ཤིན་ཏུ་སྤྲོས་མེད་ཀྱི་དབང་འཁོར་འདས་རུ་ཤན་དབྱེ་བའི་ལག་ལེན་པྲ་ཁྲིད

From Rangjung Yeshe Wiki Texts
Revision as of 21:59, 21 November 2026 by Eric (talk | contribs) (Longchenpa Project: Theg mchog mdzod e-text (converted from a legacy font encoding); vowel signs kept with their letter at note boundaries (22 November 2026))
(diff) ← Older revision | Latest revision (diff) | Newer revision → (diff)

LONGCHENPA-PECIN-03-GA-003
Jump to navigation Jump to search

དབང་བསྐུར་རིམ་པར་འཇུག་པའི་དུས་བཤད་པ klong chen rab 'byams kyi gsung 'bum (pe cin 2009)· Volume 3(GA) ཤིན་ཏུ་སྤྲོས་པ་མེད་པའི་དབང་གི་ཕྲ་ཏིག

Title ཤིན་ཏུ་སྤྲོས་མེད་ཀྱི་དབང་འཁོར་འདས་རུ་ཤན་དབྱེ་བའི་ལག་ལེན་པྲ་ཁྲིད
Wylie shin tu spros med kyi dbang 'khor 'das ru shan dbye ba'i lag len pra khrid


Author Longchenpa ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
Location klong chen rab 'byams kyi gsung 'bum (pe cin 2009), volume 3(GA), text 3, pages 47–51 (BDRC scan pages)
Section snying thig ya bzhi › bi ma snying thig


Tibetan text E-text from the typeset Pe cin edition (input 2020 on rywikitexts), cleaned 21 November 2026; not proofread against the print.
BDRC MW1KG4884, outline 1.1.3.05
Citation Klong chen rab 'byams pa. shin tu spros med kyi dbang 'khor 'das ru shan dbye ba'i lag len pra khrid. In Kun mkhyen klong chen rab 'byams kyi gsung 'bum, vol. 3, pp. 47–51. Pe cin: Krung go'i bod rig pa dpe skrun khang, 2009. BDRC MW1KG4884.
Notes Title from the first line of the e-text; text boundaries and page numbers from the BDRC outline of MW1KG4884.
[edit]

༄༅། །ཤིན་ཏུ་སྤྲོས་མེད་ཀྱི་དབང་འཁོར་འདས་རུ་ཤན་དབྱེ་བའི་ལག་ལེན་པྲ་ཁྲིད་བཞུགས་སོ༔

«བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ༔ ཤིན་ཏུ་སྤྲོས་པ་མེད་པའི་དབང་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པའི་ལག་ལེན་བསྟན་པར་བྱའོ༔ སློབ་མ་དེ་དུར་ཁྲོད་དུ་སྤྱོད་པ་ལ་འགྲོ་བའི་དུས་སུ༔ སློབ་མ་ལུས་གཅེར་བུར་འགྲེང་ཚུགས་སུ་ལངས་ལ༔ ཐལ་མོ་སྙིང་ཁར་སྦྱར་ལ༔ བླ་མས་ཡི་གེ་བརྒྱད་ཀྱི་གོ་བགོ་བ་ནི༔ བླ་མས་སྤྲོད་ལ་སློབ་མའི་ལུས་ལ་འདི་ཚོ་བསྒོམ་དུ་གཞུག་གོ༔ དང་པོ་སྙིང་ཁར་ཧཱུྃ་སྔོ་སྐྱ་གཅིག་བསྒོམ་དུ་གཞུག་གོ༔ སྤྱི་བོར་ལཾ་སེར་པོ༔ རྐང་མཐིལ་དུ་ཡཾ་ལྗང་གུ༔ ལྟེ་བར་རཾ་དམར་པོ༔ མགྲིན་པར་ཁཾ་དུད་ཁ༔ དཔྲལ་བར་ཨེ་མཐིང་ག༔ ལྐོག་མར་སུ་སེར་པོ༔ ནུ་མ་གཉིས་ལ་ཧ་དཀར་པོ༔ སྙིང་གར་ཕཊ་ནག་པོ་རྣམས་བསྒོམས༔ དེ་ནས་གཏོར་མ་གཅིག་ཁྱེར་ལ་ངག་ཏུ་ཕཊ་དྲག་པོ་བརྗོད་ཅིང་»༔« རང་གི་གནས་དེར་དེ་ན་གནས་པའི་ལྷ་དང་ཀླུ་དང་གནོད་སྦྱིན་དང་མཁའ་འགྲོ་མ་དང་ཆོས་སྐྱོང་ལ་གཏོར་མ་བྱིན་ལ»༔« བདག་ལུང་པ་འདི་རུ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ཞག་གསུམ་བྱེད་པས༔ དེ་མ་ཐོན་གྱི་བར་དུ་བར་དུ་གཅོད་པ་མ་བཏང་ཞིག༔ ཅེས་མཁའ་འགྲོ་ཆོས་སྐྱོང་ལ་བཀའ་བསྒོ་བར་བྱའོ༔ དེ་ནས་ལུས་ཀྱི་སྤྱོད་པ་བརྩམ་པར་བྱའོ༔ དེའི་དུས་སུ་རྟག་ཏུ་བླ་མ་ལ་གུས་པར་བྱའོ༔ འགྲོ་བ་དང་རྒྱུག་པ་དང་ཉལ་བ་དང་བསྒྱུར་ནས་འགྲོ་བ་དང་༔ མཆོངས་པ་དང་༔ ལུས་བསིག་པ་དང་༔ བྲོ་འཁྲབ་པ་དང་༔ རྐང་པ་གཅིག་དང་ལག་པ་གཅིག་ས་ལ་བཙུགས་ཏེ་འགྲོ་བ་དང་༔ འབུ་སྲིན་གྱི་འགྲོས་སུ་བྱ་བ་དང་༔ སྤྱི་འགྲེང་བྱ་བ་དང་༔ ལུས་ཀྱི་རྒྱ་འདྲེས་བྱ་བ་དང་༔ ལྷ་ཕྱག་མང་པོ་བྱ་བ་ལ་སོགས་པ་ལུས་ཀྱི་སྤྱོད་པ་དྲན་ཚད་ཉིན་ཞག་གཅིག་ཏུ་བྱའོ༔ དེ་ནས་ལུས་ཀྱི་སྤྱོད་པ་ཚར་ནས་ངག་གི་སྤྱོད་པ་བརྩམ་པར་བྱ་སྟེ༔ འདིའི་དུས་སུ་ཡང་བླ་མ་ལ་གདུང་བ་བསྐྱེད་པ་གལ་ཆེའོ༔ ངག་ནི་སྐད་རྣམ་པ་སྣ་ཚོགས་བརྗོད་དོ༔ ཁྱིའི་སྐད་དུ་སྨྲ་བ་དང་༔ བོང་བུའི་སྐད་འདོན་པ་དང་༔ ཝའི་སྐད་དང་༔ རྟའི་སྐད་དང་༔ ཕྱུགས་ཀྱི་སྐད་འདོན་པ་དང་༔ སྤྱང་ཀིའི་སྐད་འདོན་པ་དང་༔ ཕོ་རོག་གི་སྐད་འདོན་པ་དང་༔ སྐྱ་གའི་སྐད་འདོན་པ་དང་༔ ཕཊ་མང་པོ་བརྗོད་པ་དང་༔ ཧུ་མང་པོ་བརྗོད་པ་དང་༔ ཨ་མང་པོ་བརྗོད་པ་དང་༔ ངུ་བའི་སྐད་འདོན་པ་དང་༔ རྒོད་པའི་སྐད་འདོན་པ་དང་༔ ཧ་མང་པོ་འདོན་པ་དང་༔ འུས་མང་པོ་གདབ་པ་དང་༔ སྲིན་བྱའི་སྐད་འདོན་པ་དང་༔ འུག་པའི་སྐད་འདོན་པ་དང་༔ ར་ལུག་གི་སྐད་འདོན་པ་དང་༔ དེ་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་སྐད་འདོན་པ་ཉིན་ཞག་གཉིས་བྱའོ༔ དེ་ལྟར་ངག་གི་སྤྱོད་པ་ཚར་ནས་སུ༔ སེམས་ཀྱི་དྲན་བསམ་འཁོར་ལོ་སྣ་ཚོགས་པ་བྱ་སྟེ༔ ཡི་དམ་ལྷ་སྒོམ་པ་དང་༔ སེམས་ནམ་མཁའི་དཀྱིལ་དུ་འཕངས་པ་དང་༔ རྒྱ་མཚོའི་གཏིང་དུ་འཕངས་པ་དང་༔ རི་བྲག་རྣམས་ལ་ཟང་ཐལ་དུ་བྱ་བ་དང་༔ བཀྲེས་པའི་སྡུག་བསྔལ་མང་པོ་ཡིད་ལ་བྱ་བ་དང་༔ སྐོམ་པའི་སྡུག་བསྔལ་མང་པོ་ཡིད་ལ་བྱ་བ་དང་༔ ན་བའི་སྡུག་བསྔལ་མང་པོ་ཡིད་ལ་བྱ་བ་དང་༔ ཕྱིན་མ་མྱོང་བའི་ཡུལ་དུ་སེམས་འགྲོ་བར་གཞུག་པ་དང་༔ སེམས་ནམ་མཁའ་ལ་འཕུར་དུ་གཞུག་པ་དང་༔ རི་ཐམས་ཅད་ཀྱི་ལམ་ལ་སེམས་འགྲིམ་དུ་གཞུག་པ་དང་༔ སྟོང་གསུམ་ཐམས་ཅད་བླ་མར་བསྒོམ་པ་དང་༔ སྟོང་གསུམ་ཐམས་ཅད་ཡི་དམ་དུ་བསྒོམ་པ་དང་༔ དུད་འགྲོའི་ཚོགས་མང་པོ་བསྒོམ་པ་དང་༔ སྐྱེས་པའི་ཚོགས་མང་པོ་བསྒོམ་པ་དང་༔ རང་གི་ལུས་སྟོང་ཁྲི་འབུམ་ལ་སོགས་མང་པོར་བསྒོམ་པ་དང་༔ དེ་ལ་སོགས་ཏེ་སེམས་དར་གཅིག་ཀྱང་མི་བཞག་པར་ཞག་གཉིས་སུ་དྲག་པར་བྱའོ༔ ཉིན་ཞག་དྲུག་ཏུ་གཉིད་རྣམ་པ་ཐམས་ཅད་དུ་སྤང་བར་བྱའོ༔ དེ་ལྟར་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཚར་ནས༔ བླ་མའི་མདུན་དུ་མཎྜལ་དང་༔ ཚོགས་ཀྱི་ཡོ་བྱད་ལ་སོགས་པ་ཚགས་བྱས་ལ་བླ་མས་དབང་བསྐུར་བར་བྱ་སྟེ༔ སློབ་མས་བླ་མ་ལ་མཎྜལ་འབུལ་བར་བྱ་སྟེ༔ གསེར་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་པའི་མཎྜལ་ཡིད་ཀྱིས་སྟོང་གསུམ་ཁེངས་པར་དབུལ༔ དེ་ནས་ཙནྡན་ལ་སོགས་པ་དྲི་རྣམ་པ་སྣ་ཚོགས་པའི་མཎྜལ་དབུལ༔ དེ་ནས་སྨན་རྣམ་པ་སྣ་ཚོགས་པའི་མཎྜལ་ཡིད་ཀྱིས་དབུལ༔ དེ་ནས་མེ་ཏོག་གི་རིགས་མི་འདྲ་བ་རྣམ་པ་སྣ་ཚོགས་«བར་འདིར་གསོལ་བ་གདབ་བོ་«ཡིད་ཀྱིས་དབུལ་བར་བྱའོ༔ ནས་ལ་སོགས་པ་འབྲུ་རྣམ་པ་སྣ་ཚོགས་པ་ཡིད་ཀྱིས་བསམས་ལ་དབུལ༔ དངོས་སུ་འབྱོར་ན་ཡང་གསེར་དངུལ་དང་༔ མེ་ཏོག་དང་དྲི་དང་སྨན་དང་འབྲུ་དང་༔ དེ་ལ་སོགས་པ་རྟེན་འབྲེལ་འཛོམས་པར་བྱ་བའི་ཕྱིར་ཅི་འབྱོར་བ་དབུལ་བར་བྱའོ༔ དེ་ལྟར་མཎྜལ་ཕུལ་ནས༔ ད་ནི་བླ་མས་སློབ་མ་ལ་ཡེ་ཤེས་བཙན་ཐབས་སུ་བསྐྱེད་པའི་ཕྱིར་སྣ་ཚོགས་བརྗོད་པའི་བརྡས་སློབ་མ་རྗེས་སུ་གཟུང་བར་བྱ་སྟེ་བླ་མའི་མདུན་དུ་འདུག་ལ༔ བླ་མས་བུ་ཁྱོད་སུ་ཡིན་ཞེས་ལན་གསུམ་བརྗོད་དོ༔ སློབ་མས་སྐལ་ལྡན་སེམས་ཀྱི་བུ་གཅིག་པུ་ལགས་བྱ་བའི་ལན་བརྗོད༔ བླ་མས་དེ་ལྟར་ཡིན་ཕན་ཆོད་རང་བཞིན་རྫོགས་པ་ཆེན་པོའི་དལ་འདིར་འདུག་ཅིག་ཅེས་བརྗོད་དོ༔ བླ་མས་སློབ་མའི་ལུས་གཅེར་བུར་ཕྱུང་ལ་ཐལ་མོ་སྙིང་ཁར་སྦྱར་ཏེ༔ རྐང་པའི་ལོང་བུ་གཤིབས་ལ་སེམས«་བླ་མའི་ཐུགས་ཁར་«མ་ཡེངས་པར་བྱའོ༔ དེའི་དུས་སུ་བླ་མས་ཨཱཿ» «ཞེས་དྲག་ལ་ཆེ་ཞིང་ཐུང་བར་བརྗོད༔ དེའི་དུས་ན་ལུས་འཕར་བ་དང་༔ ངག་སྨྲ་བ་དང་༔ སེམས་གཡོ་བའི་རྟགས་བྱུང་ན་ནི་ལུས་དང་ངག་དང་སེམས་ལ་བྱིན་རླབས་རང་གི་ཉམས་དང་སྦྱར་བས་ཤེས་པར་བྱའོ༔ དེ་ནས་བླ་མས་སློབ་མ་དེ་ཁ་ཤར་དུ་བལྟར་བཅུག་ལ༔ ཨེ་མ་སྐལ་ལྡན་ཤར་གྱི་ཕྱོགས་ཀྱི་ནམ་མཁའི་ཁམས་ན་ཕར་གམ་གམ་སོང་བ་དང་༔ ཞེས་ལན་གསུམ་བརྗོད་པའི་རྗེས་ལ་འགྲོ་ན་འགྲོ་ས་འདུག་གམ༔ འགྲོ་བའི་མཁན་པོ་འདུག་གམ་ཞེས་ཕྱོགས་བཞི་ཀར་བྱའོ༔ དེ་ནས་སློབ་མ་དེ་ཁ་ལྷོར་བལྟར་བཅུག་ལ༔ ཨེ་མ་སྐལ་ལྡན་ལྷོ་ཕྱོགས་ཀྱི་ནམ་མཁའི་ཁམས་ན་ཕར་གམ་གམ་སོང་དང་ཞེས་ལན་གསུམ་བརྗོད༔ དེ་ནས་ནུབ་ཏུ་བལྟར་བཅུག་ལ༔ ཨེ་མ་སྐལ་ལྡན་ནུབ་ཕྱོགས་ཀྱི་ནམ་མཁའི་ཁམས་ན་ཕར་གམ་གམ་སོང་དང་ཞེས་ལན་གསུམ་བརྗོད་དོ༔ དེ་ནས་བྱང་དུ་ཁ་བལྟར་བཅུག་ལ༔ ཨེ་མ་སྐལ་ལྡན་བྱང་གི་ཕྱོགས་ཀྱི་ནམ་མཁའི་ཁམས་ན་ཕར་གམ་གམ་སོང་དང་ཞེས་ལན་གསུམ་བརྗོད་དོ༔ དེ་ནས་ལྷ་ངོ་བསྟན་པར་བྱ་བའི་ཕྱིར་སློབ་མ་སྐྱིལ་ཀྲུང་དུ་འདུག་ཏུ་བཅུག་ལ༔ ཨེ་མ་སྐལ་ལྡན་ནམ་མཁའི་དཀྱིལ་ཡ་གི་ན་ཉི་མའི་དཀྱིལ་འཁོར་འོད་འཕྲོ་བ་ལྔ་པོ་ཡ་གི་ལ་ཤེས་པ་གཏོད་ལ་ཤེས་པ་ཇེ་མཐོ་ཇེ་མཐོ»ར«་སོང་ཞིག་ཅེས་ལན་གསུམ་བརྗོད་དོ༔ བླ་མས་སླར་མ་ལྡོག་ཅིག་ཅེས་ལན་གསུམ་བརྗོད་དོ༔ བླ་མའི་ཕྱག་གིས་ནམ་མཁའ་ལ་ཡུག་ཡུག་ལན་གསུམ་ལ་བྱའོ༔ དེ་ནས་བླ་མས་ལངས་ཏེ་ཞབས་གཡོན་བསྐུམ་གཡས་བརྐྱང་པར་བྱ༔ དེ་ནས་མིག་གཉིས་ལ་མཛུབ་མོ་བཙུགས་ལ་ངག་ཏུ་ཨ་ཞེས་བརྗོད་དེ༔ དེ་ནས་མཛུབ་མོ་ནམ་མཁའ་ལ་བསྒྲེང་༔ དེ་ནས་མིག་ནམ་མཁའ་ལ་གཏད་ལ་ཧུར་འདོན༔ ནམ་མཁའ་ནི་ཤིན་ཏུ་རྒྱ་ཆེའོ་ཞེས་ལན་གསུམ་བརྗོད་པར་བྱའོ༔ དེ་ནས་དབང་བསྐུར་ཟིན་ནས༔ ཚོགས་ཕུད་བཅད་ལ་ཚོགས་ལ་རོལ་བར་བྱའོ༔ ལུས་ངག་ཡིད་གསུམ་སྤྱོད་པ་བྱེད་པའི་དུས་ན་སྡིག་པ་ཤས་ཆེ་ཆུང་བླ་མས་ཤེས་པར་བྱས་ལ༔ སྡིག་པ་ཤས་ཆེ་ན་སླར་བསྐྱར་ལ་བྱེད་དུ་གཞུག༔ དེ་ལྟར་ལུས་ངག་ཡིད་ཀྱི་སྒྲིབ་པ་དག་ནས༔ དངོས་གཞི་ཟག་པ་མེད་པའི་རྣལ་འབྱོར་པ་རྣམས་ལ་གདབ་པར་བྱའོ༔ ཤིན་ཏུ་སྤྲོས་པ་མེད་པའི་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ལག་ལེན་«པྲ«་ཁྲིད་ཅེས་བྱ་བ༔ བྱེ»«་མ་ལ་མུ་ཏྲས་མཛད་པ་རྫོགས་སོ༔» «༔ ཀུན་ལ་མེད་དེ་སྔགས་ཀྱི་སྲུང་མས་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལས་ཀྱི་མཐའ་རབ་ཏུ་ཟབ༔» «དེ་བས་རབ་ཏུ་གསང་ངོ་༔ ༔དགེའོ༔

[edit]

This page is a cleaned copy of the following rywikitexts page, which stay unchanged:

Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden.

Part of the Longchenpa Collected Works (about this project).