རབ་ཏུ་སྤྲོས་པ་མེད་པའི་དབང

From Rangjung Yeshe Wiki Texts
Revision as of 21:16, 21 November 2026 by Eric (talk | contribs) (Longchenpa Project: Tibetan in the wiki's TibetanMachineUni font; «…» notes in small print (22 November 2026))
(diff) ← Older revision | Latest revision (diff) | Newer revision → (diff)

LONGCHENPA-PECIN-03-GA-005
Jump to navigation Jump to search

ཤིན་ཏུ་སྤྲོས་པ་མེད་པའི་དབང་གི་ཕྲ་ཏིག klong chen rab 'byams kyi gsung 'bum (pe cin 2009)· Volume 3(GA) ཟངས་ཡིག་ཅན་གྱི་དབང་བཞིའི་རིམ་པ་སྟོན་པའི་གནད་རྣམས

Title རབ་ཏུ་སྤྲོས་པ་མེད་པའི་དབང
Wylie rab tu spros pa med pa'i dbang


Author Longchenpa ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
Location klong chen rab 'byams kyi gsung 'bum (pe cin 2009), volume 3(GA), text 5, pages 84–90 (BDRC scan pages)
Section snying thig ya bzhi › bi ma snying thig


Tibetan text E-text from the typeset Pe cin edition (input 2020 on rywikitexts), cleaned 21 November 2026; not proofread against the print.
BDRC MW1KG4884, outline 1.1.3.07
Citation Klong chen rab 'byams pa. rab tu spros pa med pa'i dbang. In Kun mkhyen klong chen rab 'byams kyi gsung 'bum, vol. 3, pp. 84–90. Pe cin: Krung go'i bod rig pa dpe skrun khang, 2009. BDRC MW1KG4884.
Notes Title from the first line of the e-text; text boundaries and page numbers from the BDRC outline of MW1KG4884.
[edit]

༄༅། །རབ་ཏུ་སྤྲོས་པ་མེད་པའི་དབང་བཞུགས་སོ༔«མན་ངག་ང་དྲུག་པ༔

«བྱ་བྲལ་ལྷུན་རྫོགས་ངང་ལ་ཕྱག་འཚལ་ལ»ོ«༔ རབ་ཏུ་སྤྲོས་པ་མེད་པའི་དབང་བསྐུར་བར་འདོད་པ་ཡིས༔ རི་བོའི་སུལ་དབེན་པ་རུ་ཚོགས་ཡོ་བྱད་ལ་སོགས་པ་བཤམས༔ བྱེ་བྲག་ཏུ་མཎྜལ་ལྔ་བཤམས་ལ༔ སྔོན་དུ་འབྲུ་སྣ་ཚོགས་པའི་མཎྜལ་ཕུལ་བས༔ བསོད་ནམས་དང་བདེ་བ་རྒྱས་པར་བྱེད༔ དེ་ནས་མེ་ཏོག་སྣ་ཚོགས་པའི་མཎྜལ་ཕུལ་བས་མཁྱེན་པའི་ཤེས་རབ་ལྔ་ལ་ལོངས་སྤྱོ»ད«༔ རིན་པོ་ཆེའི་མཎྜལ་ཕུལ་བས་ཡོན་ཏན་གྱི་ཆོས་ཟད་མི་ཤེས་པ་ལ་ལོངས་སྤྱོད༔ དྲི་སྣ་ཚོགས་པའི་མཎྜལ་ཕུལ་བས་ཆོས་ཉིད་རྣམ་པར་དག་པའི་གསུང་དབྱངས་དང་ལྡན་པར་འགྱུར༔ སྨན་སྣ་ཚོགས་པའི་མཎྜལ་ཕུལ་བས་ཕྱི་ནང་གི་སྡུག་བསྔལ་ལས་གྲོལ་བར་ངེས་ས»ོ«༔ དེ་ནས་བླ་མས་ཁ་ཤར་དུ་ལྟ༔ སློབ་མས་ཁ་ནུབ་ཏུ་བལྟས་ལ༔ སློབ་མ་ལ་དབང་བསྐུར་བར་བྱ་སྟེ༔ བླ་མའི་མདུན་དུ་སློབ་བུ་དེ་ལུས་བདེ་ལུགས་སུ་འདུག་ཤེས་པ་གཞན་དུ་མ་ཡེངས་པར་རྩེ་གཅིག་ཏུ་གདུང་བའི་སེམས་ཀྱིས་འདུག་ལ༔ བླ་མས་བུ་ཁྱོད་སུ་ཡིན་ཞེས་དྲིས་པས༔ སློབ་མས༔ བདག་སྐལ་ལྡན་སེམས་ཀྱི་བུ་གཅིག་ལགས༔ ཞེས་ལན་གསུམ་བརྗོད་པར་བྱའ»ོ«༔ དེ་ནས་བླ་མས་དེའི་ལན་དུ༔ དེ་ལྟར་ཡིན་ཕན་ཆད་སེམས་ཉིད་གདོད་མ་ནས་སྐྱེ་མ་མྱོང་བའི་དལ་འདི་ཉིད་དུ་ཞུགས་ཤིག༔ ཅེས་བརྗོད་པར་བྱའ»ོ«༔ དེ་ནས་བླ་མ་ལ་རབ་ཏུ་སྤྲོས་པ་མེད་པའི་དབང་ཞུ་བའི་གསོལབ་འདི་ལྟར་གདབ་པར་བྱའ»ོ«༔ ཀྱེ་བླ་མ་རྡོ་རྗེ་འཛིན་པ་ཉིད༔ བདག་ལ་རབ་ཏུ་དགོངས་སུ་གསོལ༔ བདག་ནི་ཁམས་གསུམ་འཁོར་གནས་སུ༔ ཡུན་རིང་གནས་པས་དྲན་ཉམས་ཏེ༔ འཁོར་བ་ཉིད་ལས་བརྒལ་དོན་དུ༔ བླ་མ་ལ་ཡང་ཞུ་བར་བགྱིད༔ བསྐལ་པ་བརྒྱ་ཕྲག་དུ་མར་ནི༔ བདག་ནི་ཡང་ནས་ཡང་འཁོར་བས༔ རྡོ་རྗེ་སེམས་དཔའི་ཡེ་ཤེས་རང་བྱུང་ཉིད༔ སྨད་དང་རྩ་བ་བཅད་པས་སངས་རྒྱས་སེམས་ལས་བྱུང་༔ སེམས་ཀྱི་དམ་པ་བདག་ལ་བསྟན་དུ་གསོལ༔ ཞེས་ལན་གསུམ་བརྗོད་ད»ོ«༔ དེ་ནས་ལུས་ཀྱི་ཆ་བསྲུངས་ལ་ཐལ་མོ་སྦྱར་ལ་ཤེས་པ་མ་ཡེངས་པར་བླ་མའི་སེམས་ལ་གཏད༔ དེ་ནས་གློ་བུར་དུ་དྲག་ཤུལ་དང་བཅས་པས་སེམས་གང་ཡིན༔ ཞེས་ལན་གསུམ་བརྗོད་པས་སློབ་མའི་རྒྱུད་ལ་ཤེས་པའི་ཉམས་འདི་ཡིན་ཁས་ལེན་དང་བྲལ་བ་ཚད་མེད་པ་སྐྱེ་བར་འགྱུར་རོ། །དེ་ནས་སྤྲུལ་པ་སྐུའི་དལ་དུ་ཞུགས་ཏེ༔ སློབ་མས་སེང་གེ་ལྟ་བུའི་འདུག་སྟངས་བྱ་སྟེ༔ ཤར་གྱི་ཕྱོགས་སུ་ཁ་བལྟས་ཏེ་ཡིད་ལ་ཆོས་ཉིད་སྐྱེ་བ་མེད་པ་བསམ་ཞིང་༔ བླ་མས་འདི་སྐད་བརྗོད༔ ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ཤིན་ཏུ་མཛེས་ཤིང་ཉམས་དགའ་བ་ཡིད་དུ་འོང་བ་ན༔ ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་ཞེས་བྱ་བ་སྐུ་མདོག་མཐིང་ཁ་རིན་པོ་ཆེའི་«རྒྱ«ན་གྱིས་བརྒྱན་པ་ཡབ་ཡུམ་གཉིས་སུ་མེད་པ་འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཤིང་རང་རང་གི་སྟོན་པ་ལས་ཆོས་ཉན་ཅིང་རང་རང་གི་འཁོར་ལ་ཆོས་སྟོན་ཅིང་རང་རང་གིས་སེམས་ཀྱི་དམ་པ་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཏ»ོ«༔ བུ་ཁྱོད་དེར་གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ལ་སེང་གེའི་མཆོངས་སྟབས་ཀྱིས་མཆོངས་ཤིག༔ ཨ་ཨ་ཨ་ཞེས་རྒྱས་བཏབ་ལ༔ ཡང་ཁ་ལྷོར་བལྟས་ལ་གླང་ཆེན་གྱི་འདུག་སྟངས་དང་བསྟུན་ལ་བླ་མས་འདི་སྐད་བརྗོད་ད»ོ«༔ ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད༔ ལྷོ་ཕྱོགས་ན་དཔལ་དང་ལྡན་པ༔ ཞེས་བྱ་བའི་ཞིང་ཁམས་མཛེས་ཤིང་ཡིད་དུ་འོང་བ་ན༔ ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཞེས་བྱ་བ་སྐུ་མདོག་སེར་པོ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡབ་ཡུམ་གཉིས་སུ་མེད་པ་འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཤིང་རང་རང་གི་སྟོན་པ་ལས་ཆོས་ཉན་ཅིང་རང་རང་གི་འཁོར་ལ་ཆོས་སྟོན་ཅིང་རང་རང་གི་སེམས་ཀྱི་དམ་པ་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །བུ་ཁྱོད་དེར་སེང་གེའི་སྟངས་སྟབས་ཀྱིས་ལྟོས་ལ་སྟག་མོའི་མཆོང་སྟབས་ཀྱིས་མཆོངས་ཤིག» །« ཨ་ཨ་ཨ་ཞེས་བརྗོད་པར་བྱའོ། །ཡང་ནུབ་ཏུ་བལྟས་ལ་དྲང་སྲོང་གི་འདུག་སྟངས་དང་བསྟུན་ནས་བླ་མས་འདི་སྐད་བརྗོད་དོ། །ཨེ་མ་རིགས་ཀྱི་བུ་ཁྱོད་ནུབ་ཕྱོགས་པདྨ་བརྩེགས་པ་ཞེས་བྱ་བའི་ཞིང་ཁམས་མཛེས་ཤིང་ཡིད་དུ་འོང་བ་ཉམས་དགའ་བ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཞེས་བྱ་བ་སྐུ་མདོག་དམར་པོ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡབ་ཡུམ་གཉིས་སུ་མེད་པ་འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཤིང་རང་རང་གི་སྟོན་པ་ལས་ཆོས་ཉོན་ཅིང་རང་རང་གི་འཁོར་ལ་ཆོས་སྟོན་ཅིང་རང་རང་གི་སེམས་ཀྱི་དམ་པ་འོད་གསལ་པ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །བུ་ཁྱོད་དཔལ་ཆེན་གྱི་རྔམ་སྟབས་ཀྱིས་ལྟོས་ལ་ཁྱུང་ནམ་མཁའ་ལ་ལྡིང་བའི་འགྲོས་ཀྱིས་སོང་ཞིག» «།ཨ་ཨ་ཨ་ཞེས་བརྗོད་དོ། །ཡང་བྱང་དུ་ཁ་བལྟས་ལ་བྱ་རྒོད་ཀྱི་དཔུངས་སྟངས་དང་བསྟུན་ནས། བླ་མས་འདི་སྐད་བརྗོད་དོ། །ཨེ་མ་སྐལ་ལྡན་སེམས་ཀྱི་བུ་གཅིག་ཁྱོད་འདི་ནས་བྱང་ཕྱོགས་ན་ལས་རབ་ཡོངས་སུ་རྫོགས་པ་ཞེས་བྱ་བའི་ཞིང་ཁམས་མཛེས་ཤིང་ཡིད་དུ་འོང་བ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་གདོན་མི་ཟ་བའི་རྒྱལ་པོ་ཞེས་བྱ་བ་སྐུ་མདོག་ལྗང་ཁུ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡབ་ཡུམ་གཉིས་སུ་མེད་པ་འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་«སྙེད་«ཀྱི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཤིང་རང་རང་གི་སྟོན་པ་ལས་ཆོས་ཉན་ཅིང་རང་རང་གི་འཁོར་ལ་ཆོས་སྟོན་ཅིང་རང་རང་གི་སེམས་ཀྱི་དམ་པ་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །བུ་ཁྱོད་དེར་རྡོ་རྗེ་འཆང་གི་ལྟ་སྟངས་«གྱི«ས་ལ་གློག་དམར་གྱི་འགྱུ་སྟངས་ཀྱིས་སོང་ཞིག» «།ཨ་ཨ་ཨ་ཞེས་བརྗོད་པར་«བྱ«འོ། །སྤྲུལ་སྐུའི་དལ་དུ་འཇུག་གོ །ཡང་སློབ་མ་རྡོ་རྗེ་སྐྱིལ་ཀྲུང་དུ་འདུག་ལ། ལོངས་སྐུའི་དལ་དུ་ཞུགས་པ་སྟེ། བླ་མས་འདི་ལྟར་བརྗོད་པར་བྱའོ། །ཨེ་མ་སྐལ་ལྡན་སེམས་ཀྱི་བུ་གཅིག་པོ་ཉོན་ཅིག» «།དེ་དག་ཐམས་ཅད་ལས་འདས་པའི་ཕ་རོལ་ན་རྒྱན་ཡོངས་སུ་བཀོད་པ་ཞེས་བྱ་བའི་ཞིང་ཁམས་ཡེ་ཤེས་ལྔས་ཁྱབ་ཅིང་གསལ་བར་རབ་ཏུ་མཉམ་ཞིང་མི་གཡོ་བ་ཉིད་ན། དེ་བཞིན་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བ། ཡེ་ཤེས་སྣང་བ་ལ་ཁ་ལོ་བསྒྱུར་བ་ལྷ་དང་མི་རྣམས་ཀྱི་སྟོན་པ། དགྲ་བཅོམ་པ་ཟག་པ་ཟད་པ་རིག་པ་དང་ཞབས་སུ་ལྡན་པ། ཡང་དག་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ཞེས་བྱ་བ། འཁོར་ཡང་དག་པར་རྫོགས་པའི་སངས་རྒྱས་བརྒྱ་སྟོང་བྱེ་བ་དཔག་ཏུ་མེད་པས་བསྐོར་བ། སེམས་ཉིད་མངོན་པར་འདུས་མ་བྱས་པ་མངོན་པར་རོལ་བ་ཞིག་ཡོད་ཀྱིས། བུ་ཁྱོད་དེར་གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ལ་སེང་གེའི་མཆོང་སྟངས་ཀྱིས་སོང་ཞིག» «།ཨ་ཨ་ཨ་ཞེས་བརྗོད། ལོངས་སྐུའི་དལ་དུ་འཇུག་པའ»།«ོ །དེ་ནས་ཡང་ཆོས་སྐུའི་དལ་དུ་འཇུག་སྟེ། སེང་གེའི་གནད་བ«སྣུ«ན་དུ་བཅུག་ལ། བླ་མས་འདི་སྐད་བརྗོད་པར་བྱའོ། །ཨེ་མ་སྐལ་ལྡན་སེམས་ཀྱི་བུ་གཅིག་པོ་ཉོན་ཅིག» «།དེ་ནས་འདས་པའི་ཕ་རོལ་ན་རང་གི་སེམས་ཉིད་བསམ་ངོ་དང་བྲལ་ཞིང་ཚད་མེད་དཔག་ཏུ་མེད་པ། དམིགས་སུ་མེད་པ་སྟོང་པ་ཉིད་གང་དུ་ཡང་མ་ཕྱེ་བའི་ཆོས་ཉིད་བྱ་བ་བཞུགས་པས། དེར་བུ་ཁྱོད་རིག་པ་ཁྱུང་ནམ་མཁའ་ལ་ལྡིང་བའི་འགྲོས་ཀྱི»ས«་མཐོ་ས་རུ་སྡོད་ཅིག» «།དྲང་སྲོང་གི་འདུག་སྟངས་ཀྱིས་དྲང་པོར་གནས་པར་གྱིས་ཤིག» «། གླང་ཆེན་གྱི་ཉལ་ཐབས་ཀྱིས་སྙོམས་པར་ཉོལ་ཅིག» «།ལྕགས་སྡོང་གི་འདྲིལ་སྟངས་ཀྱིས་ཁ་བུབ་ལ་མཐའ་དྲིལ་ཅིག» «།སྐྱེས་བུའི་རྒྱངས་ཐབས་ཀྱིས་གན་རྐྱལ་དུ་རྒྱོངས་ཤིག» «།ཝ་མོའི་ཟུར་འགྲོས་ཀྱིས་ཀློག་ལ་སོང་ཞིག» «།བྱ་རྒོད་ཀྱི་དཔུངས་སྟངས་ཀྱིས་སྒུར་ཟློག་གིས་སྤུངས་ཤིག» «།གྱད་ཀྱི་དོར་སྟབས་ཀྱིས་ངལ་གསོས་ལ་ས་ནོན་ཅིག» «།འབུ་སྲིན་གྱི་ནུར་འགྲོས་ཀྱིས་དབྱིངས་རིག་ལ་ཆགས་པར་གྱིས་ཤིག» «།སྟག་མོའི་མཆོངས་སྟངས་ཀྱིས་ཉམས་སྣང་ལ་རྩལ་སྦྱོངས་ཤིག» «།གཡང་མོའི་སྤྲུག་སྟངས་ཀྱིས་གཟུང་འཛིན་བག་ཆགས་ཐམས་ཅད་དུས་ཅིག་ལ་ངོ་བོ་རུ་སྤྲུགས་ཤིག» «།སེང་གེའི་འགྲེངས་ཚུགས་ཀྱི་དབྱིངས་རིག་ལ་ས་ཟུངས་ཤིག» «།སེམས་ཀྱྀ་བུ་སེམས་ཉིད་སྟོང་པར་གནས་པས་གཞི་ཟུངས་ཤིག །སེམས་ཉིད་རིག་སྟོང་དུ་བསྟན་པས་གནད་ཚུགས་ཤིག» «།སེམས་ཉིད་མ་འགགས་པར་འགྱུ་བ་རྩལ་སྦྱོངས་ཤིག» «།སེམས་ཉིད་ཡེ་ཤེས་སུ་གསལ་བས་ལམ་སྦྱོངས་ཤིག» «།སེམས་ཉིད་ཀུན་ལ་ཁྱབ་པས་རྟོགས་པ་ཚོལ་ཅིག» «།སེམས་ཉིད་ཅིག་ཅར་དུ་མྱུར་པས་ལ་ཟློས་ཤིག» «།སེམས་ཉིད་སྣ་ཚོགས་མ་འདྲེས་པས་ཤན་ཕྱེས་ཤིག» «།སེམས་ཉིད་སྣ་ཚོགས་པར་འཕེལ་བས་ཡེ་ཤེས་ལས་སླར་མ་ལྡོག་ཅིག» «།ཐིག་ལེ་ལས་སླར་མ་ལྡོག་ཅིག» «།སྐུ་ལས་སླར་མ་ལྡོག་ཅིག» «།དེ་དག་གིས་ཆོས་སྐུའི་དལ་དུ་འཇུག་པའོ། །དལ་གསུམ་དུ་བཅུག་ནས། །ད་གསེར་གྱི་མཎྜལ་ཕུལ་ལ། སེམས་ཉིད་ཀྱི་ངོ་བོར་ལྷ་ངོ་བསྟན་པའི་སེམས་སྟོང་པ་དང༌། རིག་པ་ལུ་གུ་རྒྱུད་དུ་ངོ་སྤྲད་པ་ནི། སྐུ་གསུམ་གྱི་བཞུགས་སྟངས་གཟིགས་སྟངས་རིམ་པས་བསྟུན་ཏུ་བཅུག་ལ། བླ་མས་འདི་སྐད་བརྗོད་པར་བྱའོ། །ཨེ་མ་སྐལ་ལྡན་«དགེ་བའི་«སེམས་ཀྱི་བུ་གཅིག་པོ། །«འགྱུ་བ་«སེམས་ཉིད་ངོ་བོ་སྟོང་ལ་རང་བཞིན་ཡེ་ཤེས་ལྷག་མཐོང་གི་དོན་ཉོན་ཅིག» «།སེམས་ཉིད་བདེ་སྟོང་«འགྱུ་བ་«ཟུང་འཇུག་ཕྱག་རྒྱ་སྟོང་པ་ཆེན་པོའི་གཞི་ཡེ་ཤེས་«རིག་ལ་«ལྔར་བསྒྱུར་ཅིག» «།སེམས་ཉིད་སྟོང་པ་ཡེ་ཤེས་«མ་འདྲེས་«ཟང་ཐལ་གྱིས་མ་རིག་པ་«སྣོད་བཅུད«་སོལ་ཅིག» «།སེམས་«བླན་«ཉིད་བློ་རིམ་དང་འཇུག་པ། ཐེག་པ་ཐ་དད་ཀྱི་མཐའ་ཉག་གཅིག་ཏུ་«ཐིག་ལེ་«སྡུས་ཤིག» «།སེམས་ཉིད་སྟོང་པ་མཐའ་དང་བྲལ་བ་ཐིག་ལེ་ཡོངས་རྫོགས་ལ་ཕུགས་གཏོད་ཅིག» «སེམས་ཉིད་ཟུང་འཇུག་དབྱེར་མེད་རང་སྣང་ལྷུག་པས་དོན་གྱི་གནད་ཁྲོལ་ཅིག» «།སེམས་ཉིད་དབྱིངས་རིག་རྣམ་དག་སྨིན་མཚམས་འོད་གསལ་ལ་རླུང་རིག་གཅུད་ལ་བོར་ཅིག ། གང་ཞེ་ན་མགྲིན་པ་ཨན་ཙམ་དགུག» «།མིག་གྱེན་ལ་བཟློག» «།རླུང་རང་སོར་བཅད། ཡང་ལག་པ་གཡས་པས་མིག་མནན་ལ། མིག་གཡོན་པ་ནམ་མཁའ་ལ་བལྟས་པས་ཡེ་ཤེས་ཀྱི་སྣང་བ་འཕེལ་ལོ། །སེམས་ཉིད་ཆོས་སྐུ་མ་བཅོས་རང་བྱུང་རྣལ་མ་ལ་ཕྱི་ནང་གཅིག་ཏུ་གཞི་ཕོབ་ཅིག» «།སེམས་ཉིད་མ་འདྲེས་ཡོངས་རྫོགས་ཉག་གཅིག་ཕྱོགས་བྲལ་གཅིག་པ་ལས་སླར་མ་ལྡོག་ཅིག» «།ཡང་སྤྲུལ་སྐུར་སོང་» «ཞིག» «།ལོངས་སྐུར་སོང་ཞིག» «།ཆོས་སྐུར་སོང་ཞིག» «།སླར་མ་ལྡོག་ཅིག» «།ཆོས་སྐུ་ལ་མ་འཛིན་ཅིག» «།སླར་མ་ལྡོག་ཅིག» «།ལོངས་སྐུ་ལ་མ་འཛིན་ཅིག །སླར་མ་ལྡོག་ཅིག །ཅེས་ངོ་སྤྲད་དོ། ཨྠིྀ། རྒྱ་རྒྱ་རྒྱ། སྐུ་གསུམ་དལ་འཇུག་བླ་མས་གནང༌། དེ་ནས་གཏོར་མ་གཏོང༌། ཚོགས་ལ་ལོངས་སྤྱོད་དོ། །དཔལ་སྔགས་སྲུང་གི་རྒྱལ་མོས་སྲུངས་ཤིག» «།སོ་ཕག་ཤི་ཐཾ། ཁ་ཐཾ། ས་མ་ཡ། རྒྱ་རྒྱ་རྒྱ། ཁི

དབང་གི་ཕྲ་ཏིག་མ་དཔེ་མ་ཚང་བ་སླར་མངོན་ན་འདིར་འཇུག །ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ།« «༼༣༽རབ་ཏུ་སྤྲོས་པ་མེད་པའི་དབང༌།

[edit]

This page is a cleaned copy of the following rywikitexts page, which stay unchanged:

Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden.

Part of the Longchenpa Collected Works (about this project).