Theg mchog mdzod (Longchenpa): Appendix 2

From Rangjung Yeshe Wiki Texts
Theg mchog mdzod (Longchenpa)Theg mchog mdzod (Longchenpa): Appendix 2
< Theg mchog mdzod (Longchenpa)
Theg mchog mdzod (Longchenpa)/Appendix 2
Jump to navigation Jump to search
← Appendix 1Theg mchog mdzod: contents

From Longchenpa's Treasury of the Supreme Vehicle (Theg pa'i mchog rin po che'i mdzod): second appendix, printed with the Treasury but not by Longchenpa: Patrul Rinpoche's verse exhortation to read the Omniscient Longchen Rabjam's Seven Treasuries (kun mkhyen klong chen rab 'byams pa'i gsung rab mdzod bdun la blta bar bskul ba). Translated from the Tibetan e-text in this folder. · ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་བ (exhortation to read the Seven Treasuries)
Pages 690–699 of volume 2 of the corrected base text.

Not in this part's tabs (the edition does not contain it): Pe cin 2009 (dpe bsdur ma), Derge (sde dge par ma), Serthang Larung, single volume MW2PD19906, single volume MW8LS32770, two volumes MW0TTBBC0034, two volumes MW0TTBBC0007.
[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD86, I1PD87, I1PD88), gorn05 tibocr 2026: BDRC OCR on 860 pages, Mitra OCR on 457 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).
Volume I1PD88 pp. 640-650, 631-639

[p. 631] ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་བ་བཞུགས་སོ། །

[p. 632] ན་མཿསརྦ་ཛྙཱ་ཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང་། །རྟག་ཏུ་མི་གཡོ་ཡེ་ཤེས་ཆོས་སྐུའི་ཀློང་། །དགོངས་པའི་རྩལ་ཆེན་རྫོགས་པའི་སྣང་འགྲོས་ཅན། །ཀུན་མཁྱེན་བླ་མ་དེ་ལ་ཕྱག་འཚལ་ལོ། །ཀྱེ་ལགས་ཡོན་ཏན་མཆོག་གི་རང་བཞིན་ནི། །དམ་པའི་གཞུང་ལ་མ་བརྟེན་རང་བཟོས་མིན། །རྒྱ་མཚོ་ཆེ་ལས་ནོར་བུ་མཆོག་འབྱུང་གི། །དམན་པའི་ཡུལ་ལས་རང་གར་ཅི་ཞིག་རྙེད། །རྟོགས་པའི་ཡེ་ཤེས་ཉི་མ་སྣང་བ་ཡང་། །བྱིན་བརྒྱུད་མ་ཉམས་བླ་མའི་མན་ངག་ལས། །ངེས་པར་འོང་གི་སྟོང་སྒོམ་མུན་རྡོ་བ། །ལེགས་པའི་ལམ་དུ་རྣལ་མར་འགྲོ་བ་ཉུང་། །ཐོས་པ་མེད་པ་སྲིད་ན་སྐྱོན་ཆེ་ཡང་། །ལོག་པར་ཐོས་པ་དེ་བས་སྡིག་ཆེ་བས། །མཁས་པའི་གཞུང་ལ་བལྟ་བ་ཡོད་དུས་འདིར། །ཐོས་པའི་མིག་དཀྱུས་ཅི་ཕྱིར་དག་མི་བགྱིད། །སྲིད་པ་འདི་ན་ཡིད་བཞིན་ནོར་གཅིག་པུ། །ཀུན་མཁྱེན་བླ་མའི་གཞུང་ལུགས་རིན་པོ་ཆེ། །འདི་ལས་གཞན་ལ་སངས་རྒྱས་ཡོད་མིན་ན། །འདི་ལ་རབ་དགའ་མི་སྐྱེ་སུ་ཞིག་ཡོད། །ཐེག་པའི་ཡང་རྩེ་རྡོ་རྗེ་སྙིང་པོའི་མཆོག །འབུམ་ཕྲག་རྒྱུད་སྡེའི་དགོངས་དོན་རིན་ཆེན་མཛོད། །རྗོད་བྱེད་རྒྱ་ཆེ་བརྗོད་བྱ་དོན་ཟབ་པ། །འདི་མཐོང་ཀུན་ཏུ་བཟང་པོ་དངོས་ཞལ་མཇལ། །འབུམ་ཕྲག་དྲུག་ཅུའི་རྒྱུད་དོན་ཁོང་དུ་ཆུད། །སྲིད་ཞི་འཁོར་འདས་ཡོངས་ཀྱི་གནས་ལུགས་ཤེས། །ཟབ་ལམ་ཐེག་རྩེའི་དགོངས་པའི་ཁྱད་ཆོས་རྟོགས། །

[p. 633] དེ་ཕྱིར་གཞུང་འདི་མཇལ་ལ་ནན་ཏན་མཛོད། །བསྲུང་དུ་མེད་པ་ཆོས་སྐུའི་གནས་སུ་ལུགས་ནི། །རྒྱུ་འབྲས་ལས་འདས་ཀུན་བཟང་དགོངས་པའི་མཛོད། །གཞུང་བཟང་འདི་འདྲས་སྤྲོས་པ་མ་བཅད་ན། །ཡིད་དཔྱོད་ཐེག་པའི་ངན་ཞེན་སུ་ཡིས་གཞིག །མུན་དྲུག་ཀུན་གྱི་སྙིང་པོ་བསྡུ་བསྡུ་བ། །དྲུག་ཚན་རེས་ཀྱང་དམ་ཆོས་མཛོད་རྫོགས་པའི། །ལམ་བཟང་འདི་འདྲ་རྒྱལ་བ་དངོས་མཇལ་ཀྱང་། །ཅིག་ཆར་ཐོས་པ་དཀའ་བ་མ་ཡིན་ནམ། །བསྟན་པ་ཡོངས་རྫོགས་བསྟན་བཅོས་གཅིག་ཁོ་ནར། །ཚང་བའི་རྣམ་བཤད་སུམ་མཐའ་རིན་ཆེན་མཛོད། །གཞུང་བཟང་འདི་འདྲ་རྒྱ་བོད་གཉིས་ཆར་ཡང་། །སྔར་ཡང་མ་བྱོན་ད་ཡང་འབྱོན་རེ་ཀན། །སྤང་བླང་གནས་ཀུན་ཡིད་བཞིན་ལེགས་སྟོན་པ། །ཆོས་ཚུལ་ཡོངས་རྫོགས་ཐོས་བསམ་སྒོམ་པའི་མཛོད། །འདི་མཐོང་བསྟན་པ་ཀུན་གྱི་དེ་ཉིད་ཤེས། །བརྒྱ་ཕྲག་གཞུང་ལ་ཅིག་ཆར་སྦྱངས་པར་འགྱུར། །ཐེག་རྩེའི་དགོངས་དོན་ཚིག་རྒྱུན་བཅུ་གཅིག་ཏུ། །ལེགས་བསྡུས་ཁ་ཚང་དོན་འདྲིལ་མན་ངག་གི། །ཉམས་ལེན་གནད་ཀྱི་མཛོད་གཅིག་སྲིད་པ་ན། །སྲིད་པའི་རྩ་བ་གཅོད་ལ་གཅིག་ཏུ་དཔའ། །ཁྱད་པར་གཉུག་མའི་སེམས་ཉིད་ཆོས་སྐུའི་དོན། བསལ་བཞག་བྲལ་བའི་ཡེ་ཤེས་རྗེན་པ་རུ། །ལེགས་སྟོན་ཀུན་མཁྱེན་བླ་མའི་དགོངས་པའི་མཐིལ། །ཟབ་ལས་ཆེས་ཟབ་ཆོས་དབྱིངས་

[p. 634] རིན་ཆེན་མཛོད། །ཡང་དག་ཆོས་སྐུ་དངོས་སུ་བྱོན་པའི་གཞུང་། །གཞུང་བཟང་འདི་འདྲ་སངས་རྒྱས་དངོས་ཡིན་ཏེ། །སྲིད་པ་འདི་ན་རྒྱལ་བའི་མཛད་པ་སྒྲུབ། །རྒྱལ་བའི་དགོངས་པ་མངོན་སུམ་སྟོན་པའི་གཞུང་། །སངས་རྒྱས་མཇལ་ཀྱང་འདི་ལས་ཡོད་རེ་ཀན། །གཞུང་བཟང་འདི་འདྲ་དམ་ཆོས་ཀུན་གྱི་མཛོད། །ཆོས་རྣམས་ཀུན་གྱི་བརྗོད་བྱ་མཐར་ཐུག་པ། །ཆོས་སྐུའི་ཡེ་ཤེས་རྗེན་པར་སྟོན་པ་སྟེ། །ཆོས་ཀུན་བསྡུར་ཀྱང་འདི་ལས་ཡོད་རེ་ཀ་ན། །གཞུང་བཟང་འདི་འདྲའཕགས་ཚོགས་ཀུན་གྱི་ཐུགས། །དུས་གསུམ་སྔ་ཕྱིའི་རྒྱལ་སྲས་འཕགས་རྣམས་ཀྱི། །རྟོགས་པའི་ཡེ་ཤེས་འདི་ལས་མ་འདས་ཏེ། །འཕགས་པའི་ཡེ་ཤེས་འདི་ལས། ཡོད་རེ་ཀ་ན། །མཆོག་གསུམ་ཡོངས་རྫོགས་ཆོས་སྐུའི་མཆོད་སྡོང་ནི། །རྒྱལ་བ་ཀུན་གྱི་གཤེགས་ཤུལ་བླ་ན་མེད། །ཀུན་མཁྱེན་བླ་མའི་རྟོགས་པའི་འདྲ་འབག་སྟེ། །འདི་ལ་སུ་མཇལ་སྲིད་པ་ཐ་མ་ཡིན། །གཞུང་བཟང་འདི་འདྲ། ཚིག་གཅིག་ཐོས་པས་ཀྱང་། །སྲིད་པའི་སྣང་ཤས་ཧྲུལ་པོར་བགྱིད་ནུས་ན། །ཡོངས་རྫོགས་མཇལ་བའི་སྐལ་བ་རྙེད་བཞིན་དུ། །འདོར་བར་བགྱིད་ན་སེམས་ཡོད་ཇི་ལྟར་ཡིན། །ཀྱེ་ལགས་སྡེ་སྣོད་གསུམ་དང་རིམ་དགུའི་ཆོས། །ཕལ་ཆེར་བརྩོན་འགྲུས་ཅན་ལ་དགོངས་པ་སྟེ། །སྒོམ་དང་སྒྲུབ་དང་རྩོལ་བས་གྲོལ་ལོ་ཞེས། །བསལ་བཞག་བྲལ་བའི་ཡེ་ཤེས་མཐོང་བ་མེད། །རྩོལ་མེད་བློ་འདས་རྡོ་རྗེ་རྩེ་མོ་

[p. 635] འདི། །མ་བསྒོམས་སངས་རྒྱས་རིག་སྟོང་རྗེན་པའི་ཀློང་། །ལེ་ལོ་ཅན་ཡང་ཆོས་སྐུར་དེང་སྤྲོད་དེ། །སྒོམ་དང་སྒྲུབ་དང་རྩོལ་བློའི་ཞེན་པ་མེད། །ལམ་འདི་སྟོན་ལ་ལྷར་བཅས་འཇིག་རྟེན་ན། །ཀུན་མཁྱེན་བླ་མ་ཆོས་སྐུའི་ཉག་གཅིག་ཡིན། །ཆོས་སྐུའི་བསྟན་པ་ཇི་སྙེད་གནས་པ་ལས། །ཆོས་གབྱིངས་མཛོད་འདི་ཆོས་ཀྱི་ཉིང་ཁུ་ཡིན། །དེ་ཕྱིར་གཞུང་བཟང་འདི་འདྲ་སྲིད་འདི་ན། །མཐོང་གྲོལ་ཡིན་ཏེ་ཐོས་གྲོལ་དྲན་གྲོལ་ཡིན། །འབྲེལ་པ་ཐོགས་ཚད་མ་འོངས་སངས་རྒྱས་ཡིན། །དགོངས་པ་རྙེད་ན་ད་ལྟའི་སངས་རྒྱས་ཡིན། །བྱིན་རླབས་བརྒྱུད་པའི་རྣོ་སོ་མ་ཉམས་ཤིང་། །དགོངས་པ་གཏད་པས་དོན་བརྒྱུད་ཡེ་ཤེས་འཕྱོ། །ཕྱི་རབས་བུ་ལ་གཏད་རྒྱས་རྒྱས་བཏབ་པས། །ཀུན་མཁྱེན་བླ་མ་དངོས་དང་མཚུངས་པ་ཡིན། །ཇི་བཞིན་ཚིག་དོན་དགོངས་པ་མ་ཁྲོལ་ཡང་། །མོས་གུས་ཐོབ་ན་བྱིན་བརྒྱུད་ཡེ་ཤེས་འཕོ། །གཞུང་འདི་མཇལ་ལས་ཚིག་དབང་རིན་པོ་ཆེ། །གཞན་ན་མེད་དེ་རིག་པའི་རྩལ་དབང་རྫོགས། །སྐྱོ་སུན་འཇིགས་དང་མི་དགས་གདུང་བའི་ཚེ། །གཞུང་འདི་མཇལ་ན་དགའ་ཆེན་ཡེ་ཤེས་སྐྱེ། །བག་དྲོ་ཉམས་དགའ་རིག་པ་དྭངས་ཤིང་གསལ། །ཡུལ་སྣང་འཁྲུལ་པ་ཐུག་ཕྲད་འཇིག་པ་ཡིན། །ཉམས་དགའ་རྒྱས་དང་བདེ་ཆེན་འབར་བའི་ཚེ། །གཞུང་འདི་མཇའ་ན་དགའ་བྲོད་ཞེན་པ་འཇིག །སྤང་བླང་རིས་མེད་གཉུག་མ་བརྡལ་བའི་ཀློང་

[p. 636] ཀུན་མཁྱེན་བླ་མའི་དགོངས་ཟབ་སྟོན་པ་ཡིན། །ཚེ་འདིར་ཞེན་དང་རྩོལ་བས་གདུང་བའི་ཚེ། །གཞུང་འདི་མཇལ་ན་ཨ་འཐས་མངོན་རློམ་འཇིག །སྣང་བ་གུ་ཡངས་གང་ལྟར་བྱས་ཀྱང་ཆོག །རེ་དོགས་ཁྲིགས་མེད་མཉམ་གཞག་ལྷོད་ཀྱིས་འགྲོ། །དབུ་མ་འདི་ཡིན་ཕ་རོལ་ཕྱིན་པ་འདི། །གཅོད་ཡུལ་འདི་ཡིན་སྡུག་བསྔལ་ཞི་བྱེད་དེ། །ཕྱག་རྒྱ་ཆེ་དང་རྫོགས་པ་ཆེན་པོ་དངོས། །ཆོས་ཀུན་འདིར་འདུས་ཀུན་ལས་ཁྱད་དུ་འཕགས། །ཀུན་མཁྱེན་བླ་མའི་རྗེས་འཇུག་སྲས་ཡིན་ན། །གཞུང་བཟང་འདི་དང་ནམ་ཡང་མི་འབྲལ་ཏེ། །རིག་པའི་གཏན་གྲོགས་འདི་ལ་འབྲལ་བས་ཆོག །ཕུག་གི་བློ་གཏད་འདི་འདྲ་ཡོད་རེ་ཀ་ན། །འཕྲལ་དུ་བློ་བདེ་ཕུགས་སུ་སངས་རྒྱས་ཐོབ། །རྩོལ་བས་མི་གདུང་བློ་ཡི་འཆིང་བ་འཇིག །སྐྱིད་ན་གོང་ནོན་སྡུག་ན་སྐྱོ་གྲོགས་བྱེད། །གཞུང་བཟང་འདི་འདྲ་མི་བསླུ་ཉག་གཅིག་ཡིན། །དེ་ཕྱིར་དབྱངས་སུ་གྱེར་ཞིང་མགུར་དུ་འཐེན། །ཚིགས་སུ་བཅད་ཅིང་ལྷུག་པོར་འདོན་ཞིང་བལྟ། །ནམ་ཡང་འདི་དང་འབྲལ་བར་མ་བྱས་ན། །འཁོར་བའི་འཁུར་སྣང་དུམ་བུ་དུམ་བུར་འགྲོ། །ནམ་ཞིག་བྱིན་བརྒྱུད་རྟོགས་པའི་གནད་འཕོས་ནས། །བརྗོད་དུ་མེད་པའི་ཡེ་ཤེས་ཁོང་ནས་སྐྱེ། །ཀུན་མཁྱེན་ཆོས་སྐུའི་བླ་མ་དངོས་ཞལ་མཇལ། །གཞི་བདེའི་སྟེང་དུ་བློ་བདེ་རྒྱུན་ཆད་མེད། །གཞུང་འདི་མཇལ་ལས་ཉམས་ལེན་གཞན་མེད་དེ། །སྒོམ་དང་སྒྲུབ་པའི་སྙིང་པོ་དེ་ཉིད་ཡིན། །གཞུང་བཟང་འདི་དག་ཅི་ཙམ་མཇལ་

[p. 637] ༄༅། །བའི་ཡུན། །དེ་སྲིད་ཆོས་སྐུའི་དགོངས་པ་ངང་གིས་སྐྱེ། །དེ་སླད་རྩོལ་བློའི་བློ་ཚུབ་མ་མང་བར། །བག་ཡངས་ངང་ནས་གཞུང་བཟང་འདི་དག་གཟིགས། །བརྗོད་བྱའི་དོན་ཟབ་རྒྱང་ཅ་ཅང་མེད་ཀྱི། །བློ་ ཐག་ཆོད་ལ་རང་བབ་ངང་ལ་ཞོག །རྟོགས་པར་དཀའ་བ་རྟོག་གེའི་བསྟན་བཅོས་བཞིན། །བསྒྲིམས་ཤིང་བསྒྲིམས་ནས་ཚིག་དོན་ཚོལ་མི་དགོས། །རང་བབ་ངང་ལ་གཞུང་སེམས་སྲེས་ཤིག་དང་། །གུ་ཡངས་རྗེན་པ་ཟང་ མ་ཐལ་གྱིས་འགྲོ། །ངོ་སྤྲོད་དེ་ཡིན་གཉུག་མའི་ཡེ་ཤེས་དེ། །ཀུན་མཁྱེན་བླ་མའི་གདམས་ངག་དེ་རང་ཡིན། །བརྗོད་བྱ་དེ་ཡིན་དབང་བསྐུར་དངོས་ཀྱང་དེ། །སྙིང་པོའི་ཉམས་ལེན་དེ་ག་རང་གིས་ཆོག །ངེས་ཚིག་ ཚིག་དོན་ཁྲོལ་རུང་མ་ཁྲོལ་རུང་། །བརྗོད་བྱའི་དོན་ཟབ་ཤེས་རུང་མ་ཤེས་རུང་། །དགོངས་པའི་ཞེ་ཕུག་རྙེད་རུང་མ་རྙེད་རུང་། །རེ་དོགས་ཆོད་ལ་མ་ཡེངས་ངང་ནས་གཟིགས། །ཡང་ལྟོས་ཡང་ལྟོས་ཉམས་དང་བསྲེས་ ལ་ལྟོས། །གཞུང་དང་སེམས་སྲེས་སེམས་ལ་གཞུང་རྒྱས་ཐོབ། །དབྱེར་མེད་ངང་ནས་ཉམས་དགའ་གདངས་སུ་གྱེར། །མོས་གུས་རྩལ་འབར་རྟོགས་པའི་ཡེ་ཤེས་སྐྱེ། །ཀྱེ་ལགས་སྙིང་པོའི་སྙིང་པོ་འདི་ཡིན་ཏེ། ། ཟབ་པའི་ཡང་ཟབ་འདི་འདྲ་གཞན་ན་མེད། །བྱིན་རླབས་མཛོད་ཡིན་སྙིང་པོའི་བསྟན་པ་ཡིན། །སྟོན་པ་དངོས་ཡིན་སངས་རྒྱས་ལག་བཅངས་ཡིན། །འདི་འདྲའི་ཡོན་ཏན་བསྐལ་པར་བརྗོད་ན་ཡང་། །བློ་ཆུང་བ་དྲག་

[p. 638] གི་ཀློག་མི་འཛད་ན། །བློ་ཆེན་གཞན་གྱི་སྤོབས་པ་ལྟ་ཅི་སྟེ། །འཕགས་པ་དགྱེས་པའི་ལམ་བཟང་འདི་འདྲ་མེད། །ཀྱེ་ལགས་འདི་འདྲའི་ནོར་བུ་རིན་པོ་ཆེ། །རང་དབང་འཇལ་བའི་སྐལ་བཟང་རྙེད་དུས་འདིར། །སྲིད་ན་གནས་ཀྱང་ཧ་ཅང་མི་སྐྱོ་སྟེ། །མོས་གུས་བསྐྱེད་ནས་གུ་ཡངས་ཅིས་མི་ཆོག །སྙིང་གི་གྲོགས། བྱེད་གཞུང་འདིར་བློ་ཕོབ་ལ། །བག་ཡངས་ངང་ནས་བློ་ཐག་འདི་རུ་ཆོད། །བྱ་བྱེད་རྩོལ་བློའི་བློ་ཆུབ་འདི་རུ་ཤིག །གཞུང་མང་གདམས་པའི་སྤྲོས་པ་འདི་རུ་ཆོད། །སྙན་སྙན་གཞུང་ལུགས་མང་པོས་ཅི་ཞིག་བྱ། །ཟབ་ཟབ་མན་ངག་མང་པོས་ཅི་ཞིག་བྱ། །སྤྲོས་སྤྲོས་ཉམས་ལེན་མང་པོས་ཅི་ཞིག་བྱ། །ཡིན་ཡིན་ཁ་བཤད་མང་པོས་ཅི་ཞིག་བྱ། །བག་ཡངས་བསམ་གཏན་ཉལ་ཆོག་འདི་རང་ཡིན། །བློ་བདེ་གུ་ཡངས་རང་གྲོལ་འདི་རང་ཡིན། །གཞུང་བཟང་གཅིག་ཤེས་ཀུན་གྲོལ་འདི་རང་ཡིན། །མན་ངག་ཆུ་བརྒྱ་ཟ་མ་གཅིག་འདི་རང་ཡིན། །རང་ལ་བཞག་ནས་གཞན་ལ་མ་ཚོལ་ཀྱེ། །སྙིང་པོ་དོར་ནས་ཤུན་པ་མ་བསྡུ་ཀྱེ། །རྩོལ་མེད་བོར་ནས་བརྩོན་པས་མ་བསྒྲུབ་ཀྱེ། །བྱར་མེད་བསྒྱུར་ནས་བྱ་བྱེད་མ་མང་ཀྱེ། །ཀུན་མཁྱེན་བླ་མའི་བརྒྱུད་དུ་སྐྱེས་ཙམ་ནས། །གཞུང་བཟང་འདི་འདྲ་མེས་པོའི་ཕ་ཕོག་ཡིན། །ལམ་བཟང་འདི་འདྲ་ཕ་མེས་བཞག་པ་ཡིན། །བཀུ་ཞིག་ཕབ་ན་འདི་རུ་ལོས་ཀྱང་ཕབ། །ཀྱེ་མ་ཀྱེ་མ་བརྒྱུད་གསུམ་ཐུགས་རྗེ་ཆེ། །གཞུང་བཟང་མཇལ་དུ་ཡོད་པ་སྐལ་པ་བཟང་། །ལམ་བཟང་བསྒྲུབ་ཏུ་ཡོད་པ་ཁ་རྗེ་ཆེ། །སངས་རྒྱས་རང་ལ་ཡོད་པ་ལོས་ཀྱང་བདེན། །དེ་སླད་རྒྱལ་བ་དགྱེས་

[p. 639] པའི་ལམ་བཟང་འདིར། །སྙིང་གི་གྲོགས་ཁྱེད་བློ་དང་ཆོས་སུ་སྲེས། །སྙིང་གཏམ་ལགས་ཀྱིས་སྙིང་གི་དབུས་སུ་སྟིམས། །སྙིང་ལ་བཅངས་ན་སྙིང་པོ་ཡིན་ཀྱང་སྲིད། །བག་མེད་མདོ་སྟོར་ཨ་བུ་ཧྲལ་པོ་བདག །རང་ལ་མེད་པའི་ཁ་ཆོས་འཆད་པ་ལ། །སྤྲོ་བ་མེད་ཀྱང་ཀུན་མཁྱེན་བརྒྱུད་པའི་གཞུང་། །ཡིད་ཆེས་ཐོབ་པ་ཉམས་མྱོང་ཉག་གཅིག་ཡིན། །དུག་ལྔ་མེ་འབར་རྣམ་གཡེང་ཁོལ་པོར་འཕྱན། །འཁྲུལ་སྣང་ཟློག་དཀའ་ལས་ངན་བདག་འདྲ་ཡང་། །གཞུང་བཟང་འདི་འདྲ་ཐོས་དང་མཇལ་བའི་ཚེ། །སྲིད་པའི་སྣང་ཤས་ཁྲལ་མ་ཁྲོལ་དུ་འགྲོ། །དེས་ན་བློ་བརྟན་དུག་ལྔའི་རྟོག་པ་ཆུང་། །སྐལ་བཟང་དམ་གཙང་ཁྱེད་དང་ཁྱེད་འདྲ་བས། །གཞུང་འདི་མཇལ་ན་བྱིན་བརྒྱུད་ཡེ་ཤེས་མཆོག །ཐོབ་པར་ངེས་ཀྱི་ངེས་ཤེས་ཡང་ཡང་སྐྱེད། །ཀུན་མཁྱེན་བླ་མ་རྫོགས་པའི་སངས་རྒྱས་དེའི། །བྱིན་རླབས་འོད་སྣང་གང་ལ་རེག་གྱུར་པ། །རྟོགས་གྲོལ་དུས་མཉམ་མངོན་སུམ་ཚད་མ་སྟེ། །གྲུབ་བརྒྱའི་སྤྱི་མིས་ཀུན་མཁྱེན་བླ་མ་ཡིན། །རྟོགས་པའི་དབང་ཕྱུག་ལྷ་བཙུན་ཆེན་པོ་དང་། །དགོངས་པའི་ཀློང་བརྡོལ་རིག་འཛིན་འཇིགས་མེད་གླིང་། །བསྟན་པའི་མངའ་བདག་གཏེར་ཆེན་བླ་མ་སོགས། །ཀུན་མཁྱེན་གཞུང་ལས་བྱིན་བརྒྱུད་ཐོབ་པ་ཡིན། །དེ་ཚུལ་དགོངས་མཛོད་སྙིང་གི་གྲོགས་པོ་ཁྱེད། །དེ་དང་འདྲ་བར་ཀུན་མཁྱེན་ལེགས་བཤད་མཆོག །དེ་ཚུལ་མཐོང་ནས་དོན་བརྒྱུད་ཡེ་ཤེས་ཐོབ། །དེ་བཞིན་ཉིད་དབྱིངས་དགོངས་ཀློང་གྲོལ་གྱུར་ཅིག །སརྦ་མངྒ་ལཾ

[edit]
BDRC typed e-text UT22920_005 (the base text was made from it).

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་བ་བཞུགས་སོ། ། ༄༅། །ན་མཿསརྦ་ཛྙཱ་ཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི་གཡོ་ཡེ་ཤེས་ཆོས་སྐུའི་ཀློང༌། །དགོངས་པའི་རྩལ་ཆེན་རྫོགས་པའི་སྣང་འགྲོས་ཅན། །ཀུན་མཁྱེན་བླ་མ་དེ་ལ་ཕྱག་འཚལ་ལོ། །ཀྱེ་ལགས་ཡོན་ཏན་མཆོག་གི་རང་བཞིན་ནི། །དམ་པའི་གཞུང་ལ་མ་བརྟེན་རང་བཟོས་མིན། །རྒྱ་མཚོ་ཆེ་ལས་ནོར་བུ་མཆོག་འབྱུང་གི །དམན་པའི་ཡུལ་ལས་རང་གར་ཅི་ཞིག་རྙེད། །རྟོགས་པའི་ཡེ་ཤེས་ཉི་མ་སྣང་བ་ཡང༌། །བྱིན་བརྒྱུད་མ་ཉམས་བླ་མའི་མན་ངག་ལས། །ངེས་པར་འོང་གི་སྟོང་སྒོམ་མུན་རྡོ་བ། །ལེགས་པའི་ལམ་དུ་རྣམ་མར་འགྲོ་བ་ཉུང༌། །ཐོས་པ་མེད་པ་སྲིད་ན་སྐྱོན་ཆེ་ཡང༌། །ལོག་པར་ཐོས་པ་དེ་བས་སྡིག་ཆེ་བས། །མཁས་པའི་གཞུང་ལ་བལྟ་བ་ཡོད་དུས་འདིར། །ཐོས་པའི་མིག་དཀྱུས་ཅི་ཕྱིར་དག་མི་བགྱིད། །སྲིད་པ་འདི་ན་ཡིད་བཞིན་ནོར་གཅིག་པུ། །ཀུན་མཁྱེན་བླ་མའི་གཞུང་ལུགས་རིན་པོ་ཆེ། །འདི་ལས་གཞན་ལ་སངས་རྒྱས་ཡོད་མིན་ན། །འདི་ལ་རབ་དགའ་མི་སྐྱེ་སུ་ཞིག་ཡོད། །ཐེག་པའི་ཡང་རྩེ་རྡོ་རྗེ་སྙིང་པོའི་མཆོག །འབུམ་ཕྲག་རྒྱུད་སྡེའི་དགོངས་དོན་རིན་ཆེན་མཛོད། །རྗོད་བྱེད་རྒྱ་ཆེ་བརྗོད་བྱ་དོན་ཟབ་པ། །འདི་མཐོང་ཀུན་ཏུ་བཟང་པོ་དངོས་ཞལ་མཇལ། །འབུམ་ཕྲག་དྲུག་ཅུའི་རྒྱུད་དོན་ཁོང་དུ་ཆུད། །སྲིད་ཞི་འཁོར་འདས་ཡོངས་ཀྱི་གནས་ལུགས་ཤེས། །ཟབ་ལམ་ཐེག་རྩེའི་དགོངས་པའི་ཁྱད་ཆོས་རྟོགས། །དེ་ཕྱིར་གཞུང་འདི་མཇལ་བ་ནན་ཏན་མཛོད། །བསྲུང་དུ་མེད་པ་ཆོས་སྐུའི་གནས་ལུགས་ནི། །རྒྱུ་འབྲས་ལས་འདས་ཀུན་བཟང་དགོངས་པའི་མཛོད། །གཞུང་བཟང་འདི་འདྲས་སྤྲོས་པ་མ་བཅད་ན། །ཡིད་དཔྱོད་ཐེག་པའི་ངན་ཞེན་སུ་ཡིས་གཞིག །མན་ངག་ཀུན་གྱི་སྙིང་པོ་བསྡུ་བསྡུ་བ། །དྲུག་ཚན་རེས་ཀྱང་དམ་ཆོས་མཛོད་རྫོགས་པའི། །ལམ་བཟང་འདི་འདྲ་རྒྱལ་བ་དངོས་མཇལ་ཀྱང༌། །ཅིག་ཆར་ཐོས་པ་དཀའ་བ་མ་ཡིན་ནམ། །བསྟན་པ་ཡོངས་རྫོགས་བསྟན་བཅོས་གཅིག་ཁོ་ནར། །ཚང་བའི་རྣམ་བཤད་གྲུབ་མཐའ་རིན་ཆེན་མཛོད། །གཞུང་བཟང་འདི་འདྲ་རྒྱ་བོད་གཉིས་ཆར་ཡང༌། །སྔར་ཡང་མ་བྱོན་ད་ཡང་འབྱོན་རེ་ཀན། །སྤང་བླང་གནས་ཀུན་ཡིད་བཞིན་ལེགས་སྟོན་པ། །ཆོས་ཚུལ་ཡོངས་རྫོགས་ཐོས་བསམ་སྒོམ་པའི་མཛོད། །འདི་མཐོང་བསྟན་པ་ཀུན་གྱི་དེ་ཉིད་ཤེས། །བརྒྱ་ཕྲག་གཞུང་ལ་ཅིག་ཆར་སྦྱངས་པར་འགྱུར། །ཐེག་རྩེའི་དགོངས་དོན་ཚིག་དོན་བཅུ་གཅིག་ཏུ། །ལེགས་བསྡུས་ཁ་ཚང་དོན་འདྲིལ་མན་ངག་གི །ཉམས་ལེན་གནད་ཀྱི་མཛོད་གཅིག་སྲིད་པ་ན། །སྲིད་པའི་རྩ་བ་གཅོད་ལ་གཅིག་ཏུ་དཔའ། །ཁྱད་པར་གཉུག་མའི་སེམས་ཉིད་ཆོས་སྐུའི་དོན། །བསལ་བཞག་བྲལ་བའི་ཡེ་ཤེས་རྗེན་པ་རུ། །ལེགས་སྟོན་ཀུན་མཁྱེན་བླ་མའི་དགོངས་པའི་མཐིལ། །ཟབ་ལས་ཆེས་ཟབ་ཆོས་དབྱིངས་རིན་ཆེན་མཛོད། །ཡང་དག་ཆོས་སྐུ་དངོས་སུ་བྱོན་པའི་གཞུང༌། །གཞུང་བཟང་འདི་འདྲ་སངས་རྒྱས་དངོས་ཡིན་ཏེ། །སྲིད་པ་འདི་ན་རྒྱལ་བའི་མཛད་པ་སྒྲུབ། །རྒྱལ་བའི་དགོངས་པ་མངོན་སུམ་སྟོན་པའི་གཞུང༌། །སངས་རྒྱས་མཇལ་ཀྱང་འདི་ལས་ཡོད་རེ་ཀན། །གཞུང་བཟང་འདི་འདྲ་དམ་ཆོས་ཀུན་གྱི་མཛོད། །ཆོས་རྣམས་ཀུན་གྱི་བརྗོད་བྱ་མཐར་ཐུག་པ། །ཆོས་སྐུའི་ཡེ་ཤེས་རྗེན་པར་སྟོན་པ་སྟེ། །ཆོས་ཀུན་བསྡུར་ཀྱང་འདི་ལས་ཡོད་རེ་ཀན། །གཞུང་བཟང་འདི་འདྲ་འཕགས་ཚོགས་ཀུན་གྱི་ཐུགས། །དུས་གསུམ་སྔ་ཕྱིའི་རྒྱལ་སྲས་འཕགས་རྣམས་ཀྱི། །རྟོགས་པའི་ཡེ་ཤེས་འདི་ལས་མ་འདས་ཏེ། །འཕགས་པའི་ཡེ་ཤེས་འདི་ལས་ཡོད་རེ་ཀན། །མཆོག་གསུམ་ཡོངས་རྫོགས་ཆོས་སྐུའི་མཆོད་སྡོང་ནི། །རྒྱལ་བ་ཀུན་གྱི་གཤེགས་ཤུལ་བླ་ན་མེད། །ཀུན་མཁྱེན་བླ་མའི་རྟོགས་པའི་འདྲ་འབག་སྟེ། །འདི་ལ་སུ་མཇལ་སྲིད་པ་ཐ་མ་ཡིན། །གཞུང་བཟང་འདི་འདྲ་ཚིག་གཅིག་ཐོས་པས་ཀྱང༌། །སྲིད་པའི་སྣང་ཤས་ཧྲུལ་པོར་བགྱིད་ནུས་ན། །ཡོངས་རྫོགས་མཇལ་བའི་སྐལ་བ་རྙེད་བཞིན་དུ། །འདོར་བར་བགྱིད་ན་སེམས་ཡོད་ཇི་ལྟར་ཡིན། །ཀྱེ་ལགས་སྡེ་སྣོད་གསུམ་དང་རིམ་དགུའི་ཆོས། །ཕལ་ཆེར་བརྩོན་འགྲུས་ཅན་ལ་དགོངས་པ་སྟེ། །སྒོམ་དང་སྒྲུབ་དང་རྩོལ་བས་གྲོལ་ལོ་ཞེས། །བསལ་བཞག་བྲལ་བའི་ཡེ་ཤེས་མཐོང་བ་མེད། །རྩོལ་མེད་བློ་འདས་རྡོ་རྗེ་རྩེ་མོ་འདི། །མ་བསྒོམས་སངས་རྒྱས་རིག་སྟོང་རྗེན་པའི་ཀློང༌། །ལེ་ལོ་ཅན་དང་ཆོས་སྐུར་དེང་སྤྲོད་དེ། །སྒོམ་དང་སྒྲུབ་དང་རྩོལ་བློའི་ཞེན་པ་མེད། །ལམ་འདི་སྟོན་ལ་ལྷར་བཅས་འཇིག་རྟེན་ན། །ཀུན་མཁྱེན་བླ་མ་ཆོས་སྐུ་ཉག་གཅིག་ཡིན། །ཆོས་སྐུའི་བསྟན་པ་ཇི་སྙེད་གནས་པ་ལས། །ཆོས་དབྱིངས་མཛོད་འདི་ཆོས་ཀྱི་ཉིང་ཁུ་ཡིན། །དེ་ཕྱིར་གཞུང་བཟང་འདི་འདྲ་སྲིད་འདི་ན། །མཐོང་གྲོལ་ཡིན་ཏེ་ཐོས་གྲོལ་དྲན་གྲོལ་ཡིན། །འབྲེལ་པ་ཐོག་ཚད་མ་འོངས་སངས་རྒྱས་ཡིན །དགོངས་པ་རྙེད་ན་ད་ལྟའི་སངས་རྒྱས་ཡིན། །བྱིན་བརླབས་བརྒྱུད་པའི་རྣོ་སོ་མ་ཉམས་ཤིང༌། །དགོངས་པ་གཏད་པས་དོན་བརྒྱུད་ཡེ་ཤེས་འཕོ། །ཕྱི་རབས་བུ་ལ་གཏད་རྒྱས་རྒྱས་བཏབ་པས། །ཀུན་མཁྱེན་བླ་མ་དངོས་དང་མཚུངས་པ་ཡིན། །ཇི་བཞིན་ཚིག་དོན་དགོངས་པ་མ་ཁྲོལ་ཡང༌། །མོས་གུས་ཐོབ་ན་བྱིན་བརྒྱུད་ཡེ་ཤེས་འཕོ། །གཞུང་འདི་མཇལ་ལས་ཚིག་དབང་རིན་པོ་ཆེ། །གཞན་ན་མེད་དེ་རིག་པའི་རྩལ་དབང་རྫོགས། །སྐྱོན་སུ་འཇིགས་དང་མི་དགས་གདུང་བའི་ཚེ། །གཞུང་འདི་མཇལ་ན་དགའ་ཆེན་ཡེ་ཤེས་སྐྱེ། །བག་དྲོ་ཉམས་དགའ་རིག་པ་དྭངས་ཤིང་གསལ། །ཡུལ་སྣང་འཁྲུལ་པ་ཐུག་ཕྲད་འཇིག་པ་ཡིན། །ཉམས་དགའ་རྒྱས་དང་བདེ་ཆེན་འབར་བའི་ཚེ། །གཞུང་འདི་མཇལ་ན་དགའ་བྲོད་ཞེན་པ་འཇིག །སྤང་བླང་རིས་མེད་གཉུག་མ་བརྡལ་བའི་ཀློང༌། །ཀུན་མཁྱེན་བླ་མའི་དགོངས་ཟབ་སྟོན་པ་ཡིན། །ཚེ་འདིར་ཞེན་དང་རྩོལ་བས་གདུང་བའི་ཚེ། །གཞུང་འདི་མཇལ་ནས་ཨ་འཐས་མངོན་རློམ་འཇིག །སྣང་བ་གུ་ཡངས་གང་ལྟར་བྱས་ཀྱང་ཆོག །རེ་དོགས་ཁྲིགས་མེད་མཉམ་གཞག་ལྷོད་ཀྱིས་འགྲོ། །དབུ་མ་འདི་ཡིན་ཕ་རོལ་ཕྱིན་པ་འདི། །གཅོད་ཡུལ་འདི་ཡིན་སྡུག་བསྔལ་ཞི་བྱེད་དེ། །ཕྱག་རྒྱ་ཆེ་དང་རྫོགས་པ་ཆེན་པོ་དངོས། །ཆོས་ཀུན་འདིར་འདུས་ཀུན་ལས་ཁྱད་དུ་འཕགས། །ཀུན་མཁྱེན་བླ་མའི་རྗེས་འཇུག་སྲས་ཡིན་ན། །གཞུང་བཟང་འདི་དང་ནམ་ཡང་མི་འབྲལ་ཏེ། །རིག་པའི་གཏན་གྲོགས་འདི་ལ་བཅོལ་པས་མཆོག །ཕུག་གི་བློ་གཏད་འདི་འདྲ་ཡོད་རེ་ཀན། །འཕྲལ་དུ་བློ་བདེ་ཕུགས་སུ་སངས་རྒྱས་ཐོབ། །རྩོལ་བས་མི་གདུང་བློ་ཡི་འཆིང་བ་འཇིག །སྐྱིད་ན་གོང་ནོན་སྡུག་ན་སྐྱོ་གྲོགས་བྱེད། །གཞུང་བཟང་འདི་འདྲ་མི་བསླུ་ཉག་གཅིག་ཡིན། །དེ་ཕྱིར་དབྱངས་སུ་གྱེར་ཞིང་མགུར་དུ་འཐེན། །ཚིགས་སུ་བཅད་ཅིང་ལྷུག་པོར་འདོན་ཞིང་བལྟ། །ནམ་ཡང་འདི་དང་འབྲལ་བར་མ་བྱས་ན། །འཁོར་བའི་འཁྲུལ་སྣང་དུམ་བུ་དུམ་བུར་འགྲོ། །ནམ་ཞིག་བྱིན་བརྒྱུད་རྟོགས་པའི་གནད་འཕོས་ནས། །བརྗོད་དུ་མེད་པའི་ཡེ་ཤེས་ཁོང་ནས་སྐྱེ། །ཀུན་མཁྱེན་ཆོས་སྐུའི་བླ་མ་དངོས་ཞལ་མཇལ། །གཞི་བདེའི་སྟེང་དུ་བློ་བདེ་རྒྱུན་ཆད་མེད། །གཞུང་འདི་མཇལ་ལས་ཉམས་ལེན་གཞན་མེད་དེ། །སྒོམ་དང་སྒྲུབ་པའི་སྙིང་པོ་དེ་ཉིད་ཡིན། །གཞུང་བཟང་འདི་དག་ཅི་ཙམ་མཇལ་བའི་ཡུན། །དེ་སྲིད་ཆོས་སྐུའི་དགོངས་པ་ངང་གིས་སྐྱེ། །དེ་སླད་རྩོལ་བློའི་བློ་ཚུབ་མ་མང་བར། །བག་ཡངས་ངང་ནས་གཟུང་བཟང་འདི་དག་གཟིགས། །བརྗོད་བྱའི་དོན་ཟབ་རྒྱང་ན་ཅང་མེད་ཀྱི། །བློ་ཐག་ཆོད་ལ་རང་བབ་ང་ལ་ཞོག །རྟོགས་པར་དཀའ་བ་རྟོག་གེའི་བསྟན་བཅོས་བཞིན། །བསྒྲིམས་ཤིང་བསྒྲིགས་ནས་ཚིག་དོན་ཚོལ་མི་དགོས། །རང་བབ་ངང་ལ་གཞུང་སེམས་སྲེས་ཤིག་དང༌། །གུ་ཡངས་རྗེན་པ་ཟང་མ་ཐལ་གྱིས་འགྲོ། །ངོ་སྤྲོད་དེ་ཡིན་གཉུག་མའི་ཡེ་ཤེས་དེ། །ཀུན་མཁྱེན་བླ་མའི་གདམས་ངག་དེར་རང་ཡིན། །བརྗོད་བྱ་དེ་ཡིན་དབང་བསྐུར་དངོས་ཀྱང་དེ། །སྙིང་པོའི་ཉམས་ལེན་དེ་ག་རང་གིས་ཆོག །ངེས་ཚིག་ཚིག་དོན་ཁྲོལ་རུང་མ་ཁྲོལ་རུང༌། །བརྗོད་བྱའི་དོན་ཟབ་ཤེས་རུང་མ་ཤེས་རུང༌། །དགོངས་པའི་ཞེ་ཕུག་རྙེད་རུང་མ་རྙེད་རུང༌། །རེ་དོགས་ཆོད་ལ་མ་ཡེངས་ངང་ནས་གཟིགས། །ཡང་ལྟོས་ཡང་ལྟོས་ཉམས་དང་བསྲེས་ལ་ལྟོས། །གཞུང་དང་སེམས་སྲེས་སེམས་ལ་གཞུང་རྒྱས་ཐོབ། །དབྱེར་མེད་ངང་ནས་ཉམས་དགའ་གདངས་སུ་གྱེར། །མོས་གུས་རྩལ་འབར་རྟོགས་པའི་ཡེ་ཤེས་སྐྱེ། །ཀྱེ་ལགས་སྙིང་པོའི་སྙིང་པོ་འདི་ཡིན་ཏེ། །ཟབ་པའི་ཡང་ཟབ་འདི་འདྲ་གཞན་ན་མེད། །བྱིན་རླབས་མཛོད་ཡིན་སྙིང་པོའི་བསྟན་པ་ཡིན། །སྟོན་པ་དངོས་ཡིན་སངས་རྒྱས་ལག་བཅངས་ཡིན། །འདི་འདྲའི་ཡོན་ཏན་བསྐལ་པར་བརྗོད་ན་ཡང༌། །བློ་ཆུང་བདག་གི་བློ་གྲོས་མི་འཛད་ན། །བློ་ཆེན་གཞན་གྱི་སྤོབས་པ་ལྟ་ཅི་སྟེ། །འཕགས་པ་དགྱེས་པའི་ལམ་བཟང་འདི་འདྲ་མེད། །ཀྱེ་ལགས་འདི་འདྲའི་ནོར་བུ་རིན་པོ་ཆེ། །རང་དབང་མཇལ་བའི་སྐལ་བཟང་རྙེད་དུས་འདིར། །སྲིད་ན་གནས་ཀྱང་ཧ་ཅང་མི་སྐྱོ་སྟེ། །མོས་གུས་བསྐྱེད་ནས་གུ་ཡངས་ཅིས་མི་ཆོག །སྙིང་གི་གྲོགས་ཁྱེད་གཞུང་འདིར་བློ་ཕོབ་ལ། །བག་ཡངས་ངང་ནས་བློ་ཐག་འདི་རུ་ཆོད། །བྱ་བྱེད་རྩོལ་བློའི་བློ་ཚུབ་འདི་རུ་ཤིག །གཞུང་མང་གདམས་པའི་སྤྲོས་པ་འདི་རུ་ཆོད། །སྙན་སྙན་གཞུང་ལུགས་མང་པོས་ཅི་ཞིག་བྱ། །ཟབ་ཟབ་མན་ངག་མང་པོས་ཅི་ཞིག་བྱ། །སྤྲོས་སྤྲོས་ཉམས་ལེན་མང་པོས་ཅི་ཞིག་བྱ། །ཡིན་ཡིན་ཁ་བཤད་མང་པོས་ཅི་ཞིག་བྱ། །བག་ཡངས་བསམ་གཏན་ཉལ་ཆོས་འདི་རང་ཡིན། །བློ་བདེ་གུ་ཡངས་རང་གྲལ་འདི་རང་ཡིན། །གཞུང་བཟང་གཅིག་ཤེས་ཀུན་གྲོལ་འདི་རང་ཡིན། །མན་ངག་ཆུ་བརྒྱ་ཟམ་གཅིག་་འདི་རང་ཡིན། །རང་ལ་བཞག་ནས་གཞན་ལ་མ་ཚོལ་ཀྱེ། །སྙིང་པོ་དོར་ནས་ཤུན་པ་མ་བསྡུ་ཀྱེ། །རྩོལ་མེད་བོར་ནས་བརྩོན་པས་མ་བསྒྲུབ་ཀྱེ། །བྱར་མེད་བསྐྱུར་ནས་བྱ་བྱེད་མ་མང་ཀྱེ། །ཀུན་མཁྱེན་བླ་མའི་བརྒྱུད་དུ་སྐྱེས་ཙམ་ནས། །གཟུང་བཟང་འདི་འདྲ་མེས་པོའི་ཕ་ཕོག་ཡིན། །ལམ་བཟང་འདི་འདྲ་ཕ་མེས་བཞག་པ་ཡིན། །བག་ཞིག་ཕབ་ན་འདི་རུ་ལོས་ཀྱང་ཕབ། །ཀྱེ་མ་ཀྱེ་མ་བརྒྱུད་གསུམ་ཐུགས་རྗེ་ཆེ། །གཞུང་བཟང་མཇལ་དུ་ཡོད་པ་སྐལ་བ་བཟང༌། །ལམ་བཟང་བསྒྲུབ་ཏུ་ཡོད་པ་ཁ་རྗེ་ཆེ། །སངས་རྒྱས་རང་ལ་ཡོད་པ་ལོས་ཀྱང་བདེན། །དེ་སླད་རྒྱལ་བ་དགྱེས་པའི་ལམ་བཟང་འདིར། །སྙིང་གི་གྲོགས་ཁྱེད་བློ་དང་ཆོས་སུ་སྲེས། །སྙིང་གཏམ་ལགས་ཀྱིས་སྙིང་གི་དབུས་སུ་སྟིམས། །སྙིང་ལ་བཅངས་ན་སྙིང་པོ་ཡིན་ཀྱང་སྲིད། །བག་མེད་མདོ་སྟོར་ཨ་བུ་ཧྲལ་པོ་བདག །རང་ལ་མེད་པའི་ཁ་ཆོས་འཆད་པ་ལ། །སྤྲོ་བ་མེད་ཀྱང་ཀུན་མཁྱེན་བརྒྱུད་པའི་གཞུང༌། །ཡིད་ཆེས་ཐོབ་པ་ཉམས་མྱོང་ཉག་གཅིག་ཡིན། །དུག་ལྔ་མེ་འབར་རྣམ་གཡེང་ཁོལ་པོར་འཕྱན། །འཁྲུལ་སྣང་བཟློག་དཀའ་ལས་ངན་བདག་འདྲ་ཡང༌། །གཞུང་བཟང་འདི་འདྲ་ཐོས་དང་མཇལ་བའི་ཚེ། །སྲིད་པའི་སྣང་ཤས་ཁྲལ་མ་ཁྲོལ་དུ་འགྲོ། །དེས་ན་བློ་བརྟན་དུག་ལྔའི་རྟོག་པ་ཆུང༌། །སྐལ་བཟང་དམ་གཙང་ཁྱེད་དང་ཁྱེད་འདྲ་བས། །གཞུང་འདི་མཇལ་ན་བྱིན་བརྒྱུད་ཡེ་ཤེས་མཆོག །ཐོབ་པར་ངེས་ཀྱི་ངེས་ཤེས་ཡང་ཡང་སྐྱེད། །ཀུན་མཁྱེན་བླ་མ་རྫོགས་པའི་སངས་རྒྱས་དེའི། །བྱིན་རླབས་འོད་སྣང་གང་ལ་རེག་གྱུར་པ། །རྟོགས་གྲོལ་དུས་མཉམ་མངོན་སུམ་ཚད་མ་སྟེ། །གྲུབ་བརྒྱའི་སྤྱི་མེས་ཀུན་མཁྱེན་བླ་མ་ཡིན། །རྟོགས་པའི་དབང་ཕྱུག་ལྷ་བཙུན་ཆེན་པོ་དང༌། །དགོངས་པའི་ཀློང་བརྡོལ་རིག་འཛིན་འཇིགས་མེད་གླིང༌། །བསྟན་པའི་མངའ་བདག་གཏེར་ཆེན་བླ་མ་སོགས། །ཀུན་མཁྱེན་གཞུང་ལས་བྱིན་བརྒྱུད་ཐོབ་པ་ཡིན། །དེ་ཚུལ་དགོངས་མཛོད་སྙིང་གི་གྲོགས་པོ་ཁྱེད། །དེ་དང་འདྲ་བར་ཀུན་མཁྱེན་ལེགས་བཤད་མཆོག །དེ་ཚུལ་མཐོང་ནས་དོན་བརྒྱད་ཡེ་ཤེས་ཐོབ། །དེ་བཞིན་ཉིད་དབྱིངས་དགོངས་ཀློང་གྲོལ་གྱུར་ཅིག ། དཔལ་སྤྲུལ་གསུང༌། སརྦ་མངྒ་ལཾ

[edit]
rywikitexts e-text input by Karma Lekshey Ling.

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་བ་བཞུགས་སོ། ། ༄༅། །ན་མཿསརྦ་ཛྙཱ་ཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི་གཡོ་ཡེ་ཤེས་ཆོས་སྐུའི་ཀློང༌། །དགོངས་པའི་རྩལ་ཆེན་རྫོགས་པའི་སྣང་འགྲོས་ཅན། །ཀུན་མཁྱེན་བླ་མ་དེ་ལ་ཕྱག་འཚལ་ལོ། །ཀྱེ་ལགས་ཡོན་ཏན་མཆོག་གི་རང་བཞིན་ནི། །དམ་པའི་གཞུང་ལ་མ་བརྟེན་རང་བཟོས་མིན། །རྒྱ་མཚོ་ཆེ་ལས་ནོར་བུ་མཆོག་འབྱུང་གི །དམན་པའི་ཡུལ་ལས་རང་གར་ཅི་ཞིག་རྙེད། །རྟོགས་པའི་ཡེ་ཤེས་ཉི་མ་སྣང་བ་ཡང༌། །བྱིན་བརྒྱུད་མ་ཉམས་བླ་མའི་མན་ངག་ལས། །ངེས་པར་འོང་གི་སྟོང་སྒོམ་མུན་རྡོ་བ། །ལེགས་པའི་ལམ་དུ་རྣམ་མར་འགྲོ་བ་ཉུང༌། །ཐོས་པ་མེད་པ་སྲིད་ན་སྐྱོན་ཆེ་ཡང༌། །ལོག་པར་ཐོས་པ་དེ་བས་སྡིག་ཆེ་བས། །མཁས་པའི་གཞུང་ལ་བལྟ་བ་ཡོད་དུས་འདིར། །ཐོས་པའི་མིག་དཀྱུས་ཅི་ཕྱིར་དག་མི་བགྱིད། །སྲིད་པ་འདི་ན་ཡིད་བཞིན་ནོར་གཅིག་པུ། །ཀུན་མཁྱེན་བླ་མའི་གཞུང་ལུགས་རིན་པོ་ཆེ། །འདི་ལས་གཞན་ལ་སངས་རྒྱས་ཡོད་མིན་ན། །འདི་ལ་རབ་དགའ་མི་སྐྱེ་སུ་ཞིག་ཡོད། །ཐེག་པའི་ཡང་རྩེ་རྡོ་རྗེ་སྙིང་པོའི་མཆོག །འབུམ་ཕྲག་རྒྱུད་སྡེའི་དགོངས་དོན་རིན་ཆེན་མཛོད། །རྗོད་བྱེད་རྒྱ་ཆེ་བརྗོད་བྱ་དོན་ཟབ་པ། །འདི་མཐོང་ཀུན་ཏུ་བཟང་པོ་དངོས་ཞལ་མཇལ། །འབུམ་ཕྲག་དྲུག་ཅུའི་རྒྱུད་དོན་ཁོང་དུ་ཆུད། །སྲིད་ཞི་འཁོར་འདས་ཡོངས་ཀྱི་གནས་ལུགས་ཤེས། །ཟབ་ལམ་ཐེག་རྩེའི་དགོངས་པའི་ཁྱད་ཆོས་རྟོགས། །དེ་ཕྱིར་གཞུང་འདི་མཇལ་བ་ནན་ཏན་མཛོད། །བསྲུང་དུ་མེད་པ་ཆོས་སྐུའི་གནས་ལུགས་ནི། །རྒྱུ་འབྲས་ལས་འདས་ཀུན་བཟང་དགོངས་པའི་མཛོད། །གཞུང་བཟང་འདི་འདྲས་སྤྲོས་པ་མ་བཅད་ན། །ཡིད་དཔྱོད་ཐེག་པའི་ངན་ཞེན་སུ་ཡིས་གཞིག །མན་ངག་ཀུན་གྱི་སྙིང་པོ་བསྡུ་བསྡུ་བ། །དྲུག་ཚན་རེས་ཀྱང་དམ་ཆོས་མཛོད་རྫོགས་པའི། །ལམ་བཟང་འདི་འདྲ་རྒྱལ་བ་དངོས་མཇལ་ཀྱང༌། །ཅིག་ཆར་ཐོས་པ་དཀའ་བ་མ་ཡིན་ནམ། །བསྟན་པ་ཡོངས་རྫོགས་བསྟན་བཅོས་གཅིག་ཁོ་ནར། །ཚང་བའི་རྣམ་བཤད་གྲུབ་མཐའ་རིན་ཆེན་མཛོད། །གཞུང་བཟང་འདི་འདྲ་རྒྱ་བོད་གཉིས་ཆར་ཡང༌། །སྔར་ཡང་མ་བྱོན་ད་ཡང་འབྱོན་རེ་ཀན། །སྤང་བླང་གནས་ཀུན་ཡིད་བཞིན་ལེགས་སྟོན་པ། །ཆོས་ཚུལ་ཡོངས་རྫོགས་ཐོས་བསམ་སྒོམ་པའི་མཛོད། །འདི་མཐོང་བསྟན་པ་ཀུན་གྱི་དེ་ཉིད་ཤེས། །བརྒྱ་ཕྲག་གཞུང་ལ་ཅིག་ཆར་སྦྱངས་པར་འགྱུར། །ཐེག་རྩེའི་དགོངས་དོན་ཚིག་དོན་བཅུ་གཅིག་ཏུ། །ལེགས་བསྡུས་ཁ་ཚང་དོན་འདྲིལ་མན་ངག་གི །ཉམས་ལེན་གནད་ཀྱི་མཛོད་གཅིག་སྲིད་པ་ན། །སྲིད་པའི་རྩ་བ་གཅོད་ལ་གཅིག་ཏུ་དཔའ། །ཁྱད་པར་གཉུག་མའི་སེམས་ཉིད་ཆོས་སྐུའི་དོན། །བསལ་བཞག་བྲལ་བའི་ཡེ་ཤེས་རྗེན་པ་རུ། །ལེགས་སྟོན་ཀུན་མཁྱེན་བླ་མའི་དགོངས་པའི་མཐིལ། །ཟབ་ལས་ཆེས་ཟབ་ཆོས་དབྱིངས་རིན་ཆེན་མཛོད། །ཡང་དག་ཆོས་སྐུ་དངོས་སུ་བྱོན་པའི་གཞུང༌། །གཞུང་བཟང་འདི་འདྲ་སངས་རྒྱས་དངོས་ཡིན་ཏེ། །སྲིད་པ་འདི་ན་རྒྱལ་བའི་མཛད་པ་སྒྲུབ། །རྒྱལ་བའི་དགོངས་པ་མངོན་སུམ་སྟོན་པའི་གཞུང༌། །སངས་རྒྱས་མཇལ་ཀྱང་འདི་ལས་ཡོད་རེ་ཀན། །གཞུང་བཟང་འདི་འདྲ་དམ་ཆོས་ཀུན་གྱི་མཛོད། །ཆོས་རྣམས་ཀུན་གྱི་བརྗོད་བྱ་མཐར་ཐུག་པ། །ཆོས་སྐུའི་ཡེ་ཤེས་རྗེན་པར་སྟོན་པ་སྟེ། །ཆོས་ཀུན་བསྡུར་ཀྱང་འདི་ལས་ཡོད་རེ་ཀན། །གཞུང་བཟང་འདི་འདྲ་འཕགས་ཚོགས་ཀུན་གྱི་ཐུགས། །དུས་གསུམ་སྔ་ཕྱིའི་རྒྱལ་སྲས་འཕགས་རྣམས་ཀྱི། །རྟོགས་པའི་ཡེ་ཤེས་འདི་ལས་མ་འདས་ཏེ། །འཕགས་པའི་ཡེ་ཤེས་འདི་ལས་ཡོད་རེ་ཀན། །མཆོག་གསུམ་ཡོངས་རྫོགས་ཆོས་སྐུའི་མཆོད་སྡོང་ནི། །རྒྱལ་བ་ཀུན་གྱི་གཤེགས་ཤུལ་བླ་ན་མེད། །ཀུན་མཁྱེན་བླ་མའི་རྟོགས་པའི་འདྲ་འབག་སྟེ། །འདི་ལ་སུ་མཇལ་སྲིད་པ་ཐ་མ་ཡིན། །གཞུང་བཟང་འདི་འདྲ་ཚིག་གཅིག་ཐོས་པས་ཀྱང༌། །སྲིད་པའི་སྣང་ཤས་ཧྲུལ་པོར་བགྱིད་ནུས་ན། །ཡོངས་རྫོགས་མཇལ་བའི་སྐལ་བ་རྙེད་བཞིན་དུ། །འདོར་བར་བགྱིད་ན་སེམས་ཡོད་ཇི་ལྟར་ཡིན། །ཀྱེ་ལགས་སྡེ་སྣོད་གསུམ་དང་རིམ་དགུའི་ཆོས། །ཕལ་ཆེར་བརྩོན་འགྲུས་ཅན་ལ་དགོངས་པ་སྟེ། །སྒོམ་དང་སྒྲུབ་དང་རྩོལ་བས་གྲོལ་ལོ་ཞེས། །བསལ་བཞག་བྲལ་བའི་ཡེ་ཤེས་མཐོང་བ་མེད། །རྩོལ་མེད་བློ་འདས་རྡོ་རྗེ་རྩེ་མོ་འདི། །མ་བསྒོམས་སངས་རྒྱས་རིག་སྟོང་རྗེན་པའི་ཀློང༌། །ལེ་ལོ་ཅན་དང་ཆོས་སྐུར་དེང་སྤྲོད་དེ། །སྒོམ་དང་སྒྲུབ་དང་རྩོལ་བློའི་ཞེན་པ་མེད། །ལམ་འདི་སྟོན་ལ་ལྷར་བཅས་འཇིག་རྟེན་ན། །ཀུན་མཁྱེན་བླ་མ་ཆོས་སྐུ་ཉག་གཅིག་ཡིན། །ཆོས་སྐུའི་བསྟན་པ་ཇི་སྙེད་གནས་པ་ལས། །ཆོས་དབྱིངས་མཛོད་འདི་ཆོས་ཀྱི་ཉིང་ཁུ་ཡིན། །དེ་ཕྱིར་གཞུང་བཟང་འདི་འདྲ་སྲིད་འདི་ན། །མཐོང་གྲོལ་ཡིན་ཏེ་ཐོས་གྲོལ་དྲན་གྲོལ་ཡིན། །འབྲེལ་པ་ཐོག་ཚད་མ་འོངས་སངས་རྒྱས་ཡིན །དགོངས་པ་རྙེད་ན་ད་ལྟའི་སངས་རྒྱས་ཡིན། །བྱིན་བརླབས་བརྒྱུད་པའི་རྣོ་སོ་མ་ཉམས་ཤིང༌། །དགོངས་པ་གཏད་པས་དོན་བརྒྱུད་ཡེ་ཤེས་འཕོ། །ཕྱི་རབས་བུ་ལ་གཏད་རྒྱས་རྒྱས་བཏབ་པས། །ཀུན་མཁྱེན་བླ་མ་དངོས་དང་མཚུངས་པ་ཡིན། །ཇི་བཞིན་ཚིག་དོན་དགོངས་པ་མ་ཁྲོལ་ཡང༌། །མོས་གུས་ཐོབ་ན་བྱིན་བརྒྱུད་ཡེ་ཤེས་འཕོ། །གཞུང་འདི་མཇལ་ལས་ཚིག་དབང་རིན་པོ་ཆེ། །གཞན་ན་མེད་དེ་རིག་པའི་རྩལ་དབང་རྫོགས། །སྐྱོན་སུ་འཇིགས་དང་མི་དགས་གདུང་བའི་ཚེ། །གཞུང་འདི་མཇལ་ན་དགའ་ཆེན་ཡེ་ཤེས་སྐྱེ། །བག་དྲོ་ཉམས་དགའ་རིག་པ་དྭངས་ཤིང་གསལ། །ཡུལ་སྣང་འཁྲུལ་པ་ཐུག་ཕྲད་འཇིག་པ་ཡིན། །ཉམས་དགའ་རྒྱས་དང་བདེ་ཆེན་འབར་བའི་ཚེ། །གཞུང་འདི་མཇལ་ན་དགའ་བྲོད་ཞེན་པ་འཇིག །སྤང་བླང་རིས་མེད་གཉུག་མ་བརྡལ་བའི་ཀློང༌། །ཀུན་མཁྱེན་བླ་མའི་དགོངས་ཟབ་སྟོན་པ་ཡིན། །ཚེ་འདིར་ཞེན་དང་རྩོལ་བས་གདུང་བའི་ཚེ། །གཞུང་འདི་མཇལ་ནས་ཨ་འཐས་མངོན་རློམ་འཇིག །སྣང་བ་གུ་ཡངས་གང་ལྟར་བྱས་ཀྱང་ཆོག །རེ་དོགས་ཁྲིགས་མེད་མཉམ་གཞག་ལྷོད་ཀྱིས་འགྲོ། །དབུ་མ་འདི་ཡིན་ཕ་རོལ་ཕྱིན་པ་འདི། །གཅོད་ཡུལ་འདི་ཡིན་སྡུག་བསྔལ་ཞི་བྱེད་དེ། །ཕྱག་རྒྱ་ཆེ་དང་རྫོགས་པ་ཆེན་པོ་དངོས། །ཆོས་ཀུན་འདིར་འདུས་ཀུན་ལས་ཁྱད་དུ་འཕགས། །ཀུན་མཁྱེན་བླ་མའི་རྗེས་འཇུག་སྲས་ཡིན་ན། །གཞུང་བཟང་འདི་དང་ནམ་ཡང་མི་འབྲལ་ཏེ། །རིག་པའི་གཏན་གྲོགས་འདི་ལ་བཅོལ་པས་མཆོག །ཕུག་གི་བློ་གཏད་འདི་འདྲ་ཡོད་རེ་ཀན། །འཕྲལ་དུ་བློ་བདེ་ཕུགས་སུ་སངས་རྒྱས་ཐོབ། །རྩོལ་བས་མི་གདུང་བློ་ཡི་འཆིང་བ་འཇིག །སྐྱིད་ན་གོང་ནོན་སྡུག་ན་སྐྱོ་གྲོགས་བྱེད། །གཞུང་བཟང་འདི་འདྲ་མི་བསླུ་ཉག་གཅིག་ཡིན། །དེ་ཕྱིར་དབྱངས་སུ་གྱེར་ཞིང་མགུར་དུ་འཐེན། །ཚིགས་སུ་བཅད་ཅིང་ལྷུག་པོར་འདོན་ཞིང་བལྟ། །ནམ་ཡང་འདི་དང་འབྲལ་བར་མ་བྱས་ན། །འཁོར་བའི་འཁྲུལ་སྣང་དུམ་བུ་དུམ་བུར་འགྲོ། །ནམ་ཞིག་བྱིན་བརྒྱུད་རྟོགས་པའི་གནད་འཕོས་ནས། །བརྗོད་དུ་མེད་པའི་ཡེ་ཤེས་ཁོང་ནས་སྐྱེ། །ཀུན་མཁྱེན་ཆོས་སྐུའི་བླ་མ་དངོས་ཞལ་མཇལ། །གཞི་བདེའི་སྟེང་དུ་བློ་བདེ་རྒྱུན་ཆད་མེད། །གཞུང་འདི་མཇལ་ལས་ཉམས་ལེན་གཞན་མེད་དེ། །སྒོམ་དང་སྒྲུབ་པའི་སྙིང་པོ་དེ་ཉིད་ཡིན། །གཞུང་བཟང་འདི་དག་ཅི་ཙམ་མཇལ་བའི་ཡུན། །དེ་སྲིད་ཆོས་སྐུའི་དགོངས་པ་ངང་གིས་སྐྱེ། །དེ་སླད་རྩོལ་བློའི་བློ་ཚུབ་མ་མང་བར། །བག་ཡངས་ངང་ནས་གཟུང་བཟང་འདི་དག་གཟིགས། །བརྗོད་བྱའི་དོན་ཟབ་རྒྱང་ན་ཅང་མེད་ཀྱི། །བློ་ཐག་ཆོད་ལ་རང་བབ་ང་ལ་ཞོག །རྟོགས་པར་དཀའ་བ་རྟོག་གེའི་བསྟན་བཅོས་བཞིན། །བསྒྲིམས་ཤིང་བསྒྲིགས་ནས་ཚིག་དོན་ཚོལ་མི་དགོས། །རང་བབ་ངང་ལ་གཞུང་སེམས་སྲེས་ཤིག་དང༌། །གུ་ཡངས་རྗེན་པ་ཟང་མ་ཐལ་གྱིས་འགྲོ། །ངོ་སྤྲོད་དེ་ཡིན་གཉུག་མའི་ཡེ་ཤེས་དེ། །ཀུན་མཁྱེན་བླ་མའི་གདམས་ངག་དེར་རང་ཡིན། །བརྗོད་བྱ་དེ་ཡིན་དབང་བསྐུར་དངོས་ཀྱང་དེ། །སྙིང་པོའི་ཉམས་ལེན་དེ་ག་རང་གིས་ཆོག །ངེས་ཚིག་ཚིག་དོན་ཁྲོལ་རུང་མ་ཁྲོལ་རུང༌། །བརྗོད་བྱའི་དོན་ཟབ་ཤེས་རུང་མ་ཤེས་རུང༌། །དགོངས་པའི་ཞེ་ཕུག་རྙེད་རུང་མ་རྙེད་རུང༌། །རེ་དོགས་ཆོད་ལ་མ་ཡེངས་ངང་ནས་གཟིགས། །ཡང་ལྟོས་ཡང་ལྟོས་ཉམས་དང་བསྲེས་ལ་ལྟོས། །གཞུང་དང་སེམས་སྲེས་སེམས་ལ་གཞུང་རྒྱས་ཐོབ། །དབྱེར་མེད་ངང་ནས་ཉམས་དགའ་གདངས་སུ་གྱེར། །མོས་གུས་རྩལ་འབར་རྟོགས་པའི་ཡེ་ཤེས་སྐྱེ། །ཀྱེ་ལགས་སྙིང་པོའི་སྙིང་པོ་འདི་ཡིན་ཏེ། །ཟབ་པའི་ཡང་ཟབ་འདི་འདྲ་གཞན་ན་མེད། །བྱིན་རླབས་མཛོད་ཡིན་སྙིང་པོའི་བསྟན་པ་ཡིན། །སྟོན་པ་དངོས་ཡིན་སངས་རྒྱས་ལག་བཅངས་ཡིན། །འདི་འདྲའི་ཡོན་ཏན་བསྐལ་པར་བརྗོད་ན་ཡང༌། །བློ་ཆུང་བདག་གི་བློ་གྲོས་མི་འཛད་ན། །བློ་ཆེན་གཞན་གྱི་སྤོབས་པ་ལྟ་ཅི་སྟེ། །འཕགས་པ་དགྱེས་པའི་ལམ་བཟང་འདི་འདྲ་མེད། །ཀྱེ་ལགས་འདི་འདྲའི་ནོར་བུ་རིན་པོ་ཆེ། །རང་དབང་མཇལ་བའི་སྐལ་བཟང་རྙེད་དུས་འདིར། །སྲིད་ན་གནས་ཀྱང་ཧ་ཅང་མི་སྐྱོ་སྟེ། །མོས་གུས་བསྐྱེད་ནས་གུ་ཡངས་ཅིས་མི་ཆོག །སྙིང་གི་གྲོགས་ཁྱེད་གཞུང་འདིར་བློ་ཕོབ་ལ། །བག་ཡངས་ངང་ནས་བློ་ཐག་འདི་རུ་ཆོད། །བྱ་བྱེད་རྩོལ་བློའི་བློ་ཚུབ་འདི་རུ་ཤིག །གཞུང་མང་གདམས་པའི་སྤྲོས་པ་འདི་རུ་ཆོད། །སྙན་སྙན་གཞུང་ལུགས་མང་པོས་ཅི་ཞིག་བྱ། །ཟབ་ཟབ་མན་ངག་མང་པོས་ཅི་ཞིག་བྱ། །སྤྲོས་སྤྲོས་ཉམས་ལེན་མང་པོས་ཅི་ཞིག་བྱ། །ཡིན་ཡིན་ཁ་བཤད་མང་པོས་ཅི་ཞིག་བྱ། །བག་ཡངས་བསམ་གཏན་ཉལ་ཆོས་འདི་རང་ཡིན། །བློ་བདེ་གུ་ཡངས་རང་གྲལ་འདི་རང་ཡིན། །གཞུང་བཟང་གཅིག་ཤེས་ཀུན་གྲོལ་འདི་རང་ཡིན། །མན་ངག་ཆུ་བརྒྱ་ཟམ་གཅིག་་འདི་རང་ཡིན། །རང་ལ་བཞག་ནས་གཞན་ལ་མ་ཚོལ་ཀྱེ། །སྙིང་པོ་དོར་ནས་ཤུན་པ་མ་བསྡུ་ཀྱེ། །རྩོལ་མེད་བོར་ནས་བརྩོན་པས་མ་བསྒྲུབ་ཀྱེ། །བྱར་མེད་བསྐྱུར་ནས་བྱ་བྱེད་མ་མང་ཀྱེ། །ཀུན་མཁྱེན་བླ་མའི་བརྒྱུད་དུ་སྐྱེས་ཙམ་ནས། །གཟུང་བཟང་འདི་འདྲ་མེས་པོའི་ཕ་ཕོག་ཡིན། །ལམ་བཟང་འདི་འདྲ་ཕ་མེས་བཞག་པ་ཡིན། །བག་ཞིག་ཕབ་ན་འདི་རུ་ལོས་ཀྱང་ཕབ། །ཀྱེ་མ་ཀྱེ་མ་བརྒྱུད་གསུམ་ཐུགས་རྗེ་ཆེ། །གཞུང་བཟང་མཇལ་དུ་ཡོད་པ་སྐལ་བ་བཟང༌། །ལམ་བཟང་བསྒྲུབ་ཏུ་ཡོད་པ་ཁ་རྗེ་ཆེ། །སངས་རྒྱས་རང་ལ་ཡོད་པ་ལོས་ཀྱང་བདེན། །དེ་སླད་རྒྱལ་བ་དགྱེས་པའི་ལམ་བཟང་འདིར། །སྙིང་གི་གྲོགས་ཁྱེད་བློ་དང་ཆོས་སུ་སྲེས། །སྙིང་གཏམ་ལགས་ཀྱིས་སྙིང་གི་དབུས་སུ་སྟིམས། །སྙིང་ལ་བཅངས་ན་སྙིང་པོ་ཡིན་ཀྱང་སྲིད། །བག་མེད་མདོ་སྟོར་ཨ་བུ་ཧྲལ་པོ་བདག །རང་ལ་མེད་པའི་ཁ་ཆོས་འཆད་པ་ལ། །སྤྲོ་བ་མེད་ཀྱང་ཀུན་མཁྱེན་བརྒྱུད་པའི་གཞུང༌། །ཡིད་ཆེས་ཐོབ་པ་ཉམས་མྱོང་ཉག་གཅིག་ཡིན། །དུག་ལྔ་མེ་འབར་རྣམ་གཡེང་ཁོལ་པོར་འཕྱན། །འཁྲུལ་སྣང་བཟློག་དཀའ་ལས་ངན་བདག་འདྲ་ཡང༌། །གཞུང་བཟང་འདི་འདྲ་ཐོས་དང་མཇལ་བའི་ཚེ། །སྲིད་པའི་སྣང་ཤས་ཁྲལ་མ་ཁྲོལ་དུ་འགྲོ། །དེས་ན་བློ་བརྟན་དུག་ལྔའི་རྟོག་པ་ཆུང༌། །སྐལ་བཟང་དམ་གཙང་ཁྱེད་དང་ཁྱེད་འདྲ་བས། །གཞུང་འདི་མཇལ་ན་བྱིན་བརྒྱུད་ཡེ་ཤེས་མཆོག །ཐོབ་པར་ངེས་ཀྱི་ངེས་ཤེས་ཡང་ཡང་སྐྱེད། །ཀུན་མཁྱེན་བླ་མ་རྫོགས་པའི་སངས་རྒྱས་དེའི། །བྱིན་རླབས་འོད་སྣང་གང་ལ་རེག་གྱུར་པ། །རྟོགས་གྲོལ་དུས་མཉམ་མངོན་སུམ་ཚད་མ་སྟེ། །གྲུབ་བརྒྱའི་སྤྱི་མེས་ཀུན་མཁྱེན་བླ་མ་ཡིན། །རྟོགས་པའི་དབང་ཕྱུག་ལྷ་བཙུན་ཆེན་པོ་དང༌། །དགོངས་པའི་ཀློང་བརྡོལ་རིག་འཛིན་འཇིགས་མེད་གླིང༌། །བསྟན་པའི་མངའ་བདག་གཏེར་ཆེན་བླ་མ་སོགས། །ཀུན་མཁྱེན་གཞུང་ལས་བྱིན་བརྒྱུད་ཐོབ་པ་ཡིན། །དེ་ཚུལ་དགོངས་མཛོད་སྙིང་གི་གྲོགས་པོ་ཁྱེད། །དེ་དང་འདྲ་བར་ཀུན་མཁྱེན་ལེགས་བཤད་མཆོག །དེ་ཚུལ་མཐོང་ནས་དོན་བརྒྱད་ཡེ་ཤེས་ཐོབ། །དེ་བཞིན་ཉིད་དབྱིངས་དགོངས་ཀློང་གྲོལ་གྱུར་ཅིག །དཔལ་སྤྲུལ་གསུང༌། སརྦ་མངྒ་ལཾ

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 3,065 typing errors, September 2026), with the variants of the other editions under each page (18 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Pe cin 2009 (dpe bsdur ma); K = Karma Lekshey Ling; D = Derge (sde dge par ma); L = Serthang Larung; O = single volume MW2PD19906; S = single volume MW8LS32770; T = two volumes MW0TTBBC0034; U = two volumes MW0TTBBC0007. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 690] ༄༅། །ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་བ་བཞུགས་སོ། ། ༄༅། །ན་མཿསརྦ་ཛྙཱ་ཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི་གཡོ་ཡེ་ཤེས་ཆོས་སྐུའི་ཀློང༌། །དགོངས་པའི་རྩལ་ཆེན་རྫོགས་པའི་སྣང་འགྲོས་ཅན། །ཀུན་མཁྱེན་བླ་མ་དེ་ལ་ཕྱག་འཚལ་ལོ། །ཀྱེ་ལགས་ཡོན་ཏན་མཆོག་གི་རང་བཞིན་ནི། །དམ་པའི་གཞུང་ལ་མ་བརྟེན་རང་བཟོས་མིན། །རྒྱ་མཚོ་ཆེ་ལས་ནོར་བུ་མཆོག་འབྱུང་གི །དམན་པའི་ཡུལ་ལས་རང་གར་ཅི་ཞིག་རྙེད། །རྟོགས་པའི་ཡེ་ཤེས་

[p. 691] ཉི་མ་སྣང་བ་ཡང༌། །བྱིན་བརྒྱུད་མ་ཉམས་བླ་མའི་མན་ངག་ལས། །ངེས་པར་འོང་གི་སྟོང་སྒོམ་མུན་རྡོ་བ། །ལེགས་པའི་ལམ་དུ་རྣལ་མར་འགྲོ་བ་ཉུང༌། །ཐོས་པ་མེད་པ་སྲིད་ན་སྐྱོན་ཆེ་ཡང༌། །ལོག་པར་ཐོས་པ་དེ་བས་སྡིག་ཆེ་བས། །མཁས་པའི་གཞུང་ལ་བལྟ་བ་ཡོད་དུས་འདིར། །ཐོས་པའི་མིག་དཀྱུས་ཅི་ཕྱིར་དག་མི་བགྱིད། །སྲིད་པ་འདི་ན་ཡིད་བཞིན་ནོར་གཅིག་པུ། །ཀུན་མཁྱེན་བླ་མའི་གཞུང་ལུགས་རིན་པོ་ཆེ། །འདི་ལས་གཞན་ལ་སངས་རྒྱས་ཡོད་མིན་ན། །འདི་ལ་རབ་དགའ་མི་སྐྱེ་སུ་ཞིག་ཡོད། །ཐེག་པའི་ཡང་རྩེ་རྡོ་རྗེ་སྙིང་པོའི་མཆོག །འབུམ་ཕྲག་རྒྱུད་སྡེའི་དགོངས་དོན་རིན་ཆེན་མཛོད། །རྗོད་བྱེད་རྒྱ་ཆེ་བརྗོད་བྱ་དོན་ཟབ་པ། །འདི་མཐོང་ཀུན་ཏུ་བཟང་པོ་དངོས་ཞལ་མཇལ། །འབུམ་ཕྲག་དྲུག་ཅུའི་རྒྱུད་དོན་ཁོང་དུ་ཆུད། །སྲིད་ཞི་འཁོར་འདས་ཡོངས་ཀྱི་གནས་ལུགས་ཤེས། །ཟབ་ལམ་ཐེག་རྩེའི་དགོངས་པའི་ཁྱད་ཆོས་རྟོགས། །དེ་ཕྱིར་གཞུང་འདི་མཇལ་ལ་ནན་ཏན་མཛོད། །བསྲུང་དུ་མེད་པ་ཆོས་སྐུའི་གནས་ལུགས་ནི། །རྒྱུ་འབྲས་ལས་འདས་ཀུན་བཟང་དགོངས་པའི་མཛོད། །གཞུང་བཟང་འདི་འདྲས་སྤྲོས་པ་མ་བཅད་ན། །ཡིད་དཔྱོད་ཐེག་པའི་ངན་ཞེན་སུ་ཡིས་གཞིག །མན་ངག་ཀུན་གྱི་སྙིང་པོ་བསྡུ་བསྡུ་བ། །དྲུག་ཚན་རེས་ཀྱང་དམ་ཆོས་མཛོད་

པའི་ལམ་དུ་རྣལ་མར་འགྲོ ] རྣམ W K · གཞུང་འདི་མཇལ་ལ་ནན་ཏན ] བ W K

[p. 692] རྫོགས་པའི། །ལམ་བཟང་འདི་འདྲ་རྒྱལ་བ་དངོས་མཇལ་ཀྱང༌། །ཅིག་ཆར་ཐོས་པ་དཀའ་བ་མ་ཡིན་ནམ། །བསྟན་པ་ཡོངས་རྫོགས་བསྟན་བཅོས་གཅིག་ཁོ་ནར། །ཚང་བའི་རྣམ་བཤད་གྲུབ་མཐའ་རིན་ཆེན་མཛོད། །གཞུང་བཟང་འདི་འདྲ་རྒྱ་བོད་གཉིས་ཆར་ཡང༌། །སྔར་ཡང་མ་བྱོན་ད་ཡང་འབྱོན་རེ་ཀན། །སྤང་བླང་གནས་ཀུན་ཡིད་བཞིན་ལེགས་སྟོན་པ། །ཆོས་ཚུལ་ཡོངས་རྫོགས་ཐོས་བསམ་སྒོམ་པའི་མཛོད། །འདི་མཐོང་བསྟན་པ་ཀུན་གྱི་དེ་ཉིད་ཤེས། །བརྒྱ་ཕྲག་གཞུང་ལ་ཅིག་ཆར་སྦྱངས་པར་འགྱུར། །ཐེག་རྩེའི་དགོངས་དོན་ཚིག་དོན་བཅུ་གཅིག་ཏུ། །ལེགས་བསྡུས་ཁ་ཚང་དོན་འདྲིལ་མན་ངག་གི །ཉམས་ལེན་གནད་ཀྱི་མཛོད་གཅིག་སྲིད་པ་ན། །སྲིད་པའི་རྩ་བ་གཅོད་ལ་གཅིག་ཏུ་དཔའ། །ཁྱད་པར་གཉུག་མའི་སེམས་ཉིད་ཆོས་སྐུའི་དོན། །བསལ་བཞག་བྲལ་བའི་ཡེ་ཤེས་རྗེན་པ་རུ། །ལེགས་སྟོན་ཀུན་མཁྱེན་བླ་མའི་དགོངས་པའི་མཐིལ། །ཟབ་ལས་ཆེས་ཟབ་ཆོས་དབྱིངས་རིན་ཆེན་མཛོད། །ཡང་དག་ཆོས་སྐུ་དངོས་སུ་བྱོན་པའི་གཞུང༌། །གཞུང་བཟང་འདི་འདྲ་སངས་རྒྱས་དངོས་ཡིན་ཏེ། །སྲིད་པ་འདི་ན་རྒྱལ་བའི་མཛད་པ་སྒྲུབ། །རྒྱལ་བའི་དགོངས་པ་མངོན་སུམ་སྟོན་པའི་གཞུང༌། །སངས་རྒྱས་མཇལ་ཀྱང་འདི་ལས་ཡོད་

[p. 693] རེ་ཀན། །གཞུང་བཟང་འདི་འདྲ་དམ་ཆོས་ཀུན་གྱི་མཛོད། །ཆོས་རྣམས་ཀུན་གྱི་བརྗོད་བྱ་མཐར་ཐུག་པ། །ཆོས་སྐུའི་ཡེ་ཤེས་རྗེན་པར་སྟོན་པ་སྟེ། །ཆོས་ཀུན་བསྡུར་ཀྱང་འདི་ལས་ཡོད་རེ་ཀ་ན། །གཞུང་བཟང་འདི་འདྲ་འཕགས་ཚོགས་ཀུན་གྱི་ཐུགས། །དུས་གསུམ་སྔ་ཕྱིའི་རྒྱལ་སྲས་འཕགས་རྣམས་ཀྱི། །རྟོགས་པའི་ཡེ་ཤེས་འདི་ལས་མ་འདས་ཏེ། །འཕགས་པའི་ཡེ་ཤེས་འདི་ལས་ཡོད་རེ་ཀ་ན། །མཆོག་གསུམ་ཡོངས་རྫོགས་ཆོས་སྐུའི་མཆོད་སྡོང་ནི། །རྒྱལ་བ་ཀུན་གྱི་གཤེགས་ཤུལ་བླ་ན་མེད། །ཀུན་མཁྱེན་བླ་མའི་རྟོགས་པའི་འདྲ་འབག་སྟེ། །འདི་ལ་སུ་མཇལ་སྲིད་པ་ཐ་མ་ཡིན། །གཞུང་བཟང་འདི་འདྲ་ཚིག་གཅིག་ཐོས་པས་ཀྱང༌། །སྲིད་པའི་སྣང་ཤས་ཧྲུལ་པོར་བགྱིད་ནུས་ན། །ཡོངས་རྫོགས་མཇལ་བའི་སྐལ་བ་རྙེད་བཞིན་དུ། །འདོར་བར་བགྱིད་ན་སེམས་ཡོད་ཇི་ལྟར་ཡིན། །ཀྱེ་ལགས་སྡེ་སྣོད་གསུམ་དང་རིམ་དགུའི་ཆོས། །ཕལ་ཆེར་བརྩོན་འགྲུས་ཅན་ལ་དགོངས་པ་སྟེ། །སྒོམ་དང་སྒྲུབ་དང་རྩོལ་བས་གྲོལ་ལོ་ཞེས། །བསལ་བཞག་བྲལ་བའི་ཡེ་ཤེས་མཐོང་བ་མེད། །རྩོལ་མེད་བློ་འདས་རྡོ་རྗེ་རྩེ་མོ་འདི། །མ་བསྒོམས་སངས་རྒྱས་རིག་སྟོང་རྗེན་པའི་ཀློང༌། །ལེ་ལོ་ཅན་ཡང་ཆོས་སྐུར་དེང་སྤྲོད་དེ། །སྒོམ་དང་སྒྲུབ་དང་རྩོལ་བློའི་ཞེན་པ་

ལས་ཡོད་རེ་ཀ་ན་གཞུང་བཟང ] ཀན W K · ལས་ཡོད་རེ་ཀ་ན་མཆོག་གསུམ ] ཀན W K · ལེ་ལོ་ཅན་ཡང་ཆོས་སྐུར ] དང W K

[p. 694] མེད། །ལམ་འདི་སྟོན་ལ་ལྷར་བཅས་འཇིག་རྟེན་ན། །ཀུན་མཁྱེན་བླ་མ་ཆོས་སྐུ་ཉག་གཅིག་ཡིན། །ཆོས་སྐུའི་བསྟན་པ་ཇི་སྙེད་གནས་པ་ལས། །ཆོས་དབྱིངས་མཛོད་འདི་ཆོས་ཀྱི་ཉིང་ཁུ་ཡིན། །དེ་ཕྱིར་གཞུང་བཟང་འདི་འདྲ་སྲིད་འདི་ན། །མཐོང་གྲོལ་ཡིན་ཏེ་ཐོས་གྲོལ་དྲན་གྲོལ་ཡིན། །འབྲེལ་པ་ཐོགས་ཚད་མ་འོངས་སངས་རྒྱས་ཡིན །དགོངས་པ་རྙེད་ན་ད་ལྟའི་སངས་རྒྱས་ཡིན། །བྱིན་རླབས་བརྒྱུད་པའི་རྣོ་སོ་མ་ཉམས་ཤིང༌། །དགོངས་པ་གཏད་པས་དོན་བརྒྱུད་ཡེ་ཤེས་འཕོ། །ཕྱི་རབས་བུ་ལ་གཏད་རྒྱས་རྒྱས་བཏབ་པས། །ཀུན་མཁྱེན་བླ་མ་དངོས་དང་མཚུངས་པ་ཡིན། །ཇི་བཞིན་ཚིག་དོན་དགོངས་པ་མ་ཁྲོལ་ཡང༌། །མོས་གུས་ཐོབ་ན་བྱིན་བརྒྱུད་ཡེ་ཤེས་འཕོ། །གཞུང་འདི་མཇལ་ལས་ཚིག་དབང་རིན་པོ་ཆེ། །གཞན་ན་མེད་དེ་རིག་པའི་རྩལ་དབང་རྫོགས། །སྐྱོ་སུན་འཇིགས་དང་མི་དགས་གདུང་བའི་ཚེ། །གཞུང་འདི་མཇལ་ན་དགའ་ཆེན་ཡེ་ཤེས་སྐྱེ། །བག་དྲོ་ཉམས་དགའ་རིག་པ་དྭངས་ཤིང་གསལ། །ཡུལ་སྣང་འཁྲུལ་པ་ཐུག་ཕྲད་འཇིག་པ་ཡིན། །ཉམས་དགའ་རྒྱས་དང་བདེ་ཆེན་འབར་བའི་ཚེ། །གཞུང་འདི་མཇལ་ན་དགའ་བྲོད་ཞེན་པ་འཇིག །སྤང་བླང་རིས་མེད་གཉུག་མ་བརྡལ་བའི་ཀློང༌། །ཀུན་མཁྱེན་བླ་མའི་དགོངས་ཟབ་སྟོན་པ་

ཡིན་འབྲེལ་པ་ཐོགས་ཚད་མ ] ཐོག W K · རྒྱས་ཡིན་བྱིན་རླབས་བརྒྱུད་པའི ] བརླབས W K · རྩལ་དབང་རྫོགས་སྐྱོ་སུན་འཇིགས་དང ] སྐྱོན་སུ W K

[p. 695] ཡིན། །ཚེ་འདིར་ཞེན་དང་རྩོལ་བས་གདུང་བའི་ཚེ། །གཞུང་འདི་མཇལ་ན་ཨ་འཐས་མངོན་རློམ་འཇིག །སྣང་བ་གུ་ཡངས་གང་ལྟར་བྱས་ཀྱང་ཆོག །རེ་དོགས་ཁྲིགས་མེད་མཉམ་གཞག་ལྷོད་ཀྱིས་འགྲོ། །དབུ་མ་འདི་ཡིན་ཕ་རོལ་ཕྱིན་པ་འདི། །གཅོད་ཡུལ་འདི་ཡིན་སྡུག་བསྔལ་ཞི་བྱེད་དེ། །ཕྱག་རྒྱ་ཆེ་དང་རྫོགས་པ་ཆེན་པོ་དངོས། །ཆོས་ཀུན་འདིར་འདུས་ཀུན་ལས་ཁྱད་དུ་འཕགས། །ཀུན་མཁྱེན་བླ་མའི་རྗེས་འཇུག་སྲས་ཡིན་ན། །གཞུང་བཟང་འདི་དང་ནམ་ཡང་མི་འབྲལ་ཏེ། །རིག་པའི་གཏན་གྲོགས་འདི་ལ་བཅོལ་པས་ཆོག །ཕུག་གི་བློ་གཏད་འདི་འདྲ་ཡོད་རེ་ཀན། །འཕྲལ་དུ་བློ་བདེ་ཕུགས་སུ་སངས་རྒྱས་ཐོབ། །རྩོལ་བས་མི་གདུང་བློ་ཡི་འཆིང་བ་འཇིག །སྐྱིད་ན་གོང་ནོན་སྡུག་ན་སྐྱོ་གྲོགས་བྱེད། །གཞུང་བཟང་འདི་འདྲ་མི་བསླུ་ཉག་གཅིག་ཡིན། །དེ་ཕྱིར་དབྱངས་སུ་གྱེར་ཞིང་མགུར་དུ་འཐེན། །ཚིགས་སུ་བཅད་ཅིང་ལྷུག་པོར་འདོན་ཞིང་བལྟ། །ནམ་ཡང་འདི་དང་འབྲལ་བར་མ་བྱས་ན། །འཁོར་བའི་འཁྲུལ་སྣང་དུམ་བུ་དུམ་བུར་འགྲོ། །ནམ་ཞིག་བྱིན་བརྒྱུད་རྟོགས་པའི་གནད་འཕོས་ནས། །བརྗོད་དུ་མེད་པའི་ཡེ་ཤེས་ཁོང་ནས་སྐྱེ། །ཀུན་མཁྱེན་ཆོས་སྐུའི་བླ་མ་དངོས་ཞལ་མཇལ། །གཞི་བདེའི་སྟེང་དུ་བློ་བདེ་རྒྱུན་ཆད་མེད། །གཞུང་

གཞུང་འདི་མཇལ་ན་ཨ་འཐས ] ནས W K · ལ་བཅོལ་པས་ཆོག་ཕུག་གི ] མཆོག W K

[p. 696] འདི་མཇལ་ལས་ཉམས་ལེན་གཞན་མེད་དེ། །སྒོམ་དང་སྒྲུབ་པའི་སྙིང་པོ་དེ་ཉིད་ཡིན། །གཞུང་བཟང་འདི་དག་ཅི་ཙམ་མཇལ་བའི་ཡུན། །དེ་སྲིད་ཆོས་སྐུའི་དགོངས་པ་ངང་གིས་སྐྱེ། །དེ་སླད་རྩོལ་བློའི་བློ་ཚུབ་མ་མང་བར། །བག་ཡངས་ངང་ནས་གཞུང་བཟང་འདི་དག་གཟིགས། །བརྗོད་བྱའི་དོན་ཟབ་རྒྱང་ན་ཅང་མེད་ཀྱི། །བློ་ཐག་ཆོད་ལ་རང་བབ་ངང་ལ་ཞོག །རྟོགས་པར་དཀའ་བ་རྟོག་གེའི་བསྟན་བཅོས་བཞིན། །བསྒྲིམས་ཤིང་བསྒྲིམས་ནས་ཚིག་དོན་ཚོལ་མི་དགོས། །རང་བབ་ངང་ལ་གཞུང་སེམས་སྲེས་ཤིག་དང༌། །གུ་ཡངས་རྗེན་པ་ཟང་མ་ཐལ་གྱིས་འགྲོ། །ངོ་སྤྲོད་དེ་ཡིན་གཉུག་མའི་ཡེ་ཤེས་དེ། །ཀུན་མཁྱེན་བླ་མའི་གདམས་ངག་དེ་རང་ཡིན། །བརྗོད་བྱ་དེ་ཡིན་དབང་བསྐུར་དངོས་ཀྱང་དེ། །སྙིང་པོའི་ཉམས་ལེན་དེ་ག་རང་གིས་ཆོག །ངེས་ཚིག་ཚིག་དོན་ཁྲོལ་རུང་མ་ཁྲོལ་རུང༌། །བརྗོད་བྱའི་དོན་ཟབ་ཤེས་རུང་མ་ཤེས་རུང༌། །དགོངས་པའི་ཞེ་ཕུག་རྙེད་རུང་མ་རྙེད་རུང༌། །རེ་དོགས་ཆོད་ལ་མ་ཡེངས་ངང་ནས་གཟིགས། །ཡང་ལྟོས་ཡང་ལྟོས་ཉམས་དང་བསྲེས་ལ་ལྟོས། །གཞུང་དང་སེམས་སྲེས་སེམས་ལ་གཞུང་རྒྱས་ཐོབ། །དབྱེར་མེད་ངང་ནས་ཉམས་དགའ་གདངས་སུ་གྱེར། །མོས་གུས་རྩལ་འབར་རྟོགས་པའི་ཡེ་ཤེས་སྐྱེ། །ཀྱེ་ལགས་སྙིང་

ཡངས་ངང་ནས་གཞུང་བཟང་འདི ] གཟུང W K · ལ་རང་བབ་ངང་ལ་ཞོག ] ང W K · བཞིན་བསྒྲིམས་ཤིང་བསྒྲིམས་ནས་ཚིག ] བསྒྲིགས W K · མའི་གདམས་ངག་དེ་རང་ཡིན ] དེར W K

[p. 697] པོའི་སྙིང་པོ་འདི་ཡིན་ཏེ། །ཟབ་པའི་ཡང་ཟབ་འདི་འདྲ་གཞན་ན་མེད། །བྱིན་རླབས་མཛོད་ཡིན་སྙིང་པོའི་བསྟན་པ་ཡིན། །སྟོན་པ་དངོས་ཡིན་སངས་རྒྱས་ལག་བཅངས་ཡིན། །འདི་འདྲའི་ཡོན་ཏན་བསྐལ་པར་བརྗོད་ན་ཡང༌། །བློ་ཆུང་བདག་གི་བློ་གྲོས་མི་འཛད་ན། །བློ་ཆེན་གཞན་གྱི་སྤོབས་པ་ལྟ་ཅི་སྟེ། །འཕགས་པ་དགྱེས་པའི་ལམ་བཟང་འདི་འདྲ་མེད། །ཀྱེ་ལགས་འདི་འདྲའི་ནོར་བུ་རིན་པོ་ཆེ། །རང་དབང་མཇལ་བའི་སྐལ་བཟང་རྙེད་དུས་འདིར། །སྲིད་ན་གནས་ཀྱང་ཧ་ཅང་མི་སྐྱོ་སྟེ། །མོས་གུས་བསྐྱེད་ནས་གུ་ཡངས་ཅིས་མི་ཆོག །སྙིང་གི་གྲོགས་ཁྱེད་གཞུང་འདིར་བློ་ཕོབ་ལ། །བག་ཡངས་ངང་ནས་བློ་ཐག་འདི་རུ་ཆོད། །བྱ་བྱེད་རྩོལ་བློའི་བློ་ཚུབ་འདི་རུ་ཤིག །གཞུང་མང་གདམས་པའི་སྤྲོས་པ་འདི་རུ་ཆོད། །སྙན་སྙན་གཞུང་ལུགས་མང་པོས་ཅི་ཞིག་བྱ། །ཟབ་ཟབ་མན་ངག་མང་པོས་ཅི་ཞིག་བྱ། །སྤྲོས་སྤྲོས་ཉམས་ལེན་མང་པོས་ཅི་ཞིག་བྱ། །ཡིན་ཡིན་ཁ་བཤད་མང་པོས་ཅི་ཞིག་བྱ། །བག་ཡངས་བསམ་གཏན་ཉལ་ཆོག་འདི་རང་ཡིན། །བློ་བདེ་གུ་ཡངས་རང་གྲོལ་འདི་རང་ཡིན། །གཞུང་བཟང་གཅིག་ཤེས་ཀུན་གྲོལ་འདི་རང་ཡིན། །མན་ངག་ཆུ་བརྒྱ་ཟམ་གཅིག་་འདི་རང་ཡིན། །རང་ལ་བཞག་ནས་གཞན་ལ་མ་ཚོལ་ཀྱེ། །སྙིང་པོ་དོར་ནས་ཤུན་པ་མ་བསྡུ་

བསམ་གཏན་ཉལ་ཆོག་འདི་རང ] ཆོས W K · གུ་ཡངས་རང་གྲོལ་འདི་རང ] གྲལ W K

[p. 698] ཀྱེ། །རྩོལ་མེད་བོར་ནས་བརྩོན་པས་མ་བསྒྲུབ་ཀྱེ། །བྱར་མེད་བསྐྱུར་ནས་བྱ་བྱེད་མ་མང་ཀྱེ། །ཀུན་མཁྱེན་བླ་མའི་བརྒྱུད་དུ་སྐྱེས་ཙམ་ནས། །གཞུང་བཟང་འདི་འདྲ་མེས་པོའི་ཕ་ཕོག་ཡིན། །ལམ་བཟང་འདི་འདྲ་ཕ་མེས་བཞག་པ་ཡིན། །བག་ཞིག་ཕབ་ན་འདི་རུ་ལོས་ཀྱང་ཕབ། །ཀྱེ་མ་ཀྱེ་མ་བརྒྱུད་གསུམ་ཐུགས་རྗེ་ཆེ། །གཞུང་བཟང་མཇལ་དུ་ཡོད་པ་སྐལ་བ་བཟང༌། །ལམ་བཟང་བསྒྲུབ་ཏུ་ཡོད་པ་ཁ་རྗེ་ཆེ། །སངས་རྒྱས་རང་ལ་ཡོད་པ་ལོས་ཀྱང་བདེན། །དེ་སླད་རྒྱལ་བ་དགྱེས་པའི་ལམ་བཟང་འདིར། །སྙིང་གི་གྲོགས་ཁྱེད་བློ་དང་ཆོས་སུ་སྲེས། །སྙིང་གཏམ་ལགས་ཀྱིས་སྙིང་གི་དབུས་སུ་སྟིམས། །སྙིང་ལ་བཅངས་ན་སྙིང་པོ་ཡིན་ཀྱང་སྲིད། །བག་མེད་མདོ་སྟོར་ཨ་བུ་ཧྲལ་པོ་བདག །རང་ལ་མེད་པའི་ཁ་ཆོས་འཆད་པ་ལ། །སྤྲོ་བ་མེད་ཀྱང་ཀུན་མཁྱེན་བརྒྱུད་པའི་གཞུང༌། །ཡིད་ཆེས་ཐོབ་པ་ཉམས་མྱོང་ཉག་གཅིག་ཡིན། །དུག་ལྔ་མེ་འབར་རྣམ་གཡེང་ཁོལ་པོར་འཕྱན། །འཁྲུལ་སྣང་བཟློག་དཀའ་ལས་ངན་བདག་འདྲ་ཡང༌། །གཞུང་བཟང་འདི་འདྲ་ཐོས་དང་མཇལ་བའི་ཚེ། །སྲིད་པའི་སྣང་ཤས་ཁྲལ་མ་ཁྲོལ་དུ་འགྲོ། །དེས་ན་བློ་བརྟན་དུག་ལྔའི་རྟོག་པ་ཆུང༌། །སྐལ་བཟང་དམ་གཙང་ཁྱེད་དང་ཁྱེད་འདྲ་བས། །གཞུང་འདི་མཇལ་ན་བྱིན་བརྒྱུད་ཡེ་

སྐྱེས་ཙམ་ནས་གཞུང་བཟང་འདི ] གཟུང W K

[p. 699] ཤེས་མཆོག །ཐོབ་པར་ངེས་ཀྱི་ངེས་ཤེས་ཡང་ཡང་སྐྱེད། །ཀུན་མཁྱེན་བླ་མ་རྫོགས་པའི་སངས་རྒྱས་དེའི། །བྱིན་རླབས་འོད་སྣང་གང་ལ་རེག་གྱུར་པ། །རྟོགས་གྲོལ་དུས་མཉམ་མངོན་སུམ་ཚད་མ་སྟེ། །གྲུབ་བརྒྱའི་སྤྱི་མེས་ཀུན་མཁྱེན་བླ་མ་ཡིན། །རྟོགས་པའི་དབང་ཕྱུག་ལྷ་བཙུན་ཆེན་པོ་དང༌། །དགོངས་པའི་ཀློང་བརྡོལ་རིག་འཛིན་འཇིགས་མེད་གླིང༌། །བསྟན་པའི་མངའ་བདག་གཏེར་ཆེན་བླ་མ་སོགས། །ཀུན་མཁྱེན་གཞུང་ལས་བྱིན་བརྒྱུད་ཐོབ་པ་ཡིན། །དེ་ཚུལ་དགོངས་མཛོད་སྙིང་གི་གྲོགས་པོ་ཁྱེད། །དེ་དང་འདྲ་བར་ཀུན་མཁྱེན་ལེགས་བཤད་མཆོག །དེ་ཚུལ་མཐོང་ནས་དོན་བརྒྱུད་ཡེ་ཤེས་ཐོབ། །དེ་བཞིན་ཉིད་དབྱིངས་དགོངས་ཀློང་གྲོལ་གྱུར་ཅིག ། དཔལ་སྤྲུལ་གསུང༌། སརྦ་མངྒ་ལཾ།། །།

མཐོང་ནས་དོན་བརྒྱུད་ཡེ་ཤེས ] བརྒྱད W K
[edit]
Machine translation, not yet reviewed by a translator. Six AI models translated the text independently; Claude Fable 5.1, as editor, established this version against the Tibetan (September 2026). [p. N] = pages of the base text. Notes on doubtful readings follow the translation. See the contents page for how it was made.

[p. 690]

Herein is An Exhortation to Read the Seven Treasuries (mdzod bdun), the Scriptures of the Omniscient Longchen Rabjam.

Namaḥ sarvajñāya.

The field where the innate (gnyug ma), utterly at peace from the very beginning, is spread out;
the expanse (klong) of primordial wisdom (ye shes), the dharmakāya (chos sku), forever unmoving;
endowed with the manifest course in which the great dynamic energy (rtsal) of enlightened intent (dgongs pa) is perfected —
to that omniscient guru (bla ma) I pay homage.

Listen! The nature (rang bzhin) of the supreme qualities (yon tan)
is not something fabricated by oneself without relying on the sacred treatises (gzhung).
Supreme jewels come forth from the great ocean;
what could one find at random in some lowly place?

Even the primordial wisdom of realization (rtogs pa),

[p. 691] shining like the sun,
comes for certain from the pith instructions (man ngag) of a guru whose lineage of blessings is unimpaired;
of those who meditate on blankness, throwing stones in the dark,
few genuinely set out upon the excellent path.

Though to be without learning is a great fault in this world,
wrong learning is a still greater evil;
so now, at this time when the treatises of the learned are there to be read,
why do you not clear the sight of the eye of learning?

In this world there is a single wish-fulfilling jewel:
the precious textual tradition of the omniscient guru.
If there is no buddha (sangs rgyas) to be found anywhere other than in this,
who is there in whom supreme delight in it would not arise?

The very summit of the vehicles (theg pa), the supreme vajra heart essence (rdo rje snying po),
the precious treasury of the intended meaning of the hundreds of thousands of tantra (rgyud) classes —
vast in what expresses it, profound in the meaning it expresses:
to see this is to meet Samantabhadra himself, face to face.
One comprehends the meaning of the six million tantras,
knows the abiding nature (gnas lugs) of all existence and peace, saṃsāra and nirvāṇa ('khor 'das),
and realizes the distinctive features of the enlightened intent of the profound path, the summit of the vehicles.
Therefore apply yourselves in earnest to reading this treatise!

The abiding nature of the dharmakāya, in which there is nothing to guard,
beyond cause and result — the treasury of Samantabhadra's enlightened intent:
if elaboration (spros pa) is not cut through by such an excellent treatise,
who could demolish the evil clinging of the vehicles of intellectual speculation (yid dpyod)?

Gathering and gathering together the heart essence (snying po) of all the pith instructions,
each set of six of which brings the treasury of the sacred Dharma

[p. 692] to completion —
even were one to meet the Victorious One in person,
would not such an excellent path be difficult to hear all at once?

An exposition in which the entire teaching is complete within one single treatise alone —
the Precious Treasury of Tenet Systems (grub mtha' rin chen mdzod):
such an excellent treatise, in India and Tibet alike,
never appeared before, and now too there is scarcely hope that one will appear.

Showing well, just as one could wish, every point of what is to be abandoned and adopted,
a treasury of hearing, reflecting, and meditating upon the ways of Dharma in their entirety:
seeing this, one knows the reality (de nyid) of all the teachings
and becomes trained all at once in hundreds of treatises.

The intended meaning of the summit of the vehicles, well condensed into eleven topics of words and meanings (tshig don),
complete, its meaning drawn together — the sole treasury in this world
of the key points (gnad) of the practice of the pith instructions:
it alone is heroic in cutting the root of existence.

In particular, the meaning of the innate mind itself (sems nyid), the dharmakāya,
shown well as naked primordial wisdom free of anything to remove or to establish —
the very depth of the omniscient guru's enlightened intent,
more profound than the profound: the Precious Treasury of the Basic Space of Phenomena (chos dbyings rin chen mdzod).
A treatise in which the authentic dharmakāya has actually appeared —
such an excellent treatise is the Buddha in person;
in this world it accomplishes the deeds (mdzad pa) of the Victorious Ones.
A treatise that directly (mngon sum) shows the enlightened intent of the Victorious Ones —
even were one to meet the Buddha, could there be anything beyond this?

[p. 693] Such an excellent treatise is the treasury of all the sacred Dharma,
the ultimate subject matter of all the teachings,
showing nakedly the primordial wisdom of the dharmakāya —
compare all the teachings you will, could there be anything beyond this?

Such an excellent treatise is the enlightened mind (thugs) of all the hosts of noble ones:
the primordial wisdom of realization of the noble heirs of the Victorious Ones
of the three times, earlier and later, does not go beyond this —
could the primordial wisdom of the noble ones be anything beyond this?

This shrine of the dharmakāya, in which the Three Supreme Ones are wholly complete,
is the unsurpassed track along which all the Victorious Ones have gone,
the very likeness of the omniscient guru's realization —
whoever meets it, this is their final existence.

If hearing even a single word of such an excellent treatise
can tear the appearances of existence to tatters,
then, having found the fortune of meeting it in its entirety,
were one to cast it aside, how could one be said to have a mind (sems)?

Alas! The Dharma of the three piṭakas (sde snod) and the nine successive vehicles
is for the most part intended for those who have diligence (brtson 'grus):
saying, "one is liberated through meditation, accomplishment, and effort,"
they do not see the primordial wisdom free of anything to remove or to establish.

This vajra pinnacle, effortless and beyond the intellect (blo),
buddhahood without meditating, the expanse of naked empty awareness (rig pa),
today brings even the lazy face to face with the dharmakāya,
with no clinging to meditation, accomplishment, or the striving intellect.

[p. 694] In showing this path, in this world together with its gods,
the omniscient guru, the dharmakāya, is the single one.
Of all the teachings of the dharmakāya that exist,
this Treasury of the Basic Space of Phenomena is the quintessence of the Dharma.

Therefore such an excellent treatise, here in this existence,
is liberation through seeing, liberation through hearing, liberation through recollection.
All who form any connection with it are buddhas of the future;
whoever finds its enlightened intent is a buddha of this very moment.
The keen edge of the lineage of blessings (byin rlabs) has not been dulled,
and through the entrusting of the enlightened intent, the primordial wisdom of the lineage of meaning is transferred.
Since it was sealed with the seal of entrustment to the children of later generations,
it is the equal of the omniscient guru in person.
Even if one has not unravelled the enlightened intent of its words and meanings just as they are,
if one gains devotion, the primordial wisdom of the lineage of blessings is transferred.
The precious word empowerment (dbang) is found nowhere
other than in meeting this treatise: the empowerment of the dynamic energy of awareness is perfected.

When one is tormented by weariness, fear, and unhappiness,
if one meets this treatise, the primordial wisdom of great joy arises:
one is warm and at ease, glad in experience (nyams), awareness limpid and clear,
and the delusion of appearing objects (yul) is destroyed the moment it is met.
When glad experience expands and great bliss (bde chen) blazes,
if one meets this treatise, clinging to joy and elation is destroyed:
the expanse of the all-pervading innate nature, without partiality of rejecting or adopting —
it shows the profound enlightened intent of the omniscient guru.

[p. 695] When one is tormented by clinging to this life and by striving,
if one meets this treatise, solidifying fixation and manifest presumption are destroyed;
one's perception becomes open and spacious — whatever one does is fine —
and without the tightness of hope and fear one slips loosely into meditative equipoise (mnyam gzhag).

This is the Middle Way (dbu ma), this is the Pāramitā;
this is Chöd, it is the Pacification of Suffering;
it is mahāmudrā (phyag rgya chen po) and the Great Perfection (rdzogs pa chen po) in person:
all teachings are gathered here, and it surpasses them all.

If you are a follower and child of the omniscient guru,
never part from this excellent treatise;
it is enough to entrust yourself to it as the constant companion of your awareness —
where else could such an ultimate object of trust be found?

For the present the mind is at ease; in the end buddhahood is attained;
untormented by striving, the bonds of the intellect are destroyed;
when you are happy it holds you in check, when you suffer it consoles your sorrow.
Such an excellent treatise is the single one that does not deceive.

Therefore chant it in melody and sing it as a song;
recite it in verse and read it out freely, and study it.
If you never let yourself part from it,
the deluded appearances ('khrul snang) of saṃsāra ('khor ba) will fall to pieces, bit by bit.
One day, when the key point of realization of the lineage of blessings has been transferred,
inexpressible primordial wisdom will arise from within;
you will meet the omniscient dharmakāya guru face to face,
and upon a ground of ease, ease of mind will never be interrupted.
Other than meeting this treatise, there is no other practice;

[p. 696] it is itself the very heart essence of meditation (sgom pa) and accomplishment (sgrub pa).
For however long you meet these excellent treatises,
for just that long the enlightened intent of the dharmakāya arises of its own accord.
Therefore, without multiplying the turbulence of a striving intellect,
look upon these excellent treatises from a state of ease.
The profound meaning they express is not at all far off:
make a decisive resolution and rest in the natural state.

Unlike treatises of logic, which are hard to realize,
there is no need to strain and strain again in search of the meaning of the words.
Mingle treatise and mind in the natural state,
and, spacious, naked, and unimpeded (zang thal), it bursts straight through.
That is the introduction (ngo sprod); that innate primordial wisdom
is itself the very instruction (gdams ngag) of the omniscient guru.
That is the subject matter; the actual empowerment (dbang bskur), too, is that;
for the practice of the heart essence, that alone is enough.
Whether or not the etymologies (nges tshig) and the meanings of the words come clear,
whether or not you know the profound meaning they express,
whether or not you find the innermost depth of the enlightened intent,
cut through hope and fear and look from a state of nondistraction.
Look again, look again; look while mingling it with your experience.
Mingle treatise and mind; let the seal of the treatise be set upon the mind.
From the state of inseparability, chant the joy of experience as a melody;
the dynamic energy of devotion blazes and the primordial wisdom of realization arises.
O friend, this is the heart

[p. 697] essence of the heart essence;
such a profound of the profound is found nowhere else.
It is a treasury of blessings; it is the teaching of the heart essence;
it is the Teacher in person; it is a buddha held in the palm of your hand.
Even were one to speak of such qualities for an eon,
if the intelligence of small-minded me would not run dry,
what need to speak of the eloquence of others of great mind?
There is no excellent path like this that delights the noble ones.
O friend, such a precious jewel as this —
now, when you have found the good fortune to meet it freely,
though you remain in existence (srid pa), it is not so very sad;
having aroused devotion, why should spacious ease not suffice?
You, friend of my heart, place your trust in this treatise,
and from a state of ease make your decisive resolution right here.
Let the turbulence of the striving intellect of doing and acting fall to pieces right here.
Cut through the elaboration of many treatises and instructions right here.
What use are so many sweet-sounding textual traditions?
What use are so many "profound, so profound" pith instructions?
What use are so many elaborate, elaborate practices?
What use is so much talk of "it is this, it is this"?
This itself is the meditative concentration (bsam gtan) at ease, in which you may lie down.
This itself is ease of mind, spaciousness, and self-liberation (rang grol).
This itself is the excellent treatise in which knowing one liberates all.
This itself is the pith instruction that is a single bridge over a hundred rivers.
Leave it within yourself and do not seek it elsewhere, kye!
Do not cast away the heart essence and gather up the husks,

[p. 698] kye!
Do not throw away effortlessness and accomplish through exertion, kye!
Do not cast aside non-action and multiply doing and acting, kye!
From the very moment you were born into the lineage of the omniscient guru,
such excellent treatises have been the paternal inheritance of your forefathers;
such an excellent path is what your fathers and forefathers left behind.
If you are to set your mind at ease, then by all means set it at ease right here.
Kyema, kyema! Great is the compassion (thugs rje) of the three lineages!
That there are excellent treatises to meet is good fortune;
that there is an excellent path to accomplish is great luck;
that buddhahood is present within oneself is true indeed.
Therefore, on this excellent path that delights the victorious ones,
you, friend of my heart, mingle your intellect with the Dharma.
Since these are heartfelt words, absorb them into the center of your heart;
if you hold them in your heart, they may well prove to be the heart essence.
I, heedless Abu Hralpo, who has lost the essential point,

take no delight in expounding a Dharma of the mouth that I do not myself possess;
and yet, having gained conviction in the treatises of the omniscient one's lineage
is my one and only experience.
The five poisons (dug lnga) blaze like fire; I wander as a slave to distraction.
Yet even for one of bad karma like me, whose deluded appearances are hard to turn back,
when I hear and meet such excellent treatises,
the appearances of existence crumble and fall to pieces.
Therefore, for you and those like you, steady of intellect, with few thoughts of the five poisons,
fortunate and pure in samaya (dam tshig),
if you meet this treatise, the supreme primordial wisdom of the lineage of blessings

[p. 699] you will surely attain: give rise again and again to this certainty.
Whoever is touched by the light of the blessings
of that perfect buddha, the omniscient guru,
for them realization and liberation (grol ba) are simultaneous—this is direct perception, valid cognition (tshad ma);
the omniscient guru is the common forefather of a hundred siddhas.
The great Lhatsün, lord of realization,
the vidyādhara (rig 'dzin) Jigme Lingpa, in whom the expanse of enlightened intent burst forth,
the great treasure revealer guru, sovereign of the teaching, and others
obtained the lineage of blessings from the omniscient one's treatises.
Keep this in mind, you, friend of my heart:
like them, having seen in that way the omniscient one's supreme excellent exposition,
may you attain the primordial wisdom of the lineage of meaning,
and may you be liberated in the expanse of enlightened intent, the basic space (dbyings) of suchness (de bzhin nyid).

Spoken by Patrul. Sarva maṅgalaṃ.

Translation notes

  • [p. 690] gnyug ma brdal ba'i zhing: Grok 4.7/Gemini 3.1 Pro "innate/all-pervading," Dharmamitra "authentic ground." Read as the innate nature (gnyug ma) spread out/pervading; "ground" (gzhi) is not in the Tibetan. snang 'gros can: "endowed with the manifest course/movement of appearance" (Claude Fable 5.1, MITRA); GPT-6 Astra rewrites as second person.
  • [p. 690] kye lags: an address ("Listen!"), not "Alas" (Claude Fable 5.1, Dharmamitra).
  • [p. 691] stong sgom mun rdo ba: read mun rdo as the idiom "throwing stones in the dark" (blind guessing), so "those who meditate on blankness, throwing stones in the dark" (with GPT-6 Astra); Grok 4.7 "stone-blind," Gemini 3.1 Pro "like dark stones," MITRA "cast the dark stones onto the path" miss the idiom. Dharmamitra misconstrues the syntax of 'ong gi ... nyung.
  • [p. 691] thos pa'i mig dkyus: mig dkyus = range of sight; "clear the sight of the eye of learning" (Claude Fable 5.1, Gemini 3.1 Pro); MITRA "purify the vision of your eyes through learning" reverses the genitive.
  • [p. 691] 'bum phrag drug cu: sixty hundred-thousands = six million (MITRA, Claude Fable 5.1, GPT-6 Astra, Gemini 3.1 Pro); Grok 4.7 "sixty hundred-thousand" is literal but unclear; Dharmamitra "sixty-four hundred thousand" adds to the text.
  • [p. 691] theg pa'i yang rtse ... rin chen mdzod: the verse alludes to the title Theg mchog rin chen mdzod without naming it; Claude Fable 5.1 supplies the title. Rendered literally, as with the following verses which likewise allude to gNas lugs mdzod, Man ngag mdzod, Yid bzhin mdzod and Tshig don mdzod without naming them (Claude Fable 5.1 inserts these titles; I do not).
  • [p. 691] gzhung bzang 'di 'dras spros pa ma bcad na: instrumental 'di 'dras — "if elaboration is not cut through by such a treatise" (Grok 4.7, GPT-6 Astra, Gemini 3.1 Pro); Claude Fable 5.1 "if such a text did not cut through" is close; Dharmamitra/MITRA fine.
  • [p. 692] drug tshan res kyang: "each set of six" refers to the sixfold groupings of the Man ngag mdzod (Grok 4.7, Claude Fable 5.1, GPT-6 Astra); Dharmamitra "a single session," MITRA "sixfold cycles" are looser.
  • [p. 692] da yang 'byon re kan: re kan (re ka na) expresses doubt/faint hope: "scarcely any hope that one will appear now" (Claude Fable 5.1, Dharmamitra, GPT-6 Astra); Gemini 3.1 Pro "absolutely certain it will not" overstates; MITRA "ever appear again" acceptable. Same expression closes this part ('di las yod re kan), rendered as a rhetorical question (with Dharmamitra); the sentence is completed here since re kan stands at the head of the next page.
  • [p. 692] mdzod gcig srid pa na: read srid pa na as "in this world" (parallel to srid pa 'di na above and playing on srid pa'i rtsa ba), with Gemini 3.1 Pro; Claude Fable 5.1/Dharmamitra "when ... exists" is grammatically possible but weaker, and Dharmamitra's imperative "be courageous" misreads dpa'.
  • [p. 692] bsal bzhag: "remove/establish" (Grok 4.7, Claude Fable 5.1, Gemini 3.1 Pro), not "rejection/acceptance" (GPT-6 Astra) or "addition/subtraction" (Dharmamitra).
  • [p. 693] རེ་ཀན at the start of this part is the tail of the rhetorical "yod re kan" ("could there be…?") already rendered at the end of the previous part; not translated again. MITRA took it as a name ("Re-kan"), Grok 4.7 as an interjection ("Ah!"); it is the colloquial rhetorical negative "hardly / could there be?" (so Claude Fable 5.1, GPT-6 Astra).
  • [p. 693] མཆོད་སྡོང: "shrine" (stūpa/reliquary support), with Claude Fable 5.1; Grok 4.7's "offering-pillar" is over-literal. MITRA's "mirror" for འདྲ་འབག is loose; "likeness" (effigy) is the sense.
  • [p. 693] སྲིད་པའི་སྣང་ཤས་ཧྲུལ་པོར་བགྱིད: "tear the appearances of existence to tatters" (MITRA, Claude Fable 5.1, Grok 4.7); GPT-6 Astra's "loosen one's preoccupation" paraphrases.
  • [p. 693] ལེ་ལོ་ཅན་ཡང་ཆོས་སྐུར་དེང་སྤྲོད: MITRA wrongly makes the last line ("clinging to meditation…") a description of the diligent; the Tibetan says the introduction itself is without clinging (so Claude Fable 5.1, GPT-6 Astra, Gemini 3.1 Pro).
  • [p. 694] ཆོས་དབྱིངས་མཛོད: Adzom reads གབྱིངས་, an evident misprint; followed the text.
  • [p. 694] ཡེ་ཤེས་འཕོ: Adzom reads འཕྱོ ("soar"); the text's འཕོ ("is transferred") is clearly right, matching འཕོ two lines below and འཕོས on p. 695; followed the text.
  • [p. 694] སྐྱོ་སུན་འཇིགས་དང་མི་དགས: "weariness, fear, and unhappiness" (Claude Fable 5.1, GPT-6 Astra, Grok 4.7). MITRA's "hungry ghosts" and Dharmamitra/Gemini 3.1 Pro's "fear of faults" misread སྐྱོ་སུན (weariness, disillusionment).
  • [p. 694] ཆོས་ཀྱི་ཉིང་ཁུ: "quintessence" (idiomatic; not the glossary term bcud).
  • [p. 695] ཨ་འཐས་མངོན་རློམ: "solidifying fixation and manifest presumption" (Claude Fable 5.1, GPT-6 Astra); Grok 4.7's "the show of crying 'alas!'" misreads ཨ་འཐས (reification).
  • [p. 695] སྐྱིད་ན་གོང་ནོན: "holds you in check" when happy (restraint against elation; so GPT-6 Astra, Gemini 3.1 Pro); Claude Fable 5.1's "lifts you higher" and MITRA's "pinnacle" reverse the sense of ནོན.
  • [p. 695] ཕུག་གི་བློ་གཏད་འདི་འདྲ་ཡོད་རེ་ཀན: rhetorical "where else could such… be found?" (Claude Fable 5.1, GPT-6 Astra); Dharmamitra's "how fortunate" paraphrases.
  • [p. 695] གཞི་བདེའི་སྟེང་དུ: gzhi here is not the technical "ground" of the Great Perfection but fundamental well-being; rendered "upon a ground of ease" without Wylie.
  • [p. 695] The final གཞུང་ begins the sentence གཞུང་འདི་མཇལ་ལས་ཉམས་ལེན་གཞན་མེད་དེ on p. 696; its first line has been completed here for readability. The next part should continue from སྒོམ་དང་སྒྲུབ་པའི་སྙིང་པོ་….
  • [p. 696] རྒྱང་ན་ཅང་མེད: Adzom reads རྒྱང་ཅ་ཅང་མེད, which yields no sense; I follow the e-text ("not at all far off"). Dharmamitra ("nothing profound lies far away") misconstrues the syntax: ཟབ qualifies དོན.
  • [p. 696] བསྒྲིམས་ཤིང་བསྒྲིམས་ནས: Dharmamitra, MITRA, Gemini 3.1 Pro read the second verb as "arranging" (as if sgrig); the text has bsgrims twice, "strain and strain again", so read here.
  • [p. 696] གཉུག་མའི་ཡེ་ཤེས་དེ། །ཀུན་མཁྱེན་བླ་མའི་གདམས་ངག་དེ་རང་ཡིན: taken with Grok 4.7 as one sentence ("that innate primordial wisdom is itself the guru's instruction"), since དེ closes the first line without ཡིན; GPT-6 Astra/MITRA split it into two statements, which is also possible but leaves དེ hanging.
  • [p. 696] སེམས་ལ་གཞུང་རྒྱས་ཐོབ: read with GPT-6 Astra, Gemini 3.1 Pro, Claude Fable 5.1 as "the seal (rgyas) of the treatise is set upon the mind"; Dharmamitra/Grok 4.7 ("gain the treatise in full") take rgyas as "expand", less likely with ཐོབ.
  • [p. 697] བློ་ཆུང་བདག་གི་བློ་གྲོས་མི་འཛད་ན: the sense is that even small-minded me would not run out of things to say, let alone others of great mind; Grok 4.7 reverses it ("they would not be exhausted by my wit"), which loses the a fortiori.
  • [p. 697] བློ་ཚུབ: Adzom reads བློ་ཆུབ, an evident misreading; I keep ཚུབ ("turbulence") as in the preceding line on p. 696.
  • [p. 697] རང་གྲོལ: Grok 4.7 reads rang gral ("one's own place"); the text has rang grol, "self-liberation", followed by GPT-6 Astra, Claude Fable 5.1.
  • [p. 698] མདོ་སྟོར: "lost the essential point" (Gemini 3.1 Pro) rather than GPT-6 Astra "feckless" or Claude Fable 5.1 "aimless"; mdo = essential point, stor = lost.
  • [p. 698] སྲིད་པའི་སྣང་ཤས་ཁྲལ་མ་ཁྲོལ་དུ་འགྲོ: khral ma khrol = shattered, scattered to pieces (GPT-6 Astra, MITRA, Gemini 3.1 Pro, Claude Fable 5.1); Dharmamitra "becomes transparent and unobstructed" misreads it as a form of zang thal.
  • [p. 698] The final sentence runs onto p. 699 (ཡེ་ཤེས་མཆོག …); I have rendered through "supreme primordial wisdom of the lineage of blessings", so the next part should continue from ཐོབ་པར་ངེས་ཀྱི.
  • [p. 699] ཤེས་མཆོག completes ཡེ་ཤེས་མཆོག, already rendered at the end of the previous part ("the supreme primordial wisdom of the lineage of blessings"); the translation resumes with ཐོབ་པར་ངེས་ཀྱི.
  • [p. 699] རྟོགས་གྲོལ་དུས་མཉམ་མངོན་སུམ་ཚད་མ་སྟེ: read as a statement that simultaneous realization and liberation upon being touched by the blessings is a matter of direct perception, valid cognition (so Gemini 3.1 Pro, GPT-6 Astra, Claude Fable 5.1); Grok 4.7 makes the guru himself the "valid cognition," which strains the syntax.
  • [p. 699] དོན་བརྒྱུད་ཡེ་ཤེས: "primordial wisdom of the lineage of meaning" (Gemini 3.1 Pro, GPT-6 Astra, Grok 4.7, Claude Fable 5.1). MITRA and Dharmamitra read "eight topics/qualities" (as if དོན་བརྒྱད), a misreading of བརྒྱུད.
  • [p. 699] དགོངས་པའི་ཀློང་བརྡོལ: "in whom the expanse of enlightened intent burst forth" (Grok 4.7), keeping the house rendering of dgongs pa; Gemini 3.1 Pro and Claude Fable 5.1 give "realization," which the glossary excludes.
  • [p. 699] དེ་དང་འདྲ་བར: "like them," i.e., like the masters just named (Claude Fable 5.1); Gemini 3.1 Pro, GPT-6 Astra, MITRA, Dharmamitra, Grok 4.7 render it loosely as "likewise."
[edit]
Machine translation, not yet reviewed by a translator. Six AI models translated the text independently; Claude Fable 5.1, as editor, established this version against the Tibetan (September 2026). [p. N] = pages of the base text. See the contents page for how it was made.
Tibetan (critical edition) English
[p. 690]༄༅། །ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་བ་བཞུགས་སོ། ། ༄༅། །ན་མཿསརྦ་ཛྙཱ་ཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི་གཡོ་ཡེ་ཤེས་ཆོས་སྐུའི་ཀློང༌། །དགོངས་པའི་རྩལ་ཆེན་རྫོགས་པའི་སྣང་འགྲོས་ཅན། །ཀུན་མཁྱེན་བླ་མ་དེ་ལ་ཕྱག་འཚལ་ལོ། །ཀྱེ་ལགས་ཡོན་ཏན་མཆོག་གི་རང་བཞིན་ནི། །དམ་པའི་གཞུང་ལ་མ་བརྟེན་རང་བཟོས་མིན། །རྒྱ་མཚོ་ཆེ་ལས་ནོར་བུ་མཆོག་འབྱུང་གི །དམན་པའི་ཡུལ་ལས་རང་གར་ཅི་ཞིག་རྙེད། །རྟོགས་པའི་ཡེ་ཤེས་

Herein is An Exhortation to Read the Seven Treasuries (mdzod bdun), the Scriptures of the Omniscient Longchen Rabjam.

Namaḥ sarvajñāya.

The field where the innate (gnyug ma), utterly at peace from the very beginning, is spread out;
the expanse (klong) of primordial wisdom (ye shes), the dharmakāya (chos sku), forever unmoving;
endowed with the manifest course in which the great dynamic energy (rtsal) of enlightened intent (dgongs pa) is perfected —
to that omniscient guru (bla ma) I pay homage.

Listen! The nature (rang bzhin) of the supreme qualities (yon tan)
is not something fabricated by oneself without relying on the sacred treatises (gzhung).
Supreme jewels come forth from the great ocean;
what could one find at random in some lowly place?

Even the primordial wisdom of realization (rtogs pa),

[p. 691]ཉི་མ་སྣང་བ་ཡང༌། །བྱིན་བརྒྱུད་མ་ཉམས་བླ་མའི་མན་ངག་ལས། །ངེས་པར་འོང་གི་སྟོང་སྒོམ་མུན་རྡོ་བ། །ལེགས་པའི་ལམ་དུ་རྣལ་མར་འགྲོ་བ་ཉུང༌། །ཐོས་པ་མེད་པ་སྲིད་ན་སྐྱོན་ཆེ་ཡང༌། །ལོག་པར་ཐོས་པ་དེ་བས་སྡིག་ཆེ་བས། །མཁས་པའི་གཞུང་ལ་བལྟ་བ་ཡོད་དུས་འདིར། །ཐོས་པའི་མིག་དཀྱུས་ཅི་ཕྱིར་དག་མི་བགྱིད། །སྲིད་པ་འདི་ན་ཡིད་བཞིན་ནོར་གཅིག་པུ། །ཀུན་མཁྱེན་བླ་མའི་གཞུང་ལུགས་རིན་པོ་ཆེ། །འདི་ལས་གཞན་ལ་སངས་རྒྱས་ཡོད་མིན་ན། །འདི་ལ་རབ་དགའ་མི་སྐྱེ་སུ་ཞིག་ཡོད། །ཐེག་པའི་ཡང་རྩེ་རྡོ་རྗེ་སྙིང་པོའི་མཆོག །འབུམ་ཕྲག་རྒྱུད་སྡེའི་དགོངས་དོན་རིན་ཆེན་མཛོད། །རྗོད་བྱེད་རྒྱ་ཆེ་བརྗོད་བྱ་དོན་ཟབ་པ། །འདི་མཐོང་ཀུན་ཏུ་བཟང་པོ་དངོས་ཞལ་མཇལ། །འབུམ་ཕྲག་དྲུག་ཅུའི་རྒྱུད་དོན་ཁོང་དུ་ཆུད། །སྲིད་ཞི་འཁོར་འདས་ཡོངས་ཀྱི་གནས་ལུགས་ཤེས། །ཟབ་ལམ་ཐེག་རྩེའི་དགོངས་པའི་ཁྱད་ཆོས་རྟོགས། །དེ་ཕྱིར་གཞུང་འདི་མཇལ་ལ་ནན་ཏན་མཛོད། །བསྲུང་དུ་མེད་པ་ཆོས་སྐུའི་གནས་ལུགས་ནི། །རྒྱུ་འབྲས་ལས་འདས་ཀུན་བཟང་དགོངས་པའི་མཛོད། །གཞུང་བཟང་འདི་འདྲས་སྤྲོས་པ་མ་བཅད་ན། །ཡིད་དཔྱོད་ཐེག་པའི་ངན་ཞེན་སུ་ཡིས་གཞིག །མན་ངག་ཀུན་གྱི་སྙིང་པོ་བསྡུ་བསྡུ་བ། །དྲུག་ཚན་རེས་ཀྱང་དམ་ཆོས་མཛོད་

shining like the sun,
comes for certain from the pith instructions (man ngag) of a guru whose lineage of blessings is unimpaired;
of those who meditate on blankness, throwing stones in the dark,
few genuinely set out upon the excellent path.

Though to be without learning is a great fault in this world,
wrong learning is a still greater evil;
so now, at this time when the treatises of the learned are there to be read,
why do you not clear the sight of the eye of learning?

In this world there is a single wish-fulfilling jewel:
the precious textual tradition of the omniscient guru.
If there is no buddha (sangs rgyas) to be found anywhere other than in this,
who is there in whom supreme delight in it would not arise?

The very summit of the vehicles (theg pa), the supreme vajra heart essence (rdo rje snying po),
the precious treasury of the intended meaning of the hundreds of thousands of tantra (rgyud) classes —
vast in what expresses it, profound in the meaning it expresses:
to see this is to meet Samantabhadra himself, face to face.
One comprehends the meaning of the six million tantras,
knows the abiding nature (gnas lugs) of all existence and peace, saṃsāra and nirvāṇa ('khor 'das),
and realizes the distinctive features of the enlightened intent of the profound path, the summit of the vehicles.
Therefore apply yourselves in earnest to reading this treatise!

The abiding nature of the dharmakāya, in which there is nothing to guard,
beyond cause and result — the treasury of Samantabhadra's enlightened intent:
if elaboration (spros pa) is not cut through by such an excellent treatise,
who could demolish the evil clinging of the vehicles of intellectual speculation (yid dpyod)?

Gathering and gathering together the heart essence (snying po) of all the pith instructions,
each set of six of which brings the treasury of the sacred Dharma

[p. 692]རྫོགས་པའི། །ལམ་བཟང་འདི་འདྲ་རྒྱལ་བ་དངོས་མཇལ་ཀྱང༌། །ཅིག་ཆར་ཐོས་པ་དཀའ་བ་མ་ཡིན་ནམ། །བསྟན་པ་ཡོངས་རྫོགས་བསྟན་བཅོས་གཅིག་ཁོ་ནར། །ཚང་བའི་རྣམ་བཤད་གྲུབ་མཐའ་རིན་ཆེན་མཛོད། །གཞུང་བཟང་འདི་འདྲ་རྒྱ་བོད་གཉིས་ཆར་ཡང༌། །སྔར་ཡང་མ་བྱོན་ད་ཡང་འབྱོན་རེ་ཀན། །སྤང་བླང་གནས་ཀུན་ཡིད་བཞིན་ལེགས་སྟོན་པ། །ཆོས་ཚུལ་ཡོངས་རྫོགས་ཐོས་བསམ་སྒོམ་པའི་མཛོད། །འདི་མཐོང་བསྟན་པ་ཀུན་གྱི་དེ་ཉིད་ཤེས། །བརྒྱ་ཕྲག་གཞུང་ལ་ཅིག་ཆར་སྦྱངས་པར་འགྱུར། །ཐེག་རྩེའི་དགོངས་དོན་ཚིག་དོན་བཅུ་གཅིག་ཏུ། །ལེགས་བསྡུས་ཁ་ཚང་དོན་འདྲིལ་མན་ངག་གི །ཉམས་ལེན་གནད་ཀྱི་མཛོད་གཅིག་སྲིད་པ་ན། །སྲིད་པའི་རྩ་བ་གཅོད་ལ་གཅིག་ཏུ་དཔའ། །ཁྱད་པར་གཉུག་མའི་སེམས་ཉིད་ཆོས་སྐུའི་དོན། །བསལ་བཞག་བྲལ་བའི་ཡེ་ཤེས་རྗེན་པ་རུ། །ལེགས་སྟོན་ཀུན་མཁྱེན་བླ་མའི་དགོངས་པའི་མཐིལ། །ཟབ་ལས་ཆེས་ཟབ་ཆོས་དབྱིངས་རིན་ཆེན་མཛོད། །ཡང་དག་ཆོས་སྐུ་དངོས་སུ་བྱོན་པའི་གཞུང༌། །གཞུང་བཟང་འདི་འདྲ་སངས་རྒྱས་དངོས་ཡིན་ཏེ། །སྲིད་པ་འདི་ན་རྒྱལ་བའི་མཛད་པ་སྒྲུབ། །རྒྱལ་བའི་དགོངས་པ་མངོན་སུམ་སྟོན་པའི་གཞུང༌། །སངས་རྒྱས་མཇལ་ཀྱང་འདི་ལས་ཡོད་

to completion —
even were one to meet the Victorious One in person,
would not such an excellent path be difficult to hear all at once?

An exposition in which the entire teaching is complete within one single treatise alone —
the Precious Treasury of Tenet Systems (grub mtha' rin chen mdzod):
such an excellent treatise, in India and Tibet alike,
never appeared before, and now too there is scarcely hope that one will appear.

Showing well, just as one could wish, every point of what is to be abandoned and adopted,
a treasury of hearing, reflecting, and meditating upon the ways of Dharma in their entirety:
seeing this, one knows the reality (de nyid) of all the teachings
and becomes trained all at once in hundreds of treatises.

The intended meaning of the summit of the vehicles, well condensed into eleven topics of words and meanings (tshig don),
complete, its meaning drawn together — the sole treasury in this world
of the key points (gnad) of the practice of the pith instructions:
it alone is heroic in cutting the root of existence.

In particular, the meaning of the innate mind itself (sems nyid), the dharmakāya,
shown well as naked primordial wisdom free of anything to remove or to establish —
the very depth of the omniscient guru's enlightened intent,
more profound than the profound: the Precious Treasury of the Basic Space of Phenomena (chos dbyings rin chen mdzod).
A treatise in which the authentic dharmakāya has actually appeared —
such an excellent treatise is the Buddha in person;
in this world it accomplishes the deeds (mdzad pa) of the Victorious Ones.
A treatise that directly (mngon sum) shows the enlightened intent of the Victorious Ones —
even were one to meet the Buddha, could there be anything beyond this?

[p. 693]རེ་ཀན། །གཞུང་བཟང་འདི་འདྲ་དམ་ཆོས་ཀུན་གྱི་མཛོད། །ཆོས་རྣམས་ཀུན་གྱི་བརྗོད་བྱ་མཐར་ཐུག་པ། །ཆོས་སྐུའི་ཡེ་ཤེས་རྗེན་པར་སྟོན་པ་སྟེ། །ཆོས་ཀུན་བསྡུར་ཀྱང་འདི་ལས་ཡོད་རེ་ཀ་ན། །གཞུང་བཟང་འདི་འདྲ་འཕགས་ཚོགས་ཀུན་གྱི་ཐུགས། །དུས་གསུམ་སྔ་ཕྱིའི་རྒྱལ་སྲས་འཕགས་རྣམས་ཀྱི། །རྟོགས་པའི་ཡེ་ཤེས་འདི་ལས་མ་འདས་ཏེ། །འཕགས་པའི་ཡེ་ཤེས་འདི་ལས་ཡོད་རེ་ཀ་ན། །མཆོག་གསུམ་ཡོངས་རྫོགས་ཆོས་སྐུའི་མཆོད་སྡོང་ནི། །རྒྱལ་བ་ཀུན་གྱི་གཤེགས་ཤུལ་བླ་ན་མེད། །ཀུན་མཁྱེན་བླ་མའི་རྟོགས་པའི་འདྲ་འབག་སྟེ། །འདི་ལ་སུ་མཇལ་སྲིད་པ་ཐ་མ་ཡིན། །གཞུང་བཟང་འདི་འདྲ་ཚིག་གཅིག་ཐོས་པས་ཀྱང༌། །སྲིད་པའི་སྣང་ཤས་ཧྲུལ་པོར་བགྱིད་ནུས་ན། །ཡོངས་རྫོགས་མཇལ་བའི་སྐལ་བ་རྙེད་བཞིན་དུ། །འདོར་བར་བགྱིད་ན་སེམས་ཡོད་ཇི་ལྟར་ཡིན། །ཀྱེ་ལགས་སྡེ་སྣོད་གསུམ་དང་རིམ་དགུའི་ཆོས། །ཕལ་ཆེར་བརྩོན་འགྲུས་ཅན་ལ་དགོངས་པ་སྟེ། །སྒོམ་དང་སྒྲུབ་དང་རྩོལ་བས་གྲོལ་ལོ་ཞེས། །བསལ་བཞག་བྲལ་བའི་ཡེ་ཤེས་མཐོང་བ་མེད། །རྩོལ་མེད་བློ་འདས་རྡོ་རྗེ་རྩེ་མོ་འདི། །མ་བསྒོམས་སངས་རྒྱས་རིག་སྟོང་རྗེན་པའི་ཀློང༌། །ལེ་ལོ་ཅན་ཡང་ཆོས་སྐུར་དེང་སྤྲོད་དེ། །སྒོམ་དང་སྒྲུབ་དང་རྩོལ་བློའི་ཞེན་པ་

Such an excellent treatise is the treasury of all the sacred Dharma,
the ultimate subject matter of all the teachings,
showing nakedly the primordial wisdom of the dharmakāya —
compare all the teachings you will, could there be anything beyond this?

Such an excellent treatise is the enlightened mind (thugs) of all the hosts of noble ones:
the primordial wisdom of realization of the noble heirs of the Victorious Ones
of the three times, earlier and later, does not go beyond this —
could the primordial wisdom of the noble ones be anything beyond this?

This shrine of the dharmakāya, in which the Three Supreme Ones are wholly complete,
is the unsurpassed track along which all the Victorious Ones have gone,
the very likeness of the omniscient guru's realization —
whoever meets it, this is their final existence.

If hearing even a single word of such an excellent treatise
can tear the appearances of existence to tatters,
then, having found the fortune of meeting it in its entirety,
were one to cast it aside, how could one be said to have a mind (sems)?

Alas! The Dharma of the three piṭakas (sde snod) and the nine successive vehicles
is for the most part intended for those who have diligence (brtson 'grus):
saying, "one is liberated through meditation, accomplishment, and effort,"
they do not see the primordial wisdom free of anything to remove or to establish.

This vajra pinnacle, effortless and beyond the intellect (blo),
buddhahood without meditating, the expanse of naked empty awareness (rig pa),
today brings even the lazy face to face with the dharmakāya,
with no clinging to meditation, accomplishment, or the striving intellect.

[p. 694]མེད། །ལམ་འདི་སྟོན་ལ་ལྷར་བཅས་འཇིག་རྟེན་ན། །ཀུན་མཁྱེན་བླ་མ་ཆོས་སྐུ་ཉག་གཅིག་ཡིན། །ཆོས་སྐུའི་བསྟན་པ་ཇི་སྙེད་གནས་པ་ལས། །ཆོས་དབྱིངས་མཛོད་འདི་ཆོས་ཀྱི་ཉིང་ཁུ་ཡིན། །དེ་ཕྱིར་གཞུང་བཟང་འདི་འདྲ་སྲིད་འདི་ན། །མཐོང་གྲོལ་ཡིན་ཏེ་ཐོས་གྲོལ་དྲན་གྲོལ་ཡིན། །འབྲེལ་པ་ཐོགས་ཚད་མ་འོངས་སངས་རྒྱས་ཡིན །དགོངས་པ་རྙེད་ན་ད་ལྟའི་སངས་རྒྱས་ཡིན། །བྱིན་རླབས་བརྒྱུད་པའི་རྣོ་སོ་མ་ཉམས་ཤིང༌། །དགོངས་པ་གཏད་པས་དོན་བརྒྱུད་ཡེ་ཤེས་འཕོ། །ཕྱི་རབས་བུ་ལ་གཏད་རྒྱས་རྒྱས་བཏབ་པས། །ཀུན་མཁྱེན་བླ་མ་དངོས་དང་མཚུངས་པ་ཡིན། །ཇི་བཞིན་ཚིག་དོན་དགོངས་པ་མ་ཁྲོལ་ཡང༌། །མོས་གུས་ཐོབ་ན་བྱིན་བརྒྱུད་ཡེ་ཤེས་འཕོ། །གཞུང་འདི་མཇལ་ལས་ཚིག་དབང་རིན་པོ་ཆེ། །གཞན་ན་མེད་དེ་རིག་པའི་རྩལ་དབང་རྫོགས། །སྐྱོ་སུན་འཇིགས་དང་མི་དགས་གདུང་བའི་ཚེ། །གཞུང་འདི་མཇལ་ན་དགའ་ཆེན་ཡེ་ཤེས་སྐྱེ། །བག་དྲོ་ཉམས་དགའ་རིག་པ་དྭངས་ཤིང་གསལ། །ཡུལ་སྣང་འཁྲུལ་པ་ཐུག་ཕྲད་འཇིག་པ་ཡིན། །ཉམས་དགའ་རྒྱས་དང་བདེ་ཆེན་འབར་བའི་ཚེ། །གཞུང་འདི་མཇལ་ན་དགའ་བྲོད་ཞེན་པ་འཇིག །སྤང་བླང་རིས་མེད་གཉུག་མ་བརྡལ་བའི་ཀློང༌། །ཀུན་མཁྱེན་བླ་མའི་དགོངས་ཟབ་སྟོན་པ་

In showing this path, in this world together with its gods,
the omniscient guru, the dharmakāya, is the single one.
Of all the teachings of the dharmakāya that exist,
this Treasury of the Basic Space of Phenomena is the quintessence of the Dharma.

Therefore such an excellent treatise, here in this existence,
is liberation through seeing, liberation through hearing, liberation through recollection.
All who form any connection with it are buddhas of the future;
whoever finds its enlightened intent is a buddha of this very moment.
The keen edge of the lineage of blessings (byin rlabs) has not been dulled,
and through the entrusting of the enlightened intent, the primordial wisdom of the lineage of meaning is transferred.
Since it was sealed with the seal of entrustment to the children of later generations,
it is the equal of the omniscient guru in person.
Even if one has not unravelled the enlightened intent of its words and meanings just as they are,
if one gains devotion, the primordial wisdom of the lineage of blessings is transferred.
The precious word empowerment (dbang) is found nowhere
other than in meeting this treatise: the empowerment of the dynamic energy of awareness is perfected.

When one is tormented by weariness, fear, and unhappiness,
if one meets this treatise, the primordial wisdom of great joy arises:
one is warm and at ease, glad in experience (nyams), awareness limpid and clear,
and the delusion of appearing objects (yul) is destroyed the moment it is met.
When glad experience expands and great bliss (bde chen) blazes,
if one meets this treatise, clinging to joy and elation is destroyed:
the expanse of the all-pervading innate nature, without partiality of rejecting or adopting —
it shows the profound enlightened intent of the omniscient guru.

[p. 695]ཡིན། །ཚེ་འདིར་ཞེན་དང་རྩོལ་བས་གདུང་བའི་ཚེ། །གཞུང་འདི་མཇལ་ན་ཨ་འཐས་མངོན་རློམ་འཇིག །སྣང་བ་གུ་ཡངས་གང་ལྟར་བྱས་ཀྱང་ཆོག །རེ་དོགས་ཁྲིགས་མེད་མཉམ་གཞག་ལྷོད་ཀྱིས་འགྲོ། །དབུ་མ་འདི་ཡིན་ཕ་རོལ་ཕྱིན་པ་འདི། །གཅོད་ཡུལ་འདི་ཡིན་སྡུག་བསྔལ་ཞི་བྱེད་དེ། །ཕྱག་རྒྱ་ཆེ་དང་རྫོགས་པ་ཆེན་པོ་དངོས། །ཆོས་ཀུན་འདིར་འདུས་ཀུན་ལས་ཁྱད་དུ་འཕགས། །ཀུན་མཁྱེན་བླ་མའི་རྗེས་འཇུག་སྲས་ཡིན་ན། །གཞུང་བཟང་འདི་དང་ནམ་ཡང་མི་འབྲལ་ཏེ། །རིག་པའི་གཏན་གྲོགས་འདི་ལ་བཅོལ་པས་ཆོག །ཕུག་གི་བློ་གཏད་འདི་འདྲ་ཡོད་རེ་ཀན། །འཕྲལ་དུ་བློ་བདེ་ཕུགས་སུ་སངས་རྒྱས་ཐོབ། །རྩོལ་བས་མི་གདུང་བློ་ཡི་འཆིང་བ་འཇིག །སྐྱིད་ན་གོང་ནོན་སྡུག་ན་སྐྱོ་གྲོགས་བྱེད། །གཞུང་བཟང་འདི་འདྲ་མི་བསླུ་ཉག་གཅིག་ཡིན། །དེ་ཕྱིར་དབྱངས་སུ་གྱེར་ཞིང་མགུར་དུ་འཐེན། །ཚིགས་སུ་བཅད་ཅིང་ལྷུག་པོར་འདོན་ཞིང་བལྟ། །ནམ་ཡང་འདི་དང་འབྲལ་བར་མ་བྱས་ན། །འཁོར་བའི་འཁྲུལ་སྣང་དུམ་བུ་དུམ་བུར་འགྲོ། །ནམ་ཞིག་བྱིན་བརྒྱུད་རྟོགས་པའི་གནད་འཕོས་ནས། །བརྗོད་དུ་མེད་པའི་ཡེ་ཤེས་ཁོང་ནས་སྐྱེ། །ཀུན་མཁྱེན་ཆོས་སྐུའི་བླ་མ་དངོས་ཞལ་མཇལ། །གཞི་བདེའི་སྟེང་དུ་བློ་བདེ་རྒྱུན་ཆད་མེད། །གཞུང་

When one is tormented by clinging to this life and by striving,
if one meets this treatise, solidifying fixation and manifest presumption are destroyed;
one's perception becomes open and spacious — whatever one does is fine —
and without the tightness of hope and fear one slips loosely into meditative equipoise (mnyam gzhag).

This is the Middle Way (dbu ma), this is the Pāramitā;
this is Chöd, it is the Pacification of Suffering;
it is mahāmudrā (phyag rgya chen po) and the Great Perfection (rdzogs pa chen po) in person:
all teachings are gathered here, and it surpasses them all.

If you are a follower and child of the omniscient guru,
never part from this excellent treatise;
it is enough to entrust yourself to it as the constant companion of your awareness —
where else could such an ultimate object of trust be found?

For the present the mind is at ease; in the end buddhahood is attained;
untormented by striving, the bonds of the intellect are destroyed;
when you are happy it holds you in check, when you suffer it consoles your sorrow.
Such an excellent treatise is the single one that does not deceive.

Therefore chant it in melody and sing it as a song;
recite it in verse and read it out freely, and study it.
If you never let yourself part from it,
the deluded appearances ('khrul snang) of saṃsāra ('khor ba) will fall to pieces, bit by bit.
One day, when the key point of realization of the lineage of blessings has been transferred,
inexpressible primordial wisdom will arise from within;
you will meet the omniscient dharmakāya guru face to face,
and upon a ground of ease, ease of mind will never be interrupted.
Other than meeting this treatise, there is no other practice;

[p. 696]འདི་མཇལ་ལས་ཉམས་ལེན་གཞན་མེད་དེ། །སྒོམ་དང་སྒྲུབ་པའི་སྙིང་པོ་དེ་ཉིད་ཡིན། །གཞུང་བཟང་འདི་དག་ཅི་ཙམ་མཇལ་བའི་ཡུན། །དེ་སྲིད་ཆོས་སྐུའི་དགོངས་པ་ངང་གིས་སྐྱེ། །དེ་སླད་རྩོལ་བློའི་བློ་ཚུབ་མ་མང་བར། །བག་ཡངས་ངང་ནས་གཞུང་བཟང་འདི་དག་གཟིགས། །བརྗོད་བྱའི་དོན་ཟབ་རྒྱང་ན་ཅང་མེད་ཀྱི། །བློ་ཐག་ཆོད་ལ་རང་བབ་ངང་ལ་ཞོག །རྟོགས་པར་དཀའ་བ་རྟོག་གེའི་བསྟན་བཅོས་བཞིན། །བསྒྲིམས་ཤིང་བསྒྲིམས་ནས་ཚིག་དོན་ཚོལ་མི་དགོས། །རང་བབ་ངང་ལ་གཞུང་སེམས་སྲེས་ཤིག་དང༌། །གུ་ཡངས་རྗེན་པ་ཟང་མ་ཐལ་གྱིས་འགྲོ། །ངོ་སྤྲོད་དེ་ཡིན་གཉུག་མའི་ཡེ་ཤེས་དེ། །ཀུན་མཁྱེན་བླ་མའི་གདམས་ངག་དེ་རང་ཡིན། །བརྗོད་བྱ་དེ་ཡིན་དབང་བསྐུར་དངོས་ཀྱང་དེ། །སྙིང་པོའི་ཉམས་ལེན་དེ་ག་རང་གིས་ཆོག །ངེས་ཚིག་ཚིག་དོན་ཁྲོལ་རུང་མ་ཁྲོལ་རུང༌། །བརྗོད་བྱའི་དོན་ཟབ་ཤེས་རུང་མ་ཤེས་རུང༌། །དགོངས་པའི་ཞེ་ཕུག་རྙེད་རུང་མ་རྙེད་རུང༌། །རེ་དོགས་ཆོད་ལ་མ་ཡེངས་ངང་ནས་གཟིགས། །ཡང་ལྟོས་ཡང་ལྟོས་ཉམས་དང་བསྲེས་ལ་ལྟོས། །གཞུང་དང་སེམས་སྲེས་སེམས་ལ་གཞུང་རྒྱས་ཐོབ། །དབྱེར་མེད་ངང་ནས་ཉམས་དགའ་གདངས་སུ་གྱེར། །མོས་གུས་རྩལ་འབར་རྟོགས་པའི་ཡེ་ཤེས་སྐྱེ། །ཀྱེ་ལགས་སྙིང་

it is itself the very heart essence of meditation (sgom pa) and accomplishment (sgrub pa).
For however long you meet these excellent treatises,
for just that long the enlightened intent of the dharmakāya arises of its own accord.
Therefore, without multiplying the turbulence of a striving intellect,
look upon these excellent treatises from a state of ease.
The profound meaning they express is not at all far off:
make a decisive resolution and rest in the natural state.

Unlike treatises of logic, which are hard to realize,
there is no need to strain and strain again in search of the meaning of the words.
Mingle treatise and mind in the natural state,
and, spacious, naked, and unimpeded (zang thal), it bursts straight through.
That is the introduction (ngo sprod); that innate primordial wisdom
is itself the very instruction (gdams ngag) of the omniscient guru.
That is the subject matter; the actual empowerment (dbang bskur), too, is that;
for the practice of the heart essence, that alone is enough.
Whether or not the etymologies (nges tshig) and the meanings of the words come clear,
whether or not you know the profound meaning they express,
whether or not you find the innermost depth of the enlightened intent,
cut through hope and fear and look from a state of nondistraction.
Look again, look again; look while mingling it with your experience.
Mingle treatise and mind; let the seal of the treatise be set upon the mind.
From the state of inseparability, chant the joy of experience as a melody;
the dynamic energy of devotion blazes and the primordial wisdom of realization arises.
O friend, this is the heart

[p. 697]པོའི་སྙིང་པོ་འདི་ཡིན་ཏེ། །ཟབ་པའི་ཡང་ཟབ་འདི་འདྲ་གཞན་ན་མེད། །བྱིན་རླབས་མཛོད་ཡིན་སྙིང་པོའི་བསྟན་པ་ཡིན། །སྟོན་པ་དངོས་ཡིན་སངས་རྒྱས་ལག་བཅངས་ཡིན། །འདི་འདྲའི་ཡོན་ཏན་བསྐལ་པར་བརྗོད་ན་ཡང༌། །བློ་ཆུང་བདག་གི་བློ་གྲོས་མི་འཛད་ན། །བློ་ཆེན་གཞན་གྱི་སྤོབས་པ་ལྟ་ཅི་སྟེ། །འཕགས་པ་དགྱེས་པའི་ལམ་བཟང་འདི་འདྲ་མེད། །ཀྱེ་ལགས་འདི་འདྲའི་ནོར་བུ་རིན་པོ་ཆེ། །རང་དབང་མཇལ་བའི་སྐལ་བཟང་རྙེད་དུས་འདིར། །སྲིད་ན་གནས་ཀྱང་ཧ་ཅང་མི་སྐྱོ་སྟེ། །མོས་གུས་བསྐྱེད་ནས་གུ་ཡངས་ཅིས་མི་ཆོག །སྙིང་གི་གྲོགས་ཁྱེད་གཞུང་འདིར་བློ་ཕོབ་ལ། །བག་ཡངས་ངང་ནས་བློ་ཐག་འདི་རུ་ཆོད། །བྱ་བྱེད་རྩོལ་བློའི་བློ་ཚུབ་འདི་རུ་ཤིག །གཞུང་མང་གདམས་པའི་སྤྲོས་པ་འདི་རུ་ཆོད། །སྙན་སྙན་གཞུང་ལུགས་མང་པོས་ཅི་ཞིག་བྱ། །ཟབ་ཟབ་མན་ངག་མང་པོས་ཅི་ཞིག་བྱ། །སྤྲོས་སྤྲོས་ཉམས་ལེན་མང་པོས་ཅི་ཞིག་བྱ། །ཡིན་ཡིན་ཁ་བཤད་མང་པོས་ཅི་ཞིག་བྱ། །བག་ཡངས་བསམ་གཏན་ཉལ་ཆོག་འདི་རང་ཡིན། །བློ་བདེ་གུ་ཡངས་རང་གྲོལ་འདི་རང་ཡིན། །གཞུང་བཟང་གཅིག་ཤེས་ཀུན་གྲོལ་འདི་རང་ཡིན། །མན་ངག་ཆུ་བརྒྱ་ཟམ་གཅིག་་འདི་རང་ཡིན། །རང་ལ་བཞག་ནས་གཞན་ལ་མ་ཚོལ་ཀྱེ། །སྙིང་པོ་དོར་ནས་ཤུན་པ་མ་བསྡུ་

essence of the heart essence;
such a profound of the profound is found nowhere else.
It is a treasury of blessings; it is the teaching of the heart essence;
it is the Teacher in person; it is a buddha held in the palm of your hand.
Even were one to speak of such qualities for an eon,
if the intelligence of small-minded me would not run dry,
what need to speak of the eloquence of others of great mind?
There is no excellent path like this that delights the noble ones.
O friend, such a precious jewel as this —
now, when you have found the good fortune to meet it freely,
though you remain in existence (srid pa), it is not so very sad;
having aroused devotion, why should spacious ease not suffice?
You, friend of my heart, place your trust in this treatise,
and from a state of ease make your decisive resolution right here.
Let the turbulence of the striving intellect of doing and acting fall to pieces right here.
Cut through the elaboration of many treatises and instructions right here.
What use are so many sweet-sounding textual traditions?
What use are so many "profound, so profound" pith instructions?
What use are so many elaborate, elaborate practices?
What use is so much talk of "it is this, it is this"?
This itself is the meditative concentration (bsam gtan) at ease, in which you may lie down.
This itself is ease of mind, spaciousness, and self-liberation (rang grol).
This itself is the excellent treatise in which knowing one liberates all.
This itself is the pith instruction that is a single bridge over a hundred rivers.
Leave it within yourself and do not seek it elsewhere, kye!
Do not cast away the heart essence and gather up the husks,

[p. 698]ཀྱེ། །རྩོལ་མེད་བོར་ནས་བརྩོན་པས་མ་བསྒྲུབ་ཀྱེ། །བྱར་མེད་བསྐྱུར་ནས་བྱ་བྱེད་མ་མང་ཀྱེ། །ཀུན་མཁྱེན་བླ་མའི་བརྒྱུད་དུ་སྐྱེས་ཙམ་ནས། །གཞུང་བཟང་འདི་འདྲ་མེས་པོའི་ཕ་ཕོག་ཡིན། །ལམ་བཟང་འདི་འདྲ་ཕ་མེས་བཞག་པ་ཡིན། །བག་ཞིག་ཕབ་ན་འདི་རུ་ལོས་ཀྱང་ཕབ། །ཀྱེ་མ་ཀྱེ་མ་བརྒྱུད་གསུམ་ཐུགས་རྗེ་ཆེ། །གཞུང་བཟང་མཇལ་དུ་ཡོད་པ་སྐལ་བ་བཟང༌། །ལམ་བཟང་བསྒྲུབ་ཏུ་ཡོད་པ་ཁ་རྗེ་ཆེ། །སངས་རྒྱས་རང་ལ་ཡོད་པ་ལོས་ཀྱང་བདེན། །དེ་སླད་རྒྱལ་བ་དགྱེས་པའི་ལམ་བཟང་འདིར། །སྙིང་གི་གྲོགས་ཁྱེད་བློ་དང་ཆོས་སུ་སྲེས། །སྙིང་གཏམ་ལགས་ཀྱིས་སྙིང་གི་དབུས་སུ་སྟིམས། །སྙིང་ལ་བཅངས་ན་སྙིང་པོ་ཡིན་ཀྱང་སྲིད། །བག་མེད་མདོ་སྟོར་ཨ་བུ་ཧྲལ་པོ་བདག །རང་ལ་མེད་པའི་ཁ་ཆོས་འཆད་པ་ལ། །སྤྲོ་བ་མེད་ཀྱང་ཀུན་མཁྱེན་བརྒྱུད་པའི་གཞུང༌། །ཡིད་ཆེས་ཐོབ་པ་ཉམས་མྱོང་ཉག་གཅིག་ཡིན། །དུག་ལྔ་མེ་འབར་རྣམ་གཡེང་ཁོལ་པོར་འཕྱན། །འཁྲུལ་སྣང་བཟློག་དཀའ་ལས་ངན་བདག་འདྲ་ཡང༌། །གཞུང་བཟང་འདི་འདྲ་ཐོས་དང་མཇལ་བའི་ཚེ། །སྲིད་པའི་སྣང་ཤས་ཁྲལ་མ་ཁྲོལ་དུ་འགྲོ། །དེས་ན་བློ་བརྟན་དུག་ལྔའི་རྟོག་པ་ཆུང༌། །སྐལ་བཟང་དམ་གཙང་ཁྱེད་དང་ཁྱེད་འདྲ་བས། །གཞུང་འདི་མཇལ་ན་བྱིན་བརྒྱུད་ཡེ་

kye!
Do not throw away effortlessness and accomplish through exertion, kye!
Do not cast aside non-action and multiply doing and acting, kye!
From the very moment you were born into the lineage of the omniscient guru,
such excellent treatises have been the paternal inheritance of your forefathers;
such an excellent path is what your fathers and forefathers left behind.
If you are to set your mind at ease, then by all means set it at ease right here.
Kyema, kyema! Great is the compassion (thugs rje) of the three lineages!
That there are excellent treatises to meet is good fortune;
that there is an excellent path to accomplish is great luck;
that buddhahood is present within oneself is true indeed.
Therefore, on this excellent path that delights the victorious ones,
you, friend of my heart, mingle your intellect with the Dharma.
Since these are heartfelt words, absorb them into the center of your heart;
if you hold them in your heart, they may well prove to be the heart essence.
I, heedless Abu Hralpo, who has lost the essential point,

take no delight in expounding a Dharma of the mouth that I do not myself possess;
and yet, having gained conviction in the treatises of the omniscient one's lineage
is my one and only experience.
The five poisons (dug lnga) blaze like fire; I wander as a slave to distraction.
Yet even for one of bad karma like me, whose deluded appearances are hard to turn back,
when I hear and meet such excellent treatises,
the appearances of existence crumble and fall to pieces.
Therefore, for you and those like you, steady of intellect, with few thoughts of the five poisons,
fortunate and pure in samaya (dam tshig),
if you meet this treatise, the supreme primordial wisdom of the lineage of blessings

[p. 699]ཤེས་མཆོག །ཐོབ་པར་ངེས་ཀྱི་ངེས་ཤེས་ཡང་ཡང་སྐྱེད། །ཀུན་མཁྱེན་བླ་མ་རྫོགས་པའི་སངས་རྒྱས་དེའི། །བྱིན་རླབས་འོད་སྣང་གང་ལ་རེག་གྱུར་པ། །རྟོགས་གྲོལ་དུས་མཉམ་མངོན་སུམ་ཚད་མ་སྟེ། །གྲུབ་བརྒྱའི་སྤྱི་མེས་ཀུན་མཁྱེན་བླ་མ་ཡིན། །རྟོགས་པའི་དབང་ཕྱུག་ལྷ་བཙུན་ཆེན་པོ་དང༌། །དགོངས་པའི་ཀློང་བརྡོལ་རིག་འཛིན་འཇིགས་མེད་གླིང༌། །བསྟན་པའི་མངའ་བདག་གཏེར་ཆེན་བླ་མ་སོགས། །ཀུན་མཁྱེན་གཞུང་ལས་བྱིན་བརྒྱུད་ཐོབ་པ་ཡིན། །དེ་ཚུལ་དགོངས་མཛོད་སྙིང་གི་གྲོགས་པོ་ཁྱེད། །དེ་དང་འདྲ་བར་ཀུན་མཁྱེན་ལེགས་བཤད་མཆོག །དེ་ཚུལ་མཐོང་ནས་དོན་བརྒྱུད་ཡེ་ཤེས་ཐོབ། །དེ་བཞིན་ཉིད་དབྱིངས་དགོངས་ཀློང་གྲོལ་གྱུར་ཅིག ། དཔལ་སྤྲུལ་གསུང༌། སརྦ་མངྒ་ལཾ།། །།

you will surely attain: give rise again and again to this certainty.