ཟངས་ཡིག་ཅན་གྱི་དབང་བཞིའི་རིམ་པ་སྟོན་པའི་གནད་རྣམས

From Rangjung Yeshe Wiki Texts
LONGCHENPA-PECIN-03-GA-006
Jump to navigation Jump to search

རབ་ཏུ་སྤྲོས་པ་མེད་པའི་དབང klong chen rab 'byams kyi gsung 'bum (pe cin 2009)· Volume 3(GA) སྤྲོས་མེད་ཀྱི་དབང་ཆོག

Title ཟངས་ཡིག་ཅན་གྱི་དབང་བཞིའི་རིམ་པ་སྟོན་པའི་གནད་རྣམས
Wylie zangs yig can gyi dbang bzhi'i rim pa ston pa'i gnad rnams


Author Longchenpa ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
Location klong chen rab 'byams kyi gsung 'bum (pe cin 2009), volume 3(GA), text 6, pages 91–102 (BDRC scan pages)
Section snying thig ya bzhi › bi ma snying thig


Tibetan text E-text from the typeset Pe cin edition (input 2020 on rywikitexts), cleaned 21 November 2026; not proofread against the print.
BDRC MW1KG4884, outline 1.1.3.08
Citation Klong chen rab 'byams pa. zangs yig can gyi dbang bzhi'i rim pa ston pa'i gnad rnams. In Kun mkhyen klong chen rab 'byams kyi gsung 'bum, vol. 3, pp. 91–102. Pe cin: Krung go'i bod rig pa dpe skrun khang, 2009. BDRC MW1KG4884.
Notes Title from the first line of the e-text; text boundaries and page numbers from the BDRC outline of MW1KG4884.
[edit]

༄༅། །ཟངས་ཡིག་ཅན་གྱི་དབང་བཞིའི་རིམ་པ་སྟོན་པའི་གནད་རྣམས་བཞུགས་སོ༔

« » «བཅོམ་ལྡན་འདས་བདེ་བ་མངོན་དུ་འབྱིན་པ་ལ་ཕྱག་འཚལ་ལོ«༔ «སྐལ་དང་ལྡན་པ་འཇུག་དོན་དུ«༔ «བཅོམ་ལྡན་རྡོ་རྗེ་སེམས་དཔའ་དང་«༔ «དགའ་རབ་ལ་སོགས་སྤྲུལ་པ་པོས«༔ «དབང་གི་རིམ་པ་བསྟན་པ་འོ«༔ «དེ་ལ་དང་པོ་སྐལ་པ་དང་ལྡན་པའི་སློབ་མས་བླ་མ་མཉེས་པར་བྱས་ལ«༔ «དེ་ནས་ལོ་གསུམ་གྱི་གོང་ནས་རིན་པོ་ཆེ་ལ་སོགས་པའི་མཎྜལ་འབུལ་བ་ཕུལ་ལ་བདག་ལོ་གསུམ་ནས་དབང་ཞུ་བས་གནང་བར་ཞུ་ཞེས་ཞུ«༔ «དེར་ལོ་ཐེམ་པ་དང་དབང་རྫས་ཚོགས་པར་བྱས་ལ་ཞུ་སྟེ«༔ «དེའང་དང་པོ་སྤྲོས་བཅས་ཀྱི་དབང་ཞུ་བ་ལ་ཉན་ཐོས་ནས་ཨ་ཏི་མན་ཆད་ཀྱི་ཐ»ེ«ག་པ་རིམ་པ་དགུ་ཡི་དབང་ཞག་བཅོ་བརྒྱད་དུ་བསྐུར་ཏེ་རྒྱུད་རྫོགས་པ་རང་བྱུང་ལས་ཤེས་པར་བྱའོ«༔ «དེ་ནས་སྤྲོས་མེད་ཀྱི་དབང་ཇི་ལྟར་བསྐུར་བའི་རིམ་པ་བསྟན་པ་ནི«༔ «སྤྲོས་མེད་ནི་རབ་ཏུ་ཡིད་འབྱུང་བའི་བློ་ཅན་ཞེས་བྱའོ«༔ «ངེས་པར་འབྱུང་བའི་དད་པ་དང་ལྡན་པའི་སློབ་མ་རྣམས་འཇུག་ཅིང་ལུས་ངག་ཡིད་གསུམ་སྨིན་པར་བྱ་བའི་ཕྱིར་བསྟན་པའོ«༔ «དེ་ལ་བློ་སྤྲོས་པ་མེད་པའི་དོན་དུ་དབང་གནང་བས་མཆོག་གི་དངོས་གྲུབ་ཐོབ་པས«༔ «དང་པོ་གནས་རབ་ཏུ་དབེན་པར་སོང་སྟེ«༔ «ཁྲུ་དོ་དཔངས་སོར་དྲུག་ལ་མཎྜལ་རབ་ཏུ་སྙོམས་ཤིང་མཛེས་པ་ལ་བའི་རྣམ་ལྔ་དང་ཙནྡན་ལ་སོགས་པས་ལེགས་པར་བྱུགས་ལ«༔ «བུམ་པ་བསྣོལ་མ་དམར་པོས་མཐའ་མ་བསྐོར«༔ «མེ་ཏོག་སྣ་ཚོགས་པའི་ཚོམ་བུ་དགྲམ«༔ «མཎྜལ་གྱི་དབུས་སུ་བུམ་པ་མཚན་ཉིད་དང་ལྡན་པ་གསུམ་དུ་བུམ་རྫས་ཉི་ཤུ་རྩ་ལྔ་ཚང་བར་བླུག་འབྲས་བུ་ཅན་གྱི་ཤིང་གི་ཁ་རྒྱན་གྱི་གསེབ་ཏུ་རྨ་བྱའི་མདོངས་དང་མེ་ལོང་ལ་སོགས་གཟུགས«༔ «དེ་ནས་ཞག་གསུམ་དུ«་«ཨོཾ་ཨཱཿཧཱུྃ་ཞེས་པ་དཔག་ཏུ་མེད་པ་སྟེ་ཛབ་དབྱངས་དང་བཅས་པ་བརྗོད་པར་བྱའོ«༔ «དེ་ནས་ཞག་གསུམ་གྱི་ཐོ་རངས་དབང་བསྐུར་རོ«༔ «དེའང་འོག་ནས་འབྱུང་བའི་ཚིགས་སུ་བཅད་པས་དེ་དག་གིས་སྐལ་ལྡན་སྦྱིན་པར་བྱའོ«༔ «སྤྲོས་པ་མེད་པའི་དབང་བསྐུར་བའོ«༔ «ད་ནི་ཤིན་ཏུ་སྤྲོས་པ་མེད་པའི་དབང་བསྐུར་བ་ནི«༔ «དེ་ལ་ནི་ཤིན་ཏུ་ཟབ་ཅིང་གནད་དུ་འགྲོ་བ་ཡིན་ལ«༔ «སྤྲོས་མེད་ལ་ནི་བློ་བྱ་བ་དང་བཅས་པ་ལ་མི་དགའ་བའི་དོན་དུའོ«༔ «དེ་ཡང་དབང་བསྐུར་རྒྱུ་ཐུན་མོང་པ་རྣམས་ལ་སྔོན་དུ་བསྙེན་པ་བྱེད་པ་ལ་དགོངས་པའོ«༔ «དེ་ཡང་འཁོར་བ་སྣང་བ་དང་ཤེས་པས་བསྡུས་པས«༔ «འདས་པ་སྐུ་དང་ཡེ་ཤེས་ཀྱིས་བསྡུས་པ་རུ་ཤན་འབྱེད་པའི་སྤྱོད་པ་ནི«༔ «དུར་ཁྲོད་ལ་སོགས་པར་སོང་སྟེ་ལུས་ལ་ཞག་གཅིག«༔ «ངག་ལ་ཞག་གཅིག«༔ «སེམས་ལ་ཞག་གཅིག་ཏུ་བྱའོ«༔ «དེ་ཡང་སློབ་མ་གསུམ་ལ་དབང་བསྐུར་ཏེ་དུར་ཁྲོད་དུ་ཁྲིད་ལ་ལུས་ལ་ཧཱུྃ་གིས་རྒྱས་གདབ་ལ་ཞག་གསུམ་དུ་ཧཱུྃ་དང་ནམ་མཁའ་རླུང་དང་གསུམ་འདྲེས་ལ«༔ «ཧཱུྃ་ཧཱུྃ»༔« ཁོང་གློད་པ་ནི་གནད་ཡིན་པས་དབུགས་བསྲིང་བར་བྱའོ»༔« དེ་ནས་ངག་སྦྱོང་བ་ལ་ཕཊ་ཅེས་པ་ཞག་གསུམ་དུ་བྱའོ«༔ «ཡིད་སྦྱོང་བ་ལ་གསལ་བྱེད་དབྱངས་ཡིག་ཞག་གསུམ་དུ་བརྗོད«༔ «དེ་ནས་རང་གར་མོས་པར་མཁའ་འགྲོ་མ་ལ་གཏོར་མ་རེ་རེ་ཕྱོགས་སུ་གཏང་«༔ «དེ་ལྟར་ཞག་གསུམ་དུ་མཁའ་འགྲོ་མ་ལ་གསོལ་བ་བཏབ་ནས་སྤྱོད་པ་བྱེད་དུ་འཇུག་པའི་དུས་སུ་ལུས་ངག་ཡིད་གསུམ་སོ་སོའི་ཕྱོགས་སུ་བཟུང་སྟེ«༔ «དེའི་ནམ་མཁའི་མཚན་ཉིད་ནི«༔ «སྤྲིན་ནག་པོ་འཇིགས་སུ་རུང་བ་དང་རླུང་ནག«༔ «ཁ་ཆར་བུ་ཡུག་སྒྲ་ལ་སོགས་པ་འབྱུང་བ་ལ«༔ «ལུས་རུ་ཤན་འབྱེད་པའི་དུས་སུ་བྱུང་ན«༔ «ལུས་ལ་སྒྲིབ་པ་ཡོད་པའི་རྟགས་ཡིན«༔ «ངག་གི་དུས་སུ་བྱུང་ན་ངག་ལ་སྒྲིབ་པ་ཡོད་པའི་རྟགས«༔ «སེམས་རུ་ཤན་འབྱེད་པའི་དུས་སུ་བྱུང་ན་སེམས་ལ་སྒྲིབ་པ་ཡོད་པའི་རྟགས«༔ «གང་ཟག་གསུམ་པོའི་ཕྱོགས་ཕྱོགས་ཀྱང་གཟུང་ངོ་«༔ «ཕྱོགས་ལ་ལར་བྱུང་«༔ «ལ་ལར་མ་བྱུང་ན«༔ «གང་ཟག་གཅིག་གམ་གཉིས་ལ་ཡོད་པའི་རྟགས་ཏེ་ཞིབ་པར་བརྟག་གོ«༔ «ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་ཡང་མཚན་ཉིད་ཀྱིས་ངེས་པར་འདག་པར་འགྱུར་ཏེ»༔« དེ་ཡང་སྔོན་དུ་བྱུང་ལ་ཕྱིས་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་བྱུང་ན་སྤྱོད་པ་དག་པའི་རྟགས་སོ«༔ «གལ་ཏེ་སྔར་མེད་པ་ཞབས་སུ་བྱུང་ན་སྤྱོད་པ་མ་དག་པས་ན་རང་དང་མཐུན་པའི་དགེ་བས་ནི«༔ «ལུས་རུ་ཤན་འབྱེད་པའི་དུས་སུ་བྱུང་ན་སཙྪཱ་འབུམ་ཕྲག་གཅིག་གདབ་པ་དང་«༔ «ངག་གི་དུས་སུ་བྱུང་ན་ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག་བཟླས་པ་དང་«༔ «སེམས་ཀྱི་དུས་སུ་བྱུང་ན་ཨཱ་ལི་ཀ་ལི་འབུམ་ཕྲག་གཅིག་བཟླ་བར་བྱ་བ་ནི་ཤིན་ཏུ་སྡིག་པ་ཚན་ཆེ་བ་ལ་བྱའོ«༔ «འབྲིང་ལ་དེ་ཡི་ཕྱེད་ཀྱིས་འགྲུབ་བོ«༔ «དེ་བས་ཆུང་བ་ལ་དེའི་སུམ་ཆས་འདག་ངེས་སོ«༔ «སྒྲིབ་པ་ཡེ་རང་མེད་ན་སོ་སོའི་ཕྱོགས་སུ་ནམ་མཁའ་སྔོ་སངས་སུ་འོང་ངོ«༔ «སྤྱོད་པ་དག་ནས་ཕྱིས་དེ་ལྟར་འགྲོའོ«༔ «ལུས་ངག་སེམས་སོ་སོའི་དག་པ་དང་མ་དག་པ་ཡང་བརྩིའོ«༔ «གང་མ་དག་པ་ལ་ནི་དགེ་སྦྱོར་སྔ་མ་དང་འདྲ་བར་བྱའོ»༔« གལ་ཏེ་ལུས་ཀྱི་ལས་དག་ནས་ཕྱིས་ཁམས་གསུམ་དུ་མི་འཇུག་པ་ནི་ལུས་ཀྱི་དུས་ན་ཁྱད་པར་གཟུགས་བརྙན་ནམ་མཁའི་འཇའ་ཚོན་དང་མཆོག་ཏུ་གྱུར་པའི་གཟུགས་བརྙན་མཐོང་བའོ«༔ «ངག་གི་དུས་ན་ཁྱད་པར་གྱི་སྒྲ་རྣམས་ཐོས་པ་དང་«༔ «སེམས་ཀྱི་དུས་ན་ལྷག་པའི་བསམ་པ་དང་ངོ་མཚར་བའི་བྱ་བ་རྣམས་དྲན་པ་ནི་བུའི་སྡིག་པ་རྣམས་བྱང་བའི་རྟགས་སོ«༔ «དེ་ལྟར་སྐལ་ལྡན་ཡིད་ཀྱི་རུ་ཤན་འབྱེད་པའི་དུས་སུ་བླ་མས་ངག་བཅད་དེ་རིག་པ་མངོན་སུམ་གྱི་སྣང་བ་ལ་གནས་པར་བྱའོ«༔ «དེ་ནས་ཞག་གསུམ་རྫོགས་པའི་ནང་བར་དུར་ཁྲོད་དུ«༔ «བླ་མས་མཎྜལ་ལྔ་བཤམས་ཏེ«༔ «དང་པོ་འབྲུ་སྣ་ཚོགས«༔ «གཉིས་པ་མེ་ཏོག་སྣ་ཚོགས«༔ «གསུམ་པ་དྲི«༔ «བཞི་པ་སྨན«༔ «ལྔ་པ་གསེར་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་པ་སློབ་མ་འབྱོར་པའི་ཚོགས་དང་སྦྱར་ལ་བཤམ་མོ«༔ «དེང་མཁའ་འགྲོ་མ་རྣམས་ཇི་ལྟར་མགུ་བའི་ཚོགས་ཀྱི་མཆོད་པ་ཇི་ལྟར་འབྱོར་པ་དང་«༔ «ཕྱི་ནང་གསང་བའི་མཆོད་པའི་བྱེ་བྲག་རྣམས་ཇི་ལྟར་འབྱོར་པ་བཤམས་ལ«༔ «དེ་ནས་སློབ་མ་གཅིག་ལ་བརྡའ་བྱས་ལ་བོས་ལ«༔ «སློབ་མའི་དབང་མ་རྫོགས་ཀྱི་བར་ལ་བླ་མའང་ངག་མི་གདང་ངོ་«༔ «དེ་ནས་སློབ་མས་ཕྱག་བྱས་ཏེ«༔ «བླ་མས་བུ་ཁྱོད་སུ་ཡིན་དྲིས་པས«༔ «སློབ་མས་བདག་སྐལ་ལྡན་ཡིད་ཀྱི་བུ་གཅིག་ལགས་ཞེས་ལན་གསུམ་བརྗོད་པར་བྱའོ«༔ «དེ་ནས་བླ་མས་དེ་ལྟར་ཡིན་ཕན་ཆད་རང་བཞིན་རྫོགས་པ་ཆེན་པོ་ཤིན་ཏུ་སྤྲོས་པ་མེད་པ་འདི་ལ་ཞུགས་ཤིག་ཅེས་བརྗོད་ལ«༔ «སློབ་མས་མཎྜལ་རྣམས་བླ་མ་ལ་རིམ་པ་བཞིན་དུ་འབུལ་ལོ«༔ «དེ་ནས་སློབ་མས་ལུས་ལངས་ལ་འགྲེང་ཚུགས་སུ་བསྡད་དེ»༔« ཐལ་མོ་སྙིང་ཀར་སྦྱར་གཅེར་བུར་ཐོན་ལ་བླ་མའི་ཐུགས་ཀྱི་དཀྱིལ་དུ་རིག་པ་འཕངས་ཏེ་མ་ཡེངས་པ་གནད་དོ«༔ «བླ་མས་ངག་ཏུ་ཨ་ཨ་ཞེས་དྲག་ཤུལ་དང་བཅས་པ་བརྗོད་པས«༔ «ལུས་འཕར་ཞིང་གཡོ་བ་དང་«༔ «ངག་སྨྲ་ཞིང་དངངས་པ་དང་«༔ «སེམས་སྤྲོ་ཞིང་ཕྱད་པ་ལ་སོགས་འབྱུང་བ་ནི་ཡེ་ཤེས་ཀྱི་བདེ་བ་ཕེབས་པའི་རྟགས་སོ«༔ «དེ་ནས་བླ་མའི་ཞལ་ནས་ཤར་ཕྱོགས་ཀྱི་ནམ་མཁའི་ཁམས་ན་ཕར་གམ་གམ་སོང་དང་«༔ «ཞེས་སླར་མ་ལྡོག་ཅེས་དྲག་ཏུ་བྱའོ«༔ «འགྲོ་ན་འགྲོ་ས་འདུག་གམ«༔ «སྡད་ན་སྡད་ས་འདུག་གམ«༔ «དེ་བཞིན་དུ«༔ «ལྷོ་དང་«༔ «ནུབ་དང་«༔ «བྱང་དང་«༔ «སྟེང་འོག་རྣམས་སུ་གོམ་པ་གམ་གམ་སོང་དང་བྱས་ལ«༔ «སླར་མ་ལྡོག་ཅེས་ལན་གསུམ་ཤུགས་དྲག་དང་དྲག་ཤུལ་དང་བཅས་པས་བྱའོ«༔ «དེ་ནི་བླ་མས་བརྡ་བསྐུལ་ཏེ་དལ་དུ་གཞུག་པའོ«༔ «དེ་བཞིན་རིག་པའི་ལྷ་ངོ་བསྟན་པ་དང་«༔ «ནམ་མཁའ་རྒྱ་ཆེ་ལ་སོགས་པ་ནི་བརྡ་ལ་བརྟེན་པ་ཡིན་ཏེ་སྔོན་ཆད་མཐོང་མ་མྱོང་བའི་རང་སྣང་གི་རིག་པ་གཞན་གྱི་འོད་སྤྲོས་པ་ཡིན་ནོ«༔ «དེ་ནས་གོང་དུ་བརྗོད་པའི་བརྡ་དེ་དག་འགྲོལ་བ་ལས«༔ «བླ་མ་མཁས་པས་བསྐོས་སོ«༔ «དེ་ལྟར་དབང་བསྐུར་ནས་རང་གི་གནས་ཁང་དུ་ཕྱིན་ཏེ་འབྱོར་པ་དང་སྦྱར་ལ་དགའ་བའི་སྟོན་མོ་བྱའོ«༔ «དཔའ་བོ་དང་དཔའ་མོ་ལ་སྟོན་མོ་རྒྱས་པར་བྱ«༔ «བླ་མ་ལ་ཡོན་གྲུབ་ན་གསེར་རང་ལུས་ཙམ་འབུལ་ལོ«༔ «དེས་ནི་ཚོགས་ལྷག་མ་ལུས་པར་རྫོགས་པའི་དགོས་པ་ཡོད་དོ«༔ «དེ་ནི་ཤིན་ཏུ་སྤྲོས་པ་མེད་པའི་དབང་བསྟན་པའོ«༔ «གུ་ཧྱ«༔ «ད་ནི་རབ་ཏུ་སྤྲོས་པ་མེད་པའི་དབང་བསྐུར་བ་ནི«༔ «དེ་ནི་རབ་ཏུ་མཆོག་ཏུ་ཟབ་པ་ལ་དགོངས་པའོ«༔ «སྤྲོས་པ་མེད་ཅེས་པ་ནི་བྱ་བ་དང་འཁྲུལ་པ་ལས་བློ་ལོག་པ་སེམས་ཀྱི་རང་བཞིན་ལ་སྔོན་དུ་སྦྱངས་པའོ«༔ «དེ་ཡང་འདི་ནི་སྐད་ཅིག་གམ་ཐུན་གཅིག་གི་ཁོངས་སུ་དབང་རྫོགས་པར་བྱ་སྟེ«༔ «དེ་ཡང་ཚོགས་བསག་པའི་བྱེ་བྲག་དཔག་ཏུ་མེད་པ་བསགས་པ་དང་«༔ «ཕྱི་ནང་གི་མཆོད་པའི་བྱེ་བྲག་དཔག་ཏུ་མེད་པ་བཤམ་པ་དང་«༔ «བླ་མ་ལ་ཡོན་འབུལ་བ་ལ་སོགས་པ་འབྱོར་ཚད་བྱས་ལ«༔ «བླ་མས«༔ «སློབ་བུ་ལ«༔ «བུ་ཁྱོད་སུ་ཡིན་ཞེས་དྲིས་པ་དང་«༔ «བདག་སྐལ་ལྡན་སེམས་ཀྱི་བུ་གཅིག་པུ་ལགས«༔ «ཞེས་ལན་གསུམ་དུ་བརྗོད་པར་བྱའོ«༔ «དེ་ནས་བླ་མས«༔ «དེ་ལྟར་ཡིན་ཕན་ཆད་དུ་རང་བཞིན་རྫོགས་པ་ཆེན་པོ་སེམས་ཉིད་མ་བཅོས་པའི་དལ་དུ་ཞུགས་ཤིག«༔ «ཅེས་པ་གནང་བ་བྱིན་ཏེ། དེ་ནས་སློབ་མས་རིན་པོ་ཆེ་ལ་སོགས་པའི་མཎྜལ་འབུལ་ཏེ་གསོལ་བ་གདབ་ལ«༔ «འདི་སྐད་དུ་སེམས་ཀྱི་དལ་བརྟག་པ་ནི«༔ «ཨེ་མ་དཔལ་ལྡན་རྡོ་རྗེ་འཛིན«༔ «དཔལ་ལྡན་དལ་ཉི་མ་སྟོང་གི་འོད་ཟེར་ནི«༔ «རྨང་དང་རྩ་བ་བཅད་པས་སངས་རྒྱས་སེམས་ལས་བྱུང་«༔ «སེམས་ཀྱི་དམ་པ་བདག་ལ་གསལ་བར་བསྟན་དུ་གསོལ«༔ «ཞེས་ལན་གསུམ་དུ་གདབ«༔ «དེ་ནས་བླ་མས«༔ «སློབ་མ་ལ«༔ «ལུས་ཀྱི་འདུག་སྟངས་སུ་སྤྲུལ་པ་སྐུའི་འདུག་སྟངས་དང་«༔ «ལོངས་སྐུ་དང་ཆོས་སྐུ་ལ་སོགས་པའི་འདུག་སྟངས་ཐ་དད་བསླབས་ལ་བྱེད་དུ་གཞུག་གོ«༔ «ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ལ་སོགས་པའི་གཟིགས་སྟངས་བསླབ་བོ«༔ «དེ་ནས་སྤྲུལ་སྐུ«༔ «ལོངས་སྐུ«༔ «ཆོས་སྐུའི་ཞིང་ཁམས་སུ་ལུང་བསྟན་པ་ནི་འདི་སྐད་དུ«༔ «ཨེ་མ«༔ «སྐལ་ལྡན་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ཡོད་ཀྱི«༔ «དེར་གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ལ«༔ «སེང་གེའི་མཆོངས་སྟབས་ཀྱིས་མཆོངས་ལ«༔ «ཁྱུང་ནམ་མཁའ་ལ་ལྡིང་བའི་འགྲོས་ཀྱིས་སོང་ཞིག«༔ «ཅེས་པ་ལ་སོགས་པ་ཡང་ལུང་བསྟན་ལ«༔ «དེ་ནས་གོང་དུ་བསྟན་པའི་དབང་བཞི་རྫོགས་པ་དང་གདམས་པ་ཡང་རྫོགས་པར་གདབ་སྤྱོད་པ་ཡང་རྫོགས་པར་བྱ་སྟེ«༔ «སྔོན་འགྲོ་ལ་ལུས་ངག་ཡིད་གསུམ་སྦྱོང་པ་ལ་ཞག་དགུ«༔ «དངོས་གཞི་ལུས་ངག་ཡིད་ཀྱི་སྤྱོད་པ་འདས་རྗེས་ལྟར་བྱའོ«༔ «དེ་ནས་རྣལ་དུ་དབབ་སྟེ«༔ «སྒོ་གསུམ་ལ་མིག་དལ་བ་དང་«༔ «ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་དང་«༔ «རིག་པ་དེ་དང་མི་འབྲལ་བ་གསུམ་ལུང་གིས་བརྡའ་སྤྲད་དོ«༔ «སྒྲ་ཐལ་འགྱུར་ལས«༔ «གནད་གསུམ་མན་ངག་འབྲལ་མི་བྱ«༔ «ཞེས་པས་ན«༔ «དེ་ལ་ཡེ་ཤེས་འཆར་བར་བྱེད་པའི་སྒོ་མིག་ཡིན་པས་མིག་གི་ཡུལ་དུ་གཟིགས་སྟངས་གསུམ་ལས་མི་འབྲལ་བར་བྱ«༔ «རིག་པ་འཆར་བར་བྱེད་པའི་ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་གནད་ཡིན«༔ «རླུང་རིག་གི་གནད་དུ་དལ་བ་བརྟེན་པ་གནད་ཡིན་པས་ལུས་དལ་བར་བསྡད«༔ «ངག་ལྐུགས་པ་བཞིན་དུ་བསྡད་«༔ «སེམས་སྤྲོས་པ་དང་བྲལ་བའམ་ཆུ་ཆད་པའི་རང་ཐག་བཞིན་དུ་བསྡད«༔ «དེ་ལྟར་གསུམ་པས་དུས་ཐམས་ཅད་དུ་མ་བྲལ་བ་ནི་ཆོས་ཉིད་མངོན་སུམ་གྱི་གནད་ཅེས་བྱའོ«༔ «དེ་ལྟར་ཉམས་སུ་བླངས་པས་སྣང་བ་བཞི་ཇི་ལྟར་འཆར་བ་ནི«༔ «དེ་ལྟར་ངོ་སྤྲོད་བསྟན་པ་ནི་རིག་པ་མངོན་སུམ་གྱི་སྣང་བ་ཞེས་བྱའོ«༔ «ཉམས་སུ་བླང་བ་དེ་ལས་མ་འདས་པས་ཉམས་གོང་འཕེལ་གྱི་སྣང་བ་ཐིག་ལེ་ལ་སོགས་པ་འཆར་རོ«༔ «དེ་ལས་རིག་པ་ཚད་ཕེབས་ཀྱི་སྣང་བ«༔ «ཐིག་ལེ་ལ་སོགས་པ་སྐུར་འགྱུར་རོ«༔ «དེ་ལས་ཆོས་ཉིད་ཟད་པའི་སྣང་བ་ཅིའི་ངོ་བོར་ཡང་མ་གྲུབ་པས་གྲུབ་མཐའ་ཐམས་ཅད་དང་བྲལ་བའོ«༔ «དེ་ནས་གོང་དུ་འཕེལ་བའི་ཆོས་ཉིད་མངོན་སུམ་ཞེས་པ་སྒོ་དང་ཡུལ་དང་རིག་པ་གསུམ་མི་འབྲལ་བའི་གནད་ལ་རྟག་ཏུ་དབྱིངས་རིག་གེར་རོ«༔ «དེ་ལྟར་སྐལ་ལྡན་ཅིག་གིས་འཇིག་རྟེན་གྱི་བྱ་བ་རྣམས་སྤངས་ནས་ཉམས་སུ་བླངས་ན་སྣང་བ་བཞི་རྫོགས་ནས་འདི་ཉིད་དུ་ཟག་བཅས་མི་སྣང་བར་སངས་རྒྱའོ«༔ «འབྲིང་པོ་གཅིག་གིས་བག་རེ་ཉམས་སུ་བླངས་པས་ཐང་ཆད་ནས་བླང་ལོངས་མ་བྱུང་ཀྱང་ཆོས་ཉིད་བར་དོ་ལ་རང་གི་ཆོས་ཉིད་སྟོབས་སུ་གྱུར་ནས་སངས་རྒྱའོ«༔ «ཐ་མ་ཅིག་གིས་བླ་མ་མཚན་ཉིད་དང་ལྡན་པ་ཞིག་ལས་དབང་བཞི་རྫོགས་པར་བྱས་ནས་མངོན་སུམ་གནད་ཀྱི་མན་ངག་ནི་ཞུས«༔ «ཉམས་སུ་མ་བླངས་ཀྱང་ཆོས་ཉིད་ཟབ་མོའི་སྒོ་མཐོང་ཞིང་ཞུགས་པའི་བདེན་པའི་བྱིན་རླབས་ལ་བརྟེན་ནས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་ཞུགས་ནས་མངལ་གྱི་གྲོང་ཁྱེར་དུ་མི་འཇུག་སྟེ«༔ «འདོད་ཁམས་དང་«༔ «གཟུགས་ཁམས«༔ «གཟུགས་མེད་པའི་ཁམས་སུ་འཇུག་པ་མིན་ནོ«༔ «དེའི་ཕྱིར་ན་སོ་སོའི་སྐྱེ་བོ་དང་ཉན་ཐོས་ལ་སོགས་པ་ལ་རབ་ཏུ་གསང་སྟེ་ཆོས་ཉིད་མངོན་སུམ་གྱི་གནད་དུས་ཐམས་ཅད་དུ་སྟེམས་པར་བྱའོ། །ཞེས་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ཡང་སྔར་བྱས་ནས་ལུས་དོན་རྒྱས་པར་བསྟན་ནོ། །དེ་ལ་དང་པོར་ལུས་ཀྱི་འདུག་སྟངས་ཀྱི་གནད་ལ་བརྟེན་ནས་རང་སེམས་རྣལ་དུ་གཞུག་པ་ནི«༔ «ལུས་དང་ཤེས་པ་ཀློད་པ་དང་«༔ «རླུང་སོར་བཞག་པ་གནད་ཡིན་ནོ«༔ «དེ་ནས་གཉིས་པ་སེམས་ཀྱི་གནས་ལུགས་ལ་བརྟེན་ནས་རྣལ་འབྱོར་ལུས་སེམས་དང་དབྲལ་བ་ནི«༔ «སེམས་སོ་སོའི་གཏད་ལུགས་དང་སྦྱར་ཏེ་རླུང་སེམསས་ཅི་ནས་ཀྱང་རྒྱང་རིང་པོར་འཕངས་པ་གནད་ཡིན་ནོ«༔ «དེ་ལ་ཆོས་ཉིད་ནི་མ་བཅོས་པ«༔ «མངོན་པ་ནི་དབང་པོའི་ཡུལ་དུ«༔ «གསུམ་ནི་གྲངས་ཏེ«༔ «སྒོ་དང་«༔ «ཡུལ་དང་རིག་པ་གསུམ་དུས་གཅིག་ལ་ཚོགས་པའོ«༔ «གནད་ནི་སྙིང་ལ་མདའ་འམ་མཚོན་གྱིས་ཟིན་པའམ་ནད་ཞུགས་ནས་འཆི་ངེས་པ་དང་འདྲའོ«༔ «གནད་གཟིར་བའི་དུས་ན་རླུང་ཕྱིར་འཕང་«༔ «རྒོད་ན་རླུང་ནང་དུ་དགུག་པ་དང་རིག་པ་སྒྲོན་མ་ལ་གཏད་དེ། ཕུང་པོ་དང་ཁམས་བྱེར་ནས་རྩིག་ཁུང་སོང་སྙམ་པའམ་ཐམས་ཅད་ལ་འཇུག་སྙམ་ན་རིག་པ་སྟེང་དུ་འཕང་«༔ «རླུང་ནང་དུ་བཟུང་«༔ «རིག་པ་ཡས་ནས་ནང་དུ་མ་ཕེབས་ན་རིག་པ་སྨིན་མཚམས་སུ་གཏད«༔ «རླུང་དལ་བ་བསྟན«༔ «དབྱིངས་དང་རིག་པ་གཉིས་སྦྱར་རོ«༔ «ད་ནི་རིག་པའི་སྒྲོན་མའི་གནད་བསྟན་པ་ནི«༔ «ཐིག་གཞི་ཡིན་པས་འགྱུར་བ་མེད«༔ «ལེ་སྣང་བ་ཡིན་པས་ཀུན་ལ་ཁྱབ«༔ «སྒྲོན་མས་འོད་ཀྱི་སྣང་བ་སྟོན་པར་བྱེད་དོ«༔ «འདི་ཡིས་དུས་ན་སྒྲོན་མ་གཏིམས་པ་གནད་དོ«༔ «དེ་ཡང་དད་པ་དང་ལྡན་པ་ཞིག་གིས་བླ་མ་མཉེས་པར་བྱས་ལ་མི་མི་རྒྱུ་བའི་གནས་སུ་སོང་སྟེ«༔ «མིག་གི་ཕུགས་ཀྱི་རྩ་རང་གི་མཐེབ་མོ་དང་མཛུབ་མོ་གཉིས་མ་བྲལ་བར་རྟག་ཏུ་གཏིམས་ན་ཡེ་ཤེས་ཀྱི་སྣང་བ་གོང་དུ་འཕེལ་ལོ«༔ «ཞེས་ཐིག་ལེའི་སྒྲོན་མའི་གནད་བསྟན་པ་ཡིན་ནོ«༔ «ད་ནི་དབང་པོའི་མངོན་སུམ་གནད་ལ་བརྟེན་ནས་ཅིག་ཅར་གྲོལ་བའི་དགོངས་པ་བསྟན་པ་ནི«༔ «དེ་ལ་དམ་པ་ནི་སངས་རྒྱས་ཀྱི་དགོངས་པ་སྟེ«༔ «དེའི་དོན་ཆོས་ཉིད་མངོན་སུམ་དུ་སྐྱེ་བ་ཉིད་ལས་ཡིད་དཔྱོད་ཚིག་གི་བློ་དང་བྲལ་ནས་གང་ཟག་དབང་པོ་ཅིག་ཅར་བ་རྣམས་བླ་མའི་གདམས་ངག་དེ་བསྟན་པ་ཙམ་གྱིས་རང་གྲོལ་དུ་འགྲོ་བས་ན«༔ «དེ་ཡང་གང་ལས་བྱུང་ཞེ་ན་ཆོས་ཉིད་མངོན་པར་དབང་པོ་ལ་སྣང་བའོ«༔ «དེ་ཡང་སྒོའི་གནད་གཟིགས་སྟངས་གསུམ་ལས་མི་འབྲལ་བ་དང་«༔ «ཡུལ་གྱི་གནད་ནམ་མཁའ་སྤྲིན་དང་བྲལ་བ་ལ་རིག་པ་བཞག་པ་དང་«༔ «རླུང་རིག་གི་གནད་རིགས་པ་ནམ་མཁའ་ལ་འཕང་བ་སྟེ«༔ «རླུང་དལ་བ་བརྟེན་པས་རིག་པ་རང་ངོ་ལ་གསལ་བ་དང་གསུམ་དབང་པོའི་ཡུལ་དུ་མཐོང་བའི་གནད་ཀྱིས་ནི«༔ «ཚིག་ཏུ་འཛིན་པའི་རང་གི་གྲུབ་པའི་མཐའ་ཡིད་དཔྱོད་དུ་འཛིན་པ་ཉིད་ཞིག་ནས་ཚིག་ཏུ་འཛིན་པ་ལས་བློ་ལོག་པའོ«༔ «དེ་ལྟར་ཆོས་ཉིད་མངོན་སུམ་གྱི་དོན་ལ་གནས་པས«༔ «དངོས་སྟོང་གང་དུ་འཛིན་པའི་ཤེས་པ་དང་བྲལ་ནས་སྣང་བ་དང་ཤེས་པ་གང་དུ་ཡང་ཞེན་པ་དང་འཛིན་པ་མེད་པ་རང་རིག་རང་སར་ཤེས་པས་གྲོལ་བར་བསྟན་པ་ནི། བྱ་བ་མེད་པས་གྲོལ་བ་གྲོལ«༔ «ཞེས་སོ«༔ «དེ་ཡང་མངོན་སུམ་གནད་ཀྱི་མན་ངག་གིས་ཡང་དག་པའི་དོན་ཆོས་ཉིད་བདེ་བ་ཆེན་པོའི་རོ་མངོན་སུམ་བྱེར་དང་བྲལ་བར་མྱོང་ནས«༔ «ཁམས་ནི་ཚོགས་ཤིང་འདུས་ལ«༔ «འདུས་ཤིང་འཛིན་པ་ལས«༔ «འདོད་ཆགས་ལས་འདོད་ཁམས་སུ་ཆགས་པ་དང་«༔ «གཏི་མུག་ལས་གཟུགས་མེད་དུ་ཆགས་པ་གསུམ་དུ་བཟློག་པའི་རྟེན་དང་«༔ «འདོད་ཆགས་མ་བྱུང་མ་སྐྱེས་རང་བྱུང་གི་ཡེ་ཤེས«༔ «དེ་བཞིན་དུ«༔ «ཞེ་སྡང་མ་བྱུང་མ་སྐྱེས་རང་བྱུང་གི་ཡེ་ཤེས་ཉིད་ལ«༔ «དེ་བཞིན་དུ«༔ «གཏི་མུག་རང་བྱུང་གི་ཡེ་ཤེས་སུ་སོང་བས«༔ «དེ་ཉིད་མེད་པར་རང་སྟོང་རང་གྲོལ་དུ་སོང་བ་ནི«༔ «གྲོལ་བ་རང་བྱུང་གཞན་ལས་མིན«༔ «ཞེས་པའོ«༔ «དཔེར་ན་ནམ་མཁའ་ལ་ནམ་མཁའ་ཐིམ་པ་ལྟར་རིས་མེད་མཉམ་ཉིད་ཆེན་པོའི་དོན་ལས་མ་གཡོས་པར་ཟག་བཅས་མི་སྣང་བར་སངས་རྒྱ་བ་ནི་རྣལ་འབྱོར་མཆོག་ཅེས་བྱ་སྟེ་འབྱུང་བའི་ཟག་པ་ཟད་ནས་དེ་ཉིད་ཀྱང་དེ་བཞིན་དུ་ཟག་པ་མི་སྣང་བ་ཡིན་ནོ«༔ «ཞེས་གྲུབ་མཐའི་དགོངས་པ་བསྟན་པའོ«༔ «ད་ནི་གནད་རྣམ་པ་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་གཏན་ལ་དབབ་པར་བསྟན་པ་ནི«༔ «གནད་གསུམ་མན་ངག་འབྲལ་མི་བྱའོ«༔ «ཞེས་པས་ན«༔ «དེ་ཡང་ཡེ་ཤེས་འཆར་བར་བྱེད་པའི་སྒོ་མིག་ཡིན་པས་མིག་གི་གནད་དུ་གཟིགས་སྟངས་གསུམ་ལས་མི་འབྲལ་བར་བྱ»༔« རིག་པ་འཆར་བར་བྱེད་པའི་ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་གནད་ཡིན«༔ «རླུང་རིག་གི་གནད་དུ་རླུང་དལ་བ་བསྟེན་པ་གནད་ཡིན་ནོ«༔ «དེ་ལྟར་གསུམ་ལས་དུས་ཐམས་ཅད་དུ་མི་འབྲལ་བ་ནྀ་ཆོས་ཉིད་མངོན་སུམ་གྱྀ་གནད་ཅེས་བྱའོ«༔ «དེ་ཡང་མི་འགུལ་བ་གསུམ་ལ་གཞི་བཅའ་བ་ནི«༔ «ལུས་མ་འགུལ་བས་རྩ་མི་འགུལ«༔ «མིག་མ་འགུལ་བས་དབྱིངས་མི་འགུལ«༔ «རླུང་མ་འགུལ་བས་རིག་པ་མི་འགུལ་བར་ངེས་སོ«༔ «སྡོད་པ་གསུམ་གྱིས་ཚད་བཟུང་བ་ནི«༔ «ཕྱི་སྣང་བ་སྡོད་པས་འོད་སྣང་ལ་བྱན་ཚུད«༔ «ནང་ཕུང་པོ་སྡོད་པས་བྱ་རྩོལ་དང་བྲལ«༔ «གསང་བ་རླུང་སེམས་སྡོད་པས་ཁམས་གསུམ་དུ་ལྡོག་པ་མ་ཡིན་ནོ«༔ «དུས་རྟག་ཏུ་ངག་བཅད་པས་ཆོས་བརྗོད་པ་མེད་པའི་དོན་རྟོགས་པའོ«༔ «སྨུག་ནག་ཁྲོས་མ་ནག་མོ་མཐུ་མོ་ཆེས་བཀའ་འདི་སྲུངས«༔ «ཡི་གེ་མ་རུ་ལ་མངོན་སུམ་སྙིང་ཐིག་གི་སྐོར«༔ «བེ་མ་ལ་མི་ཏྲས་སྒྲ་རང་འགྱུར་དུ་མཛད་པའོ«༔ «ཨྠིྀ«༔ « ད་ནི་གང་ཟག་འཇུག་དོན་དང་«༔ «འཁོར་བའི་འདམ་ནས་བརྒལ་དོན་དང་«༔ «སྐལ་ལྡན་སྣང་བ་སྤེལ་དོན་དུ«༔ «ཡི་གེ་མ་རུའི་སྐོར་དག་ལས«༔ «རབ་ཏུ་ཟབ་པས་འདིར་དགོད་བྱ«༔ «ཕྱི་སྐོར་ནང་སྐོར་གསང་སྐོར་དང་«༔ «གསང་བ་བླ་ན་མེད་པའི་སྐོར«༔ «དེ་ལས་མངོན་སུམ་སྙིང་ཐིག་གི«༔ «བླ་ན་མེད་པའི་སྤྱོད་པའི་སྐོར«༔ «དེ་ལ་སྐལ་བ་དང་ལྡན་པ་འཁོར་བ་བློས་དོར་བ་དེས«༔ «བླ་མ་མཁས་པ་ལ་གདམས་པ་དང་བྱིན་རླབས་དབང་དང་བཅས་པ་ཞུས་ལ«༔ «མཁའ་འགྲོ་ལ་ཚོགས་ཀྱི་འཁོར་ལོ་དང་དཔའ་བོ་དང་དཔའ་མོ་ལ་དགའ་སྟོན་ཆེན་པོ་བྱས་ལ«༔ «དེ་ནས་གོང་དུ་བསྟན་པའི་དབང་གི་རིམ་པ་རྫོགས་པ་དང་སྤྱོད་པ་བྱ་སྟེ«༔ «ལུས་ནི་རྒྱུག་དང་ཉལ་བ་དང་«༔ «ཞེས་པ་གསེར་ཡིག་ཅན་ལས་ཤེས་པར་བྱའོ«༔ «སྔགས་དང་ཁ་ཏོན་ཆོས་ཀྱི་སྒྲ«༔ «ཞེས་པ་ངག་གི་སྤྱོད་པའང་གསེར་ཡིག་ཅན་ལས་འབྱུང་བ་བཞིན་བྱའོ«༔ «དགའ་དང་མི་དགའ་བདེ་སྡུག་ཅེས་པ་ཡིད་རུ་ཤན་འབྱེད་པ་ཡང་གསེར་ཡིག་ཅན་ལས་ཤེས་པར་བྱའོ«༔ «དེ་ལྟར་ལུས་བྱ་བྱེད«༔ «སེམས་དྲན་བསམ། དེའི་རིམ་པ་འདས་རྗེས་ལྟར་བྱས་ལ«༔ «དེ་ལ་དགོས་པ་ཅི་ཡོད་ཅེ་ན«༔ «ལུས་རུ་ཤན་ཕྱེ་བས་ཕྱིས་འཁོར་བར་འཇུག་མི་སྲིད་དོ«༔ «ངག་ཡང་དེ་ལྟར་རོ«༔ «དེ་ནས་སེམས་རུ་ཤན་ཕྱེ་བས་སེམས་ཕྱིས་འཁོར་བར་འཇུག་མི་སྲིད་པས་ན་རུ་ཤན་འབྱེད་པའི་སྤྱོད་པ་མཆོག་ཏུ་ཟབ་པས་འདི་ལ་ཡིད་ཆེས་རྒྱབ་བརྟེན་བྱའོ«༔ «དེ་ནས་བླ་མས་རྣལ་དུ་འབེབས་པའི་མན་ངག་བསྟན་པར་བྱ་སྟེ«༔ «ཁྱོད་འཁྲུལ་པ་སྤངས་པའི་ཡིད་ཀྱིས་ཉོན«༔ «ཞེས་བཀའ་སྩལ་ནས«༔ «དེ་ཡང་དད་པ་དང་ལྡན་པ་དེས་ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་དང་«༔ «རིག་པ་རྡོ་རྗེ་ལུ་གུ་རྒྱུད་བཙོན་དུ་བཟུང་བ་དང་«༔ «རླུང་དྲག་ཏུ་དལ་བ་བསྟེན་པ་དང་«༔ «གསུམ་པོ་དེ་ལས་མ་བྲལ་བར་ཉམས་སུ་བླངས་ན་དེ་དག་གིས་ནི་ཆོས་ཉིད་ཀྱི་ལམ་མངོན་སུམ་དུ་འཇུག་པའི་ཕྱིར«༔ «རྣལ་འབྱོར་པས་བྱ་བ་གཞན་སྤངས་ལ་ཉིན་མཚན་དུ་མི་འབྲལ་བར་ཉམས་སུ་བླངས་པས་ཡེ་ཤེས་ལྔ་རྫོགས་པའི་ཐིག་ལེའི་ནང་དུ་སྐུའི་ཆོས་ཉིད་དག་པ་མཐོང་བ་ལ་ཐེ་ཚོམ་བྱར་མེད་དེ«༔ «འདི་ཡང་དབྱིངས་རྣམ་པར་དག་པའི་སྒྲོན་མའི་གནད་ཡིན་ནོ«༔ «ཨྠིྀ«༔ «སྐྱེས་བུ་རྡོ་རྗེ་ལེགས་པ་ཆོས་སྐྱོང་མཐུ་བོ་ཆེས་བཀའ་འདི་སྲུངས་ཤིག«༔ «ས་མ་ཡཱ«༔ «ན་ར་ཀན་ཕག་གི་སོ་ཐཾ«༔ «གསང་ངོ་«༔ «རྒྱ་རྒྱ་རྒྱ«༔

[edit]

This page is a cleaned copy of the following rywikitexts page, which stay unchanged:

Cleaning (21 November 2026): removed 1 running heads, 3 Word page fields, 1 embedded-object codes. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden.

Part of the Longchenpa Collected Works (about this project).