Chos dbyings mdzod (Longchenpa): Chapter 2 commentary (2)

From Rangjung Yeshe Wiki Texts
Chos dbyings mdzod (Longchenpa)Chos dbyings mdzod (Longchenpa): Chapter 2 commentary (2)
< Chos dbyings mdzod (Longchenpa)
Chos dbyings mdzod (Longchenpa)/Chapter 2 commentary (2)
Jump to navigation Jump to search
← Chapter 2 commentary (1)Chos dbyings mdzod: contentsChapter 2 commentary (3) →

Chapter 2, commentary · སྣང་སྲིད་ཞིང་ཁམས་སུ་ཤར་བ
Pages 145–153 of the corrected base text (W22920 vol. 3), part 2 of 3.

[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD84), gorn05 tibocr 2026: BDRC OCR on 338 pages, Mitra OCR on 144 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 247] བློ་ཡང་རབ་རྣམས་འཇུག་པའི་སྒོ་ནི་རིམ་རྩོལ་རྒྱུ་འབྲས་ལས་འདས་པའི་སྒོ་འཕར་ཡེ་ནས་རང་བཙུགས་པ་ནི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཕོ་བྲང་ཞེས་བྱའོ། །དེ་དག་གི་རང་བཞིན་ནི་ཀློང་དྲུག་པ་ལས། །ཡེ་ཤེས་མ་བཅོས་རྣམ་དག་པ། །ཁ་དོག་མ་བཅོས་མང་དྲེས་གསལ། །གཉིས་མེད་མ་བཅོས་སྟོང་པའི་ངང་། །རང་བྱུང་མ་བཅོས་རིག་པའི་ཀློང་། །ཞེས་པ་དང་། ཀུན་བྱེད་ལས། སྒོ་ནི་བཙལ་དུ་མེད་པའི་སྒོ་ནས་འཇུག །ཅེས་སོ། །ཕོ་བྲང་དེའི་རྒྱན་དང་བཀོད་པ་ནི། །ལྷུན་གྲུབ་འབྱོར་བའི་བཀོད་པས་བརྒྱན་པ་དེར། །རང་བྱུང་ཡེ་ཤེས་རྒྱལ་པོ་གདན་ལ་བཞུགས། །འདུ་འཕྲོར་སྣང་བ་ཡེ་ཤེས་རྩལ་རྣམས་ཀུན། །བློན་པོར་གྱུར་པས་ཡུལ་ལ་དབང་བསྒྱུར་ཞིང་། །རང་གནས་བསམ་གཏན་བཙུན་མོ་དམ་པ་དང་། །དགོངས་

[p. 248] པ་རང་ཤར་སྲས་དང་བྲན་གཡོག་བཅས། །བདེ་ཆེན་ཀློང་འཁྱིལ་རང་གསལ་རྟོག་པ་མེད། །དེ་ལ་རང་བྱུང་ལྷུན་གྲུབ་ཀྱི་རིག་པ་ནི་ཕོ་བྲང་གི་བཀོད་པ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་ཅིང་ཆོས་ཐམས་ཅད་རྫོགས་པ་སྟེ། ཡི་གེ་མེད་པ་ལས། ང་ལ་ཕྱི་དང་ནང་མེད་པས། །གསལ་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་སྟོང་དང་དངོས་མེད་པས། །སྣང་བའི་ཆོས་ནི་ཡོངས་སུ་རྫོག་ས། །ཞེས་སོ། །དེ་ལྟར་ལྷུན་གྱིས་གྲུབ་པའི་སྙིང་པོའི་ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ཏེ་རྒྱལ་པོ་ཁྲི་ལས་མི་གཡོ་བ་ལྟ་བུའོ། །དེའི་ངོ་བོ་ལ་རང་གནས་རང་བཞིན་གྱི་བསམ་གཏན་ནི་རིག་པ་དང་འབྲལ་མ་མྱོང་བས་བཙུན་མོ་ལྟ་བུའོ། །དེའི་དོན་རྟོགས་ནས་དགོངས་པའི་དྲོད་རང་ཆས་སུ་གྲུབ་པ་ནི་སྲས་དང་བྲན་གཡོག་ལྟ་བུའོ། །རིག་པའི་ངང་ནས་རང་རྩལ་ཡུལ་ཐོག་ཏུ་འཕྲོ་བའི་ཤེས་པ་ནི་བློན་པོ་ཡུལ་འཁོར་ལ་དབང་བསྒྱུར་ནས་འདོད་པ་བསྒྲུབས་པ་ལྟ་བུའོ། །འདིའི་ཁྱད་པར་མ་ཕྱེད་ན་སྨྱོན་པ་རྡོལ་ཐབས་སུ་སྨྲ་བ་དང་ཁྱད་མེད་པའི་ཕྱིར། རང་བྱུང་གི་ཡེ་ཤེས་དུས་ཐམས་ཅད་པ་ན་རང་གནས་ལྷུན་གྲུབ་ཀྱི་ངོ་བོ་ཡུལ་ལ་མི་ལྟོས་པ་དང་། རིག་བྱེད་རྩལ་གྱི་ཡེ་ཤེས་ཡུལ་ཐོག་ཏུ་འཆར་བ་ཡུལ་ལ་ལྟོས་པ་ཅན་ཏེ། གློད་མ་ཤེས་ན་རྐྱེན་རྟོག་པ་རང་ག་མ་གཉིས་ཁྱད་པར་ཤིན་ཏུ་ཆེ་བས་ན། ནང་རང་བྱུང་ལ་ངོས་ཟིན་ནས་རྩལ་གཞི་ཐོག་ཏུ་གྲོལ་བར་འགྱུར་ཏེ། ཀ་དག་ཆོས་ཟད་ཀྱི་ངང་དུ་ལ་བཟླ་ལ། མ་ཟིན་ན་རང་བྱུང་

[p. 249] གི་ཆ་དེ་ལུང་མ་བསྟན་ལས། ཙ་ལ་རྟོག་པ་ཡུལ་ལ་འཇུག་པའི་ཕྱིར། དགོངས་པ་བར་མཚམས་མེད་པ་རང་བཞིན་གྱི་བསམ་གཏན་དང་བཅས་པ་རང་ངོ་ཤེས་པ་གཅེས་སོ། །འདིའི་ངོ་བོ་དང་ཁྱད་པར་ནི་ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཡེ་ཤེས་ཡེ་ཤེས་ཞེས་བྱ་བ། །ཡེ་ཤེས་ཡེ་ནས་ཤེས་པ་ཡིན། །རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོག་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བའི་རང་བྱུང་མིན། །ཡུལ་མེད་ཙམ་ན་གསལ་མི་བྱེད། །དེས་ན་རང་བྱུང་ཡེ་ཤེས་དེས། །ཡེ་ནས་ཤེས་པའི་ཡེ་ཤེས་ཏེ། །ཡེ་ཤེས་ཞེས་ནི་དེ་ལ་བྱ། །འཁོར་གྱི་སྟོན་པའི་ཡེ་ཤེས་ནི། །ཡུལ་ལ་བརྟགས་པའི་ཡེ་ཤེས་དེས། །གངས་སུ་ཡུལ་ལ་རྟོག་བྱེད་པ། །དེ་ནི་རིག་བྱེད་ཡེ་ཤེས་ཡིན། །རིག་པར་བྱ་བའི་ཡུལ་དེ་ནི། །བྱང་ཆུབ་སེམས་ལས་བྱུང་བའི་ཕྱིར། །དེ་ནི་ཡུལ་མེད་བྱང་ཆུབ་སེམས། །ཡེ་ཤེས་རང་ལས་བྱུང་བའི་ཕྱིར། །དེ་ལ་ཏིང་འཛིན་སྒོམ་མི་བྱེད། །ཏིང་འཛིན་སྒོམ་པ་མི་བྱེད་པས། །ཏིང་འཛིན་བག་ཆགས་སོགས་མི་འགྱུར། །བག་ཆགས་མེད་པའི་ཆོས་ཉིད་དེ། །དུས་གསུམ་སངས་རྒྱས་དགོངས་པར་བཤད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པ་ཡུལ་ལ་མི་རྟོག་སྟེ། །མཉམ་པ་ཉིད་དུ་ཡེ་ནས་གནས། །ཞེས་སོ། །རང་བྱུང་གི་ཡེ་ཤེས་ཡུལ་ལ་མི་རྟོག་པ་དེ་ལ་རང་གནས་ཀྱི་བསམ་གཏན་མ་བྱས་ལྷུན་གྲུབ་ཏུ་ཡོད་པ་ཉིད་རྣལ་འབྱོར་པའི་བསམ་གཏན་ཡིན་ལ། ཡུལ་

[p. 250] རྩེ་གཅིག་ཏུ་ཡིད་ལ་བྱེད་པའི་ནི་ལྷག་འཇིག་རྟེན་གྱིས་པའི་བསམ་གཏན་ཡིན་པས། བག་ཆགས་སོག་མི་སོག་གི་ཁྱད་ཡོད་དོ། །རིག་པ་རང་གནས་ཀྱི་ངོ་བོ་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། ཆོས་ཉིད་ཀྱི་དགོངས་པ་ཞེས་བྱའོ། ། ཡུལ་ལ་འཆར་བའི་ཤེས་པ་ནི་འཁོར་བའི་སེམས་ཞེས་བྱ་བས། འཛིན་པ་དང་གཟུང་བའི་རྣམ་ལྡན་དུ་སྐྱེ་བའོ། །དེ་ཡང་ངོས་ཟིན་ནས་དང་ལ་གློད་ཤེས་དུས་རང་བྱུང་གི་རྩལ་གཞི་ལ་ཐིམ་པས། དགོངས་པ་ཆོས་ཉིད་དུ་ འཆར་བའོ། །དོན་འདི་གཉིས་ཤིན་ཏུ་ཁྱད་ཆེ་བས་ཡང་བཤད་པ་ནི། དེ་ཉིད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །རང་བྱུང་ཡེ་ཤེས་ཐུགས་དེ་ལ། །ཡེ་ནས་རྟོག་པ་ མེད་པའི་ཕྱིར། །སངས་རྒྱས་དགོངས་པ་མི་མཛད་དེ། །རྟོག་པའི་ཡུལ་ནི་ཀུན་དང་བྲལ། །ཤིན་ཏུ་རྣལ་འབྱོར་གང་ཟག་གང་། །སུ་ཡང་རུང་བ་དེ་ཡིས་ནི། །རྟོག་པ་མེད་ལ་གནས་གྱུར་ན། །དེ་ནི་སངས་རྒྱས་དགོངས་པ་ མཛད། །རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པས། །རྣམ་པར་རྟོག་པའི་བག་ཆགས་གོས་མི་འགྱུར། །ཞེས་སོ། །དེ་ལྟར་དབྱིངས་འཕོ་འགྱུར་མེད་པའི་དགོངས་པ་རིག་པའི་གཏན་ཡུལ་ངེས་པ་ནི། མི་གཡོ་ བས་མ་བརྗོད་འདས་པའི་ངང་ཉིད་ལས། །སྣང་སྲིད་སྣོད་བཅུད་ཀུན་ལ་མངའ་དབང་བསྒྱུར། །ཆོས་དབྱིངས་ཡངས་པའི་ཡུལ་ཁམས་རྒྱ་ཆེའོ། །ཞེས་བྱ་བ་ནི་དོན་བསྡུ་བ་སྟེ། རང་བྱུང་གི་ཡེ་ཤེས་རང་གནས་ཀྱི་ངང་

[p. 251] དང་། ངང་ལས་ཤར་བའི་དབང་པོ་ལྔའི་ཤེས་པ་རང་སངས་རང་གྲོལ་ལ་སོང་བ་ཡང་ཆོས་ཉིད་ལས་མ་གཡོས་པས། སྣང་སྲིད་ཆོས་སྐུའི་ཞིང་ཁམས་སུ་ཤར་བ་སྟེ། འདས་རྗེས་ལས། ཡིན་པ་གྲུབ་པ་མེད་པའི་རིག་པ་འདི། །རང་སྣང་འཆང་ཚུལ་ཅིར་ཡང་མ་འགགས་པས། །སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། །ཞེས་པ་དང་། ཀུན་བྱེད་ལས། མི་རྟོག་པ་ཡི་རང་བྱུང་ཡེ་ཤེས་ལྔ། །སེམས་ཀྱི་རང་བཞིན་དབང་པོ་སྒོ་ལྔར་བཤད། །རང་བྱུང་ཡེ་ཤེས་དེ་ལ་འགག་པ་མེད། །བྱང་ཆུབ་སེམས་ཀྱི་ངོ་བོ་མངོན་སྣང་ལ། །རང་བྱུང་ཡེ་ཤེས་མི་འགག་སོ་སོར་གསལ། །ཞེས་སོ། །སྤྱིར་རིག་པའི་རང་ངོ་གང་དུའང་མ་གྲུབ་པ། གང་དུའང་མི་རྟོག་པ། གང་ལའང་མི་གནས་པ་སྟེ། འདི་ལ་བྱང་ཆུབ་ཀྱི་སེམས་དང་། དོན་དམ་པའི་བདེན་པ་དང་། རང་བྱུང་གི་ཡེ་ཤེས་དང་། ཆོས་ཀྱི་སྐུ་ལ་སོགས་པར་མིང་མང་པོ་བཏགས་ཏེ། གསལ་བ་དང་། སྟོང་པ་ལ་སོགས་པའི་ཆའི་ལྡོག་པ་ཕྱོགས་རེ་ལ་ཕྱེ་བར་ཟད་དོ། །དོན་ལ་རིག་པ་གྲུབ་བསལ་མེད་པ་སྟེ། རྒྱུད་དེ་ཉིད་ལས། ཀུན་བྱེད་ང་ཡི་རང་བཞིན་གཅིག་པུ་ལ། །འཁོར་གྱི་འདོད་པ་རྣམས་ཀྱིས་མིང་བཏགས་པ། །ལ་ལས་བྱང་ཆུབ་སེམས་སུ་མིང་བཏགས་ལ། །ལ་ལས་ནམ་མཁའི་ཁམས་སུ་མིང་ཡང་བཏགས། །ལ་ལས་རང་བྱུང་ཡེ་ཤེས་མིང་ཡང་བཏགས། །ལ་ལ་

[p. 252] ཆོས་ཀྱི་སྐུ་རུ་མིང་ཡང་བཏགས། །ལ་ལས་ལོངས་སྤྱོད་རྫོགས་པར་མིང་ཡང་བཏགས། །ལ་ལ་སྤྲུལ་པའི་སྐུ་རུ་མིང་ཡང་བཏགས། ལ་ལས་ཐམས་ཅད་མཁྱེན་པར་མིང་ཡང་བཏགས། ལ་ལ་རྣམ་པ་ཐམས་ཅད་མིང་ཡང་བཏགས། །ལ་ལའི་ཡེ་ཤེས་བཞི་དང་གསུམ་དུ་བཏགས། །ལ་ལས་ཡེ་ཤེས་ལྔ་རུ་མིང་ཡང་བཏགས། །མ་ལས་དབྱིངས་དང་ཡེ་ཤེས་མིང་བཏགས་པ། །རང་བྱུང་བྱང་ཆུབ་སེམས་ནི་གཅིག་ལ་བཏགས། །རང་བྱུང་ང་ལ་མཐོང་ཚོད་སྨྲས་པ་ཡིན། །ཞེས་སོ། །དེ་ལྟ་བུའི་དོན་དེ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སུ་བདེ་ཀློང་གཅིག་ཏུ་འཁྱིལ་བར་བསྟན་པ་ནི། ཡུལ་དེར་གནས་ན་ཀུན་ཀྱང་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་གཅིག་ལས་མ་གཡོས་པར། །མ་བྱས་ཡེ་ཟིན་རྩོལ་སྒྲུབ་འདས་པ་ཉིད། །གྲྭ་ཟུར་མེད་པའི་ཐིག་ལེ་ཟླུམ་པས་ན། །ཇི་བཞིན་དབྱེ་བསལ་མེད་པའི་ཀློང་དུ་འཁྱིལ། །རིག་པ་དྲི་མ་མེད་པའི་ངོ་བོ་ནི་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་ཡེ་ནས་གནས་པ་སྟེ། བྱ་རྩོལ་བསམ་ཡུལ་ལས་འདས་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ནི། མུ་ཏིག་ཕྲེང་བ་ལས། ཀུན་གཞི་ཆོས་སྐུར་རང་ཤར་བས། །བརྒྱུད་པའི་རྩ་བ་རྩད་ནས་བཅད། །ཡིད་བཞིན་དགོངས་པར་ཡེ་གནས་པས། །འགྱུ་བྱེད་རྣམས་ནི་རང་གཞག་ཡིན། །དབུགས་ནི་ཡེ་ནས་རྒྱུན་ཆད་པས། །སྐྱེ་ཤི་གདོད་ནས་ཡོད་པ་མིན། །འདོད་པའི་ཡོན་ཏན་

[p. 253] ཡེ་རྫོགས་པས། །ཞེན་པའི་མཐའ་ནི་སྒོམ་པ་ཉིད། །ཡན་ལག་མ་བསྐྱོད་ཡེ་ཕྱིན་པས། །འགྲོ་བའི་ལམ་ཉིད་ཡེ་ནས་བགྲོད། །སྨྲས་པའི་ངག་ནི་བརྗོད་མེད་པས། །

[edit]
BDRC typed e-text UT22920_003_0001/0002 as downloaded (the base text was made from it).

བློ་ཡང་རབ་རྣམས་འཇུག་པའི་སྒོ་ནས་རིམ་རྩོལ་རྒྱུ་འབྲས་ལས་འདས་པའི་སྒོ་འཕར་ཡེ་ནས་རང་བཙུགས་པ་ནི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཕོ་བྲང་ཞེས་བྱའོ། །དེ་དག་གི་རང་བཞིན་ནི་ཀློང་དྲུག་པ་ལས། །ཡེ་ཤེས་མ་བཅོས་རྣམ་དག་པ། །ཁ་དོག་མ་བཅོས་མ་འདྲེས་གསལ། །གཉིས་མེད་མ་བཅོས་སྟོང་པའི་ངང༌། །རང་བྱུང་མ་བཅོས་རིག་པའི་ཀློང༌། །ཞེས་པ་དང༌། ཀུན་བྱེད་ལས། སྒོ་ནི་བཙལ་དུ་མེད་པའི་སྒོ་ནས་འཇུག །ཅེས་སོ། །ཕོ་བྲང་དེ་ཡི་རྒྱན་དང་བཀོད་པ་ནི། །ལྷུན་གྲུབ་འབྱོར་པའི་བཀོད་པས་བརྒྱན་པ་དེར། །རང་བྱུང་ཡེ་ཤེས་རྒྱལ་པོ་གདན་ལ་བཞུགས། །འདུ་འཕྲོར་སྣང་བ་ཡེ་ཤེས་རྩལ་རྣམས་ཀུན། །བློན་པོར་གྱུར་པས་ཡུལ་ལ་དབང་བསྒྱུར་ཞིང༌། །རང་གནས་བསམ་གཏན་བཙུན་མོ་དམ་པ་དང༌། །དགོངས་པ་རང་ཤར་སྲས་དང་བྲན་གཡོག་བཅས། །བདེ་ཆེན་ཀློང་འཁྱིལ་རང་གསལ་རྟོག་པ་མེད། །དེ་ལ་རང་བྱུང་ལྷུན་གྲུབ་ཀྱི་རིག་པ་ནི་ཕོ་བྲང་གི་བཀོད་པ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་ཅིང་ཆོས་ཐམས་ཅད་རབ་རྫོགས་པ་སྟེ། ཡི་གེ་མེད་པ་ལས། ང་ལ་ཕྱི་དང་ནང་མེད་པས། གསལ་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་སྟོང་དང་དངོས་མེད་པས། །སྣང་བའི་ཆོས་ནི་ཡོངས་སུ་རྫོགས། །ཞེས་སོ། །དེ་ལྟར་ལྷུན་གྱིས་གྲུབ་པའི་སྙིང་པོའི་ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ཏེ་རྒྱལ་པོ་ཁྲི་ལས་མི་གཡོ་བ་ལྟ་བུའོ། །དེའི་ངོ་བོ་ལ་རང་གནས་རང་བཞིན་གྱི་བསམ་གཏན་ནི་རིག་པ་དང་འབྲལ་མ་མྱོང་བས་བཙུན་མོ་ལྟ་བུའོ། །དེའི་དོན་རྟོགས་ནས་དགོངས་པའི་དྲོད་རང་ཆས་སུ་གྲུབ་པ་ནི་སྲས་དང་བྲན་གཡོག་ལྟ་བུའོ། །རིག་པའི་ངང་ནས་རང་རྩལ་ཡུལ་ཐོག་ཏུ་འཕྲོ་བའི་ཤེས་པ་ནི་བློན་པོ་ཡུལ་འཁོར་ལ་དབང་བསྒྱུར་ནས་འདོད་པ་བསྒྲུབས་པ་ལྟ་བུའོ། །འདིའི་ཁྱད་པར་མ་ཕྱེད་ན་སྨྱོན་པ་རྡོལ་ཐབས་སུ་སྨྲ་བ་དང་ཁྱད་མེད་པའི་ཕྱིར། རང་བྱུང་གི་ཡེ་ཤེས་དུས་ཐམས་ཅད་པ་ན་རང་གནས་ལྷུན་གྲུབ་ཀྱི་ངོ་བོ་ཡུལ་ལ་མི་ལྟོས་པ་དང༌། རིག་བྱེད་རྩལ་གྱི་ཡེ་ཤེས་ཡུལ་ཐོག་ཏུ་འཆར་བ་ཡུལ་ལ་ལྟོས་པ་ཅན་ཏེ། གློད་མ་ཤེས་ན་རྐྱེན་རྟོག་པ་རང་ག་མ་གཉིས་ཁྱད་པར་ཤིན་ཏུ་ཆེ་བས་ན། ནང་རང་བྱུང་ལ་ངོས་ཟིན་ནས་རྩལ་གཞི་ཐོག་ཏུ་གྲོལ་བར་འགྱུར་ཏེ། ཀ་དག་ཆོས་ཟད་ཀྱི་ངང་དུ་ལ་བཟླ་ལ། མ་ཟིན་ན་རང་བྱུང་གི་ཆ་དེ་ལུང་མ་བསྟན་ལས། རྩལ་རྟོག་པ་ཡུལ་ལ་འཇུག་པའི་ཕྱིར། དགོངས་པ་བར་མཚམས་མེད་པར་རང་བཞིན་གྱི་བསམ་གཏན་དང་བཅས་པ་རང་ངོ་ཤེས་པ་གཅེས་སོ། །འདིའི་ངོ་བོ་དང་ཁྱད་པར་ནི་ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཡེ་ཤེས་ཡེ་ཤེས་ཞེས་བྱ་བ། །ཡེ་ཤེས་ཡེ་ནས་ཤེས་པ་ཡིན། །རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོག་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བའི་རང་བྱུང་མིན། །ཡུལ་མེད་ཙམ་ན་གསལ་མི་བྱེད། །དེས་ན་རང་བྱུང་ཡེ་ཤེས་དེས། །ཡེ་ནས་ཤེས་པའི་ཡེ་ཤེས་ཏེ། །ཡེ་ཤེས་ཞེས་ནི་དེ་ལ་བྱ། །འཁོར་གྱི་སྟོན་པའི་ཡེ་ཤེས་ནི། །ཡུལ་ལ་བརྟགས་པའི་ཡེ་ཤེས་དེས། །གང་སུ་ཡུལ་ལ་རྟོག་བྱེད་པ། །དེ་ནི་རིག་བྱེད་ཡེ་ཤེས་ཡིན། །རིག་པར་བྱ་བའི་ཡུལ་དེ་ནི། །བྱང་ཆུབ་སེམས་ལས་བྱུང་བའི་ཕྱིར། །དེ་ནི་ཡུལ་མེད་བྱང་ཆུབ་སེམས། །ཡེ་ཤེས་རང་ལས་བྱུང་བའི་ཕྱིར། །དེ་ལ་ཏིང་འཛིན་སྒོམ་མི་བྱེད། །ཏིང་འཛིན་སྒོམ་པ་མི་བྱེད་པས། །ཏིང་འཛིན་བག་ཆགས་སོགས་མི་འགྱུར། །བག་ཆགས་མེད་པའི་ཆོས་ཉིད་དེ། །དུས་གསུམ་སངས་རྒྱས་དགོངས་པར་བཤད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པ་ཡུལ་ལ་མི་རྟོག་སྟེ། །མཉམ་པ་ཉིད་དུ་ཡེ་ནས་གནས། །ཞེས་སོ། །རང་བྱུང་གི་ཡེ་ཤེས་ཡུལ་ལ་མི་རྟོག་པ་དེ་ལ་རང་གནས་ཀྱི་བསམ་གཏན་མ་བྱས་ལྷུན་གྲུབ་ཏུ་ཡོད་པ་ཉིད་རྣལ་འབྱོར་པའི་བསམ་གཏན་ཡིན་ལ། ཡུལ་རྩེ་གཅིག་ཏུ་ཡིད་ལ་བྱེད་པའི་ཞི་ལྷག་འཇིག་རྟེན་བྱིས་པའི་བསམ་གཏན་ཡིན་པས། བག་ཆགས་སོག་མི་སོག་གི་ཁྱད་ཡོད་དོ། །རིག་པ་རང་གནས་ཀྱི་ངོ་བོ་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། །ཆོས་ཉིད་ཀྱི་དགོངས་པ་ཞེས་བྱའོ། །ཡུལ་ལ་འཆར་བའི་ཤེས་པ་ནི་འཁོར་བའི་སེམས་ཞེས་བྱ་བས། འཛིན་པ་དང་གཟུང་བའི་རྣམ་ལྡན་དུ་སྐྱེ་བའོ། །དེ་ཡང་ངོས་ཟིན་ནས་ངང་ལ་གློད་ཤེས་དུས་རང་བྱུང་གི་རྩལ་གཞི་ལ་ཐིམ་པས། དགོངས་པ་ཆོས་ཉིད་དུ་འཆར་བའོ། །དོན་དེ་གཉིས་ཤིན་ཏུ་ཁྱད་ཆེ་བས་ཡང་བཤད་པ་ནི། དེ་ཉིད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །རང་བྱུང་ཡེ་ཤེས་ཐུགས་དེ་ལ། །ཡེ་ནས་རྟོག་པ་མེད་པའི་ཕྱིར། །སངས་རྒྱས་དགོངས་པ་མི་མཛད་དེ། །རྟོག་པའི་ཡུལ་ནི་ཀུན་དང་བྲལ། །ཤིན་ཏུ་རྣལ་འབྱོར་གང་ཟག་གང༌། །སུ་ཡང་རུང་བ་དེ་ཡིས་ནི། །རྟོག་པ་མེད་ལ་གནས་གྱུར་ན། །དེ་ནི་སངས་རྒྱས་དགོངས་པ་མཛད། །རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པས། །རྣམ་པར་རྟོག་པའི་བག་ཆགས་གོས་མི་འགྱུར། །ཞེས་སོ། །དེ་ལྟར་དབྱིངས་འཕོ་འགྱུར་མེད་པའི་དགོངས་པ་རིག་པའི་གཏད་ཡུལ་ངེས་པ་ནི། མི་གཡོ་བསམ་བརྗོད་འདས་པའི་ངང་ཉིད་ལས། །སྣང་སྲིད་སྣོད་བཅུད་ཀུན་ལ་མངའ་དབང་བསྒྱུར། །ཆོས་དབྱིངས་ཡངས་པའི་ཡུལ་ཁམས་རྒྱ་ཆེའོ། །ཞེས་བྱ་བ་ནི་དོན་བསྡུ་བ་སྟེ། རང་བྱུང་གི་ཡེ་ཤེས་རང་གནས་ཀྱི་ངང་དང༌། ངང་ལས་ཤར་བའི་དབང་པོ་ལྔའི་ཤེས་པ་རང་སངས་རང་གྲོལ་ལ་སོང་བ་ཡང་ཆོས་ཉིད་ལས་མ་གཡོས་པས། སྣང་སྲིད་ཆོས་སྐུའི་ཞིང་ཁམས་སུ་ཤར་བ་སྟེ། འདས་རྗེས་ལས། ཡིན་པ་གྲུབ་པ་མེད་པའི་རིག་པ་འདི། །རང་སྣང་འཆར་ཚུལ་ཅིར་ཡང་མ་འགགས་པས། སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། །ཞེས་པ་དང༌། ཀུན་བྱེད་ལས། མི་རྟོག་པ་ཡི་རང་བྱུང་ཡེ་ཤེས་ལྔ། །སེམས་ཀྱི་རང་བཞིན་དབང་པོ་སྒོ་ལྔར་བཤད། །རང་བྱུང་ཡེ་ཤེས་དེ་ལ་འགག་པ་མེད། །བྱང་ཆུབ་སེམས་ཀྱི་ངོ་བོ་མངོན་སྣང་ལ། །རང་བྱུང་ཡེ་ཤེས་མི་འགག་སོ་སོར་གསལ། །ཞེས་སོ། །སྤྱིར་རིག་པའི་རང་ངོ་གང་དུའང་མ་གྲུབ་པ། གང་དུའང་མི་རྟོག་པ། གང་ལའང་མི་གནས་པ་སྟེ། འདི་ལ་བྱང་ཆུབ་ཀྱི་སེམས་དང༌། དོན་དམ་པའི་བདེན་པ་དང༌། རང་བྱུང་གི་ཡེ་ཤེས་དང༌། ཆོས་ཀྱི་སྐུ་ལ་སོགས་པར་མིང་མང་པོ་བཏགས་ཏེ། གསལ་བ་དང༌། སྟོང་པ་ལ་སོགས་པའི་ཆའི་ལྡོག་པ་ཕྱོགས་རེ་ལ་ཕྱེ་བར་ཟད་དོ། །དོན་ལ་རིག་པ་གྲུབ་བསལ་མེད་པ་སྟེ། རྒྱུད་དེ་ཉིད་ལས། ཀུན་བྱེད་ང་ཡི་རང་བཞིན་གཅིག་པུ་ལ། འཁོར་གྱི་འདོད་པ་རྣམས་ཀྱིས་མིང་བཏགས་པ། །ལ་ལས་བྱང་ཆུབ་སེམས་སུ་མིང་བཏགས་ལ། །ལ་ལས་ནམ་མཁའི་ཁམས་སུ་མིང་ཡང་བཏགས། །ལ་ལས་རང་བྱུང་ཡེ་ཤེས་མིང་ཡང་བཏགས། །ལ་ལས་ཆོས་ཀྱི་སྐུ་རུ་མིང་ཡང་བཏགས། །ལ་ལས་ལོངས་སྤྱོད་རྫོགས་པར་མིང་ཡང་བཏགས། །ལ་ལས་སྤྲུལ་པའི་སྐུ་རུ་མིང་ཡང་བཏགས། །ལ་ལས་ཐམས་ཅད་མཁྱེན་པར་མིང་ཡང་བཏགས། །ལ་ལས་རྣམ་པ་ཐམས་ཅད་མིང་ཡང་བཏགས། །ལ་ལས་ཡེ་ཤེས་བཞི་དང་གསུམ་དུ་བཏགས། །ལ་ལས་ཡེ་ཤེས་ལྔ་རུ་མིང་ཡང་བཏགས། །ལ་ལས་དབྱིངས་དང་ཡེ་ཤེས་མིང་བཏགས་པ། །རང་བྱུང་བྱང་ཆུབ་སེམས་ནི་གཅིག་ལ་བཏགས། །རང་བྱུང་ང་ལ་མཐོང་ཚད་སྨྲས་པ་ཡིན། །ཞེས་སོ། །དེ་ལྟ་བུ་དོན་དེ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སུ་བདེ་ཀློང་གཅིག་ཏུ་འཁྱིལ་བར་བསྟན་པ་ནི། །ཡུལ་དེར་གནས་ན་ཀུན་ཀྱང་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་གཅིག་ལས་མ་གཡོས་པར། །མ་བྱས་ཡེ་ཟིན་རྩོལ་སྒྲུབ་འདས་པ་ཉིད། །གྲྭ་ཟུར་མེད་པའི་ཐིག་ལེ་ཟླུམ་པས་ན། །ཇི་བཞིན་དབྱེ་བསལ་མེད་པའི་ཀློང་དུ་འཁྱིལ། །རིག་པ་དྲི་མ་མེད་པའི་ངོ་བོ་ནི་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་ཡེ་ནས་གནས་པ་སྟེ། བྱ་རྩོལ་བསམ་ཡུལ་ལས་འདས་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ནི། མུ་ཏིག་ཕྲེང་བ་ལས། ཀུན་གཞི་ཆོས་སྐུར་རང་ཤར་བས། །བརྒྱུད་པའི་རྩ་བ་རྩད་ནས་བཅད། །ཡིད་བཞིན་དགོངས་པར་ཡེ་གནས་པས། །འགྱུ་བྱེད་རྣམས་ནི་རང་གཞག་ཡིན། །དབུགས་ནི་ཡེ་ནས་རྒྱུན་ཆད་པས། །སྐྱེ་ཤི་གདོད་ནས་ཡོད་པ་མིན། །འདོད་པའི་ཡོན་ཏན་ཡེ་རྫོགས་པས། །ཞེན་པའི་མཐའ་ནི་སྒོམ་པ་ཉིད། །ཡན་ལག་མ་བསྐྱོད་ཡེ་ཕྱིན་པས། །འགྲོ་བའི་ལམ་ཉིད་ཡེ་ནས་བགྲོད། །སྨྲས་པའི་ངག་ནི་བརྗོད་མེད་པས། །

[edit]
rywikitexts e-text of the Beijing 2009 edition (vol. 16), with its page numbers ༼N༽.

བློ་ཡང་རབ་རྣམས་འཇུག་པའི་སྒོ་ནི་རིམ་རྩོལ་རྒྱུ་འབྲས་ལས་འདས་པའི་སྒོ་འཕར་ཡེ་ནས་རང་བཙུགས་པ་ནི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཕོ་བྲང་ཞེས་བྱའོ། །དེ་དག་གི་རང་བཞིན་ནི་ཀློང་དྲུག་པ་ལས། ཡེ་ཤེས་མ་བཅོས་རྣམ་དག་པ། །ཁ་དོག་མ་བཅོས་མ་འདྲེས་གསལ། །གཉིས་མེད་མ་བཅོས་སྟོང་པའི་ངང༌། །རང་བྱུང་མ་བཅོས་རིག་པའི་ཀློང༌། །ཞེས་པ་དང༌། ཀུན་བྱེད་ལས། སྒོ་ནི་བཙལ་དུ་མེད་པའི་སྒོ་ནས་འཇུག» «།ཅེས་སོ། །ཕོ་བྲང་དེའི་རྒྱན་དང་བཀོད་པ་ནི། ལྷུན་གྲུབ་འབྱོར་པའི་བཀོད་པས་བརྒྱན་པ་དེར། །རང་བྱུང་ཡེ་ཤེས་རྒྱལ་པོ་གདན་ལ་བཞུགས། །འདུ་འཕྲོར་སྣང་བ་ཡེ་ཤེས་རྩལ་རྣམས་ཀུན། །བློན་པོར་གྱུར་པས་ཡུལ་ལ་དབང་བསྒྱུར་ཞིང༌། །རང་གནས་བསམ་གཏན་བཙུན་མོ་དམ་པ་དང༌། །དགོངས་པ་རང་ཤར་སྲས་དང་བྲན་གཡོག་» «བཅས། །བདེ་ཆེན་ཀློང་འཁྱིལ་རང་གསལ་རྟོག་པ་མེད། །དེ་ལ་རང་བྱུང་ལྷུན་གྲུབ་ཀྱི་རིག་པ་ནི་ཕོ་བྲང་གི་བཀོད་པ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་ཅིང་ཆོས་ཐམས་ཅད་རྫོགས་པ་སྟེ། ཡི་གེ་མེད་པ་ལས། ང་ལ་ཕྱི་དང་ནང་མེད་པས། །» «གསལ་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་སྟོང་དང་དངོས་མེད་པས། །སྣང་བའི་ཆོས་ནི་ཡོངས་སུ་རྫོགས། །ཞེས་སོ། །དེ་ལྟར་ལྷུན་གྱིས་གྲུབ་པའི་སྙིང་པོའི་ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ཏེ་རྒྱལ་པོ་ཁྲི་ལས་མི་གཡོ་བ་ལྟ་བུའོ། །དེའི་ངོ་བོ་ལ་རང་གནས་རང་བཞིན་གྱི་བསམ་གཏན་ནི་རིག་པ་དང་བྲལ་མ་མྱོང་བས་བཙུན་མོ་ལྟ་བུའོ། །དེའི་དོན་རྟོགས་ནས་དགོངས་པའི་དྲོད་རང་ཆས་སུ་གྲུབ་པ་ནི་སྲས་དང་བྲན་གཡོག་ལྟ་བུའོ། །རིག་པའི་ངང་ནས་རང་རྩལ་ཡུལ་ཐོག་ཏུ་འཕྲོ་བའི་ཤེས་པ་ནི་བློན་པོ་ཡུལ་འཁོར་ལ་དབང་བསྒྱུར་ནས་འདོད་པ་བསྒྲུབས་པ་ལྟ་བུའོ། །» «འདིའི་ཁྱད་པར་མ་ཕྱེད་ན་སྨྱོན་པ་རྡོལ་ཐབས་སུ་སྨྲ་བ་དང་ཁྱད་མེད་པའི་ཕྱིར། རང་བྱུང་གི་ཡེ་ཤེས་དུས་ཐམས་ཅད་པ་»«ན་རང་«༼༡༽«གནས་ལྷུན་གྲུབ་ཀྱི་ངོ་བོ་ཡུལ་ལ་མི་ལྟོས་པ་དང༌། རིག་བྱེད་རྩལ་གྱི་ཡེ་ཤེས་ཡུལ་ཐོག་ཏུ་འཆར་བ་ཡུལ་ལ་ལྟོས་པ་ཅན་ཏེ། གློད་མ་ཤེས་ན་རྐྱེན་རྟོག་པ་རང་ག་མ་གཉིས་ཁྱད་པར་ཤིན་ཏུ་ཆེ་བས་ན། ནང་རང་བྱུང་ལ་ངོས་ཟིན་ནས་རྩལ་གཞི་ཐོག་ཏུ་གྲོལ་བར་འགྱུར་ཏེ། ཀ་དག་ཆོས་ཟད་ཀྱི་ངང་དུ་ལ་བཟླ་ལ། མ་ཟིན་ན་རང་བྱུང་གི་ཆ་དེ་ལུང་མ་བསྟན་ལས། རྩལ་རྟོག་པ་ཡུལ་ལ་འཇུག་པའི་ཕྱིར། དགོངས་པ་བར་མཚམས་མེད་པ་རང་བཞིན་གྱི་བསམ་གཏན་དང་བཅས་པ་རང་ངོ་ཤེས་པ་གཅེས་སོ། །འདིའི་ངོ་བོ་དང་ཁྱད་པར་ནི་ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག» «ཡེ་ཤེས་ཡེ་ཤེས་ཞེས་བྱ་བ། །ཡེ་ཤེས་ཡེ་ནས་ཤེས་པ་ཡིན། །རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོག་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བའི་རང་བྱུང་མིན། །ཡུལ་མེད་ཙམ་ན་གསལ་མི་བྱེད། །དེས་ན་རང་བྱུང་ཡེ་ཤེས་དེས། །ཡེ་ནས་ཤེས་པའི་ཡེ་ཤེས་ཏེ། །ཡེ་ཤེས་ཞེས་ནི་དེ་ལ་བྱ། །འཁོར་གྱི་སྟོན་པའི་ཡེ་ཤེས་ནི། །ཡུལ་ལ་བརྟགས་པའི་ཡེ་ཤེས་དེས། །གང་དུ་ཡུལ་ལ་རྟོག་བྱེད་པ། །དེ་ནི་རིག་བྱེད་ཡེ་ཤེས་ཡིན། །རིག་པར་བྱ་བའི་ཡུལ་དེ་ནི། །བྱང་ཆུབ་སེམས་ལས་བྱུང་བའི་» «ཕྱིར། །དེ་ནི་ཡུལ་མེད་བྱང་ཆུབ་སེམས། །ཡེ་ཤེས་རང་ལས་བྱུང་བའི་ཕྱིར། །དེ་ལ་ཏིང་འཛིན་སྒོམ་མི་བྱེད། །ཏིང་འཛིན་སྒོམ་པ་མི་བྱེད་པས། །ཏིང་འཛིན་བག་ཆགས་སོག་མི་འགྱུར། །བག་ཆགས་མེད་པའི་ཆོས་ཉིད་དེ། །དུས་གསུམ་སངས་རྒྱས་དགོངས་པར་བཤད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པ་ཡུལ་ལ་མི་རྟོག་སྟེ། །མཉམ་པ་ཉིད་དུ་ཡེ་ནས་གནས། །ཞེས་སོ། །རང་བྱུང་གི་ཡེ་ཤེས་ཡུལ་ལ་མི་རྟོག་པ་དེ་ལ་རང་གནས་ཀྱི་བསམ་གཏན་མ་བྱས་ལྷུན་གྲུབ་ཏུ་ཡོད་པ་ཉིད་རྣལ་འབྱོར་པའི་བསམ་གཏན་ཡིན་ལ། ཡུལ་རྩེ་གཅིག་ཏུ་ཡིད་ལ་བྱེད་པའི་ཞི་ལྷག་འཇིག་རྟེན་བྱིས་པའི་བསམ་གཏན་ཡིན་པས། བག་ཆགས་སོག་མི་སོག་གི་ཁྱད་ཡོད་དོ། །» «རིག་པ་རང་གནས་ཀྱི་ངོ་བོ་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། ཆོས་ཉིད་ཀྱི་དགོངས་པ་ཞེས་བྱའོ། །ཡུལ་ལ་འཆར་བའི་ཤེས་པ་ནི་འཁོར་བའི་སེམས་ཞེས་བྱ་བས། འཛིན་པ་དང་གཟུང་བའི་རྣམ་ལྡན་དུ་སྐྱེ་བའོ། །» «དེ་ཡང་ངོས་ཟིན་ནས་ངང་ལ་གློད་ཤེས་དུས་རང་བྱུང་གི་རྩལ་གཞི་ལ་ཐིམ་པས། དགོངས་པ་ཆོས་ཉིད་དུ་འཆར་བའོ། །དོན་འདི་གཉིས་ཤིན་ཏུ་ཁྱད་ཆེ་བས་ཡང་བཤད་པ་ནི། དེ་ཉིད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག» «དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །རང་བྱུང་ཡེ་ཤེས་ཐུགས་དེ་ལ། །ཡེ་ནས་རྟོག་པ་མེད་པའི་ཕྱིར། །སངས་རྒྱས་དགོངས་པ་མི་མཛད་དེ། །རྟོག་པའི་ཡུལ་ནི་ཀུན་དང་བྲལ། །ཤིན་ཏུ་རྣལ་འབྱོར་གང་ཟག་གང༌། །སུ་ཡང་རུང་བ་དེ་ཡིས་ནི། །རྟོག་པ་མེད་ལ་གནས་གྱུར་ན། །དེ་ནི་སངས་རྒྱས་དགོངས་པ་མཛད། །རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པས། །རྣམ་པར་རྟོག་པའི་བག་ཆགས་གོས་མི་འགྱུར། །ཞེས་» «སོ། །དེ་ལྟར་དབྱིངས་འཕོ་འགྱུར་མེད་པའི་དགོངས་པ་རིག་པའི་གཏན་ཡུལ་ངེས་པ་ནི། མི་གཡོ་བསམ་བརྗོད་འདས་པའི་ངང་ཉིད་ལས། །སྣང་སྲིད་སྣོད་བཅུད་ཀུན་ལ་མངའ་དབང་བསྒྱུར«༼༡༽«། །» «ཆོས་དབྱིངས་ཡངས་པའི་ཡུལ་ཁམས་རྒྱ་ཆེའོ། །ཞེས་བྱ་བ་ནི་དོན་བསྡུ་བ་སྟེ། རང་བྱུང་གི་ཡེ་ཤེས་རང་གནས་ཀྱི་ངང་དང༌། ངང་ལས་ཤར་བའི་དབང་པོ་ལྔའི་ཤེས་པ་རང་སངས་རང་གྲོལ་ལ་སོང་བ་ཡང་ཆོས་ཉིད་ལས་མ་གཡོས་པས། སྣང་སྲིད་ཆོས་སྐུའི་ཞིང་ཁམས་སུ་ཤར་བ་སྟེ། འདས་རྗེས་ལས། ཡིན་པ་གྲུབ་པ་མེད་པའི་རིག་པ་འདི། །རང་སྣང་འཆར་ཚུལ་ཅིར་ཡང་མ་འགགས་པས། །སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། །ཞེས་པ་དང༌། ཀུན་བྱེད་ལས། མི་རྟོག་པ་ཡི་རང་བྱུང་ཡེ་ཤེས་ལྔ། །སེམས་ཀྱི་རང་བཞིན་དབང་པོ་སྒོ་ལྔར་བཤད། །རང་བྱུང་ཡེ་ཤེས་དེ་ལ་འགག་པ་མེད། །བྱུང་ཆུབ་སེམས་ཀྱི་ངོ་བོ་མངོན་སྣང་ལ། །རང་བྱུང་ཡེ་ཤེས་མི་འགག་སོ་སོར་གསལ། །ཞེས་སོ། །སྤྱིར་རིག་པའི་རང་ངོ་གང་དུའང་མ་གྲུབ་པ། གང་དུའང་མི་རྟོག་པ། གང་ལའང་མི་གནས་པ་སྟེ། འདི་ལ་བྱང་ཆུབ་ཀྱི་སེམས་དང༌། དོན་དམ་པའི་བདེན་པ་དང༌། རང་བྱུང་གི་ཡེ་ཤེས་དང༌། ཆོས་ཀྱི་སྐུ་ལ་སོགས་པར་མིང་མང་པོ་བཏགས་ཏེ། གསལ་བ་དང༌། སྟོང་པ་ལ་སོགས་པའི་ཆའི་ལྡོག་པ་ཕྱོགས་རེ་ལ་ཕྱེ་བར་ཟད་དོ། །དོན་ལ་རིག་པ་གྲུབ་བསལ་མེད་པ་སྟེ། རྒྱུད་དེ་ཉིད་ལས། ཀུན་བྱེད་ང་ཡི་རང་བཞིན་གཅིག་པུ་ལ། །འཁོར་གྱི་འདོད་པ་རྣམས་ཀྱིས་མིང་བཏགས་པ། །ལ་ལས་བྱང་ཆུབ་སེམས་སུ་མིང་བཏགས་ལ། །ལ་ལས་ནམ་མཁའི་ཁམས་སུ་མིང་ཡང་བཏགས། །ལ་ལས་རང་བྱུང་ཡེ་ཤེས་མིང་ཡང་བཏགས། །ལ་ལས་ཆོས་ཀྱི་སྐུ་རུ་མིང་ཡང་བཏགས། །ལ་ལས་ལོངས་སྤྱོད་རྫོགས་པར་མིང་ཡང་བཏགས། །ལ་ལས་སྤྲུལ་པའི་སྐུ་རུ་མིང་ཡང་བཏགས། །ལ་ལས་ཐམས་ཅད་མཁྱེན་པར་མིང་ཡང་བཏགས། །ལ་ལས་རྣམ་པ་ཐམས་ཅད་མིང་ཡང་བཏགས། །ལ་ལས་ཡེ་ཤེས་བཞི་དང་གསུམ་དུ་བཏགས། །ལ་ལས་ཡེ་ཤེས་ལྔ་རུ་མིང་ཡང་བཏགས། །ལ་ལས་དབྱིངས་དང་ཡེ་ཤེས་མིང་བཏགས་པ། །རང་བྱུང་བྱང་ཆུབ་སེམས་ནི་གཅིག་ལ་བཏགས། །རང་བྱུང་ང་ལ་མཐོང་ཚོད་«༼༡༽«སྨྲས་པ་ཡིན། །ཞེས་སོ། །དེ་ལྟ་བུའི་དོན་དེ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སུ་བདེ་ཀློང་གཅིག་ཏུ་འཁྱིལ་བར་བསྟན་པ་ནི། ཡུལ་དེར་གནས་ན་ཀུན་ཀྱང་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་གཅིག་ལས་མ་གཡོས་» «པར། །མ་བྱས་ཡེ་ཟིན་རྩོལ་སྒྲུབ་འདས་པ་ཉིད། །གྲྭ་ཟུར་མེད་པའི་ཐིག་ལེ་ཟླུམ་པས་ན། །ཇི་བཞིན་དབྱེ་བསལ་མེད་པའི་ཀློང་དུ་འཁྱིལ། །རིག་པ་དྲི་མ་མེད་པའི་ངོ་བོ་ནི་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་ཡེ་ནས་གནས་པ་སྟེ། བྱ་རྩོལ་བསམ་ཡུལ་ལས་འདས་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ནི། མུ་ཏིག་ཕྲེང་བ་ལས། ཀུན་གཞི་ཆོས་སྐུར་རང་ཤར་བས། །བརྒྱུད་པའི་རྩ་«༼༢༽«བ་རྩད་ནས་» «བཅད། །ཡིད་བཞིན་དགོངས་པར་ཡེ་གནས་པས། །འགྱུ་བྱེད་རྣམས་ནི་རང་གཞག་ཡིན། །དབུགས་ནི་ཡེ་ནས་རྒྱུན་ཆད་པས། །སྐྱེ་ཤི་གདོད་ནས་ཡོད་པ་» «མིན། །འདོད་པའི་ཡོན་ཏན་ཡེ་རྫོགས་པས། །ཞེན་པའི་མཐའ་ནི་སྒོམ་པ་» «ཉིད། །ཡན་ལག་མ་བསྐྱོད་ཡེ་ཕྱིན་པས། །» «འགྲོ་བའི་ལམ་ཉིད་ཡེ་ནས་» «བགྲོད། །སྨྲས་པའི་ངག་ནི་བརྗོད་མེད་པས། །

[edit]
OCR of the BDRC scans (I1CZ5001), gorn05 tibocr 2026: BDRC OCR on 236 pages, Mitra OCR on 78 pages (the model with more recognisable syllables on each page).

[p. 809] བློ་ཡང་རབ་རྣམས་འཇུག་པའི་སྒོ་ནི་རིམ་རྩོལ་རྒྱུ་འབྲས་ལས་འདས་པའི་སྒོ་འཕར་ཡེ་ནས་རང་བཙུགས་པ་ནི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཕོ་

[p. 810] བྲང་ཞེས་བྱའོ། །དེ་དག་གི་རང་བཞིན་ནི་ཀློང་དྲུག་པ་ལས། ཡེ་ཤེས་མ་བཅོས་རྣམ་དག་པ། །ཁ་དོག་མ་བཅོས་མ་འདྲེས་གསལ། །གཉིས་མེད་མ་བཅོས་སྟོང་པའི་ངང་། །རང་བྱུང་མ་བཅོས་རིག་པའི་ཀློང་། །ཞེས་པ་དང་། ཀུན་བྱེད་ལས། སྒོ་ནི་བཙལ་དུ་མེད་པའི་སྒོ་ནས་འཇུག །ཅེས་སོ། །ཕོ་བྲང་དེ་ཡི་རྒྱན་དང་བཀོད་པ་ནི། །ལྷུན་གྲུབ་འབྱོར་པའི་བཀོད་པས་བརྒྱན་པ་དེར། །རང་བྱུང་ཡེ་ཤེས་རྒྱལ་པོ་གདན་ལ་བཞུགས། །འདུ་འཕྲོར་སྣང་བ་ཡེ་ཤེས་ རྩལ་རྣམས་ཀུན། །བློན་པོར་གྱུར་པས་ཡུལ་ལ་དབང་བསྒྱུར་ཞིང་། །རང་གནས་བསམ་གཏན་བཙུན་མོ་དམ་པ་དང་། །དགོངས་པ་རབ་ཤར་སྲས་དང་བྲན་གཡོག་བཅས། །བདེ་ཆེན་ཀློང་འཁྱིལ་རང་གསལ་རྟོག་པ་མེད། །དེ་ ལ་རང་བྱུང་ལྷུན་གྲུབ་ཀྱི་རིག་པ་ནི་ཕོ་བྲང་གི་བཀོད་པ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་ཅིང་ཆོས་ཐམས་ཅད་རྫོགས་པ་སྟེ། ཡི་གེ་མེད་པ་ལས། ང་ལ་ཕྱི་དང་ནང་མེད་པས། །གསལ་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་ སྟོང་དང་དངོས་མེད་པས། །སྣང་བའི་ཆོས་ནི་ཡོངས་སུ་རྫོག་ས། །ཞེས་སོ། །དེ་ལྟར་ལྷུན་གྱིས་གྲུབ་པའི་སྙིང་པོའི་ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ཏེ་རྒྱལ་པོ་ཁྲི་ལས་མི་གཡོ་བ་ལྟ་བུའོ། །དེའི་ངོ་བོ་ལ་རང་གནས་རང་བཞིན་ གྱི་བསམ་གཏན་ནི་རིག་པ་དང་འབྲལ་མ་མྱོང་བས་བཙུན་མོ་ལྟ་བུའོ། །དེའི་དོན་རྟོགས་ནས་དགོངས་པའི་དྲོད་རང་ཆས་སུ་གྲུབ་པ་ནི་སྲས་དང་བྲན་གཡོག་ལྟ་བུའོ། །རིག་པའི་ངང་ནས་རང་རྩལ་ཡུལ་ཐོག་ཏུ་འཕྲོ་

[p. 811] ༄༅། །བའི་ཤེས་པ་ནི་བློན་པོ་ཡུལ་འཁོར་ལ་དབང་བསྒྱུར་ནས་འདོད་པ་བསྒྲུབས་པ་ལྟ་བུའོ། །འདིའི་ཁྱད་པར་མ་ཕྱེད་ན་སྨྱོན་པ་རྡོལ་ཐབས་སུ་སྨྲ་བ་དང་ཁྱད་མེད་པའི་ཕྱིར། རང་བྱུང་གི་ཡེ་ཤེས་དུས་ ཐམས་ཅད་པ་ནང་གནས་ལྷུན་གྲུབ་ཀྱི་ངོ་བོ་ཡུལ་ལ་མི་ལྟོས་པ་དང་། རིག་བྱེད་རྩལ་གྱི་ཡེ་ཤེས་ཡུལ་ཐོག་ཏུ་འཆར་བ་ཡུལ་ལ་ལྟོས་པ་ཅན་ཏེ། གློད་མ་ཤེས་ན་རྐྱེན་རྟོག་པ་རང་ཀ་མ་གཉིས་ཁྱད་པར་ཤིན་ཏུ་ཆེ་བས་ན། ནང་རང་བྱུང་ལ་ངོས་ཟིན་ནས་རྩལ་གཞི་ཐོག་ཏུ་གྲོལ་བར་འགྱུར་ཏེ། ཀ་དག་ཆོས་ཟད་ཀྱི་ངང་དུ་ལ་བཟླ་ལ། མ་ཟིན་ན་རང་བྱུང་གི་ཆ་དེ་ལུང་མ་བསྟན་ལས། རྩལ་རྟོག་པ་ཡུལ་ལ་འཇུག་པའི་ཕྱིར། དགོངས་པ་བར་མཚམས་མེད་ པ་རང་བཞིན་གྱིས་བསམ་གཏན་དང་བཅས་པ་རང་ངོ་ཤེས་པ་གཅེས་སོ། །འདིའི་ངོ་བོ་དང་ཁྱད་པར་ནི་ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཡེ་ཤེས་ཡེ་ཤེས་ཞེས་བྱ་བ། །ཡེ་ཤེས་ཡེ་ནས་ཤེས་པ་ཡིན། ། རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོག་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བའི་རང་བྱུང་མིན། །ཡུལ་མེད་ཙམ་ན་གསལ་མི་བྱད། །དེས་ན་རང་བྱུང་ཡེ་ཤེས་དེས། །ཡེ་ནས་ཤེས་པའི་ཡེ་ཤེས་ཏེ། །ཡེ་ཤེས་ཞེས་ནི་ དེ་ལ་བྱ། །འཁོར་གྱི་སྟོན་པའི་ཡེ་ཤེས་ནི། ཡུལ་ལ་བརྟགས་པའི་ཡེ་ཤེས་དེས། །གང་སུ་ཡུལ་ལ་རྟོག་བྱེད་པ། །དེ་ནི་རིག་བྱེད་ཡེ་ཤེས་ཡིན། །རིག་པར་བྱ་བའི་ཡུལ་དེ་ནི། །བྱང་ཆུབ་སེམས་ལས་བྱུང་བའི་ཕྱིར། །དེ་ནི་

[p. 812] ཡུལ་མེད་བྱང་ཆུབ་སེམས། །ཡེ་ཤེས་རང་ལས་བྱུང་བའི་ཕྱིར། །དེ་ལ་ཏིང་འཛིན་སྒོམ་མི་བྱེད། །ཏིང་འཛིན་སྒོམ་པ་མི་བྱེད་པས། །ཏིང་འཛིན་བག་ཆགས་སོགས་མི་འགྱུར། །བག་ཆགས་མེད་པའི་ཆོས་ཉིད་དེ། །དུས་གསུམ་སྤངས་ རྒྱས་དགོངས་པར་བཤད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པ་ཡུལ་ལ་མི་རྟོག་སྟེ། །མཉམ་པ་ཉིད་དུ་ཡེ་ནས་གནས། །ཞེས་སོ། །རང་བྱུང་གི་ཡེ་ཤེས་ཡུལ་ལ་མི་རྟོག་པ་དེ་ལ་རང་གནས་ཀྱི་བསམ་གཏན་ མ་བྱས་ལྷུན་གྲུབ་ཏུ་ཡོད་པ་ཉིད་རྣལ་འབྱོར་བའི་བསམ་གཏན་ཡིན་ལ། ཡུལ་རྩེ་གཅིག་ཏུ་ཡིད་ལ་བྱེད་པའི་ཞི་ལྷག་འཇིག་རྟེན་བྱིས་པའི་བསམ་གཏན་ཡིན་པས། བག་ཆགས་སོག་མི་སོག་གི་ཁྱད་ཡོད་དོ། །རིག་པ་རང་ གནས་ཀྱི་ངོ་བོ་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། ཆོས་ཉིད་ཀྱི་དགོངས་པ་ཞེས་བྱའོ། །ཡུལ་ལ་འཆར་བའི་ཤེས་པ་ནི་འཁོར་བའི་སེམས་ཞེས་བྱ་བས། འཛིན་པ་དང་གཟུང་བའི་རྣམ་ལྡན་དུ་སྐྱེ་བའོ། །དེ་ཡང་ངོས་ཟིན་ནས་དང་ ལ་གློད་ཤེས་དུས་རང་བྱུང་གི་རྩལ་གཞི་ལ་ཐིམ་པས། དགོངས་པ་ཆོས་ཉིད་དུ་འཆར་བའོ། །དོན་འདི་གཉིས་ཤིན་ཏུ་ཁྱད་ཆེ་བས་ཡང་བཤད་པ་ནི། དེ་ཉིད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །དུས་གསུམ་སངས་ རྒྱས་ཐམས་ཅད་ཀྱི། །རང་བྱུང་ཡེ་ཤེས་ཐུགས་དེ་ལ། ཡེ་ནས་རྟོག་པ་མེད་པའི་ཕྱིར། །སངས་རྒྱས་དགོངས་པ་མི་མཛད་དེ། །རྟོག་པའི་ཡུལ་ནི་ཀུན་དང་བྲལ། །ཤིན་ཏུ་རྣལ་འབྱོར་གང་ཟག་གང་། །སུ་ཡང་རུང་བ་དེ་

[p. 813] ༄༅། །ཡིས་ནི། རྟོག་པ་མེད་ལ་གནས་གྱུར་ན། །དེ་ནི་སངས་རྒྱས་དགོངས་པ་མཛད། །རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པས། །རྣམ་པར་རྟོག་པའི་བག་ཆགས་གོས་མི་འགྱུར། །ཞེས་སོ། །དེ་ལྟར་ དབྱིངས་འཕོ་འགྱུར་མེད་པའི་དགོངས་པ་རིག་པའི་གཏན་ཡུལ་ངེས་པ་ནི། མི་གཡོ་བསམ་བརྗོད་འདས་པའི་ངང་ཉིད་ལས། །སྣང་སྲིད་སྣོད་བཅུད་ཀུན་ལ་མངའ་དབང་སྒྱུར། །ཆོས་དབྱིངས་ཡངས་པའི་ཡུལ་ཁམས་ རྒྱ་ཆེའོ། །ཞེས་བྱ་བ་ནི་དོན་བསྡུ་བ་སྟེ། རང་བྱུང་གི་ཡེ་ཤེས་རང་གནས་ཀྱི་ངང་དང་། ངང་ལས་ཤར་བའི་དབང་པོ་ལྔའི་ཤེས་པ་རང་སངས་རང་གྲོལ་ལ་སོང་བ་ཡང་ཆོས་ཉིད་ལས་མ་གཡོས་པས། སྣང་སྲིད་ཆོས་སྐུའི་ཞིང་ ཁམས་སུ་ཤར་བ་སྟེ། འདས་རྗེས་ལས། ཡིན་པ་གྲུབ་པ་མེད་པའི་རིག་པ་འདི། །རང་སྣང་འཆར་ཚུལ་ཅིར་ཡང་མ་འགགས་པས། །སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། ། ཞེས་པ་དང་། ཀུན་བྱེད་ལས། མི་རྟོག་པ་ཡི་རང་བྱུང་ཡེ་ཤེས་ལྔ། །སེམས་ཀྱི་རང་བཞིན་དབང་པོ་སྒོ་ལྔར་བཤད། །རང་བྱུང་ཡེ་ཤེས་དེ་ལ་འགག་པ་མེད། །བྱང་ཆུབ་སེམས་ཀྱི་ངོ་བོ་མངོན་སྣང་ལ། །རང་བྱུང་ ཡེ་ཤེས་མི་འགག་སོ་སོར་གསལ། །ཞེས་སོ། །སྤྱིར་རིག་པའི་རང་ངོ་གང་དུའང་མ་གྲུབ་པ། །གང་དུའང་མི་རྟོག་པ། གང་དུའང་མི་གནས་པ་སྟེ། འདི་ལ་བྱང་ཆུབ་ཀྱི་སེམས་དང་། དོན་དམ་པའི་བདེན་པ་དང་།

[p. 814] རང་བྱུང་གི་ཡེ་ཤེས་དང་། ཆོས་ཀྱི་སྐུ་ལ་སོགས་པར་མིང་མང་པོ་བཏགས་ཏེ། གསལ་བ་དང་། སྟོང་པ་ལ་སོགས་པའི་ཆའི་ལྡོག་པ་ཕྱོགས་རེ་ལ་ཕྱེ་བར་ཟད་དོ། །དོན་ལ་རིག་པ་གྲུབ་པས་ལ་མི་དྲ་བ་སྟེ། རྒྱུད་དེ་ཉིད་ལས། ཀུན་བྱེད་ང་ཡི་རང་བཞིན་གཅིག་པུ་ལ། །འཁོར་གྱི་འདོད་པ་རྣམས་ཀྱིས་མིང་བཏགས་པ། །ལ་ལས་བྱང་ཆུབ་སེམས་སུ་མིང་བཏགས་ལ། །ལ་ལས་ནམ་མཁའི་ཁམས་སུ་མིང་ཡང་བཏགས། །ལ་ལས་རང་བྱུང་ཡེ་ ཤེས་མིང་ཡང་བཏགས། །ལ་ལས་ཆོས་ཀྱི་སྐུ་རུ་མིང་ཡང་བཏགས། །ལ་ལས་ལོངས་སྤྱོད་རྫོགས་པར་མིང་ཡང་བཏགས། །ལ་ལས་སྤྲུལ་པའི་སྐུ་རུ་མིང་ཡང་བཏགས། །ལ་ལས་ཐམས་ཅད་མཁྱེན་པར་མིང་ཡང་ བཏགས། །ལ་ལས་རྣམ་པ་ཐམས་ཅད་མིང་ཡང་བཏགས། །ལ་ལས་ཡེ་ཤེས་བཞི་དྲང་གསུམ་དུ་བཏགས། །ལ་ལས་ཡེ་ཤེས་ལྔ་རུ་མིང་ཡང་བཏགས། །ལ་ལས་དབྱིངས་དང་ཡེ་ཤེས་མིང་བཏགས་པ། །རང་བྱུང་ བྱང་ཆུབ་སེམས་ནི་གཅིག་ལ་བཏགས། །རང་བྱུང་ང་ལ་མཐོང་ཚད་སྨྲས་པ་ཡིན། །ཞེས་སོ། །དེ་ལྟ་བུའི་དོན་དེ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སུ་བདེ་ཀློང་གཅིག་ཏུ་འཁྱིལ་བར་བསྟན་པ་ནི། ཡུལ་དེར་གནས་ན་ཀུན་ཀྱང་ཆོས་ ཀྱི་སྐུ། །རང་བྱུང་ཡེ་ཤེས་གཅིག་ལས་མ་གཡོས་པར། །མ་བྱས་ཡེ་ཟིན་རྩོལ་སྒྲུབ་འདས་པ་ཉིད། །གྲྭ་ཟུར་མེད་པའི་ཐིག་ལེ་ཟླུམ་པས་ན། །ཛི་བཞིན་དབྱེ་བས་ལ་མེད་པའི་ཀློང་དུ་འཁྱིལ། །རིག་པ་དྲི་མ་མེད་པའི་ངོ་བོ་ནི་

[p. 815] ༄༅། །ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་ཡེ་ནས་གནས་པ་སྟེ། བྱ་རྩོལ་བསམ་ཡུལ་ལས་འདས་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ནི། མུ་ཏིག་ཕྲེང་བ་ལས། ཀུན་གཞི་ཆོས་སྐུར་རང་ཤར་ བས། །བརྒྱུད་པའི་རྩ་བ་རྩད་ནས་བཅད། །ཡིད་བཞིན་དགོངས་པར་ཡེ་གནས་པས། །འགྱུ་བྱེད་རྣམས་ནི་རང་གཞག་ཡིན། །དབུགས་ནི་ཡེ་ནས་རྒྱུན་ཆད་པས། །སྐྱེ་ཤི་གདོང་ནས་ཡོད་པ་མིན། །འདོད་པའི་ཡོན་ཏན་ཡེ་རྫོགས་ པས། །ཞེན་པའི་མཐའ་ནི་སྒོམ་པ་ཉིད། །ཡན་ལག་མ་བསྐྱོད་ཡེ་ཕྱིན་པས། །འགྲོ་བའི་ལམ་ཉིད་ཡེ་ནས་བགྲོད། །སྨྲས་པའི་ངག་ནི་བརྗོད་མེད་པས། །

[edit]
OCR of the BDRC scans (I2PD20601, I2PD20602), gorn05 tibocr 2026: BDRC OCR on 244 pages, Mitra OCR on 127 pages (the model with more recognisable syllables on each page).

[p. 28] བློ་ཡང་རབ་རྣམས་འཇུག་པའི་སྒོ་ནི་རིམ་རྩོལ་རྒྱུ་འབྲས་ལས་འདས་པའི་སྒོ་འཕར་ཡེ་ནས་རང་བཙུགས་པ་ནི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཕོ་བྲང་ཞེས་བྱའོ། །དེ་དག་གི་རང་བཞིན་ནི་ཀློང་དྲུག་པ་ལས། ཡེ་ཤེས་མ་བཅོས་རྣམ་དག་པ། །ཁ་དོག་མ་བཅོས་མ་འདྲེས་གསལ། །གཉིས་མེད་མ་བཅོས་སྟོང་པའི་ངང་། །རང་བྱུང་མ་བཅོས་རིག་པའི་ཀློང་། །ཞེས་པ་དང་། ཀུན་བྱེད་ལས། སྒོ་ནི་བཙལ་དུ་མེད་པའི་སྒོ་ནས་འཇུག །ཅེས་སོ། །ཕོ་བྲང་དེ་ཡི་རྒྱན་དང་བཀོད་པ་ནི། །ལྷུན་གྲུབ་འབྱོར་པའི་བཀོད་པས་བརྒྱན་པ་དེར། །རང་བྱུང་ཡེ་ཤེས་རྒྱལ་པོ་གདན་ལ་བཞུགས། །འདུ་འཕྲོར་སྣང་བ་ཡེ་ཤེས་རྩལ་རྣམས་ཀུན། །བློན་པོར་གྱུར་པས་ཡུལ་ལ་དབང་བསྒྱུར་ཞིང་། །རང་གནས་བསམ་གཏན་བཙུན་མོ་དམ་པ་དང་། །དགོངས་པ་རང་ཤར་སྲས་དང་བྲན་གཡོག་བཅས། །བདེ་ཆེན་ཀློང་འཁྱིལ་རང་གསལ་རྟོག་པ་མེད། །དེ་ལ་རང་བྱུང་ལྷུན་གྲུབ་ཀྱི་རིག་པ་ནི་ཕོ་བྲང་གི་བཀོད་པ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་ཅིང་

[p. 29] ཆོས་ཐམས་ཅད་རྫོགས་པ་སྟེ། ཡི་གེ་མེད་པ་ལས། ང་ལ་ཕྱི་དང་ནང་མེད་པས། །གསལ་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་སྟོང་དང་དངོས་མེད་པས། །སྣང་བའི་ཆོས་ནི་ཡོངས་སུ་རྫོག་ས། །ཞེས་སོ། །དེ་ལྟར་ལྷུན་གྱིས་གྲུབ་པའི་སྙིང་པོའི་ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ཏེ་རྒྱལ་པོ་ཁྲི་ལས་མི་གཡོ་བ་ལྟ་བུའོ། །དེའི་ངོ་བོ་ལ་རང་གནས་རང་བཞིན་གྱི་བསམ་གཏན་ནི་རིག་པ་དང་འབྲལ་མ་མྱོང་བས་བཙུན་མོ་ལྟ་བུའོ། །དེའི་དོན་རྟོགས་ནས་དགོངས་པའི་དྲོད་དང་ཆས་སུ་གྲུབ་པ་ནི་སྲས་དང་བྲན་གཡོག་ལྟ་བུའོ། །རིག་པའི་ངང་ནས་རང་རྩལ་ཡུལ་ཐོག་ཏུ་འཕྲོ་བའི་ཤེས་པ་ནི་བློན་པོ་ཡུལ་འཁོར་ལ་དབང་བསྒྱུར་ནས་འདོད་པ་བསྒྲུབས་པ་ལྟ་བུའོ། །འདིའི་ཁྱད་པར་མ་ཕྱེད་ན་སྨྱོན་པ་རྡོལ་ཐབས་སུ་སྨྲ་བ་དང་ཁྱད་མེད་པའི་ཕྱིར། རང་བྱུང་གི་ཡེ་ཤེས་དུས་ཐམས་ཅད་པ་ནང་གནས་ལྷུན་གྲུབ་ཀྱི་ངོ་བོ་ཡུལ་ལ་མི་ལྟོས་པ་དང་། རིག་བྱེད་རྩལ་གྱི་ཡེ་ཤེས་ཡུལ་ཐོག་ཏུ་འཆར་བ་ཡུལ་ལ་ལྟོས་པ་ཅན་ཏེ། གློད་མ་ཤེས་ན་རྐྱེན་རྟོག་པ་རང་ཀ་མ་གཉིས་ཁྱད་པར་ཤིན་ཏུ་ཆེ་བས་ན། ནང་རང་བྱུང་ལ་ངོས་ཟིན་ནས་རྩལ་གཞི་ཐོག་ཏུ་གྲོལ་བར་འགྱུར་ཏེ། ཀ་དག་ཆོས་ཟད་ཀྱི་ངང་དུ་ལ་བཟླ་ལ། མ་ཟིན་ན་རང་བྱུང་གི་ཆ་དེ་ལུང་མ་བསྟན་ལས། རྩལ་རྟོག་པ་ཡུལ་ལ་འཇུག་པའི་ཕྱིར། དགོངས་པ་བར་མཚམས་མེད་པ་རང་བཞིན་གྱིས་བསམ་གཏན་དང་བཅས་པ་རང་ངོ་ཤེས་པ་གཅེས་སོ། །འདིའི་ངོ་བོ་དང་ཁྱད་པར་ནི་ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཡེ་ཤེས་ཡེ་ཤེས་ཞེས་བྱ་བ། །ཡེ་ཤེས་ཡེ་ནས་ཤེས་པ་ཡིན། །རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོག་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བའི་རང་བྱུང་མིན། །ཡུལ་མེད་ཙམ་ན་གསལ་མི་བྱེད། །དེས་ན་རང་བྱུང་ཡེ་ཤེས་དེས། །ཡེ་ནས་ཤེས་པའི་ཡེ་ཤེས་ཏེ། །ཡེ་ཤེས་ཞེས་ནི་དེ་ལ་བྱ། །འཁོར་གྱི་སྟོན་པའི་ཡེ་ཤེས་ནི། །ཡུལ་ལ་བརྟགས་པའི་ཡེ་ཤེས་དེས། །གང་སུ་ཡུལ་ལ་རྟོག་བྱེད་པ། །དེ་ནི་རིག་བྱེད་ཡེ་

[p. 30] ཤེས་ཡིན། །རིག་པར་བྱ་བའི་ཡུལ་དེ་ནི། །བྱང་ཆུབ་སེམས་ལས་བྱུང་བའི་ཕྱིར། །དེ་ནི་ཡུལ་མེད་བྱང་ཆུབ་སེམས། །ཡེ་ཤེས་རང་ལས་བྱུང་བའི་ཕྱིར། །དེ་ལ་ཏིང་འཛིན་སྒོམ་མི་བྱེད། །ཏིང་འཛིན་སྒོམ་པ་མི་བྱེད་པས། །ཏིང་འཛིན་བག་ཆགས་སོག་མི་འགྱུར། །བག་ཆགས་མེད་པའི་ཆོས་ཉིད་དེ། །དུས་གསུམ་སངས་རྒྱས་དགོངས་པར་བཤད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པ་ཡུལ་ལ་མི་རྟོག་སྟེ། །མཉམ་པ་ཉིད་དུ་ཡེ་ནས་གནས། །ཞེས་སོ། །རང་བྱུང་གི་ཡེ་ཤེས་ཡུལ་ལ་མི་རྟོག་པ་དེ་ལ་རང་གནས་ཀྱི་བསམ་གཏན་མ་བྱས་ལྷུན་གྲུབ་ཏུ་ཡོད་པ་ཉིད་རྣལ་འབྱོར་པའི་བསམ་གཏན་ཡིན་ལ། ཡུལ་རྩེ་གཅིག་ཏུ་ཡིད་ལ་བྱེད་པའི་ཞི་ལྷག་འཇིག་རྟེན་བྱིས་པའི་བསམ་གཏན་ཡིན་པས། བག་ཆགས་སོག་མི་སོག་གི་ཁྱད་ཡོད་དོ། །རིག་པ་རང་གནས་ཀྱི་ངོ་བོ་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། ཆོས་ཉིད་ཀྱི་དགོངས་པ་ཞེས་བྱའོ། །ཡུལ་ལ་འཆར་བའི་ཤེས་པ་ནི་འཁོར་བའི་སེམས་ཞེས་བྱ་བས། འཛིན་པ་དང་གཟུང་བའི་རྣམ་ལྡན་དུ་སྐྱེ་བའོ། །དེ་ཡང་ངོས་ཟིན་ནས་ངང་ལ་གློད་ཤེས་དུས་རང་བྱུང་གི་རྩལ་གཞི་ལ་ཐིམ་པས། དགོངས་པ་ཆོས་ཉིད་དུ་འཆར་བའོ། །དོན་འདི་གཉིས་ཤིན་ཏུ་ཁྱད་ཆེ་བས་ཡང་བཤད་པ་ནི། དེ་ཉིད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །རང་བྱུང་ཡེ་ཤེས་ཐུགས་དེ་ལ། །ཡེ་ནས་རྟོག་པ་མེད་པའི་ཕྱིར། །སངས་རྒྱས་དགོངས་པ་མི་མཛད་དེ། །རྟོག་པའི་ཡུལ་ནི་ཀུན་དང་བྲལ། །ཤིན་ཏུ་རྣལ་འབྱོར་གང་ཟག་གང་། །སུ་ཡང་རུང་བ་དེ་ཡིས་ནི། །རྟོག་པ་མེད་ལ་གནས་གྱུར་ན། །དེ་ནི་སངས་རྒྱས་དགོངས་པ་མཛད། །རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པས། །རྣམ་པར་རྟོག་པའི་བག་ཆགས་གོས་མི་འགྱུར། །ཞེས་སོ། །དེ་ལྟར་དབྱིངས་འཕོ་འགྱུར་མེད་པའི་དགོངས་པ་རིག་པའི་གཏན་ཡུལ་ངེས་པ་ནི། མི་གཡོ་བསམ་བརྗོད་འདས་པའི་ངང་ཉིད་

[p. 31] ༄༅། །ལས། །སྣང་སྲིད་སྣོད་བཅུད་ཀུན་ལ་མངའ་དབང་སྒྱུར། །ཆོས་དབྱིངས་ཡངས་པའི་ཡུལ་ཁམས་རྒྱ་ཆེའོ། །ཞེས་བྱ་བ་ནི་དོན་བསྡུ་བ་སྟེ། རང་བྱུང་གི་ཡེ་ཤེས་རང་གནས་ཀྱི་རང་དང་། དང་ལས་ཤར་བའི་དབང་པོ་ལྔའི་ཤེས་པ་རང་ སངས་རང་གྲོལ་ལ་སོང་བ་ཡང་ཆོས་ཉིད་ལས་མ་གཡོས་པས། སྣང་སྲིད་ཆོས་སྐུའི་སྙིང་ཁམས་སུ་ཤར་བ་སྟེ། འདས་རྗེས་ལས། ཡིན་པ་གྲུབ་པ་མེད་པའི་རིག་པ་འདི། །རང་སྣང་འཆར་ཚུལ་ཅིར་ཡང་མ་འགགས་པས། །སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། །ཞེས་པ་དང་། ཀུན་བྱེད་ལས། མི་རྟོག་པ་ཡི་རང་བྱུང་ཡེ་ཤེས་ལྔ། །སེམས་ཀྱི་རང་བཞིན་དབང་པོ་སྒོ་ལྔར་བཤད། །རང་བྱུང་ཡེ་ཤེས་དེ་ལ་འགག་པ་མེད། །བྱང་ཆུབ་སེམས་ཀྱི་ངོ་བོ་མངོན་སྣང་ ལ། །རང་བྱུང་ཡེ་ཤེས་མི་འགག་སོ་སོར་གསལ། །ཞེས་སོ། །སྤྱིར་རིག་པའི་རང་ངོ་གང་དུའང་མ་གྲུབ་པ། གང་དུའང་མི་རྟོག་པ། གང་ལའང་མི་གནས་པ་སྟེ། འདི་ལ་བྱང་ཆུབ་ཀྱི་སེམས་དང་། དོན་དམ་པའི་བདེན་པ་དང་། རང་བྱུང་གི་ཡེ་ ཤེས་དང་། ཆོས་ཀྱི་སྐུ་ལ་སོགས་པར་མིང་མང་པོ་བཏགས་ཏེ། གསལ་བ་དང་། སྟོང་པ་ལ་སོགས་པའི་ཆའི་ལྡོག་པ་ཕྱོགས་རེ་ལ་ཕྱེ་བར་ཟད་དོ། །དོན་ལ་རིག་པ་གྲུབ་པས་ལ་མེད་པ་སྟེ། རྒྱུད་དེ་ཉིད་ལས། ཀུན་བྱེད་ང་ཡི་རང་བཞིན་གཅིག་པུ་ ལ། །འཁོར་གྱི་འདོད་པ་རྣམས་ཀྱིས་མིང་བཏགས་པ། །ལ་ལས་བྱང་ཆུབ་སེམས་སུ་མིང་བཏགས་ལ། །ལ་ལས་ནམ་མཁའི་ཁམས་སུ་མིང་ཡང་བཏགས། །ལ་ལས་རང་བྱུང་ཡེ་ཤེས་མིང་ཡང་བཏགས། །ལ་ལས་ཆོས་ཀྱི་སྐུ་རུ་མིང་ཡང་བཏགས། ། ལ་ལས་ལོངས་སྤྱོད་རྫོགས་པར་མིང་ཡང་བཏགས། །ལ་ལས་སྤྲུལ་པའི་སྐུ་རུ་མིང་ཡང་བཏགས། །ལ་ལས་ཐམས་ཅད་མཁྱེན་པར་མིང་ཡང་བཏགས། །ལ་ལས་རྣམ་པ་ཐམས་ཅད་མིང་ཡང་བཏགས། །ལ་ལས་ཡེ་ཤེས་བཞི་དང་གསུམ་དུ་བཏགས། །

[p. 32] ལ་ལས་ཡེ་ཤེས་ལྔ་རུ་མིང་ཡང་བཏགས། །ལ་ལས་དབྱིངས་དང་ཡེ་ཤེས་མིང་བཏགས་པ། །རང་བྱུང་བྱང་ཆུབ་སེམས་ནི་གཅིག་ལ་བཏགས། །རང་བྱུང་ང་ལ་མཐོང་ཚད་སྨྲས་པ་ཡིན། །ཞེས་སོ། །དེ་ལྟ་བུའི་དོན་དེ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ སུ་བདེ་ཀློང་གཅིག་ཏུ་འཁྱིལ་བར་བསྟན་པ་ནི། ཡུལ་དེར་གནས་ན་ཀུན་ཀྱང་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་གཅིག་ལས་མ་གཡོས་པར། །མ་བྱས་ཡེ་ཟིན་རྩོལ་སྒྲུབ་འདས་པ་ཉིད། །གྲྭ་ཟུར་མེད་པའི་ཐིག་ལེ་ཟླུམ་པས་ན། །ཇི་བཞིན་དབྱེ་བས་ལ་མེད་པའི་ ཀློང་དུ་འཁྱིལ། །རིག་པ་དྲི་མ་མེད་པའི་ངོ་བོ་ནི་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་ཡེ་ནས་གནས་པ་སྟེ། བྱ་རྩོལ་བསམ་ཡུལ་ལས་འདས་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ནི། མུ་ཏིག་ཕྲེང་བ་ལས། ཀུན་གཞི་ཆོས་སྐུར་རང་ཤར་བས། ། བརྒྱུད་པའི་རྩ་བ་རྩད་ནས་བཅད། །ཡིད་བཞིན་དགོངས་པར་ཡེ་གནས་པས། །འགྱུ་བྱེད་རྣམས་ནི་རང་གཞག་ཡིན། །དབུགས་ནི་ཡེ་ནས་རྒྱུན་ཆད་པས། །སྐྱེ་ཤི་གདོད་ནས་ཡོད་པ་མིན། །འདོད་པའི་ཡོན་ཏན་ཡེ་རྫོགས་པས། །ཞེན་པའི་མཐའ་ ནི་སྒོམ་པ་ཉིད། །ཡན་ལག་མ་བསྐྱོད་ཡེ་ཕྱིན་པས། །འགྲོ་བའི་ལམ་ཉིད་ཡེ་ནས་བགྲོད། །སྨྲ་བ་པའི་ངག་ནི་བརྗོད་མེད་པས། །

[edit]
OCR of the BDRC scans (I3CN4267), gorn05 tibocr 2026: BDRC OCR on 226 pages, Mitra OCR on 175 pages (the model with more recognisable syllables on each page).

[p. 88] འབྲས་ལས་འདས་པའི་སྒོ་འཕར་ཡེ་ནས་རང་བཙུགས་པ་ནི་ཆོས་ཉིད་བྱང་ཆུབ་ སེམས་ཀྱི་ཕོ་བྲང་ཞེས་བྱའོ། །དེ་དག་གི་རང་བཞིན་ནི་ཀློང་དྲུག་པ་ལས། ཡེ་ཤེས་ མ་བཅོས་རྣམ་དག་པ། །ཁ་དོག་མ་བཅོས་མ་འདྲེས་གསལ། །གཉིས་མེད་མ་ བཅོས་སྟོང་པའི་ངང་། །རང་བྱུང་མ་བཅོས་རིག་པའི་ཀློང་། །ཞེས་པ་དང་། ཀུན་

[p. 89] ༈ ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། བྱེད་ལས། སྒོ་ནི་བཙལ་དུ་མེད་པའི་སྒོ་ནས་འཇུག །ཅེས་སོ། །ཕོ་བྲང་དེའི་རྒྱན་ དང་བཀོད་པ་ནི། ལྷུན་གྲུབ་འབྱོར་པའི་བཀོད་པས་བརྒྱན་པ་དེར། །རང་བྱུང་ཡེ་ ཤེས་རྒྱལ་པོ་གདན་ལ་བཞུགས། །འདུ་འཕྲོར་སྣང་བ་ཡེ་ཤེས་རྩལ་རྣམས་ཀུན། ། བློན་པོར་གྱུར་པས་ཡུལ་ལ་དབང་བསྒྱུར་ཞིང་། །རང་གནས་བསམ་གཏན་བཙུན་ མོ་དམ་པ་དང་། །དགོངས་པ་རང་ཤར་སྲས་དང་བྲན་གཡོག་བཅས། །བདེ་ཆེན་ ཀློང་འཁྱིལ་རང་གསལ་རྟོག་པ་མེད། །དེ་ལ་རང་བྱུང་ལྷུན་གྲུབ་ཀྱི་རིག་པ་ནི་ཕོ་ བྲང་གི་བཀོད་པ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་ཅིང་ཆོས་ཐམས་ཅད་རྫོགས་ པ་སྟེ། ཡི་གེ་མེད་པ་ལས། ང་ལ་ཕྱི་དང་ནང་མེད་པས། །གསལ་བའི་ཆོས་ནི་ ཡོངས་སུ་རྫོགས། །ང་ལ་སྟོང་དང་དངོས་མེད་པས། །སྣང་བའི་ཆོས་ནི་ཡོངས་སུ་ རྫོགས། །ཞེས་སོ། །དེ་ལྟར་ལྷུན་གྱིས་གྲུབ་པའི་སྙིང་པོའི་ངོ་བོ་ནི་རང་བྱུང་གི་ཡེ་ ཤེས་ཏེ་རྒྱལ་པོ་ཁྲི་ལས་མི་གཡོ་བ་ལྟ་བུའོ། །དེའི་ངོ་བོ་ལ་རང་གནས་རང་བཞིན་ གྱི་བསམ་གཏན་ནི་རིག་པ་དང་བྲལ་མ་མྱོང་བས་བཙུན་མོ་ལྟ་བུའོ། །དེའི་དོན་ རྟོགས་ནས་དགོངས་པའི་དྲོད་རང་ཆས་སུ་གྲུབ་པ་ནི་སྲས་དང་བྲན་གཡོག་ལྟ་ བུའོ། །རིག་པའི་ངང་ནས་རང་རྩལ་ཡུལ་ཐོག་ཏུ་འཕྲོ་བའི་ཤེས་པ་ནི་བློན་པོ་ཡུལ་ འཁོར་ལ་དབང་བསྒྱུར་ནས་འདོད་པ་བསྒྲུབས་པ་ལྟ་བུའོ། །འདིའི་ཁྱད་པར་མ་ ཕྱེད་ན་སྨྱོན་པ་རྡོལ་ཐབས་སུ་སྨྲ་བ་དང་ཁྱད་མེད་པའི་ཕྱིར། རང་བྱུང་གི་ཡེ་ཤེས་ དུས་ཐམས་ཅད་པ་ན་རང་གནས་ལྷུན་གྲུབ་ཀྱི་ངོ་བོ་ཡུལ་ལ་མི་ལྟོས་པ་དང་། རིག་བྱེད་རྩལ་གྱི་ཡེ་ཤེས་ཡུལ་ཐོག་ཏུ་འཆར་བ་ཡུལ་ལ་ལྟོས་པ་ཅན་ཏེ། གློད་མ་ ཤེས་ན་རྐྱེན་རྟོག་པ་རང་ག་མ་གཉིས་ཁྱད་པར་ཤིན་ཏུ་ཆེ་བས་ན། ནང་རང་བྱུང་ལ་ ངོས་ཟིན་ནས་རྩལ་གཞི་ཐོག་ཏུ་གྲོལ་བར་འགྱུར་ཏེ། ཀ་དག་ཆོས་ཟད་ཀྱི་ངང་དུ་

[p. 90] ། ལེའུ་གཉིས་པ་སྣང་སྲིད་ཞིང་ཁམས་སུ་ཤར་བ་བསྟན་པ། ལ་བཟླ་ལ། མ་ཟིན་ན་རང་བྱུང་གི་ཆ་དེ་ལུང་མ་བསྟན་ལས། རྩལ་རྟོག་པ་ཡུལ་ལ་ འཇུག་པའི་ཕྱིར། དགོངས་པ་བར་མཚམས་མེད་པ་རང་བཞིན་གྱི་བསམ་གཏན་ དང་བཅས་པ་རང་ངོ་ཤེས་པ་གཅེས་སོ། །འདིའི་ངོ་བོ་དང་ཁྱད་པར་ནི་ཀུན་བྱེད་ ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག ཡེ་ཤེས་ཡེ་ཤེས་ཞེས་བྱ་བ། །ཡེ་ཤེས་ཡེ་ ནས་ཤེས་པ་ཡིན། །རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོག་པའི་ཡེ་ཤེས་དེ། ། ཡུལ་ལས་བྱུང་བའི་རང་བྱུང་མིན། །ཡུལ་མེད་ཙམ་ན་གསལ་མི་བྱེད། །དེས་ན་ རང་བྱུང་ཡེ་ཤེས་དེས། །ཡེ་ནས་ཤེས་པའི་ཡེ་ཤེས་ཏེ། །ཡེ་ཤེས་ཞེས་ནི་དེ་ལ་བྱ། ། འཁོར་གྱི་སྟོན་པའི་ཡེ་ཤེས་ནི། །ཡུལ་ལ་བརྟགས་པའི་ཡེ་ཤེས་དེས། །གང་དུ་ཡུལ་ ལ་རྟོག་བྱེད་པ། །དེ་ནི་རིག་བྱེད་ཡེ་ཤེས་ཡིན། །རིག་པར་བྱ་བའི་ཡུལ་དེ་ནི། ། བྱང་ཆུབ་སེམས་ལས་བྱུང་བའི་ཕྱིར། །དེ་ནི་ཡུལ་མེད་བྱང་ཆུབ་སེམས། །ཡེ་ཤེས་ རང་ལས་བྱུང་བའི་ཕྱིར། །དེ་ལ་ཏིང་འཛིན་སྒོམ་མི་བྱེད། །ཏིང་འཛིན་སྒོམ་པ་མི་ བྱེད་པས། །ཏིང་འཛིན་བག་ཆགས་སོག་མི་འགྱུར། །བག་ཆགས་མེད་པའི་ཆོས་ ཉིད་དེ། །དུས་གསུམ་སངས་རྒྱས་དགོངས་པར་བཤད། །དུས་གསུམ་སངས་རྒྱས་ ཐམས་ཅད་ཀྱི། །དགོངས་པ་ཡུལ་ལ་མི་རྟོག་སྟེ། །མཉམ་པ་ཉིད་དུ་ཡེ་ནས་གནས། ། ཞེས་སོ། །རང་བྱུང་གི་ཡེ་ཤེས་ཡུལ་ལ་མི་རྟོག་པ་དེ་ལ་རང་གནས་ཀྱི་བསམ་ གཏན་མ་བྱས་ལྷུན་གྲུབ་ཏུ་ཡོད་པ་ཉིད་རྣལ་འབྱོར་པའི་བསམ་གཏན་ཡིན་ལ། ཡུལ་རྩེ་གཅིག་ཏུ་ཡིད་ལ་བྱེད་པའི་ཞི་ལྷག་འཇིག་རྟེན་བྱིས་པའི་བསམ་གཏན་ ཡིན་པས། བག་ཆགས་སོག་མི་སོག་གི་ཁྱད་ཡོད་དོ། །རིག་པ་རང་གནས་ཀྱི་ངོ་བོ་ ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། ཆོས་ཉིད་ཀྱི་དགོངས་པ་ཞེས་བྱའོ། །ཡུལ་ལ་ འཆར་བའི་ཤེས་པ་ནི་འཁོར་བའི་སེམས་ཞེས་བྱ་བས། འཛིན་པ་དང་གཟུང་བའི་

[p. 91] ༈ ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། རྣམ་ལྡན་དུ་སྐྱེ་བའོ། །དེ་ཡང་ངོས་ཟིན་ནས་ངང་ལ་གློད་ཤེས་དུས་རང་བྱུང་གི་ རྩལ་གཞི་ལ་ཐིམ་པས། དགོངས་པ་ཆོས་ཉིད་དུ་འཆར་བའོ། །དོན་འདི་གཉིས་ ཤིན་ཏུ་ཁྱད་ཆེ་བས་ཡང་བཤད་པ་ནི། དེ་ཉིད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ ཅིག དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །རང་བྱུང་ཡེ་ཤེས་ཐུགས་དེ་ལ། །ཡེ་ ནས་རྟོག་པ་མེད་པའི་ཕྱིར། །སངས་རྒྱས་དགོངས་པ་མི་མཛད་དེ། །རྟོག་པའི་ཡུལ་ ནི་ཀུན་དང་བྲལ། །ཤིན་ཏུ་རྣལ་འབྱོར་གང་ཟག་གང་། །སུ་ཡང་རུང་བ་དེ་ཡིས་ནི། ། རྟོག་པ་མེད་ལ་གནས་གྱུར་ན། །དེ་ནི་སངས་རྒྱས་དགོངས་པ་མཛད། །རང་བྱུང་ཡེ་ ཤེས་ཡུལ་ལ་མི་རྟོག་པས། །རྣམ་པར་རྟོག་པའི་བག་ཆགས་གོས་མི་འགྱུར། །ཞེས་ སོ༑ ༑དེ་ལྟར་དབྱིངས་འཕོ་འགྱུར་མེད་པའི་དགོངས་པ་རིག་པའི་གཏན་ཡུལ་ངེས་ པ་ནི། མི་གཡོ་བསམ་བརྗོད་འདས་པའི་ངང་ཉིད་ལས། །སྣང་སྲིད་སྣོད་བཅུད་ ཀུན་ལ་མངའ་དབང་བསྒྱུར ༧། །ཆོས་དབྱིངས་ཡངས་པའི་ཡུལ་ཁམས་རྒྱ་ཆེའོ། ། ཞེས་བྱ་བ་ནི་དོན་བསྡུ་བ་སྟེ། རང་བྱུང་གི་ཡེ་ཤེས་རང་གནས་ཀྱི་ངང་དང་། ངང་ ལས་ཤར་བའི་དབང་པོ་ལྔའི་ཤེས་པ་རང་སངས་རང་གྲོལ་ལ་སོང་བ་ཡང་ཆོས་ ཉིད་ལས་མ་གཡོས་པས། སྣང་སྲིད་ཆོས་སྐུའི་ཞིང་ཁམས་སུ་ཤར་བ་སྟེ། འདས་ རྗེས་ལས། ཡིན་པ་གྲུབ་པ་མེད་པའི་རིག་པ་འདི། །རང་སྣང་འཆར་ཚུལ་ཅིར་ཡང་ མ་འགགས་པས། །སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་ རང་གི་ཐོག་ཏུ་གྲོལ། །ཞེས་པ་དང་། ཀུན་བྱེད་ལས། མི་རྟོག་པ་ཡི་རང་བྱུང་ཡེ་ ཤེས་ལྔ། །སེམས་ཀྱི་རང་བཞིན་དབང་པོ་སྒོ་ལྔར་བཤད། །རང་བྱུང་ཡེ་ཤེས་དེ་ལ་ འགག་པ་མེད། །བྱུང་ཆུབ་སེམས་ཀྱི་ངོ་བོ་མངོན་སྣང་ལ། །རང་བྱུང་ཡེ་ཤེས་མི་ འགག་སོ་སོར་གསལ། །ཞེས་སོ། །སྤྱིར་རིག་པའི་རང་ངོ་གང་དུའང་མ་གྲུབ་པ།

[p. 92] ༈ ལེའུ་གཉིས་པ་སྣང་སྲིད་ཞིང་ཁམས་སུ་ཤར་བ་བསྟན་པ། གང་དུའང་མི་རྟོག་པ། གང་ལའང་མི་གནས་པ་སྟེ། འདི་ལ་བྱང་ཆུབ་ཀྱི་སེམས་ དང་། དོན་དམ་པའི་བདེན་པ་དང་། རང་བྱུང་གི་ཡེ་ཤེས་དང་། ཆོས་ཀྱི་སྐུ་ལ་ སོགས་པར་མིང་མང་པོ་བཏགས་ཏེ། གསལ་བ་དང་། སྟོང་པ་ལ་སོགས་པའི་ཆའི་ ལྡོག་པ་ཕྱོགས་རེ་ལ་ཕྱེ་བར་ཟད་དོ། །དོན་ལ་རིག་པ་གྲུབ་བསལ་མེད་པ་སྟེ། རྒྱུད་ དེ་ཉིད་ལས། ཀུན་བྱེད་ང་ཡི་རང་བཞིན་གཅིག་པུ་ལ། །འཁོར་གྱི་འདོད་པ་རྣམས་ ཀྱིས་མིང་བཏགས་པ། །ལ་ལས་བྱང་ཆུབ་སེམས་སུ་མིང་བཏགས་ལ། །ལ་ལས་ ནམ་མཁའི་ཁམས་སུ་མིང་ཡང་བཏགས། །ལ་ལས་རང་བྱུང་ཡེ་ཤེས་མིང་ཡང་ བཏགས། །ལ་ལས་ཆོས་ཀྱི་སྐུ་རུ་མིང་ཡང་བཏགས། །ལ་ལས་ལོངས་སྤྱོད་རྫོགས་ པར་མིང་ཡང་བཏགས། །ལ་ལས་སྤྲུལ་པའི་སྐུ་རུ་མིང་ཡང་བཏགས། །ལ་ལས་ ཐམས་ཅད་མཁྱེན་པར་མིང་ཡང་བཏགས། །ལ་ལས་རྣམ་པ་ཐམས་ཅད་མིང་ཡང་ བཏགས། །ལ་ལས་ཡེ་ཤེས་བཞི་དང་གསུམ་དུ་བཏགས། །ལ་ལས་ཡེ་ཤེས་ལྔ་རུ་ མིང་ཡང་བཏགས། །ལ་ལས་དབྱིངས་དང་ཡེ་ཤེས་མིང་བཏགས་པ། །རང་བྱུང་ བྱང་ཆུབ་སེམས་ནི་གཅིག་ལ་བཏགས། །རང་བྱུང་ང་ལ་མཐོང་ཚོད་྾སྨྲས་པ་ ཡིན། །ཞེས་སོ། །དེ་ལྟ་བུའི་དོན་དེ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སུ་བདེ་ཀློང་ གཅིག་ཏུ་འཁྱིལ་བར་བསྟན་པ་ནི། ཡུལ་དེར་གནས་ན་ཀུན་ཀྱང་ཆོས་ཀྱི་སྐུ། །རང་ བྱུང་ཡེ་ཤེས་གཅིག་ལས་མ་གཡོས་པར། །མ་བྱས་ཡེ་ཟིན་རྩོལ་སྒྲུབ་འདས་པ་ ཉིད། །གྲྭ་ཟུར་མེད་པའི་ཐིག་ལེ་ཟླུམ་པས་ན། །ཇི་བཞིན་དབྱེ་བསལ་མེད་པའི་ ཀློང་དུ་འཁྱིལ། །རིག་པ་དྲི་མ་མེད་པའི་ངོ་བོ་ནི་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་ཡེ་ ནས་གནས་པ་སྟེ། བྱ་རྩོལ་བསམ་ཡུལ་ལས་འདས་པའི་ཆོས་ཉིད་རང་བྱུང་གི་ཡེ་ ཤེས་སུ་བསྟན་པ་ནི། མུ་ཏིག་ཕྲེང་བ་ལས། ཀུན་གཞི་ཆོས་སྐུར་རང་ཤར་བས། །

[p. 93] །ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། བརྒྱུད་པའི་རྩ་༣བ་རྩད་ནས་བཅད། །ཡིད་བཞིན་དགོངས་པར་ཡེ་གནས་པས། ། འགྱུ་བྱེད་རྣམས་ནི་རང་གཞག་ཡིན། །དབུགས་ནི་ཡེ་ནས་རྒྱུན་ཆད་པས། །སྐྱེ་ཤི་ གདོད་ནས་ཡོད་པ་མིན། །འདོད་པའི་ཡོན་ཏན་ཡེ་རྫོགས་པས། །ཞེན་པའི་མཐའ་ ནི་སྒོམ་པ་ཉིད། །ཡན་ལག་མ་བསྐྱོད་ཡེ་ཕྱིན་པས། །འགྲོ་བའི་ལམ་ཉིད་ཡེ་ནས་ བགྲོད། །སྨྲས་པའི་ངག་ནི་བརྗོད་མེད་པས། །

[edit]
OCR of the BDRC scans (I3CN14273), gorn05 tibocr 2026: BDRC OCR on 317 pages, Mitra OCR on 187 pages (the model with more recognisable syllables on each page).

[p. 89] བློ་ཡང་རབ་རྣམས་འཇུག་པའི་སྒོ་ནི་རིམ་རྩོལ་རྒྱུ་འབྲས་ལས་འདས་པའི་སྒོ་འཕར་ཡེ་ནས་རང་བཙུགས་པ་ནི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཕོ་

[p. 90] བྲང་ཞེས་བྱའོ། །དེ་དག་གི་རང་བཞིན་ནི་ཀློང་དྲུག་པ་ལས། ཡེ་ཤེས་མ་བཅོས་རྣམ་དག་པ། །ཁ་དོག་མ་བཅོས་མ་འདྲེས་གསུམ་པ། །གཉིས་མེད་མ་བཅོས་སྟོང་པའི་ངང་། །རང་བྱུང་མ་བཅོས་རིག་པའི་ཀློང་། །ཞེས་པ་ལ་དང་ ཀུན་བྱེད་ལས། སྒོ་ནི་བཙལ་དུ་མེད་པའི་སྒོ་ནས་འཇུག། ཅེས་སོ། །ཕོ་བྲང་དེ་ཡི་རྒྱན་དང་བཀོད་པ་ནི། །ལྷུན་གྲུབ་འབྱོང་བའི་བཀོད་པས་བརྒྱན་པ་དེར། །རང་བྱུང་ཡེ་ཤེས་རྒྱལ་པོ་གདན་ལ་བཞུགས། །འདུ་འཕྲོར་སྣང་བ་ཡེ་ཤེས་ རྩལ་རྣམས་ཀུན། །བློན་པོར་གྱུར་པས་ཡུལ་ལ་དབང་བསྒྱུར་ཞིང་། །རང་གནས་བསམ་གཏན་བཙུན་མོ་དམ་པ་དང་། །དགོངས་པ་རང་ཤར་སྲས་དང་བྲན་གཡོག་བཅས། །བདེ་ཆེན་ཀློང་འཁྱོལ་རང་གསལ་རྟོག་པ་མེད། །དེ་ ལ་རང་བྱུང་ལྷུན་གྲུབ་ཀྱི་རིག་པ་ནི་ཕོ་བྲང་གི་བཀོད་པ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་ཅིང་ཆོས་ཐམས་ཅད་རྫོགས་པ་སྟེ། ཡི་གེ་མེད་པ་ལས། ང་ལ་དེ་དང་ནང་མེད་པས། །གསལ་བའི་ཆོས་ནི་ཡོངས་སུ་རྫོགས། །དེ་ལ་ སྟེང་དང་དངོས་མེད་པས། །སྣང་བའི་ཆོས་ནི་ཡོངས་སུ་རྫོགས། །ཞེས་སོ། །དེ་ལྟར་ལྷུན་གྱིས་གྲུབ་པའི་སྙིང་པོའི་ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ཏེ་རྒྱལ་པོ་ཕུལ་ལས་མི་གཡོ་བ་ལྟ་བུའོ། །དེའི་ངོ་བོ་ལ་རང་གནས་རང་བཞིན་ གྱི་བསམ་གཏན་ནི་རིག་པ་དང་འབྲལ་མ་མྱོང་བས་བཙུན་མོ་ལྟ་བུའོ། །དེའི་དོན་རྟོགས་ནས་དགོངས་པའི་དྲོད་རང་ཆས་སུ་གྲུབ་པ་ནི་སྲས་དང་བྲན་གཡོག་ལྟ་བུའོ། །རིག་པའི་ངང་ནས་རང་རྩལ་ཡུལ་ཐོག་ཏུ་འགྲོ་

[p. 91] ༄༅། །བའི་ཤེས་པ་ནི་བློན་པོ་ཡུལ་འཁོར་ལ་དབང་བསྒྱུར་ནས་འདོད་པ་བསྒྲུབས་པ་ལྟ་བུའོ། །འདིའི་ཁྱད་པར་མ་ཕྱེད་ན་སྨྱོན་པ་རྡོལ་ཐབས་སུ་སྨྲ་བ་དང་ཁྱད་མེད་པའི་ཕྱིར། རང་བྱུང་གི་ཡེ་ཤེས་དུས ཐམས་ཅད་པ་ནང་གནས་ལྷུན་གྲུབ་ཀྱི་ངོ་བོ་ཡུལ་ལ་མི་ལྟོས་པ་དང་། རིག་བྱེད་རྩལ་གྱི་ཡེ་ཤེས་ཡུལ་ཐོག་ཏུ་འཆར་བ་ཡུལ་ལ་ལྟོས་པ་ཅན་ཏེ། གློད་མ་ཤེས་ན་རྐྱེན་རྟོག་པ་རང་ཀ་མ་གཉིས་ཁྱད་པར་ཤིན་ཏུ་ཆེ་བས་ན། ནང་རང་བྱུང་ལ་ངོས་ཟིན་ནས་རྩལ་གཞི་ཐོག་ཏུ་གྲོལ་བར་འགྱུར་ཏེ། ཀ་དག་ཆོས་ཟད་ཀྱི་ངང་དུ་ལ་བཟླ་ལ། མ་ཟིན་ན་རང་བྱུང་གི་ཆ་དེ་ལུང་མ་བསྟན་ལས། རྩལ་རྟོག་པ་ཡུལ་ལ་འཇུག་པའི་ཕྱིར། དགོངས་པ་བར་མཚམས་མེད་ པ་རང་བཞིན་གྱིས་བསམ་གཏན་དང་བཅས་པ་རང་ངོ་ཤེས་པ་གཅེས་སོ། །འདིའི་ངོ་བོ་དང་ཁྱད་པར་ནི་ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། ཡེ་ཤེས་ཡེ་ཤེས་ཞེས་བྱ་བ། །ཡེ་ཤེས་ཡེ་ནས་ཤེས་པ་ཡིན། ། རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོག་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བའི་རང་བྱུང་མིན། །ཡུལ་མེད་ཙམ་ན་གསལ་མི་བྱད། །དེས་ན་རང་བྱུང་ཡེ་ཤེས་དེས། །ཡེ་ནས་ཤེས་པའི་ཡེ་ཤེས་ཏེ། །ཡེ་ཤེས་ཞེས་ནི་ དེ་ལ་བྱ། །འཁོར་གྱི་སྟོན་པའི་ཡེ་ཤེས་ནི། ཡུལ་ལ་བརྟགས་པའི་ཡེ་ཤེས་དེས། །གང་སུ་ཡུལ་ལ་རྟོག་བྱེད་པ། །དེ་ནི་རིག་བྱེད་ཡེ་ཤེས་ཡིན། །རིག་པར་བྱ་བའི་ཡུལ་དེ་ནི། །བྱང་ཆུབ་སེམས་ལས་བྱུང་བའི་ཕྱིར། །དེ་ནི་

[p. 92] ཡུལ་མེད་བྱང་ཆུབ་སེམས། །ཡེ་ཤེས་རང་ལས་བྱུང་བའི་ཕྱིར། །དེ་ལ་ཏིང་འཛིན་སྒོམ་མི་བྱེད། །ཏིང་འཛིན་སྒོམ་པ་མི་བྱེད་པས། །ཏིང་འཛིན་བག་ཆགས་སོགས་མི་འགྱུར། །བག་ཆགས་མེད་པའི་ཆོས་ཉིད་དེ། །དུས་གསུམ་སངས་ རྒྱས་དགོངས་པར་བཤད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པ་ཡུལ་ལ་མི་རྟོག་སྟེ། །མཉམ་པ་ཉིད་དུ་ཡེ་ནས་གནས། །ཞེས་སོ། །རང་བྱུང་གི་ཡེ་ཤེས་ཡུལ་ལ་མི་རྟོག་པ་དེ་ལ་རང་གནས་ཀྱི་བསམ་གཏན་ མ་བྱས་ལྷུན་གྲུབ་ཏུ་ཡོད་པ་ཉིད་རྣལ་འབྱོར་བའི་བསམ་གཏན་ཡིན་ལ། ཡུལ་རྩེ་གཅིག་ཏུ་ཡིད་ལ་བྱེད་པའི་ཞི་ལྷག་འཇིག་རྟེན་བྱིས་པའི་བསམ་གཏན་ཡིན་པས། བག་ཆགས་སོག་མི་སོག་གི་ཁྱད་ཡོད་དོ། །རིག་པ་རང་ གནས་ཀྱི་ངོ་བོ་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། ཆོས་ཉིད་ཀྱི་དགོངས་པ་ཞེས་བྱའོ། །ཡུལ་ལ་འཆར་བའི་ཤེས་པ་ནི་འཁོར་བའི་སེམས་ཞེས་བྱ་བས། འཛིན་པ་དང་གཟུང་བའི་རྣམ་ལྡན་དུ་སྐྱེ་བའོ། །དེ་ཡང་ངོས་ཟིན་ནས་ངང་ ལ་གློང་ཤེས་དུས་རང་བྱུང་གི་རྩལ་གཞི་ལ་ཐིམ་པས། དགོངས་པ་ཆོས་ཉིད་དུ་འཆར་བའོ། །དོན་འདི་གཉིས་ཤིན་ཏུ་ཁྱད་ཆེ་བས་ཡང་བཤད་པ་ནི། དེ་ཉིད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །དུས་གསུམ་སངས་ རྒྱས་ཐམས་ཅད་ཀྱི། །རང་བྱུང་ཡེ་ཤེས་ཐུགས་དེ་ལ། ཡེ་ནས་རྟོག་པ་མེད་པའི་ཕྱིར། །སངས་རྒྱས་དགོངས་པ་མི་མཛད་དེ། །རྟོག་པའི་ཡུལ་ནི་ཀུན་དང་བྲལ། །ཤིན་ཏུ་རྣལ་འབྱོར་གང་ཟག་གང་། །སུ་ཡང་རུང་བ་དེ་

[p. 93] ༄༅། །ཡིས་ནི། རྟོག་པ་མེད་ལ་གནས་གྱུར་ན། །དེ་ནི་སངས་རྒྱས་དགོངས་པ་མཛད། །རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པས། །རྣམ་པར་རྟོག་པའི་བག་ཆགས་གོས་མི་འགྱུར། །ཞེས་སོ། །དེ་ལྟར་ན་ དབྱིངས་འཕོ་འགྱུར་མེད་པའི་དགོངས་པ་རིག་པའི་གཏན་ཡུལ་ངེས་པ་ནི། མི་གཡོ་བསམ་བརྗོད་འདས་པའི་ངང་ཉིད་པས། །སྣང་སྲིད་སྣོད་བཅུད་ཀུན་ལ་མངའ་དབང་སྒྱུར། །ཆོས་དབྱིངས་ཡངས་པའི་ཡུལ་ཁམས་ན རྒྱ་ཆེའོ། །ཞེས་བྱ་བ་ནི་དོན་བསྡུ་བ་སྟེ། རང་བྱུང་གི་ཡེ་ཤེས་རང་གནས་ཀྱི་ངང་དང་། ངང་ལས་ཤར་བའི་དབང་པོ་ལྔའི་ཤེས་པ་རང་སངས་རང་གྲོལ་ལ་སོང་བ་ཡང་ཆོས་ཉིད་ལས་མ་གཡོས་པས། སྣང་སྲིད་ཆོས་སྐུའི་ཞིང་ ཁམས་སུ་ཤར་བ་སྟེ། འདས་རྗེས་ལས། ཡིན་པ་གྲུབ་པ་མེད་པའི་རིག་པ་འདི། །རང་སྣང་འཆར་ཚུལ་ཅིར་ཡང་མ་འགགས་པས། །སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། ། ཞེས་པ་དང་། ཀུན་བྱེད་ལས། མི་རྟོག་པ་ཡི་རང་བྱུང་ཡེ་ཤེས་ལྔ། །སེམས་ཀྱི་རང་བཞིན་དབང་པོ་སྒོ་ལྔར་བཤད། །རང་བྱུང་ཡེ་ཤེས་དེ་ལ་འགག་པ་མེད། །བྱང་ཆུབ་སེམས་ཀྱི་ངོ་བོ་མངོན་སྣང་ལ། །རང་བྱུང་ ཡེ་ཤེས་མི་འགག་སོ་སོར་གསལ། །ཞེས་སོ། །སྤྱིར་རིག་པའི་རང་ངོ་གང་དུའང་མ་གྲུབ་པ། །གང་དུའང་མི་རྟོག་པ། གང་དུའང་མི་གནས་པ་སྟེ། འདི་ལ་བྱང་ཆུབ་གྱི་སེམས་དང་། དོན་དམ་པའི་བདེན་པ་དང་།

[p. 94] རང་བྱུང་གི་ཡེ་ཤེས་དང་། ཆོས་ཀྱི་སྐུ་ལ་སོགས་པར་མིང་མང་པོ་བཏགས་ཏེ། གསལ་བ་དང་། སྟོང་པ་ལ་སོགས་པའི་ཆའི་ལྡོག་པ་ཕྱོགས་རེ་ལ་ཕྱེ་བར་ཟད་དོ། །དོན་ལ་རིག་པ་གྲུབ་བསལ་མེད་པ་སྟེ། རྒྱུད་དེ་ཉིད་ལས། ཀུན་བྱེད་ང་ཡི་རང་བཞིན་གཅིག་པུ་ལ། །འཁོར་གྱི་འདོད་པ་རྣམས་ཀྱིས་མིང་བཏགས་པ། །ལ་ལས་བྱང་ཆུབ་སེམས་སུ་མིང་བཏགས་ལ། །ལ་ལས་ནམ་མཁའི་ཁམས་སུ་མིང་ཡང་བཏགས། །ལ་ལས་རང་བྱུང་ཡེ་ ཤེས་མིང་ཡང་བཏགས། །ལ་ལས་ཆོས་ཀྱི་སྐུ་རུ་མིང་ཡང་བཏགས། །ལ་ལས་ལོངས་སྤྱོད་རྫོགས་པར་མིང་ཡང་བཏགས། །ལ་ལས་སྤྲུལ་པའི་སྐུ་རུ་མིང་ཡང་བཏགས། །ལ་ལས་ཐམས་ཅད་མཁྱེན་པར་མིང་ཡང་ བཏགས། །ལ་ལས་རྣམ་པ་ཐམས་ཅད་མིང་ཡང་བཏགས། །ལ་ལས་ཡེ་ཤེས་བཞི་དང་གསུམ་དུ་བཏགས། །ལ་ལས་ཡེ་ཤེས་ལྔར་མིང་ཡང་བཏགས། །ལ་ལས་དབྱིངས་དང་ཡེ་ཤེས་མིང་བཏགས་པ། །རང་བྱུང་ བྱང་ཆུབ་སེམས་ནི་གཅིག་ལ་བཏགས། །རང་བྱུང་ང་ལ་མཐོང་ཚད་སྨྲས་པ་ཡིན། །ཞེས་སོ། །དེ་ལྟ་བུའི་དོན་དེ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སུ་འདི་ཀློང་གཅིག་ཏུ་འཁྱིལ་བར་བསྟན་པ་ནི། ཡུལ་དོན་གནས་དགུན་ཀྱང་ཆོས་ ཀྱི་སྐུ། །རང་བྱུང་ཡེ་ཤེས་གཅིག་ལས་མ་གཡོས་པར། །མ་བྱས་ཡེ་ཟིན་རྩོལ་སྒྲུབ་འདས་པ་ཉིད། །གྲྭ་ཟུར་མེད་པའི་ཐིག་ལེ་ཟླུམ་པས་ནི། །ཇི་བཞིན་དབྱེ་བས་ལ་མེད་པའི་ཀློང་དུ་འཁྱིལ། །རིག་པ་དྲི་མ་མེད་པའི་ངོ་བོ་ནི།

[p. 95] ༄༅། །ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་ཡེ་ནས་གནས་པ་སྟེ། བྱ་རྩོལ་བསམ་ཡུལ་ལས་འདས་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ནི། མུ་ཏིག་ཕྲེང་བ་ལས། ཀུན་གཞི་ཆོས་སྐུར་རང་ཤར་ བས། །བརྒྱུད་པའི་རྩ་བ་རྩད་ནས་བཅད། །ཡིད་བཞིན་དགོངས་པར་ཡེ་གནས་པས། །འགྱུ་བྱེད་རྣམས་ནི་རང་གཞག་ཡིན། །དབུགས་ནི་ཡེ་ནས་རྒྱུན་ཆད་པས། །སྐྱེ་ཤི་གདོང་ནས་ཡོད་པ་མིན། །འདོད་པའི་ཡོན་ཏན་ཡེ་རྫོགས་ པས། །ཞེན་པའི་མཐའ་ནི་སྒོམ་པ་ཉིད། །ཡན་ལག་མ་བསྐྱོད་ཡེ་ཕྱིན་པས། །འགྲོ་བའི་ལམ་ཉིད་ཡེ་ནས་བགྲོད། །སྨྲས་པའི་ངག་ནི་བརྗོད་མེད་པས། །

[edit]
OCR of the BDRC scans (I1CZ2729), gorn05 tibocr 2026: BDRC OCR on 290 pages, Mitra OCR on 133 pages (the model with more recognisable syllables on each page).

[p. 39] བློ་ཡང་རབ་རྣམས་འཇུག་པའི་སྒོ་ནི་རིམ་རྩོལ་རྒྱུ་འབྲས་ལས་འདས་པའི་སྒོ་འཕར་ཡེ་ ནས་རང་བཙུགས་པ་ནི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཕོ་བྲང་ཞེས་བྱའོ། །དེ་དག་གི་རང་བཞིན་ནི་ཀློང་དྲུག་པ་ལས། །ཡེ་ཤེས་མ་བཅོས་རྣམ་དག་པ། །ཁ་དོག་མ་བཅོས་མང་དྲེས་གསལ། །གཉིས་མེད་མ་བཅོས་ སྟོང་བའི་ངང་། །རང་བྱུང་མ་བཅོས་རིག་པའི་ཀློང་། །ཞེས་པ་དང་། ཀུན་བྱེད་ལས། སྒོ་ནི་བཙལ་དུ་མེད་པའི་སྒོ་ནས་འཇུག །ཅེས་སོ། །ཕོ་བྲང་དེའི་རྒྱན་དང་བཀོད་པ་ནི། །ལྷུན་གྲུབ་འབྱོར་བའི་བཀོད་པས་ བརྒྱན་པ་དེར། །རང་བྱུང་ཡེ་ཤེས་རྒྱལ་པོ་གདན་ལ་བཞུགས། །འདུ་འཕྲོར་སྣང་བ་ཡེ་ཤེས་རྩལ་རྣམས་ཀུན། །བློན་པོར་གྱུར་པས་ཡུལ་ལ་དབང་བསྒྱུར་ཞིང་། །རང་གནས་བསམ་གཏན་བཙུན་མོ་དམ་པ་དང་། །དགོངས་

[p. 40] པ་རང་ཤར་སྲས་དང་བྲན་གཡོག་བཅས། །བདེ་ཆེན་ཀློང་འཁྱིལ་རང་གསལ་རྟོག་པ་མེད། །དེ་ལ་རང་བྱུང་ལྷུན་གྲུབ་ཀྱི་རིག་པ་ནི་ཕོ་བྲང་གི་བཀོད་པ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་ཅིང་ཆོས་ཐམས་ཅད་རྫོགས་པ་སྟེ། ཡི་གེ་མེད་པ་ལས། ང་ལ་ཕྱི་དང་ནང་མེད་པས། །གསལ་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་སྟོང་དང་དངོས་མེད་པས། །སྣང་བའི་ཆོས་ནི་ཡོངས་སུ་རྫོག་ས། །ཞེས་སོ། །དེ་ལྟར་ལྷུན་གྱིས་གྲུབ་པའི་སྙིང་པོའི་ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ཏེ་རྒྱལ་པོ་ཁྲི་ལས་མི་གཡོ་བ་ལྟ་བུའོ། །དེའི་ངོ་བོ་ལ་རང་གནས་རང་བཞིན་གྱི་བསམ་གཏན་ནི་རིག་པ་དང་འབྲལ་མ་མྱོང་བས་བཙུན་མོ་ལྟ་བུའོ། །དེའི་དོན་རྟོགས་ནས་དགོངས་པའི་དྲོད་རང་ཆས་སུ་གྲུབ་པ་ནི་སྲས་དང་བྲན་གཡོག་ལྟ་བུའོ། །རིག་པའི་ངང་ནས་རང་རྩལ་ཡུལ་ཐོག་ཏུ་འཕྲོ་བའི་ཤེས་པ་ནི་བློན་པོ་ཡུལ་འཁོར་ལ་དབང་བསྒྱུར་ནས་འདོད་པ་བསྒྲུབས་པ་ལྟ་བུའོ། །འདིའི་ཁྱད་པར་མ་ཕྱེད་ན་སྨྱོན་པ་རྡོལ་ཐབས་སུ་སྨྲ་བ་དང་ཁྱད་མེད་པའི་ཕྱིར། རང་བྱུང་གི་ཡེ་ཤེས་དུས་ཐམས་ཅད་པ་ན་རང་གནས་ལྷུན་གྲུབ་ཀྱི་ངོ་བོ་ཡུལ་ལ་མི་ལྟོས་པ་དང་། རིག་བྱེད་རྩལ་གྱི་ཡེ་ཤེས་ཡུལ་ཐོག་ཏུ་འཆར་བ་ཡུལ་ལ་ལྟོས་པ་ཅན་ཏེ། གློད་མ་ཤེས་ན་རྐྱེན་རྟོག་པ་རང་ག་མ་གཉིས་ཁྱད་པར་ཤིན་ཏུ་ཆེ་བས་ན། ནང་རང་བྱུང་ལ་ངོས་ཟིན་ནས་རྩལ་གཞི་ཐོག་ཏུ་གྲོལ་བར་འགྱུར་ཏེ། ཀ་དག་ཆོས་ཟད་ཀྱི་ངང་དུ་ལ་བཟླ་ལ། མ་ཟིན་ན་རང་བྱུང་

[p. 41] ༄༅། །གི་ཆ་དེ་ལུང་མ་བསྟན་ལས། ཙ་ལ་རྟོག་པ་ཡུལ་ལ་འཇུག་པའི་ཕྱིར། དགོངས་པ་བར་མཚམས་མེད་པ་རང་བཞིན་གྱི་བསམ་གཏན་དང་བཅས་པ་རང་ངོ་ཤེས་པ་གཅེས་སོ། །འདིའི་ངོ་བོ་དང་ཁྱད་པར་ནི་ ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཡེ་ཤེས་ཡེ་ཤེས་ཞེས་བྱ་བ། །ཡེ་ཤེས་ཡེ་ནས་ཤེས་པ་ཡིན། །རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོག་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བའི་རང་བྱུང་མིན། ། ཡུལ་མེད་ཙམ་ན་གསལ་མི་བྱེད། །དེས་ན་རང་བྱུང་ཡེ་ཤེས་དེས། །ཡེ་ནས་ཤེས་པའི་ཡེ་ཤེས་ཏེ། །ཡེ་ཤེས་ཞེས་ནི་དེ་ལ་བྱ། །འཁོར་གྱི་སྟོན་པའི་ཡེ་ཤེས་ནི། །ཡུལ་ལ་བརྟགས་པའི་ཡེ་ཤེས་དེས། །གདུས་ཡུལ་ལ་རྟོག་ བྱེད་པ། །དེ་ནི་རིག་བྱེད་ཡེ་ཤེས་ཡིན། །རིག་པར་བྱ་བའི་ཡུལ་དེ་ནི། །བྱང་ཆུབ་སེམས་ལས་བྱུང་བའི་ཕྱིར། །དེ་ནི་ཡུལ་མེད་བྱང་ཆུབ་སེམས། །ཡེ་ཤེས་རང་ལས་བྱུང་བའི་ཕྱིར། །དེ་ལ་ཏིང་འཛིན་སྒོམ་མི་བྱེད། ། ཏིང་འཛིན་སྒོམ་པ་མི་བྱེད་པས། །ཏིང་འཛིན་བག་ཆགས་སོགས་མི་འགྱུར། །བག་ཆགས་མེད་པའི་ཆོས་ཉིད་དེ། །དུས་གསུམ་སངས་རྒྱས་དགོངས་པར་བཤད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དགོངས་ པ་ཡུལ་ལ་མི་རྟོག་སྟེ། །མཉམ་པ་ཉིད་དུ་ཡེ་ནས་གནས། །ཞེས་སོ། །རང་བྱུང་གི་ཡེ་ཤེས་ཡུལ་ལ་མི་རྟོག་པ་དེ་ལ་རང་གནས་ཀྱི་བསམ་གཏན་མ་བྱས་ལྷུན་གྲུབ་ཏུ་ཡོད་པ་ཉིད་རྣལ་འབྱོར་པའི་བསམ་གཏན་ཡིན་ལ། ཡུལ་

[p. 42] རྩེ་གཅིག་ཏུ་ཡིད་ལ་བྱེད་པའི་ཞི་ལྷག་འཇིག་རྟེན་བྱིས་པའི་བསམ་གཏན་ཡིན་པས། བག་ཆགས་སོག་མི་སོག་གི་ཁྱད་ཡོད་དོ། །རིག་པ་རང་གནས་ཀྱི་ངོ་བོ་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། ཆོས་ཉིད་ཀྱི་དགོངས་པ་ཞེས་བྱའོ། །ཡུལ་ལ་འཆར་བའི་ཤེས་པ་ནི་འཁོར་བའི་སེམས་ཞེས་བྱ་བས། འཛིན་པ་དང་གཟུང་བའི་རྣམ་ལྡན་དུ་སྐྱེ་བའོ། །དེ་ཡང་ངོས་ཟིན་ནས་ངང་ལ་གློད་ཤེས་དུས་རང་བྱུང་གི་རྩལ་གཞི་ལ་ཐིམ་པས། དགོངས་པ་ཆོས་ཉིད་དུ་འཆར་བའོ། །དོན་འདི་གཉིས་ཤིན་ཏུ་ཁྱད་ཆེ་བས་ཡང་བཤད་པ་ནི། དེ་ཉིད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །རང་བྱུང་ཡེ་ཤེས་ཐུགས་དེ་ལ། །ཡེ་ནས་རྟོག་པ་མེད་པའི་ཕྱིར། །སངས་རྒྱས་དགོངས་པ་མི་མཛད་དེ། །རྟོག་པའི་ཡུལ་ནི་ཀུན་དང་བྲལ། །ཤིན་ཏུ་རྣལ་འབྱོར་གང་ཟག་གང་། །སུ་ཡང་རུང་བ་དེ་ཡིས་ནི། །རྟོག་པ་མེད་ལ་གནས་གྱུར་ན། །དེ་ནི་སངས་རྒྱས་དགོངས་པ་མཛད། །རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པས། །རྣམ་པར་རྟོག་པའི་བག་ཆགས་གོས་མི་འགྱུར། །ཞེས་སོ། །དེ་ལྟར་དབྱིངས་འཕོ་འགྱུར་མེད་པའི་དགོངས་པ་རིག་པའི་གཏན་ཡུལ་ངེས་པ་ནི། མི་གཡོ་བསམ་བརྗོད་འདས་པའི་ངང་ཉིད་ལས། །སྣང་སྲིད་སྣོད་བཅུད་ཀུན་ལ་མངའ་དབང་བསྒྱུར། །ཆོས་དབྱིངས་ཡངས་པའི་ཡུལ་ཁམས་རྒྱ་ཆེའོ། །ཞེས་བྱ་བ་ནི་དོན་བསྡུ་བ་སྟེ། རང་བྱུང་གི་ཡེ་ཤེས་རང་གནས་ཀྱི་ངང་

[p. 43] དང་། ངང་ལས་ཤར་བའི་དབང་པོ་ལྔའི་ཤེས་པ་རང་སངས་རང་གྲོལ་ལ་སོང་བ་ཡང་ཆོས་ཉིད་ལས་མ་གཡོས་པས། སྣང་སྲིད་ཆོས་སྐུའི་ཞིང་ཁམས་སུ་ཤར་བ་སྟེ། འདས་རྗེས་ལས། ཡིན་པ་གྲུབ་པ་མེད་པའི་རིག་པ་འདི། །རང་སྣང་འཆར་ཚུལ་ཅིར་ཡང་མ་འགགས་པས། །སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། །ཞེས་པ་དང་། ཀུན་བྱེད་ལས། མི་རྟོག་པ་ཡི་རང་བྱུང་ཡེ་ཤེས་ལྔ། །སེམས་ཀྱི་རང་བཞིན་དབང་པོ་སྒོ་ལྔར་བཤད། །རང་བྱུང་ཡེ་ཤེས་དེ་ལ་འགག་པ་མེད། །བྱང་ཆུབ་སེམས་ཀྱི་ངོ་བོ་མངོན་སྣང་ལ། །རང་བྱུང་ཡེ་ཤེས་མི་འགག་སོ་སོར་གསལ། །ཞེས་སོ། །སྤྱིར་རིག་པའི་རང་ངོ་གང་དུའང་མ་གྲུབ་པ། གང་དུའང་མི་རྟོག་པ། གང་ལའང་མི་གནས་པ་སྟེ། འདི་ལ་བྱང་ཆུབ་ཀྱི་སེམས་དང་། དོན་དམ་པའི་བདེན་པ་དང་། རང་བྱུང་གི་ཡེ་ཤེས་དང་། ཆོས་ཀྱི་སྐུ་ལ་སོགས་པར་མིང་མང་པོ་བཏགས་ཏེ། གསལ་བ་དང་། སྟོང་པ་ལ་སོགས་པའི་ཆའི་ལྡོག་པ་ཕྱོགས་རེ་ལ་ཕྱེ་བར་ཟད་དོ། །དོན་ལ་རིག་པ་གྲུབ་བསལ་མེད་པ་སྟེ། རྒྱུད་དེ་ཉིད་ལས། ཀུན་བྱེད་ང་ཡི་རང་བཞིན་གཅིག་པུ་ལ། །འཁོར་གྱི་འདོད་པ་རྣམས་ཀྱིས་མིང་བཏགས་པ། །ལ་ལས་བྱང་ཆུབ་སེམས་སུ་མིང་བཏགས་ལ། །ལ་ལས་ནམ་མཁའི་ཁམས་སུ་མིང་ཡང་བཏགས། །ལ་ལས་རང་བྱུང་ཡེ་ཤེས་མིང་ཡང་བཏགས། །ལ་ལ་

[p. 44] ཆོས་ཀྱི་སྐུ་རུ་མིང་ཡང་བཏགས། །ལ་ལས་ལོངས་སྤྱོད་རྫོགས་པར་མིང་ཡང་བཏགས། །ལ་ལ་སྤྲུལ་པའི་སྐུ་རུ་མིང་ཡང་བཏགས། ལ་ལས་ཐམས་ཅད་མཁྱེན་པར་མིང་ཡང་བཏགས། ལ་ལ་རྣམ་པ་ཐམས་ཅད་མིང་ཡང་བཏགས། །ལ་ལའི་ཡེ་ཤེས་བཞི་དང་གསུམ་དུ་བཏགས། །ལ་ལས་ཡེ་ཤེས་ལྔ་རུ་མིང་ཡང་བཏགས། །མ་ལས་དབྱིངས་དང་ཡེ་ཤེས་མིང་བཏགས་པ། །རང་བྱུང་བྱང་ཆུབ་སེམས་ནི་གཅིག་ལ་བཏགས། །རང་བྱུང་ང་ལ་མཐོང་ཚོད་སྨྲས་པ་ཡིན། །ཞེས་སོ། །དེ་ལྟ་བུའི་དོན་དེ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སུ་བདེ་ཀློང་གཅིག་ཏུ་འཁྱིལ་བར་བསྟན་པ་ནི། །ཡུལ་དེར་གནས་ན་ཀུན་ཀྱང་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་གཅིག་ལས་མ་གཡོས་པར། །མ་བྱས་ཡེ་ཟིན་རྩོལ་སྒྲུབ་འདས་པ་ཉིད། །གྲྭ་ཟུར་མེད་པའི་ཐིག་ལེ་ཟླུམ་པས་ན། །ཇི་བཞིན་དབྱེ་བསལ་མེད་པའི་ཀློང་དུ་འཁྱིལ། །རིག་པ་དྲི་མ་མེད་པའི་ངོ་བོ་ནི་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་ཡེ་ནས་གནས་པ་སྟེ། བྱ་རྩོལ་བསམ་ཡུལ་ལས་འདས་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ནི། མུ་ཏིག་ཕྲེང་བ་ལས། ཀུན་གཞི་ཆོས་སྐུར་རང་ཤར་བས། །བརྒྱུད་པའི་རྩ་བ་རྩད་ནས་བཅད། །ཡིད་བཞིན་དགོངས་པར་ཡེ་གནས་པས། །འགྱུ་བྱེད་རྣམས་ནི་རང་གཞག་ཡིན། །དབུགས་ནི་ཡེ་ནས་རྒྱུན་ཆད་པས། །སྐྱེ་ཤི་གདོད་ནས་ཡོད་པ་མིན། །འདོད་པའི་ཡོན་ཏན་

[p. 45] ཡེ་རྫོགས་པས། །ཞེན་པའི་མཐའ་ནི་སྒོམ་པ་ཉིད། །ཡན་ལག་མ་བསྐྱོད་ཡེ་ཕྱིན་པས། །འགྲོ་བའི་ལམ་ཉིད་ཡེ་ནས་བགྲོད། །སྨྲས་པའི་ངག་ནི་བརྗོད་མེད་པས། །

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 783 typing errors, November 2026), with the variants of the other editions under each page (31 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = root and commentary MW3CN3400; R = root and commentary MW3CN14271; C = commentary MW1CZ2550. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 145] འབྲས་ལས་འདས་པའི་སྒོ་འཕར་ཡེ་ནས་རང་བཙུགས་པ་ནི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཕོ་བྲང་ཞེས་བྱའོ། །དེ་དག་གི་རང་བཞིན་ནི་ཀློང་དྲུག་པ་ལས། །ཡེ་ཤེས་མ་བཅོས་རྣམ་དག་པ། །ཁ་དོག་མ་བཅོས་མ་འདྲེས་གསལ། །གཉིས་མེད་མ་བཅོས་སྟོང་པའི་ངང༌། །རང་བྱུང་མ་བཅོས་རིག་པའི་ཀློང༌། །ཞེས་པ་དང༌། ཀུན་བྱེད་ལས། སྒོ་ནི་བཙལ་དུ་མེད་པའི་སྒོ་ནས་འཇུག །ཅེས་སོ། །ཕོ་བྲང་དེ་ཡི་རྒྱན་དང་བཀོད་པ་ནི། །ལྷུན་གྲུབ་འབྱོར་པའི་བཀོད་པས་བརྒྱན་པ་དེར། །རང་བྱུང་ཡེ་ཤེས་རྒྱལ་པོ་གདན་ལ་བཞུགས། །འདུ་འཕྲོར་སྣང་བ་ཡེ་ཤེས་རྩལ་རྣམས་ཀུན། །བློན་པོར་གྱུར་པས་ཡུལ་ལ་དབང་བསྒྱུར་ཞིང༌། །རང་གནས་བསམ་གཏན་བཙུན་མོ་དམ་པ་དང༌། །དགོངས་པ་རང་ཤར་སྲས་དང་བྲན་གཡོག་བཅས། །བདེ་ཆེན་ཀློང་འཁྱིལ་རང་གསལ་རྟོག་པ་མེད། །དེ་ལ་རང་བྱུང་

དོག་མ་བཅོས་མ་འདྲེས་གསལ་གཉིས ] མང་དྲེས A C · སོ་ཕོ་བྲང་དེ་ཡི་རྒྱན་དང ] དེའི A P S C · ལྷུན་གྲུབ་འབྱོར་པའི་བཀོད་པས ] བའི A C

[p. 146] ལྷུན་གྲུབ་ཀྱི་རིག་པ་ནི་ཕོ་བྲང་གི་བཀོད་པ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་ཅིང་ཆོས་ཐམས་ཅད་རྫོགས་པ་སྟེ། ཡི་གེ་མེད་པ་ལས། ང་ལ་ཕྱི་དང་ནང་མེད་པས། གསལ་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་སྟོང་དང་དངོས་མེད་པས། །སྣང་བའི་ཆོས་ནི་ཡོངས་སུ་རྫོགས། །ཞེས་སོ། །དེ་ལྟར་ལྷུན་གྱིས་གྲུབ་པའི་སྙིང་པོའི་ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ཏེ་རྒྱལ་པོ་ཁྲི་ལས་མི་གཡོ་བ་ལྟ་བུའོ། །དེའི་ངོ་བོ་ལ་རང་གནས་རང་བཞིན་གྱི་བསམ་གཏན་ནི་རིག་པ་དང་འབྲལ་མ་མྱོང་བས་བཙུན་མོ་ལྟ་བུའོ། །དེའི་དོན་རྟོགས་ནས་དགོངས་པའི་དྲོད་རང་ཆས་སུ་གྲུབ་པ་ནི་སྲས་དང་བྲན་གཡོག་ལྟ་བུའོ། །རིག་པའི་ངང་ནས་རང་རྩལ་ཡུལ་ཐོག་ཏུ་འཕྲོ་བའི་ཤེས་པ་ནི་བློན་པོ་ཡུལ་འཁོར་ལ་དབང་བསྒྱུར་ནས་འདོད་པ་བསྒྲུབས་པ་ལྟ་བུའོ། །འདིའི་ཁྱད་པར་མ་ཕྱེད་ན་སྨྱོན་པ་རྡོལ་ཐབས་སུ་སྨྲ་བ་དང་ཁྱད་མེད་པའི་ཕྱིར། རང་བྱུང་གི་

ཆོས་ཐམས་ཅད་⁁་རྫོགས་པ ] རབ W · ནི་ཡོངས་སུ་རྫོགས་ཞེས་སོ ] རྫོག་ས A D G C · རིག་པ་དང་འབྲལ་མ་མྱོང ] བྲལ P S

[p. 147] ཡེ་ཤེས་དུས་ཐམས་ཅད་པ་ན་རང་གནས་ལྷུན་གྲུབ་ཀྱི་ངོ་བོ་ཡུལ་ལ་མི་ལྟོས་པ་དང༌། རིག་བྱེད་རྩལ་གྱི་ཡེ་ཤེས་ཡུལ་ཐོག་ཏུ་འཆར་བ་ཡུལ་ལ་ལྟོས་པ་ཅན་ཏེ། གློད་མ་ཤེས་ན་རྐྱེན་རྟོག་པ་རང་ག་མ་གཉིས་ཁྱད་པར་ཤིན་ཏུ་ཆེ་བས་ན། ནང་རང་བྱུང་ལ་ངོས་ཟིན་ནས་རྩལ་གཞི་ཐོག་ཏུ་གྲོལ་བར་འགྱུར་ཏེ། ཀ་དག་ཆོས་ཟད་ཀྱི་ངང་དུ་ལ་བཟླ་ལ། མ་ཟིན་ན་རང་བྱུང་གི་ཆ་དེ་ལུང་མ་བསྟན་ལས། རྩལ་རྟོག་པ་ཡུལ་ལ་འཇུག་པའི་ཕྱིར། དགོངས་པ་བར་མཚམས་མེད་པ་རང་བཞིན་གྱི་བསམ་གཏན་དང་བཅས་པ་རང་ངོ་ཤེས་པ་གཅེས་སོ། །འདིའི་ངོ་བོ་དང་ཁྱད་པར་ནི་ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཡེ་ཤེས་ཡེ་ཤེས་ཞེས་བྱ་བ། །ཡེ་ཤེས་ཡེ་ནས་ཤེས་པ་ཡིན། །རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོག་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བའི་རང་བྱུང་མིན། །ཡུལ་མེད་ཙམ་ན་གསལ་མི་

ཐམས་ཅད་པ་ན་རང་གནས་ལྷུན ] ནང D G R · རྟོག་པ་རང་ག་མ་གཉིས ] ཀ D G R · མ་བསྟན་ལས་རྩལ་རྟོག་པ ] ཙ་ལ A C · བར་མཚམས་མེད་པ་རང་བཞིན ] པར W · པ་རང་བཞིན་གྱི་བསམ་གཏན ] གྱིས D G R

[p. 148] བྱེད། །དེས་ན་རང་བྱུང་ཡེ་ཤེས་དེས། །ཡེ་ནས་ཤེས་པའི་ཡེ་ཤེས་ཏེ། །ཡེ་ཤེས་ཞེས་ནི་དེ་ལ་བྱ། །འཁོར་གྱི་སྟོན་པའི་ཡེ་ཤེས་ནི། །ཡུལ་ལ་བརྟགས་པའི་ཡེ་ཤེས་དེས། །གང་སུ་ཡུལ་ལ་རྟོག་བྱེད་པ། །དེ་ནི་རིག་བྱེད་ཡེ་ཤེས་ཡིན། །རིག་པར་བྱ་བའི་ཡུལ་དེ་ནི། །བྱང་ཆུབ་སེམས་ལས་བྱུང་བའི་ཕྱིར། །དེ་ནི་ཡུལ་མེད་བྱང་ཆུབ་སེམས། །ཡེ་ཤེས་རང་ལས་བྱུང་བའི་ཕྱིར། །དེ་ལ་ཏིང་འཛིན་སྒོམ་མི་བྱེད། །ཏིང་འཛིན་སྒོམ་པ་མི་བྱེད་པས། །ཏིང་འཛིན་བག་ཆགས་སོགས་མི་འགྱུར། །བག་ཆགས་མེད་པའི་ཆོས་ཉིད་དེ། །དུས་གསུམ་སངས་རྒྱས་དགོངས་པར་བཤད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པ་ཡུལ་ལ་མི་རྟོག་སྟེ། །མཉམ་པ་ཉིད་དུ་ཡེ་ནས་གནས། །ཞེས་སོ། །རང་བྱུང་གི་ཡེ་ཤེས་ཡུལ་ལ་མི་རྟོག་པ་དེ་ལ་རང་གནས་ཀྱི་བསམ་གཏན་མ་བྱས་ལྷུན་གྲུབ་ཏུ་ཡོད་པ་ཉིད་རྣལ་འབྱོར་པའི་

ན་གསལ་མི་བྱེད་དེས་ན ] བྱད D R · ཤེས་དེས་གང་སུ་ཡུལ་ལ ] དུ P S · འཛིན་བག་ཆགས་སོགས་མི་འགྱུར ] སོག P G S · ཉིད་རྣལ་འབྱོར་པའི་བསམ་གཏན ] བའི D R

[p. 149] བསམ་གཏན་ཡིན་ལ། ཡུལ་རྩེ་གཅིག་ཏུ་ཡིད་ལ་བྱེད་པའི་ཞི་ལྷག་འཇིག་རྟེན་བྱིས་པའི་བསམ་གཏན་ཡིན་པས། བག་ཆགས་སོག་མི་སོག་གི་ཁྱད་ཡོད་དོ། །རིག་པ་རང་གནས་ཀྱི་ངོ་བོ་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། །ཆོས་ཉིད་ཀྱི་དགོངས་པ་ཞེས་བྱའོ། །ཡུལ་ལ་འཆར་བའི་ཤེས་པ་ནི་འཁོར་བའི་སེམས་ཞེས་བྱ་བས། འཛིན་པ་དང་གཟུང་བའི་རྣམ་ལྡན་དུ་སྐྱེ་བའོ། །དེ་ཡང་ངོས་ཟིན་ནས་ངང་ལ་གློད་ཤེས་དུས་རང་བྱུང་གི་རྩལ་གཞི་ལ་ཐིམ་པས། དགོངས་པ་ཆོས་ཉིད་དུ་འཆར་བའོ། །དོན་འདི་གཉིས་ཤིན་ཏུ་ཁྱད་ཆེ་བས་ཡང་བཤད་པ་ནི། དེ་ཉིད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །རང་བྱུང་ཡེ་ཤེས་ཐུགས་དེ་ལ། །ཡེ་ནས་རྟོག་པ་མེད་པའི་ཕྱིར། །སངས་རྒྱས་དགོངས་པ་མི་མཛད་དེ། །རྟོག་པའི་ཡུལ་ནི་ཀུན་དང་བྲལ། །ཤིན་ཏུ་རྣལ་འབྱོར་གང་

ངོས་ཟིན་ནས་ངང་ལ་གློད ] དང A D · འཆར་བའོ་དོན་འདི་གཉིས་ཤིན ] དེ W

[p. 150] ཟག་གང༌། །སུ་ཡང་རུང་བ་དེ་ཡིས་ནི། །རྟོག་པ་མེད་ལ་གནས་གྱུར་ན། །དེ་ནི་སངས་རྒྱས་དགོངས་པ་མཛད། །རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པས། །རྣམ་པར་རྟོག་པའི་བག་ཆགས་གོས་མི་འགྱུར། །ཞེས་སོ། །དེ་ལྟར་དབྱིངས་འཕོ་འགྱུར་མེད་པའི་དགོངས་པ་རིག་པའི་གཏན་ཡུལ་ངེས་པ་ནི། མི་གཡོ་བསམ་བརྗོད་འདས་པའི་ངང་ཉིད་ལས། །སྣང་སྲིད་སྣོད་བཅུད་ཀུན་ལ་མངའ་དབང་བསྒྱུར། །ཆོས་དབྱིངས་ཡངས་པའི་ཡུལ་ཁམས་རྒྱ་ཆེའོ། །ཞེས་བྱ་བ་ནི་དོན་བསྡུ་བ་སྟེ། རང་བྱུང་གི་ཡེ་ཤེས་རང་གནས་ཀྱི་ངང་དང༌། ངང་ལས་ཤར་བའི་དབང་པོ་ལྔའི་ཤེས་པ་རང་སངས་རང་གྲོལ་ལ་སོང་བ་ཡང་ཆོས་ཉིད་ལས་མ་གཡོས་པས། སྣང་སྲིད་ཆོས་སྐུའི་ཞིང་ཁམས་སུ་ཤར་བ་སྟེ། འདས་རྗེས་ལས། ཡིན་པ་གྲུབ་པ་མེད་པའི་རིག་པ་འདི། །རང་སྣང་འཆང་ཚུལ་ཅིར་ཡང་མ་འགགས་པས། སྣང་སྲིད་ཀུན་

པ་རིག་པའི་གཏན་ཡུལ་ངེས ] གཏད W · ལ་མངའ་དབང་བསྒྱུར་ཆོས་དབྱིངས ] སྒྱུར D G R · འདི་རང་སྣང་འཆང་ཚུལ་ཅིར ] འཆར W P D G S R C

[p. 151] ཀྱང་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། །ཞེས་པ་དང༌། ཀུན་བྱེད་ལས། མི་རྟོག་པ་ཡི་རང་བྱུང་ཡེ་ཤེས་ལྔ། །སེམས་ཀྱི་རང་བཞིན་དབང་པོ་སྒོ་ལྔར་བཤད། །རང་བྱུང་ཡེ་ཤེས་དེ་ལ་འགག་པ་མེད། །བྱང་ཆུབ་སེམས་ཀྱི་ངོ་བོ་མངོན་སྣང་ལ། །རང་བྱུང་ཡེ་ཤེས་མི་འགག་སོ་སོར་གསལ། །ཞེས་སོ། །སྤྱིར་རིག་པའི་རང་ངོ་གང་དུའང་མ་གྲུབ་པ། གང་དུའང་མི་རྟོག་པ། གང་ལའང་མི་གནས་པ་སྟེ། འདི་ལ་བྱང་ཆུབ་ཀྱི་སེམས་དང༌། དོན་དམ་པའི་བདེན་པ་དང༌། རང་བྱུང་གི་ཡེ་ཤེས་དང༌། ཆོས་ཀྱི་སྐུ་ལ་སོགས་པར་མིང་མང་པོ་བཏགས་ཏེ། གསལ་བ་དང༌། སྟོང་པ་ལ་སོགས་པའི་ཆའི་ལྡོག་པ་ཕྱོགས་རེ་ལ་ཕྱེ་བར་ཟད་དོ། །དོན་ལ་རིག་པ་གྲུབ་བསལ་མེད་པ་སྟེ། རྒྱུད་དེ་ཉིད་ལས། ཀུན་བྱེད་ང་ཡི་རང་བཞིན་གཅིག་པུ་ལ། འཁོར་གྱི་འདོད་པ་རྣམས་

འགག་པ་མེད་བྱང་ཆུབ་སེམས ] བྱུང P S · རྟོག་པ་གང་ལའང་མི་གནས ] དུའང D R

[p. 152] ཀྱིས་མིང་བཏགས་པ། །ལ་ལས་བྱང་ཆུབ་སེམས་སུ་མིང་བཏགས་ལ། །ལ་ལས་ནམ་མཁའི་ཁམས་སུ་མིང་ཡང་བཏགས། །ལ་ལས་རང་བྱུང་ཡེ་ཤེས་མིང་ཡང་བཏགས། །ལ་ལས་ཆོས་ཀྱི་སྐུ་རུ་མིང་ཡང་བཏགས། །ལ་ལས་ལོངས་སྤྱོད་རྫོགས་པར་མིང་ཡང་བཏགས། །ལ་ལས་སྤྲུལ་པའི་སྐུ་རུ་མིང་ཡང་བཏགས། །ལ་ལས་ཐམས་ཅད་མཁྱེན་པར་མིང་ཡང་བཏགས། །ལ་ལས་རྣམ་པ་ཐམས་ཅད་མིང་ཡང་བཏགས། །ལ་ལས་ཡེ་ཤེས་བཞི་དང་གསུམ་དུ་བཏགས། །ལ་ལས་ཡེ་ཤེས་ལྔ་རུ་མིང་ཡང་བཏགས། །ལ་ལས་དབྱིངས་དང་ཡེ་ཤེས་མིང་བཏགས་པ། །རང་བྱུང་བྱང་ཆུབ་སེམས་ནི་གཅིག་ལ་བཏགས། །རང་བྱུང་ང་ལ་མཐོང་ཚད་སྨྲས་པ་ཡིན། །ཞེས་སོ། །དེ་ལྟ་བུའི་དོན་དེ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སུ་བདེ་ཀློང་གཅིག་ཏུ་འཁྱིལ་བར་བསྟན་པ་ནི། །ཡུལ་དེར་གནས་ན་ཀུན་ཀྱང་ཆོས་ཀྱི་སྐུ། །རང་

ཡང་བཏགས་ལ་ལས་ཆོས་ཀྱི ] ལ A C · ཡང་བཏགས་ལ་ལས་སྤྲུལ་པའི ] ལ A C · ཡང་བཏགས་ལ་ལས་རྣམ་པ ] ལ A C · ཡང་བཏགས་ལ་ལས་ཡེ་ཤེས ] ལའི A C · མིང་ཡང་བཏགས་ལ་ལས་དབྱིངས ] མ A C · ང་ལ་མཐོང་ཚད་སྨྲས་པ ] ཚོད A P S C · སོ་དེ་ལྟ་བུའི་དོན་དེ ] བུ W

[p. 153] བྱུང་ཡེ་ཤེས་གཅིག་ལས་མ་གཡོས་པར། །མ་བྱས་ཡེ་ཟིན་རྩོལ་སྒྲུབ་འདས་པ་ཉིད། །གྲྭ་ཟུར་མེད་པའི་ཐིག་ལེ་ཟླུམ་པས་ན། །ཇི་བཞིན་དབྱེ་བསལ་མེད་པའི་ཀློང་དུ་འཁྱིལ། །རིག་པ་དྲི་མ་མེད་པའི་ངོ་བོ་ནི་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་ཡེ་ནས་གནས་པ་སྟེ། བྱ་རྩོལ་བསམ་ཡུལ་ལས་འདས་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ནི། མུ་ཏིག་ཕྲེང་བ་ལས། ཀུན་གཞི་ཆོས་སྐུར་རང་ཤར་བས། །བརྒྱུད་པའི་རྩ་བ་རྩད་ནས་བཅད། །ཡིད་བཞིན་དགོངས་པར་ཡེ་གནས་པས། །འགྱུ་བྱེད་རྣམས་ནི་རང་གཞག་ཡིན། །དབུགས་ནི་ཡེ་ནས་རྒྱུན་ཆད་པས། །སྐྱེ་ཤི་གདོད་ནས་ཡོད་པ་མིན། །འདོད་པའི་ཡོན་ཏན་ཡེ་རྫོགས་པས། །ཞེན་པའི་མཐའ་ནི་སྒོམ་པ་ཉིད། །ཡན་ལག་མ་བསྐྱོད་ཡེ་ཕྱིན་པས། །འགྲོ་བའི་ལམ་ཉིད་ཡེ་ནས་བགྲོད། །སྨྲས་པའི་ངག་ནི་བརྗོད་མེད་པས། །ཡེ་ནས་སྨྲ་བསམ་

ཇི་བཞིན་དབྱེ་བསལ་མེད་པའི ] བས་ལ D G R · པས་སྐྱེ་ཤི་གདོད་ནས་ཡོད ] གདོང D R
[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the chapter's own divisions; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The complete outline of the work is on the contents page.
7 Awareness compared with the realm of an excellent king རྒྱལ་པོ་ཕུན་སུམ་ཚོགས་པའི་ཡུལ་ཁམས་དང་ཆོས་མཐུན་པར་སྦྱར་བ [p. 143] topical
7.2 The adornments and array of the palace ཕོ་བྲང་དེ་ཡི་རྒྱན་དང་བཀོད་པ [p. 145] topical
Self-arisen wisdom is matched to the unmoving king, natural meditative stability to the queen, realized intent to princes and servants, and cognition radiating onto objects to ministers. The commentary then distinguishes object-independent self-arisen wisdom from the object-dependent cognizing of dynamic energy, citing Without Letters and the All-Creating King.
7.2.1 Correlating the king, queen, retinue and ministers ཕོ་བྲང་གི་བཀོད་པ་དང་དཔེ་སྦྱར་བ [p. 145] topical
Spontaneously present awareness is the palace's array; self-arisen wisdom is the unmoving king, natural meditative stability the queen, the warmth of realized intent the princes and servants, and cognition radiating onto objects the ministers. Cites Without Letters.
7.2.2 Distinguishing self-arisen wisdom from dynamic energy རང་བྱུང་གི་ཡེ་ཤེས་དང་རྩལ་གྱི་ཁྱད་པར [p. 146] topical
Self-arisen wisdom is independent of objects, whereas the cognizing wisdom of dynamic energy depends on objects and becomes conceptual thought if not recognized; the yogin's natural meditative stability is contrasted with worldly calm abiding and insight. Supported by two long passages from the All-Creating King.
7.3 The everlasting homeland of awareness, the vast country of basic space རིག་པའི་གཏན་ཡུལ་ཆོས་དབྱིངས་ཡངས་པའི་ཡུལ་ཁམས [p. 150] topical
From the unwavering state, dominion is exercised over all that appears and exists, which thus arises as the realm of dharmakāya, the sense cognitions being naturally free. Awareness receives many names (awakened mind, dharmakāya, etc.) that merely single out its aspects, as the All-Creating King explains.
7.4 Gathering into the one expanse of bliss བདེ་ཀློང་གཅིག་ཏུ་འཁྱིལ་བ [p. 152] topical
Dwelling in that country, all is dharmakāya, the sole sphere without corners, unmade and beyond effort; a long citation from the Pearl Garland shows self-arisen wisdom beyond action, thought and dualistic counting.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 145] and effect (rgyu 'bras), set in place by themselves primordially. This is what is called "the palace of awakened mind, the nature of phenomena."

The nature of these is stated in the Six Expanses:

Primordial wisdom (ye shes),[42]Note 42 · p. 145 · ye shes: "primordial wisdom" per the glossary (GPT-6.2 Astra "primordial knowing", Claude Fable 5.2 "timeless awareness", Dharmamitra once plain "wisdom"). gsal is "lucid", not "luminous" or "clear". uncontrived (ma bcos), is utterly pure.
Colors, uncontrived, are unmixed and lucid.
Nonduality (gnyis med), uncontrived, is the state of emptiness.
The self-arisen, uncontrived, is the expanse of awareness.Klong drug paQuotation (named in the text: ཀློང་དྲུག་པ་ལས)
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Expanses · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0059-vol-01-text (a parallel), 100 % of the words.

And the All-Creating King says:

As for the door, one enters by the door that is not to be sought.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 100 % of the words.

7.2 The adornments and array of the palace ཕོ་བྲང་དེ་ཡི་རྒྱན་དང་བཀོད་པ7.2 The adornments and array of the palace (topical division)
Self-arisen wisdom is matched to the unmoving king, natural meditative stability to the queen, realized intent to princes and servants, and cognition radiating onto objects to ministers. The commentary then distinguishes object-independent self-arisen wisdom from the object-dependent cognizing of dynamic energy, citing Without Letters and the All-Creating King.

As for the adornments and array of that palace:[43]Note 43 · p. 145 · pho brang de yi rgyan dang bkod pa ni is taken as the commentary's prose introduction, not a root line (so all drafts). Adzom's de'i gives a non-metrical line, which supports this.

There, adorned with an array of spontaneously present wealth,
the king, self-arisen primordial wisdom, is seated upon his throne.
All the dynamic energies (rtsal) of primordial wisdom that appear as gathering and radiating
have become his ministers and hold sway over the realm.[44]Note 44 · p. 145 · yul la dbang bsgyur: yul is both the king's "realm" and the "objects" of cognition. The verse keeps the image ("realm"), and the commentary on p. 146 unpacks it as objects (yul) and kingdom (yul 'khor). Dharmamitra's "objective realm" merges the two.
With the noble queen, naturally abiding (rang gnas) meditative stability (bsam gtan),
and the princes and servants, naturally arising enlightened intent,
all are gathered in the expanse of great bliss,[45]Note 45 · p. 145 · bde chen klong 'khyil: Gemini 4 Neon, GPT-6.2 Astra and Dharmamitra have "swirling"; I follow Claude Fable 5.2's "gathered" ('khyil as pooling or converging), with king, ministers, queen and sons as the subject. naturally lucid (rang gsal) and free of conceptual thought (rtog pa).

7.2.1 Correlating the king, queen, retinue and ministers ཕོ་བྲང་གི་བཀོད་པ་དང་དཔེ་སྦྱར་བ7.2.1 Correlating the king, queen, retinue and ministers (topical division)
Spontaneously present awareness is the palace's array; self-arisen wisdom is the unmoving king, natural meditative stability the queen, the warmth of realized intent the princes and servants, and cognition radiating onto objects the ministers. Cites Without Letters.

Here, self-arisen,

[p. 146] spontaneously present awareness is the array of the palace: kāyas and primordial wisdom neither join nor part, and all phenomena are perfect. As Without Letters says:

Since in me there is neither outer nor inner,
the phenomena of lucidity (gsal ba) are utterly perfect.
Since in me there is neither emptiness nor substantial entity,
the phenomena of appearance (snang ba) are utterly perfect.Yi ge med paQuotation (named in the text: ཡི་གེ་མེད་པ་ལས)
ཡི་གེ་མེད་པའི་རྒྱུད་ཆེན་པོ, yi ge med pa'i rgyud chen po, The Tantra Without Letters · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0051-vol-01-text (the text itself), 91 % of the words.

Thus the essence of the spontaneously present heart essence is self-arisen primordial wisdom, which is like a king who does not stir from his throne. In its essence, the naturally abiding, natural meditative stability (rang bzhin gyi bsam gtan) has never been parted from awareness, and so is like the queen. Once the meaning of this has been realized, the warmth of enlightened intent,[46]Note 46 · p. 146 · dgongs pa: "enlightened intent"; GPT-6.2 Astra's "realization" is reserved for rtogs pa. rdzogs is "perfect", not "complete" (GPT-6.2 Astra, Claude Fable 5.2). present as a natural endowment, is like the princes and servants. The cognition (shes pa) in which, from within the state of awareness, its own dynamic energy (rang rtsal) radiates out onto objects (yul) is like the ministers who hold sway over the kingdom and accomplish what is wished for.

7.2.2 Distinguishing self-arisen wisdom from dynamic energy རང་བྱུང་གི་ཡེ་ཤེས་དང་རྩལ་གྱི་ཁྱད་པར7.2.2 Distinguishing self-arisen wisdom from dynamic energy (topical division)
Self-arisen wisdom is independent of objects, whereas the cognizing wisdom of dynamic energy depends on objects and becomes conceptual thought if not recognized; the yogin's natural meditative stability is contrasted with worldly calm abiding and insight. Supported by two long passages from the All-Creating King.

If the distinction between these is not drawn,[47]Note 47 · p. 146 · Dharmamitra omits the final sentence ('di'i khyad par ma phyed na…). That sentence runs on into the next page, and the translation stops at "self-arisen" (rang byung gi), to be continued by "primordial wisdom…" in the next part. one is no different from a madman blurting out whatever comes to mind; therefore, self-arisen

[p. 147] primordial wisdom, which is present at all times,[48]Note 48 · p. 147 · དུས་ཐམས་ཅད་པ་ན is odd Tibetan (perhaps for ན་ read ནི); I take it as "present at all times", qualifying self-arisen primordial wisdom. is the essence of naturally abiding spontaneous presence and does not depend on objects, whereas the primordial wisdom of dynamic energy, that which cognizes,[50]Note 50 · p. 147 · རིག་བྱེད is rendered "that which cognizes / cognizing", not "awareness". Here རིག is the ordinary object-directed act of knowing (compare the glossary's dran rig), set against self-arisen primordial wisdom. arises right upon objects and is dependent on objects; if one does not know how to relax (glod pa), it is ordinary conceptual thought stirred up by conditions.[49]Note 49 · p. 147 · རྐྱེན་རྟོག་པ་རང་ག་མ་གཉིས་ཁྱད་པར་ཤིན་ཏུ་ཆེ: Dharmamitra takes the "great difference" to lie between dynamic energy and ordinary thought. With Claude Fable 5.2, Gemini 4 Neon and GPT-6.2 Astra I read "ordinary thought stirred by conditions" as what the cognizing primordial wisdom is when one cannot relax, and "these two" as self-arisen primordial wisdom and the primordial wisdom of dynamic energy. Since the difference between these two is very great—once the self-arisen within has been recognized, dynamic energy comes to be free right in the ground, and one resolves decisively (la bzla) within the state of primordial purity (ka dag), the exhaustion of phenomena (chos zad), whereas if it is not recognized, that self-arisen aspect is indeterminate (lung ma bstan),[51]Note 51 · p. 147 · ལུང་མ་བསྟན་ལས: Dharmamitra's "degenerates into an indeterminate state" over-translates. I follow Claude Fable 5.2 and Gemini 4 Neon: the unrecognized self-arisen aspect is indeterminate, and from it dynamic energy engages objects as thought. and out of it dynamic energy, as conceptual thought, engages with objects—it is vital that uninterrupted enlightened intent, together with natural meditative stability, be recognized in its own face (rang ngo). The essence of this, and the distinction, are taught in the All-Creating King (Kun byed):

O great being (sems dpa' chen po), listen!
As for what is called "primordial wisdom, primordial wisdom,"
primordial wisdom is primordial knowing.
Self-arisen primordial wisdom knows primordially.
The primordial wisdom that conceptualizes objects
arises from objects and is not self-arisen.
The moment there is no object, it does not shine lucidly.

[p. 148] Therefore that self-arisen primordial wisdom
is the primordial wisdom that knows primordially;
it is this that is called "primordial wisdom."
As for the primordial wisdom of the teachers of the retinue,[52]Note 52 · p. 148 · འཁོར་གྱི་སྟོན་པ: Dharmamitra has a singular "teacher of the retinue", Claude Fable 5.2 "the teachers who are the retinue". In the All-Creating King these are the teachers of the three kāyas who emanate from the All-Creating King; I keep the neutral "teachers of the retinue".
it is the primordial wisdom that examines objects.
Whoever it is that conceptualizes objects,
that is the primordial wisdom that cognizes.
Since the object to be cognized
arises from awakened mind (byang chub sems),
it is awakened mind, without object.
Since primordial wisdom arises from itself,
in it there is no meditating on samādhi (ting 'dzin).
Since there is no meditating on samādhi,
the habitual tendencies (bag chags) of samādhi are not accumulated.[53]Note 53 · p. 148 · བག་ཆགས་སོགས་མི་འགྱུར: སོགས is read as (g)sog, "accumulate", as the commentary's own gloss བག་ཆགས་སོག་མི་སོག confirms. Dharmamitra's "and the like" is rejected.
That nature of phenomena, free of habitual tendencies,
is explained to be the enlightened intent of the buddhas (sangs rgyas) of the three times.
The enlightened intent of all the buddhas of the three times
does not conceptualize objects;
it abides primordially as equality.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 84 % of the words.

The naturally abiding meditative stability that is present, unmade and spontaneously present, in that self-arisen primordial wisdom which does not conceptualize objects is itself the yogin's (rnal 'byor pa)

[p. 149] meditative stability, whereas the calm abiding and special insight (zhi lhag) of one-pointed mental engagement (yid la byed pa) with an object are the meditative stability of worldly, childish beings; hence there is the difference of whether habitual tendencies are accumulated or not. The essence of naturally abiding awareness is awakened mind, and it is called "the enlightened intent of the nature of phenomena." The cognition that arises toward objects is called "the mind of saṃsāra ('khor ba)," and it arises endowed with the aspects of perceiving subject and perceived object (gzung ba). Yet when that too has been recognized and one knows how to relax within the state, the dynamic energy of the self-arisen dissolves into the ground, and so enlightened intent arises as the nature of phenomena.[54]Note 54 · p. 149 · དགོངས་པ་ཆོས་ཉིད་དུ་འཆར་བ: Claude Fable 5.2 reads "it arises as enlightened intent, the nature of phenomena". With Dharmamitra, Gemini 4 Neon and GPT-6.2 Astra I follow the plain syntax: enlightened intent arises as the nature of phenomena. Since the difference between these two points is very great, it is explained again in that same tantra:

O great being, listen!
In the enlightened mind (thugs) of all the buddhas of the three times,
which is self-arisen primordial wisdom,
there is primordially no conceptual thought;
therefore the buddhas do not exercise any intent,[55]Note 55 · p. 149 · དགོངས་པ་མི་མཛད / དགོངས་པ་མཛད: the tantra plays on the phrase. The buddhas do not "exercise intent" in the sense of thinking or deliberating, while the atiyogin who abides without thought "exercises the buddhas' enlightened intent". Dharmamitra, Claude Fable 5.2, Gemini 4 Neon, GPT-6.2 Astra render the first as "deliberate" or "mental intent" and the second as "enact" (GPT-6.2 Astra "shares in"); I keep one verb so the echo is audible.
and are free of all objects of conceptual thought.
Any person of atiyoga (shin tu rnal 'byor),

[p. 150] whoever that may be,
who comes to abide in the absence of conceptual thought—
that one exercises the enlightened intent of the buddhas.
Since self-arisen primordial wisdom does not conceptualize objects,
it is not stained by the habitual tendencies of discursive thoughtKun byedQuotation (the text says: the same source: དེ་ཉིད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 90 % of the words.
(rnam par rtog pa).

7.3 The everlasting homeland of awareness, the vast country of basic space རིག་པའི་གཏན་ཡུལ་ཆོས་དབྱིངས་ཡངས་པའི་ཡུལ་ཁམས7.3 The everlasting homeland of awareness, the vast country of basic space (topical division)
From the unwavering state, dominion is exercised over all that appears and exists, which thus arises as the realm of dharmakāya, the sense cognitions being naturally free. Awareness receives many names (awakened mind, dharmakāya, etc.) that merely single out its aspects, as the All-Creating King explains.

Thus, to establish with certainty that the enlightened intent of basic space, in which there is no transition or change, is the everlasting homeland[56]Note 56 · p. 150 · གཏན་ཡུལ is rendered "everlasting homeland", by analogy with the glossary's gtan srid, "the everlasting domain". ཡུལ་ཁམས is rendered "country" to continue the royal metaphor and to keep it apart from ཞིང་ཁམས, "buddha realm" (Claude Fable 5.2 and Gemini 4 Neon use "pure realm" for the latter, against the glossary). of awareness:

From within the very state that is unwavering, beyond thought and expression,
dominion is exercised over all that appears and exists,[58]Note 58 · p. 150 · The last verse line of the quotation is left unfinished at སྣང་སྲིད་ཀུན ("all that appears and exists"), for the next part to continue. Dharmamitra completes the line from the following page. the whole world and its inhabitants.
Vast is the country of the spacious basic space of phenomena (chos dbyings).

This sums up the meaning. The naturally abiding state of self-arisen primordial wisdom, and also the cognitions of the five sense faculties (dbang po) that arise from that state and have passed into being naturally cleared (rang sangs) and naturally free (rang grol), have not stirred from the nature of phenomena; therefore all that appears and exists arises as the buddha realm of dharmakāya. As the Posthumous Testament ('Das rjes) says:

This awareness, which is not established as being anything—
since the ways in which its own appearances arise[57]Note 57 · p. 150 · རང་སྣང་འཆང་ཚུལ: read as འཆར་ཚུལ, "the ways [its own appearances] arise", as all drafts tacitly do; འཆང ("hold") gives no good sense here. are in no way obstructed,
all that appears and exists

[p. 151] also arises as the realm of dharmakāya,[59]Note 59 · p. 151 · The first line completes the Posthumous Testament verse begun in the previous part; Dharmamitra omits it (kyang chos sku'i zhing du shar).
and that very arising is free right there upon itself.'das rjesQuotation (named in the text: འདས་རྗེས་ལས)
འདས་རྗེས, 'das rjes, The Posthumous Testaments of the Vidyādharas · upadesha; Vima Nyingtik / Khandro Nyingtik
Identification: medium confidence (The final testaments of the early Dzogchen masters (Garab Dorje, Mañjuśrīmitra, etc.) transmitted in the Nyingtik.)
The quoted words are in Klong chen rab byams gsung 'bum/volume 001 018 (a parallel), 56 % of the words.
[60]Note 60 · p. 151 · rang gi thog tu grol: rendered "free right there upon itself". Dharmamitra and Claude Fable 5.2 have "in its own place", which is reserved for rang sar grol; Gemini 4 Neon and Dharmamitra have "liberated", which is reserved for thar pa.

And the All-Creating King[61]Note 61 · p. 151 · The titles Kun byed and Mu tig phreng ba are rendered "All-Creating King" and "Pearl Garland"; these should be checked against the forms used in earlier parts, which I could not see. says:

The five nonconceptual self-arisen primordial wisdoms (rang byung ye shes),
the nature of mind, are explained as the five doors of the sense faculties.[62]Note 62 · p. 151 · sems kyi rang bzhin dbang po sgo lngar bshad: read as "the five wisdoms, the nature of mind, are explained as the five sense doors" (with Gemini 4 Neon, Claude Fable 5.2). GPT-6.2 Astra has the nature of mind "at" the five gates and Dharmamitra supplies "[operating] through".
For that self-arisen primordial wisdom there is no cessation.
In the manifest appearance of the essence of awakened mind,
self-arisen primordial wisdom, unceasing, is lucid in each distinctly.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 68 % of the words.

In general, awareness's own face is not established as anything whatsoever, does not conceptualize anything whatsoever, and does not abide in anything whatsoever. To this many names are given, such as awakened mind, ultimate truth (don dam pa'i bden pa), self-arisen primordial wisdom and dharmakāya (chos kyi sku), but these do no more than single out, one side at a time, the distinguishing aspects (ldog pa) of its facets, such as lucidity and emptiness[63]Note 63 · p. 151 · gsal ba is "lucidity" throughout by the glossary (drafts: "clarity"); ye shes is "primordial wisdom" (Claude Fable 5.2 and part of GPT-6.2 Astra have plain "wisdom"); byang chub sems is "awakened mind" (GPT-6.2 Astra "bodhicitta", Dharmamitra "enlightened mind"). (stong pa). In fact, awareness is without anything to be established or eliminated.[64]Note 64 · p. 151 · grub bsal med pa: "without anything to be established or eliminated" (GPT-6.2 Astra, Claude Fable 5.2), rather than Gemini 4 Neon's "affirmation or negation", which is the glossary rendering of dgag sgrub. As that same tantra says:

To the one nature of me, the all-creating one (kun byed),

[p. 152] names have been given according to the wishes of the retinue.
Some have given it the name awakened mind;
some have also given it the name element of space;[65]Note 65 · p. 152 · nam mkha'i khams: rendered "element of space" (with GPT-6.2 Astra), since khams is dhātu and "realm of space" is reserved for nam mkha'i dbyings (Dharmamitra, Claude Fable 5.2). Gemini 4 Neon's "expanse" is reserved for klong.
some have also given it the name self-arisen primordial wisdom;
some have also given it the name dharmakāya;
some have also given it the name saṃbhogakāya (longs spyod rdzogs pa);[67]Note 67 · p. 152 · longs spyod rdzogs pa: "saṃbhogakāya" by the glossary, since the name is not being explained here (Claude Fable 5.2 has "perfect enjoyment").
some have also given it the name nirmāṇakāya (sprul pa'i sku);
some have also given it the name omniscience;
some have also given it the name all aspects;[66]Note 66 · p. 152 · rnam pa thams cad: translated as it stands, "all aspects". It is probably a metrical truncation of rnam pa thams cad mkhyen pa (knowing of all aspects).
some have named it the four primordial wisdoms and the three;
some have also given it the name five primordial wisdoms (ye shes lnga);
some have given it the names basic space and primordial wisdom—
all are given to the one self-arisen awakened mind.
They have spoken of me, the self-arisen, according to the measure of what they have seen.Kun byedQuotation (the text says: the same source: རྒྱུད་དེ་ཉིད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 82 % of the words.
[68]Note 68 · p. 152 · mthong tshad (text) against Adzom mthong tshod: I keep tshad, "according to the measure of what they have seen". Adzom's tshod would give "according to their own estimate of what they see"; the sense is nearly the same.

7.4 Gathering into the one expanse of bliss བདེ་ཀློང་གཅིག་ཏུ་འཁྱིལ་བ7.4 Gathering into the one expanse of bliss (topical division)
Dwelling in that country, all is dharmakāya, the sole sphere without corners, unmade and beyond effort; a long citation from the Pearl Garland shows self-arisen wisdom beyond action, thought and dualistic counting.

To show that this meaning, such as it is, gathers into the one expanse of bliss within awakened mind, the nature of phenomena:

If one dwells in that country,[69]Note 69 · p. 152 · yul der gnas na: "country", because the line picks up the preceding root verse ("Vast is the country of the spacious basic space of phenomena"). Gemini 4 Neon has "realm", GPT-6.2 Astra and Dharmamitra "domain", Claude Fable 5.2 "land". all is dharmakāya.

[p. 153] Not stirring from the one self-arisen primordial wisdom,
it is unmade, primordially attained (ye zin), the very transcendence of effort and striving.[70]Note 70 · p. 153 · rtsol sgrub: "effort and striving" by the glossary (GPT-6.2 Astra "striving and attainment", Dharmamitra "effort and accomplishment", Claude Fable 5.2 "effort and achievement"). ye zin is "primordially attained".
Since it is a round sphere (thig le) without corners or edges,
it gathers into the expanse[71]Note 71 · p. 153 · 'khyil: "gathers" (Gemini 4 Neon, GPT-6.2 Astra, Claude Fable 5.2); Dharmamitra's "swirls" does not fit bde klong gcig tu 'khyil. where, just as it is, there is nothing to divide or exclude.

The essence of stainless awareness abides primordially as the sole sphere (thig le nyag gcig), dharmakāya. That this is self-arisen primordial wisdom, the nature of phenomena beyond action and effort and beyond the range of thought, is shown in the Pearl Garland (Mu tig phreng ba):

Since the all-ground (kun gzhi) has arisen naturally as dharmakāya,
the root of succession is severed at its source.
Since there is primordial abiding as wish-fulfilling enlightened intent,[72]Note 72 · p. 153 · dgongs pa: "enlightened intent"; Dharmamitra's "realization" is reserved for rtogs pa.
all that stirs in movement is resting naturally (rang gzhag).
Since the flow of the breath is primordially cut,
from the origin birth and death do not exist.
Since the desirable qualities of the senses are primordially perfect,
the very limit of clinging (zhen pa)[73]Note 73 · p. 153 · zhen pa'i mtha': "the limit of clinging" by the glossary (drafts: "attachment"). bsam gtan chen po is "great meditative stability", not GPT-6.2 Astra's "dhyāna", since the four dhyānas are not meant. is meditation (sgom pa) itself.
Since, with no limb moved, one has primordially arrived,
the very path to be travelled has primordially been traversed.
Since spoken speech is without expression,
it is primordially beyond the range of speech and thought.

Translation notes
  • 42. [p. 145] ye shes: "primordial wisdom" per the glossary (GPT-6.2 Astra "primordial knowing", Claude Fable 5.2 "timeless awareness", Dharmamitra once plain "wisdom"). gsal is "lucid", not "luminous" or "clear".
  • 43. [p. 145] pho brang de yi rgyan dang bkod pa ni is taken as the commentary's prose introduction, not a root line (so all drafts). Adzom's de'i gives a non-metrical line, which supports this.
  • 44. [p. 145] yul la dbang bsgyur: yul is both the king's "realm" and the "objects" of cognition. The verse keeps the image ("realm"), and the commentary on p. 146 unpacks it as objects (yul) and kingdom (yul 'khor). Dharmamitra's "objective realm" merges the two.
  • 45. [p. 145] bde chen klong 'khyil: Gemini 4 Neon, GPT-6.2 Astra and Dharmamitra have "swirling"; I follow Claude Fable 5.2's "gathered" ('khyil as pooling or converging), with king, ministers, queen and sons as the subject.
  • 46. [p. 146] dgongs pa: "enlightened intent"; GPT-6.2 Astra's "realization" is reserved for rtogs pa. rdzogs is "perfect", not "complete" (GPT-6.2 Astra, Claude Fable 5.2).
  • 47. [p. 146] Dharmamitra omits the final sentence ('di'i khyad par ma phyed na…). That sentence runs on into the next page, and the translation stops at "self-arisen" (rang byung gi), to be continued by "primordial wisdom…" in the next part.
  • 48. [p. 147] དུས་ཐམས་ཅད་པ་ན is odd Tibetan (perhaps for ན་ read ནི); I take it as "present at all times", qualifying self-arisen primordial wisdom.
  • 49. [p. 147] རྐྱེན་རྟོག་པ་རང་ག་མ་གཉིས་ཁྱད་པར་ཤིན་ཏུ་ཆེ: Dharmamitra takes the "great difference" to lie between dynamic energy and ordinary thought. With Claude Fable 5.2, Gemini 4 Neon and GPT-6.2 Astra I read "ordinary thought stirred by conditions" as what the cognizing primordial wisdom is when one cannot relax, and "these two" as self-arisen primordial wisdom and the primordial wisdom of dynamic energy.
  • 50. [p. 147] རིག་བྱེད is rendered "that which cognizes / cognizing", not "awareness". Here རིག is the ordinary object-directed act of knowing (compare the glossary's dran rig), set against self-arisen primordial wisdom.
  • 51. [p. 147] ལུང་མ་བསྟན་ལས: Dharmamitra's "degenerates into an indeterminate state" over-translates. I follow Claude Fable 5.2 and Gemini 4 Neon: the unrecognized self-arisen aspect is indeterminate, and from it dynamic energy engages objects as thought.
  • 52. [p. 148] འཁོར་གྱི་སྟོན་པ: Dharmamitra has a singular "teacher of the retinue", Claude Fable 5.2 "the teachers who are the retinue". In the All-Creating King these are the teachers of the three kāyas who emanate from the All-Creating King; I keep the neutral "teachers of the retinue".
  • 53. [p. 148] བག་ཆགས་སོགས་མི་འགྱུར: སོགས is read as (g)sog, "accumulate", as the commentary's own gloss བག་ཆགས་སོག་མི་སོག confirms. Dharmamitra's "and the like" is rejected.
  • 54. [p. 149] དགོངས་པ་ཆོས་ཉིད་དུ་འཆར་བ: Claude Fable 5.2 reads "it arises as enlightened intent, the nature of phenomena". With Dharmamitra, Gemini 4 Neon and GPT-6.2 Astra I follow the plain syntax: enlightened intent arises as the nature of phenomena.
  • 55. [p. 149] དགོངས་པ་མི་མཛད / དགོངས་པ་མཛད: the tantra plays on the phrase. The buddhas do not "exercise intent" in the sense of thinking or deliberating, while the atiyogin who abides without thought "exercises the buddhas' enlightened intent". Dharmamitra, Claude Fable 5.2, Gemini 4 Neon, GPT-6.2 Astra render the first as "deliberate" or "mental intent" and the second as "enact" (GPT-6.2 Astra "shares in"); I keep one verb so the echo is audible.
  • 56. [p. 150] གཏན་ཡུལ is rendered "everlasting homeland", by analogy with the glossary's gtan srid, "the everlasting domain". ཡུལ་ཁམས is rendered "country" to continue the royal metaphor and to keep it apart from ཞིང་ཁམས, "buddha realm" (Claude Fable 5.2 and Gemini 4 Neon use "pure realm" for the latter, against the glossary).
  • 57. [p. 150] རང་སྣང་འཆང་ཚུལ: read as འཆར་ཚུལ, "the ways [its own appearances] arise", as all drafts tacitly do; འཆང ("hold") gives no good sense here.
  • 58. [p. 150] The last verse line of the quotation is left unfinished at སྣང་སྲིད་ཀུན ("all that appears and exists"), for the next part to continue. Dharmamitra completes the line from the following page.
  • 59. [p. 151] The first line completes the Posthumous Testament verse begun in the previous part; Dharmamitra omits it (kyang chos sku'i zhing du shar).
  • 60. [p. 151] rang gi thog tu grol: rendered "free right there upon itself". Dharmamitra and Claude Fable 5.2 have "in its own place", which is reserved for rang sar grol; Gemini 4 Neon and Dharmamitra have "liberated", which is reserved for thar pa.
  • 61. [p. 151] The titles Kun byed and Mu tig phreng ba are rendered "All-Creating King" and "Pearl Garland"; these should be checked against the forms used in earlier parts, which I could not see.
  • 62. [p. 151] sems kyi rang bzhin dbang po sgo lngar bshad: read as "the five wisdoms, the nature of mind, are explained as the five sense doors" (with Gemini 4 Neon, Claude Fable 5.2). GPT-6.2 Astra has the nature of mind "at" the five gates and Dharmamitra supplies "[operating] through".
  • 63. [p. 151] gsal ba is "lucidity" throughout by the glossary (drafts: "clarity"); ye shes is "primordial wisdom" (Claude Fable 5.2 and part of GPT-6.2 Astra have plain "wisdom"); byang chub sems is "awakened mind" (GPT-6.2 Astra "bodhicitta", Dharmamitra "enlightened mind").
  • 64. [p. 151] grub bsal med pa: "without anything to be established or eliminated" (GPT-6.2 Astra, Claude Fable 5.2), rather than Gemini 4 Neon's "affirmation or negation", which is the glossary rendering of dgag sgrub.
  • 65. [p. 152] nam mkha'i khams: rendered "element of space" (with GPT-6.2 Astra), since khams is dhātu and "realm of space" is reserved for nam mkha'i dbyings (Dharmamitra, Claude Fable 5.2). Gemini 4 Neon's "expanse" is reserved for klong.
  • 66. [p. 152] rnam pa thams cad: translated as it stands, "all aspects". It is probably a metrical truncation of rnam pa thams cad mkhyen pa (knowing of all aspects).
  • 67. [p. 152] longs spyod rdzogs pa: "saṃbhogakāya" by the glossary, since the name is not being explained here (Claude Fable 5.2 has "perfect enjoyment").
  • 68. [p. 152] mthong tshad (text) against Adzom mthong tshod: I keep tshad, "according to the measure of what they have seen". Adzom's tshod would give "according to their own estimate of what they see"; the sense is nearly the same.
  • 69. [p. 152] yul der gnas na: "country", because the line picks up the preceding root verse ("Vast is the country of the spacious basic space of phenomena"). Gemini 4 Neon has "realm", GPT-6.2 Astra and Dharmamitra "domain", Claude Fable 5.2 "land".
  • 70. [p. 153] rtsol sgrub: "effort and striving" by the glossary (GPT-6.2 Astra "striving and attainment", Dharmamitra "effort and accomplishment", Claude Fable 5.2 "effort and achievement"). ye zin is "primordially attained".
  • 71. [p. 153] 'khyil: "gathers" (Gemini 4 Neon, GPT-6.2 Astra, Claude Fable 5.2); Dharmamitra's "swirls" does not fit bde klong gcig tu 'khyil.
  • 72. [p. 153] dgongs pa: "enlightened intent"; Dharmamitra's "realization" is reserved for rtogs pa.
  • 73. [p. 153] zhen pa'i mtha': "the limit of clinging" by the glossary (drafts: "attachment"). bsam gtan chen po is "great meditative stability", not GPT-6.2 Astra's "dhyāna", since the four dhyānas are not meant.
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the commentary announces and opens), gold the quotations, red the words of the root verses (or of a quotation) that the commentary quotes to explain them, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program, the root verses by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Root verses being explainedAuthor's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 145]
འབྲས་ལས་འདས་པའི་སྒོ་འཕར་ཡེ་ནས་རང་བཙུགས་པ་ནི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཕོ་བྲང་ཞེས་བྱའོ། །དེ་དག་གི་རང་བཞིན་ནི་ཀློང་དྲུག་པ་ལས། །ཡེ་ཤེས་མ་བཅོས་རྣམ་དག་པ།
།ཁ་དོག་མ་བཅོས་མ་འདྲེས་གསལ།
།གཉིས་མེད་མ་བཅོས་སྟོང་པའི་ངང༌།
།རང་བྱུང་མ་བཅོས་རིག་པའི་ཀློང༌།
།ཞེས་པ་དང༌། ཀུན་བྱེད་ལས། སྒོ་ནི་བཙལ་དུ་མེད་པའི་སྒོ་ནས་འཇུག །ཅེས་སོ། །ཕོ་བྲང་དེ་ཡི་རྒྱན་དང་བཀོད་པ་ནི།
།ལྷུན་གྲུབ་འབྱོར་པའི་བཀོད་པས་བརྒྱན་པ་དེར།
།རང་བྱུང་ཡེ་ཤེས་རྒྱལ་པོ་གདན་ལ་བཞུགས།
།འདུ་འཕྲོར་སྣང་བ་ཡེ་ཤེས་རྩལ་རྣམས་ཀུན།
།བློན་པོར་གྱུར་པས་ཡུལ་ལ་དབང་བསྒྱུར་ཞིང༌།
།རང་གནས་བསམ་གཏན་བཙུན་མོ་དམ་པ་དང༌།
།དགོངས་པ་རང་ཤར་སྲས་དང་བྲན་གཡོག་བཅས།
།བདེ་ཆེན་ཀློང་འཁྱིལ་རང་གསལ་རྟོག་པ་མེད།
།དེ་ལ་རང་བྱུང་

and effect (rgyu 'bras), set in place by themselves primordially. This is what is called "the palace of awakened mind, the nature of phenomena."

The nature of these is stated in the Six Expanses:

Primordial wisdom (ye shes),[42]Note 42 · p. 145 · ye shes: "primordial wisdom" per the glossary (GPT-6.2 Astra "primordial knowing", Claude Fable 5.2 "timeless awareness", Dharmamitra once plain "wisdom"). gsal is "lucid", not "luminous" or "clear". uncontrived (ma bcos), is utterly pure.
Colors, uncontrived, are unmixed and lucid.
Nonduality (gnyis med), uncontrived, is the state of emptiness.
The self-arisen, uncontrived, is the expanse of awareness.Klong drug paQuotation (named in the text: ཀློང་དྲུག་པ་ལས)
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Expanses · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0059-vol-01-text (a parallel), 100 % of the words.

And the All-Creating King says:

As for the door, one enters by the door that is not to be sought.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 100 % of the words.

7.2 The adornments and array of the palace ཕོ་བྲང་དེ་ཡི་རྒྱན་དང་བཀོད་པ7.2 The adornments and array of the palace (topical division)
Self-arisen wisdom is matched to the unmoving king, natural meditative stability to the queen, realized intent to princes and servants, and cognition radiating onto objects to ministers. The commentary then distinguishes object-independent self-arisen wisdom from the object-dependent cognizing of dynamic energy, citing Without Letters and the All-Creating King.

As for the adornments and array of that palace:[43]Note 43 · p. 145 · pho brang de yi rgyan dang bkod pa ni is taken as the commentary's prose introduction, not a root line (so all drafts). Adzom's de'i gives a non-metrical line, which supports this.

There, adorned with an array of spontaneously present wealth,
the king, self-arisen primordial wisdom, is seated upon his throne.
All the dynamic energies (rtsal) of primordial wisdom that appear as gathering and radiating
have become his ministers and hold sway over the realm.[44]Note 44 · p. 145 · yul la dbang bsgyur: yul is both the king's "realm" and the "objects" of cognition. The verse keeps the image ("realm"), and the commentary on p. 146 unpacks it as objects (yul) and kingdom (yul 'khor). Dharmamitra's "objective realm" merges the two.
With the noble queen, naturally abiding (rang gnas) meditative stability (bsam gtan),
and the princes and servants, naturally arising enlightened intent,
all are gathered in the expanse of great bliss,[45]Note 45 · p. 145 · bde chen klong 'khyil: Gemini 4 Neon, GPT-6.2 Astra and Dharmamitra have "swirling"; I follow Claude Fable 5.2's "gathered" ('khyil as pooling or converging), with king, ministers, queen and sons as the subject. naturally lucid (rang gsal) and free of conceptual thought (rtog pa).

7.2.1 Correlating the king, queen, retinue and ministers ཕོ་བྲང་གི་བཀོད་པ་དང་དཔེ་སྦྱར་བ7.2.1 Correlating the king, queen, retinue and ministers (topical division)
Spontaneously present awareness is the palace's array; self-arisen wisdom is the unmoving king, natural meditative stability the queen, the warmth of realized intent the princes and servants, and cognition radiating onto objects the ministers. Cites Without Letters.

Here, self-arisen,

[p. 146]
ལྷུན་གྲུབ་ཀྱི་རིག་པ་ནི་ཕོ་བྲང་གི་བཀོད་པ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་ཅིང་ཆོས་ཐམས་ཅད་རྫོགས་པ་སྟེ། ཡི་གེ་མེད་པ་ལས། ང་ལ་ཕྱི་དང་ནང་མེད་པས།
གསལ་བའི་ཆོས་ནི་ཡོངས་སུ་རྫོགས།
།ང་ལ་སྟོང་དང་དངོས་མེད་པས།
།སྣང་བའི་ཆོས་ནི་ཡོངས་སུ་རྫོགས།
།ཞེས་སོ། །དེ་ལྟར་ལྷུན་གྱིས་གྲུབ་པའི་སྙིང་པོའི་ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ཏེ་རྒྱལ་པོ་ཁྲི་ལས་མི་གཡོ་བ་ལྟ་བུའོ། །དེའི་ངོ་བོ་ལ་རང་གནས་རང་བཞིན་གྱི་བསམ་གཏན་ནི་རིག་པ་དང་འབྲལ་མ་མྱོང་བས་བཙུན་མོ་ལྟ་བུའོ། །དེའི་དོན་རྟོགས་ནས་དགོངས་པའི་དྲོད་རང་ཆས་སུ་གྲུབ་པ་ནི་སྲས་དང་བྲན་གཡོག་ལྟ་བུའོ། །རིག་པའི་ངང་ནས་རང་རྩལ་ཡུལ་ཐོག་ཏུ་འཕྲོ་བའི་ཤེས་པ་ནི་བློན་པོ་ཡུལ་འཁོར་ལ་དབང་བསྒྱུར་ནས་འདོད་པ་བསྒྲུབས་པ་ལྟ་བུའོ། །འདིའི་ཁྱད་པར་མ་ཕྱེད་ན་སྨྱོན་པ་རྡོལ་ཐབས་སུ་སྨྲ་བ་དང་ཁྱད་མེད་པའི་ཕྱིར། རང་བྱུང་གི་

spontaneously present awareness is the array of the palace: kāyas and primordial wisdom neither join nor part, and all phenomena are perfect. As Without Letters says:

Since in me there is neither outer nor inner,
the phenomena of lucidity (gsal ba) are utterly perfect.
Since in me there is neither emptiness nor substantial entity,
the phenomena of appearance (snang ba) are utterly perfect.Yi ge med paQuotation (named in the text: ཡི་གེ་མེད་པ་ལས)
ཡི་གེ་མེད་པའི་རྒྱུད་ཆེན་པོ, yi ge med pa'i rgyud chen po, The Tantra Without Letters · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0051-vol-01-text (the text itself), 91 % of the words.

Thus the essence of the spontaneously present heart essence is self-arisen primordial wisdom, which is like a king who does not stir from his throne. In its essence, the naturally abiding, natural meditative stability (rang bzhin gyi bsam gtan) has never been parted from awareness, and so is like the queen. Once the meaning of this has been realized, the warmth of enlightened intent,[46]Note 46 · p. 146 · dgongs pa: "enlightened intent"; GPT-6.2 Astra's "realization" is reserved for rtogs pa. rdzogs is "perfect", not "complete" (GPT-6.2 Astra, Claude Fable 5.2). present as a natural endowment, is like the princes and servants. The cognition (shes pa) in which, from within the state of awareness, its own dynamic energy (rang rtsal) radiates out onto objects (yul) is like the ministers who hold sway over the kingdom and accomplish what is wished for.

7.2.2 Distinguishing self-arisen wisdom from dynamic energy རང་བྱུང་གི་ཡེ་ཤེས་དང་རྩལ་གྱི་ཁྱད་པར7.2.2 Distinguishing self-arisen wisdom from dynamic energy (topical division)
Self-arisen wisdom is independent of objects, whereas the cognizing wisdom of dynamic energy depends on objects and becomes conceptual thought if not recognized; the yogin's natural meditative stability is contrasted with worldly calm abiding and insight. Supported by two long passages from the All-Creating King.

If the distinction between these is not drawn,[47]Note 47 · p. 146 · Dharmamitra omits the final sentence ('di'i khyad par ma phyed na…). That sentence runs on into the next page, and the translation stops at "self-arisen" (rang byung gi), to be continued by "primordial wisdom…" in the next part. one is no different from a madman blurting out whatever comes to mind; therefore, self-arisen

[p. 147]
ཡེ་ཤེས་དུས་ཐམས་ཅད་པ་ན་རང་གནས་ལྷུན་གྲུབ་ཀྱི་ངོ་བོ་ཡུལ་ལ་མི་ལྟོས་པ་དང༌། རིག་བྱེད་རྩལ་གྱི་ཡེ་ཤེས་ཡུལ་ཐོག་ཏུ་འཆར་བ་ཡུལ་ལ་ལྟོས་པ་ཅན་ཏེ། གློད་མ་ཤེས་ན་རྐྱེན་རྟོག་པ་རང་ག་མ་གཉིས་ཁྱད་པར་ཤིན་ཏུ་ཆེ་བས་ན། ནང་རང་བྱུང་ལ་ངོས་ཟིན་ནས་རྩལ་གཞི་ཐོག་ཏུ་གྲོལ་བར་འགྱུར་ཏེ། ཀ་དག་ཆོས་ཟད་ཀྱི་ངང་དུ་ལ་བཟླ་ལ། མ་ཟིན་ན་རང་བྱུང་གི་ཆ་དེ་ལུང་མ་བསྟན་ལས། རྩལ་རྟོག་པ་ཡུལ་ལ་འཇུག་པའི་ཕྱིར། དགོངས་པ་བར་མཚམས་མེད་པ་རང་བཞིན་གྱི་བསམ་གཏན་དང་བཅས་པ་རང་ངོ་ཤེས་པ་གཅེས་སོ། །འདིའི་ངོ་བོ་དང་ཁྱད་པར་ནི་ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཡེ་ཤེས་ཡེ་ཤེས་ཞེས་བྱ་བ།
།ཡེ་ཤེས་ཡེ་ནས་ཤེས་པ་ཡིན།
།རང་བྱུང་ཡེ་ཤེས་ཡེ་ནས་ཤེས།
།ཡུལ་ལ་རྟོག་པའི་ཡེ་ཤེས་དེ།
།ཡུལ་ལས་བྱུང་བའི་རང་བྱུང་མིན།
།ཡུལ་མེད་ཙམ་ན་གསལ་མི་

primordial wisdom, which is present at all times,[48]Note 48 · p. 147 · དུས་ཐམས་ཅད་པ་ན is odd Tibetan (perhaps for ན་ read ནི); I take it as "present at all times", qualifying self-arisen primordial wisdom. is the essence of naturally abiding spontaneous presence and does not depend on objects, whereas the primordial wisdom of dynamic energy, that which cognizes,[50]Note 50 · p. 147 · རིག་བྱེད is rendered "that which cognizes / cognizing", not "awareness". Here རིག is the ordinary object-directed act of knowing (compare the glossary's dran rig), set against self-arisen primordial wisdom. arises right upon objects and is dependent on objects; if one does not know how to relax (glod pa), it is ordinary conceptual thought stirred up by conditions.[49]Note 49 · p. 147 · རྐྱེན་རྟོག་པ་རང་ག་མ་གཉིས་ཁྱད་པར་ཤིན་ཏུ་ཆེ: Dharmamitra takes the "great difference" to lie between dynamic energy and ordinary thought. With Claude Fable 5.2, Gemini 4 Neon and GPT-6.2 Astra I read "ordinary thought stirred by conditions" as what the cognizing primordial wisdom is when one cannot relax, and "these two" as self-arisen primordial wisdom and the primordial wisdom of dynamic energy. Since the difference between these two is very great—once the self-arisen within has been recognized, dynamic energy comes to be free right in the ground, and one resolves decisively (la bzla) within the state of primordial purity (ka dag), the exhaustion of phenomena (chos zad), whereas if it is not recognized, that self-arisen aspect is indeterminate (lung ma bstan),[51]Note 51 · p. 147 · ལུང་མ་བསྟན་ལས: Dharmamitra's "degenerates into an indeterminate state" over-translates. I follow Claude Fable 5.2 and Gemini 4 Neon: the unrecognized self-arisen aspect is indeterminate, and from it dynamic energy engages objects as thought. and out of it dynamic energy, as conceptual thought, engages with objects—it is vital that uninterrupted enlightened intent, together with natural meditative stability, be recognized in its own face (rang ngo). The essence of this, and the distinction, are taught in the All-Creating King (Kun byed):

O great being (sems dpa' chen po), listen!
As for what is called "primordial wisdom, primordial wisdom,"
primordial wisdom is primordial knowing.
Self-arisen primordial wisdom knows primordially.
The primordial wisdom that conceptualizes objects
arises from objects and is not self-arisen.
The moment there is no object, it does not shine lucidly.

[p. 148]
བྱེད།
།དེས་ན་རང་བྱུང་ཡེ་ཤེས་དེས།
།ཡེ་ནས་ཤེས་པའི་ཡེ་ཤེས་ཏེ།
།ཡེ་ཤེས་ཞེས་ནི་དེ་ལ་བྱ།
།འཁོར་གྱི་སྟོན་པའི་ཡེ་ཤེས་ནི།
།ཡུལ་ལ་བརྟགས་པའི་ཡེ་ཤེས་དེས།
།གང་སུ་ཡུལ་ལ་རྟོག་བྱེད་པ།
།དེ་ནི་རིག་བྱེད་ཡེ་ཤེས་ཡིན།
།རིག་པར་བྱ་བའི་ཡུལ་དེ་ནི།
།བྱང་ཆུབ་སེམས་ལས་བྱུང་བའི་ཕྱིར།
།དེ་ནི་ཡུལ་མེད་བྱང་ཆུབ་སེམས།
།ཡེ་ཤེས་རང་ལས་བྱུང་བའི་ཕྱིར།
།དེ་ལ་ཏིང་འཛིན་སྒོམ་མི་བྱེད།
།ཏིང་འཛིན་སྒོམ་པ་མི་བྱེད་པས།
།ཏིང་འཛིན་བག་ཆགས་སོགས་མི་འགྱུར།
།བག་ཆགས་མེད་པའི་ཆོས་ཉིད་དེ།
།དུས་གསུམ་སངས་རྒྱས་དགོངས་པར་བཤད།
།དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།
།དགོངས་པ་ཡུལ་ལ་མི་རྟོག་སྟེ།
།མཉམ་པ་ཉིད་དུ་ཡེ་ནས་གནས།
།ཞེས་སོ། །རང་བྱུང་གི་ཡེ་ཤེས་ཡུལ་ལ་མི་རྟོག་པ་དེ་ལ་རང་གནས་ཀྱི་བསམ་གཏན་མ་བྱས་ལྷུན་གྲུབ་ཏུ་ཡོད་པ་ཉིད་རྣལ་འབྱོར་པའི་

Therefore that self-arisen primordial wisdom
is the primordial wisdom that knows primordially;
it is this that is called "primordial wisdom."
As for the primordial wisdom of the teachers of the retinue,[52]Note 52 · p. 148 · འཁོར་གྱི་སྟོན་པ: Dharmamitra has a singular "teacher of the retinue", Claude Fable 5.2 "the teachers who are the retinue". In the All-Creating King these are the teachers of the three kāyas who emanate from the All-Creating King; I keep the neutral "teachers of the retinue".
it is the primordial wisdom that examines objects.
Whoever it is that conceptualizes objects,
that is the primordial wisdom that cognizes.
Since the object to be cognized
arises from awakened mind (byang chub sems),
it is awakened mind, without object.
Since primordial wisdom arises from itself,
in it there is no meditating on samādhi (ting 'dzin).
Since there is no meditating on samādhi,
the habitual tendencies (bag chags) of samādhi are not accumulated.[53]Note 53 · p. 148 · བག་ཆགས་སོགས་མི་འགྱུར: སོགས is read as (g)sog, "accumulate", as the commentary's own gloss བག་ཆགས་སོག་མི་སོག confirms. Dharmamitra's "and the like" is rejected.
That nature of phenomena, free of habitual tendencies,
is explained to be the enlightened intent of the buddhas (sangs rgyas) of the three times.
The enlightened intent of all the buddhas of the three times
does not conceptualize objects;
it abides primordially as equality.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 84 % of the words.

The naturally abiding meditative stability that is present, unmade and spontaneously present, in that self-arisen primordial wisdom which does not conceptualize objects is itself the yogin's (rnal 'byor pa)

[p. 149]
བསམ་གཏན་ཡིན་ལ། ཡུལ་རྩེ་གཅིག་ཏུ་ཡིད་ལ་བྱེད་པའི་ཞི་ལྷག་འཇིག་རྟེན་བྱིས་པའི་བསམ་གཏན་ཡིན་པས། བག་ཆགས་སོག་མི་སོག་གི་ཁྱད་ཡོད་དོ། །རིག་པ་རང་གནས་ཀྱི་ངོ་བོ་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། །ཆོས་ཉིད་ཀྱི་དགོངས་པ་ཞེས་བྱའོ། །ཡུལ་ལ་འཆར་བའི་ཤེས་པ་ནི་འཁོར་བའི་སེམས་ཞེས་བྱ་བས། འཛིན་པ་དང་གཟུང་བའི་རྣམ་ལྡན་དུ་སྐྱེ་བའོ། །དེ་ཡང་ངོས་ཟིན་ནས་ངང་ལ་གློད་ཤེས་དུས་རང་བྱུང་གི་རྩལ་གཞི་ལ་ཐིམ་པས། དགོངས་པ་ཆོས་ཉིད་དུ་འཆར་བའོ། །དོན་འདི་གཉིས་ཤིན་ཏུ་ཁྱད་ཆེ་བས་ཡང་བཤད་པ་ནི། དེ་ཉིད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།
།རང་བྱུང་ཡེ་ཤེས་ཐུགས་དེ་ལ།
།ཡེ་ནས་རྟོག་པ་མེད་པའི་ཕྱིར།
།སངས་རྒྱས་དགོངས་པ་མི་མཛད་དེ།
།རྟོག་པའི་ཡུལ་ནི་ཀུན་དང་བྲལ།
།ཤིན་ཏུ་རྣལ་འབྱོར་གང་

meditative stability, whereas the calm abiding and special insight (zhi lhag) of one-pointed mental engagement (yid la byed pa) with an object are the meditative stability of worldly, childish beings; hence there is the difference of whether habitual tendencies are accumulated or not. The essence of naturally abiding awareness is awakened mind, and it is called "the enlightened intent of the nature of phenomena." The cognition that arises toward objects is called "the mind of saṃsāra ('khor ba)," and it arises endowed with the aspects of perceiving subject and perceived object (gzung ba). Yet when that too has been recognized and one knows how to relax within the state, the dynamic energy of the self-arisen dissolves into the ground, and so enlightened intent arises as the nature of phenomena.[54]Note 54 · p. 149 · དགོངས་པ་ཆོས་ཉིད་དུ་འཆར་བ: Claude Fable 5.2 reads "it arises as enlightened intent, the nature of phenomena". With Dharmamitra, Gemini 4 Neon and GPT-6.2 Astra I follow the plain syntax: enlightened intent arises as the nature of phenomena. Since the difference between these two points is very great, it is explained again in that same tantra:

O great being, listen!
In the enlightened mind (thugs) of all the buddhas of the three times,
which is self-arisen primordial wisdom,
there is primordially no conceptual thought;
therefore the buddhas do not exercise any intent,[55]Note 55 · p. 149 · དགོངས་པ་མི་མཛད / དགོངས་པ་མཛད: the tantra plays on the phrase. The buddhas do not "exercise intent" in the sense of thinking or deliberating, while the atiyogin who abides without thought "exercises the buddhas' enlightened intent". Dharmamitra, Claude Fable 5.2, Gemini 4 Neon, GPT-6.2 Astra render the first as "deliberate" or "mental intent" and the second as "enact" (GPT-6.2 Astra "shares in"); I keep one verb so the echo is audible.
and are free of all objects of conceptual thought.
Any person of atiyoga (shin tu rnal 'byor),

[p. 150]
ཟག་གང༌།
།སུ་ཡང་རུང་བ་དེ་ཡིས་ནི།
།རྟོག་པ་མེད་ལ་གནས་གྱུར་ན།
།དེ་ནི་སངས་རྒྱས་དགོངས་པ་མཛད།
།རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པས།
།རྣམ་པར་རྟོག་པའི་བག་ཆགས་གོས་མི་འགྱུར།
།ཞེས་སོ། །དེ་ལྟར་དབྱིངས་འཕོ་འགྱུར་མེད་པའི་དགོངས་པ་རིག་པའི་གཏན་ཡུལ་ངེས་པ་ནི། མི་གཡོ་བསམ་བརྗོད་འདས་པའི་ངང་ཉིད་ལས། །སྣང་སྲིད་སྣོད་བཅུད་ཀུན་ལ་མངའ་དབང་བསྒྱུར། །ཆོས་དབྱིངས་ཡངས་པའི་ཡུལ་ཁམས་རྒྱ་ཆེའོ། །ཞེས་བྱ་བ་ནི་དོན་བསྡུ་བ་སྟེ། རང་བྱུང་གི་ཡེ་ཤེས་རང་གནས་ཀྱི་ངང་དང༌། ངང་ལས་ཤར་བའི་དབང་པོ་ལྔའི་ཤེས་པ་རང་སངས་རང་གྲོལ་ལ་སོང་བ་ཡང་ཆོས་ཉིད་ལས་མ་གཡོས་པས། སྣང་སྲིད་ཆོས་སྐུའི་ཞིང་ཁམས་སུ་ཤར་བ་སྟེ། འདས་རྗེས་ལས། ཡིན་པ་གྲུབ་པ་མེད་པའི་རིག་པ་འདི།
།རང་སྣང་འཆང་ཚུལ་ཅིར་ཡང་མ་འགགས་པས།
སྣང་སྲིད་ཀུན་

whoever that may be,
who comes to abide in the absence of conceptual thought—
that one exercises the enlightened intent of the buddhas.
Since self-arisen primordial wisdom does not conceptualize objects,
it is not stained by the habitual tendencies of discursive thoughtKun byedQuotation (the text says: the same source: དེ་ཉིད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 90 % of the words.
(rnam par rtog pa).

7.3 The everlasting homeland of awareness, the vast country of basic space རིག་པའི་གཏན་ཡུལ་ཆོས་དབྱིངས་ཡངས་པའི་ཡུལ་ཁམས7.3 The everlasting homeland of awareness, the vast country of basic space (topical division)
From the unwavering state, dominion is exercised over all that appears and exists, which thus arises as the realm of dharmakāya, the sense cognitions being naturally free. Awareness receives many names (awakened mind, dharmakāya, etc.) that merely single out its aspects, as the All-Creating King explains.

Thus, to establish with certainty that the enlightened intent of basic space, in which there is no transition or change, is the everlasting homeland[56]Note 56 · p. 150 · གཏན་ཡུལ is rendered "everlasting homeland", by analogy with the glossary's gtan srid, "the everlasting domain". ཡུལ་ཁམས is rendered "country" to continue the royal metaphor and to keep it apart from ཞིང་ཁམས, "buddha realm" (Claude Fable 5.2 and Gemini 4 Neon use "pure realm" for the latter, against the glossary). of awareness:

From within the very state that is unwavering, beyond thought and expression,
dominion is exercised over all that appears and exists,[58]Note 58 · p. 150 · The last verse line of the quotation is left unfinished at སྣང་སྲིད་ཀུན ("all that appears and exists"), for the next part to continue. Dharmamitra completes the line from the following page. the whole world and its inhabitants.
Vast is the country of the spacious basic space of phenomena (chos dbyings).

This sums up the meaning. The naturally abiding state of self-arisen primordial wisdom, and also the cognitions of the five sense faculties (dbang po) that arise from that state and have passed into being naturally cleared (rang sangs) and naturally free (rang grol), have not stirred from the nature of phenomena; therefore all that appears and exists arises as the buddha realm of dharmakāya. As the Posthumous Testament ('Das rjes) says:

This awareness, which is not established as being anything—
since the ways in which its own appearances arise[57]Note 57 · p. 150 · རང་སྣང་འཆང་ཚུལ: read as འཆར་ཚུལ, "the ways [its own appearances] arise", as all drafts tacitly do; འཆང ("hold") gives no good sense here. are in no way obstructed,
all that appears and exists

[p. 151]
ཀྱང་ཆོས་སྐུའི་ཞིང་དུ་ཤར།
།ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ།
།ཞེས་པ་དང༌། ཀུན་བྱེད་ལས། མི་རྟོག་པ་ཡི་རང་བྱུང་ཡེ་ཤེས་ལྔ།
།སེམས་ཀྱི་རང་བཞིན་དབང་པོ་སྒོ་ལྔར་བཤད།
།རང་བྱུང་ཡེ་ཤེས་དེ་ལ་འགག་པ་མེད།
།བྱང་ཆུབ་སེམས་ཀྱི་ངོ་བོ་མངོན་སྣང་ལ།
།རང་བྱུང་ཡེ་ཤེས་མི་འགག་སོ་སོར་གསལ།
།ཞེས་སོ། །སྤྱིར་རིག་པའི་རང་ངོ་གང་དུའང་མ་གྲུབ་པ། གང་དུའང་མི་རྟོག་པ། གང་ལའང་མི་གནས་པ་སྟེ། འདི་ལ་བྱང་ཆུབ་ཀྱི་སེམས་དང༌། དོན་དམ་པའི་བདེན་པ་དང༌། རང་བྱུང་གི་ཡེ་ཤེས་དང༌། ཆོས་ཀྱི་སྐུ་ལ་སོགས་པར་མིང་མང་པོ་བཏགས་ཏེ། གསལ་བ་དང༌། སྟོང་པ་ལ་སོགས་པའི་ཆའི་ལྡོག་པ་ཕྱོགས་རེ་ལ་ཕྱེ་བར་ཟད་དོ། །དོན་ལ་རིག་པ་གྲུབ་བསལ་མེད་པ་སྟེ། རྒྱུད་དེ་ཉིད་ལས། ཀུན་བྱེད་ང་ཡི་རང་བཞིན་གཅིག་པུ་ལ།
འཁོར་གྱི་འདོད་པ་རྣམས་

also arises as the realm of dharmakāya,[59]Note 59 · p. 151 · The first line completes the Posthumous Testament verse begun in the previous part; Dharmamitra omits it (kyang chos sku'i zhing du shar).
and that very arising is free right there upon itself.'das rjesQuotation (named in the text: འདས་རྗེས་ལས)
འདས་རྗེས, 'das rjes, The Posthumous Testaments of the Vidyādharas · upadesha; Vima Nyingtik / Khandro Nyingtik
Identification: medium confidence (The final testaments of the early Dzogchen masters (Garab Dorje, Mañjuśrīmitra, etc.) transmitted in the Nyingtik.)
The quoted words are in Klong chen rab byams gsung 'bum/volume 001 018 (a parallel), 56 % of the words.
[60]Note 60 · p. 151 · rang gi thog tu grol: rendered "free right there upon itself". Dharmamitra and Claude Fable 5.2 have "in its own place", which is reserved for rang sar grol; Gemini 4 Neon and Dharmamitra have "liberated", which is reserved for thar pa.

And the All-Creating King[61]Note 61 · p. 151 · The titles Kun byed and Mu tig phreng ba are rendered "All-Creating King" and "Pearl Garland"; these should be checked against the forms used in earlier parts, which I could not see. says:

The five nonconceptual self-arisen primordial wisdoms (rang byung ye shes),
the nature of mind, are explained as the five doors of the sense faculties.[62]Note 62 · p. 151 · sems kyi rang bzhin dbang po sgo lngar bshad: read as "the five wisdoms, the nature of mind, are explained as the five sense doors" (with Gemini 4 Neon, Claude Fable 5.2). GPT-6.2 Astra has the nature of mind "at" the five gates and Dharmamitra supplies "[operating] through".
For that self-arisen primordial wisdom there is no cessation.
In the manifest appearance of the essence of awakened mind,
self-arisen primordial wisdom, unceasing, is lucid in each distinctly.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 68 % of the words.

In general, awareness's own face is not established as anything whatsoever, does not conceptualize anything whatsoever, and does not abide in anything whatsoever. To this many names are given, such as awakened mind, ultimate truth (don dam pa'i bden pa), self-arisen primordial wisdom and dharmakāya (chos kyi sku), but these do no more than single out, one side at a time, the distinguishing aspects (ldog pa) of its facets, such as lucidity and emptiness[63]Note 63 · p. 151 · gsal ba is "lucidity" throughout by the glossary (drafts: "clarity"); ye shes is "primordial wisdom" (Claude Fable 5.2 and part of GPT-6.2 Astra have plain "wisdom"); byang chub sems is "awakened mind" (GPT-6.2 Astra "bodhicitta", Dharmamitra "enlightened mind"). (stong pa). In fact, awareness is without anything to be established or eliminated.[64]Note 64 · p. 151 · grub bsal med pa: "without anything to be established or eliminated" (GPT-6.2 Astra, Claude Fable 5.2), rather than Gemini 4 Neon's "affirmation or negation", which is the glossary rendering of dgag sgrub. As that same tantra says:

To the one nature of me, the all-creating one (kun byed),

[p. 152]
ཀྱིས་མིང་བཏགས་པ།
།ལ་ལས་བྱང་ཆུབ་སེམས་སུ་མིང་བཏགས་ལ།
།ལ་ལས་ནམ་མཁའི་ཁམས་སུ་མིང་ཡང་བཏགས།
།ལ་ལས་རང་བྱུང་ཡེ་ཤེས་མིང་ཡང་བཏགས།
།ལ་ལས་ཆོས་ཀྱི་སྐུ་རུ་མིང་ཡང་བཏགས།
།ལ་ལས་ལོངས་སྤྱོད་རྫོགས་པར་མིང་ཡང་བཏགས།
།ལ་ལས་སྤྲུལ་པའི་སྐུ་རུ་མིང་ཡང་བཏགས།
།ལ་ལས་ཐམས་ཅད་མཁྱེན་པར་མིང་ཡང་བཏགས།
།ལ་ལས་རྣམ་པ་ཐམས་ཅད་མིང་ཡང་བཏགས།
།ལ་ལས་ཡེ་ཤེས་བཞི་དང་གསུམ་དུ་བཏགས།
།ལ་ལས་ཡེ་ཤེས་ལྔ་རུ་མིང་ཡང་བཏགས།
།ལ་ལས་དབྱིངས་དང་ཡེ་ཤེས་མིང་བཏགས་པ།
།རང་བྱུང་བྱང་ཆུབ་སེམས་ནི་གཅིག་ལ་བཏགས།
།རང་བྱུང་ང་ལ་མཐོང་ཚད་སྨྲས་པ་ཡིན།
།ཞེས་སོ། །དེ་ལྟ་བུའི་དོན་དེ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སུ་བདེ་ཀློང་གཅིག་ཏུ་འཁྱིལ་བར་བསྟན་པ་ནི། །ཡུལ་དེར་གནས་ན་ཀུན་ཀྱང་ཆོས་ཀྱི་སྐུ། །རང་

names have been given according to the wishes of the retinue.
Some have given it the name awakened mind;
some have also given it the name element of space;[65]Note 65 · p. 152 · nam mkha'i khams: rendered "element of space" (with GPT-6.2 Astra), since khams is dhātu and "realm of space" is reserved for nam mkha'i dbyings (Dharmamitra, Claude Fable 5.2). Gemini 4 Neon's "expanse" is reserved for klong.
some have also given it the name self-arisen primordial wisdom;
some have also given it the name dharmakāya;
some have also given it the name saṃbhogakāya (longs spyod rdzogs pa);[67]Note 67 · p. 152 · longs spyod rdzogs pa: "saṃbhogakāya" by the glossary, since the name is not being explained here (Claude Fable 5.2 has "perfect enjoyment").
some have also given it the name nirmāṇakāya (sprul pa'i sku);
some have also given it the name omniscience;
some have also given it the name all aspects;[66]Note 66 · p. 152 · rnam pa thams cad: translated as it stands, "all aspects". It is probably a metrical truncation of rnam pa thams cad mkhyen pa (knowing of all aspects).
some have named it the four primordial wisdoms and the three;
some have also given it the name five primordial wisdoms (ye shes lnga);
some have given it the names basic space and primordial wisdom—
all are given to the one self-arisen awakened mind.
They have spoken of me, the self-arisen, according to the measure of what they have seen.Kun byedQuotation (the text says: the same source: རྒྱུད་དེ་ཉིད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 82 % of the words.
[68]Note 68 · p. 152 · mthong tshad (text) against Adzom mthong tshod: I keep tshad, "according to the measure of what they have seen". Adzom's tshod would give "according to their own estimate of what they see"; the sense is nearly the same.

7.4 Gathering into the one expanse of bliss བདེ་ཀློང་གཅིག་ཏུ་འཁྱིལ་བ7.4 Gathering into the one expanse of bliss (topical division)
Dwelling in that country, all is dharmakāya, the sole sphere without corners, unmade and beyond effort; a long citation from the Pearl Garland shows self-arisen wisdom beyond action, thought and dualistic counting.

To show that this meaning, such as it is, gathers into the one expanse of bliss within awakened mind, the nature of phenomena:

If one dwells in that country,[69]Note 69 · p. 152 · yul der gnas na: "country", because the line picks up the preceding root verse ("Vast is the country of the spacious basic space of phenomena"). Gemini 4 Neon has "realm", GPT-6.2 Astra and Dharmamitra "domain", Claude Fable 5.2 "land". all is dharmakāya.

[p. 153]
བྱུང་ཡེ་ཤེས་གཅིག་ལས་མ་གཡོས་པར། །མ་བྱས་ཡེ་ཟིན་རྩོལ་སྒྲུབ་འདས་པ་ཉིད། །གྲྭ་ཟུར་མེད་པའི་ཐིག་ལེ་ཟླུམ་པས་ན། །ཇི་བཞིན་དབྱེ་བསལ་མེད་པའི་ཀློང་དུ་འཁྱིལ། །རིག་པ་དྲི་མ་མེད་པའི་ངོ་བོ་ནི་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་ཡེ་ནས་གནས་པ་སྟེ། བྱ་རྩོལ་བསམ་ཡུལ་ལས་འདས་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ནི། མུ་ཏིག་ཕྲེང་བ་ལས། ཀུན་གཞི་ཆོས་སྐུར་རང་ཤར་བས།
།བརྒྱུད་པའི་རྩ་བ་རྩད་ནས་བཅད།
།ཡིད་བཞིན་དགོངས་པར་ཡེ་གནས་པས།
།འགྱུ་བྱེད་རྣམས་ནི་རང་གཞག་ཡིན།
།དབུགས་ནི་ཡེ་ནས་རྒྱུན་ཆད་པས།
།སྐྱེ་ཤི་གདོད་ནས་ཡོད་པ་མིན།
།འདོད་པའི་ཡོན་ཏན་ཡེ་རྫོགས་པས།
།ཞེན་པའི་མཐའ་ནི་སྒོམ་པ་ཉིད།
།ཡན་ལག་མ་བསྐྱོད་ཡེ་ཕྱིན་པས།
།འགྲོ་བའི་ལམ་ཉིད་ཡེ་ནས་བགྲོད།
།སྨྲས་པའི་ངག་ནི་བརྗོད་མེད་པས།
།ཡེ་ནས་སྨྲ་བསམ་

Not stirring from the one self-arisen primordial wisdom,
it is unmade, primordially attained (ye zin), the very transcendence of effort and striving.[70]Note 70 · p. 153 · rtsol sgrub: "effort and striving" by the glossary (GPT-6.2 Astra "striving and attainment", Dharmamitra "effort and accomplishment", Claude Fable 5.2 "effort and achievement"). ye zin is "primordially attained".
Since it is a round sphere (thig le) without corners or edges,
it gathers into the expanse[71]Note 71 · p. 153 · 'khyil: "gathers" (Gemini 4 Neon, GPT-6.2 Astra, Claude Fable 5.2); Dharmamitra's "swirls" does not fit bde klong gcig tu 'khyil. where, just as it is, there is nothing to divide or exclude.

The essence of stainless awareness abides primordially as the sole sphere (thig le nyag gcig), dharmakāya. That this is self-arisen primordial wisdom, the nature of phenomena beyond action and effort and beyond the range of thought, is shown in the Pearl Garland (Mu tig phreng ba):

Since the all-ground (kun gzhi) has arisen naturally as dharmakāya,
the root of succession is severed at its source.
Since there is primordial abiding as wish-fulfilling enlightened intent,[72]Note 72 · p. 153 · dgongs pa: "enlightened intent"; Dharmamitra's "realization" is reserved for rtogs pa.
all that stirs in movement is resting naturally (rang gzhag).
Since the flow of the breath is primordially cut,
from the origin birth and death do not exist.
Since the desirable qualities of the senses are primordially perfect,
the very limit of clinging (zhen pa)[73]Note 73 · p. 153 · zhen pa'i mtha': "the limit of clinging" by the glossary (drafts: "attachment"). bsam gtan chen po is "great meditative stability", not GPT-6.2 Astra's "dhyāna", since the four dhyānas are not meant. is meditation (sgom pa) itself.
Since, with no limb moved, one has primordially arrived,
the very path to be travelled has primordially been traversed.
Since spoken speech is without expression,
it is primordially beyond the range of speech and thought.

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 9 quotations, 9 found on this wiki.
# p. Tibetan English Source On this wiki
1 145 ཡེ་ཤེས་མ་བཅོས་རྣམ་དག་པ། །ཁ་དོག་ … པའི་ངང༌། །རང་བྱུང་མ་བཅོས་རིག་པའི་ཀློང༌། Primordial wisdom (ye shes), uncontrived (ma bcos), is utterly … emptiness. The self-arisen, uncontrived, is the expanse of awareness. named: ཀློང་དྲུག་པ་ལས
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Expanses · tantra; Nyingma Gyubum, one of the Seventeen Tantras high
parallel: Ngb-pt-0059-vol-01-text, 100 %
2 145 སྒོ་ནི་བཙལ་དུ་མེད་པའི་སྒོ་ནས་འཇུག As for the door, one enters by the door that is not to be sought. named: ཀུན་བྱེད་ལས
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
Ngb-pt-0104-vol-02-text (the text itself), 100 %
3 146 ང་ལ་ཕྱི་དང་ནང་མེད་པས། གསལ་བའི་ … མེད་པས། །སྣང་བའི་ཆོས་ནི་ཡོངས་སུ་རྫོགས། Since in me there is neither outer nor inner, … the phenomena of appearance (snang ba) are utterly perfect. named: ཡི་གེ་མེད་པ་ལས
ཡི་གེ་མེད་པའི་རྒྱུད་ཆེན་པོ, yi ge med pa'i rgyud chen po, The Tantra Without Letters · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0051-vol-01-text (the text itself), 91 %
4 147 ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཡེ་ཤེས་ … རྟོག་སྟེ། །མཉམ་པ་ཉིད་དུ་ཡེ་ནས་གནས། O great being (sems dpa' chen po), listen! As … does not conceptualize objects; it abides primordially as equality. named: ཀུན་བྱེད་ལས
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
Ngb-pt-0104-vol-02-text (the text itself), 84 %
5 149 ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག དུས་གསུམ་ … རྣམ་པར་རྟོག་པའི་བག་ཆགས་གོས་མི་འགྱུར། O great being, listen! In the enlightened mind (thugs) … not stained by the habitual tendencies of discursive thought “the same”: དེ་ཉིད་ལས
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
Ngb-pt-0104-vol-02-text (the text itself), 90 %
6 150 ཡིན་པ་གྲུབ་པ་མེད་པའི་རིག་པ་འདི། ། … ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། This awareness, which is not established as being anything— … that very arising is free right there upon itself. named: འདས་རྗེས་ལས
འདས་རྗེས, 'das rjes, The Posthumous Testaments of the Vidyādharas · upadesha; Vima Nyingtik / Khandro Nyingtik medium
parallel: Klong chen rab byams gsung 'bum/volume 001 018, 56 %
7 151 མི་རྟོག་པ་ཡི་རང་བྱུང་ཡེ་ཤེས་ལྔ། ། … རང་བྱུང་ཡེ་ཤེས་མི་འགག་སོ་སོར་གསལ། The five nonconceptual self-arisen primordial wisdoms (rang byung ye … self-arisen primordial wisdom, unceasing, is lucid in each distinctly. named: ཀུན་བྱེད་ལས
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
Ngb-pt-0104-vol-02-text (the text itself), 68 %
8 151 ཀུན་བྱེད་ང་ཡི་རང་བཞིན་གཅིག་པུ་ལ། … རང་བྱུང་ང་ལ་མཐོང་ཚད་སྨྲས་པ་ཡིན། To the one nature of me, the all-creating one … according to the measure of what they have seen. “the same”: རྒྱུད་དེ་ཉིད་ལས
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
Ngb-pt-0104-vol-02-text (the text itself), 82 %
9 153 ཀུན་གཞི་ཆོས་སྐུར་རང་ཤར་བས། །བརྒྱུད་པའི་ … སངས་པས། །བདག་འཛིན་བློ་ནི་ཡེ་ནས་ཟད། Since the all-ground (kun gzhi) has arisen naturally as … grasps at a self (bdag 'dzin) is primordially exhausted. named: མུ་ཏིག་ཕྲེང་བ་ལས
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras high
parallel: ཚིག་དོན་རིན་པོ་ཆེའི་མཛོད, 77 %