པ་འམ། །རྡོ་ཡིས་རྡོ་རྣམས་གཅོག་པ་འམ། ་གོང་གིས་ཤིང་རྣམས་བསྲེག་པ་འམ། །རང་རང་དགྲ་རྣམས་རང་གིས་བྱེད། །རིགས་མི་མཐུན་པས་གྲོལ་མི་འགྱུར། །དེ་ཕྱིར་གཞི་གནས་རིག་པ་ལ། །གཞི་འམ་འབྲས་བུ་ཐམས་ཅད་རྫོགས། །རང་རིག་ཉིད་ཀྱི་རང་རིག་གྲོལ། །ཡུལ་སྣང་ཉིད་ཀྱི་ཡུལ་སྣང་གྲོལ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཉོན་མོངས་དྲི་མ་ཀུན་ལས་འདས། །དུས་གསུམ་དུས་མེད་རྟོགས་པ་པོ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཕུང་པོ་ལྔ་དོན་དུས་གསུམ་དུ། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །སངས་རྒྱས་ཀུན་གྱི་རང་བཞིན་འཆང་། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་རྟོགས་པའོ། །ཐམས་ཅད་རིག་པའི་ངང་དུ་རྫོགས། །མངོན་སུམ་ཐབས་ལ་གང་གོམས་པ། །འདི་ནི་སྐྱེས་བུ་མདའ་འཕངས་བཞིན། །ཚུར་ལ་ལོག་པར་ག་ལ་འཀྱུར། །ཡང་དག་རྫོགས་པའི་སངས་རྒྱས་ནི། །ལྷག་མ་མེད་པར་སངས་རྒྱས་སོ། །མངོན་པར་རྫོགས་པའི་སངས་རྒྱས་ནི། །རྟགས་དང་མཚན་མར་སངས་རྒྱས་སོ། །དོན་ལ་ཐམས་ཅད་རིག་པ་རྫོགས། །རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། །ཡར་ལ་གྲོལ་ལུགས་བསྟན་པ་སྟེ། །རྒྱུད་ཚིག་ལེའུ་རེ་བདུན་པའོ།། །།སྣ་ཚོགས་རིག་པའི་རྩལ་ཡིན་ཕྱིར། །རིག་པ་སྟོང་པ་ཉིད་དུ་གྲོལ། །རིག་སྟོང་ངོ་བོ་ཆོས་ཀྱི་སྐུ། །དེ་ལ་སྣང་བ་མ་འགགས་གསལ། །གསལ་སྟོང་རྗེན་པ་སངས་རྒྱས་ཡིན། །བྱ་བ་མེད་པས་འཁྲུལ་པ་སངས། །རྟོག་པ་མེད་པས་ཉོན་མོངས་སངས། །འཛིན་པ་མེད་པས་རང་བྱུང་སངས། །ཞེན་པ་མེད་པས་རྣམ་རྟོག་སངས། །ཆགས་པ་མེད་པས་མ་རིག་སངས། །སྐུ་གསུམ་ངོ་བོ་གཅིག་རྫོགས་ངང་། །རྟོག་པ་མེད་པའི་རིག་པ་ལ། །འོད་ལྔ་གསལ་བ་ཡེ་ཤེས་རྒྱས། །རིག་པ་བྱ་བྱེད་བྲལ་བ་ལས། །དམིགས་གཏད་མེད་པའི་སྐུ་གསུམ་རྒྱས། །རིག་པ་འོད་མེད་སྣང་བ་ལས། །འཛིན་པའི་ཡུལ་མེད་འོད་ལྔ་རྒྱས། །རིག་པ་ཡེ་ཤེས་ཆེན་པོ་ལ། །དོན་ལྡན་རང་སྣང་འབྲས་བུ་རྒྱས། །དེ་ཕྱིར་རིག་པ་སངས་རྒྱས་ཡིན། །སངས་རྒྱས་གཞན་དུ་བཙལ་དུ་མེད། །སྐུ་གསུམ་སྐུ་ལྔ་ལ་སོགས་པ། །བསྐལ་པ་ཞིང་གི་རྡུལ་སྙེད་རྣམས། །རིག་པ་ཡེ་ཤེས་ངང་དུ་རྫོགས། །དེ་ལ་གྲོལ་ཞེས་མིང་དུ་བཏགས། །རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། །རང་རིག་སངས་རྒྱས་ཡིན་པའི་ཚུལ། །ངོ་སྤྲོད་ཤེས་པར་བྱ་བའི་ཕྱིར། །ལེགས་པར་གནད་རྣམས་བཀྲོལ་པ་སྟེ། །རྒྱུད་ཚིག་ལེའུ་རེ་བརྒྱད་པའོ།། །།རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། །རྫོགས་ཆེན་རང་སྐད་འདི་སྐད་དོ། །དྲི་མེད་རྫོགས་ཆེན་བྱང་ཆུབ་སེམས། །མཁའ་མཉམ་རྡོ་རྗེའི་སྐུ་ལ་བསྐྱོད། །སྟོང་པ་ཉིད་ཀྱང་ལུས་ལ་རྫོགས། །སེམས་སོགས་འཛིན་པའི་ཆོས་ལས་གྲོལ། །སྐྱེ་མེད་ཡང་དག་ངོ་བོ་རྙེད་པ་གསུངས། །མ་བསྐྱེད་མཁའ་ལ་རིག་པ་གསལ། །སྐྱེ་མེད་ཀློང་མེད་ཀློང་དུ་ཡང་འདུས། །འགག་མེད་ཀློང་དུ་དེ་བཞིན་གཤེགས། །སེམས་སོགས་འཛིན་པའི་ཆོས་ལས་གྲོལ། །རྣམ་དག་སྤྱན་ལྡན་མངོན་སངས་རྒྱས། །འབར་བའི་འབར་བ་ཡེ་ཤེས་མཆོག །སྟོང་པ་སྟོང་པའི་ཡུལ་ལ་གནས། །དག་པས་དག་པའི་དཀྱིལ་འཁོར་རྙེད། །རྒྱུད་ཆེན་དྲི་མེད་ཟླ་ཤེལ་ལས། །རྫོགས་ཆེན་རང་སྐད་སྨྲ་བའི་ཚིག །ལེའུ་རི་དགུ་པ་རུ་བཤད།། །།དེ་ནས་རྫོགས་རིམ་བཤད་པར་བྱ། །དེ་ཉིད་ཁྲེག་ཆོད་དགོངས་པའོ། །ཨེ་མ་རང་སྣང་རིག་པ་ཉོན། །ངོ་བོ་ཆོས་རྣམས་སྟོང་པར་རྫོགས། །རང་བཞིན་ཆོས་རྣམས་གསལ་བར་རྫོགས། །ཐུགས་རྗེའི་ཆོས་རྣམས་མ་འགགས་རྫོགས། །སྐུ་གསུམ་རང་རིག་གཞི་སྣང་ལ། །རང་བྱུང་ཆེན་པོའི་གཞི་རྣམས་རྫོགས། །སྣང་བ་ཡིན་ཕྱིར་ཡུལ་ཡང་རྫོགས། །རང་དག་ཡིན་ཕྱིར་ས་ལམ་རྫོགས། །རང་རིག་ཡིན་ཕྱིར་ཤེས་བྱ་རྫོགས། །རང་ཁྱབ་ཡིན་ཕྱིར་འབྲས་བུ་རྫོགས། །རང་སངས་ཡིན་ཕྱིར་རྒྱུ་རྐྱེན་རྫོགས། །རང་རྟོགས་ཡིན་ཕྱིར་ཆོས་ཉིད་རྫོགས། །རང་གནས་ཡིན་ཕྱིར་རྒྱུད་ལུང་རྫོགས། །རག་རྫོགས་ཡིན་ཕྱིར་དུས་གཅིག་རྫོགས། །རྫོགས་པ་ཆེན་པོའི་ངོ་བོ་ལ། །རང་རྫོགས་རང་གྲོལ་རང་སར་རྫོགས། །བརྗོད་བྱ་ཇི་སྙེད་ཅི་ཡོད་ཀྱང་། །རང་རང་དོན་ལ་སྒྲིབ་པས་ནི། །མདོ་དོན་ཟབ་མོ་གཅིག་ཏུ་སྡུད། །གནས་ལུགས་བསམ་གྱིས་མི་ཁྱབ་ཀྱང་། །སྟོང་གསལ་འགག་པ་མེད་པའོ། །འཁྲུལ་གཞི་རྣམ་པ་མང་བཤད་ཀྱང་། །རྐྱེན་བཞི་འདུས་པའི་འཁྲུལ་འཁོར་རོ། །རང་གནས་རིག་སྟོང་ཡེ་ཤེས་ལྔ། །གནས་ས་ཐུགས་དང་དུང་ཁང་ངོ་། །ལམ་ནི་རྩ་བཞི་འགྱུ་བྱེད་རླུད་། །འཆར་བྱེད་སྒོ་ནི་མིག་སོགས་ཉིད། །རྐྱེན་བྲལ་གསུམ་གྱི་ཡུལ་ལ་འཆར། །ཉམས་ལེན་ཁྲེག་ཆོད་ཐོད་རྒལ་ཉིད། །རྟག་ཚད་སྣ་བཞིའི་གདེང་བཞི་ཡིན། །བར་དོ་མ་བུ་ལམ་སྦྱོར་བ། །གྲོལ་བ་ཉིད་ནི་ཀ་དག་གོ། །ཞེས་ཚིགས་རྐང་བཅུ་བདུན་གྱིས་དོན་བསྡུས་ཏེ་ཞབས་བསྡམས་པའོ། །དེ་སྐད་ཅེས་རིག་པ་རྡོ་རྗེ་རྣོན་པོས་བཀའ་སྩལ་པ། །ཕྱག་ན་རྡོ་རྗེ་ལ་སོགས་ཏེ་རིགས་ལྔའི་སངས་རྒྱས་དང་། །རིགས་གསུམ་མགོན་པོ་དང་། །ལྷ་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པ་རྣམས་རྗེས་སུ་ཡི་རང་སྟེ། །རྡོ་རྗེ་འཆང་ཆེན་པོ་ལ་མངོན་པར་བསྟོད་དོ། །རྒྱུད་ཐམས་ཅད་ཀྱི་ཡང་སྙིང་། །ལུང་ཐམས་ཅད་ཀྱི་རྩ་བ། །ཀློང་གསལ་སྐོར་གསུམ་གྱི་སྤྱི་རྒྱུད། །རྒྱུད་ཆེན་དྲི་མེད་ཟླ་ཤེལ་གྱི་རྒྱུད་ཅེས་བྱ་བ། །རྒྱུད་ཚིག་ལེའུ་བདུན་ཅུ་པའོ།། །།གཟའ་དང་ཁྲོས་མར་གདོང་མས། རྒྱལ་བའི་བཀའ་འདི་སྲུངས་ཤིག་ས་མ་ཡུ ། རྒྱུད་ཆེན་དྲི་མེད་ཟླ་ཤེལ་གྱི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།གཏེར་རྒྱ ། སྦས་རྒྱ ། ཟབ་རྒྱ ། འདི་ལས་ཟབ་པ་ཡོད་རེ་སྐན། ་་།