Theg mchog mdzod (Longchenpa): Appendix 1

From Rangjung Yeshe Wiki Texts
Theg mchog mdzod (Longchenpa)Theg mchog mdzod (Longchenpa): Appendix 1
< Theg mchog mdzod (Longchenpa)
Theg mchog mdzod (Longchenpa)/Appendix 1
Jump to navigation Jump to search
← ConclusionTheg mchog mdzod: contentsAppendix 2 →

From Longchenpa's Treasury of the Supreme Vehicle (Theg pa'i mchog rin po che'i mdzod): first appendix, printed with the Treasury but not by Longchenpa: Patrul Rinpoche's (dPal sprul, 1808–1887, who signs it A bu hral po) verse praise of the Omniscient Lama's writings (kun mkhyen bla ma'i gsung rab la bsngags pa). Translated from the Tibetan e-text in this folder. · ཀུན་མཁྱེན་བླ་མའི་གསུང་རབ་ལ་བསྔགས་པ (Patrul Rinpoche, praise of the Omniscient Lama's writings)
Pages 678–690 of volume 2 of the corrected base text.

Not in this part's tabs (the edition does not contain it): Pe cin 2009 (dpe bsdur ma), Derge (sde dge par ma), Serthang Larung, single volume MW2PD19906, single volume MW8LS32770, two volumes MW0TTBBC0034, two volumes MW0TTBBC0007.
[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD86, I1PD87, I1PD88), gorn05 tibocr 2026: BDRC OCR on 860 pages, Mitra OCR on 457 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).
Volume I1PD88 pp. 640-650, 631-639

[p. 640] ཀུན་མཁྱེན་བླ་མའི་གསུང་རབ་ལ་བསྔགས་པ་བཞུགས་སོ། །ན་མཿསརྦ་དྷཱུ་ཡ་གུ་ར་ཝེ། གང་ཞིག་རྒྱལ་བའི་ཡོན་ཏན་མཐའ་ཀླས་པ། །མ་ལུས་ཡང་དག་རྫོགས་པའི་དཀྱིལ་འཁོར་ཅན། །ཀུན་ མཁྱེན་བླ་མ་རྒྱལ་བ་ཐམས་ཅད་ཀྱི། །རྒྱལ་ཚབ་སེམས་དཔར་གྱུར་ལ་ཕྱག་འཚལ་ལོ། །༼༽ཏ། །གདོད་མའི་གཞི་དབྱིངས་ཡོན་ཏན་རྫོགས་པའི་ཀློང་། །སྟོང་རྐྱེན་ལྷུམས་སུ་ཆོས་ཉིད་ཟད་ཞུགས་པས། །རྩ་བ་འབྱམས་མཁྱེན་ པས་ཤེས་བྱ་ཡོངས་གཅོད་པ། །ཀུན་མཁྱེན་བླ་མ་ཐམས་ཅད་མཁྱེན་པ་ཡིན། ༼༽ཝ། །སྐྱོབ་པ་དེ་ཡི་ལེགས་བཤད་ཚིག་གཅིག་གི། །ཟུར་ཙམ་ཐོས་ཀྱང་སྲིད་པ་ཧྲུལ་པོ་རུ། །ངེས་པར་བགྱིད་ན་བསྟན་པ་ཡོངས་རྫོགས་ པའི། །གསུང་ལ་ཐོས་བསམ་བགྱིད་རྣམས་ལྟ་ཅི་སྨོས། ༼༽ཝ། །རྒྱལ་བ་རྣམས་དང་རྒྱལ་སྲས་ཆེ་རྣམས་ཀྱིས། །དབའ་བར་འགྲོ་སོགས་ཏིང་འཛིན་རྣམ་ཐར་མཐུས། །འཕགས་བཞི་སོ་སྐྱེ་དུ་མའི་སྐུ་ལ་གཟུགས་ཀྱིས། ། རྒྱལ་བའི་མཛད་བཟང་ཅི་ཡང་སྟོན་པ་ཡིན། ༼༽ཎ། །དེ་སླད་ཀུན་མཁྱེན་མཆོག་གི་སྤྲུལ་བའི་སྐུས། །རྒྱལ་བའི་མཛད་པས་སྙིགས་མའི་འགྲོ་སྐྱོང་ཞིང་། །ཐོས་པས་གྲོལ་བ་ཐེག་རྩིའི་ཆོས་འཁོར་གྱིས། །རྡོ་རྗེ་སྙིང་པོའི་ བསྟན་པ་གསལ་པར་མཛད། ༼༽ཁ། །ཀུན་མཁྱེན་བླ་མ་རྫོགས་པའི་སངས་རྒྱས་དེའི། །ལེགས་བཤད་བདུད་རྩི་ཤིན་ཏུ་དག་པ་འདི། །ལུང་གི་ཆོས་མཆོག་ཞལ་ནས་གསུངས་པའི་བཀའ། །མི་ཤེས་པ་དེ་པ་གླང་ཡ་སོ་

[p. 641] ཅན། ༦། སྐལ་པ་བཟང་དག་རབ་དགའ་སྐྱེད་བྱོས་ལ། །སངས་རྒྱས་མཐོང་བའི་ངེས་ཤེས་གྱིས་ཤིག་དང་། །ཀུན་མཁྱེན་བླ་མའི་ལེགས་བཤད་འདི་མཐོང་ལས། །སངས་རྒྱས་མཇལ་ཡང་ཅུང་ཟད་ཡོད་རེ་ཀན། ༧། ཐུབ་པའི་མཚན་དཔེ་མིག་གི་བདུད་རྩི་སྟེ། །སྐལ་བཟང་ཡིད་ལ་དད་གསུམ་བསྐྱེད་པ་ལགས། །ལེགས་བཤད་ཡིག་གཟུགས་བཟོ་ཡི་སྤྲུལ་སྐུ་སྟེ། །དད་པའི་གསོས་སུ་འདི་ལས་ལྷག་པ་མེད། ༨། སྟོན་པའི་ཚངས་དབྱངས་རྣ་བའི་བདུད་རྩི་སྟེ། །བསྐལ་བཟང་ཡིད་ལ་ཤེས་རབ་བསྐྱེད་པ་ལགས། །ལེགས་གཤད་ཚིག་ཕྲེང་རྣ་བའི་བདུད་རྩི་སྟེ། ཤེས་རབ་གསོས་སུ་འདི་དང་མཉམ་པ་མེད། ༩། རྒྱལ་བའི་བྱིན་རླབས་སྙིང་གི་བདུད་རྩི་སྟེ། །བསྐལ་བཟད་ཡིད་ལ་བདེན་པ་སྟོན་པ་ལགས། །ལེགས་བཤད་དོན་བཟང་སྙིང་གི་བདུད་རྩི་སྟེ། ཡིད་ལ་ཡེ་ཤེས་གསོས་སུ་འདི་ཉིད་ཆེ། ༡༩། རྣམ་ཐར་ཏིང་འཛིན་སྟོབས་ཀྱིས་བྱིན་རླབས་པས། །འདི་མཐོང་ཡིད་ལ་ཆོས་ཉིད་ཤུགས་ཀྱིས་སྐྱེ། །ཀ་དག་དགོངས་པ་འཕྲལ་ལ་སྟོན་ནུས་ཤིང་། །ཆོས་ཅན་འཛིན་པ་གཞིག་ལ་འདི་འདྲ་མེད། ༡༩། ཡི་གེའི་རྣམ་རོལ་ཤཱཀྱ་སེང་གེའི་སྐུ། །རྗོད་བྱེད་ཚིག་ཕྲེང་ཀུན་མཁྱེན་བླ་མའི་གསུང་། །བརྗོད་བྱ་དོན་ཟབ་རྒྱལ་བ་ཀུན་གྱི་ཐུགས། །གསུང་རབ་འདི་མཐོང་བདེ་གཤེགས་ཡོངས་རྫོགས་མཐོང་། ༡༩། ལྔ་བརྒྱ་ཐ་མའི་བསྟན་པར་གྱུར་པ་ན། །གསུང་རབ་རྣམ་རོལ་ཡི་

[p. 642] གེའི་གཟུགས་དག་གིས། །སྟོན་པ་བཞུགས་ཞེས་སྐྱོབ་པ་ཐུགས་རྗེ་ཅན། །ཤཱཀྱ་སེང་གེའི་ཞལ་བཞེས་དེ་ལྟར་ལགས། ༣། །དོན་བཟང་ལེགས་བཤད་མཛོད་ཆེན་བདུན་ལ་སོགས། །བསྟན་པ་ཡོངས་རྫོགས་ཚེ་གཅིག་སངས་རྒྱས་ཆོས། །ཟབ་ལམ་རྨད་བྱུང་བདུད་རྩིའི་ཐིགས་པ་འདི། །ཀུན་མཁྱེན་བླ་མའི་གསུང་དུ་སུ་ཡིས་བསྙོན། ༣། །ལྷུན་གྲུབ་ཡོན་ཏན་ཤིན་ཏུ་རྒྱ་ཆེན་པོ། །ཀ་དག་དབྱིངས་སུ་ཟབ་པའི་ཆོས་ཉིད་ཅན། །ཟུང་འཇུག་ཐེག་རྩེ་རྡོ་རྗེ་སྙིང་པོའི་ཆོས། །རྒྱལ་ཀུན་ཐུགས་གསང་འདི་ལས་ཅི་ཞིག་ཡོད། ༡༠། །ཐུབ་པའི་མཛེས་སྐུ་གསེར་གྱི་རི་འདྲ་བ། །གཟུགས་སྐུ་མཐོང་བའི་ཁྱད་ཆོས་དེ་ལགས་མོད། །ཆོས་ཉིད་རང་བཞིན་བརྗོད་དུ་མེད་སྟོན་པ། །ཆོས་སྐུ་མཐོང་བའི་སྐལ་བཟང་འདི་ཙམ་ལགས། ༡༠། །ཤིང་དབང་དྲུང་དེར་སྐྱོབ་པས་གང་མཁྱེན་དང་། །རྒྱལ་སྲས་རྣམས་ཀྱིས་བདེན་པ་གང་གཟིགས་པ། །ཀུན་མཁྱེན་བླ་མའི་ལེགས་བཤད་ཚིག་གཅིག་གིས། །བརྗོད་དུ་མེད་དོན་ཐབས་ཀྱིས་སྟོན་པར་མཛད། ༡༠། །ཡོན་ཏན་རང་བཞིན་བྱང་ཆུབ་ཕྱོགས་ཀྱི་ཆོས། །མ་ལུས་ཡོངས་རྫོགས་རྫོགས་པ་ཆེན་པོ་ནི། །རྒྱལ་བ་ཀུན་གྱི་ཆོས་སྐུའི་མཆོད་སྡོང་སྟེ། །བསོད་ནམས་ཞིང་དུ་འདི་ལས་ལྷག་པ་མེད། ༡༠། །ཐུབ་པའི་མདོ་སྡེ་ཇི་སྙེད་བསམ་ཡས་པའི། །ཡོན་ཏན་མཆོག་ཀྱང་ཟབ་རྒྱས་སྟོན་པས་ཏེ། །ཆོས་ཉིད་རང་བཞིན་ཟབ་ཅིང་རྒྱ་ཆེ་བ། །རྗེན་པར་སྟོན་འདིའི་ཡོན་ཏན་ཡང་དེ་ཙམ། ༡༩། །དེ་སླད་གཞུང་འདིའི་ཚིག་གཅིག་ཉན་

[p. 643] པ་དང་། །འཛིན་ཀློག་སྒྲུབ་རྣམས་ཇི་སྙེད་རྒྱལ་བའི་ཆོས། །ཉན་དང་འཛིན་ཀློག་སྒྲུབ་ལ་བརྩོན་པ་དང་། །བསྐལ་བ་མཉམ་ཞིང་བསོད་ནམས་རྣམ་སྨན་མཉམ། །རིག་བརྒྱད་ཁྲི་བཞི་སྟོང་ཆོས་དོན་རིག་པའི་ཀློང་། །འདུས་པར་ངེས་ན་དེ་ཡི་བརྗོད་བྱེད་གཞུང་། །ཀུན་མཁྱེན་བླ་མའི་ལེགས་བཤད་ཟབ་མོའི་ཆོས། །ཚིག་བཅད་གཅིག་ཏུ་ཅི་ཡི་ཕྱིར་མི་འདུ། ༼༢༡༽ །དད་པའི་སེམས་ཀྱིས་སྐད་ཅིག་མཇལ་ན་ཡང་། །གང་གི་ཡིད་ལ་གདུང་བ་སྐྱེ་འགྱུར་པའི། །ཉོན་མོངས་རྙོགས་པ་ཤུགས་ཀྱིས་འབྲལ་བགྱིད་པ། །ཀུན་མཁྱེན་བླ་མའི་ལེགས་བཤད་མཐོང་གྲོལ་ཡིན། ༼༢༢༽ །ཚིག་གཅིག་ཐོས་ཀྱང་རྣམ་པར་རྟོག་པའི་རྡུལ། །རྣམ་པར་སྤངས་ནས་ཞི་བའི་ཏིང་ངེ་འཛིན། །གང་གི་ཡིད་ལ་རྩོལ་མེད་སྐྱེ་འགྱུར་པ། །ཀུན་མཁྱེན་བླ་མའི་ལེགས་བཤད་ཐོས་གྲོལ་ཡིན། ༼༢༣༽ །རྟོག་གེའི་བློ་གྲོས་རྩུབ་གཡོའི་སྐྱོན་སློངས་བའི། །ཞི་བ་བསིལ་བ་འཇམ་པའི་རེག་བྱ་ཅན། །འཁོར་བའི་གདུང་སེལ་འཆི་མེད་ཐེག་པ་སྟེ། །ཀུན་མཁྱེན་བླ་མའི་ལེགས་བཤད་རེག་གྲོལ་ཡིན། ༼༢༤༽ །ཟབ་པའི་དོན་བཟང་བདུད་རྩིའི་རོ་མངར་ཅན། །ཇི་ཙམ་མྱོང་བཞིན་ཐོས་བསམ་སྒོམ་པའི་ལུས། །བརྟས་པའི་འཕུར་ལྡིར་ཆོས་ཉིད་དབྱིངས་སྤྱོད་པ། །ཀུན་མཁྱེན་བླ་མའི་ལེགས་བཤད་མྱོང་གྲོལ་ཡིན། ༼༢༥༽ །རྒྱལ་བའི་བསྟན་པ་ཇི་སྙེད་ཡོངས་རྫོགས་པའི། །གཞུང་བཟང་ཀུན་མཁྱེན་བླ་མས་བཀྲལ་འདི་འདྲ། །འཕགས་བོད་མཁས་པའི་སྐྱེ་བོ་སུ་

[p. 644] ཡིས་ཀྱང་། །སྔོན་ཆད་འཛམ་གླིང་ལྗོངས་འདིར་བཞག་པ་མེད། །ཝ། །རྒྱུ་འབྲས་ཐེག་པའི་ཆོས་ཀྱི་སྒོ་དབྱེ་ནས། །རྒྱུ་འབྲས་མེད་དབྱིངས་མཉམ་པར་ལ་ཟློས་པའི། །ཀུན་མཁྱེན་བླ་མའི་གདམས་ངག་འདི་འདྲ་བ། །འཆང་པའི་མཁས་གྲུབ་གཉིས་པ་སུ་ཡང་མེད། །ཝ། །གཞུང་བཟང་འདི་དག་ཡན་ལག་ཡོངས་རྫོགས་པའི། །ལྷ་ལུས་མཛེས་པ་བརྒྱན་གྱིས་སྤྲས་འདྲ་སྟེ། །འདི་དང་བསྐྲུན་ན་མཁས་པའི་བསྟན་བཅོས་གཞན། །ཕྱོགས་རེའི་ཡན་ལག་དུམ་བུར་འཐོར་དང་འདྲ། །ཝ། །ཚིག་བཟང་སྙན་དངགས་དམ་པའི་རྒྱན་གྱིས་མཛེས། །དོན་ཆེན་རྒྱལ་བསྟན་རྫོགས་པའི་ཁོ་ལག་དང་། །ཐེག་རྩེ་ནོར་བུ་མཆོག་གི་ཐོར་ཚུགས་ཅན། །གཞུང་བཟང་འདི་དག་ལྷ་ཡི་དབང་པོ་འདྲ། །ཝ། །ལམ་སྟེགས་རྒྱུ་འབྲས་ཐེག་པའི་ཐེན་སྐས་བཀྲམ། །གསང་ཆེན་ལམ་གྱི་བ་གམ་བརྗིད་ཆགས་ཤིང་། །ལྷུན་གྲུབ་སྐུ་བཞིར་བགྲོད་པའི་རྩེ་མོ་འབར། །གཞུང་བཟང་འདི་དག་རྣམ་རྒྱལ་ཕོ་བྲང་འདྲ། །ཝ། །འདོད་ཁམས་དགེ་བཅུའི་རི་དབང་ལྷུན་བརྗིད་ཅིང་། །གཟུགས་མེད་ཏིང་འཛིན་ཞི་བའི་སྤྲིན་ཚོགས་བཀྲམ། །གཟུགས་ཁམས་འཕགས་ལམ་རྫོགས་པའི་འོག་མིན་ཅན། །གཞུང་བཟང་འདི་དག་སྲིད་པ་གསུམ་པོ་འདྲ། །ཝ། །གང་འདུལ་འགྲོ་ཁམས་མོས་པ་དེ་བཞིན་འདུལ། །སྣ་ཚོགས་ཤེས་བྱའི་ཆོས་ཀུན་མ་འདྲེས་འཆད། །དོན་དམ་མཉམ་པའི་ཀློང་ལས་མི་འདའ་བས། །གཞུང་བཟང་འདི་དག་རྫོགས་པའི་སངས་རྒྱས་འདྲ། །ཝ། །

[p. 645] ༄༅། །ཇི་སྙེད་ཐེག་པའི་རྣམ་གྲངས་མཐའ་ཡས་སྟོན། །ཡིད་དཔྱོད་རྒྱུ་འབྲས་ལམ་ལས་ཐེག་དགུར་ཕྱེ། །མངོན་སུམ་འོད་གསལ་ཀློང་དུ་སྤང་བླང་ཟད། །གཞུང་བཟང་འདི་དག་སྲིད་ཞི་གཉིས་ཀ་འདྲ། ། ཁྭ། །དོན་འདི་ཤེས་ན་རྡོ་རྗེ་སྙིང་པོའི་ལམ། །སྙིང་ཐིག་གསང་བའི་ཟབ་གནད་སྙིང་འདྲ་བའི། །དོན་འདི་མི་སྟོན་མཁས་པའི་བསྟན་བཅོས་གཞན། །ལུས་ཉིད་མཛེས་ཀྱང་སྙིང་མེད་རོ་དང་འདྲ། །ཁྭ། །རྟོགས་པའི་འདྲ་ འབག་རྡོ་རྗེ་སྙིང་པོའི་བླུ། །མངོན་སུམ་ཆོས་ཉིད་རྗེན་པར་སྟོན་པའི་ངང་། །ཀློང་རྡོལ་གཏམ་འདི་སྐད་ཅིག་ཐོས་པས་ཀྱང་། །འོད་གསལ་ཡེ་ཤེས་རྒྱུད་ལ་ཤུགས་ཀྱིས་སྐྱེ། །ཁྭ། །ཟབ་ལས་ཆེས་ཟབ་ཆོས་དབྱིངས་རིན་ པོ་ཆེ། །བྱིན་བརྒྱུད་ཡེ་ཤེས་རྟོགས་པའི་མཛོད་གཅིག་པུར། །ཡང་དག་ཆོས་སྐུ་དངོས་བྱོན་གཞུང་འདི་འདྲ། །གང་གིས་ཉམས་བླང་སྲིད་པ་ཐ་མ་ཡིན། །ཁྭ། །ཟང་ཐལ་རིག་པ་ཀུན་མཁྱེན་བླ་མའི་ཐུགས། །རྗེན་ པར་སྟོན་པའི་མན་ངག་འདི་འདྲ་བ། །སངས་རྒྱས་དངོས་ཡིན་དམ་པའི་ཆོས་ཀྱང་ཡིན། །མོས་གུས་སྐྱེས་ན་དགེ་བའི་བཤེས་གཉེན་ཡིན། །ཁྭ། །རྒྱུད་སྡེ་ཀུན་གྱི་ཟབ་གནད་མཐར་ཐུག་པ། །བཞི་པའི་དབང་ཞེས་ གྲགས་པ་འདི་ཡིན་ཏེ། །དབང་བཞི་ཡོངས་རྫོགས་རིག་པ་རྩལ་གྱི་དབང་། །གཞུང་བཟང་འདི་འདྲ་མཐོང་ལས་གཞན་ཡོད་མིན། །ཁྭ། །ཀུན་མཁྱེན་བླ་མ་འཇའ་ལུས་སྒྱུ་མའི་སྐུ། །སྔོན་ཞིག་བཞུགས་ཀྱི་

[p. 646] ད་ལྟ་མེད་པ་མིན། །མཐོང་བར་ནུས་ན་རང་གི་བདུན་ན་བཞུགས། །རྟོག་པས་བསྒྲིབ་ན་མངོན་སུམ་བྱོན་ཀྱང་ཅི། །འགེ་གསུང་གི་གནད་འདི་རྟོགས་པའི་འདྲ་འབག་སྟེ། །ཡེ་ཤེས་ཆེན་པོས་ཚིག་དོན་བྱིན་གྱིས་རླབས། །མོས་གུས་ཅན་ལ་བདེན་ཚིག་གཏད་རྒྱ་མཛད། །ངེས་པར་བརྟེན་ན་བླ་མ་འདི་རང་ཡིན། །མོས་གུས་ཐོབ་ནས་ཚིག་དོན་དཔྱོད་ཤེས་ན། །གཞུང་བཟང་འདི་འདྲ་ཅི་ཙམ་མཇལ་བའི་ཡུན། །དེ་སྲིད་དེ་བློ་ཆོས་ཉིད་མངོན་སུམ་པའི། །འོད་གསལ་མཆོག་ལས་གཡོ་བ་ཡོད་རེ་ཀན། །རྣམ་པར་དཔྱོད་མང་རྟོག་གེའི་བསྟན་བཅོས་གཞན། །ཇི་ཙམ་བལྟས་བཞིན་འཁྲུལ་བའི་རྣམ་རྟོག་འཕེལ། །བློ་ལས་འདས་སྟོན་ཀུན་མཁྱེན་བླ་མའི་གཞུང་། །ཚིག་གཅིག་ཐོས་ཀྱང་རྩོལ་མེད་ཏིང་འཛིན་སྐྱེད། །རྟོག་གེའི་དཀྲུགས་པ་ཕལ་བའི་གཞུང་མང་དུ། །འཁྱམས་ཤིང་འཁྱམས་པའི་དོན་མེད་ངལ་བ་ཅན། །ཚིག་དོན་ཕུན་ཚོགས་ནོར་བུའི་ངལ་སྟེགས་སུ། །ངལ་བསོ་སྦྱིན་པ་ཀུན་མཁྱེན་བླ་མའི་གཞུང་། །ཕྱོགས་རེའི་རིག་པ་སྦྲང་བུའི་གཤོག་རླབས་ཀྱིས། །གླིང་བཞི་ཆུ་ལ་འདོད་འབྲས་མེད་ལྟད་མོ་བ། །རྡོ་རྗེ་སྙིང་པོའི་རི་རབ་རྩེར་འགྲོད་ནས། །ཐེག་དགུ་གསལ་སྟོན་ཁྱུང་ཆེན་རྒྱལ་པོ་འདྲ། །བྱིས་པའི་བསྟན་བཅོས་རྩེད་མོའི་རྩོད་པ་ཅན། །ཡིན་དང་མ་ཡིན་རང་རང་ཕྱོགས་ལ་ཞེན། །མཉན་པའི་ཆོས་ཉིད་སྒན་པོའི་བློ་གྲོས་ཅན། །ཀུན་མཁྱེན་བླ་མའི་

[p. 647] ༄༅། །ལེགས་བཤད་གཟུ་པོ་ཡིན། ༼༤༽ །རྨོངས་དང་མ་རིག་ཐེ་ཚོམ་ས་སྐྱེས་པའི་དུས། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང་། །རྨོངས་པའི་དྲྭ་བ་གང་གིས་གཅོད་འགྱུར་པའི། །ཀུན་མཁྱེན་ ལེགས་བཤད་ཤེས་རབ་རལ་གྲི་ཡིན། ༼༦༽ །སྣ་ཚོགས་རྟོག་པའི་བུན་ལོང་གཡོ་བའི་དུས། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང་། །འཁྲུལ་རྟོག་རྩིག་པ་གང་གིས་འཇིག་འགྱུར་བའི། །ཀུན་མཁྱེན་ ལེགས་བཤད་ཡེ་ཤེས་རྡོ་རྗེ་ཡིན། ༼༧༽ །ཆགས་སྡང་འཁྲུལ་བའི་ཟུག་རྔུ་འབར་བའི་དུས། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང་། །ཉོན་མོངས་བུད་ཤིང་སྐད་ཅིག་སྲེག་བྱེད་པའི། །ཀུན་མཁྱེན་ལེགས་ བཤད་རྟོགས་པའི་མེ་དཔུང་ཡིན། ༼༨༽ །འདུ་འཛིའི་གནས་དང་སྐྱོ་བས་གདུང་བའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང་། །ངེས་འབྱུང་བློ་ཡིས་ཁམས་གསོ་སྦྱིན་བྱེད་པའི། །ཀུན་མཁྱེན་ལེགས་བཤད་ བདུད་རྩིའི་སྨན་མཆོག་ཡིན། ༼༩༽ །དབེན་པའི་གནས་སུ་གཅིག་པུར་གནས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང་། །ཉིན་མཚན་འཁོར་ཡུག་ཆོས་ཀྱིས་འདའ་བྱེད་པའི། །ཀུན་མཁྱེན་ལེགས་བཤད་ རིག་པའི་སྐྱོ་གྲོགས་ཡིན། ༼༡༽ །མང་པོའི་དབུས་སུ་ཆགས་སྡང་སྐྱེས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང་། །མཉམ་པའི་ཀློང་དུ་སེམས་དལ་སྦྱིན་བྱེད་པའི། །ཀུན་མཁྱེན་ལེགས་བཤད་ནོར་བུའི་

[p. 648] ང་ལ་སྟེགས་ཡིན། །༼༡༽།ཡིད་དཔྱོད་རྟོག་པའི་ཞེ་འདོད་སྐྱེས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང་། །བདེན་ཞེན་གྲུབ་མཐའི་ལྕགས་སྒྲོགས་གྲོལ་བྱེད་པའི། །ཀུན་མཁྱེན་ལེགས་བཤད་ཐབས་ཀྱི་ལྡེའུ་མིག་ཡིན། །༼༢༽།བྱིང་རྒོད་རྨུགས་པས་སྒོམ་གེགས་སྐྱེས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང་། །ཞི་བའི་ཏིང་འཛིན་སྐྱོན་མེད་ལེགས་སྐྱེད་པའི། །ཀུན་མཁྱེན་ལེགས་བཤད་གནད་ཀྱི་མན་ངག་ཡིན། །༼༣༽།ནད་དང་སྡུག་བསྔལ་གནོད་པ་སྐྱེས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང་། །རྐྱེན་ངན་སྣང་བ་གྲོགས་སུ་བསྒྱུར་བྱེད་པའི། །ཀུན་མཁྱེན་ལེགས་བཤད་གསེར་འགྱུར་བདུད་རྩི་ཡིན། །༼༤༽།རིག་རྩལ་རྟོགས་པའི་ཉམས་མྱོང་འབར་བའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང་། །ཆོས་སྐུའི་ཀློང་དུ་མཉམ་ཉིད་ངོ་སྤྲོད་པའི། །ཀུན་མཁྱེན་ལེགས་བཤད་གནད་ཀྱི་བོག་འདོན་ཡིན། །༼༥༽།བྱུང་རྒྱལ་ཉམས་ཀྱི་སྣང་བ་འུར་བའི་ཚེ། །བཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང་། །ཞེན་མེད་ངང་དུ་བརྟུལ་ཞུགས་གོང་འཕེལ་བའི། །ཀུན་མཁྱེན་ལེགས་བཤད་རྡོ་རྗེའི་ཐོལ་གླུ་ཡིན། །༼༦༽།འདོད་ཡོན་ལོངས་སྤྱོད་ཤུགས་ཀྱི་འདུ་བའི་དུས། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང་། །ཞེན་མེད་ངང་དུ་ཅི་འདོད་རྒྱན་འཆང་བའི། །ཀུན་མཁྱེན་ལེགས་བཤད་རྨ་བྱ་དུག་རོལ་ཡིན། །༼༧༽།སྙེམས་བྱེད་རེ་དོགས་གཟུང་འཛིན་སྐྱེས་པའི་ཚེ། །གཞུང་

[p. 649] བཟང་འདི་དག་བལྟ་བར་བྱོས་ཤིག་དང་། །བརྟུལ་ཞུགས་རོལ་བའི་དཔའ་གདེང་སྐྱེད་བྱེད་པའི། །ཀུན་མཁྱེན་ལེགས་བཤད་བདུད་ཀྱི་གཅོད་ཡུལ་ཡིན། ༩༩ །དངོས་འཛིན་འཁྲུལ་བ་ཨ་འཐས་སྐྱེས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོ་ཤིག་དང་། །བདེན་ཞེན་གདོས་བཅས་བུན་ལོང་འཇིག་བྱེད་པའི། །ཀུན་མཁྱེན་ལགས་བཤད་སྒྱུ་མའི་མན་ངག་ཡིན། ༩༩ །ཀུན་མཁྱེན་ལེགས་བཤད་ནོར་བུའི་གཏེར་འདྲ་བའི། །ཡོན་ཏན་ཕྲེང་བ་གཞལ་དུ་མི་སྤྱོད་མོད། །ཅུང་ཟད་སྨྲས་འདིས་ཁོ་བོའི་སྤོབས་པ་ཡང་། །མཐར་ཐུག་མིན་ན་བརྗོད་བྱ་ཇི་ལྟར་རྫོགས། ༩༩ །བསྔགས་པའི་གནས་འདི་གྲངས་མེད་ཞིང་དུ་ཡང་། །རྒྱལ་བ་རྣམས་དང་རྒྱལ་སྲས་མཁས་རྣམས་ཀྱི། །དམ་ཆོས་བཏམ་གྱི་གླེང་གཞིར་གྱུར་པ་སྟེ། །སོ་སོ་ཡང་དག་རིག་པའི་སྤྱོད་ཡུལ་ཡིན། ༩༡ །མཁའ་དབྱིངས་བཞིན་ཏུ་མཁས་པའི་རོལ་གནས་ལ། །སོ་སྐྱེ་བློ་གྲོས་སྦྲང་བུའི་གཤོག་རླབས་བཅས། །བསྔགས་པའི་སྙན་བླུ་དར་དིར་སྒྲོགས་པ་འདི། །ལེགས་བཤད་ཚལ་ལ་རབ་དགའ་སྐྱེས་ནས་ཡིན། ༩༢ །དགའ་བར་བྱོས་ཤིག་སྐལ་བཟང་དོན་མཐུན་དག །གེ་སར་རོ་མངར་ཡང་ཡང་བཏུང་གྱིས་ལ། །བསྟོད་པའི་གླུ་ཕྲེང་བདག་དང་མཐུན་སྒྲོགས་དང་། །མི་ཟད་སྤོབས་པ་ཁྱེད་ལ་མཛའ་བར་འགྱུར། ༩༤ །བསྔགས་འོས་ཡུལ་ལ་བསྔགས་པའི་མཆོད་སྤྲིན་འདིའི། །ལེགས་བྱས་དགེ་བ་

[p. 650] སྲིད་ལ་ཞི་རྒྱུ་དང་། །ཞི་ལ་སྲིད་དོན་གཉིས་མཐར་མི་གནས་པའི། །རྒྱལ་དང་དེ་སྲས་ཐུགས་དགོངས་རྫོགས་ཕྱིར་བསྔོ། ༦༧ །མཚམས་སྤྲིན་གཟི་འདྲ་མཚན་དཔེའི་གཟི་འབར་བ། །འཇམ་དཔལ་དཔའ་བོའི་མཁྱེན་པ་དེ་དྲན་ནས། །དེ་ཡི་རྗེས་བཞིན་བདེན་པའི་འཁོར་གསུམ་བློ། །སྤོངས་པའི་ཡོངས་བསྔོ་སྨོན་པ་མེད་དབྱིངས་སྙོགས། ༦༧ །བདག་ཀྱང་དེང་ནས་ཀུན་མཁྱེན་བརྒྱུད་བཅས་ཀྱི། །སྨིན་གྲོལ་རྒྱལ་ཐབས་རྒྱས་པའི་སྒོ་སྲང་ནས། །དད་གསུམ་སློང་ཕོར་གཏོང་བ་མེད་ལྡན་པས། །བལྟ་བའི་སྐལ་བཟང་འཁོར་བའི་མཐའ་བར་སྨོན། ༦༧ །ནམ་ཞིག་སྲིད་དང་ཞི་བ་མཉམ་པར་བརྡལ། །འཁོར་བ་དོང་སྤྲུགས་ཞི་བ་བུམ་སྐུར་བཞེངས། །འཁོར་འདས་མ་ལུས་ཐིག་ལེ་གཅིག་གི་ཀློང་། །ཀུན་མཁྱེན་བླ་མའི་དགོངས་པར་འདྲེས་གྱུར་ཅིག། ༦༧ །།ཅེས་པའང་ཨ་བུ་ཐལ་པོའི་གང་དྲན་བརྗོད་པ་དགེ་ལེགས་འཕེལ། །དགེའོ། །དགེའོ། །དགེའོ།། །།

[p. 631]

[edit]
BDRC typed e-text UT22920_005 (the base text was made from it).

ཀུན་མཁྱེན་བླ་མའི་གསུང་རབ་ལ་བསྔགས་པ་བཞུགས་སོ། ། ༄༅། །ན་མཿསརྦ་ཛྙཱ་ཡ་གུ་ར་ཝེ། གང་ཞིག་རྒྱལ་བའི་ཡོན་ཏན་མཐའ་ཀླས་པ། །མ་ལུས་ཡང་དག་རྫོགས་པའི་དཀྱིལ་འཁོར་ཅན། །ཀུན་མཁྱེན་བླ་མ་རྒྱལ་བ་ཐམས་ཅད་ཀྱི། །རྒྱལ་ཚབ་སེམས་དཔར་གྱུར་ལ་ཕྱག་འཚལ་ལོ། ༡ །གདོད་མའི་གཞི་དབྱིངས་ཡོན་ཏན་རྫོགས་པའི་ཀློང༌། །སྟོང་ཆེན་ལྷུམས་སུ་ཆོས་ཉིད་ཟད་ཞུགས་པས། རབ་འབྱམས་མཁྱེན་པས་ཤེས་བྱ་ཡོངས་གཅོད་པ། །ཀུན་མཁྱེན་བླ་མ་ཐམས་ཅད་མཁྱེན་པ་ཡིན། ༢ །སྐྱོབ་པ་དེ་ཡི་ལེགས་བཤད་ཚིག་གཅིག་གི །ཟུར་ཙམ་ཐོས་ཀྱང་སྲིད་པ་ཧྲུལ་པོ་རུ། །ངེས་པར་བགྱིད་ན་བསྟན་པ་ཡོངས་རྫོགས་པའི། །གསུང་ལ་ཐོས་བསམ་བགྱིད་རྣམས་ལྟ་ཅི་སྨོས། ༣ །རྒྱལ་བ་རྣམས་དང་རྒྱལ་སྲས་ཆེ་རྣམས་ཀྱིས། །དཔའ་བར་འགྲོ་སོགས་ཏིང་འཛིན་རྣམ་ཐར་མཐུས། །འཕགས་བཞི་སོ་སྐྱེ་དུ་མའི་སྤྲུལ་གཟུགས་ཀྱིས། །རྒྱལ་བའི་མཛད་བཟང་ཅི་ཡང་སྟོན་པ་ཡིན། ༤ །དེ་སླད་ཀུན་མཁྱེན་མཆོག་གི་སྤྲུལ་པའི་སྐུས། །རྒྱལ་བའི་མཛད་པས་སྙིགས་མའི་འགྲོ་སྐྱོང་ཞིང༌། །ཐོས་པས་གྲོལ་བ་ཐེག་རྩེའི་ཆོས་འཁོང་གྱིས། །རྡོ་རྗེ་སྙིང་པོའི་བསྟན་པ་གསལ་བར་མཛད། ༥ ཀུན་མཁྱེན་བླ་མ་རྫོགས་པའི་སངས་རྒྱས་དེའི། །ལེགས་བཤད་བདུད་རྩི་ཤིན་ཏུ་དག་པ་འདི། །ལུང་གི་ཆོས་མཆོག་ཞལ་ནས་གསུང་པའི་བཀར། །མི་ཤེས་པ་དེ་བ་གླང་ཡ་སོ་ཅན། ༦ །སྐལ་བ་བཟང་དག་རབ་དགའ་སྐྱེད་བྱོས་ལ། །སངས་རྒྱས་མཐོང་བའི་ངེས་ཤེས་གྱིས་ཤིག་དང༌། །ཀུན་མཁྱེན་བླ་མའི་ལེགས་བཤད་འདི་མཐོང་ལས། །སངས་རྒྱས་མཇལ་ཡང་ཅུང་ཟད་ཡོད་རེ་ཀན། ༧ །ཐུབ་པའི་མཚན་དཔེ་མིག་གི་བདུད་རྩི་སྟེ། །སྐལ་བཟང་ཡིད་ལ་དད་གསུམ་བསྐྱེད་པ་ལགས། །ལེགས་བཤད་ཡིག་གཟུགས་བཟོ་ཡི་སྤྲུལ་སྐུ་སྟེ། །དད་པའི་གསོས་སུ་འདི་ལས་ལྷག་པ་མེད། ༨ །སྟོན་པའི་ཚངས་དབྱངས་རྣ་བའི་བདུད་རྩི་སྟེ། །བསྐལ་བཟང་ཡིད་ལ་ཤེས་རབ་བསྐྱེད་པ་ལགས། །ལེགས་བཤད་ཚིག་ཕྲེང་རྣ་བའི་བདུད་རྩི་སྟེ། །ཤེས་རབ་གསོས་སུ་འདི་དང་མཉམ་པ་མེད། ༩ །རྒྱལ་བའི་བྱིན་རླབས་སྙིང་གི་བདུད་རྩི་སྟེ། །བསྐལ་བཟང་ཡིད་ལ་བདེན་པ་སྟོན་པ་ལགས། །ལེགས་བཤད་དོན་བཟང་སྙིང་གི་བདུད་རྩི་སྟེ། །ཡིད་ལ་ཡེ་ཤེས་གསོས་སུ་འདི་ཉིད་ཆེ། ༡༠ །རྣམ་ཐར་ཏིང་འཛིན་སྟོབས་ཀྱིས་བྱིན་རླབས་པས། །འདི་མཐོང་ཡིད་ལ་ཆོས་ཉིད་ཤུགས་ཀྱིས་སྐྱེ། །ཀ་དག་དགོངས་པ་འཕྲལ་ལ་སྟོན་ནུས་ཤིང༌། །ཆོས་ཅན་འཛིན་པ་གཞིག་ལ་འདི་འདྲ་མེད། ༡༡ །ཡི་གེའི་རྣམ་རོལ་ཤཱཀྱ་སེང་གེའི་སྐུ། །རྗོད་བྱེད་ཚིག་ཕྲེང་ཀུན་མཁྱེན་བླ་མའི་གསུང༌། །བརྗོད་བྱེད་དོན་ཟབ་རྒྱལ་བ་ཀུན་གྱི་ཐུགས། །གསུང་རབ་འདི་མཐོང་བདེ་གཤེགས་ཡོངས་རྫོགས་མཐོང༌། ༡༢ །ལྔ་བརྒྱ་ཐ་མའི་བསྟན་པར་གྱུར་པ་ན། །གསུང་རབ་རྣམ་རོལ་ཡི་གེའི་གཟུགས་དག་གིས། །སྟོན་པ་བཞུགས་ཞེས་སྐྱོབ་པ་ཐུགས་རྗེ་ཅན། །ཤཱཀྱ་སེང་གེའི་ཞལ་བཞེས་དེ་ལྟར་ལགས། ༡༣ །དོན་བཟང་ལེགས་བཤད་མཛོད་ཆེན་བདུན་ལ་སོགས། །བསྟན་པ་ཡོངས་རྫོགས་ཚེ་གཅིག་སངས་རྒྱས་ཆོས། །ཟབ་ལམ་རྨད་བྱུང་བདུད་རྩིའི་ཐིགས་པ་འདི། །ཀུན་མཁྱེན་བླ་མའི་གསུང་དུ་སུ་ཡིས་བསྙོན། ༡༤ །ལྷུན་གྲུབ་ཡོན་ཏན་ཤིན་ཏུ་རྒྱ་ཆེན་པོ། །ཀ་དག་དབྱིངས་སུ་ཟབ་པའི་ཆོས་ཉིད་ཅན། །ཟུང་འཇུག་ཐེག་རྩེ་རྡོ་རྗེ་སྙིང་པོའི་ཆོས། །རྒྱལ་ཀུན་ཐུགས་གསང་འདི་ལས་ཅི་ཞིག་ཡོད། ༡༥ །ཐུབ་པའི་མཛེས་སྐུ་གསེར་གྱི་རི་འདྲ་བ། །གཟུགས་སྐུ་མཐོང་བའི་ཁྱད་ཆོས་དེ་ལགས་མོད། །ཆོས་ཉིད་རང་བཞིན་བརྗོད་དུ་མེད་སྟོན་པ། །ཆོས་སྐུ་མཐོང་བའི་སྐལ་བཟང་འདི་ཙམ་ལགས། ༡༦ །ཤིང་དབང་དྲུང་དེར་སྐྱོབ་པས་གང་མཁྱེན་དང༌། །རྒྱལ་སྲས་རྣམས་ཀྱིས་བདེན་པ་གང་གཟིགས་པ། །ཀུན་མཁྱེན་བླ་མའི་ལེགས་བཤད་ཚིག་གཅིག་གིས། །བརྗོད་དུ་མེད་དོན་ཐབས་ཀྱིས་སྟོན་པར་མཛད། ༡༧ །ཡོན་ཏན་རང་བཞིན་བྱང་ཆུབ་ཕྱོགས་ཀྱི་ཆོས། །མ་ལུས་ཡོངས་རྫོགས་རྫོགས་པ་ཆེན་པོ་ནི། །རྒྱལ་བ་ཀུན་གྱི་ཆོས་སྐུའི་མཆོད་སྡོང་སྟེ། །བསོད་ནམས་ཞིང་དུ་འདི་ལས་ལྷག་པ་མེད། ༡༨ །ཐུབ་པའི་མདོ་སྡེ་ཇི་སྙེད་བསམ་ཡས་པའི། །ཡོན་ཏན་མཆོག་ཀྱང་ཟབ་རྒྱས་སྟོན་པས་ཏེ། །ཆོས་ཉིད་རང་བཞིན་ཟབ་ཅིང་རྒྱ་ཆེ་བ། །རྗེན་པར་སྟོན་འདིའི་ཡོན་ཏན་ཡང་དེ་ཙམ། ༡༩ །དེ་སླད་གཞུང་འདིའི་ཚིག་གཅིག་ཉན་པ་དང༌། །འཛིན་ཀློག་སྒྲུབ་རྣམས་ཇི་སྙེད་རྒྱལ་བའི་ཆོས། །ཉན་དང་འཛིན་ཀློག་སྒྲུབ་ལ་བརྩོན་པ་དང༌། །སྐལ་པ་མཉམ་ཞིང་བསོད་ནམས་རྣམ་སྨིན་མཉམ། ༢༠ །བརྒྱད་ཁྲི་བཞི་སྟོང་ཆོད་དོན་རིག་པའི་ཀློང༌། །འདུས་པར་ངེས་ན་དེ་ཡི་བརྗོད་བྱེད་གཞུང༌། །ཀུན་མཁྱེན་བླ་མའི་ལེགས་བཤད་ཟབ་མོའི་ཆོས། །ཚིག་བཅད་གཅིག་ཏུ་ཅི་ཡི་ཕྱིར་མི་འདུ། ༢༡ །དད་པའི་སེམས་ཀྱི་སྐད་ཅིག་མཇལ་ན་ཡང༌། །གང་གི་ཡིད་ལ་གདུང་བ་སྐྱེ་འགྱུར་པའི། །ཉོན་མོངས་རྙོགས་པ་ཤུགས་ཀྱིས་འབྲལ་བགྱིད་པ། །ཀུན་མཁྱེན་བླ་མའི་ལེགས་བཤད་མཐོང་གྲོལ་ཡིན། ༢༢ །ཚིག་གཅིག་ཐོས་ཀྱང་རྣམ་པར་རྟོག་པའི་རྡུལ། །རྣམ་པར་སྤངས་ནས་ཞི་བའི་ཏིང་ངེ་འཛིན། །གང་གི་ཡིད་ལ་རྩོལ་མེད་སྐྱེ་འགྱུར་པ། །ཀུན་མཁྱེན་བླ་མའི་ལེགས་བཤད་ཐོས་གྲོལ་ཡིན། ༢༣ །རྟོག་གེའི་བློ་གྲོས་རྩུབ་མོའི་སྐྱོན་སྤོངས་པའི། །ཞི་བ་བསིལ་བ་འཇམ་པའི་རེག་བྱ་ཅན། །འཁོར་བའི་གདུང་སེལ་འཆི་མེད་ཐེག་པ་སྟེ། །ཀུན་མཁྱེན་བླ་མའི་ལེགས་བཤད་རེག་གྲོལ་ཡིན། ༢༤ །ཟབ་པའི་དོན་བཟང་བདུད་རྩིའི་རོ་མངར་ཅན། །ཇི་ཙམ་མྱོང་བཞིན་ཐོས་བསམ་སྒོམ་པའི་ལུས། །བརྟས་པའི་འཕུར་ལྡིར་ཆོས་ཉིད་དབྱིངས་སྤྱོད་པ། །ཀུན་མཁྱེན་བླ་མའི་ལེགས་བཤད་མྱོང་གྲོལ་ཡིན། ༢༥ །རྒྱལ་བའི་བསྟན་པ་ཇི་སྙེད་ཡོངས་རྫོགས་པའི། །གཞུང་བཟང་ཀུན་མཁྱེན་བླ་མས་བཀྲལ་འདི་འདྲ། །འཕགས་བོད་མཁས་པའི་སྐྱེ་བོ་སུ་ཡིས་ཀྱང༌། །སྔོན་ཆད་འཛམ་གླིང་ལྗོངས་འདིར་བཞག་པ་མེད། ༢༦ །རྒྱུ་འབྲས་ཐེག་པའི་ཆོས་ཀྱི་སྒོ་དབྱེ་ན། །རྒྱུ་འབྲས་མེད་དབྱིངས་མཉམ་པར་ལ་ཟློས་པའི། །ཀུན་མཁྱེན་བླ་མའི་གདམས་ངག་འདི་འདྲ་བ། །འཆད་པའི་མཁས་གྲུབ་གཉིས་པ་སུ་ཡང་མེད། ༢༧ །གཞུང་བཟང་འདི་དག་ཡན་ལག་ཡོངས་རྫོགས་པའི། །ལྷ་ལུས་མཛེས་པ་བརྒྱན་གྱིས་སྤྲས་འདྲ་སྟེ། །འདི་དང་བསྐྲུན་ན་མཁས་པའི་བསྟན་བཅོས་གཞན། །ཕྱོགས་རེའི་ཡན་ལག་དུམ་བུར་འཐོར་དང་འདྲ། ༡༨ །ཚིག་བཟང་སྙན་དངགས་དམ་པའི་རྒྱས་གྱིས་མཛེས། །དོན་ཆེན་རྒྱལ་བསྟན་རྫོགས་པའི་ཁོ་ལག་དར། །ཐེག་རྩེ་ནོར་བུ་མཆོག་གི་ཐོར་ཚུགས་ཅན། །གཞུང་བཟང་འདི་དག་ལྷ་ཡི་དབང་པོ་འདྲ། ༡༩ །ལམ་སྟེགས་རྒྱུ་འབྲས་ཐེག་པའི་ཐེམ་སྐས་བཀྲམ། །གསང་ཆེན་ལམ་གྱི་བ་གམ་བརྗིད་ཆགས་ཤིང་ལྷུན་གྲུབ་སྐུ་བཞིར་བགྲོད་པའི་རྩེ་མོ་འབར། །གཞུང་བཟང་འདི་དག་རྣམ་རྒྱལ་ཕོ་བྲང་འདྲ། ༣༠ །འདོད་ཁམས་དགེ་བཅུའི་རི་དབང་ལྷུན་བརྗིད་ཅིང༌། །གཟུགས་མེད་ཏིང་འཛིན་ཞི་བའི་སྤྲིན་ཚོགས་བཀྲམ། །གཟུགས་ཁམས་འཕགས་ལམ་རྫོགས་པའི་འོག་མིན་ཅན། །གཟུང་བཟང་འདི་དག་སྲིད་པ་གསུམ་པོ་འདྲ། ༣༡ །གང་འདུལ་འགྲོ་ཁམས་མོས་པ་དེ་བཞིན་འདུལ། །སྣ་ཚོགས་ཤེས་བྱའི་ཆོས་ཀུན་མ་འདྲེས་འཆད། །དོན་དམ་མཉམ་པའི་ཀློང་ལས་མི་འདའ་བས། །གཞུང་བཟང་འདི་དག་རྫོགས་པའི་སངས་རྒྱས་འདྲ། ༣༢ །ཇི་སྙེད་ཐེག་པའི་རྣམ་གྲངས་མཐའ་ཡས་སྟོན། །ཡིད་དཔྱོད་རྒྱུ་འབྲས་ལམ་ལས་ཐེག་དགུར་ཕྱེ། །མངོན་སུམ་འོད་གསལ་ཀློང་དུ་སྤང་བླང་ཟད། །གཞུང་བཟང་འདི་དག་སྲིད་ཞི་གཉིས་ཀ་འདྲ། ༣༣ །དོན་འདི་ཤེས་ན་རྡོ་རྗེ་སྙིང་པོའི་ལམ། །སྙིང་ཐིག་གསང་བའི་ཟབ་གནད་སྙིང་འདྲ་བའི། །དོན་འདི་མི་སྟོན་མཁས་པའི་བསྟན་བཅོས་གཞན། །ལུས་ཉིད་མཛེས་ཀྱང་སྙིང་མེད་རོ་དང་འདྲ། ༣༤ །རྟོགས་པའི་འདྲ་འབག་རྡོ་རྗེ་སྙིང་པོའི་གླུ། །མངོན་སུམ་ཆོས་ཉིད་རྗེན་པར་སྟོན་པའི་ངག །ཀློང་རྡོལ་གཏམ་འདི་སྐད་ཅིག་ཐོས་པས་ཀྱང༌། །འོད་གསལ་ཡེ་ཤེས་རྒྱུད་ལ་ཤུགས་ཀྱིས་སྐྱེ། ༣༥ །ཟབ་ལས་ཆེས་ཟབ་ཆོས་དབྱིངས་རིན་པོ་ཆེ། །བྱིན་བརྒྱུད་ཡེ་ཤེས་རྟོགས་པའི་མཛོད་གཅིག་པུར། །ཡང་དག་ཆོས་སྐུ་དངོས་བྱོན་གཞུང་འདི་འདྲ། །གང་གིས་ཉམས་བླང་སྲིད་པ་ཐ་མ་ཡིན། ༣༦ །ཟང་ཐལ་རིག་པ་ཀུན་མཁྱེན་བླ་མའི་ཐུགས། །རྗེན་པར་སྟོན་པའི་མན་ངག་འདི་འདྲ་བ། །སངས་རྒྱས་དངོས་ཡིན་དམ་པའི་ཆོས་ཀྱང་ཡིན། །མོས་གུས་སྐྱེས་ན་དགེ་བའི་བཤེས་གཉེན་ཡིན། ༣༧ །རྒྱུད་སྡེ་ཀུན་ཀྱི་ཟབ་གནད་མཐར་ཐུག་པ། །བཞི་པའི་དབང་ཞེས་གྲགས་པ་འདི་ཡིན་ཏེ། །དབང་བཞི་ཡོངས་རྫོགས་རིག་པ་རྩལ་གྱི་དབང༌། །གཞུང་བཟང་འདི་འདྲ་མཐོང་ལས་གཞན་ཡོད་མིན། ༣༨ །ཀུན་མཁྱེན་བླ་མ་འཇའ་ལུས་སྒྱུ་མའི་སྐུ། །སྔོན་ཞིག་བཞུགས་ཀྱི་ད་ལྟ་མེད་པ་མིན། །མཐོང་བར་ནུས་ན་རང་གི་མདུན་ན་བཞུགས། །རྟོག་པས་བསྒྲིབ་ན་མངོན་སུམ་བྱོན་ཀྱང་ཅི། ༣༩ །གསུང་གི་གནད་འདི་རྟོགས་པའི་འདྲ་འབག་སྟེ། །ཡེ་ཤེས་ཆེན་པོ་ཚིག་དོན་བྱིན་གྱིས་རླབས། །མོས་གུས་ཅན་ལ་བདེན་ཚིག་གཏད་རྒྱ་མཛད། །ངེས་པར་བརྟེན་ན་བླ་མ་འདི་རང་ཡིན། ༤༠ །མོས་གུས་ཐོབ་ནས་ཚིག་དོན་དཔྱོད་ཤེས་ན། །གཞུང་བཟང་འདི་འདྲ་ཅི་ཙམ་མཇལ་བའི་ཡུན། །དེ་སྲིད་དེ་བློ་ཆོས་ཉིད་མངོན་སུམ་པའི། །འོད་གསལ་མཆོག་ལས་གཡོ་བ་ཡོད་རེ་ཀན། ༤༡ །རྣམ་པར་དཔྱོད་མང་ག་གེའི་བསྟན་བཅོས་གཞན། །ཇི་ཙམ་བལྟས་བཞིན་འཁྲུལ་པའི་རྣམ་རྟོག་འཕེལ། །བློ་ལས་འདས་སྟོན་ཀུན་མཁྱེན་བླ་མའི་གཞུང༌། །ཚིག་གཅིས་ཐོས་ཀྱང་རྩོལ་མེད་ཏིང་འཛིན་སྐྱེད། ༤༢ །རྟོག་གེའི་དཀྲུགས་པ་ཕལ་བའི་གཞུང་མང་དུ། །འཁྱམས་ཤིང་འཁྱམས་པའི་དོན་མེད་ངལ་བ་ཅན། །ཚིག་དོན་ཕུན་ཚོགས་ནོར་བུའི་ངལ་སྟེགས་སུ། །ངལ་བསོ་སྦྱིན་པ་ཀུན་མཁྱེན་བླ་མའི་གཞུང༌། ༤༣ །ཕྱོགས་རེའི་རིག་པ་སྦྲང་བུའི་གཤོག་རླབས་ཀྱིས། །གླིང་བཞི་ཉུལ་འདོད་འབྲས་མེད་ལྟད་མོ་བ། །རྡོ་རྗེ་སྙིང་པོའི་རི་རབ་རྩེར་བགྲོད་ནས། །ཐེག་དགུ་གསལ་སྟོན་ཁྱུང་ཆེན་རྒྱལ་པོ་འདྲ། ༤༤ །བྱིས་པའི་བསྟན་བཅོས་རྩེད་མོའི་རྩོད་པ་ཅན། །ཡིན་དང་མ་ཡིན་རང་རང་ཕྱོགས་ལ་ཞེན། །མཉམ་པའི་ཆོས་ཉིད་རྒན་པོའི་བློ་གྲོས་ཅན། །ཀུན་མཁྱེན་བླ་མའི་ལེགས་བཤད་གཟུ་བོ་ཡིན། ༤༥ །རྨོངས་དང་མ་རིག་ཐེ་ཚོམ་སྐྱེས་པའི་དུས། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །རྨོངས་པའི་དྲྭ་བ་གང་གིས་གཅོད་འགྱུར་བའི། །ཀུན་མཁྱེན་ལེགས་བཤད་ཤེས་རབ་རལ་གྲི་ཡིན། ༤༦ །སྣ་ཚོགས་རྟོག་པའི་བུན་ལོང་གཡོ་བའི་དུས། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །འཁྲུལ་རྟོག་རྩིག་པ་གང་གིས་འཇིག་འགྱུར་བའི། །ཀུན་མཁྱེན་ལེགས་བཤད་ཡེ་ཤེས་རྡོ་རྗེ་ཡིན། ༤༧ །ཆགས་སྡང་འཁྲུལ་པའི་ཟུག་རྔུ་འབར་བའི་དུས། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །ཉོན་མོངས་བུད་ཤིང་སྐད་ཅིག་སྲེག་བྱེད་པའི། །ཀུན་མཁྱེན་ལེགས་པའི་མེ་དཔུང་ཡིན། ༤༨ །འདུ་འཛིའི་གནས་དང་སྐྱོ་བས་གདུང་བའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །ངེས་བྱུང་བློ་ཡིས་ཁམས་གསོ་སྦྱིན་བྱེད་པའི། །ཀུན་མཁྱེན་ལེགས་བཤད་བདུད་རྩིའི་སྨན་མཆོག་ཡིན། ༤༩ །དབེན་པའི་གནས་སུ་གཅིག་པུར་གནས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །ཉིན་མཚན་འཁོར་ཡུག་ཆོས་ཀྱིས་འདའ་བྱེད་པའི། །ཀུན་མཁྱེན་ལེགས་བཤད་རིག་པའི་སྐྱོ་གྲོགས་ཡིན། ༥༠ །མང་པོའི་དབུས་སུ་ཆགས་སྡང་ལྡང་སྐྱེས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །མཉམ་པའི་ཀློང་དུ་སེམས་དལ་སྦྱིན་བྱེད་པའི། །ཀུན་མཁྱེན་ལེགས་བཤད་ནོར་བུའི་ངལ་སྟེགས་ཡིན། ༥༡ །ཡིད་དཔྱོད་རྟོག་པའི་ཞེ་འདོད་སྐྱེས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །བདེན་ཞེན་གྲུབ་མཐའི་ལྕགས་སྒྲོགས་གྲོལ་བྱེད་པའི། །ཀུན་མཁྱེན་ལེགས་བཤད་ཐབས་ཀྱི་ལྡེའུ་མིག་ཡིན། ༥༢ །བྱིད་རྒོད་རྨུགས་པས་སྒོམ་གེགས་སྐྱེས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །ཞི་བའི་ཏིང་འཛིན་སྐྱོན་མེད་ལེགས་སྐྱེད་པའི། །ཀུན་མཁྱེན་ལེགས་བཤད་གནད་ཀྱི་མན་ངག་ཡིན། ༥༣ །ནད་དང་སྡུག་བསྔལ་གནོད་པ་སྐྱེས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། རྐྱེན་ངན་སྣང་བ་གྲོགས་སུ་བསྒྱུར་བྱེད་པའི། །ཀུན་མཁྱེན་ལེགས་བཤད་གསེར་འགྱུར་བདུད་རྩི་ཡིན། ༥༤ །རིག་རྩལ་རྟོགས་པའི་ཉམས་མྱོང་འབར་བའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །ཆོས་སྐུའི་ཀློང་དུ་མཉམ་ཉིད་ངོ་སྤྲོད་པའི། །ཀུན་མཁྱེན་ལེགས་བཤད་གནད་ཀྱི་བོག་འདོན་ཡིན། ༥༥ །བྱུང་རྒྱལ་ཉམས་ཀྱི་སྣང་བ་འུར་བའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །ཞེན་མེད་ངང་དུ་བརྟུལ་ཞུགས་གོང་འཕེལ་བའི། །ཀུན་མཁྱེན་ལེགས་བཤད་རྡོ་རྗེའི་ཐོལ་གླུ་ཡིན། ༥༦ །འདོད་ཡོན་ལོངས་སྤྱོད་ཤུགས་ཀྱིས་འདུ་བའི་དུས། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །ཞེན་མེད་ངང་དུ་ཅི་འདོད་རྒྱན་འཆང་བའི། །ཀུན་མཁྱེན་ལེགས་བཤད་རྨ་བྱ་དུག་རོལ་ཡིན། ༥༧ །སྙེམས་བྱེད་རེ་དོགས་གཟུང་འཛིན་སྐྱེས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །བརྟུལ་ཞུགས་རོལ་པའི་དཔའ་གདེང་སྐྱེད་བྱེད་པའི། །ཀུན་མཁྱེན་ལེགས་བཤད་བདུད་ཀྱི་གཅོད་ཡུལ་ཡིན། ༥༨ །དངོས་འཛིན་འཁྲུལ་པ་ཨ་་འཐས་སྐྱེས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །བདེན་ཞེན་གདོས་བཅས་བུན་ལོང་འཇིག་བྱེད་པའི། །ཀུན་མཁྱེན་ལེགས་བཤད་སྒྱུ་མའི་མན་ངག་ཡིན། ༥༩ །ཀུན་མཁྱེན་ལེགས་བཤད་ནོར་བུའི་གཏེར་འདྲ་བའི། །ཡོན་ཏན་ཕྲེང་བ་གཞལ་དུ་མི་སྤྱོད་མོད། །ཅུང་ཟད་སྨྲས་འདིས་ཁོ་བོའི་སྤོབས་པ་ཡང༌། །མཐར་ཐུག་མིན་ན་བརྗོད་བྱ་ཇི་ལྟར་རྫོགས། ༦༠ །བསྔགས་པའི་གནས་འདི་གྲངས་མེད་ཞིང་དུ་ཡང༌། །རྒྱལ་བ་རྣམས་དང་རྒྱལ་སྲས་མཁས་རྣམས་ཀྱི། །དམ་ཆོས་གཏམ་གྱི་གླེང་གཞིར་གྱུར་པ་སྟེ། །སོ་སོ་ཡང་དག་རིག་པའི་སྤྱོད་ཡུལ་ཡིན། ༦༡ །མཁའ་དབྱིངས་བཞིན་དུ་མཁས་པའི་རོལ་གནས། །སོ་སྐྱེ་བློ་གྲོས་སྦྲང་བུའི་གཤོག་རླབས་བཅས། །བསྔགས་པའི་སྙན་གླུ་དར་དིར་སྒྲོགས་པ་འདི། །ལེགས་བཤད་ཚལ་ལ་རབ་དགའ་སྐྱེས་ནས་ཡིན། ༦༢ །དགའ་བར་བྱོས་ཤིག་སྐལ་བཟང་དོན་མཐུན་དག །གེ་སར་རོ་མངར་ཡང་ཡང་བཏུང་གྱིས་ལ། །བསྟོད་པའི་གླུ་ཕྲེང་བདག་དང་མཐུན་སྒྲོགས་དང༌། །མི་ཟད་སྤོབས་པ་ཁྱེད་ལ་མཛའ་བར་འགྱུར། ༦༣ །བསྔགས་འོས་ཡུལ་ལ་བསྔགས་པའི་མཆོད་སྤྲིན་འདིའི། །ལེགས་བྱས་དགེ་བ་སྲིད་ལ་ཞི་རྒྱུ་དང༌། །ཞི་ལ་སྲིད་དོན་གཉིས་མཐར་མི་གནས་པའི། །རྒྱལ་དང་དེ་སྲས་ཐུགས་དགོངས་རྫོགས་ཕྱིར་བསྔོ། ༦༤ །མཚམས་སྤྲིན་གཟི་འདྲ་མཚན་དཔེའི་གཟི་འབར་བ། །འཇམ་དཔལ་དཔའ་པོའི་མཁྱེན་པ་དེ་དྲན་ནས། །དེ་ཡི་རྗེས་བཞིན་བདེན་པའི་འཁོར་གསུམ་བློ། །སྤོངས་པའི་ཡོངས་བསྔོ་སྨོན་པ་མེད་དབྱིངས་སྙོགས། ༦༥ །བདག་ཀྱང་དེང་ནས་ཀུན་མཁྱེན་བརྒྱུད་བཅས་ཀྱི། །སྨིན་གྲོལ་རྒྱལ་ཐབས་རྒྱས་པའི་སྒོ་སྲང་ནས། །དད་གསུམ་སློང་ཕོར་གཏོང་བ་མེད་ལྡན་པས། །བལྟ་བའི་སྐལ་བཟང་འཁོར་བའི་མཐའ་མར་སྨོན། ༦༦ །ནམ་ཞིག་སྲིད་དང་ཞི་བ་མཉམ་པར་བརྡལ། །འཁོར་བ་དོང་སྤྲུགས་ཞི་བ་བུམ་སྐུར་བཞེངས། །འཁོར་འདས་མ་ལུས་ཐིག་ལེ་གཅིག་གི་ཀློང༌། །ཀུན་མཁྱེན་བླ་མའི་དགོངས་པར་འདྲེས་གྱུར་ཅིག ༦༧ །ཅེས་པའང་ཨ་བུ་ཧྲལ་པོའི་གང་དྲན་བརྗོད་པ་དགེ་ལེགས་འཕེལ། དགེའོ། །དགེའོ། །དགེའོ།། །། ༄༅། །

[edit]
rywikitexts e-text input by Karma Lekshey Ling.

The corrected base text (W22920 e-text, corrected against the W22920 print and the Adzom edition: 3,065 typing errors, September 2026), with the variants of the other editions under each page (18 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Pe cin 2009 (dpe bsdur ma); K = Karma Lekshey Ling; D = Derge (sde dge par ma); L = Serthang Larung; O = single volume MW2PD19906; S = single volume MW8LS32770; T = two volumes MW0TTBBC0034; U = two volumes MW0TTBBC0007. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 678] ༄༅། །ཀུན་མཁྱེན་བླ་མའི་གསུང་རབ་ལ་བསྔགས་པ་བཞུགས་སོ། ། ༄༅། །ན་མཿསརྦ་ཛྙཱ་ཡ་གུ་ར་ཝེ། གང་ཞིག་རྒྱལ་བའི་ཡོན་ཏན་མཐའ་ཀླས་པ། །མ་ལུས་ཡང་དག་རྫོགས་པའི་དཀྱིལ་འཁོར་ཅན། །ཀུན་མཁྱེན་བླ་མ་རྒྱལ་བ་ཐམས་ཅད་ཀྱི། །རྒྱལ་ཚབ་སེམས་དཔར་གྱུར་ལ་ཕྱག་འཚལ་ལོ། ༡ །གདོད་མའི་གཞི་

[p. 679] དབྱིངས་ཡོན་ཏན་རྫོགས་པའི་ཀློང༌། །སྟོང་ཆེན་ལྷུམས་སུ་ཆོས་ཉིད་ཟད་ཞུགས་པས། རབ་འབྱམས་མཁྱེན་པས་ཤེས་བྱ་ཡོངས་གཅོད་པ། །ཀུན་མཁྱེན་བླ་མ་ཐམས་ཅད་མཁྱེན་པ་ཡིན། ༢ །སྐྱོབ་པ་དེ་ཡི་ལེགས་བཤད་ཚིག་གཅིག་གི །ཟུར་ཙམ་ཐོས་ཀྱང་སྲིད་པ་ཧྲུལ་པོ་རུ། །ངེས་པར་བགྱིད་ན་བསྟན་པ་ཡོངས་རྫོགས་པའི། །གསུང་ལ་ཐོས་བསམ་བགྱིད་རྣམས་ལྟ་ཅི་སྨོས། ༣ །རྒྱལ་བ་རྣམས་དང་རྒྱལ་སྲས་ཆེ་རྣམས་ཀྱིས། །དཔའ་བར་འགྲོ་སོགས་ཏིང་འཛིན་རྣམ་ཐར་མཐུས། །འཕགས་བཞི་སོ་སྐྱེ་དུ་མའི་སྤྲུལ་གཟུགས་ཀྱིས། །རྒྱལ་བའི་མཛད་བཟང་ཅི་ཡང་སྟོན་པ་ཡིན། ༤ །དེ་སླད་ཀུན་མཁྱེན་མཆོག་གི་སྤྲུལ་པའི་སྐུས། །རྒྱལ་བའི་མཛད་པས་སྙིགས་མའི་འགྲོ་སྐྱོང་ཞིང༌། །ཐོས་པས་གྲོལ་བ་ཐེག་རྩེའི་ཆོས་འཁོར་གྱིས། །རྡོ་རྗེ་སྙིང་པོའི་བསྟན་པ་གསལ་བར་མཛད། ༥ ཀུན་མཁྱེན་བླ་མ་རྫོགས་པའི་སངས་རྒྱས་དེའི། །ལེགས་བཤད་བདུད་རྩི་ཤིན་ཏུ་དག་པ་འདི། །ལུང་གི་ཆོས་མཆོག་ཞལ་ནས་གསུངས་པའི་བཀར། །མི་ཤེས་པ་དེ་བ་གླང་ཡ་སོ་ཅན། ༦ །སྐལ་བ་བཟང་དག་རབ་དགའ་སྐྱེད་བྱོས་ལ། །སངས་རྒྱས་མཐོང་བའི་ངེས་ཤེས་གྱིས་ཤིག་དང༌། །ཀུན་མཁྱེན་བླ་མའི་ལེགས་བཤད་འདི་མཐོང་ལས། །སངས་རྒྱས་མཇལ་ཡང་ཅུང་ཟད་ཡོད་རེ་ཀན།

ཐེག་རྩེའི་ཆོས་འཁོར་གྱིས་རྡོ ] འཁོང W K · མཆོག་ཞལ་ནས་གསུངས་པའི་བཀར ] གསུང W K

[p. 680] ༧ །ཐུབ་པའི་མཚན་དཔེ་མིག་གི་བདུད་རྩི་སྟེ། །སྐལ་བཟང་ཡིད་ལ་དད་གསུམ་བསྐྱེད་པ་ལགས། །ལེགས་བཤད་ཡིག་གཟུགས་བཟོ་ཡི་སྤྲུལ་སྐུ་སྟེ། །དད་པའི་གསོས་སུ་འདི་ལས་ལྷག་པ་མེད། ༨ །སྟོན་པའི་ཚངས་དབྱངས་རྣ་བའི་བདུད་རྩི་སྟེ། །བསྐལ་བཟང་ཡིད་ལ་ཤེས་རབ་བསྐྱེད་པ་ལགས། །ལེགས་བཤད་ཚིག་ཕྲེང་རྣ་བའི་བདུད་རྩི་སྟེ། །ཤེས་རབ་གསོས་སུ་འདི་དང་མཉམ་པ་མེད། ༩ །རྒྱལ་བའི་བྱིན་རླབས་སྙིང་གི་བདུད་རྩི་སྟེ། །བསྐལ་བཟང་ཡིད་ལ་བདེན་པ་སྟོན་པ་ལགས། །ལེགས་བཤད་དོན་བཟང་སྙིང་གི་བདུད་རྩི་སྟེ། །ཡིད་ལ་ཡེ་ཤེས་གསོས་སུ་འདི་ཉིད་ཆེ། ༡༠ །རྣམ་ཐར་ཏིང་འཛིན་སྟོབས་ཀྱིས་བྱིན་རླབས་པས། །འདི་མཐོང་ཡིད་ལ་ཆོས་ཉིད་ཤུགས་ཀྱིས་སྐྱེ། །ཀ་དག་དགོངས་པ་འཕྲལ་ལ་སྟོན་ནུས་ཤིང༌། །ཆོས་ཅན་འཛིན་པ་གཞིག་ལ་འདི་འདྲ་མེད། ༡༡ །ཡི་གེའི་རྣམ་རོལ་ཤཱཀྱ་སེང་གེའི་སྐུ། །རྗོད་བྱེད་ཚིག་ཕྲེང་ཀུན་མཁྱེན་བླ་མའི་གསུང༌། །བརྗོད་བྱ་དོན་ཟབ་རྒྱལ་བ་ཀུན་གྱི་ཐུགས། །གསུང་རབ་འདི་མཐོང་བདེ་གཤེགས་ཡོངས་རྫོགས་མཐོང༌། ༡༢ །ལྔ་བརྒྱ་ཐ་མའི་བསྟན་པར་གྱུར་པ་ན། །གསུང་རབ་རྣམ་རོལ་ཡི་གེའི་གཟུགས་དག་གིས། །སྟོན་པ་བཞུགས་ཞེས་སྐྱོབ་པ་ཐུགས་རྗེ་ཅན། །ཤཱཀྱ་སེང་གེའི་ཞལ་བཞེས་དེ་ལྟར་

མའི་གསུང་བརྗོད་བྱ་དོན་ཟབ ] བྱེད W K

[p. 681] ལགས། ༡༣ །དོན་བཟང་ལེགས་བཤད་མཛོད་ཆེན་བདུན་ལ་སོགས། །བསྟན་པ་ཡོངས་རྫོགས་ཚེ་གཅིག་སངས་རྒྱས་ཆོས། །ཟབ་ལམ་རྨད་བྱུང་བདུད་རྩིའི་ཐིགས་པ་འདི། །ཀུན་མཁྱེན་བླ་མའི་གསུང་དུ་སུ་ཡིས་བསྙོན། ༡༤ །ལྷུན་གྲུབ་ཡོན་ཏན་ཤིན་ཏུ་རྒྱ་ཆེན་པོ། །ཀ་དག་དབྱིངས་སུ་ཟབ་པའི་ཆོས་ཉིད་ཅན། །ཟུང་འཇུག་ཐེག་རྩེ་རྡོ་རྗེ་སྙིང་པོའི་ཆོས། །རྒྱལ་ཀུན་ཐུགས་གསང་འདི་ལས་ཅི་ཞིག་ཡོད། ༡༥ །ཐུབ་པའི་མཛེས་སྐུ་གསེར་གྱི་རི་འདྲ་བ། །གཟུགས་སྐུ་མཐོང་བའི་ཁྱད་ཆོས་དེ་ལགས་མོད། །ཆོས་ཉིད་རང་བཞིན་བརྗོད་དུ་མེད་སྟོན་པ། །ཆོས་སྐུ་མཐོང་བའི་སྐལ་བཟང་འདི་ཙམ་ལགས། ༡༦ །ཤིང་དབང་དྲུང་དེར་སྐྱོབ་པས་གང་མཁྱེན་དང༌། །རྒྱལ་སྲས་རྣམས་ཀྱིས་བདེན་པ་གང་གཟིགས་པ། །ཀུན་མཁྱེན་བླ་མའི་ལེགས་བཤད་ཚིག་གཅིག་གིས། །བརྗོད་དུ་མེད་དོན་ཐབས་ཀྱིས་སྟོན་པར་མཛད། ༡༧ །ཡོན་ཏན་རང་བཞིན་བྱང་ཆུབ་ཕྱོགས་ཀྱི་ཆོས། །མ་ལུས་ཡོངས་རྫོགས་རྫོགས་པ་ཆེན་པོ་ནི། །རྒྱལ་བ་ཀུན་གྱི་ཆོས་སྐུའི་མཆོད་སྡོང་སྟེ། །བསོད་ནམས་ཞིང་དུ་འདི་ལས་ལྷག་པ་མེད། ༡༨ །ཐུབ་པའི་མདོ་སྡེ་ཇི་སྙེད་བསམ་ཡས་པའི། །ཡོན་ཏན་མཆོག་ཀྱང་ཟབ་རྒྱས་སྟོན་པས་ཏེ། །ཆོས་ཉིད་རང་བཞིན་ཟབ་ཅིང་རྒྱ་ཆེ་བ། །རྗེན་པར་སྟོན་འདིའི་

[p. 682] ཡོན་ཏན་ཡང་དེ་ཙམ། ༡༩ །དེ་སླད་གཞུང་འདིའི་ཚིག་གཅིག་ཉན་པ་དང༌། །འཛིན་ཀློག་སྒྲུབ་རྣམས་ཇི་སྙེད་རྒྱལ་བའི་ཆོས། །ཉན་དང་འཛིན་ཀློག་སྒྲུབ་ལ་བརྩོན་པ་དང༌། །བསྐལ་པ་མཉམ་ཞིང་བསོད་ནམས་རྣམ་སྨིན་མཉམ། ༢༠ །བརྒྱད་ཁྲི་བཞི་སྟོང་ཆོས་དོན་རིག་པའི་ཀློང༌། །འདུས་པར་ངེས་ན་དེ་ཡི་བརྗོད་བྱེད་གཞུང༌། །ཀུན་མཁྱེན་བླ་མའི་ལེགས་བཤད་ཟབ་མོའི་ཆོས། །ཚིག་བཅད་གཅིག་ཏུ་ཅི་ཡི་ཕྱིར་མི་འདུ། ༢༡ །དད་པའི་སེམས་ཀྱིས་སྐད་ཅིག་མཇལ་ན་ཡང༌། །གང་གི་ཡིད་ལ་གདུང་བ་སྐྱེ་འགྱུར་པའི། །ཉོན་མོངས་རྙོགས་པ་ཤུགས་ཀྱིས་འབྲལ་བགྱིད་པ། །ཀུན་མཁྱེན་བླ་མའི་ལེགས་བཤད་མཐོང་གྲོལ་ཡིན། ༢༢ །ཚིག་གཅིག་ཐོས་ཀྱང་རྣམ་པར་རྟོག་པའི་རྡུལ། །རྣམ་པར་སྤངས་ནས་ཞི་བའི་ཏིང་ངེ་འཛིན། །གང་གི་ཡིད་ལ་རྩོལ་མེད་སྐྱེ་འགྱུར་པ། །ཀུན་མཁྱེན་བླ་མའི་ལེགས་བཤད་ཐོས་གྲོལ་ཡིན། ༢༣ །རྟོག་གེའི་བློ་གྲོས་རྩུབ་མོའི་སྐྱོན་སྤོངས་པའི། །ཞི་བ་བསིལ་བ་འཇམ་པའི་རེག་བྱ་ཅན། །འཁོར་བའི་གདུང་སེལ་འཆི་མེད་ཐེག་པ་སྟེ། །ཀུན་མཁྱེན་བླ་མའི་ལེགས་བཤད་རེག་གྲོལ་ཡིན། ༢༤ །ཟབ་པའི་དོན་བཟང་བདུད་རྩིའི་རོ་མངར་ཅན། །ཇི་ཙམ་མྱོང་བཞིན་ཐོས་བསམ་སྒོམ་པའི་ལུས། །བརྟས་པའི་འཕུར་ལྡིར་ཆོས་ཉིད་དབྱིངས་སྤྱོད་པ། །ཀུན་

བརྩོན་པ་དང་བསྐལ་པ་མཉམ ] སྐལ W K · ཁྲི་བཞི་སྟོང་ཆོས་དོན་རིག ] ཆོད W K · དད་པའི་སེམས་ཀྱིས་སྐད་ཅིག ] ཀྱི W K

[p. 683] མཁྱེན་བླ་མའི་ལེགས་བཤད་མྱོང་གྲོལ་ཡིན། ༢༥ །རྒྱལ་བའི་བསྟན་པ་ཇི་སྙེད་ཡོངས་རྫོགས་པའི། །གཞུང་བཟང་ཀུན་མཁྱེན་བླ་མས་བཀྲལ་འདི་འདྲ། །འཕགས་བོད་མཁས་པའི་སྐྱེ་བོ་སུ་ཡིས་ཀྱང༌། །སྔོན་ཆད་འཛམ་གླིང་ལྗོངས་འདིར་བཞག་པ་མེད། ༢༦ །རྒྱུ་འབྲས་ཐེག་པའི་ཆོས་ཀྱི་སྒོ་དབྱེ་ནས། །རྒྱུ་འབྲས་མེད་དབྱིངས་མཉམ་པར་ལ་ཟློས་པའི། །ཀུན་མཁྱེན་བླ་མའི་གདམས་ངག་འདི་འདྲ་བ། །འཆད་པའི་མཁས་གྲུབ་གཉིས་པ་སུ་ཡང་མེད། ༢༧ །གཞུང་བཟང་འདི་དག་ཡན་ལག་ཡོངས་རྫོགས་པའི། །ལྷ་ལུས་མཛེས་པ་བརྒྱན་གྱིས་སྤྲས་འདྲ་སྟེ། །འདི་དང་བསྐྲུན་ན་མཁས་པའི་བསྟན་བཅོས་གཞན། །ཕྱོགས་རེའི་ཡན་ལག་དུམ་བུར་འཐོར་དང་འདྲ། ༡༨ །ཚིག་བཟང་སྙན་དངགས་དམ་པའི་རྒྱན་གྱིས་མཛེས། །དོན་ཆེན་རྒྱལ་བསྟན་རྫོགས་པའི་ཁོ་ལག་དར། །ཐེག་རྩེ་ནོར་བུ་མཆོག་གི་ཐོར་ཚུགས་ཅན། །གཞུང་བཟང་འདི་དག་ལྷ་ཡི་དབང་པོ་འདྲ། ༡༩ །ལམ་སྟེགས་རྒྱུ་འབྲས་ཐེག་པའི་ཐེམ་སྐས་བཀྲམ། །གསང་ཆེན་ལམ་གྱི་བ་གམ་བརྗིད་ཆགས་ཤིང་ལྷུན་གྲུབ་སྐུ་བཞིར་བགྲོད་པའི་རྩེ་མོ་འབར། །གཞུང་བཟང་འདི་དག་རྣམ་རྒྱལ་ཕོ་བྲང་འདྲ། ༣༠ །འདོད་ཁམས་དགེ་བཅུའི་རི་དབང་ལྷུན་བརྗིད་ཅིང༌། །གཟུགས་མེད་ཏིང་འཛིན་ཞི་བའི་སྤྲིན་

ཀྱི་སྒོ་དབྱེ་ནས་རྒྱུ་འབྲས ] ན W K · དངགས་དམ་པའི་རྒྱན་གྱིས་མཛེས ] རྒྱས W K

[p. 684] ཚོགས་བཀྲམ། །གཟུགས་ཁམས་འཕགས་ལམ་རྫོགས་པའི་འོག་མིན་ཅན། །གཞུང་བཟང་འདི་དག་སྲིད་པ་གསུམ་པོ་འདྲ། ༣༡ །གང་འདུལ་འགྲོ་ཁམས་མོས་པ་དེ་བཞིན་འདུལ། །སྣ་ཚོགས་ཤེས་བྱའི་ཆོས་ཀུན་མ་འདྲེས་འཆད། །དོན་དམ་མཉམ་པའི་ཀློང་ལས་མི་འདའ་བས། །གཞུང་བཟང་འདི་དག་རྫོགས་པའི་སངས་རྒྱས་འདྲ། ༣༢ །ཇི་སྙེད་ཐེག་པའི་རྣམ་གྲངས་མཐའ་ཡས་སྟོན། །ཡིད་དཔྱོད་རྒྱུ་འབྲས་ལམ་ལས་ཐེག་དགུར་ཕྱེ། །མངོན་སུམ་འོད་གསལ་ཀློང་དུ་སྤང་བླང་ཟད། །གཞུང་བཟང་འདི་དག་སྲིད་ཞི་གཉིས་ཀ་འདྲ། ༣༣ །དོན་འདི་ཤེས་ན་རྡོ་རྗེ་སྙིང་པོའི་ལམ། །སྙིང་ཐིག་གསང་བའི་ཟབ་གནད་སྙིང་འདྲ་བའི། །དོན་འདི་མི་སྟོན་མཁས་པའི་བསྟན་བཅོས་གཞན། །ལུས་ཉིད་མཛེས་ཀྱང་སྙིང་མེད་རོ་དང་འདྲ། ༣༤ །རྟོགས་པའི་འདྲ་འབག་རྡོ་རྗེ་སྙིང་པོའི་གླུ། །མངོན་སུམ་ཆོས་ཉིད་རྗེན་པར་སྟོན་པའི་ངག །ཀློང་རྡོལ་གཏམ་འདི་སྐད་ཅིག་ཐོས་པས་ཀྱང༌། །འོད་གསལ་ཡེ་ཤེས་རྒྱུད་ལ་ཤུགས་ཀྱིས་སྐྱེ། ༣༥ །ཟབ་ལས་ཆེས་ཟབ་ཆོས་དབྱིངས་རིན་པོ་ཆེ། །བྱིན་བརྒྱུད་ཡེ་ཤེས་རྟོགས་པའི་མཛོད་གཅིག་པུར། །ཡང་དག་ཆོས་སྐུ་དངོས་བྱོན་གཞུང་འདི་འདྲ། །གང་གིས་ཉམས་བླང་སྲིད་པ་ཐ་མ་ཡིན། ༣༦ །ཟང་ཐལ་རིག་པ་ཀུན་མཁྱེན་

འོག་མིན་ཅན་གཞུང་བཟང་འདི ] གཟུང W K

[p. 685] བླ་མའི་ཐུགས། །རྗེན་པར་སྟོན་པའི་མན་ངག་འདི་འདྲ་བ། །སངས་རྒྱས་དངོས་ཡིན་དམ་པའི་ཆོས་ཀྱང་ཡིན། །མོས་གུས་སྐྱེས་ན་དགེ་བའི་བཤེས་གཉེན་ཡིན། ༣༧ །རྒྱུད་སྡེ་ཀུན་གྱི་ཟབ་གནད་མཐར་ཐུག་པ། །བཞི་པའི་དབང་ཞེས་གྲགས་པ་འདི་ཡིན་ཏེ། །དབང་བཞི་ཡོངས་རྫོགས་རིག་པ་རྩལ་གྱི་དབང༌། །གཞུང་བཟང་འདི་འདྲ་མཐོང་ལས་གཞན་ཡོད་མིན། ༣༨ །ཀུན་མཁྱེན་བླ་མ་འཇའ་ལུས་སྒྱུ་མའི་སྐུ། །སྔོན་ཞིག་བཞུགས་ཀྱི་ད་ལྟ་མེད་པ་མིན། །མཐོང་བར་ནུས་ན་རང་གི་མདུན་ན་བཞུགས། །རྟོག་པས་བསྒྲིབ་ན་མངོན་སུམ་བྱོན་ཀྱང་ཅི། ༣༩ །གསུང་གི་གནད་འདི་རྟོགས་པའི་འདྲ་འབག་སྟེ། །ཡེ་ཤེས་ཆེན་པོས་ཚིག་དོན་བྱིན་གྱིས་རླབས། །མོས་གུས་ཅན་ལ་བདེན་ཚིག་གཏད་རྒྱ་མཛད། །ངེས་པར་བརྟེན་ན་བླ་མ་འདི་རང་ཡིན། ༤༠ །མོས་གུས་ཐོབ་ནས་ཚིག་དོན་དཔྱོད་ཤེས་ན། །གཞུང་བཟང་འདི་འདྲ་ཅི་ཙམ་མཇལ་བའི་ཡུན། །དེ་སྲིད་དེ་བློ་ཆོས་ཉིད་མངོན་སུམ་པའི། །འོད་གསལ་མཆོག་ལས་གཡོ་བ་ཡོད་རེ་ཀན། ༤༡ །རྣམ་པར་དཔྱོད་མང་རྟོག་གེའི་བསྟན་བཅོས་གཞན། །ཇི་ཙམ་བལྟས་བཞིན་འཁྲུལ་པའི་རྣམ་རྟོག་འཕེལ། །བློ་ལས་འདས་སྟོན་ཀུན་མཁྱེན་བླ་མའི་གཞུང༌། །ཚིག་གཅིག་ཐོས་ཀྱང་རྩོལ་མེད་ཏིང་འཛིན་སྐྱེད། ༤༢ །

རྒྱུད་སྡེ་ཀུན་གྱི་ཟབ་གནད ] ཀྱི W K · ཡེ་ཤེས་ཆེན་པོས་ཚིག་དོན ] པོ W K · པར་དཔྱོད་མང་རྟོག་གེའི་བསྟན ] ག W K · མའི་གཞུང་ཚིག་གཅིག་ཐོས་ཀྱང ] གཅིས W K

[p. 686] རྟོག་གེའི་དཀྲུགས་པ་ཕལ་བའི་གཞུང་མང་དུ། །འཁྱམས་ཤིང་འཁྱམས་པའི་དོན་མེད་ངལ་བ་ཅན། །ཚིག་དོན་ཕུན་ཚོགས་ནོར་བུའི་ངལ་སྟེགས་སུ། །ངལ་བསོ་སྦྱིན་པ་ཀུན་མཁྱེན་བླ་མའི་གཞུང༌། ༤༣ །ཕྱོགས་རེའི་རིག་པ་སྦྲང་བུའི་གཤོག་རླབས་ཀྱིས། །གླིང་བཞི་ཉུལ་འདོད་འབྲས་མེད་ལྟད་མོ་བ། །རྡོ་རྗེ་སྙིང་པོའི་རི་རབ་རྩེར་བགྲོད་ནས། །ཐེག་དགུ་གསལ་སྟོན་ཁྱུང་ཆེན་རྒྱལ་པོ་འདྲ། ༤༤ །བྱིས་པའི་བསྟན་བཅོས་རྩེད་མོའི་རྩོད་པ་ཅན། །ཡིན་དང་མ་ཡིན་རང་རང་ཕྱོགས་ལ་ཞེན། །མཉམ་པའི་ཆོས་ཉིད་རྒན་པོའི་བློ་གྲོས་ཅན། །ཀུན་མཁྱེན་བླ་མའི་ལེགས་བཤད་གཟུ་བོ་ཡིན། ༤༥ །རྨོངས་དང་མ་རིག་ཐེ་ཚོམ་སྐྱེས་པའི་དུས། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །རྨོངས་པའི་དྲྭ་བ་གང་གིས་གཅོད་འགྱུར་བའི། །ཀུན་མཁྱེན་ལེགས་བཤད་ཤེས་རབ་རལ་གྲི་ཡིན། ༤༦ །སྣ་ཚོགས་རྟོག་པའི་བུན་ལོང་གཡོ་བའི་དུས། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །འཁྲུལ་རྟོག་རྩིག་པ་གང་གིས་འཇིག་འགྱུར་བའི། །ཀུན་མཁྱེན་ལེགས་བཤད་ཡེ་ཤེས་རྡོ་རྗེ་ཡིན། ༤༧ །ཆགས་སྡང་འཁྲུལ་པའི་ཟུག་རྔུ་འབར་བའི་དུས། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །ཉོན་མོངས་བུད་ཤིང་སྐད་ཅིག་སྲེག་བྱེད་པའི། །ཀུན་མཁྱེན་

[p. 687] ལེགས་པའི་མེ་དཔུང་ཡིན། ༤༨ །འདུ་འཛིའི་གནས་དང་སྐྱོ་བས་གདུང་བའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །ངེས་འབྱུང་བློ་ཡིས་ཁམས་གསོ་སྦྱིན་བྱེད་པའི། །ཀུན་མཁྱེན་ལེགས་བཤད་བདུད་རྩིའི་སྨན་མཆོག་ཡིན། ༤༩ །དབེན་པའི་གནས་སུ་གཅིག་པུར་གནས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །ཉིན་མཚན་འཁོར་ཡུག་ཆོས་ཀྱིས་འདའ་བྱེད་པའི། །ཀུན་མཁྱེན་ལེགས་བཤད་རིག་པའི་སྐྱོ་གྲོགས་ཡིན། ༥༠ །མང་པོའི་དབུས་སུ་ཆགས་སྡང་སྐྱེས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །མཉམ་པའི་ཀློང་དུ་སེམས་དལ་སྦྱིན་བྱེད་པའི། །ཀུན་མཁྱེན་ལེགས་བཤད་ནོར་བུའི་ངལ་སྟེགས་ཡིན། ༥༡ །ཡིད་དཔྱོད་རྟོག་པའི་ཞེ་འདོད་སྐྱེས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །བདེན་ཞེན་གྲུབ་མཐའི་ལྕགས་སྒྲོགས་གྲོལ་བྱེད་པའི། །ཀུན་མཁྱེན་ལེགས་བཤད་ཐབས་ཀྱི་ལྡེའུ་མིག་ཡིན། ༥༢ །བྱིང་རྒོད་རྨུགས་པས་སྒོམ་གེགས་སྐྱེས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །ཞི་བའི་ཏིང་འཛིན་སྐྱོན་མེད་ལེགས་སྐྱེད་པའི། །ཀུན་མཁྱེན་ལེགས་བཤད་གནད་ཀྱི་མན་ངག་ཡིན། ༥༣ །ནད་དང་སྡུག་བསྔལ་གནོད་པ་སྐྱེས་པའི་ཚེ། །གཞུང་བཟང་འདི་

ཤིག་དང་ངེས་འབྱུང་བློ་ཡིས ] བྱུང W K · སུ་ཆགས་སྡང་⁁་སྐྱེས་པའི ] ལྡང W K · ལྡེའུ་མིག་ཡིན་བྱིང་རྒོད་རྨུགས ] བྱིད W K

[p. 688] དག་བལྟ་བར་བྱོས་ཤིག་དང༌། རྐྱེན་ངན་སྣང་བ་གྲོགས་སུ་བསྒྱུར་བྱེད་པའི། །ཀུན་མཁྱེན་ལེགས་བཤད་གསེར་འགྱུར་བདུད་རྩི་ཡིན། ༥༤ །རིག་རྩལ་རྟོགས་པའི་ཉམས་མྱོང་འབར་བའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །ཆོས་སྐུའི་ཀློང་དུ་མཉམ་ཉིད་ངོ་སྤྲོད་པའི། །ཀུན་མཁྱེན་ལེགས་བཤད་གནད་ཀྱི་བོག་འདོན་ཡིན། ༥༥ །བྱུང་རྒྱལ་ཉམས་ཀྱི་སྣང་བ་འུར་བའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །ཞེན་མེད་ངང་དུ་བརྟུལ་ཞུགས་གོང་འཕེལ་བའི། །ཀུན་མཁྱེན་ལེགས་བཤད་རྡོ་རྗེའི་ཐོལ་གླུ་ཡིན། ༥༦ །འདོད་ཡོན་ལོངས་སྤྱོད་ཤུགས་ཀྱི་འདུ་བའི་དུས། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །ཞེན་མེད་ངང་དུ་ཅི་འདོད་རྒྱན་འཆང་བའི། །ཀུན་མཁྱེན་ལེགས་བཤད་རྨ་བྱ་དུག་རོལ་ཡིན། ༥༧ །སྙེམས་བྱེད་རེ་དོགས་གཟུང་འཛིན་སྐྱེས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །བརྟུལ་ཞུགས་རོལ་པའི་དཔའ་གདེང་སྐྱེད་བྱེད་པའི། །ཀུན་མཁྱེན་ལེགས་བཤད་བདུད་ཀྱི་གཅོད་ཡུལ་ཡིན། ༥༨ །དངོས་འཛིན་འཁྲུལ་པ་ཨ་་འཐས་སྐྱེས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །བདེན་ཞེན་གདོས་བཅས་བུན་ལོང་འཇིག་བྱེད་པའི། །ཀུན་མཁྱེན་ལེགས་བཤད་སྒྱུ་མའི་མན་ངག་ཡིན།

ལོངས་སྤྱོད་ཤུགས་ཀྱི་འདུ་བའི ] ཀྱིས W K

[p. 689] ༥༩ །ཀུན་མཁྱེན་ལེགས་བཤད་ནོར་བུའི་གཏེར་འདྲ་བའི། །ཡོན་ཏན་ཕྲེང་བ་གཞལ་དུ་མི་སྤྱོད་མོད། །ཅུང་ཟད་སྨྲས་འདིས་ཁོ་བོའི་སྤོབས་པ་ཡང༌། །མཐར་ཐུག་མིན་ན་བརྗོད་བྱ་ཇི་ལྟར་རྫོགས། ༦༠ །བསྔགས་པའི་གནས་འདི་གྲངས་མེད་ཞིང་དུ་ཡང༌། །རྒྱལ་བ་རྣམས་དང་རྒྱལ་སྲས་མཁས་རྣམས་ཀྱི། །དམ་ཆོས་གཏམ་གྱི་གླེང་གཞིར་གྱུར་པ་སྟེ། །སོ་སོ་ཡང་དག་རིག་པའི་སྤྱོད་ཡུལ་ཡིན། ༦༡ །མཁའ་དབྱིངས་བཞིན་དུ་མཁས་པའི་རོལ་གནས། །སོ་སྐྱེ་བློ་གྲོས་སྦྲང་བུའི་གཤོག་རླབས་བཅས། །བསྔགས་པའི་སྙན་གླུ་དར་དིར་སྒྲོགས་པ་འདི། །ལེགས་བཤད་ཚལ་ལ་རབ་དགའ་སྐྱེས་ནས་ཡིན། ༦༢ །དགའ་བར་བྱོས་ཤིག་སྐལ་བཟང་དོན་མཐུན་དག །གེ་སར་རོ་མངར་ཡང་ཡང་བཏུང་གྱིས་ལ། །བསྟོད་པའི་གླུ་ཕྲེང་བདག་དང་མཐུན་སྒྲོགས་དང༌། །མི་ཟད་སྤོབས་པ་ཁྱེད་ལ་མཛའ་བར་འགྱུར། ༦༣ །བསྔགས་འོས་ཡུལ་ལ་བསྔགས་པའི་མཆོད་སྤྲིན་འདིའི། །ལེགས་བྱས་དགེ་བ་སྲིད་ལ་ཞི་རྒྱུ་དང༌། །ཞི་ལ་སྲིད་དོན་གཉིས་མཐར་མི་གནས་པའི། །རྒྱལ་དང་དེ་སྲས་ཐུགས་དགོངས་རྫོགས་ཕྱིར་བསྔོ། ༦༤ །མཚམས་སྤྲིན་གཟི་འདྲ་མཚན་དཔེའི་གཟི་འབར་བ། །འཇམ་དཔལ་དཔའ་བོའི་མཁྱེན་པ་དེ་དྲན་ནས། །དེ་ཡི་རྗེས་བཞིན་བདེན་པའི་འཁོར་གསུམ་

འཇམ་དཔལ་དཔའ་བོའི་མཁྱེན་པ ] པོའི W K

[p. 690] བློ། །སྤོངས་པའི་ཡོངས་བསྔོ་སྨོན་པ་མེད་དབྱིངས་སྙོགས། ༦༥ །བདག་ཀྱང་དེང་ནས་ཀུན་མཁྱེན་བརྒྱུད་བཅས་ཀྱི། །སྨིན་གྲོལ་རྒྱལ་ཐབས་རྒྱས་པའི་སྒོ་སྲང་ནས། །དད་གསུམ་སློང་ཕོར་གཏོང་བ་མེད་ལྡན་པས། །བལྟ་བའི་སྐལ་བཟང་འཁོར་བའི་མཐའ་མར་སྨོན། ༦༦ །ནམ་ཞིག་སྲིད་དང་ཞི་བ་མཉམ་པར་བརྡལ། །འཁོར་བ་དོང་སྤྲུགས་ཞི་བ་བུམ་སྐུར་བཞེངས། །འཁོར་འདས་མ་ལུས་ཐིག་ལེ་གཅིག་གི་ཀློང༌། །ཀུན་མཁྱེན་བླ་མའི་དགོངས་པར་འདྲེས་གྱུར་ཅིག ༦༧ །ཅེས་པའང་ཨ་བུ་ཧྲལ་པོའི་གང་དྲན་བརྗོད་པ་དགེ་ལེགས་འཕེལ། དགེའོ། །དགེའོ། །དགེའོ།། །།

[edit]
Machine translation, not yet reviewed by a translator. Six AI models translated the text independently; Claude Fable 5.1, as editor, established this version against the Tibetan (September 2026). [p. N] = pages of the base text. Notes on doubtful readings follow the translation. See the contents page for how it was made.

[p. 678]

Herein is contained the Praise of the Writings of the Omniscient Guru.

Namaḥ sarvajñāya gurave.

To the one who possesses the maṇḍala (dkyil 'khor) in which the boundless qualities (yon tan)
Of the victorious ones (rgyal ba) are, without exception, perfectly complete—
The Omniscient Guru (kun mkhyen bla ma), who has become the bodhisattva regent (rgyal tshab sems dpa')
Of all the victorious ones—I pay homage. 1

Within the expanse (klong) in which the qualities of the primordial ground's (gdod ma'i gzhi)

[p. 679] Basic space (dbyings) are perfected—in the womb of great emptiness (stong chen)—
Since he has entered exhaustion in the nature of phenomena (chos nyid zad pa),
He wholly determines all objects of knowledge (shes bya) with his infinite knowledge (rab 'byams mkhyen pa):
The Omniscient Guru is the one who knows all. 2

If hearing even a mere fragment of a single phrase
Of that protector's excellent explanations (legs bshad)
Is certain to render existence (srid pa) tattered,
What need to mention those who hear and reflect upon his enlightened speech (gsung), in which the teaching (bstan pa) is complete in its entirety? 3

The victorious ones and the great sons of the victorious ones,
By the power of the samādhis (ting 'dzin) and liberations (rnam thar) such as the Heroic Progress (dpa' bar 'gro),
Display every kind of excellent deed (mdzad pa) of the victorious ones
Through the emanated forms (sprul gzugs) of the four noble ones and of many ordinary beings. 4

Therefore the nirmāṇakāya (sprul pa'i sku) of the supreme Omniscient One
Nurtures the beings of the degenerate age (snyigs ma) through the deeds of a victorious one,
And with the wheel of Dharma of the pinnacle vehicle (theg rtse), which liberates upon hearing (thos pas grol ba),
He makes clear the teaching of the vajra heart essence (rdo rje snying po). 5

Whoever does not know this utterly pure nectar (bdud rtsi) of excellent explanation
Of the Omniscient Guru, that perfect buddha (rdzogs pa'i sangs rgyas),
To be the Word (bka') spoken from his own mouth—the supreme Dharma of scripture (lung gi chos)—
Is an ox with upper teeth. 6

Fortunate ones, give rise to supreme joy,
And have the certainty (nges shes) that you are beholding the Buddha!
For beyond seeing these excellent explanations of the Omniscient Guru,
Would even meeting the Buddha amount to anything more at all?

[p. 680] 7

The Sage's major and minor marks (mtshan dpe) are nectar for the eyes,
Giving rise to the three kinds of faith (dad gsum) in the minds of the fortunate;
The written forms of the excellent explanations are the nirmāṇakāya of craftsmanship (bzo yi sprul sku),
And as nourishment for faith there is nothing superior to this. 8

The Teacher's (ston pa) Brahmā voice is nectar for the ears,
Giving rise to wisdom (shes rab) in the minds of the fortunate;
The garlands of words of the excellent explanations are nectar for the ears,
And as nourishment for wisdom there is nothing equal to this. 9

The blessings (byin rlabs) of the victorious ones are nectar for the heart,
Revealing the truth to the minds of the fortunate;
The excellent meaning of the excellent explanations is nectar for the heart,
And as nourishment for primordial wisdom (ye shes) in the mind, this itself is greatest. 10

Since it is blessed by the power of the liberations and samādhis,
On seeing it, the nature of phenomena (chos nyid) arises of its own force in the mind;
It is able to reveal at once the enlightened intent (dgongs pa) of primordial purity (ka dag),
And for demolishing the grasping at phenomena (chos can) there is nothing like this. 11

The display of letters is the enlightened body (sku) of Śākyasiṃha;
The garlands of words that express are the enlightened speech of the Omniscient Guru;
The profound meaning expressed is the enlightened mind (thugs) of all the victorious ones.
Seeing these writings (gsung rab), one sees the sugatas in their entirety. 12

"When the teaching has come to the final five-hundred-year period,
The Teacher will abide in the forms of letters,
The display of the scriptures"—thus the compassionate protector
Śākyasiṃha promised, and just so it is.

[p. 681] The excellent explanations of excellent meaning, the Seven Great Treasuries (mdzod chen bdun) and the rest,
The Dharma of buddhahood in a single lifetime, the teaching in its entirety,
This drop of nectar, the wondrous profound path—
Who could deny that it is the enlightened speech of the Omniscient Guru? 14

Exceedingly vast in its qualities of spontaneous presence (lhun grub),
Possessing the nature of phenomena, profound within the basic space of primordial purity,
The Dharma of the vajra heart essence, the union (zung 'jug) that is the pinnacle of vehicles—
What secret of the enlightened minds of all the victorious ones is there beyond this? 15

The Sage's (thub pa) beautiful kāya, like a mountain of gold—
That, indeed, is the distinction of seeing the form kāya (gzugs sku);
But that which reveals the nature of phenomena, whose nature is inexpressible—
The good fortune of seeing the dharmakāya (chos sku) is just this. 16

What the Protector knew there at the foot of the lord of trees,
And whatever truth the heirs of the victorious ones beheld—
With a single word of the Omniscient Guru's excellent explanations
He reveals, by skillful means (thabs), that inexpressible meaning. 17

The Great Perfection (rdzogs pa chen po), in which the factors conducive to awakening (byang chub phyogs kyi chos),
Qualities by their very nature, are complete without exception,
Is the reliquary stūpa (mchod sdong) of the dharmakāya of all the victorious ones;
As a field of merit (bsod nams zhing) there is nothing superior to this. 18

The supreme qualities of the Sage's sūtras, however many, beyond imagining,
Come from their teaching the profound and the vast;
So of this, which nakedly reveals the nature of phenomena, profound and vast in nature,

[p. 682] The qualities too are just as great. 19

Therefore, to hear a single word of this treatise,
To retain, recite, and practice it, is equal in fortune
To striving to hear, retain, recite, and practice all the Dharma of the victorious ones, however much there is,
And equal in the full maturation of merit. 20

If it is certain that the meaning of the eighty-four thousand sections of Dharma
Is gathered in the expanse of awareness (rig pa),
Then why should the treatise that expresses it,
The profound Dharma of the Omniscient Guru's excellent explanations, not be gathered in a single stanza? 21

Even if one meets it for but an instant (skad cig) with a mind of faith,
It frees one, of its own force, from the turbidity of the afflictions (nyon mongs)
That would give rise to torment in anyone's mind:
The Omniscient Guru's excellent explanations are liberation through seeing (mthong grol). 22

Even on hearing a single word, the dust of conceptual thought (rnam par rtog pa)
Is utterly cleared away, and the samādhi of peace
Arises without effort in anyone's mind:
The Omniscient Guru's excellent explanations are liberation through hearing (thos grol). 23

Free from the faults of the harsh intellect of dialectics (rtog ge),
With a touch that is peaceful, cool, and gentle,
It is the deathless vehicle that dispels the torment of saṃsāra ('khor ba):
The Omniscient Guru's excellent explanations are liberation through touch (reg grol). 24

Sweet with the taste of the nectar of profound, excellent meaning,
The more one savors it, the more the body of hearing, reflection, and meditation
Grows strong, and soaring aloft on whirring wings one roams the basic space of the nature of phenomena:
The Omniscient

[p. 683] Guru's excellent explanations are liberation through tasting (myong grol). 25

Excellent treatises such as these, elucidated by the Omniscient Guru,
Complete in all the teaching of the victorious ones, however much there is—
No learned person of India or Tibet
Has ever before left their like in this land of Jambudvīpa. 26

Having opened the doors of the Dharma of the vehicles of cause and result,
Then bringing all to decisive resolution (la bzla ba) in the equality of the basic space where there is neither cause nor result—
Instructions (gdams ngag) such as these of the Omniscient Guru
No second scholar-adept has ever expounded. 27

These excellent treatises are like the beautiful body of a god,
Complete in every limb and adorned with ornaments;
Compared with these, the other treatises of the learned
Are like partial limbs scattered in fragments. 28

Beautified with the ornaments of excellent words, sublime poetry,
Their frame of great meaning, the complete teaching of the victorious ones, grown full,
Crowned with the topknot of the supreme jewel, the pinnacle of vehicles—
These excellent treatises are like the lord of the gods. 29

Their landings laid out with the stairways of the vehicles of cause and result,
The upper storey of the path of the great secret (gsang chen) rising majestic,
And the pinnacle blazing, by which one ascends to the spontaneously present four kāyas (sku bzhi)—
These excellent treatises are like the palace of Complete Victory (rnam rgyal pho brang), Vaijayanta. 30

The lord of mountains of the desire realm's ten virtues stands in spontaneous majesty,
The banks of peaceful clouds of the samādhi of the formless realm are spread out,

[p. 684] And it holds the Akaniṣṭha of the form realm, where the noble path is perfected—
These excellent treatises are like the three realms of existence. 31

Whoever is to be tamed among the realms of beings, they tame them just according to their inclinations;
They expound all the diverse phenomena that are objects of knowledge without conflating them;
And since they never depart from the expanse of ultimate (don dam) equality,
These excellent treatises are like a perfect buddha. 32

They teach the boundless enumerations of all the vehicles (theg pa) there are,
Dividing into nine vehicles the paths of cause and result that belong to intellectual speculation (yid dpyod);
In the expanse of directly perceived (mngon sum) luminosity ('od gsal), rejection and adoption are exhausted—
These excellent treatises are like both existence and peace. 33

This meaning, which when known is the path of the vajra heart essence,
The profound key point of the secret Heart Essence (snying thig), which is like the heart—
Other treatises of the learned that do not teach this meaning,
Though their body is beautiful, are like a corpse without a heart. 34

The very likeness of realization (rtogs pa), the song of the vajra heart essence,
Speech that nakedly shows the directly perceived nature of phenomena—
Even by hearing for an instant this talk that bursts forth from the expanse,
The primordial wisdom of luminosity arises by its own force in one's continuum. 35

The precious basic space of phenomena (chos dbyings), far more profound than the profound,
As the single treasury of the realization of primordial wisdom in the lineage of blessings—
A treatise such as this is the true dharmakāya come in person;
Whoever takes it into experience, this is their final existence. 36

Unimpeded (zang thal) awareness, the Omniscient

[p. 685] Guru's enlightened mind—
Pith instructions (man ngag) such as these, which show it nakedly,
Are the actual Buddha and are the sublime Dharma as well;
If devotion arises, they are the spiritual friend. 37

The ultimate profound key point of all the classes of tantra (rgyud),
What is renowned as "the fourth empowerment (dbang)," is this:
The empowerment of the dynamic energy (rtsal) of awareness, in which the four empowerments (dbang bzhi) are wholly complete,
Is nothing other than seeing such excellent treatises as these. 38

The Omniscient Guru, the rainbow body, the illusory (sgyu ma) kāya—
It is not that he dwelt once in the past and is absent now.
If one is able to see, he dwells right before oneself;
If one is obscured by thoughts (rtog pa), what use even were he to come in person? 39

This key point of his enlightened speech is the very likeness of his realization;
With great primordial wisdom he has blessed the words and their meaning;
For those with devotion he has made the sealed entrustment of words of truth.
If one relies on it with certainty, this itself is the guru. 40

If, having gained devotion, one knows how to examine the words and their meaning,
Then for however long one meets with such excellent treatises as these,
For that long, is there any chance that this mind will waver
From the supreme luminosity in which the nature of phenomena is directly perceived? 41

Other treatises of dialectics, with their profusion of analysis—
The more one reads them, the more deluded ('khrul pa) conceptual thoughts increase.
The Omniscient Guru's treatises, which teach what transcends the intellect (blo)—
Even hearing a single word of them gives rise to effortless samādhi. 42

[p. 686] To those wearied to no purpose by wandering and wandering
Among the many ordinary treatises stirred up by dialectics,
Upon the jewel resting-platform of perfect words and meaning
The Omniscient Guru's treatises grant rest. 43

Those who wish to roam the four continents on the wingbeats of the fly
Of partial intelligence are spectators of a fruitless show;
Having soared to the summit of the Mount Meru of the vajra heart essence,
These, clearly showing the nine vehicles, are like the great garuḍa king. 44

Childish treatises, with their playful disputes,
Cling each to its own side of "it is" and "it is not";
Possessing the elder's intelligence of the nature of phenomena, which is equality,
The Omniscient Guru's excellent explanations are impartial. 45

When confusion, ignorance (ma rig pa), and doubt arise,
Look into these excellent treatises!
The Omniscient One's excellent explanations are the sword of wisdom
By which the net of confusion will be cut. 46

When the swirling haze of diverse thoughts stirs,
Look into these excellent treatises!
The Omniscient One's excellent explanations are the vajra of primordial wisdom
By which the wall of deluded thoughts will be demolished. 47

When the piercing pain of the delusion of attachment and aversion blazes,
Look into these excellent treatises!
That which burns up the firewood of the afflictions in an instant,
The Omniscient One's

[p. 687] excellent explanations are an excellent mass of fire. 48

When you are tormented by places of bustle and by weariness,
Look into these excellent treatises!
The Omniscient One's excellent explanations are the supreme medicine of nectar
That restores your health through a mind of renunciation (nges 'byung). 49

When you dwell alone in a solitary place,
Look into these excellent treatises!
The Omniscient One's excellent explanations are the companion that relieves the weariness of awareness,
Making the whole round of day and night pass in Dharma. 50

When attachment and aversion arise in the midst of the many,
Look into these excellent treatises!
The Omniscient One's excellent explanations are a jeweled resting place
That grants the mind ease within the expanse of equality (mnyam pa). 51

When the craving for intellectual speculation and thought arises,
Look into these excellent treatises!
The Omniscient One's excellent explanations are the key of skillful means
That unlocks the iron shackles of tenet systems (grub mtha') that cling to things as true. 52

When dullness, agitation, and torpor arise as obstacles to meditation,
Look into these excellent treatises!
The Omniscient One's excellent explanations are pith instructions on the key points (gnad)
That well engender the flawless samādhi of peace (zhi ba). 53

When the harm of illness and suffering arises,
Look into these excellent

[p. 688] treatises!
The Omniscient One's excellent explanations are the nectar that transmutes into gold,
Turning the appearance of adverse conditions into a friend. 54

When the experience of realizing the dynamic energy of awareness blazes,
Look into these excellent treatises!
The Omniscient One's excellent explanations are the enhancement (bog 'don) of the key point,
Introducing equality within the expanse of the dharmakāya. 55

When the appearances of haphazard experiences (byung rgyal nyams) surge,
Look into these excellent treatises!
The Omniscient One's excellent explanations are a spontaneous vajra song
That furthers yogic conduct (brtul zhugs) in a state free of clinging. 56

When sense pleasures and enjoyments gather of their own force,
Look into these excellent treatises!
The Omniscient One's excellent explanations are the peacock's enjoyment of poison,
Wearing whatever is desired as an ornament in a state free of clinging. 57

When conceit, hope and fear, and apprehended and apprehender (gzung 'dzin) arise,
Look into these excellent treatises!
The Omniscient One's excellent explanations are the Severance (gcod yul) of māras,
Engendering the heroic confidence of the display of yogic conduct. 58

When the delusion of grasping things as real arises, rigid and solidified,
Look into these excellent treatises!
The Omniscient One's excellent explanations are the pith instructions on illusion,
Destroying the murky mass of substantial clinging to things as true.

[p. 689] 59

Though the garland of qualities of the Omniscient One's excellent explanations,
Which are like a treasury of jewels, does not admit of being measured,
If with this little I have said even my own eloquence (spobs pa)
Has not reached its end, how could what is to be expressed be exhausted? 60

This object of praise, in countless realms as well,
Has become the theme of the sacred Dharma discourse
Of the Victors and of the learned heirs of the Victors;
It is the domain of the individual perfect knowledges (so so yang dag rig pa). 61

In the playground of the learned, vast as the expanse of the sky,
With the wingbeats of the bee of an ordinary being's intellect,
This ringing proclamation of a melodious song of praise
Comes from great delight arisen in the grove of excellent explanations. 62

Rejoice, fortunate ones of like purpose!
Drink again and again the sweet taste of these anthers,
Proclaim in harmony with me this garland of songs of praise,
And inexhaustible eloquence will befriend you. 63

The virtue of the good deed of this cloud of offerings, praise of an object worthy of praise,
I dedicate so that the enlightened intent may be fulfilled of the Victors and their heirs,
Who, a cause of peace for existence and of the welfare of existence within peace,
Abide in neither of the two extremes. 64

Recalling that knowledge of the hero Mañjuśrī,
Blazing with the splendor of the major and minor marks like the splendor of twilight clouds,
And following after him, the three spheres ('khor gsum) held as true

[p. 690] By the intellect—may this complete dedication (yongs bsngo) that relinquishes it
Reach the basic space free of aspiration (smon pa med). 65

I too, from this day on, at the gateway lane
Of the flourishing kingdom (rgyal thabs) of ripening and liberation (smin grol) of the Omniscient One and his lineage,
Holding the begging bowl (slong phor) of the three faiths and never letting it go,
Aspire to the good fortune of beholding it until saṃsāra's end. 66

One day, when existence and peace are spread out as equal,
When saṃsāra is emptied from its depths and peace has arisen as the vase body (bum sku),
May saṃsāra and nirvāṇa ('khor 'das) without exception, in the expanse of the single sphere (thig le gcig),
Merge into the enlightened intent of the Omniscient Lama. 67

This too was uttered by A bu hral po as whatever came to mind. May virtue and goodness increase. Virtue! Virtue! Virtue!

Translation notes

  • [p. 678] bla ma: rendered "Guru" throughout per the house glossary (Gemini 3.1 Pro, Grok 4.7, Dharmamitra, GPT-6 Astra, Claude Fable 5.1 "Lama").
  • [p. 679] rgyal tshab sems dpar gyur: "who has become the bodhisattva regent"; Dharmamitra omits sems dpa', GPT-6 Astra renders it "heroic".
  • [p. 679] chos nyid zad zhugs pas: read as the fourth vision, "having entered exhaustion in the nature of phenomena" (so Gemini 3.1 Pro, Grok 4.7, GPT-6 Astra, Claude Fable 5.1); MITRA "has entered the womb" misconstrues the syntax.
  • [p. 679] srid pa hrul po ru ... bgyid: "render existence tattered"; hrul po/hral po puns on the author's signature A bu hral po. Dharmamitra's "were to truly realize them" misreads nges par bgyid ("is certain to make").
  • [p. 679] dpa' bar 'gro: Adzom reads dba' bar 'gro, an evident misprint; dpa' bar 'gro (śūraṃgama) is kept.
  • [p. 679] lung gi chos mchog zhal nas gsungs pa'i bkar: read as "the Word spoken from his own mouth, the supreme Dharma of scripture" (so Gemini 3.1 Pro, GPT-6 Astra, MITRA); Grok 4.7 and Claude Fable 5.1 make the Dharma the speaker ("from the mouth of the supreme Dharma"), which is unnatural.
  • [p. 679] ba glang ya so can: "an ox with upper teeth" (cattle have none, hence an absurdity); Grok 4.7 "gap-toothed", MITRA "single upper tooth" and Claude Fable 5.1 "fangs" are inexact.
  • [p. 679] cung zad yod re kan: rhetorical "would there be anything more at all?" (so Claude Fable 5.1, Dharmamitra); Gemini 3.1 Pro "there is absolutely nothing more" reverses the idiom's form but not the sense.
  • [p. 680] bskal bzang (vv. 9–10): spelling variant of skal bzang "fortunate" (as in v. 8), not "fortunate aeon" as Grok 4.7 takes it.
  • [p. 680] ka dag dgongs pa: "enlightened intent of primordial purity" per glossary; Gemini 3.1 Pro, GPT-6 Astra, MITRA, Claude Fable 5.1 "realization" rejected. Dharmamitra wrongly splits it into two items.
  • [p. 680] de ltar [lags]: the sentence runs into the next page; "and just so it is" completes it here, and the next part begins with verse number 13.
  • [p. 681] The opening ལགས། ༡༣ is the close of verse 13 (de bzhin lags), already rendered in the previous part as "and just so it is"; the verse number 13 is not repeated here.
  • [p. 681] ཐེག་རྩེ: "pinnacle of vehicles" as in the earlier part; ཟུང་འཇུག་ཐེག་རྩེ read as "the union that is the pinnacle of vehicles" (Grok 4.7, GPT-6 Astra, Claude Fable 5.1); Dharmamitra's "pinnacle of the approach of union" and MITRA's "union of the two truths" add what the Tibetan does not say.
  • [p. 681] མཆོད་སྡོང: reliquary stūpa (MITRA, Dharmamitra "reliquary"; Gemini 3.1 Pro, GPT-6 Astra "stūpa"); Grok 4.7's literal "offering-pillar" obscures the image of the treatise as a shrine of the dharmakāya.
  • [p. 682] བསྐལ་པ་མཉམ: read as skal pa "fortune" (so Grok 4.7, MITRA, Gemini 3.1 Pro, GPT-6 Astra, Claude Fable 5.1), not "eon"; the line says the fortune and the karmic maturation of merit are equal.
  • [p. 682] བརྒྱད་ཁྲི་བཞི་སྟོང་ཆོས་དོན་རིག་པའི་ཀློང: "the meaning of the eighty-four thousand [sections of] Dharma is gathered in the expanse of awareness" (GPT-6 Astra, Claude Fable 5.1); Grok 4.7 misreads chos don as gcod don ("the point to be cut through"), and Dharmamitra/Gemini 3.1 Pro import "definitive meaning" from nges (which belongs to nges na, "if it is certain").
  • [p. 683] འཆད་པའི (e-text) vs. Adzom འཆང་པའི ("who holds/possesses"): I follow the e-text 'chad pa, "who expounds", which suits the praise of Longchenpa as expositor; Adzom's reading would give "no second scholar-adept possesses such instructions."
  • [p. 683] ཁོ་ལག་དར (e-text) vs. Adzom ཁོ་ལག་དང: with dang, "the frame [of great meaning] and the topknot"; with dar, either "robed in silk" (Claude Fable 5.1) or "grown full/flourishing" (GPT-6 Astra). I keep the e-text dar and read it as the verb "grown full", parallel to brtas pa of verse 25; MITRA's "expansive breadth" and Grok 4.7's "arms spread wide" paraphrase.
  • [p. 683] The verse numbers printed ༡༨ and ༡༩ after the god-body and lord-of-gods verses are scribal errors for 28 and 29 (the next number is ༣༠); corrected silently in the translation.
  • [p. 683] Adzom ཐེན་སྐས for ཐེམ་སྐས is an evident misreading; ལམ་སྟེགས rendered "landings" (terraces of the palace's approach), with Grok 4.7 and Claude Fable 5.1 against Dharmamitra's "path-stage".
  • [p. 683] རྣམ་རྒྱལ་ཕོ་བྲང: Indra's palace Vaijayanta, matching the "lord of the gods" simile of the preceding verse; the Sanskrit name is added in apposition.
  • [p. 683] The final line runs on to the next page (སྤྲིན་ཚོགས་བཀྲམ); the clause is completed here ("banks of clouds… are spread out") and the next part resumes from གཟུགས་ཁམས་.
  • [p. 684] ཡིད་དཔྱོད་རྒྱུ་འབྲས་ལམ་ལས་ཐེག་དགུར་ཕྱེ: Gemini 3.1 Pro/GPT-6 Astra read "from the paths of cause and result they distinguish nine vehicles", MITRA "through the path of intellectual analysis and cause and effect", Dharmamitra "from … onwards". I read yid dpyod as qualifying the paths of cause and result (the lower, conceptual vehicles) which the treatises divide into nine; this contrasts with the next line, where the directly perceived luminosity transcends adoption and rejection.
  • [p. 684] སྟོན་པའི་ངག: Adzom reads ངང་ ("in the state of showing nakedly"). ངག, "speech", parallels གླུ "song" and གཏམ "talk" in the same verse; I follow the e-text.
  • [p. 684] བྱིན་བརྒྱུད་ཡེ་ཤེས་རྟོགས་པའི་མཛོད་གཅིག་པུར: GPT-6 Astra takes "transmission of blessings and realization of primordial wisdom" as two items; I read byin brgyud as "lineage of blessings" qualifying the realization of primordial wisdom, with -r marking the treatise as "the single treasury" of it (Claude Fable 5.1, Grok 4.7).
  • [p. 685] ཡོད་རེ་ཀན: MITRA renders as a flat statement ("will not waver"); Gemini 3.1 Pro "absolutely impossible". It is a rhetorical question ("is there any chance…?"), as Claude Fable 5.1 and Dharmamitra take it; I keep the question.
  • [p. 685] རྟོགས་པའི་འདྲ་འབག: Gemini 3.1 Pro/Dharmamitra "mask", MITRA "mirror". 'dra 'bag means an image or likeness (effigy); "very likeness" (Grok 4.7/GPT-6 Astra) is the sense: the words are a faithful image of the realization.
  • [p. 686] ཕྱོགས་རེའི་རིག་པ: here rig pa means ordinary partial intelligence, not the glossary's "awareness" (so Claude Fable 5.1, Grok 4.7, GPT-6 Astra); I render "partial intelligence" and note the departure from the glossary.
  • [p. 686] ལྟད་མོ་བ: Gemini 3.1 Pro/Claude Fable 5.1 "spectators", GPT-6 Astra "a fruitless spectacle". The word is agentive, "onlooker"; I render "spectators of a fruitless show", i.e. the partial-minded who merely look on without result, contrasted with the garuḍa that actually reaches the summit.
  • [p. 686] Adzom's བདུན (for མདུན), མཉན (for མཉམ) and སྒན (for རྒན) are evident misreadings of the print and are not adopted.
  • [p. 687] v. 48: the line is kun mkhyen legs bshad legs pa'i me dpung yin (nine syllables), so legs pa'i qualifies me dpung, "an excellent mass of fire"; Grok 4.7/MITRA read it so, Dharmamitra/Claude Fable 5.1 skip or move it, GPT-6 Astra paraphrases "blazing".
  • [p. 687] v. 49: nges 'byung blo yis — blo rendered "mind of renunciation" rather than the glossary's "intellect", since here it denotes an attitude; khams gso means restoring health/vigor (Claude Fable 5.1, Gemini 3.1 Pro), not "nourishment for the mind" (MITRA). 'du 'dzi'i gnas dang skyo bas gdung ba: tormented both by places of bustle and by weariness (Grok 4.7), not "weariness with places of bustle" (Claude Fable 5.1, Gemini 3.1 Pro).
  • [p. 687] v. 50: rig pa'i skyo grogs — a skyo grogs is a companion who relieves weariness/loneliness; rig pa here is the reader's awareness/mind (Claude Fable 5.1, Gemini 3.1 Pro), not "wisdom" (MITRA).
  • [p. 687] v. 52: zhe 'dod = craving, heartfelt desire (Claude Fable 5.1); GPT-6 Astra's "opinions" is loose. bden zhen grub mtha' — tenet systems that cling to things as true (Claude Fable 5.1), not "dogmatic adherence to truth" (MITRA).
  • [p. 688] v. 56: byung rgyal nyams = haphazard, "whatever-arises" experiences (Claude Fable 5.1/GPT-6 Astra/Gemini 3.1 Pro "spontaneous/unpredictable/random"); Grok 4.7's "carefree abandon" reads it as a virtue, which the context (a disturbance to be remedied) does not support. thol glu = spontaneous song (all drafts agree).
  • [p. 688] v. 58: bdud kyi gcod yul = the Severance (Chöd) practice whose object is the māras (Grok 4.7/GPT-6 Astra/Gemini 3.1 Pro); Claude Fable 5.1's "domain of severance" is too literal. Adzom rol ba'i for rol pa'i: same meaning, text kept.
  • [p. 688] v. 59: a 'thas = rigid, solidified (Dharmamitra/Claude Fable 5.1/Gemini 3.1 Pro); Grok 4.7's "past all bearing" misreads. bun long = murky mass/turbulence; gdos bcas "substantial". Adzom 'khrul ba for 'khrul pa: no change.
  • [p. 689] v. 60: the sense (Claude Fable 5.1, GPT-6 Astra, MITRA) is that even the poet's eloquence is not exhausted by these few words, so how could the subject matter be; Dharmamitra/Grok 4.7/Gemini 3.1 Pro make it a conditional about eloquence not reaching the ultimate, which fits the syntax less well.
  • [p. 689] v. 61: gleng gzhi rendered "theme" (basis of discourse), not the glossary's "setting", which is for the nidāna of a tantra. so so yang dag rig pa = pratisaṃvid, the four individual perfect knowledges; rig pa here is not the Great Perfection term. rgyal sras mkhas rnams taken as "learned heirs of the Victors" (Grok 4.7, Claude Fable 5.1), not three groups (GPT-6 Astra, Gemini 3.1 Pro).
  • [p. 689] v. 62: sbrang bu rendered "bee" here (nectar and grove imagery), though "fly" was used in v. 44 where it contrasts with the garuḍa. mkha' dbyings = "expanse of the sky", not the technical "basic space". First line has eight syllables; read as "in the playground of the learned" (Claude Fable 5.1, Gemini 3.1 Pro).
  • [p. 689] v. 64: srid la zhi rgyu dang / zhi la srid don gnyis mthar mi gnas pa — a description of the Victors and heirs who bring peace to existence and work for existence's welfare from within peace, abiding in neither extreme (Claude Fable 5.1, GPT-6 Astra, Gemini 3.1 Pro); Dharmamitra's "for whom existence is peace" and MITRA's rearrangement paraphrase.
  • [p. 689] v. 65: the stanza runs on to the next page (bden pa'i 'khor gsum blo spongs pa'i yongs bsngo, "the complete dedication that relinquishes the mind [conceiving] the three spheres as true"); the English is left at 'khor gsum so the next part can continue with blo spongs pa'i. mtshams sprin = clouds at the horizon/twilight, not "evening" specifically (Dharmamitra).
  • [p. 690] blo / spongs pa'i yongs bsngo: the syntax runs on from verse 64's last line: "the intellect that holds the three spheres as true" is the object of "relinquishes" (spongs pa'i); the dedication that relinquishes this conceptual reference reaches the basic space without aspiration (smon pa med, the door of liberation "wishlessness"). MITRA and Dharmamitra lose the connection to the three spheres; Claude Fable 5.1, Gemini 3.1 Pro, Grok 4.7 have it correctly. dbyings rendered "basic space" per glossary (Gemini 3.1 Pro), not "expanse" (Claude Fable 5.1, GPT-6 Astra, MITRA, Grok 4.7), which is reserved for klong in verse 67.
  • [p. 690] smin grol rgyal thabs rgyas pa'i sgo srang: the image is of a beggar with his alms bowl standing in the lane at the gate of a royal palace—here the kingdom (rgyal thabs) of ripening and liberation, i.e. empowerments and instructions. Claude Fable 5.1, Gemini 3.1 Pro, Grok 4.7 take rgyal thabs as "royal/victorious means"; I read it as "kingdom, royal dominion," which fits the palace gate and begging bowl. Dharmamitra's "may I and all wandering beings ... without the poverty of a beggar's bowl" misreads the line; MITRA's "inexhaustible alms-bowl" misconstrues gtong ba med (never letting go).
  • [p. 690] 'khor ba'i mtha' mar: Adzom reads mtha' bar ("up to the end of saṃsāra"); the e-text mtha' mar ("at/until the end") gives the same sense. I keep the e-text; the English "until saṃsāra's end" covers both.
  • [p. 690] 'khor 'das ma lus thig le gcig gi klong: I read this as "saṃsāra and nirvāṇa without exception, in the expanse of the single sphere" merging into the Omniscient Lama's enlightened intent (Claude Fable 5.1, Grok 4.7); MITRA and Dharmamitra make the subject "may I merge," which is not in the Tibetan. dgongs pa rendered "enlightened intent" per glossary, not "realization" (GPT-6 Astra, MITRA, Gemini 3.1 Pro, Dharmamitra).
  • [p. 690] A bu hral po: Adzom reads thal po; hral po ("ragged Abu") is Patrul Rinpoche's well-attested self-designation, and thal is most likely a misreading of the print. I follow the e-text.
[edit]
Machine translation, not yet reviewed by a translator. Six AI models translated the text independently; Claude Fable 5.1, as editor, established this version against the Tibetan (September 2026). [p. N] = pages of the base text. See the contents page for how it was made.
Tibetan (critical edition) English
[p. 678]༄༅། །ཀུན་མཁྱེན་བླ་མའི་གསུང་རབ་ལ་བསྔགས་པ་བཞུགས་སོ། ། ༄༅། །ན་མཿསརྦ་ཛྙཱ་ཡ་གུ་ར་ཝེ། གང་ཞིག་རྒྱལ་བའི་ཡོན་ཏན་མཐའ་ཀླས་པ། །མ་ལུས་ཡང་དག་རྫོགས་པའི་དཀྱིལ་འཁོར་ཅན། །ཀུན་མཁྱེན་བླ་མ་རྒྱལ་བ་ཐམས་ཅད་ཀྱི། །རྒྱལ་ཚབ་སེམས་དཔར་གྱུར་ལ་ཕྱག་འཚལ་ལོ། ༡ །གདོད་མའི་གཞི་

Herein is contained the Praise of the Writings of the Omniscient Guru.

Namaḥ sarvajñāya gurave.

To the one who possesses the maṇḍala (dkyil 'khor) in which the boundless qualities (yon tan)
Of the victorious ones (rgyal ba) are, without exception, perfectly complete—
The Omniscient Guru (kun mkhyen bla ma), who has become the bodhisattva regent (rgyal tshab sems dpa')
Of all the victorious ones—I pay homage. 1

Within the expanse (klong) in which the qualities of the primordial ground's (gdod ma'i gzhi)

[p. 679]དབྱིངས་ཡོན་ཏན་རྫོགས་པའི་ཀློང༌། །སྟོང་ཆེན་ལྷུམས་སུ་ཆོས་ཉིད་ཟད་ཞུགས་པས། རབ་འབྱམས་མཁྱེན་པས་ཤེས་བྱ་ཡོངས་གཅོད་པ། །ཀུན་མཁྱེན་བླ་མ་ཐམས་ཅད་མཁྱེན་པ་ཡིན། ༢ །སྐྱོབ་པ་དེ་ཡི་ལེགས་བཤད་ཚིག་གཅིག་གི །ཟུར་ཙམ་ཐོས་ཀྱང་སྲིད་པ་ཧྲུལ་པོ་རུ། །ངེས་པར་བགྱིད་ན་བསྟན་པ་ཡོངས་རྫོགས་པའི། །གསུང་ལ་ཐོས་བསམ་བགྱིད་རྣམས་ལྟ་ཅི་སྨོས། ༣ །རྒྱལ་བ་རྣམས་དང་རྒྱལ་སྲས་ཆེ་རྣམས་ཀྱིས། །དཔའ་བར་འགྲོ་སོགས་ཏིང་འཛིན་རྣམ་ཐར་མཐུས། །འཕགས་བཞི་སོ་སྐྱེ་དུ་མའི་སྤྲུལ་གཟུགས་ཀྱིས། །རྒྱལ་བའི་མཛད་བཟང་ཅི་ཡང་སྟོན་པ་ཡིན། ༤ །དེ་སླད་ཀུན་མཁྱེན་མཆོག་གི་སྤྲུལ་པའི་སྐུས། །རྒྱལ་བའི་མཛད་པས་སྙིགས་མའི་འགྲོ་སྐྱོང་ཞིང༌། །ཐོས་པས་གྲོལ་བ་ཐེག་རྩེའི་ཆོས་འཁོར་གྱིས། །རྡོ་རྗེ་སྙིང་པོའི་བསྟན་པ་གསལ་བར་མཛད། ༥ ཀུན་མཁྱེན་བླ་མ་རྫོགས་པའི་སངས་རྒྱས་དེའི། །ལེགས་བཤད་བདུད་རྩི་ཤིན་ཏུ་དག་པ་འདི། །ལུང་གི་ཆོས་མཆོག་ཞལ་ནས་གསུངས་པའི་བཀར། །མི་ཤེས་པ་དེ་བ་གླང་ཡ་སོ་ཅན། ༦ །སྐལ་བ་བཟང་དག་རབ་དགའ་སྐྱེད་བྱོས་ལ། །སངས་རྒྱས་མཐོང་བའི་ངེས་ཤེས་གྱིས་ཤིག་དང༌། །ཀུན་མཁྱེན་བླ་མའི་ལེགས་བཤད་འདི་མཐོང་ལས། །སངས་རྒྱས་མཇལ་ཡང་ཅུང་ཟད་ཡོད་རེ་ཀན།

Basic space (dbyings) are perfected—in the womb of great emptiness (stong chen)—
Since he has entered exhaustion in the nature of phenomena (chos nyid zad pa),
He wholly determines all objects of knowledge (shes bya) with his infinite knowledge (rab 'byams mkhyen pa):
The Omniscient Guru is the one who knows all. 2

If hearing even a mere fragment of a single phrase
Of that protector's excellent explanations (legs bshad)
Is certain to render existence (srid pa) tattered,
What need to mention those who hear and reflect upon his enlightened speech (gsung), in which the teaching (bstan pa) is complete in its entirety? 3

The victorious ones and the great sons of the victorious ones,
By the power of the samādhis (ting 'dzin) and liberations (rnam thar) such as the Heroic Progress (dpa' bar 'gro),
Display every kind of excellent deed (mdzad pa) of the victorious ones
Through the emanated forms (sprul gzugs) of the four noble ones and of many ordinary beings. 4

Therefore the nirmāṇakāya (sprul pa'i sku) of the supreme Omniscient One
Nurtures the beings of the degenerate age (snyigs ma) through the deeds of a victorious one,
And with the wheel of Dharma of the pinnacle vehicle (theg rtse), which liberates upon hearing (thos pas grol ba),
He makes clear the teaching of the vajra heart essence (rdo rje snying po). 5

Whoever does not know this utterly pure nectar (bdud rtsi) of excellent explanation
Of the Omniscient Guru, that perfect buddha (rdzogs pa'i sangs rgyas),
To be the Word (bka') spoken from his own mouth—the supreme Dharma of scripture (lung gi chos)—
Is an ox with upper teeth. 6

Fortunate ones, give rise to supreme joy,
And have the certainty (nges shes) that you are beholding the Buddha!
For beyond seeing these excellent explanations of the Omniscient Guru,
Would even meeting the Buddha amount to anything more at all?

[p. 680]༧ །ཐུབ་པའི་མཚན་དཔེ་མིག་གི་བདུད་རྩི་སྟེ། །སྐལ་བཟང་ཡིད་ལ་དད་གསུམ་བསྐྱེད་པ་ལགས། །ལེགས་བཤད་ཡིག་གཟུགས་བཟོ་ཡི་སྤྲུལ་སྐུ་སྟེ། །དད་པའི་གསོས་སུ་འདི་ལས་ལྷག་པ་མེད། ༨ །སྟོན་པའི་ཚངས་དབྱངས་རྣ་བའི་བདུད་རྩི་སྟེ། །བསྐལ་བཟང་ཡིད་ལ་ཤེས་རབ་བསྐྱེད་པ་ལགས། །ལེགས་བཤད་ཚིག་ཕྲེང་རྣ་བའི་བདུད་རྩི་སྟེ། །ཤེས་རབ་གསོས་སུ་འདི་དང་མཉམ་པ་མེད། ༩ །རྒྱལ་བའི་བྱིན་རླབས་སྙིང་གི་བདུད་རྩི་སྟེ། །བསྐལ་བཟང་ཡིད་ལ་བདེན་པ་སྟོན་པ་ལགས། །ལེགས་བཤད་དོན་བཟང་སྙིང་གི་བདུད་རྩི་སྟེ། །ཡིད་ལ་ཡེ་ཤེས་གསོས་སུ་འདི་ཉིད་ཆེ། ༡༠ །རྣམ་ཐར་ཏིང་འཛིན་སྟོབས་ཀྱིས་བྱིན་རླབས་པས། །འདི་མཐོང་ཡིད་ལ་ཆོས་ཉིད་ཤུགས་ཀྱིས་སྐྱེ། །ཀ་དག་དགོངས་པ་འཕྲལ་ལ་སྟོན་ནུས་ཤིང༌། །ཆོས་ཅན་འཛིན་པ་གཞིག་ལ་འདི་འདྲ་མེད། ༡༡ །ཡི་གེའི་རྣམ་རོལ་ཤཱཀྱ་སེང་གེའི་སྐུ། །རྗོད་བྱེད་ཚིག་ཕྲེང་ཀུན་མཁྱེན་བླ་མའི་གསུང༌། །བརྗོད་བྱ་དོན་ཟབ་རྒྱལ་བ་ཀུན་གྱི་ཐུགས། །གསུང་རབ་འདི་མཐོང་བདེ་གཤེགས་ཡོངས་རྫོགས་མཐོང༌། ༡༢ །ལྔ་བརྒྱ་ཐ་མའི་བསྟན་པར་གྱུར་པ་ན། །གསུང་རབ་རྣམ་རོལ་ཡི་གེའི་གཟུགས་དག་གིས། །སྟོན་པ་བཞུགས་ཞེས་སྐྱོབ་པ་ཐུགས་རྗེ་ཅན། །ཤཱཀྱ་སེང་གེའི་ཞལ་བཞེས་དེ་ལྟར་

7

The Sage's major and minor marks (mtshan dpe) are nectar for the eyes,
Giving rise to the three kinds of faith (dad gsum) in the minds of the fortunate;
The written forms of the excellent explanations are the nirmāṇakāya of craftsmanship (bzo yi sprul sku),
And as nourishment for faith there is nothing superior to this. 8

The Teacher's (ston pa) Brahmā voice is nectar for the ears,
Giving rise to wisdom (shes rab) in the minds of the fortunate;
The garlands of words of the excellent explanations are nectar for the ears,
And as nourishment for wisdom there is nothing equal to this. 9

The blessings (byin rlabs) of the victorious ones are nectar for the heart,
Revealing the truth to the minds of the fortunate;
The excellent meaning of the excellent explanations is nectar for the heart,
And as nourishment for primordial wisdom (ye shes) in the mind, this itself is greatest. 10

Since it is blessed by the power of the liberations and samādhis,
On seeing it, the nature of phenomena (chos nyid) arises of its own force in the mind;
It is able to reveal at once the enlightened intent (dgongs pa) of primordial purity (ka dag),
And for demolishing the grasping at phenomena (chos can) there is nothing like this. 11

The display of letters is the enlightened body (sku) of Śākyasiṃha;
The garlands of words that express are the enlightened speech of the Omniscient Guru;
The profound meaning expressed is the enlightened mind (thugs) of all the victorious ones.
Seeing these writings (gsung rab), one sees the sugatas in their entirety. 12

"When the teaching has come to the final five-hundred-year period,
The Teacher will abide in the forms of letters,
The display of the scriptures"—thus the compassionate protector
Śākyasiṃha promised, and just so it is.

[p. 681]ལགས། ༡༣ །དོན་བཟང་ལེགས་བཤད་མཛོད་ཆེན་བདུན་ལ་སོགས། །བསྟན་པ་ཡོངས་རྫོགས་ཚེ་གཅིག་སངས་རྒྱས་ཆོས། །ཟབ་ལམ་རྨད་བྱུང་བདུད་རྩིའི་ཐིགས་པ་འདི། །ཀུན་མཁྱེན་བླ་མའི་གསུང་དུ་སུ་ཡིས་བསྙོན། ༡༤ །ལྷུན་གྲུབ་ཡོན་ཏན་ཤིན་ཏུ་རྒྱ་ཆེན་པོ། །ཀ་དག་དབྱིངས་སུ་ཟབ་པའི་ཆོས་ཉིད་ཅན། །ཟུང་འཇུག་ཐེག་རྩེ་རྡོ་རྗེ་སྙིང་པོའི་ཆོས། །རྒྱལ་ཀུན་ཐུགས་གསང་འདི་ལས་ཅི་ཞིག་ཡོད། ༡༥ །ཐུབ་པའི་མཛེས་སྐུ་གསེར་གྱི་རི་འདྲ་བ། །གཟུགས་སྐུ་མཐོང་བའི་ཁྱད་ཆོས་དེ་ལགས་མོད། །ཆོས་ཉིད་རང་བཞིན་བརྗོད་དུ་མེད་སྟོན་པ། །ཆོས་སྐུ་མཐོང་བའི་སྐལ་བཟང་འདི་ཙམ་ལགས། ༡༦ །ཤིང་དབང་དྲུང་དེར་སྐྱོབ་པས་གང་མཁྱེན་དང༌། །རྒྱལ་སྲས་རྣམས་ཀྱིས་བདེན་པ་གང་གཟིགས་པ། །ཀུན་མཁྱེན་བླ་མའི་ལེགས་བཤད་ཚིག་གཅིག་གིས། །བརྗོད་དུ་མེད་དོན་ཐབས་ཀྱིས་སྟོན་པར་མཛད། ༡༧ །ཡོན་ཏན་རང་བཞིན་བྱང་ཆུབ་ཕྱོགས་ཀྱི་ཆོས། །མ་ལུས་ཡོངས་རྫོགས་རྫོགས་པ་ཆེན་པོ་ནི། །རྒྱལ་བ་ཀུན་གྱི་ཆོས་སྐུའི་མཆོད་སྡོང་སྟེ། །བསོད་ནམས་ཞིང་དུ་འདི་ལས་ལྷག་པ་མེད། ༡༨ །ཐུབ་པའི་མདོ་སྡེ་ཇི་སྙེད་བསམ་ཡས་པའི། །ཡོན་ཏན་མཆོག་ཀྱང་ཟབ་རྒྱས་སྟོན་པས་ཏེ། །ཆོས་ཉིད་རང་བཞིན་ཟབ་ཅིང་རྒྱ་ཆེ་བ། །རྗེན་པར་སྟོན་འདིའི་

The excellent explanations of excellent meaning, the Seven Great Treasuries (mdzod chen bdun) and the rest,
The Dharma of buddhahood in a single lifetime, the teaching in its entirety,
This drop of nectar, the wondrous profound path—
Who could deny that it is the enlightened speech of the Omniscient Guru? 14

Exceedingly vast in its qualities of spontaneous presence (lhun grub),
Possessing the nature of phenomena, profound within the basic space of primordial purity,
The Dharma of the vajra heart essence, the union (zung 'jug) that is the pinnacle of vehicles—
What secret of the enlightened minds of all the victorious ones is there beyond this? 15

The Sage's (thub pa) beautiful kāya, like a mountain of gold—
That, indeed, is the distinction of seeing the form kāya (gzugs sku);
But that which reveals the nature of phenomena, whose nature is inexpressible—
The good fortune of seeing the dharmakāya (chos sku) is just this. 16

What the Protector knew there at the foot of the lord of trees,
And whatever truth the heirs of the victorious ones beheld—
With a single word of the Omniscient Guru's excellent explanations
He reveals, by skillful means (thabs), that inexpressible meaning. 17

The Great Perfection (rdzogs pa chen po), in which the factors conducive to awakening (byang chub phyogs kyi chos),
Qualities by their very nature, are complete without exception,
Is the reliquary stūpa (mchod sdong) of the dharmakāya of all the victorious ones;
As a field of merit (bsod nams zhing) there is nothing superior to this. 18

The supreme qualities of the Sage's sūtras, however many, beyond imagining,
Come from their teaching the profound and the vast;
So of this, which nakedly reveals the nature of phenomena, profound and vast in nature,

[p. 682]ཡོན་ཏན་ཡང་དེ་ཙམ། ༡༩ །དེ་སླད་གཞུང་འདིའི་ཚིག་གཅིག་ཉན་པ་དང༌། །འཛིན་ཀློག་སྒྲུབ་རྣམས་ཇི་སྙེད་རྒྱལ་བའི་ཆོས། །ཉན་དང་འཛིན་ཀློག་སྒྲུབ་ལ་བརྩོན་པ་དང༌། །བསྐལ་པ་མཉམ་ཞིང་བསོད་ནམས་རྣམ་སྨིན་མཉམ། ༢༠ །བརྒྱད་ཁྲི་བཞི་སྟོང་ཆོས་དོན་རིག་པའི་ཀློང༌། །འདུས་པར་ངེས་ན་དེ་ཡི་བརྗོད་བྱེད་གཞུང༌། །ཀུན་མཁྱེན་བླ་མའི་ལེགས་བཤད་ཟབ་མོའི་ཆོས། །ཚིག་བཅད་གཅིག་ཏུ་ཅི་ཡི་ཕྱིར་མི་འདུ། ༢༡ །དད་པའི་སེམས་ཀྱིས་སྐད་ཅིག་མཇལ་ན་ཡང༌། །གང་གི་ཡིད་ལ་གདུང་བ་སྐྱེ་འགྱུར་པའི། །ཉོན་མོངས་རྙོགས་པ་ཤུགས་ཀྱིས་འབྲལ་བགྱིད་པ། །ཀུན་མཁྱེན་བླ་མའི་ལེགས་བཤད་མཐོང་གྲོལ་ཡིན། ༢༢ །ཚིག་གཅིག་ཐོས་ཀྱང་རྣམ་པར་རྟོག་པའི་རྡུལ། །རྣམ་པར་སྤངས་ནས་ཞི་བའི་ཏིང་ངེ་འཛིན། །གང་གི་ཡིད་ལ་རྩོལ་མེད་སྐྱེ་འགྱུར་པ། །ཀུན་མཁྱེན་བླ་མའི་ལེགས་བཤད་ཐོས་གྲོལ་ཡིན། ༢༣ །རྟོག་གེའི་བློ་གྲོས་རྩུབ་མོའི་སྐྱོན་སྤོངས་པའི། །ཞི་བ་བསིལ་བ་འཇམ་པའི་རེག་བྱ་ཅན། །འཁོར་བའི་གདུང་སེལ་འཆི་མེད་ཐེག་པ་སྟེ། །ཀུན་མཁྱེན་བླ་མའི་ལེགས་བཤད་རེག་གྲོལ་ཡིན། ༢༤ །ཟབ་པའི་དོན་བཟང་བདུད་རྩིའི་རོ་མངར་ཅན། །ཇི་ཙམ་མྱོང་བཞིན་ཐོས་བསམ་སྒོམ་པའི་ལུས། །བརྟས་པའི་འཕུར་ལྡིར་ཆོས་ཉིད་དབྱིངས་སྤྱོད་པ། །ཀུན་

The qualities too are just as great. 19

Therefore, to hear a single word of this treatise,
To retain, recite, and practice it, is equal in fortune
To striving to hear, retain, recite, and practice all the Dharma of the victorious ones, however much there is,
And equal in the full maturation of merit. 20

If it is certain that the meaning of the eighty-four thousand sections of Dharma
Is gathered in the expanse of awareness (rig pa),
Then why should the treatise that expresses it,
The profound Dharma of the Omniscient Guru's excellent explanations, not be gathered in a single stanza? 21

Even if one meets it for but an instant (skad cig) with a mind of faith,
It frees one, of its own force, from the turbidity of the afflictions (nyon mongs)
That would give rise to torment in anyone's mind:
The Omniscient Guru's excellent explanations are liberation through seeing (mthong grol). 22

Even on hearing a single word, the dust of conceptual thought (rnam par rtog pa)
Is utterly cleared away, and the samādhi of peace
Arises without effort in anyone's mind:
The Omniscient Guru's excellent explanations are liberation through hearing (thos grol). 23

Free from the faults of the harsh intellect of dialectics (rtog ge),
With a touch that is peaceful, cool, and gentle,
It is the deathless vehicle that dispels the torment of saṃsāra ('khor ba):
The Omniscient Guru's excellent explanations are liberation through touch (reg grol). 24

Sweet with the taste of the nectar of profound, excellent meaning,
The more one savors it, the more the body of hearing, reflection, and meditation
Grows strong, and soaring aloft on whirring wings one roams the basic space of the nature of phenomena:
The Omniscient

[p. 683]མཁྱེན་བླ་མའི་ལེགས་བཤད་མྱོང་གྲོལ་ཡིན། ༢༥ །རྒྱལ་བའི་བསྟན་པ་ཇི་སྙེད་ཡོངས་རྫོགས་པའི། །གཞུང་བཟང་ཀུན་མཁྱེན་བླ་མས་བཀྲལ་འདི་འདྲ། །འཕགས་བོད་མཁས་པའི་སྐྱེ་བོ་སུ་ཡིས་ཀྱང༌། །སྔོན་ཆད་འཛམ་གླིང་ལྗོངས་འདིར་བཞག་པ་མེད། ༢༦ །རྒྱུ་འབྲས་ཐེག་པའི་ཆོས་ཀྱི་སྒོ་དབྱེ་ནས། །རྒྱུ་འབྲས་མེད་དབྱིངས་མཉམ་པར་ལ་ཟློས་པའི། །ཀུན་མཁྱེན་བླ་མའི་གདམས་ངག་འདི་འདྲ་བ། །འཆད་པའི་མཁས་གྲུབ་གཉིས་པ་སུ་ཡང་མེད། ༢༧ །གཞུང་བཟང་འདི་དག་ཡན་ལག་ཡོངས་རྫོགས་པའི། །ལྷ་ལུས་མཛེས་པ་བརྒྱན་གྱིས་སྤྲས་འདྲ་སྟེ། །འདི་དང་བསྐྲུན་ན་མཁས་པའི་བསྟན་བཅོས་གཞན། །ཕྱོགས་རེའི་ཡན་ལག་དུམ་བུར་འཐོར་དང་འདྲ། ༡༨ །ཚིག་བཟང་སྙན་དངགས་དམ་པའི་རྒྱན་གྱིས་མཛེས། །དོན་ཆེན་རྒྱལ་བསྟན་རྫོགས་པའི་ཁོ་ལག་དར། །ཐེག་རྩེ་ནོར་བུ་མཆོག་གི་ཐོར་ཚུགས་ཅན། །གཞུང་བཟང་འདི་དག་ལྷ་ཡི་དབང་པོ་འདྲ། ༡༩ །ལམ་སྟེགས་རྒྱུ་འབྲས་ཐེག་པའི་ཐེམ་སྐས་བཀྲམ། །གསང་ཆེན་ལམ་གྱི་བ་གམ་བརྗིད་ཆགས་ཤིང་ལྷུན་གྲུབ་སྐུ་བཞིར་བགྲོད་པའི་རྩེ་མོ་འབར། །གཞུང་བཟང་འདི་དག་རྣམ་རྒྱལ་ཕོ་བྲང་འདྲ། ༣༠ །འདོད་ཁམས་དགེ་བཅུའི་རི་དབང་ལྷུན་བརྗིད་ཅིང༌། །གཟུགས་མེད་ཏིང་འཛིན་ཞི་བའི་སྤྲིན་

Guru's excellent explanations are liberation through tasting (myong grol). 25

Excellent treatises such as these, elucidated by the Omniscient Guru,
Complete in all the teaching of the victorious ones, however much there is—
No learned person of India or Tibet
Has ever before left their like in this land of Jambudvīpa. 26

Having opened the doors of the Dharma of the vehicles of cause and result,
Then bringing all to decisive resolution (la bzla ba) in the equality of the basic space where there is neither cause nor result—
Instructions (gdams ngag) such as these of the Omniscient Guru
No second scholar-adept has ever expounded. 27

These excellent treatises are like the beautiful body of a god,
Complete in every limb and adorned with ornaments;
Compared with these, the other treatises of the learned
Are like partial limbs scattered in fragments. 28

Beautified with the ornaments of excellent words, sublime poetry,
Their frame of great meaning, the complete teaching of the victorious ones, grown full,
Crowned with the topknot of the supreme jewel, the pinnacle of vehicles—
These excellent treatises are like the lord of the gods. 29

Their landings laid out with the stairways of the vehicles of cause and result,
The upper storey of the path of the great secret (gsang chen) rising majestic,
And the pinnacle blazing, by which one ascends to the spontaneously present four kāyas (sku bzhi)—
These excellent treatises are like the palace of Complete Victory (rnam rgyal pho brang), Vaijayanta. 30

The lord of mountains of the desire realm's ten virtues stands in spontaneous majesty,
The banks of peaceful clouds of the samādhi of the formless realm are spread out,

[p. 684]ཚོགས་བཀྲམ། །གཟུགས་ཁམས་འཕགས་ལམ་རྫོགས་པའི་འོག་མིན་ཅན། །གཞུང་བཟང་འདི་དག་སྲིད་པ་གསུམ་པོ་འདྲ། ༣༡ །གང་འདུལ་འགྲོ་ཁམས་མོས་པ་དེ་བཞིན་འདུལ། །སྣ་ཚོགས་ཤེས་བྱའི་ཆོས་ཀུན་མ་འདྲེས་འཆད། །དོན་དམ་མཉམ་པའི་ཀློང་ལས་མི་འདའ་བས། །གཞུང་བཟང་འདི་དག་རྫོགས་པའི་སངས་རྒྱས་འདྲ། ༣༢ །ཇི་སྙེད་ཐེག་པའི་རྣམ་གྲངས་མཐའ་ཡས་སྟོན། །ཡིད་དཔྱོད་རྒྱུ་འབྲས་ལམ་ལས་ཐེག་དགུར་ཕྱེ། །མངོན་སུམ་འོད་གསལ་ཀློང་དུ་སྤང་བླང་ཟད། །གཞུང་བཟང་འདི་དག་སྲིད་ཞི་གཉིས་ཀ་འདྲ། ༣༣ །དོན་འདི་ཤེས་ན་རྡོ་རྗེ་སྙིང་པོའི་ལམ། །སྙིང་ཐིག་གསང་བའི་ཟབ་གནད་སྙིང་འདྲ་བའི། །དོན་འདི་མི་སྟོན་མཁས་པའི་བསྟན་བཅོས་གཞན། །ལུས་ཉིད་མཛེས་ཀྱང་སྙིང་མེད་རོ་དང་འདྲ། ༣༤ །རྟོགས་པའི་འདྲ་འབག་རྡོ་རྗེ་སྙིང་པོའི་གླུ། །མངོན་སུམ་ཆོས་ཉིད་རྗེན་པར་སྟོན་པའི་ངག །ཀློང་རྡོལ་གཏམ་འདི་སྐད་ཅིག་ཐོས་པས་ཀྱང༌། །འོད་གསལ་ཡེ་ཤེས་རྒྱུད་ལ་ཤུགས་ཀྱིས་སྐྱེ། ༣༥ །ཟབ་ལས་ཆེས་ཟབ་ཆོས་དབྱིངས་རིན་པོ་ཆེ། །བྱིན་བརྒྱུད་ཡེ་ཤེས་རྟོགས་པའི་མཛོད་གཅིག་པུར། །ཡང་དག་ཆོས་སྐུ་དངོས་བྱོན་གཞུང་འདི་འདྲ། །གང་གིས་ཉམས་བླང་སྲིད་པ་ཐ་མ་ཡིན། ༣༦ །ཟང་ཐལ་རིག་པ་ཀུན་མཁྱེན་

And it holds the Akaniṣṭha of the form realm, where the noble path is perfected—
These excellent treatises are like the three realms of existence. 31

Whoever is to be tamed among the realms of beings, they tame them just according to their inclinations;
They expound all the diverse phenomena that are objects of knowledge without conflating them;
And since they never depart from the expanse of ultimate (don dam) equality,
These excellent treatises are like a perfect buddha. 32

They teach the boundless enumerations of all the vehicles (theg pa) there are,
Dividing into nine vehicles the paths of cause and result that belong to intellectual speculation (yid dpyod);
In the expanse of directly perceived (mngon sum) luminosity ('od gsal), rejection and adoption are exhausted—
These excellent treatises are like both existence and peace. 33

This meaning, which when known is the path of the vajra heart essence,
The profound key point of the secret Heart Essence (snying thig), which is like the heart—
Other treatises of the learned that do not teach this meaning,
Though their body is beautiful, are like a corpse without a heart. 34

The very likeness of realization (rtogs pa), the song of the vajra heart essence,
Speech that nakedly shows the directly perceived nature of phenomena—
Even by hearing for an instant this talk that bursts forth from the expanse,
The primordial wisdom of luminosity arises by its own force in one's continuum. 35

The precious basic space of phenomena (chos dbyings), far more profound than the profound,
As the single treasury of the realization of primordial wisdom in the lineage of blessings—
A treatise such as this is the true dharmakāya come in person;
Whoever takes it into experience, this is their final existence. 36

Unimpeded (zang thal) awareness, the Omniscient

[p. 685]བླ་མའི་ཐུགས། །རྗེན་པར་སྟོན་པའི་མན་ངག་འདི་འདྲ་བ། །སངས་རྒྱས་དངོས་ཡིན་དམ་པའི་ཆོས་ཀྱང་ཡིན། །མོས་གུས་སྐྱེས་ན་དགེ་བའི་བཤེས་གཉེན་ཡིན། ༣༧ །རྒྱུད་སྡེ་ཀུན་གྱི་ཟབ་གནད་མཐར་ཐུག་པ། །བཞི་པའི་དབང་ཞེས་གྲགས་པ་འདི་ཡིན་ཏེ། །དབང་བཞི་ཡོངས་རྫོགས་རིག་པ་རྩལ་གྱི་དབང༌། །གཞུང་བཟང་འདི་འདྲ་མཐོང་ལས་གཞན་ཡོད་མིན། ༣༨ །ཀུན་མཁྱེན་བླ་མ་འཇའ་ལུས་སྒྱུ་མའི་སྐུ། །སྔོན་ཞིག་བཞུགས་ཀྱི་ད་ལྟ་མེད་པ་མིན། །མཐོང་བར་ནུས་ན་རང་གི་མདུན་ན་བཞུགས། །རྟོག་པས་བསྒྲིབ་ན་མངོན་སུམ་བྱོན་ཀྱང་ཅི། ༣༩ །གསུང་གི་གནད་འདི་རྟོགས་པའི་འདྲ་འབག་སྟེ། །ཡེ་ཤེས་ཆེན་པོས་ཚིག་དོན་བྱིན་གྱིས་རླབས། །མོས་གུས་ཅན་ལ་བདེན་ཚིག་གཏད་རྒྱ་མཛད། །ངེས་པར་བརྟེན་ན་བླ་མ་འདི་རང་ཡིན། ༤༠ །མོས་གུས་ཐོབ་ནས་ཚིག་དོན་དཔྱོད་ཤེས་ན། །གཞུང་བཟང་འདི་འདྲ་ཅི་ཙམ་མཇལ་བའི་ཡུན། །དེ་སྲིད་དེ་བློ་ཆོས་ཉིད་མངོན་སུམ་པའི། །འོད་གསལ་མཆོག་ལས་གཡོ་བ་ཡོད་རེ་ཀན། ༤༡ །རྣམ་པར་དཔྱོད་མང་རྟོག་གེའི་བསྟན་བཅོས་གཞན། །ཇི་ཙམ་བལྟས་བཞིན་འཁྲུལ་པའི་རྣམ་རྟོག་འཕེལ། །བློ་ལས་འདས་སྟོན་ཀུན་མཁྱེན་བླ་མའི་གཞུང༌། །ཚིག་གཅིག་ཐོས་ཀྱང་རྩོལ་མེད་ཏིང་འཛིན་སྐྱེད། ༤༢ །

Guru's enlightened mind—
Pith instructions (man ngag) such as these, which show it nakedly,
Are the actual Buddha and are the sublime Dharma as well;
If devotion arises, they are the spiritual friend. 37

The ultimate profound key point of all the classes of tantra (rgyud),
What is renowned as "the fourth empowerment (dbang)," is this:
The empowerment of the dynamic energy (rtsal) of awareness, in which the four empowerments (dbang bzhi) are wholly complete,
Is nothing other than seeing such excellent treatises as these. 38

The Omniscient Guru, the rainbow body, the illusory (sgyu ma) kāya—
It is not that he dwelt once in the past and is absent now.
If one is able to see, he dwells right before oneself;
If one is obscured by thoughts (rtog pa), what use even were he to come in person? 39

This key point of his enlightened speech is the very likeness of his realization;
With great primordial wisdom he has blessed the words and their meaning;
For those with devotion he has made the sealed entrustment of words of truth.
If one relies on it with certainty, this itself is the guru. 40

If, having gained devotion, one knows how to examine the words and their meaning,
Then for however long one meets with such excellent treatises as these,
For that long, is there any chance that this mind will waver
From the supreme luminosity in which the nature of phenomena is directly perceived? 41

Other treatises of dialectics, with their profusion of analysis—
The more one reads them, the more deluded ('khrul pa) conceptual thoughts increase.
The Omniscient Guru's treatises, which teach what transcends the intellect (blo)—
Even hearing a single word of them gives rise to effortless samādhi. 42

[p. 686]རྟོག་གེའི་དཀྲུགས་པ་ཕལ་བའི་གཞུང་མང་དུ། །འཁྱམས་ཤིང་འཁྱམས་པའི་དོན་མེད་ངལ་བ་ཅན། །ཚིག་དོན་ཕུན་ཚོགས་ནོར་བུའི་ངལ་སྟེགས་སུ། །ངལ་བསོ་སྦྱིན་པ་ཀུན་མཁྱེན་བླ་མའི་གཞུང༌། ༤༣ །ཕྱོགས་རེའི་རིག་པ་སྦྲང་བུའི་གཤོག་རླབས་ཀྱིས། །གླིང་བཞི་ཉུལ་འདོད་འབྲས་མེད་ལྟད་མོ་བ། །རྡོ་རྗེ་སྙིང་པོའི་རི་རབ་རྩེར་བགྲོད་ནས། །ཐེག་དགུ་གསལ་སྟོན་ཁྱུང་ཆེན་རྒྱལ་པོ་འདྲ། ༤༤ །བྱིས་པའི་བསྟན་བཅོས་རྩེད་མོའི་རྩོད་པ་ཅན། །ཡིན་དང་མ་ཡིན་རང་རང་ཕྱོགས་ལ་ཞེན། །མཉམ་པའི་ཆོས་ཉིད་རྒན་པོའི་བློ་གྲོས་ཅན། །ཀུན་མཁྱེན་བླ་མའི་ལེགས་བཤད་གཟུ་བོ་ཡིན། ༤༥ །རྨོངས་དང་མ་རིག་ཐེ་ཚོམ་སྐྱེས་པའི་དུས། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །རྨོངས་པའི་དྲྭ་བ་གང་གིས་གཅོད་འགྱུར་བའི། །ཀུན་མཁྱེན་ལེགས་བཤད་ཤེས་རབ་རལ་གྲི་ཡིན། ༤༦ །སྣ་ཚོགས་རྟོག་པའི་བུན་ལོང་གཡོ་བའི་དུས། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །འཁྲུལ་རྟོག་རྩིག་པ་གང་གིས་འཇིག་འགྱུར་བའི། །ཀུན་མཁྱེན་ལེགས་བཤད་ཡེ་ཤེས་རྡོ་རྗེ་ཡིན། ༤༧ །ཆགས་སྡང་འཁྲུལ་པའི་ཟུག་རྔུ་འབར་བའི་དུས། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །ཉོན་མོངས་བུད་ཤིང་སྐད་ཅིག་སྲེག་བྱེད་པའི། །ཀུན་མཁྱེན་

To those wearied to no purpose by wandering and wandering
Among the many ordinary treatises stirred up by dialectics,
Upon the jewel resting-platform of perfect words and meaning
The Omniscient Guru's treatises grant rest. 43

Those who wish to roam the four continents on the wingbeats of the fly
Of partial intelligence are spectators of a fruitless show;
Having soared to the summit of the Mount Meru of the vajra heart essence,
These, clearly showing the nine vehicles, are like the great garuḍa king. 44

Childish treatises, with their playful disputes,
Cling each to its own side of "it is" and "it is not";
Possessing the elder's intelligence of the nature of phenomena, which is equality,
The Omniscient Guru's excellent explanations are impartial. 45

When confusion, ignorance (ma rig pa), and doubt arise,
Look into these excellent treatises!
The Omniscient One's excellent explanations are the sword of wisdom
By which the net of confusion will be cut. 46

When the swirling haze of diverse thoughts stirs,
Look into these excellent treatises!
The Omniscient One's excellent explanations are the vajra of primordial wisdom
By which the wall of deluded thoughts will be demolished. 47

When the piercing pain of the delusion of attachment and aversion blazes,
Look into these excellent treatises!
That which burns up the firewood of the afflictions in an instant,
The Omniscient One's

[p. 687]ལེགས་པའི་མེ་དཔུང་ཡིན། ༤༨ །འདུ་འཛིའི་གནས་དང་སྐྱོ་བས་གདུང་བའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །ངེས་འབྱུང་བློ་ཡིས་ཁམས་གསོ་སྦྱིན་བྱེད་པའི། །ཀུན་མཁྱེན་ལེགས་བཤད་བདུད་རྩིའི་སྨན་མཆོག་ཡིན། ༤༩ །དབེན་པའི་གནས་སུ་གཅིག་པུར་གནས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །ཉིན་མཚན་འཁོར་ཡུག་ཆོས་ཀྱིས་འདའ་བྱེད་པའི། །ཀུན་མཁྱེན་ལེགས་བཤད་རིག་པའི་སྐྱོ་གྲོགས་ཡིན། ༥༠ །མང་པོའི་དབུས་སུ་ཆགས་སྡང་སྐྱེས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །མཉམ་པའི་ཀློང་དུ་སེམས་དལ་སྦྱིན་བྱེད་པའི། །ཀུན་མཁྱེན་ལེགས་བཤད་ནོར་བུའི་ངལ་སྟེགས་ཡིན། ༥༡ །ཡིད་དཔྱོད་རྟོག་པའི་ཞེ་འདོད་སྐྱེས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །བདེན་ཞེན་གྲུབ་མཐའི་ལྕགས་སྒྲོགས་གྲོལ་བྱེད་པའི། །ཀུན་མཁྱེན་ལེགས་བཤད་ཐབས་ཀྱི་ལྡེའུ་མིག་ཡིན། ༥༢ །བྱིང་རྒོད་རྨུགས་པས་སྒོམ་གེགས་སྐྱེས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །ཞི་བའི་ཏིང་འཛིན་སྐྱོན་མེད་ལེགས་སྐྱེད་པའི། །ཀུན་མཁྱེན་ལེགས་བཤད་གནད་ཀྱི་མན་ངག་ཡིན། ༥༣ །ནད་དང་སྡུག་བསྔལ་གནོད་པ་སྐྱེས་པའི་ཚེ། །གཞུང་བཟང་འདི་

excellent explanations are an excellent mass of fire. 48

When you are tormented by places of bustle and by weariness,
Look into these excellent treatises!
The Omniscient One's excellent explanations are the supreme medicine of nectar
That restores your health through a mind of renunciation (nges 'byung). 49

When you dwell alone in a solitary place,
Look into these excellent treatises!
The Omniscient One's excellent explanations are the companion that relieves the weariness of awareness,
Making the whole round of day and night pass in Dharma. 50

When attachment and aversion arise in the midst of the many,
Look into these excellent treatises!
The Omniscient One's excellent explanations are a jeweled resting place
That grants the mind ease within the expanse of equality (mnyam pa). 51

When the craving for intellectual speculation and thought arises,
Look into these excellent treatises!
The Omniscient One's excellent explanations are the key of skillful means
That unlocks the iron shackles of tenet systems (grub mtha') that cling to things as true. 52

When dullness, agitation, and torpor arise as obstacles to meditation,
Look into these excellent treatises!
The Omniscient One's excellent explanations are pith instructions on the key points (gnad)
That well engender the flawless samādhi of peace (zhi ba). 53

When the harm of illness and suffering arises,
Look into these excellent

[p. 688]དག་བལྟ་བར་བྱོས་ཤིག་དང༌། རྐྱེན་ངན་སྣང་བ་གྲོགས་སུ་བསྒྱུར་བྱེད་པའི། །ཀུན་མཁྱེན་ལེགས་བཤད་གསེར་འགྱུར་བདུད་རྩི་ཡིན། ༥༤ །རིག་རྩལ་རྟོགས་པའི་ཉམས་མྱོང་འབར་བའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །ཆོས་སྐུའི་ཀློང་དུ་མཉམ་ཉིད་ངོ་སྤྲོད་པའི། །ཀུན་མཁྱེན་ལེགས་བཤད་གནད་ཀྱི་བོག་འདོན་ཡིན། ༥༥ །བྱུང་རྒྱལ་ཉམས་ཀྱི་སྣང་བ་འུར་བའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །ཞེན་མེད་ངང་དུ་བརྟུལ་ཞུགས་གོང་འཕེལ་བའི། །ཀུན་མཁྱེན་ལེགས་བཤད་རྡོ་རྗེའི་ཐོལ་གླུ་ཡིན། ༥༦ །འདོད་ཡོན་ལོངས་སྤྱོད་ཤུགས་ཀྱི་འདུ་བའི་དུས། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །ཞེན་མེད་ངང་དུ་ཅི་འདོད་རྒྱན་འཆང་བའི། །ཀུན་མཁྱེན་ལེགས་བཤད་རྨ་བྱ་དུག་རོལ་ཡིན། ༥༧ །སྙེམས་བྱེད་རེ་དོགས་གཟུང་འཛིན་སྐྱེས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །བརྟུལ་ཞུགས་རོལ་པའི་དཔའ་གདེང་སྐྱེད་བྱེད་པའི། །ཀུན་མཁྱེན་ལེགས་བཤད་བདུད་ཀྱི་གཅོད་ཡུལ་ཡིན། ༥༨ །དངོས་འཛིན་འཁྲུལ་པ་ཨ་་འཐས་སྐྱེས་པའི་ཚེ། །གཞུང་བཟང་འདི་དག་བལྟ་བར་བྱོས་ཤིག་དང༌། །བདེན་ཞེན་གདོས་བཅས་བུན་ལོང་འཇིག་བྱེད་པའི། །ཀུན་མཁྱེན་ལེགས་བཤད་སྒྱུ་མའི་མན་ངག་ཡིན།

treatises!
The Omniscient One's excellent explanations are the nectar that transmutes into gold,
Turning the appearance of adverse conditions into a friend. 54

When the experience of realizing the dynamic energy of awareness blazes,
Look into these excellent treatises!
The Omniscient One's excellent explanations are the enhancement (bog 'don) of the key point,
Introducing equality within the expanse of the dharmakāya. 55

When the appearances of haphazard experiences (byung rgyal nyams) surge,
Look into these excellent treatises!
The Omniscient One's excellent explanations are a spontaneous vajra song
That furthers yogic conduct (brtul zhugs) in a state free of clinging. 56

When sense pleasures and enjoyments gather of their own force,
Look into these excellent treatises!
The Omniscient One's excellent explanations are the peacock's enjoyment of poison,
Wearing whatever is desired as an ornament in a state free of clinging. 57

When conceit, hope and fear, and apprehended and apprehender (gzung 'dzin) arise,
Look into these excellent treatises!
The Omniscient One's excellent explanations are the Severance (gcod yul) of māras,
Engendering the heroic confidence of the display of yogic conduct. 58

When the delusion of grasping things as real arises, rigid and solidified,
Look into these excellent treatises!
The Omniscient One's excellent explanations are the pith instructions on illusion,
Destroying the murky mass of substantial clinging to things as true.

[p. 689]༥༩ །ཀུན་མཁྱེན་ལེགས་བཤད་ནོར་བུའི་གཏེར་འདྲ་བའི། །ཡོན་ཏན་ཕྲེང་བ་གཞལ་དུ་མི་སྤྱོད་མོད། །ཅུང་ཟད་སྨྲས་འདིས་ཁོ་བོའི་སྤོབས་པ་ཡང༌། །མཐར་ཐུག་མིན་ན་བརྗོད་བྱ་ཇི་ལྟར་རྫོགས། ༦༠ །བསྔགས་པའི་གནས་འདི་གྲངས་མེད་ཞིང་དུ་ཡང༌། །རྒྱལ་བ་རྣམས་དང་རྒྱལ་སྲས་མཁས་རྣམས་ཀྱི། །དམ་ཆོས་གཏམ་གྱི་གླེང་གཞིར་གྱུར་པ་སྟེ། །སོ་སོ་ཡང་དག་རིག་པའི་སྤྱོད་ཡུལ་ཡིན། ༦༡ །མཁའ་དབྱིངས་བཞིན་དུ་མཁས་པའི་རོལ་གནས། །སོ་སྐྱེ་བློ་གྲོས་སྦྲང་བུའི་གཤོག་རླབས་བཅས། །བསྔགས་པའི་སྙན་གླུ་དར་དིར་སྒྲོགས་པ་འདི། །ལེགས་བཤད་ཚལ་ལ་རབ་དགའ་སྐྱེས་ནས་ཡིན། ༦༢ །དགའ་བར་བྱོས་ཤིག་སྐལ་བཟང་དོན་མཐུན་དག །གེ་སར་རོ་མངར་ཡང་ཡང་བཏུང་གྱིས་ལ། །བསྟོད་པའི་གླུ་ཕྲེང་བདག་དང་མཐུན་སྒྲོགས་དང༌། །མི་ཟད་སྤོབས་པ་ཁྱེད་ལ་མཛའ་བར་འགྱུར། ༦༣ །བསྔགས་འོས་ཡུལ་ལ་བསྔགས་པའི་མཆོད་སྤྲིན་འདིའི། །ལེགས་བྱས་དགེ་བ་སྲིད་ལ་ཞི་རྒྱུ་དང༌། །ཞི་ལ་སྲིད་དོན་གཉིས་མཐར་མི་གནས་པའི། །རྒྱལ་དང་དེ་སྲས་ཐུགས་དགོངས་རྫོགས་ཕྱིར་བསྔོ། ༦༤ །མཚམས་སྤྲིན་གཟི་འདྲ་མཚན་དཔེའི་གཟི་འབར་བ། །འཇམ་དཔལ་དཔའ་བོའི་མཁྱེན་པ་དེ་དྲན་ནས། །དེ་ཡི་རྗེས་བཞིན་བདེན་པའི་འཁོར་གསུམ་

59

Though the garland of qualities of the Omniscient One's excellent explanations,
Which are like a treasury of jewels, does not admit of being measured,
If with this little I have said even my own eloquence (spobs pa)
Has not reached its end, how could what is to be expressed be exhausted? 60

This object of praise, in countless realms as well,
Has become the theme of the sacred Dharma discourse
Of the Victors and of the learned heirs of the Victors;
It is the domain of the individual perfect knowledges (so so yang dag rig pa). 61

In the playground of the learned, vast as the expanse of the sky,
With the wingbeats of the bee of an ordinary being's intellect,
This ringing proclamation of a melodious song of praise
Comes from great delight arisen in the grove of excellent explanations. 62

Rejoice, fortunate ones of like purpose!
Drink again and again the sweet taste of these anthers,
Proclaim in harmony with me this garland of songs of praise,
And inexhaustible eloquence will befriend you. 63

The virtue of the good deed of this cloud of offerings, praise of an object worthy of praise,
I dedicate so that the enlightened intent may be fulfilled of the Victors and their heirs,
Who, a cause of peace for existence and of the welfare of existence within peace,
Abide in neither of the two extremes. 64

Recalling that knowledge of the hero Mañjuśrī,
Blazing with the splendor of the major and minor marks like the splendor of twilight clouds,
And following after him, the three spheres ('khor gsum) held as true

[p. 690]བློ། །སྤོངས་པའི་ཡོངས་བསྔོ་སྨོན་པ་མེད་དབྱིངས་སྙོགས། ༦༥ །བདག་ཀྱང་དེང་ནས་ཀུན་མཁྱེན་བརྒྱུད་བཅས་ཀྱི། །སྨིན་གྲོལ་རྒྱལ་ཐབས་རྒྱས་པའི་སྒོ་སྲང་ནས། །དད་གསུམ་སློང་ཕོར་གཏོང་བ་མེད་ལྡན་པས། །བལྟ་བའི་སྐལ་བཟང་འཁོར་བའི་མཐའ་མར་སྨོན། ༦༦ །ནམ་ཞིག་སྲིད་དང་ཞི་བ་མཉམ་པར་བརྡལ། །འཁོར་བ་དོང་སྤྲུགས་ཞི་བ་བུམ་སྐུར་བཞེངས། །འཁོར་འདས་མ་ལུས་ཐིག་ལེ་གཅིག་གི་ཀློང༌། །ཀུན་མཁྱེན་བླ་མའི་དགོངས་པར་འདྲེས་གྱུར་ཅིག ༦༧ །ཅེས་པའང་ཨ་བུ་ཧྲལ་པོའི་གང་དྲན་བརྗོད་པ་དགེ་ལེགས་འཕེལ། དགེའོ། །དགེའོ། །དགེའོ།། །།

By the intellect—may this complete dedication (yongs bsngo) that relinquishes it