Chos dbyings mdzod (Longchenpa): Chapter 11 commentary (3)

From Rangjung Yeshe Wiki Texts
Chos dbyings mdzod (Longchenpa)Chos dbyings mdzod (Longchenpa): Chapter 11 commentary (3)
< Chos dbyings mdzod (Longchenpa)
Chos dbyings mdzod (Longchenpa)/Chapter 11 commentary (3)
Jump to navigation Jump to search
← Chapter 11 commentary (2)Chos dbyings mdzod: contentsChapter 11 commentary (4) →

Chapter 11, commentary · རྐྱེན་སྣང་མཁའ་མཉམ་དག་པར་བསྟན་པ
Pages 537–545 of the corrected base text (W22920 vol. 3), part 3 of 5.

[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD84), gorn05 tibocr 2026: BDRC OCR on 338 pages, Mitra OCR on 144 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 490] དེ་བས་རབ་གསང་ཐེག་པ་རྒྱལ་པོའི་གདུང་། སྐལ་བཟངས་དམ་པ་རྣམས་ལ་བསྟན་ཞིང་གཏད། །ཐེག་པ་རྒྱལ་པོའི་གདུང་རབས་རྨད་དུ་བྱུང་བ་འདི་སྐལ་མེད་ལ་གསང་། སྐལ་ལྡན་ལ་བསྟན། སྐལ་བཟང་རྡོ་རྗེ་སྙིང་པོའི་མཆོག་ལ་གཏད་པ་ལ། སྐལ་མེད་ལ། ངོ་བོ། དབྱེ་བ། གསང་ཚུལ། མ་གསང་བའི་སྐྱོན། གསང་བའི་ཡོན་ཏན་དང་ལྔ་ལས། སྐལ་མེད་ཀྱི་ངོ་བོ་ཆོས་ཟབ་མོའི་སྣོད་དུ་མ་གྱུར་པ་སྟེ་ཆོས་ཀྱི་བགོ་སྐལ་ལ་མི་དབང་བའི་ཕྱིར་རོ། །དབྱེ་ན་ཆོས་ལ་ལས་འབྲེལ་མེད་པའི་སྐྱེ་བོ་ཕལ་པ་རྣམས་དང་། བློ་ཆུང་བས་སྐྲག་ཅིང་སྡངས་པ་ཐེག་པ་ཐུན་མོང་ལ་ཞུགས་པ་རྣམས་དང་། གསང་བ་སྣོད་མིན་དང་དུས་མིན་དུ་སྒྲོགས་པའི་གསང་སྒོ་འཆོལ་བའི་གང་ཟག་རྣམས་ཏེ་གསུམ་མོ། །དེ་ལས་གསང་སྒོ་འཆོལ་བའི་རིགས་ཅན་ལ་གསང་ཆེན་འདིའི་དོན་གསང་བར་གདམས་ཏེ། ཕ་རོལ་སྣོད་མེད་བློ་ཆུང་རྣམས་རྒྱུ་དེས་ཆོས་ལ་སྐུར་པ་བཏབ་པས་ངན་འགྲོ་མུ་མཐའ་མེད་པར་སྐྱེ་བའི་ལས་ལ་སྦྱོར་ཏེ། ལས་དེ་མཚམས་མེད་ལྔ་པས་ཤིན་ཏུ་ལྕི་བའི་ཕྱིར་རོ། །རྒྱུད་བླ་མ་ལས། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་དང་བདེ་གཤེགས་ངན་སེམས་ལྡན་བྱེད་དང་། །ཕ་མ་དགྲ་བཅོམ་གསོད་དང་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་

[p. 491] ༄༅། །ཉིད་ངེས་པར་བསམས་ན་དེ་ལས་མྱུར་དུ་ཐར་འགྱུར་གྱིས། །གང་ཞིག་ཡིད་ནི་རྟག་ཏུ་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་སོ། །གསང་སྒོ་ང་ཚོལ་བར་བྱེད་པ་དེ་ཉིད་ཤི་མ་ཐག་ཏུ་སེམས་ ཅན་དམྱལ་བ་མནར་མེད་པར་སྐྱེས་ནས། ལྕེ་དཔག་ཚད་ལྔ་བརྒྱའི་སྟེང་དུ་ལྕགས་ཀྱི་ཐོད་གཤོལ་མེ་འབར་བས་ཞིང་རྨོ་བར་བྱེད་པའི་ཉེས་པ་ཡོད་དེ། སེང་གེ་རྩལ་རྫོགས་ལས། གསང་བ་འཆོལ་བར་བྱེད་པ་ཡང་། ། སྨྲ་བྱེད་ལྕེ་ལ་ཞིང་རྨོ་ཞིང་། །སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར། །དེ་ཕྱིར་ངེས་པའི་དོན་འདི་གསང་། །ཞེས་སོ། །གསང་ཚུལ་ལ་གསང་བའི་ཡུལ་སྤྱིར་བསྟན། གསང་དོན་སྐྱོན་མེད་དུ་བརྗོད། གསང་ཚུལ་དངོས་ བཤད་པ་ལ་གསུམ་ལས། ཡུལ་ནི་རྒྱུད་དེ་ཉིད་ལས། མ་རྟོགས་པ་ཡི་ཕྱོགས་རྣམས་དང་། །སྐྱེ་བོ་ཀུན་ལ་རབ་ཏུ་གསང་། །གསང་ཕྱིར་གདམས་ངག་སྣ་ཚོགས་གསུངས། །ཞེས་སོ། །ཁ་ཅིག་ན་རེ་གོ་བ་མེད་པ་ལ་ ཡེ་གསང་ཐབས་ཀྱིས་ཚོད་ནས་མ་དད་པ་མེད་ན་གསང་སྒྲོགས་སུ་མི་འགྱུར་ཏེ། བྱ་ལ་སོགས་པ་བཞིན་ཟེར་བའང་རྨོངས་པ་རྡོལ་ཐབས་སུ་སྨྲ་བ་སྟེ། བཀའ་ལུང་དང་འགལ་བ་དང་། གསང་དགོས་པའི་རིག་པ་ཡང་ཆོས་དེ་ དུས་ལ་མ་བབས་ན་སྐལ་ལྡན་ཡིན་ཡང་གསང་དགོས་ཏེ། དགེ་སློང་བྱེད་འདོད་པའི་དགེ་ཚུལ་ལ་སོགས་པ་ཀུན་ལ་སོ་སོར་ཐར་པའི་མདོ་དང་ཆོ་ག་ལག་ལེན་གསང་བ་བཞིན་ནོ། །ཕལ་པ་ལ་དེ་བས་ཀྱང་གསང་དགོས་ཏེ་ཆོས་

[p. 492] དེའི་ཆེ་བ་དང་བྱིན་རླབས་ཉམས་ཤིང་བཀའ་ཆད་འབྱུང་དུ་འོང་བའི་ཕྱིར་རོ། །གསང་དོན་སྐྱོན་མེད་དུ་བརྗོད་པ་ནི། རྩལ་རྫོགས་ལས། གསང་སྔགས་ཐབས་མཁས་སྤྱོད་པར་བསྟན། །གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །ཐུགས་རྗེ་ཆེན་པོ་ཐབས་མཁས་པས། །སྣོད་མ་ཡིན་དང་བློ་རྟུལ་རྣམས། །ལས་འཕྲོ་ངན་པའི་དོན་ཕྱིར་གསང་། །ཞེས་པས། ཆོས་ངན་ནས་གསང་བ་མ་ཡིན། གཞན་གྱི་ལས་སོག་པ་སྤང་བ་དང་། ཆོས་ཀྱི་ཆེ་བ་ཉམས་པ་སྤང་བའི་ཕྱིར་གསང་བས་སྐྱོན་མེད་དེ། གཞན་ལས་ཀྱང་། གསང་སྔགས་གསང་ཞེས་བྱ་བ་ནི། །ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ། བློ་ཆུང་ཐེག་པ་དམན་ལ་གསང་། །ཞེས་འབྱུང་ངོ་། །གསང་ཚུལ་དངོས་ནི་སྔར་བསྟན་པའི་ཡུལ་སྐྱེ་བོ་ཕལ་པ་དང་། བློ་ཆུང་དང་། གསང་སྒྲོགས་པ་གསུམ་གྱི་རིགས་ལ། ཆོས་འདིའི་མིང་དང་། ཡི་གེ་དང་། གནད་དང་། གྲུབ་མཐའི་ཚིག་ཟུར་ཙམ་ཡང་མི་བརྗོད། དུས་ལ་མ་བབས་པ་དང་། ཡུལ་ཕྱོགས་མི་མོས་པ་མཐའ་འཁོབ་དང་འདྲ་བ་རྣམས་སུའང་ཆོས་དེ་ཤེས་པ་དང་ཡོད་པ་དང་ཞུས་པ་སྐད་ཀྱང་མི་བརྗོད། རྒྱ་ལ་རྒྱུས་ཡོད་པ་དག་གིས་འདྲི་ནའང་མ་ངེས་སོ་ཞེས་བྱ་བ་དང་། ཉམས་སུ་མ་བླངས་པས་ཆ་མེད་དོ་ཞེས་གསང་བར་གདམས་ཏེ། རྩལ་རྫོགས་ལས། དེ་ཕྱིར་ངེས་པའི་དོན་འདི་གསང་། །རླུང་ཕྱོགས་ཙམ་དུའང་བསྒྲག་མི་བྱ། །ཞེས་སོ། །འདི་ནས་ཡང་དང་ཡང་དུ་གསང་བར་བསྟན་པས། སྙིང་ཐིག་གི་དཔེ་དང་ལུས་

[p. 493] གནད་ལ་སོགས་པ་མ་མཐོང་བར་བྱ་བ་ནི་དམ་ཚིག་ཆེན་པོའོ། །ཁྱད་པར་དུ་གཞན་བཀའ་མ་ཐོབ་པར་འདིའི་ཆོས་བཤད་པ་ལ་སོགས་པ་རྡོ་རྗེའི་ལྕེ་ཡོད་ཀྱང་མི་རུང་སྟེ། རྒྱུད་དེ་ཉིད་ལས། གསང་སྔགས་རྫོགས་ཆེན་ཨ་ཏིའི་དོན། །འོག་མ་རྣམས་ལ་སྨྲ་མི་བྱ། །རྡོ་རྗེ་སློབ་དཔོན་དཔའ་བོ་ཡི། །ལུང་ཉིད་མ་ཐོབ་བར་དུ་ཡང་། །རྡོ་རྗེ་ལྕེ་ཡི་ཚུལ་ཡོད་ཀྱང་། །གསང་བ་གཞན་ལ་བསྟན་མི་བྱ། །འོག་མའི་རིགས་དང་དབང་མ་ཐོབ། །ལས་འཕྲོ་ངན་པར་གྱུར་པ་ཡང་། །གསང་བ་ཆེན་པོའི་དོན་མི་བཤད། །དེ་ནི་དམ་ཚིག་རྣམ་གྲངས་ཡིན། །ཞེས་སོ། །མ་གསང་བའི་སྐྱོན་ནི་སྒྲོ་སྐུར་གྱི་རྒྱུར་སོང་ནས་རང་གཞན་ངན་སོང་དུ་འགྲོ་བ་དང་། སྙིང་པོའི་བསྟན་པ་ནུབ་པ་དང་། བཀའ་སྲུང་རྣམས་ཀྱི་ཆད་པ་འབྱུང་བ་དང་། ཡིད་ལ་བསམ་པ་མི་འགྲུབ་པ་ལ་སོགས་ཏེ། རྩལ་རྫོགས་ལས། རྫོགས་ཆེན་ཨ་ཏིའི་གསང་ཆེན་འདི། །བློ་དམན་རྣམས་ལ་བསྒྲགས་གྱུར་ན། །དཔེར་ན་གཙུབ་ཤིང་མེ་གཙུབས་ན། །གཙུབ་ཤིང་ཉིད་ཀྱང་ཚིག་པར་འགྱུར། །གཞན་ཡང་མཚན་མར་གྱུར་པ་བསྲེག །གསང་སྔགས་ངེས་དོན་མེ་དང་འདྲ། །སྐལ་པ་ཆུང་ཞིང་ཤེས་རབ་དམན། །བློ་ངན་རྒྱུ་འབྲས་རྨོངས་པ་རྣམས། །རྫོགས་ཆེན་དོན་ལ་སྐུར་འདེབས་པས། །ངན་སོང་གསུམ་དུ་འཕང་བར་འགྱུར། །ངེས་དོན་མ་རྟོགས་སྡུག་བསྔལ་མྱོང་། །ཞེས་པ་དང་། ཀུན་བྱེད་ལས། སྙིང་པོའི་དོན་ལ་བླང་དོར་མི་གནས་ཀྱང་། །མི་མ་

[p. 494] ཡིན་དང་འབྱུང་པོས་བར་གཅོད་ཅིང་། མཁའ་འགྲོ་གྲུབ་པ་ཅན་གྱིས་གཉིས་ཀ་ལ། །དུས་མིན་འཆི་དང་འཇིགས་པའི་དབང་གྱུར་ནས། །སྒྲོ་སྐུར་དབང་གིས་སྙིང་པོའི་ཐེག་པ་བསྣུབ། །ཅེས་སོ། །སྐལ་པ་མེད་པའི་རང་བཞིན་ཡང་རྒྱུད་དེ་ཉིད་ལས་སྣོད་མིན་ལོག་པའི་གང་ཟག་བསྟན་པ་ནི། གྲགས་དང་འཇིག་རྟེན་ཆོས་ལ་དགའ་བ་དང་། །ང་རྒྱལ་དམ་པ་མི་བསྐུར་ཡིད་ཟུང་བཟློག །འཕྱར་ཞིང་རྫས་དང་དད་པར་མི་ལྡན་ཏེ། །རང་ཚོད་ཉམས་ལེན་བཙན་ཐབས་འདོད་པ་དང་། །བསྟན་པ་ཡོངས་ལ་འཕེལ་ཞིང་མི་མཐུན་ཞིང་། །སྒྲོ་སྐུར་བདག་གཞན་གནོད་སེམས་བསྒོམ་པ་སྟེ། །འདི་ལ་མི་བསྟན་མཆོག་ཏུ་གསང་བར་བྱ། །ཞེས་པ་དང་། རང་ཤར་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཆོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱན་བཟངས་འདོགས་པ་དང་། །དོན་མེད་ཕྱལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་གསུངས་སོ། །གསང་བའི་ཡོན་ཏན་ནི། རང་གཞན་གྱི་ལེགས་པ་འགྲུབ་པ་དང་བསྟན་པ་ཡུན་རིང་དུ་གནས་པའོ། །སྐལ་ལྡན་ལ་བསྟན་པ་ལའང་། མཚན་ཉིད་དང་། བརྟག་ཚུལ་གཉིས་ལས། སྐལ་ལྡན་ཡིན་པའི་

[p. 495] མཚན་ཉིད་ནི། ནོར་བུ་པྲ་བཀོད་ལས། གསང་བའི་དཀྱིལ་འཁོར་ཆེན་པོ་འདི། །ཀུན་ལ་བསྟན་པར་མི་བྱ་སྟེ། །གསང་བ་ཐུབ་པ་འགའ་ལ་བསྟན། །གསང་སྔགས་གསང་བའི་རིམ་པ་འདི། །བསྟན་པའི་རིགས་ནི་འདི་ལྟ་སྟེ། །གསང་བའི་གཉེར་གཏད་ཐུབ་པར་བྱེད། །གསང་བའི་དོན་ལ་འགྲུས་པ་དང་། །ཤེས་རབ་བློ་རྩལ་ཆེ་བ་དང་། །དམ་ཚིག་སྡོམ་པ་ལྡན་ལ་བསྟན། །ཞེས་པ་དང་། རྒྱལ་རིགས་དང་ནི་བྲམ་ཟེའི་རིགས། །དེ་བཞིན་རྗེའུ་རིགས་ཆེན་པོ་དང་། །ཁྱད་པར་ཆེན་པོའི་མི་རྣམས་ལ། །གསང་སྔགས་ངེས་དོན་བསྟན་པར་གསུངས། །ཞེས་པ་དང་། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོགས་མེད་སེམས་ལག་ཡེང་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བྲེང་ངེ་དུང་ངེ་བརྩེ་གདུང་ལྡན། །ལྷང་ངེ་ལྷན་ནེ་བསྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་སྤྱོད། །

[edit]
BDRC typed e-text UT22920_003_0001/0002 as downloaded (the base text was made from it).

དེ་བས་རབ་གསང་ཐེག་པ་རྒྱལ་པོའི་གསུང༌། །སྐལ་བཟང་དམ་པ་རྣམས་ལ་བསྟན་ཞིང་གཏད། །ཐེག་པ་རྒྱལ་པོའི་གདུང་རབ་རྨད་དུ་བྱུང་བ་འདི་སྐད་མེད་ལ་གསང༌། སྐལ་ལྡན་ལ་བསྟན། སྐལ་བཟང་རྡོ་རྗེ་སྙིང་པོའི་མཆོག་ལ་གཏད་པ་ལ། སྐལ་མེད་ལ། ངོ་བོ། དབྱེ་བ། གསོང་ཚུལ། མ་གསོང་བའི་སྐྱོན། གསོང་བའི་ཡོན་ཏན་དང་ལྔ་ལས། སྐལ་མེད་ཀྱི་ངོ་བོ་ཆོས་ཟབ་མོའི་སྣོད་དུ་མ་གྱུར་པ་སྟེ་ཆོས་ཀྱི་བགོ་སྐལ་ལ་མི་དབང་བའི་ཕྱིར་རོ། །དབྱེ་ན་ཆོས་ལ་ལས་འབྲེལ་མེད་པའི་སྐྱེ་བོ་ཕལ་པ་རྣམས་དང༌། བློ་ཆུང་བས་སྐྲག་ཅིང་སྔངས་པ་ཐེག་པ་ཐུན་མོང་ལ་ཞུགས་པ་རྣམས་དང༌། གསང་བ་སྣོད་མིན་དང་དུས་མིན་དུ་སྒྲོགས་པའི་གསང་སྒོ་འཆོལ་བའི་གང་ཟག་རྣམས་ཏེ་གསུམ་མོ། །དེ་ལས་གསང་སྒོ་འཆོལ་བའི་རིགས་ཅན་ལ་གསང་ཆེན་འདིའི་དོན་གསང་བར་གདམས་ཏེ། ཕ་རོལ་སྣོད་མེད་བློ་ཆུང་རྣམས་རྒྱུ་དེས་ཆོས་ལ་སྐུར་པ་བཏབ་པས་ངན་འགྲོ་མུ་མཐའ་མེད་པར་སྐྱེ་བའི་ལས་ལ་སྦྱོར་ཏེ། ལས་དེ་མཚམས་མེད་ལྔ་པས་ཤིན་ཏུ་ལྕི་བའི་ཕྱིར་རོ། །རྒྱུད་བླ་མ་ལས། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་དང་བདེ་གཤེགས་ངན་སེམས་ལྡན་བྱེད་དང༌། །ཕ་མ་དགྲ་བཅོམ་གསོད་དང་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་ན་དེ་ལས་མྱུར་དུ་ཐར་འགྱུར་གྱིས། །གང་ཞིག་ཡིད་ནི་རྟག་ཏུ་ཆོས་ལས་དང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་སོ། །གསང་སྒོ་འཆལ་བར་བྱེད་པ་དེ་ཉིད་ཤི་མ་ཐག་ཏུ་སེམས་ཅན་དམྱལ་བ་མནར་མེད་པར་སྐྱེས་ནས། ལྕེ་དཔག་ཚད་ལྔ་བརྒྱའི་སྟེང་དུ་ལྕགས་ཀྱི་ཐོང་གཤོལ་མེ་འབར་བས་ཞིང་རྨོ་བར་བྱེད་པའི་ཉེས་པ་ཡོད་དེ། སེང་གེ་རྩལ་རྫོགས་ལས། གསང་བ་འཆོལ་བར་བྱེད་པ་ཡང༌། སྨ་བྱེད་ལྕེ་ལ་ཞིང་རྨོ་ཞིང༌། །སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར། །དེ་ཕྱིར་ངེས་པའི་དོན་འདི་གསོང༌། །ཞེས་སོ། །གསོང་ཚུལ་ལ་གསང་བའི་ཡུལ་སྤྱིར་བསྟན། གསང་དོན་སྐྱོན་མེད་དུ་བརྗོད། གསོང་ཚུལ་དངོས་བཤད་པ་ལ་གསུམ་ལས། ཡུལ་ནི་རྒྱུད་དེ་ཉིད་ལས། །མ་རྟོགས་པ་ཡི་ཕྱོགས་རྣམས་དང༌། །སྐྱེ་བོ་ཀུན་ལ་རབ་ཏུ་གསོང༌། །གསོང་ཕྱིར་གདམས་ངག་སྣ་ཚོགས་གསུངས། །ཞེས་སོ། །ཁ་ཅིག་ན་རེ་གོ་བ་མེད་པ་ལ་ཡེ་གསང་ཐབས་ཀྱི་ཆོད་ནས་མ་དད་པ་མེད་ན་གསང་སྒྲོགས་སུ་མི་འགྱུར་ཏེ། བྱ་ལ་སོགས་པ་བཞིན་ཟེར་བའང་རྨོངས་པ་རྡོལ་ཐབས་སུ་སྨྲ་བ་སྟེ། བཀའ་ལུང་དང་འགལ་བ་དང༌། གསོང་དགོས་པའི་རིག་པ་ཡང་ཆོས་དེ་དུས་ལ་མ་བབས་ན་སྐལ་ལྡན་ཡིན་ཡང་གསང་དགོས་ཏེ། དགེ་སློང་བྱེད་འདོད་པའི་དགེ་ཚུལ་ལ་སོགས་པ་ཀུན་ལ་སོ་སོར་ཐར་པའི་མདོ་དང་ཆོ་ག་ལག་ལེན་གསང་བ་བཞིན་ནོ། །ཕལ་པ་ལ་དེ་བས་ཀྱང་གསོང་དགོས་ཏེ་ཆོས་དེའི་ཆེ་བ་དང་བྱིན་རླབས་ཉམས་ཤིང་བཀའ་ཆད་འབྱུང་དུ་འོང་བའི་ཕྱིར་རོ། །གསང་དོན་སྐྱོན་མེད་དུ་བརྗོད་པ་ནི། རྩལ་རྫོགས་ལས། གསང་སྔགས་ཐབས་མཁས་སྤྱོད་པར་བསྟན། །གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །ཐུགས་རྗེ་ཆེན་པོ་ཐབས་མཁས་པས། །སྣོད་མ་ཡིན་དང་བློ་རྟུལ་རྣམས། །ལས་འཕྲོ་ངན་པའི་དོན་ཕྱིར་གསང༌། །ཞེས་པས། ཆོས་ངན་ནས་གསང་བ་མ་ཡིན། གཞན་གྱི་ལས་སོགས་པ་སྤང་བ་དང༌། ཆོས་ཀྱི་ཆེ་བ་ཉམས་པ་སྤང་བའི་ཕྱིར་གསང་བས་སྐྱོན་མེད་དེ། གཞན་ལས་ཀྱང༌། གསང་སྔགས་གསང་ཞེས་བྱ་བ་ནི། ཆོས་ལ་སྐྱོན་མ་ཡིན་ཏེ། །བློ་ཆུང་ཐེག་པ་དམན་ལ་གསོང༌། །ཞེས་འབྱུང་ངོ༌། །གསོང་ཚུལ་དངོས་ནི་སྔར་བསྟན་པའི་ཡུལ་སྐྱེ་བོ་ཕལ་པ་དང༌། བློ་ཆུང་དང༌། གསང་སྒྲོགས་པ་གསུམ་གྱི་རིགས་ལ། ཆོས་འདིའི་མིང་དང༌། ཡི་གེ་དང༌། གནད་དང༌། གྲུབ་མཐའི་ཚིག་ཟུར་ཙམ་ཡང་མི་བརྗོད། དུས་ལ་མ་བབས་པ་དང༌། ཡུལ་ཕྱོགས་མི་མོས་པས་མཐའ་འཁོབ་དང་འདྲ་བ་རྣམས་སུའང་ཆོས་དེ་ཤེས་པ་དང་ཡོད་པ་དང་ཞུས་པས་སྐད་ཀྱང་མི་བརྗོད། རྒྱ་ལ་རྒྱུས་ཡོད་པ་དག་གིས་འདྲི་ནའང་མ་ངེས་སོ་ཞེས་བྱ་བ་དང༌། ཉམས་སུ་མ་བླངས་པས་ཆ་མེད་དོ་ཞེས་གསང་བར་གདམས་ཏེ། རྩལ་རྫོགས་ལས། དེ་ཕྱིར་ངེས་པའི་དོན་འདི་གསང༌། །རླུང་ཕྱོགས་ཙམ་དུའང་བསྒྲག་མི་བྱ། །ཞེས་སོ། །འདི་ནས་ཡང་དང་ཡང་དུ་གསང་བར་བསྟན་པས། སྙིང་ཐིག་གི་དཔེ་དང་ལུས་གནད་ལ་སོགས་པ་མ་མཐོང་བར་བྱ་བ་ནི་དམ་ཚིག་ཆེན་པོའོ། །ཁྱད་པར་དུ་གཞན་བཀའ་མ་ཐོབ་པར་འདིའི་ཆོས་བཤད་པ་ལ་སོགས་པ་རྡོ་རྗེའི་ལྕེ་ཡོད་ཀྱང་མི་རུང་སྟེ། རྒྱུད་དེ་ཉིད་ལས། གསང་སྔགས་རྫོགས་ཆེན་ཨ་ཏིའི་དོན། འོག་མ་རྣམས་ལ་སྨྲ་མི་བྱ། །རྡོ་རྗེ་སློབ་དཔོན་དཔའ་བོ་ཡི། །ལུང་ཉིད་མ་ཐོབ་བར་དུ་ཡང༌། །རྡོ་རྗེ་ལྕེ་ཡི་ཚུལ་ཡོད་ཀྱང༌། །གསང་བ་གཞན་ལ་བསྟན་མི་བྱ། །འོག་མའི་རིགས་དང་དབང་མ་ཐོབ། །ལས་འཕྲོ་ངན་པར་གྱུར་པ་ཡང༌། །གསང་བ་ཆེན་པོའི་དོན་མི་བཤད། །དེ་ནི་དམ་ཚིག་རྣམ་གྲངས་ཡིན། །ཞེས་སོ། །མ་གསང་བའི་སྐྱོན་ནི་སྒྲོ་སྐུར་གྱི་རྒྱུར་སོང་ནས་རང་གཞན་ངན་སོང་དུ་འགྲོ་བ་དང༌། སྙིང་པོའི་བསྟན་པ་ནུབ་པ་དང༌། བཀའ་སྲུང་རྣམས་ཀྱི་ཆད་པ་འབྱུང་བ་དང༌། ཡིད་ལ་བསམ་པ་མི་འགྲུབ་པ་ལ་སོགས་ཏེ། རྩལ་རྫོགས་ལས། རྫོགས་ཆེན་ཨ་ཏིའི་གསང་ཆེན་འདི། །བློ་དམན་རྣམས་ལ་བསྒྲགས་གྱུར་ན། །དཔེར་ན་གཙུབ་ཤིང་མེ་གཙུབས་ན། །གཙུབ་ཤིང་ཉིད་ཀྱང་ཚིག་པར་འགྱུར། །གཞན་ཡང་མཚན་མར་གྱུར་པ་བསྲེག །གསང་སྔགས་ངེས་དོན་མེ་དང་འདྲ། །སྐལ་བ་ཆུང་ཞིང་ཤེས་རབ་དམན། །བློ་ངན་རྒྱུ་འབྲས་རྨོངས་པ་རྣམས། །རྫོགས་ཆེན་དོན་ལ་སྐུར་འདེབས་པས། །ངན་སོང་གསུམ་དུ་འཕང་བར་འགྱུར། །ངེས་དོན་མ་རྟོགས་སྡུག་བསྔལ་མྱོང༌། །ཞེས་པ་དང༌། ཀུན་བྱེད་ལས། སྙིང་པོའི་དོན་ལ་བླང་དོར་མི་གནས་ཀྱང༌། །མི་མ་ཡིན་དང་འབྱུང་པོས་བར་གཅོད་ཅིང༌། །མཁའ་འགྲོ་གྲུབ་པ་ཅན་གྱིས་གཉིས་ཀ་ལ། །དུས་མིན་འཆི་དང་འཇིགས་པའི་དབང་གྱུར་ནས། །སྒྲོ་སྐུར་དབང་གིས་སྙིང་པོའི་ཐེག་པ་བསྣུབ། །ཅེས་སོ། །སྐལ་པ་མེད་པའི་རང་བཞིན་ཡང་རྒྱུད་དེ་ཉིད་ལས། སྣོད་མིན་ལོག་པའི་གང་ཟག་བསྟན་པ་ནི། གྲགས་དང་འཇིག་རྟེན་ཆོས་ལ་དགའ་བ་དང༌། །ང་རྒྱལ་དམ་པ་མི་བཀུར་ཡིད་ཐུང་བཟློག །འཕྱར་ཞིང་རྫས་དང་དད་པར་མི་ལྡན་ཏེ། །རང་ཆོད་ཉམས་ལེན་བཙན་ཐབས་འདོད་པ་དང༌། །བསྟན་པ་ཡོངས་ལ་འཕེལ་ཞིང་མི་མཐུན་ཞིང༌། །སྒྲོ་སྐུར་བདག་གཞན་གནོད་སེམས་བསྒོམ་པ་སྟེ། །འདི་ལ་མི་བསྟན་མཆོག་ཏུ་གསང་བར་བྱ། །ཞེས་པ་དང༌། རང་ཤར་ལས། བཀུར་སྟིང་ཕུ་དུད་མི་བྱེད་ཅིང༌། །གསང་སྔགས་འཆོལ་བར་སྤྱོད་པ་དང༌། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང༌། །བཀའ་དྲིན་ཁྱད་དུ་གསོད་པ་དང༌། །རང་གི་རིགས་བརྒྱུད་བརྗོད་པ་དང༌། །ལུས་ལ་རྒྱན་བཟངས་འདོགས་པ་དང༌། །དོན་མེད་ཕྱལ་བར་འགྱུར་པ་སྟེ། །སློབ་མ་མ་བརྟག་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་གསུངས་སོ། །གསང་བའི་ཡོན་ཏན་ནི། རང་གཞན་གྱི་ལེགས་པ་འགྲུབ་པ་དང་བསྟན་པ་ཡུན་རིང་དུ་གནས་པའོ། །སྐལ་ལྡན་ལ་བསྟན་པ་ལའང༌། མཚན་ཉིད་དང༌། བརྟག་ཚུལ་གཉིས་ལས། སྐལ་ལྡན་ཡིན་པའི་མཚན་ཉིད་ནི། ནོར་བུ་ཕྲ་བཀོད་ལས། གསང་བའི་དཀྱིལ་འཁོར་ཆེན་པོ་འདི། །ཀུན་ལ་བསྟན་པར་བྱ་སྟེ། །གསང་བ་ཐུབ་པ་འགའ་ལ་བསྟན། །གསང་སྔགས་གསང་བའི་རིམ་པ་འདི། །བསྟན་པའི་རིགས་ནི་འདི་ལྟ་སྟེ། །གསང་བའི་གཉེར་གཏད་ཐུབ་པར་བྱེད། །གསང་བའི་དོན་ལ་འགྲུས་པ་དག །ཤེས་རབ་བློ་རྩལ་ཆེ་བ་དང༌། །དམ་ཚིག་དམ་པ་ལྡན་ལ་བསྟན། །ཞེས་པ་དང༌། རྒྱལ་རིགས་དང་ནི་བྲམ་ཟེའི་རིགས། །དེ་བཞིན་རྗེའུ་རིགས་ཆེན་པོ་དང༌། །ཁྱད་པར་ཆེན་པོའི་མི་རྣམས་ལ། །གསང་སྔགས་ངེས་དོན་བསྟན་པར་གསུངས། །ཞེས་པ་དང༌། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བྲེང་ངེ་དུང་ངེ་བརྩེ་གདུང་ལྡན། །ལྷང་ངེ་ལྷན་ནེ་བསྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་སྤྱོད། །

[edit]
rywikitexts e-text of the Beijing 2009 edition (vol. 16), with its page numbers ༼N༽.

དེ་བས་རབ་གསང་ཐེག་པ་རྒྱལ་པོའི་གདུང༌། །སྐལ་བཟང་དམ་པ་རྣམས་ལ་བསྟན་ཞིང་གཏད། །ཐེག་པ་རྒྱལ་པོའི་གདུང་རབས་རྨད་དུ་བྱུང་བ་འདི་སྐལ་མེད་ལ་གསང༌། སྐལ་ལྡན་ལ་བསྟན། སྐལ་བཟང་རྡོ་རྗེ་སྙིང་པོའི་མཆོག་ལ་གཏད་པ་ལ། སྐལ་མེད་ལ། ངོ་བོ། དབྱེ་བ། གསང་ཚུལ། མ་གསང་བའི་སྐྱོན། གསང་བའི་ཡོན་ཏན་དང་ལྔ་ལས། སྐལ་མེད་ཀྱི་ངོ་བོ་ཆོས་ཟབ་མོའི་སྣོད་དུ་མ་གྱུར་པ་སྟེ་ཆོས་ཀྱི་བགོ་སྐལ་ལ་མི་དབང་བའི་ཕྱིར་རོ། །དབྱེ་ན་ཆོས་ལ་ལས་འབྲེལ་མེད་པའི་སྐྱེ་བོ་ཕལ་པ་རྣམས་དང༌། བློ་ཆུང་བས་སྐྲག་ཅིང་སྔངས་པ་ཐེག་པ་ཐུན་མོང་ལ་ཞུགས་པ་རྣམས་དང༌། གསང་བ་སྣོད་མིན་དང་དུས་མིན་དུ་སྒྲོགས་པའི་གསང་སྒོ་འཆོལ་བའི་གང་ཟག་རྣམས་ཏེ་གསུམ་མོ། །དེ་ལས་གསང་སྒོ་འཆོལ་བའི་རིགས་ཅན་ལ་གསང་ཆེན་འདིའི་དོན་གསང་བར་གདམས་ཏེ། ཕ་རོལ་སྣོད་མེད་བློ་ཆུང་རྣམས་རྒྱུ་དེས་ཆོས་ལ་སྐུར་བ་བཏབ་པས་ངན་འགྲོ་མུ་མཐའ་མེད་པར་སྐྱེ་བའི་ལས་ལ་སྦྱོར་ཏེ། ལས་དེ་མཚམས་མེད་ལྔ་བས་ཤིན་ཏུ་ལྕི་བའི་ཕྱིར་རོ། །རྒྱུད་བླ་མ་ལས། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་དང་བདེ་གཤེགས་ངན་སེམས་ལྡན་བྱེད་དང༌། །ཕ་མ་དགྲ་བཅོམ་གསོད་དང་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་ན་དེ་ལས་མྱུར་དུ་ཐར་འགྱུར་གྱིས། །གང་ཞིག་ཡིད་ནི་རྟག་ཏུ་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་སོ། །གསང་སྒོ་འཆོལ་བར་བྱེད་པ་དེ་ཉིད་ཤི་མ་ཐག་ཏུ་སེམས་ཅན་དམྱལ་བ་མནར་མེད་པར་སྐྱེས་ནས། ལྕེ་དཔག་ཚད་ལྔ་བརྒྱའི་སྟེང་དུ་ལྕགས་ཀྱི་ཐོང་གཤོལ་མེ་འབར་བས་ཞིང་རྨོ་བར་བྱེད་པའི་ཉེས་པ་ཡོད་དེ། སེང་གེ་རྩལ་རྫོགས་ལས། གསང་བ་འཆོལ་བར་བྱེད་པ་ཡང༌། །སྨྲ་བྱེད་ལྕེ་ལ་ཞིང་རྨོ་ཞིང༌། །སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར། །དེ་ཕྱིར་ངེས་པའི་དོན་འདི་གསང༌། །ཞེས་» «སོ། །གསང་ཚུལ་ལ་གསང་བའི་ཡུལ་སྤྱིར་བསྟན། གསང་དོན་སྐྱོན་མེད་དུ་བརྗོད། གསང་ཚུལ་དངོས་བཤད་པ་ལ་གསུམ་ལས། ཡུལ་ནི་རྒྱུད་དེ་ཉིད་ལས། མ་རྟོགས་པ་ཡི་ཕྱོགས་རྣམས་དང༌། །སྐྱེ་བོ་ཀུན་ལ་རབ་ཏུ་གསང༌། །གསང་ཕྱིར་གདམས་ངག་སྣ་ཚོགས་གསུངས། །ཞེས་སོ། །ཁ་ཅིག་ན་རེ་གོ་བ་མེད་པ་ལ་ཡེ་གསང་ཐབས་ཀྱིས་ཆོད་ནས་མ་དད་པ་མེད་ན་གསང་སྒྲོགས་སུ་མི་འགྱུར་ཏེ། བྱ་ལ་སོགས་པ་བཞིན་ཟེར་བའང་རྨོངས་པ་རྡོལ་ཐབས་སུ་སྨྲ་བ་སྟེ། བཀའ་ལུང་དང་འགལ་བ་དང༌། གསང་དགོས་པའི་རིག་པ་ཡང་ཆོས་དེ་དུས་ལ་མ་བབས་ན་སྐལ་ལྡན་ཡིན་ཡང་གསང་དགོས་ཏེ། དགེ་སློང་བྱེད་འདོད་པའི་དགེ་ཚུལ་ལ་སོགས་པ་ཀུན་ལ་སོ་སོར་ཐར་པའི་མདོ་དང་ཆོ་ག་ལག་ལེན་གསང་བ་བཞིན་ནོ། །ཕལ་པ་ལ་དེ་བས་ཀྱང་གསང་དགོས་ཏེ་ཆོས་དེའི་ཆེ་བ་དང་བྱིན་རླབས་ཉམས་ཤིང་བཀའ་ཆད་འབྱུང་དུ་འོང་བའི་ཕྱིར་རོ། །གསང་དོན་སྐྱོན་མེད་དུ་བརྗོད་པ་ནི། རྩལ་རྫོགས་ལས། གསང་སྔགས་ཐབས་མཁས་སྤྱོད་པར་བསྟན། །གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །ཐུགས་རྗེ་ཆེན་པོ་ཐབས་མཁས་པས། །སྣོད་མ་ཡིན་དང་བློ་རྟུལ་རྣམས། །ལས་འཕྲོ་ངན་པའི་དོན་ཕྱིར་གསང༌། །ཞེས་པས། ཆོས་ངན་ནས་གསང་བ་མ་ཡིན། གཞན་གྱི་ལས་སོག་པ་སྤང་བ་དང༌། ཆོས་ཀྱི་ཆེ་བ་ཉམས་པ་སྤང་བའི་ཕྱིར་གསང་བས་སྐྱོན་མེད་དེ། གཞན་ལས་ཀྱང༌། གསང་སྔགས་གསང་ཞེས་བྱ་བ་ནི། །ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ། །བློ་ཆུང་ཐེག་པ་དམན་ལ་གསང༌། །ཞེས་འབྱུང་ངོ༌། །གསང་ཚུལ་དངོས་ནི་སྔར་བསྟན་པའི་ཡུལ་སྐྱེ་བོ་ཕལ་པ་དང༌། བློ་ཆུང་དང༌། གསང་སྒྲོགས་པ་གསུམ་གྱི་རིགས་ལ། ཆོས་འདིའི་མིང་དང༌། ཡི་གེ་དང༌། གནད་དང༌། གྲུབ་མཐའི་ཚིག་ཟུར་ཙམ་ཡང་མི་བརྗོད། དུས་ལ་མ་བབས་པ་དང༌། ཡུལ་ཕྱོགས་མི་མོས་པ་མཐའ་འཁོབ་དང་འདྲ་བ་རྣམས་སུའང་ཆོས་དེ་ཤེས་པ་དང་ཡོད་པ་དང་ཞུས་པ་སྐད་ཀྱང་མི་བརྗོད། རྒྱ་ལ་རྒྱུས་ཡོད་པ་དག་གིས་འདྲི་ནའང་མ་ངེས་སོ་ཞེས་བྱ་བ་དང༌། ཉམས་སུ་མ་བླངས་པས་ཆ་མེད་དོ་ཞེས་གསང་བར་གདམས་ཏེ། རྩལ་རྫོགས་ལས། དེ་ཕྱིར་ངེས་པའི་དོན་འདི་གསང༌། །རླུང་ཕྱོགས་ཙམ་དུའང་བསྒྲག་མི་བྱ། །ཞེས་སོ། །འདི་ནས་ཡང་དང་ཡང་དུ་གསང་བར་བསྟན་པས། སྙིང་ཐིག་གི་དཔེ་དང་ལུས་གནད་ལ་སོགས་པ་མ་མཐོང་བར་བྱ་བ་ནི་དམ་ཚིག་ཆེན་པོའོ། །ཁྱད་པར་དུ་གཞན་བཀའ་མ་ཐོབ་པར་འདིའི་ཆོས་བཤད་པ་ལ་སོགས་པ་རྡོ་རྗེའི་ལྕེ་ཡོད་ཀྱང་མི་རུང་སྟེ། རྒྱུད་དེ་ཉིད་ལས། གསང་སྔགས་རྫོགས་ཆེན་ཨ་ཏིའི་དོན། །འོག་མ་རྣམས་ལ་སྨྲ་མི་» «བྱ། །རྡོ་རྗེ་སློབ་དཔོན་དཔའ་བོ་ཡི། །ལུང་ཉིད་མ་ཐོབ་བར་དུ་ཡང༌། །རྡོ་རྗེ་ལྕེ་ཡི་ཚུལ་ཡོད་ཀྱང༌། །གསང་བ་གཞན་ལ་བསྟན་མི་བྱ། །འོག་མའི་རིགས་དང་དབང་མ་ཐོབ། །ལས་འཕྲོ་ངན་པར་གྱུར་པ་ཡང་«༼༡༽«། །གསང་བ་ཆེན་པོའི་དོན་མི་བཤད། །དེ་ནི་དམ་ཚིག་རྣམ་གྲངས་ཡིན། །ཞེས་སོ། །མ་གསང་བའི་སྐྱོན་ནི་སྒྲོ་སྐུར་གྱི་རྒྱུར་སོང་ནས་རང་གཞན་ངན་སོང་དུ་འགྲོ་བ་དང༌། སྙིང་པོའི་བསྟན་པ་ནུབ་པ་དང༌། བཀའ་སྲུང་རྣམས་ཀྱི་ཆད་པ་འབྱུང་བ་དང༌། ཡིད་ལ་བསམ་པ་མི་འགྲུབ་པ་ལ་སོགས་ཏེ། རྩལ་རྫོགས་ལས། རྫོགས་ཆེན་ཨ་ཏིའི་གསང་ཆེན་» «འདི། །བློ་དམན་རྣམས་ལ་བསྒྲགས་གྱུར་ན། །དཔེར་ན་གཙུབ་ཤིང་མེ་གཙུབས་ན། །གཙུབ་ཤིང་ཉིད་ཀྱང་ཚིག་པར་འགྱུར། །གཞན་ཡང་མཚན་མར་གྱུར་པ་བསྲེག» «།གསང་སྔགས་ངེས་དོན་མེ་དང་འདྲ། །སྐལ་བ་ཆུང་ཞིང་ཤེས་རབ་» «དམན། །བློ་ངན་རྒྱུ་འབྲས་རྨོངས་པ་རྣམས། །རྫོགས་ཆེན་དོན་ལ་སྐུར་འདེབས་པས། །ངན་སོང་གསུམ་དུ་འཕང་བར་འགྱུར། །ངེས་དོན་མ་རྟོགས་སྡུག་བསྔལ་མྱོང༌། །ཞེས་པ་དང༌། ཀུན་བྱེད་ལས། སྙིང་པོའི་དོན་ལ་བླང་དོར་མི་གནས་» «ཀྱང༌། །མི་མ་ཡིན་དང་འབྱུང་པོས་བར་གཅོད་ཅིང༌། །མཁའ་འགྲོ་གྲུབ་པ་ཅན་གྱིས་གཉིས་ཀ་ལ། །དུས་མིན་འཆི་དང་འཇིགས་པའི་དབང་གྱུར་ནས། །སྒྲོ་སྐུར་དབང་གིས་སྙིང་པོའི་ཐེག་པ་བསྣུབ། །ཅེས་སོ། །སྐལ་བ་མེད་པའི་རང་བཞིན་ཡང་རྒྱུད་དེ་ཉིད་ལས། སྣོད་མིན་ལོག་པའི་གང་ཟག་བསྟན་པ་ནི། གྲགས་དང་འཇིག་རྟེན་ཆོས་ལ་དགའ་བ་དང༌། །ང་རྒྱལ་དམ་པ་མི་བཀུར་ཡིད་ཐུང་བཟློག» «།» «འཕྱར་ཞིང་རྫས་དང་དད་པར་མི་ལྡན་ཏེ། །རང་ཚོད་ཉམས་ལེན་བཙན་ཐབས་འདོད་པ་དང༌། །བསྟན་པ་ཡོངས་ལ་འཕེལ་ཞིང་མི་མཐུན་ཞིང༌། །སྒྲོ་སྐུར་བདག་གཞན་གནོད་སེམས་བསྒོམ་པ་སྟེ། །འདི་ལ་མི་བསྟན་མཆོག་ཏུ་གསང་བར་བྱ། །» «ཞེས་པ་དང༌། རང་ཤར་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང༌། །གསང་སྔགས་འཆོལ་བར་སྤྱོད་པ་དང༌། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང༌། །བཀའ་དྲིན་ཁྱད་དུ་གསོད་པ་དང༌། །རང་གི་རིགས་རྒྱུད་བརྗོད་པ་དང༌། །ལུས་ལ་རྒྱན་བཟང་འདོགས་པ་དང༌། །དོན་མེད་ཕྱལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་» «ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་གསུངས་སོ། །གསང་བའི་ཡོན་ཏན་ནི། རང་གཞན་གྱི་ལེགས་པ་འགྲུབ་པ་དང་བསྟན་པ་ཡུན་རིང་དུ་གནས་པའོ། །སྐལ་ལྡན་ལ་བསྟན་པ་ལའང༌། མཚན་ཉིད་དང༌། བརྟག་ཚུལ་གཉིས་ལས། སྐལ་ལྡན་ཡིན་པའི་མཚན་ཉིད་ནི། ནོར་བུ་ཕྲ་བཀོད་ལས། གསང་བའི་དཀྱིལ་འཁོར་ཆེན་པོ་འདི། །ཀུན་ལ་བསྟན་པར་མི་བྱ་སྟེ། ། གསང་བ་ཐུབ་པ་འགའ་ལ་བསྟན། །གསང་སྔགས་གསང་བའི་རིམ་པ་ འདི། །བསྟན་པའི་རིགས་ནི་འདི་ལྟ་སྟེ། །གསང་བའི་གཉེར་གཏད་ཐུབ་པར་བྱེད། །གསང་བའི་དོན་ལ་འགྲུས་པ་དང༌། །ཤེས་རབ་བློ་རྩལ་ཆེ་བ་དང༌། །དམ་ཚིག་སྡོམ་པ་ལྡན་ལ་བསྟན། །ཞེས་པ་དང༌། རྒྱལ་རིགས་དང་ནི་བྲམ་ཟེའི་ རིགས། །དེ་བཞིན་རྗེའུ་རིགས་ཆེན་པོ་དང༌། ཁྱད་པར་ཆེན་པོའི་མི་རྣམས་ ལ། །གསང་སྔགས་ངེས་དོན་བསྟན་པར་གསུངས། །ཞེས་པ་དང༌། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་ མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བྲེང་ངེ་དུང་ངེ་བརྩེ་གདུང་ ལྡན། །ལྷང་ངེ་ལྷན་ནེ་བསྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་ སྤྱོད། །

[edit]
OCR of the BDRC scans (I1CZ5001), gorn05 tibocr 2026: BDRC OCR on 236 pages, Mitra OCR on 78 pages (the model with more recognisable syllables on each page).

[p. 873] དེ་བས་རབ་གསང་ཐེག་པ་རྒྱལ་པོའི་གདུང་། །སྐལ་བཟངས་དམ་པ་ རྣམས་ལ་བསྟན་ཞིང་གཏད། །ཐེག་པ་རྒྱལ་པོའི་གདུང་རབས་རྨད་དུ་བྱུང་བ་འདི་སྐལ་མེད་ལ་གསང་། སྐལ་ལྡན་ལ་བསྟན། སྐལ་བཟངས་རྡོ་རྗེ་སྙིང་པོའི་མཆོག་ལ་གཏད་པ་ལ། སྐལ་མེད་ལས། ངོ་བོ་ དབྱེ་བ། གསང་ཚུལ། མ་གསང་བའི་སྐྱོན། གསང་བའི་ཡོན་ཏན་དང་ལྔ་ལས། སྐལ་མེད་ཀྱི་ངོ་བོ་ཆོས་ཟབ་མོའི་སྣོད་དུ་མ་གྱུར་པ་སྟེ་ཆོས་ཀྱི་བགོ་སྐལ་ལ་མི་དབང་བའི་ཕྱིར་རོ། །དབྱེ་ན་ཆོས་ལ་ ལས་འབྲེལ་མེད་པའི་སྐྱེ་བོ་ཕལ་པ་རྣམས་དང་། བློ་ཆུང་བས་སྐྲག་ཅིང་སྡངས་པ་ཐེག་པ་ཐུན་མོང་ལ་ཞུགས་པ་རྣམས་དང་། གསང་བ་སྣོད་མིན་དང་དུས་མིན་དུ་སྒྲོགས་པའི་གསང་སྒོ་འཆོལ་བའི་གང་ ཟག་རྣམས་ཏེ་གསུམ་མོ། །དེ་ལས་གསང་སྒོ་འཆོལ་བའི་རིགས་ཅན་ལ་གསང་ཆེན་འདིའི་དོན་གསང་བར་གདམས་ཏེ། ཕ་རོལ་སྣོད་མེད་བློ་ཆུང་རྣམས་རྒྱུ་དེས་ཆོས་ལ་སྐུར་བ་བཏབ་པས་ངན་འགྲོ་མུ་

[p. 874] མཐའ་མེད་པར་སྐྱེ་བའི་ལས་ལ་སྦྱོར་ཏེ། ལས་ཏེ་མཚམས་མེད་ལྔ་པས་ཤིན་ཏུ་ལྕི་བའི་ཕྱིར་རོ། །རྒྱུད་བླ་མ་ལས། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་དང་བདོ་གཤེགས་ངན་སེམས་ལྡན་བྱེད་དང་། །བ་མ་དག་ བཅོམ་གསོ་དང་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་ན་དེ་ལས་མྱུར་དུ་ཐར་འགྱུར་གྱིས། །གང་ཞིག་ཡིད་ནི་རྟག་ཏུ་ཆོས་ལ་སྡང་བ་དེ་ལ་ཐར་པ་གལ་ཡོད་ ཅེས་སོ། །གསང་སྒོ་འཆོལ་པར་བྱེད་པ་དེ་ཉིད་ཤིས་མ་ཐག་ཏུ་སེམས་ཅན་དམྱལ་བ་མནར་མེད་པར་སྐྱེས་ནས། ལྕེ་དཔག་ཚད་ལྔ་བརྒྱའི་སྟེང་དུ་ལྕགས་ཀྱི་ཐོང་གཤོལ་མེ་འབར་བས་ཞིང་རྨོ་བར་བྱེད་པའི་ཉེས་པ་ ཡོད་དེ། སེང་གེ་རྩལ་རྫོགས་ལས། གསང་བ་འཆོལ་བར་བྱེད་པ་ཡང་། །སྨྲ་བྱེད་ལྕེ་ལ་ཞིང་རྨོ་ཞིང་། །སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར། །དེ་ཕྱིར་ངེས་པའི་དོན་འདི་གསང་། །ཞེས་སོ། །གསང་ཚུལ་ལ་གསང་ བའི་ཡུལ་སྤྱིར་བསྟན། གསང་དོན་སྐྱོན་མེད་དུ་བརྗོད། གསང་ཚུལ་དངོས་བཤད་པ་ལ་གསུམ་ལས། ཡུལ་ནི་རྒྱུད་དེ་ཉིད་ལས། མ་རྟོགས་པ་ཡི་ཕྱོགས་རྣམས་དང་། །སྐྱེ་བོ་ཀུན་ལ་རབ་ཏུ་གསང་། །གསང་ཕྱིར་ གདམས་ངག་སྣ་ཚོགས་གསུངས། །ཞེས་སོ། །ཁ་ཅིག་ན་རེ་གོ་བ་མེད་པ་ལ་ཡེ་གསང་ཐབས་ཀྱིས་ཆོད་ནས་མེ་དད་པ་མེད་ན་གསང་སྒྲོགས་སུ་མི་འགྱུར་ཏེ། བྱ་ལ་སོགས་པ་བཞིན་ཟེར་བའང་རྨོངས་པ་རྡོལ་

[p. 875] ༄༅། །ཐབས་སུ་སྨྲ་བ་སྟེ། བཀའ་ལུང་དང་འགལ་བ་དང་། གསང་དགོས་པའི་རིག་པ་ཡང་ཆོས་དེ་དུས་ལ་མ་བབས་ན་སྐལ་ལྡན་ཡིན་ཡང་གསང་དགོས་ཏེ། དགེ་སློང་བྱེད་འདོད་པའི་དགེ་ ཚུལ་ལ་སོགས་པ་ཀུན་ལ་སོ་སོར་ཐར་པའི་མདོ་དང་ཆོ་ག་ལག་ལེན་གསང་བ་བཞིན་ནོ། །ཕལ་པ་ལ་དེ་བས་ཀྱང་གསང་དགོས་ཏེ་ཆོས་དེའི་ཆེ་བ་དང་བྱིན་རླབས་ཉམས་ཤིང་བཀའ་ཆད་འབྱུང་དུ་འོང་བའི་ཕྱིར་རོ།། གསང་དོན་སྐྱོན་མེད་དུ་བརྗོད་པ་ནི། རྩལ་རྫོགས་ལས། གསང་སྔགས་ཐབས་མཁས་སྤྱོད་པར་བསྟན། །གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །ཐུགས་རྗེ་ཆེན་པོ་ཐབས་མཁས་བས། །སྣོད་མ་ཡིན་དང་ བློ་རྟུལ་རྣམས། །ལས་འཕྲོ་ངན་པའི་དོན་ཕྱིར་གསང་། །ཞེས་བས། ཆོས་ངན་ནས་གསང་བ་མ་ཡིན། གཞན་གྱི་ལས་སོག་པ་སྤང་བ་དང་། ཆོས་ཀྱི་ཆེ་བ་ཉམས་པ་སྤང་བའི་ཕྱིར་གསང་བས་སྐྱོན་མེད་དེ། གཞན་ལས་ཀྱང་། གསང་སྔགས་གསང་ཞེས་བྱ་བ་ནི། །ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ། །བློ་ཆུང་ཐེག་པ་དམན་ལ་གསང་། །ཞེས་བཟུང་ངོ། །གསང་ཚུལ་དངོས་ནི་སྔར་བསྟན་པའི་ཡུལ་སྐྱེ་བོ་ཕལ་བ་དང་། བློ་ཆུང་དང་། གསང་སྒྲོགས་པ་གསུམ་གྱི་རིང་ལ། ཆོས་འདིའི་མིང་དང་། ཡི་གེ་དང་། གནད་དང་། གྲུབ་མཐའི་ཚིག་ཟུར་ཙམ་ཡང་མི་བརྗོད། དུས་ལ་མ་བབས་པ་དང་། ཡུལ་ཕྱོགས་མི་མོས་པ་

[p. 876] མཐའ་འཁོབ་དང་འདྲ་བ་རྣམས་སུའང་ཆོས་དེ་ཤེས་པ་དང་ཡོད་པ་དང་ཞུས་པ་སྐད་ཀྱང་མི་བརྗོད། རྒྱ་ལ་རྒྱུས་ཡོད་པ་དག་གིས་འདྲི་ནའང་མ་ངེས་སོ་ཞེས་བྱ་བ་དང་། ཉམས་སུ་མ་བླངས་པས་ཆ་མེད་དོ་ཞེས་གསང་བར་ གདམས་ཏེ། རྩལ་རྫོགས་ལས། དེ་ཕྱིར་ངེས་པའི་དོན་འདི་གསང་། །རླུང་ཕྱོགས་ཙམ་དུའང་བསྒྲག་མི་བྱ། །ཞེས་སོ། །འདི་ནས་ཡང་དང་ཡང་དུ་གསང་བར་བསྟན་པས། སྙིང་ཐིག་གི་དཔེ་དང་ལུས་གནད་ལ་སོགས་པ་མ་ མཐོང་བར་བྱ་བ་ནི་དམ་ཚིག་ཆེན་པོའོ། །ཁྱད་པར་དུ་གཞན་བཀའ་མ་ཐོབ་པར་འདིའི་ཆོས་བཤད་པ་ལ་སོགས་པ་རྡོ་རྗེའི་ལྕེ་ཡོད་ཀྱང་མི་རུང་སྟེ། རྒྱུད་དེ་ཉིད་ལས། གསང་སྔགས་རྫོགས་ཆེན་ཨ་ཏིའི་དོན། །འོག་མ་ རྣམས་ལ་སྨྲ་མི་བྱ། །རྡོ་རྗེ་སློབ་དཔོན་དཔའ་བོ་ཡི། །ལུང་ཉིད་མ་ཐོབ་པར་དུ་ཡང་། །རྡོ་རྗེ་ལྕེ་ཡི་ཚུལ་ཡོད་ཀྱང་། །གསང་བ་གཞན་ལ་བསྟན་མི་བྱ། །འོག་མའི་རིགས་དང་དབང་མ་ཐོབ། །ལས་འཕྲོ་ངན་པར་གྱུར་ པ་ཡང་། །གསང་བ་ཆེན་པོའི་དོན་མི་བཤད། །དེ་ནི་དམ་ཚིག་རྣམ་གྲངས་ཡིན། །ཞེས་སོ། །མ་གསོང་བའི་སྐྱོན་ནི་སྒྲོ་སྐུར་གྱི་རྒྱུར་སོང་ནས་རང་གཞན་ངན་སོང་དུ་འགྲོ་བ་དང་། སྙིང་པོའི་བསྟན་པ་ནུབ་པ་དང་། ། བཀའ་སྲུང་རྣམས་ཀྱི་ཆད་པ་འབྱུང་བ་དང་། །ཡིད་ལ་བསམ་པ་མི་འགྲུབ་པ་ལ་སོགས་ཏེ། རྩལ་རྫོགས་ལས། རྫོགས་ཆེན་ཨ་ཏིའི་གསང་ཆེན་འདི། །བློ་དམན་རྣམས་ལ་བསྒྲགས་གྱུར་ན། །དཔེར་ན་གཙུབ་

[p. 877] ༄༅། །ཤིང་མི་གཙུབས་ན། །གཙུབ་ཤིང་ཉིད་ཀྱང་འཚིག་པར་འགྱུར། །གཞན་ཡང་མཚན་མར་གྱུར་བ་བསྲེག །གསང་སྔགས་ངེས་དོན་མི་དང་འདྲ། །སྐལ་བ་ཆུང་ཞིང་ཤེས་རབ་དམན། །བློ་ངན་རྒྱུ་ འབྲས་རྨོངས་པ་རྣམས། །རྫོགས་ཆེན་དོན་ལ་སྐུར་འདེབས་པས། །ངན་སོང་གསུམ་དུ་འཕང་བར་འགྱུར། །ངེས་དོན་མ་རྟོགས་སྡུག་བསྔལ་མྱོང་། །ཞེས་པ་དང་། ཀུན་བྱེད་ལས། སྙིང་པོའི་དོན་ལ་ བླང་དོར་མི་གནས་ཀྱང་། །མི་མ་ཡིན་དང་འབྱུང་པོས་བར་གཅོད་ཅིང་། །མཁའ་འགྲོ་གྲུབ་པ་ཅན་གྱིས་གཉིས་ཀ་ལ། །དུས་མིན་འཆི་དང་འཇིགས་པའི་དབང་གྱུར་ནས། །སྒྲོ་སྐུར་དབང་གིས་སྙིང་ པོའི་ཐེག་པ་བསྣུབ། །ཅེས་སོ། །སྐལ་བ་མེད་པའི་རང་བཞིན་ཡང་རྒྱུད་དེ་ཉིད་ལས། སྣོད་མིན་ལོག་པའི་གང་ཟག་བསྟན་པ་ནི། །གྲགས་དང་འཇིག་རྟེན་ཆོས་ལ་དགའ་བ་དང་། །ང་རྒྱལ་དམ་པ་མི་བཀུར་ ཡིད་ཐུང་བཟློག །འཕྱར་ཞིང་རྫས་དང་དད་པར་མི་ལྡན་ཏེ། །རང་ཚོད་ཉམས་ལེན་བཙན་ཐབས་འདོད་པ་དང་། །བསྟན་པ་ཡོངས་ལ་འཕེལ་ཞིང་མི་མཐུན་ཞིང་། །སྒྲོ་སྐུར་བདག་གཞན་གནོད་སེམས་ བསྒོམ་པ་སྟེ། །འདི་ལ་མི་བསྟན་མཆོག་ཏུ་གསོང་བར་བྱ། །ཞེས་པ་དང་། རང་ཤར་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཆོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །

[p. 878] །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱན་བཟངས་ལ་རིགས་པ་དང་། །དོན་ཚད་ཕུལ་པར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་ དགྲ༑ ༑ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་གསུངས་སོ། །གསང་བའི་ཡོན་ཏན་ནི། རང་གཞན་གྱི་ལེགས་པ་འགྲུབ་པ་དང་བསྟན་པ་ཡུན་རིང་དུ་གནས་པའོ། །སྐལ་ལྡན་ ལ་བསྟན་པ་ལའང་། མཚན་ཉིད་དང་། བརྟག་ཚུལ་གཉིས་ལས། སྐལ་ལྡན་ཡིན་པའི་མཚན་ཉིད་ནི། ནོར་བུ་འཕྲ་བཀོད་ལས། གསང་བའི་དཀྱིལ་འཁོར་ཆེན་པོ་འདི། །ཀུན་ལ་བསྟན་པར་མི་བྱ་སྟེ། །གསང་ བ་ཐུབ་པ་འགའ་ལ་བསྟན། །གསང་སྔགས་གསང་བའི་རིམ་པ་འདི། །བསྟན་པའི་རིགས་ནི་འདི་ལྟ་སྟེ། །གསང་བའི་གཉེར་གཏད་ཐུབ་པར་བྱེད། །གསང་བའི་དོན་ལ་འགྲུས་པ་དང་། །ཤེས་རབ་བློ་རྩལ་ ཆེ་བ་དང་། །དམ་ཚིག་སྡོམ་པ་ལྡན་ལ་བསྟན། །ཞེས་པ་དང་། རྒྱལ་རིགས་དང་ནི་བྲམ་ཟེའི་རིགས། །དེ་བཞིན་རྗེའུ་རིགས་ཆེན་པོ་དང་། །ཁྱད་པར་ཆེན་པོའི་མི་རྣམས་ལ། །གསང་སྔགས་ངེས་དོན་བསྟན་ པར་གསུངས། །ཞེས་པ་དང་། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་

[p. 879] ༄༅། །ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བྲེང་ངེ་དུང་ངེ་བརྩེ་གདུང་ལྡན། །ལྷང་ངེ་ལྷན་ནེ་བསྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་སྤྱོད། །

[edit]
OCR of the BDRC scans (I2PD20601, I2PD20602), gorn05 tibocr 2026: BDRC OCR on 244 pages, Mitra OCR on 127 pages (the model with more recognisable syllables on each page).

[p. 210] དེ་བས་རབ་གསང་ཐེག་པ་ རྒྱལ་པོའི་གདུང་། །སྐལ་བཟངས་དམ་པ་རྣམས་ལ་བསྟན་ཞིང་གཏད། །ཐེག་པ་རྒྱལ་པོའི་གདུངས་རབས་རྨད་དུ་བྱུང་བའི་འདི་སྐལ་མེད་ལ་གསང་། སྐལ་ལྡན་པ་བསྟན། སྐལ་བཟངས་རྡོ་རྗེ་སྙིང་པོའི་མཆོག་ལ་གཏད་པ་ལ། སྐལ་མེད་ལ། ངོ་བོ། དབྱེ་ བ། གསོང་ཚུལ། མ་གསོང་བའི་སྐྱོན། གསོང་བའི་ཡོན་ཏན་དང་ལྔ་ལས། སྐལ་མེད་ཀྱི་ངོ་བོ་ཆོས་ཟབ་མོའི་སྣོད་དུ་མ་གྱུར་པ་སྟེ་ཆོས་ཀྱི་བགོ་སྐལ་ལ་མི་དབང་བའི་ཕྱིར་རོ། །དབྱེ་ན་ཆོས་ལ་ལས་འབྲེལ་མེད་པའི་སྐྱེ་བོ་ཕལ་པ་རྣམས་དང་། བློ་ ཆུང་བས་སྐྲག་ཅིང་སྡངས་པ་ཐེག་པ་ཐུན་མོང་ལ་ཞུགས་པ་རྣམས་དང་། གསང་བ་སྣོད་མིན་དང་དུས་མེད་དུ་སྒྲོགས་པའི་གསང་སྒོ་འཆོལ་བའི་གང་ཟག་རྣམས་ཏེ་གསུམ་མོ། །དེ་ལས་གསང་སྒོ་འཆོལ་བའི་རིགས་ཅན་ལ་གསང་ཆེན་འདིའི་དོན་གསོང་བར་ གདམས་ཏེ། ཕ་རོལ་སྣོད་མེད་བློ་ཆུང་རྣམས་རྒྱུ་དེས་ཆོས་ལ་སྐུར་པ་བཏབ་པས་ངན་འགྲོ་མུ་མཐའ་མེད་པར་སྐྱེ་བའི་ལས་ལ་སྦྱོར་ཏེ། ལས་དེ་མཚམས་མེད་ལྔ་པས་ཤིན་ཏུ་ལྕི་བའི་ཕྱིར་རོ། །རྒྱུད་བླ་མ་ལས། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་དང་བདེ་གཤེགས་ངན་སེམས་ ལྡན་བྱེད་དང་། །ཕ་མ་དགྲ་བཅོམ་གསོད་དང་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་ན་དེ་ལས་མྱུར་དུ་ཐར་འགྱུར་གྱིས། །གང་ཞིག་ཡིད་ནི་རྟག་ཏུ་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་སོ། །གསང་སྒོ་འཆོལ་བར་

[p. 211] ༄༅། །བྱེད་པ་དེ་ཉིད་ཤི་མ་ཐག་ཏུ་སེམས་ཅན་དམྱལ་བ་མནར་མེད་པར་སྐྱེས་ནས། ལྕེ་དཔག་ཚད་ལྔ་བརྒྱའི་སྟེང་དུ་ལྕགས་ཀྱི་ཐོང་གཤོལ་མེ་འབར་བས་ཞིང་རྨོ་བར་བྱེད་པའི་ཉེས་པ་ཡོད་དེ། སེང་གེ་རྩལ་རྫོགས་ལས། གསང་བ་འཆོལ་ པར་བྱེད་པ་ཡང་། །སྣ་བྱེད་ལེ་ལ་ཞིང་རྨོ་ཞིང་། །སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར། །དེ་ཕྱིར་ངེས་པའི་དོན་འདི་གསོང་། །ཞེས་སོ། །གསོང་ཚུལ་ལ་གསོང་བའི་ཡུལ་ཕྱིར་བསྟན། གསོང་དོན་སྐྱོན་མེད་དུ་བརྗོད། གསོང་ཚུལ་དངོས་བཤད་པ་ལ་ གསུམ་ལས། ཡུལ་ནི་རྒྱུད་དེ་ཉིད་ལས། མ་རྟོགས་པ་ཡི་ཕྱོགས་རྣམས་དང་། །སྐྱེ་བོ་ཀུན་ལ་རབ་ཏུ་གསོང་། །གསོང་ཕྱིར་གདམས་ངག་སྣ་ཚོགས་གསུངས། །ཞེས་སོ། །ཁ་ཅིག་ན་རེ་གོ་བ་མེད་པ་ལ་ཡི་གསང་ཐབས་ཀྱིས་ཆོད་ནས་མ་དད་པ་མེད་ན་གསང་ སྒྲོགས་སུ་མི་འགྱུར་ཏེ། བྱ་ལ་སོགས་པ་བཞིན་ཟེར་བའང་རྨོངས་པ་རྡོལ་ཐབས་སུ་སྨྲ་བ་སྟེ། བཀའ་ལུང་དང་འགལ་བ་དང་། གསོང་དགོས་པའི་རིག་པ་ཡང་ཆོས་དེ་དུས་ལ་མ་བབས་ན་སྐལ་ལྡན་ཡིན་ཡང་གསོང་དགོས་ཏེ། དགེ་སློང་བྱེད་འདོད་པའི་དགེ་ ཚུལ་ལ་སོགས་པ་ཀུན་ལ་སོ་སོར་ཐར་པའི་མདོ་དང་ཆོ་ག་ལག་ལེན་གསོང་བ་བཞིན་ནོ། །ཕལ་པ་ལ་དེ་བས་ཀྱང་གསོང་དགོས་ཏེ་ཆོས་དེའི་ཆེ་བ་དང་བྱིན་རླབས་ཉམས་ཤིང་བཀའ་ཆད་འབྱུང་དུ་འོང་བའི་ཕྱིར་རོ། །གསོང་དོན་སྐྱོན་མེད་དུ་བརྗོད་པ་ནི། རྩལ་རྫོགས་ ལས། གསང་སྔགས་ཐབས་མཁས་སྤྱོད་པར་བསྟན། །གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །ཐུགས་རྗེ་ཆེན་པོ་ཐབས་མཁས་པས། །སྣོད་མ་ཡིན་དང་བློ་རྩལ་རྣམས། །ལས་འཕྲོ་ངན་པའི་དོན་ཕྱིར་གསོང་། །ཞེས་པས། ཆོས་ངན་ནས་གསོང་ བ་མ་ཡིན། གཞན་གྱི་ལས་སོག་པ་སྤང་བ་དང་། ཆོས་ཀྱི་ཆེ་བ་ཉམས་པ་སྤྱད་པའི་ཕྱིར་གསོང་བས་སྐྱོན་མེད་དེ། གཞན་ལས་ཀྱང་། གསང་སྔགས་གསོང་ཞེས་བྱ་བ་ནི། །ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ། །བློ་ཆུང་ཐེག་པ་དམན་ལ་གསོང་། །

[p. 212] ཞེས་འབྱུང་ངོ་། །གསང་ཚུལ་དངོས་ནི་སྔར་བསྟན་པའི་ཡུལ་སྐྱེ་བོ་ཕལ་པ་དང་། བློ་ཆུང་དང་། གསང་སྒྲོགས་པ་གསུམ་གྱི་རིང་ལ། ཆོས་འདིའི་མིང་དང་། ཡི་གེ་དང་། གནད་དང་། གྲུབ་མཐའི་ཚིག་ཟུར་ཙམ་ཡང་མི་བརྗེད། དུས་ལ་མ་བབས་པ་དང་། ཡུལ་ཕྱོགས་མི་མོས་པ་མཐའ་འཁོབ་དང་འདྲ་བ་རྣམས་སུའང་ཆོས་དེ་ཤེས་པ་དང་ཡོད་པ་དང་ཞུས་པ་སྐད་ཀྱང་མི་བརྗོད། རྒྱལ་རྒྱུས་ཡོད་པ་དག་གིས་འདྲི་ནའང་མ་ངེས་སོ་ཞེས་བྱ་བ་དང་། ཉམས་སུ་མ་བླངས་པས་ཆ་མེད་དོ་ཞེས་གསང་བར་གདམས་ཏེ། རྩལ་རྫོགས་ལས། དེ་ཕྱིར་ངེས་པའི་དོན་འདི་གསང་། །རླུང་ཕྱོགས་ཙམ་དུའང་བསྒྲག་མི་བྱ། །ཞེས་སོ། །འདི་ནས་ཡང་དང་ཡང་དུ་གསང་བར་བསྟན་པས། སྙིང་ཐིག་གི་དཔེ་དང་ལུས་གནད་ལ་སོགས་པ་མ་མཐོང་བར་བྱ་བ་ནི་དམ་ཚིག་ཆེན་པོའོ། །ཁྱད་པར་དུ་གཞན་བཀའ་མ་ཐོབ་པར་འདིའི་ཆོས་བཤད་པ་ལ་སོགས་པ་རྡོ་རྗེའི་ལྕེ་ཡོད་ཀྱང་མི་རུང་སྟེ། རྒྱུད་དེ་ཉིད་ལས། གསང་སྔགས་རྫོགས་ཆེན་ཨ་ཏིའི་དོན། །འོག་མ་རྣམས་ལ་སྨྲ་མི་བྱ། །རྡོ་རྗེ་སློབ་དཔོན་དཔའ་བོ་ཡི། །ལུང་ཉིད་མ་ཐོབ་བར་དུ་ཡང་། །རྡོ་རྗེ་ལྕེ་ཡི་ཚུལ་ཡོད་ཀྱང་། །གསང་བ་གཞན་ལ་བསྟན་མི་བྱ། །འོག་མའི་རིགས་དང་དབང་མ་ཐོབ། །ལས་འཕྲོ་ངན་པར་གྱུར་པ་ཡང་། །གསང་བ་ཆེན་པོའི་དོན་མི་བཤད། །དེ་ནི་དམ་ཚིག་རྣམ་གྲངས་ཡིན། །ཞེས་སོ། །མ་གསང་བའི་སྐྱོན་ནི་སྒོ་སྐུར་གྱི་རྒྱུར་སོང་ནས་རང་གཞན་ངན་སོང་དུ་འགྲོ་བ་དང་། སྙིང་པོའི་བསྟན་པ་ནུབ་པ་དང་། །བཀའ་སྲུང་རྣམས་ཀྱི་ཆད་པ་འབྱུང་བ་དང་། །ཡིད་ལ་བསམ་པ་མི་འགྲུབ་པ་ལ་སོགས་ཏེ། རྩལ་རྫོགས་ལས། རྫོགས་ཆེན་ཨ་ཏིའི་གསང་ཆེན་འདི། །བློ་དམན་རྣམས་ལ་བསྒྲགས་གྱུར་ན། །དཔེར་ན་གཙུབ་ཤིང་མེ་གཙུབས་ན། །གཙུབ་ཤིང་ཉིད་ཀྱི་ཚིག་པར་འགྱུར། །གཞན་ཡང་མཚན་མར་གྱུར་པ་བསྲེག །གསང་སྔགས་ངེས་དོན་མེ་དང་འདྲ། །སྐལ་བ་ཆུང་ཞིང་ཤེས་རབ་དམན། །བློ་ངན་རྒྱུ་འབུས་རྨོངས་པ་རྣམས། །རྫོགས་ཆེན་དོན་ལ་སྐུར་འདེབས་

[p. 213] པས། །ངན་སོང་གསུམ་དུ་འཕང་བར་འགྱུར། །ངེས་དོན་མ་རྟོགས་སྡུག་བསྔལ་མྱོང་། །ཞེས་པ་དང་། ཀུན་བྱེད་ལས། སྙིང་པོའི་དོན་ལ་བླང་དོར་མི་གནས་ཀྱང་། །མི་མ་ཡིན་དང་འབྱུང་པོས་བར་གཅོད་ཅིང་། །མཁའ་འགྲོ་གྲུབ་པ་ཅན་གྱིས་གཉིས་ཀ་ལ། །དུས་མིན་འཆི་དང་འཇིགས་པའི་དབང་གྱུར་ནས། །སྒྲོ་སྐུར་དབང་གིས་སྙིང་པོའི་ཐེག་པ་བསྡུ་བ། །ཅེས་སོ། །སྐལ་བ་མེད་པའི་རང་བཞིན་ཡང་རྒྱུད་དེ་ཉིད་ལས། སྣོད་མིན་ལོག་པའི་གང་ཟག་བསྟན་པ་ནི། །གྲགས་དང་འཇིག་རྟེན་ཆོས་ལ་དགའ་བ་དང་། །ང་རྒྱལ་དམ་པ་མི་བཀུར་ཡིད་ཐུར་བཟློག །འཕྱར་ཞིང་རྫས་དང་དད་པར་མི་ལྡན་ཏེ། །རང་ཚོད་ཉམས་ལེན་བཙན་ཐབས་འདོད་པ་དང་། །བསྟན་པ་ཡོངས་ལ་འཕེལ་ཞིང་མི་མཐུན་ཞིང་། །སྒྲོ་སྐུར་བདག་གཞན་གནོད་སེམས་བསྒོམ་པ་སྟེ། །འདི་ལ་མི་བསྟན་མཆོག་ཏུ་གསོང་བར་བྱ། །ཞེས་པ་དང་། རང་ཤར་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཆོལ་པར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱན་བཟངས་འདོགས་པ་དང་། །དོན་མེད་ཕྱལ་པར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་གསུངས་སོ། །གསོང་པའི་ཡོན་ཏན་ནི། རང་གཞན་གྱི་ལེགས་པ་འགྲུབ་པ་དང་བསྟན་པ་ཡུན་རིང་དུ་གནས་པའོ། །སྐལ་ལྡན་ལ་བསྟན་པ་ལའང་། མཚན་ཉིད་དང་། བརྟག་ཚུལ་གཉིས་ལས། སྐལ་ལྡན་ཡིན་པའི་མཚན་ཉིད་ནི། །ནོར་བུ་འཕ་བཀོད་ལས། གསང་བའི་དཀྱིལ་འཁོར་ཆེན་པོ་འདི། །ཀུན་ལ་བསྟན་པར་མི་བྱ་སྟེ། །གསང་བ་གྲུབ་པ་འགའ་ལ་བསྟན། །གསང་སྔགས་གསང་བའི་རིམ་པ་འདི། །བསྟན་པའི་རིགས་ནི་འདི་ལྟ་སྟེ། །གསང་བའི་གཉེར་གཏང་གྲུབ་པར་བྱེད། །

[p. 214] གསང་བའི་དོན་ལ་འགྲུས་པ་དང་། །ཤེས་རབ་བློ་རྩལ་ཆེ་བ་དང་། །དམ་ཚིག་སྡོམ་པ་ལྡན་ལ་བསྟན། །ཞེས་པ་དང་། རྒྱལ་རིགས་དང་ནི་བྲམ་ཟེའི་རིགས། །དེ་བཞིན་རྗེའུ་རིགས་ཆེན་པོ་དང་། །ཁྱད་པར་ཆེན་པོའི་མི་རྣམས་ལ། །གསང་སྔགས་ངེས་དོན་བསྟན་པར་གསུངས། །ཞེས་པ་དང་། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུང་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བདེ་དེ་དུང་ངེ་བརྩེ་གདུང་ལྡན། །ལྷང་ངེ་ལྷན་ནེ་བསྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་སྤྱོད། །

[edit]
OCR of the BDRC scans (I3CN4267), gorn05 tibocr 2026: BDRC OCR on 226 pages, Mitra OCR on 175 pages (the model with more recognisable syllables on each page).

[p. 285] དེ་བས་རབ་གསང་ཐེག་པ་རྒྱལ་པོའི་གདུང་། །སྐལ་བཟང་དམ་པ་རྣམས་ ལ་བསྟན་ཞིང་གཏད། །ཐེག་པ་རྒྱལ་པོའི་གདུང་རབས་རྨད་དུ་བྱུང་བ་འདི་སྐལ་ མེད་ལ་གསང་། སྐལ་ལྡན་ལ་བསྟན། སྐལ་བཟང་རྡོ་རྗེ་སྙིང་པོའི་མཆོག་ལ་གཏད་ པ་ལ། སྐལ་མེད་ལ། ངོ་བོ། དབྱེ་བ། གསང་ཚུལ། མ་གསང་བའི་སྐྱོན། གསང་ བའི་ཡོན་ཏན་དང་ལྔ་ལས། སྐལ་མེད་ཀྱི་ངོ་བོ་ཆོས་ཟབ་མོའི་སྣོད་དུ་མ་གྱུར་པ་སྟེ་ ཆོས་ཀྱི་བགོ་སྐལ་ལ་མི་དབང་བའི་ཕྱིར་རོ། །དབྱེ་ན་ཆོས་ལ་ལས་འབྲེལ་མེད་པའི་ སྐྱེ་བོ་ཕལ་པ་རྣམས་དང་། བློ་ཆུང་བས་སྐྲག་ཅིང་སྔངས་པ་ཐེག་པ་ཐུན་མོང་ལ་ ཞུགས་པ་རྣམས་དང་། གསང་བ་སྣོད་མིན་དང་དུས་མིན་དུ་སྒྲོགས་པའི་གསང་སྒོ་ འཆོལ་བའི་གང་ཟག་རྣམས་ཏེ་གསུམ་མོ། །དེ་ལས་གསང་སྒོ་འཆོལ་བའི་རིགས་ ཅན་ལ་གསང་ཆེན་འདིའི་དོན་གསང་བར་གདམས་ཏེ། ཕ་རོལ་སྣོད་མེད་བློ་ཆུང་ རྣམས་རྒྱུ་དེས་ཆོས་ལ་སྐུར་བ་བཏབ་པས་ངན་འགྲོ་མུ་མཐའ་མེད་པར་སྐྱེ་བའི་ ལས་ལ་སྦྱོར་ཏེ། ལས་དེ་མཚམས་མེད་ལྔ་བས་ཤིན་ཏུ་ལྕི་བའི་ཕྱིར་རོ། །རྒྱུད་བླ་ མ་ལས། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་དང་བདེ་གཤེགས་ངན་སེམས་ ལྡན་བྱེད་དང་། །ཕ་མ་དགྲ་བཅོམ་གསོད་དང་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་ པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་ན་དེ་ལས་མྱུར་དུ་ཐར་འགྱུར་གྱིས། ། གང་ཞིག་ཡིད་ནི་རྟག་ཏུ་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་སོ། །

[p. 286] ༈ ལེའུ་བཅུ་གཅིག་པ་རྐྱེན་སྣང་མཁའ་མཉམ་དག་པར་བསྟན་པ། གསང་སྒོ་འཆོལ་བར་བྱེད་པ་དེ་ཉིད་ཤི་མ་ཐག་ཏུ་སེམས་ཅན་དམྱལ་བ་མནར་མེད་ པར་སྐྱེས་ནས། ལྕེ་དཔག་ཚད་ལྔ་བརྒྱའི་སྟེང་དུ་ལྕགས་ཀྱི་ཐོང་གཤོལ་མེ་འབར་ བས་ཞིང་རྨོ་བར་བྱེད་པའི་ཉེས་པ་ཡོད་དེ། སེང་གེ་རྩལ་རྫོགས་ལས། གསང་བ་ འཆོལ་བར་བྱེད་པ་ཡང་། །སྨྲ་བྱེད་ལྕེ་ལ་ཞིང་རྨོ་ཞིང་། །སྡུག་བསྔལ་ཆེན་པོ་མྱོང་ བར་འགྱུར། །དེ་ཕྱིར་ངེས་པའི་དོན་འདི་གསང་། །ཞེས་སོ། །གསང་ཚུལ་ལ་ གསང་བའི་ཡུལ་སྤྱིར་བསྟན། གསང་དོན་སྐྱོན་མེད་དུ་བརྗོད། གསང་ཚུལ་དངོས་ བཤད་པ་ལ་གསུམ་ལས། ཡུལ་ནི་རྒྱུད་དེ་ཉིད་ལས། མ་རྟོགས་པ་ཡི་ཕྱོགས་ རྣམས་དང་། །སྐྱེ་བོ་ཀུན་ལ་རབ་ཏུ་གསང་། །གསང་ཕྱིར་གདམས་ངག་སྣ་ཚོགས་ གསུངས། །ཞེས་སོ། །ཁ་ཅིག་ན་རེ་གོ་བ་མེད་པ་ལ་ཡེ་གསང་ཐབས་ཀྱིས་ཆོད་ ནས་མ་དད་པ་མེད་ན་གསང་སྒྲོགས་སུ་མི་འགྱུར་ཏེ། བྱ་ལ་སོགས་པ་བཞིན་ཟེར་ བའང་རྨོངས་པ་རྡོལ་ཐབས་སུ་སྨྲ་བ་སྟེ། བཀའ་ལུང་དང་འགལ་བ་དང་། གསང་ དགོས་པའི་རིག་པ་ཡང་ཆོས་དེ་དུས་ལ་མ་བབས་ན་སྐལ་ལྡན་ཡིན་ཡང་གསང་ དགོས་ཏེ། དགེ་སློང་བྱེད་འདོད་པའི་དགེ་ཚུལ་ལ་སོགས་པ་ཀུན་ལ་སོ་སོར་ཐར་ པའི་མདོ་དང་ཆོ་ག་ལག་ལེན་གསང་བ་བཞིན་ནོ། །ཕལ་པ་ལ་དེ་བས་ཀྱང་གསང་ དགོས་ཏེ་ཆོས་དེའི་ཆེ་བ་དང་བྱིན་རླབས་ཉམས་ཤིང་བཀའ་ཆད་འབྱུང་དུ་འོང་བའི་ ཕྱིར་རོ། །གསང་དོན་སྐྱོན་མེད་དུ་བརྗོད་པ་ནི། རྩལ་རྫོགས་ལས། གསང་སྔགས་ ཐབས་མཁས་སྤྱོད་པར་བསྟན། །གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །ཐུགས་རྗེ་ ཆེན་པོ་ཐབས་མཁས་པས། །སྣོད་མ་ཡིན་དང་བློ་རྟུལ་རྣམས། །ལས་འཕྲོ་ངན་ པའི་དོན་ཕྱིར་གསང་། །ཞེས་པས། ཆོས་ངན་ནས་གསང་བ་མ་ཡིན། གཞན་གྱི་ ལས་སོག་པ་སྤང་བ་དང་། ཆོས་ཀྱི་ཆེ་བ་ཉམས་པ་སྤང་བའི་ཕྱིར་གསང་བས་སྐྱོན་

[p. 287] ། ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། མེད་དེ། གཞན་ལས་ཀྱང་། གསང་སྔགས་གསང་ཞེས་བྱ་བ་ནི། །ཆོས་ལ་སྐྱོན་ ཡོད་མ་ཡིན་ཏེ། །བློ་ཆུང་ཐེག་པ་དམན་ལ་གསང་། །ཞེས་འབྱུང་ངོ་། །གསང་ཚུལ་ དངོས་ནི་སྔར་བསྟན་པའི་ཡུལ་སྐྱེ་བོ་ཕལ་པ་དང་། བློ་ཆུང་དང་། གསང་སྒྲོགས་པ་ གསུམ་གྱི་རིགས་ལ། ཆོས་འདིའི་མིང་དང་། ཡི་གེ་དང་། གནད་དང་། གྲུབ་ མཐའི་ཚིག་ཟུར་ཙམ་ཡང་མི་བརྗོད། དུས་ལ་མ་བབས་པ་དང་། ཡུལ་ཕྱོགས་མི་ མོས་པ་མཐའ་འཁོབ་དང་འདྲ་བ་རྣམས་སུའང་ཆོས་དེ་ཤེས་པ་དང་ཡོད་པ་དང་ ཞུས་པ་སྐད་ཀྱང་མི་བརྗོད། རྒྱ་ལ་རྒྱུས་ཡོད་པ་དག་གིས་འདྲི་ནའང་མ་ངེས་སོ་ ཞེས་བྱ་བ་དང་། ཉམས་སུ་མ་བླངས་པས་ཆ་མེད་དོ་ཞེས་གསང་བར་གདམས་ཏེ། རྩལ་རྫོགས་ལས། དེ་ཕྱིར་ངེས་པའི་དོན་འདི་གསང་། །རླུང་ཕྱོགས་ཙམ་དུའང་ བསྒྲག་མི་བྱ། །ཞེས་སོ། །འདི་ནས་ཡང་དང་ཡང་དུ་གསང་བར་བསྟན་པས། སྙིང་ ཐིག་གི་དཔེ་དང་ལུས་གནད་ལ་སོགས་པ་མ་མཐོང་བར་བྱ་བ་ནི་དམ་ཚིག་ཆེན་ པོའོ། །ཁྱད་པར་དུ་གཞན་བཀའ་མ་ཐོབ་པར་འདིའི་ཆོས་བཤད་པ་ལ་སོགས་པ་རྡོ་ རྗེའི་ལྕེ་ཡོད་ཀྱང་མི་རུང་སྟེ། རྒྱུད་དེ་ཉིད་ལས། གསང་སྔགས་རྫོགས་ཆེན་ཨ་ཏིའི་ དོན། །འོག་མ་རྣམས་ལ་སྨྲ་མི་བྱ། །རྡོ་རྗེ་སློབ་དཔོན་དཔའ་བོ་ཡི། །ལུང་ཉིད་མ་ ཐོབ་བར་དུ་ཡང་། །རྡོ་རྗེ་ལྕེ་ཡི་ཚུལ་ཡོད་ཀྱང་། །གསང་བ་གཞན་ལ་བསྟན་མི་བྱ། ། འོག་མའི་རིགས་དང་དབང་མ་ཐོབ། །ལས་འཕྲོ་ངན་པར་གྱུར་པ་ཡང་༡། །གསང་ བ་ཆེན་པོའི་དོན་མི་བཤད། །དེ་ནི་དམ་ཚིག་རྣམ་གྲངས་ཡིན། །ཞེས་སོ། །མ་ གསང་བའི་སྐྱོན་ནི་སྒྲོ་སྐུར་གྱི་རྒྱུར་སོང་ནས་རང་གཞན་ངན་སོང་དུ་འགྲོ་བ་དང་། སྙིང་པོའི་བསྟན་པ་ནུབ་པ་དང་། བཀའ་སྲུང་རྣམས་ཀྱི་ཆད་པ་འབྱུང་བ་དང་། ཡིད་ ལ་བསམ་པ་མི་འགྲུབ་པ་ལ་སོགས་ཏེ། རྩལ་རྫོགས་ལས། རྫོགས་ཆེན་ཨ་ཏིའི་

[p. 288] ། ལེའུ་བཅུ་གཅིག་པ་རྐྱེན་སྣང་མཁའ་མཉམ་དག་པར་བསྟན་པ། གསང་ཆེན་འདི། །བློ་དམན་རྣམས་ལ་བསྒྲགས་གྱུར་ན། །དཔེར་ན་གཙུབ་ཤིང་མེ་ གཙུབས་ན། །གཙུབ་ཤིང་ཉིད་ཀྱང་ཚིག་པར་འགྱུར། །གཞན་ཡང་མཚན་མར་ གྱུར་པ་བསྲེག །གསང་སྔགས་ངེས་དོན་མེ་དང་འདྲ། །སྐལ་བ་ཆུང་ཞིང་ཤེས་རབ་ དམན། །བློ་ངན་རྒྱུ་འབྲས་རྨོངས་པ་རྣམས། །རྫོགས་ཆེན་དོན་ལ་སྐུར་འདེབས་ པས། །ངན་སོང་གསུམ་དུ་འཕང་བར་འགྱུར། །ངེས་དོན་མ་རྟོགས་སྡུག་བསྔལ་ མྱོང་། །ཞེས་པ་དང་། ཀུན་བྱེད་ལས། སྙིང་པོའི་དོན་ལ་བླང་དོར་མི་གནས་ཀྱང་། ། མི་མ་ཡིན་དང་འབྱུང་པོས་བར་གཅོད་ཅིང་། །མཁའ་འགྲོ་གྲུབ་པ་ཅན་གྱིས་གཉིས་ ཀ་ལ། །དུས་མིན་འཆི་དང་འཇིགས་པའི་དབང་གྱུར་ནས། །སྒྲོ་སྐུར་དབང་གིས་ སྙིང་པོའི་ཐེག་པ་བསྣུབ། །ཅེས་སོ། །སྐལ་བ་མེད་པའི་རང་བཞིན་ཡང་རྒྱུད་དེ་ ཉིད་ལས། སྣོད་མིན་ལོག་པའི་གང་ཟག་བསྟན་པ་ནི། གྲགས་དང་འཇིག་རྟེན་ ཆོས་ལ་དགའ་བ་དང་། །ང་རྒྱལ་དམ་པ་མི་བཀུར་ཡིད་ཐུང་བཟློག །འཕྱར་ཞིང་ རྫས་དང་དད་པར་མི་ལྡན་ཏེ། །རང་ཚོད་ཉམས་ལེན་བཙན་ཐབས་འདོད་པ་དང་། ། བསྟན་པ་ཡོངས་ལ་འཕེལ་ཞིང་མི་མཐུན་ཞིང་། །སྒྲོ་སྐུར་བདག་གཞན་གནོད་ སེམས་བསྒོམ་པ་སྟེ། །འདི་ལ་མི་བསྟན་མཆོག་ཏུ་གསང་བར་བྱ། །ཞེས་པ་དང་། རང་ཤར་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཆོལ་བར་སྤྱོད་པ་ དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། ། བཀའ་དྲིན་ཁྱད་དུ་གསོད་པ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་ རྒྱན་བཟང་འདོགས་པ་དང་། །དོན་མེད་ཕྱལ་བར་གྱུར་པ་སྟེ། །སློབ་མ་མ་ བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་ དོན་མི་བཤད། །ཅེས་གསུངས་སོ། །གསང་བའི་ཡོན་ཏན་ནི། རང་གཞན་གྱི་

[p. 289] །ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། ལེགས་པ་འགྲུབ་པ་དང་བསྟན་པ་ཡུན་རིང་དུ་གནས་པའོ། །སྐལ་ལྡན་ལ་བསྟན་ པ་ལའང་། མཚན་ཉིད་དང་། བརྟག་ཚུལ་གཉིས་ལས། སྐལ་ལྡན་ཡིན་པའི་མཚན་ ཉིད་ནི། ནོར་བུ་ཕྲ་བཀོད་ལས། གསང་བའི་དཀྱིལ་འཁོར་ཆེན་པོ་འདི། །ཀུན་ལ་ བསྟན་པར་མི་བྱ་སྟེ། །གསང་བ་ཐུབ་པ་འགའ་ལ་བསྟན། །གསང་སྔགས་གསང་ བའི་རིམ་པ་འདི། །བསྟན་པའི་རིགས་ནི་འདི་ལྟ་སྟེ། །གསང་བའི་གཉེར་གཏད་ ཐུབ་པར་བྱེད། །གསང་བའི་དོན་ལ་འགྲུས་པ་དང་། །ཤེས་རབ་བློ་རྩལ་ཆེ་བ་དང་། ། དམ་ཚིག་སྡོམ་པ་ལྡན་ལ་བསྟན། །ཞེས་པ་དང་། རྒྱལ་རིགས་དང་ནི་བྲམ་ཟེའི་ རིགས། །དེ་བཞིན་རྗེའུ་རིགས་ཆེན་པོ་དང་། །ཁྱད་པར་ཆེན་པོའི་མི་རྣམས་ལ། ། གསང་སྔགས་ངེས་དོན་བསྟན་པར་གསུངས། །ཞེས་པ་དང་། རང་ཤར་ལས། དད་ པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ ཞིང་སྒྲུབ་ལ་བརྩོན། །བྲེང་ངེ་དུང་ངེ་བརྩེ་གདུང་ལྡན། །ལྷང་ངེ་ལྷན་ནེ་བསྒོམ་ལ་ སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་སྤྱོད། །

[edit]
OCR of the BDRC scans (I3CN14273), gorn05 tibocr 2026: BDRC OCR on 317 pages, Mitra OCR on 187 pages (the model with more recognisable syllables on each page).

[p. 351] དེ་བས་རབ་གསང་ཐེག་པ་རྒྱལ་པོའི་གདུང་། །སྐལ་བཟངས་དམ་པ་ རྣམས་ལ་བསྟན་ཞིང་གཏད། །ཐེག་པ་རྒྱལ་པོའི་གདུང་རབས་རྨད་དུ་བྱུང་བ་ལ་འདི་སྐལ་མེད་ལ་གསང་། སྐལ་ལྡན་ལ་བསྟན། སྐལ་བཟངས་རྡོ་རྗེ་སྙིང་པོའི་མཆོག་ལ་གཏད་པ་ལ། སྐལ་མེད་ལྔ། ངོ་བོ་ དབྱེ་བ། གསང་ཚུལ། མ་གསང་བའི་སྐྱོན། གསང་བའི་ཡོན་ཏན་དང་ལྔ་ལས། སྐལ་མེད་ཀྱི་ངོ་བོ་ཆོས་ཟབ་མོའི་སྣོད་དུ་མ་གྱུར་པ་སྟེ་ཆོས་ཀྱི་བགོ་སྐལ་ལ་མི་དབང་བའི་ཕྱིར་རོ། །དབྱེ་ན་ཆོས་ལ་ ལས་འབྲེལ་མེད་པའི་སྐྱེ་བོ་ཕལ་པ་རྣམས་དང་། བློ་ཆུང་བས་སྐྲག་ཅིང་སྤངས་པ་ཐེག་པ་ཐུན་མོང་ལ་ཞུགས་པ་རྣམས་དང་། གསང་བ་སྣོད་མིན་དང་དུས་མིན་དུ་སྒྲོགས་པའི་གསང་སྒོ་འཆོལ་བའི་གང་ ཟག་རྣམས་ཏེ་གསུམ་མོ། །དེ་ལས་གླགས་ངོ་སྒོ་འཆོལ་བའི་རིགས་ཅན་ལ་གསང་ཆེན་འདིའི་དོན་གསང་བར་གདམས་ཏེ། ཕ་རོལ་སྣོད་མེད་བློ་ཆུང་རྣམས་རྒྱུ་དེས་ཆོས་ལ་སྐུར་བ་བཏབ་པས་ངན་འགྲོ་མུ་

[p. 352] མཐའ་མེད་པར་སྐྱེ་བའི་ལས་ལ་སྦྱོར་ཏེ། ལས་ཏེ་མཚམས་མེད་ལྔ་བས་ཤིན་ཏུ་ལྕི་བའི་ཕྱིར་རོ། །རྒྱུད་བླ་མ་ལས། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་དང་བདེ་གཤེགས་ངན་སེམས་ལྡན་བྱེད་དང་། །ཕ་མ་དགྲ་ བཅོམ་གསོད་དང་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་ན་དེ་ལས་མྱུར་དུ་ཐར་འགྱུར་གྱིས། །གང་ཞིག་ཡིད་ནི་རྟག་ཏུ་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། ཅེས་སོ། །གསང་སྒོ་འཆོལ་པར་བྱེད་པ་དེ་ཉིད་ཞིས་མ་ཐག་ཏུ་སེམས་ཅན་དམྱལ་བ་མནར་མེད་པར་སྐྱེས་ནས། ལྕེ་དཔག་ཚད་ལྔ་བརྒྱའི་སྟེང་དུ་ལྕགས་ཀྱི་ཐོང་གཤོལ་མེ་འབར་བས་ཞིང་རྨོ་བར་བྱེད་པའི་ཉེས་པ་ ཡོད་དོ། སེང་གེ་རྩལ་རྫོགས་ལས། གསང་བ་འཆོལ་བར་བྱེད་པ་ཡང་། །སྐྲ་བྱེད་ལྕེ་ལ་ཞིང་རྨོ་ཞིང་། །སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར། །དེ་ཕྱིར་ངེས་པའི་དོན་འདི་གསང་། །ཞེས་སོ། །གསང་ཚུལ་ལ་གསང་ པའི་ཡུལ་སྤྱིར་བསྟན། གསང་དོན་སྐྱོན་མེད་དུ་བརྗོད། གསང་ཚུལ་དངོས་བཤད་པ་ལ་གསུམ་ལས། ཡུལ་ནི་རྒྱུད་དེ་ཉིད་ལས། མ་རྟོགས་པ་ཡི་ཕྱོགས་རྣམས་དང་། །སྐྱེ་བོ་ཀུན་ལ་རབ་ཏུ་གསང་། །གསང་ཕྱིར་ གདམས་ངག་སྣ་ཚོགས་གསུངས། །ཞེས་སོ། །ཁ་ཅིག་ན་རེག་པ་མེད་པ་ལ་ཡེ་གསང་ཐབས་ཀྱིས་ཆོད་ནས་མ་དད་པ་མེད་ན་གསང་སྒྲོགས་སུ་མི་འགྱུར་ཏེ། བྱ་ལ་སོགས་པ་བཞིན་ཟེར་བའང་རྨོངས་པ་རྡོལ་

[p. 353] ༄༅། །ཐབས་སུ་སྨྲ་བ་སྟེ། བཀའ་ལུང་དང་འགལ་བ་དང་། གསང་དགོས་པའི་རིག་པ་ཡང་ཆོས་དེ་དུས་ལ་མ་བབས་ན་སྐལ་ལྡན་ཡིན་ཡང་གསང་དགོས་ཏེ། དགེ་སློང་བྱེད་འདོད་པའི་དགེ་ ཚུལ་ལ་སོགས་པ་ཀུན་ལ་སོ་སོར་ཐར་པའི་མདོ་དང་ཆོ་ག་ལག་ལེན་གསང་བ་བཞིན་ནོ། །ཕལ་པ་ལ་དེ་བས་ཀྱང་གསང་དགོས་ཏེ་ཆོས་དེའི་ཆེ་བ་དང་བྱིན་རླབས་ཉམས་ཤིང་བཀའ་ཆད་འབྱུང་དུ་འོང་བའི་ཕྱིར་རོ། གསང་དོན་སྐྱོན་མེད་དུ་བརྗོད་པ་ནི། རྩལ་རྫོགས་ལས། གསང་སྔགས་ཐབས་མཁའ་སྤྱོད་པར་བསྟན། །གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །ཐུགས་རྗེ་ཆེན་པོ་ཐབས་མཁས་བས། །སྣོད་མ་ཡིན་དང་ བློ་རྟུལ་རྣམས། །ལས་འཕྲོ་ངན་པའི་དོན་ཕྱིར་གསང་། །ཞེས་བས། ཆོས་ངན་ནས་གསང་བ་མ་ཡིན། གཞན་གྱི་ལས་སོག་པ་སྤང་བ་དང་། ཆོས་ཀྱི་ཆེ་བ་ཉམས་པ་སྤང་བའི་ཕྱིར་གསང་བས་སྐྱོན་མེད་དེ། གཞན་ལས་ཀྱང་། གསང་སྔགས་གསང་ཞེས་བྱ་བ་ནི། །ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ། །བློ་ཆུང་ཐེག་པ་དམན་ལ་གསང་། །ཞེས་འབྱུང་ངོ་། །གསང་ཚུལ་དངོས་ནི་སྔར་བསྟན་པའི་ཡུལ་སྐྱེ་བོ་ཕལ་བ་དང་། བློ་ཆུང་དང་། གསང་སྒྲོགས་པ་གསུམ་གྱི་རིང་ལ། ཆོས་འདིའི་མིང་དང་། ཡི་གེ་དང་། གནད་དང་། གྲུབ་མཐའི་ཚིག་་་ཟུར་ཙམ་ཡང་མི་བརྗོད། དུས་ལ་མ་བབས་པ་དང་། ཡུལ་ཕྱོགས་མི་མོས་པ་

[p. 354] མཐའ་འཁོབ་དང་འདྲ་བ་རྣམས་སུ་འང་ཆོས་དེ་ཤེས་པ་དང་ཡོད་པ་དང་ཞུས་པ་སྐད་ཀྱང་མི་བརྗོད། རྒྱ་ལ་རྒྱུས་ཡོད་པ་དག་གིས་འདྲི་ནའང་མ་ངེས་སོ་ཞེས་བྱ་བ་དང་། ཉམས་སུ་མ་བླངས་པས་ཆ་མེད་དོ་ཞེས་གསང་བས་་་་ གདམས་ཏེ། རྩལ་རྫོགས་ལས། དེ་ཕྱིར་ངེས་པའི་དོན་འདི་གསང་། །རླུང་ཕྱོགས་ཙམ་དུའང་བསྒྲག་མི་བྱ། །ཞེས་སོ། །འདི་ནས་ཡང་དང་ཡང་དུ་གསང་བར་བསྟན་པས། སྙིང་ཐིག་གི་དཔེ་དང་ལུས་གནད་ལ་སོགས་པ་མ་་ མཐོང་བར་བྱ་བ་ནི་དམ་ཚིག་ཆེན་པོའོ། །ཁྱད་བར་དུ་གཞན་བཀའ་མ་ཐོབ་པར་འདིའི་ཆོས་བཤད་པ་ལ་སོགས་པ་རྡོ་རྗེའི་ལྕེ་ཡོད་ཀྱང་མི་རུང་སྟེ། རྒྱུད་ཇི་ཉིད་ལས། གསང་སྔགས་རྫོགས་ཆེན་ཨ་ཏིའི་དོན། །འོག་མ་་་ རྣམས་ལ་སྨྲ་མི་བྱ། །རྡོ་རྗེ་སློབ་དཔོན་དཔའ་བོ་ཡི། །ལུང་ཉིད་མ་ཐོབ་པར་དུ་ཡང་། །རྡོ་རྗེ་ལྕེ་ཡི་ཚུལ་ཡོད་ཀྱང་། །གསང་བ་གཞན་ལ་བསྟན་མི་བྱ། །འོག་མའི་རིགས་དང་དབང་མ་ཐོབ། །ལས་འཕྲོ་ང་ན་པར་གྱུར་ པ་ཡང་། །གསང་བ་ཆེན་པོའི་དོན་མི་བཤད། །དེ་ནི་དམ་ཚིག་རྣམ་གྲངས་ཡིན། །ཞེས་སོ། །མ་གསོང་བའི་སྐྱོན་ནི་སྒྲོ་སྐུར་གྱི་རྒྱུར་སོང་ནས་རང་གཞན་ངན་སོང་དུ་འགྲོ་Iདང་། སྙིང་པོའི་བསྟན་བ་ནུབ་པ་དང་།། བཀའ་སྲུང་རྣམས་ཀྱི་ཆད་པ་འབྱུང་བ་དང་། །ཡིད་ལ་བསམ་བ་མི་འགྲུབ་པ་ལ་སོགས་ཏེ། རྩལ་རྫོགས་ལས། རྫོགས་ཆེན་ཨ་ཏིའི་གསང་ཆེན་འདི། །བློ་དམན་རྣམས་ལ་བསྒྲགས་གྱུར་ན། །དཔེར་ན་གཙུབ་

[p. 355] ༄༅། །ཞེས་བྱ་བ་ལ་སོགས་པ་ལྟར་རོ། །འདི་ལ་མི་འཐད་ན་མཆོག་ཏུ་གསེབ་པར་བྱ་བ་ཞེས་པ་དང་། རང་ཤར་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཚོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་རང་རྒྱུད་མེད། ། བསྒོམ་པ་སྟེ། འདི་ལ་མི་འཐད་ན་མཆོག་ཏུ་གསེབ་པར་བྱ་བ་ཞེས་པ་དང་། རང་ཤར་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཚོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་རང་རྒྱུད་མེད། ། འབྲས་རྨོངས་པ་རྣམས། །རྨོངས་ཆེན་དོན་ལ་སྐུར་འདེབས་པས། །ངན་སོང་གསུམ་དུ་འཕར་བར་འགྱུར། །ངེས་དོན་མ་རྟོགས་སྡུག་བསྔལ་མྱོང་། །ཞེས་པ་དང་། ཀུན་བྱེད་ལས། སྙིང་པོའི་དོན་ལ་ བླང་དོར་མི་གནས་ཀྱང་། །མི་མ་ཡིན་དང་འབྱུང་པོས་བར་གཅོད་ཅིང་། །མཁའ་འགྲོ་གྲུབ་པ་ཅན་གྱིས་གཉིས་ཀ་ལ། །དུས་མིན་འཆི་དང་འཇིགས་པའི་དབང་གྱུར་ནས། །སྒོ་སྐུར་དབང་གིས་སྙིང་ པོའི་ཐེག་པ་བསྡུ་བ། །ཅེས་སོགས་བསྐལ་པ་མེད་པའི་རྩེར་བཞིན་ཡོད་རྒྱུད་དེ་ཉིད་ལས་སྣོད་མིན་ལོག་པའི་གང་ཟག་བསྟན་པ་ནི། །གྲགས་དང་འཇིག་རྟེན་ཆོས་ལ་དགའ་བ་དང་། །ང་རྒྱལ་དམ་པ་མི་གཡུང་ པོའི་འུར་བཟློག་གི །འཕྱར་ཞིང་རྫས་དང་དད་པར་མི་ལྡན་ཏེ། །དུང་ཚོད་ཉམས་ལེན་བཙན་ཐབས་འདོད་པ་དང་། །བསྟན་པ་ཡོངས་ལ་འཕེལ་ཞིང་མི་མཐུན་ཞིང་། །སྒོ་སྐུར་བདག་གཞན་གནོད་སེམས་ བསྒོམ་པ་སྟེ། འདི་ལ་མི་འཐད་ན་མཆོག་ཏུ་གསེབ་པར་བྱ་བ་ཞེས་པ་དང་། རང་ཤར་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཚོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་རང་རྒྱུད་མེད། །

[p. 356] །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱན་བཟངས་འདོགས་པ་དང་། །དོན་མེད་ཕྱལ་པར་གྱུར་པ་སྟེ་། །སློབ་མ་མ་བརྟགས་སློབ་དཔོན དགྲ༑ ༑ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་གསུངས་སོ། །གསང་བའི་ཡོན་ཏན་ནི། རང་གཞན་གྱི་ལེགས་པ་འགྲུབ་པ་དང་བསྟན་པ་ཡུན་རིང་དུ་གནས་པའོ། །སྐལ་ལྡན ལ་བསྟན་པ་ལའང་། མཚན་ཉིད་དང་། བརྟག་ཚུལ་གཉིས་ལས། སྐལ་ལྡན་ཡིན་པའི་མཚན་ཉིད་ནི། ནོར་བུ་འཕྲ་བཀོད་ལས། གསང་བའི་དཀྱིལ་འཁོར་ཆེན་པོ་འདི། །ཀུན་ལ་བསྟན་པར་མི་བྱ་སྟེ། །གསང བ་ཐུབ་པ་འགའ་ལ་བསྟན། །གསང་སྔགས་གསང་བའི་རིམ་པ་འདི། །བསྟན་པའི་རིགས་ནི་འདི་ལྟ་སྟེ། །གསང་བའི་གཉེར་གཏད་ཐུབ་པར་བྱེད། །གསང་བའི་དོན་ལ་འགྲུས་པ་དང་། །ཤེས་རབ་བློ་རྩལ ཆེ་བ་དང་། །དམ་ཚིག་སྡོམ་པ་ལྡན་ལ་བསྟན། །ཞེས་པ་དང་། རྒྱལ་རིགས་དང་ནི་བྲམ་ཟེའི་རིགས། །དེ་བཞིན་རྗེའུ་རིགས་ཆེན་པོ་དང་། །ཁྱད་པར་ཆེན་པོའི་མི་རྣམས་ལ། །གསང་སྔགས་ངེས་དོན་བསྟན བར་གསུངས། །ཞེས་པ་དང་། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ

[p. 357] ༄༅། །ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བྲེང་ངེ་དུར་ངེ་བརྩེ་གདུང་ལྡན། །ལྷང་ངེ་ལྷན་ནེ་བསྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་སྤྱོད། །

[edit]
OCR of the BDRC scans (I1CZ2729), gorn05 tibocr 2026: BDRC OCR on 290 pages, Mitra OCR on 133 pages (the model with more recognisable syllables on each page).

[p. 282] དེ་བས་རབ་གསང་ཐེག་པ་རྒྱལ་པོའི་ གདུང་། སྐལ་བཟངས་དམ་པ་རྣམས་ལ་བསྟན་ཞིང་གཏད། །ཐེག་པ་རྒྱལ་པོའི་གདུང་རབས་རྨད་དུ་བྱུང་བ་འདི་སྐལ་མེད་ལ་གསང་། སྐལ་ལྡན་ལ་བསྟན། སྐལ་བཟང་རྡོ་རྗེ་སྙིང་པོའི་མཆོག་ལ་གཏད་པ་ལ། སྐལ་ མེད་ལ། ངོ་བོ། དབྱེ་བ། གསང་ཚུལ། མ་གསང་བའི་སྐྱོན། གསང་བའི་ཡོན་ཏན་དང་ལྔ་ལས། སྐལ་མེད་ཀྱི་ངོ་བོ་ཆོས་ཟབ་མོའི་སྣོད་དུ་མ་གྱུར་པ་སྟེ་ཆོས་ཀྱི་བགོ་སྐལ་ལ་མི་དབང་བའི་ཕྱིར་རོ། །དབྱེ་ན་ཆོས་ལ་ལས་འབྲེལ་ མེད་པའི་སྐྱེ་བོ་ཕལ་པ་རྣམས་དང་། བློ་ཆུང་བས་སྐྲག་ཅིང་སྡངས་པ་ཐེག་པ་ཐུན་མོང་ལ་ཞུགས་པ་རྣམས་དང་། གསང་བ་སྣོད་མིན་དང་དུས་མིན་དུ་སྒྲོགས་པའི་གསང་སྒོ་འཆོལ་བའི་གང་ཟག་རྣམས་ཏེ་གསུམ་མོ། །དེ་ལས་ གསང་སྒོ་འཆོལ་བའི་རིགས་ཅན་ལ་གསང་ཆེན་འདིའི་དོན་གསང་བར་གདམས་ཏེ། ཕ་རོལ་སྣོད་མེད་བློ་ཆུང་རྣམས་རྒྱུ་དེས་ཆོས་ལ་སྐུར་པ་བཏབ་པས་ངན་འགྲོ་མུ་མཐའ་མེད་པར་སྐྱེ་བའི་ལས་ལ་སྦྱོར་ཏེ། ལས་དེ་མཚམས་མེད་ ལྔ་བས་ཤིན་ཏུ་ལྕི་བའི་ཕྱིར་རོ། །རྒྱུད་བླ་མ་ལས། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་དང་བདེ་གཤེགས་ངན་སེམས་ལྡན་བྱེད་དང་། །ཕ་མ་དགྲ་བཅོམ་གསོད་དང་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་

[p. 283] ཉིད་ངེས་པར་བསམས་ན་དེ་ལས་མྱུར་དུ་ཐར་འགྱུར་གྱིས། །གང་ཞིག་ཡིད་ནི་རྟག་ཏུ་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་སོ། །གསང་སྒོ་འཆོལ་བར་བྱེད་པ་དེ་ཉིད་ཤི་མ་ཐག་ཏུ་སེམས་ཅན་དམྱལ་བ་མནར་མེད་པར་སྐྱེས་ནས། ལྕེ་དཔག་ཚད་ལྔ་བརྒྱའི་སྟེང་དུ་ལྕགས་ཀྱི་ཐོད་གཤོལ་མེ་འབར་བས་ཞིང་རྨོ་བར་བྱེད་པའི་ཉེས་པ་ཡོད་དེ། སེང་གེ་རྩལ་རྫོགས་ལས། གསང་བ་འཆོལ་བར་བྱེད་པ་ཡང་། །སྨྲ་བྱེད་ལྕེ་ལ་ཞིང་རྨོ་ཞིང་། །སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར། །དེ་ཕྱིར་ངེས་པའི་དོན་འདི་གསང་། །ཞེས་སོ། །གསང་ཚུལ་ལ་གསང་བའི་ཡུལ་སྤྱིར་བསྟན། གསང་དོན་སྐྱོན་མེད་དུ་བརྗོད། གསང་ཚུལ་དངོས་བཤད་པ་ལ་གསུམ་ལས། ཡུལ་ནི་རྒྱུད་དེ་ཉིད་ལས། མ་རྟོགས་པ་ཡི་ཕྱོགས་རྣམས་དང་། །སྐྱེ་བོ་ཀུན་ལ་རབ་ཏུ་གསང་། །གསང་ཕྱིར་གདམས་ངག་སྣ་ཚོགས་གསུངས། །ཞེས་སོ། །ཁ་ཅིག་ན་རེ་གོ་བ་མེད་པ་ལ་ཡེ་གསང་ཐབས་ཀྱིས་ཆོད་ནས་མ་དད་པ་མེད་ན་གསང་སྒྲོགས་སུ་མི་འགྱུར་ཏེ། བྱ་ལ་སོགས་པ་བཞིན་ཟེར་བའང་རྨོངས་པ་རྡོལ་ཐབས་སུ་སྨྲ་བ་སྟེ། བཀའ་ལུང་དང་འགལ་བ་དང་། གསང་དགོས་པའི་རིག་པ་ཡང་ཆོས་དེ་དུས་ལ་མ་བབས་ན་སྐལ་ལྡན་ཡིན་ཡང་གསང་དགོས་ཏེ། དགེ་སློང་བྱེད་འདོད་པའི་དགེ་ཚུལ་ལ་སོགས་པ་ཀུན་ལ་སོ་སོར་ཐར་པའི་མདོ་དང་ཆོ་ག་ལག་ལེན་གསང་བ་བཞིན་ནོ། །ཕལ་པ་ལ་དེ་བས་ཀྱང་གསང་དགོས་ཏེ་ཆོས་

[p. 284] དེའི་ཆེ་བ་དང་བྱིན་རླབས་ཉམས་ཤིང་བཀའ་ཆད་འབྱུང་དུ་འོང་བའི་ཕྱིར་རོ། །གསང་དོན་སྐྱོན་མེད་དུ་བརྗོད་པ་ནི། རྩལ་རྫོགས་ལས། གསང་སྔགས་ཐབས་མཁས་སྤྱོད་པར་བསྟན། །གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །ཐུགས་རྗེ་ཆེན་པོ་ཐབས་མཁས་པས། །སྣོད་མ་ཡིན་དང་བློ་རྟུལ་རྣམས། །ལས་འཕྲོ་ངན་པའི་དོན་ཕྱིར་གསང་། །ཞེས་པས། ཆོས་ངན་ནས་གསང་བ་མ་ཡིན། གཞན་གྱི་ལས་སོག་པ་སྤང་བ་དང་། ཆོས་ཀྱི་ཆེ་བ་ཉམས་པ་སྤང་བའི་ཕྱིར་གསང་བས་སྐྱོན་མེད་དེ། གཞན་ལས་ཀྱང་། གསང་སྔགས་གསང་ཞེས་བྱ་བ་ནི། །ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ། །བློ་ཆུང་ཐེག་པ་དམན་ལ་གསང་། །ཞེས་འབྱུང་ངོ་། །གསང་ཚུལ་དངོས་ནི་སྔར་བསྟན་པའི་ཡུལ་སྐྱེ་བོ་ཕལ་པ་དང་། བློ་ཆུང་དང་། གསང་སྒྲོགས་པ་གསུམ་གྱི་རིགས་ལ། ཆོས་འདིའི་མིང་དང་། ཡི་གེ་དང་། གནད་དང་། གྲུབ་མཐའི་ཚིག་ཟུར་ཙམ་ཡང་མི་བརྗོད། དུས་ལ་མ་བབས་པ་དང་། ཡུལ་ཕྱོགས་མི་མོས་པ་མཐའ་འཁོབ་དང་འདྲ་བ་རྣམས་སུའང་ཆོས་དེ་ཤེས་པ་དང་ཡོད་པ་དང་ཞུས་པ་སྐད་ཀྱང་མི་བརྗོད། རྒྱ་ལ་རྒྱུས་ཡོད་པ་དག་གིས་འདྲི་ནའང་མ་ངེས་སོ་ཞེས་བྱ་བ་དང་། ཉམས་སུ་མ་བླངས་པས་ཆ་མེད་དོ་ཞེས་གསང་བར་གདམས་ཏེ། རྩལ་རྫོགས་ལས། དེ་ཕྱིར་ངེས་པའི་དོན་འདི་གསང་། །རླུང་ཕྱོགས་ཙམ་དུའང་བསྒྲག་མི་བྱ། །ཞེས་སོ། །འདི་ནས་ཡང་དང་ཡང་དུ་གསང་བར་བསྟན་པས། སྙིང་ཐིག་གི་དཔེ་དང་ལུས་

[p. 285] ༄༅། །གནད་ལ་སོགས་པ་མ་མཐོང་བར་བྱ་བ་ནི་དམ་ཚིག་ཆེན་པོའོ། །ཁྱད་པར་དུ་གཞན་བཀའ་མ་ཐོབ་པར་འདིའི་ཆོས་བཤད་པ་ལ་སོགས་པ་རྡོ་རྗེའི་ལྕེ་ཡོད་ཀྱང་མི་རུང་སྟེ། རྒྱུད་དེ་ཉིད་ལས། གསང་སྔགས་ རྫོགས་ཆེན་ཨ་ཏིའི་དོན། །འོག་མ་རྣམས་ལ་སྨྲ་མི་བྱ། །རྡོ་རྗེ་སློབ་དཔོན་དཔའ་བོ་ཡི། །ལུང་ཉིད་མ་ཐོབ་བར་དུ་ཡང་། །རྡོ་རྗེ་ལྕེ་ཡི་ཚུལ་ཡོད་ཀྱང་། །གསང་བ་གཞན་ལ་བསྟན་མི་བྱ། །འོག་མའི་རིགས་དང་དབང་མ་ཐོབ།། ལས་འཕྲོ་ངན་པར་གྱུར་པ་ཡང་། །གསང་བ་ཆེན་པོའི་དོན་མི་བཤད། །དེ་ནི་དམ་ཚིག་རྣམ་གྲངས་ཡིན། །ཞེས་སོ། །མ་གསང་བའི་སྐྱོན་ནི་སྒྲོ་སྐུར་གྱི་རྒྱུར་སོང་ནས་རང་གཞན་ངན་སོང་དུ་འགྲོ་བ་དང་། སྙིང་པོའི་བསྟན་ པ་ནུབ་པ་དང་། བཀའ་སྲུང་རྣམས་ཀྱི་ཆད་པ་འབྱུང་བ་དང་། ཡིད་ལ་བསམ་པ་མི་འགྲུབ་པ་ལ་སོགས་ཏེ། རྩལ་རྫོགས་ལས། རྫོགས་ཆེན་ཨ་ཏིའི་གསང་ཆེན་འདི། །བློ་དམན་རྣམས་ལ་བསྒྲགས་གྱུར་ན། །དཔེར་ན་ གཙུབ་ཤེད་མེ་གཙུབས་ན། །གཙུབ་ཤིང་ཉིད་ཀྱང་ཚིག་པར་འགྱུར། །གཞན་ཡང་མཚན་མར་གྱུར་པ་བསྲེག །གསང་སྔགས་ངེས་དོན་མེ་དང་འདྲ། །སྐལ་པ་ཆུང་ཞིང་ཤེས་རབ་དམན། །བློ་དན་རྒྱུ་འབྲས་རྨོངས་པ་ རྣམས། །རྫོགས་ཆེན་དོན་ལ་སྐུར་འདེབས་པས། །ངན་སོང་གསུམ་དུ་འཕང་བར་འགྱུར། །ངེས་དོན་མ་རྟོགས་སྡུག་བསྔལ་མྱོང་། །ཞེས་པ་དང་། ཀུན་བྱེད་ལས། སྙིང་པོའི་དོན་ལ་བླང་དོར་མི་གནས་ཀྱང་། །མི་མ་

[p. 286] ཡིན་དང་འབྱུང་པོས་བར་གཅོད་ཅིང་། མཁའ་འགྲོ་གྲུབ་པ་ཅན་གྱིས་གཉིས་ཀ་ལ། །དུས་མིན་འཆི་དང་འཇིགས་པའི་དབང་གྱུར་ནས། །སྒྲོ་སྐུར་དབང་གིས་སྙིང་པོའི་ཐེག་པ་བསྣུབ། །ཅེས་སོ། །སྐལ་པ་མེད་པའི་རང་བཞིན་ཡང་རྒྱུད་དེ་ཉིད་ལས། སྣོད་མིན་ལོག་པའི་གང་ཟག་བསྟན་པ་ནི། གྲགས་དང་འཇིག་རྟེན་ཆོས་ལ་དགའ་བ་དང་། །ང་རྒྱལ་དམ་པ་མི་བསྐུར་ཡིད་ཐུང་བཟློག །འཕྱར་ཞིང་རྫས་དང་དད་པར་མི་ལྡན་ཏེ། །རང་ཚོད་ཉམས་ལེན་བཙན་ཐབས་འདོད་པ་དང་། །བསྟན་པ་ཡོངས་ལ་འཕེལ་ཞིང་མི་མཐུན་ཞིང་། །སྒྲོ་སྐུར་བདག་གཞན་གནོད་སེམས་བསྒོམ་པ་སྟེ། །འདི་ལ་མི་བསྟན་མཆོག་ཏུ་གསང་བར་བྱ། །ཞེས་པ་དང་། རང་ཤར་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཆོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱན་བཟངས་འདོགས་པ་དང་། །དོན་མེད་ཕྱལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་གསུངས་སོ། །གསང་བའི་ཡོན་ཏན་ནི། རང་གཞན་གྱི་ལེགས་པ་འགྲུབ་པ་དང་བསྟན་པ་ཡུན་རིང་དུ་གནས་པའོ། །སྐལ་ལྡན་ལ་བསྟན་པ་ལའང་། མཚན་ཉིད་དང་། བརྟག་ཚུལ་གཉིས་ལས། སྐལ་ལྡན་ཡིན་པའི་

[p. 287] མཚན་ཉིད་ནི། ནོར་བུ་པྲ་བཀོད་ལས། གསང་བའི་དཀྱིལ་འཁོར་ཆེན་པོ་འདི། །ཀུན་ལ་བསྟན་པར་མི་བྱ་སྟེ། །གསང་བ་ཐུབ་པ་འགའ་ལ་བསྟན། །གསང་སྔགས་གསང་བའི་རིམ་པ་འདི། །བསྟན་པའི་རིགས་ནི་འདི་ལྟ་སྟེ། །གསང་བའི་གཉེར་གཏད་ཐུབ་པར་བྱེད། །གསང་བའི་དོན་ལ་འགྲུས་པ་དང་། །ཤེས་རབ་བློ་རྩལ་ཆེ་བ་དང་། །དམ་ཚིག་སྡོམ་པ་ལྡན་ལ་བསྟན། །ཞེས་པ་དང་། རྒྱལ་རིགས་དང་ནི་བྲམ་ཟེའི་རིགས། །དེ་བཞིན་རྗེའུ་རིགས་ཆེན་པོ་དང་། །ཁྱད་པར་ཆེན་པོའི་མི་རྣམས་ལ། །གསང་སྔགས་ངེས་དོན་བསྟན་པར་གསུངས། །ཞེས་པ་དང་། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོགས་མེད་སེམས་ལག་ཡེང་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བྲེང་ངེ་དུང་ངེ་བརྩེ་གདུང་ལྡན། །ལྷད་ངེ་ལྷན་ནེ་བསྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་སྤྱོད། །

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 783 typing errors, November 2026), with the variants of the other editions under each page (55 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = root and commentary MW3CN3400; R = root and commentary MW3CN14271; C = commentary MW1CZ2550. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 537] རབ་གསང་ཐེག་པ་རྒྱལ་པོའི་གདུང༌། སྐལ་བཟངས་དམ་པ་རྣམས་ལ་བསྟན་ཞིང་གཏད། །ཐེག་པ་རྒྱལ་པོའི་གདུང་རབས་རྨད་དུ་བྱུང་བ་འདི་སྐལ་མེད་ལ་གསང༌། སྐལ་ལྡན་ལ་བསྟན། སྐལ་བཟང་རྡོ་རྗེ་སྙིང་པོའི་མཆོག་ལ་གཏད་པ་ལ། སྐལ་མེད་ལ། ངོ་བོ། དབྱེ་བ། གསོང་ཚུལ། མ་གསོང་བའི་སྐྱོན། གསོང་བའི་ཡོན་ཏན་དང་ལྔ་ལས། སྐལ་མེད་ཀྱི་ངོ་བོ་ཆོས་ཟབ་མོའི་སྣོད་དུ་མ་གྱུར་པ་སྟེ་ཆོས་ཀྱི་བགོ་སྐལ་ལ་མི་དབང་བའི་ཕྱིར་རོ། །དབྱེ་ན་ཆོས་ལ་ལས་འབྲེལ་མེད་པའི་སྐྱེ་བོ་ཕལ་པ་རྣམས་དང༌། བློ་ཆུང་བས་སྐྲག་ཅིང་སྔངས་པ་ཐེག་པ་ཐུན་མོང་ལ་ཞུགས་པ་རྣམས་དང༌། གསང་བ་སྣོད་མིན་དང་དུས་མིན་དུ་སྒྲོགས་པའི་གསང་སྒོ་འཆོལ་བའི་གང་ཟག་རྣམས་ཏེ་གསུམ་མོ། །དེ་ལས་གསང་སྒོ་འཆོལ་བའི་རིགས་ཅན་ལ་གསང་ཆེན་འདིའི་དོན་གསང་བར་གདམས་ཏེ། ཕ་རོལ་སྣོད་

པ་རྒྱལ་པོའི་གདུང་སྐལ་བཟངས ] གསུང W · པོའི་གདུང་སྐལ་བཟངས་དམ་པ ] བཟང W P S · རྒྱལ་པོའི་གདུང་རབས་རྨད་དུ ] རབ W · བྱུང་བ་འདི་སྐལ་མེད་ལ ] སྐད W · ལ་བསྟན་སྐལ་བཟང་རྡོ་རྗེ ] བཟངས D G R · བོ་དབྱེ་བ་གསོང་ཚུལ་མ ] གསང A P D S R C · གསོང་ཚུལ་མ་གསོང་བའི་སྐྱོན ] གསང A P D S R C · གསོང་བའི་སྐྱོན་གསོང་བའི་ཡོན ] གསང A P D S R C · བས་སྐྲག་ཅིང་སྔངས་པ་ཐེག ] སྡངས A D G C

[p. 538] མེད་བློ་ཆུང་རྣམས་རྒྱུ་དེས་ཆོས་ལ་སྐུར་པ་བཏབ་པས་ངན་འགྲོ་མུ་མཐའ་མེད་པར་སྐྱེ་བའི་ལས་ལ་སྦྱོར་ཏེ། ལས་དེ་མཚམས་མེད་ལྔ་པས་ཤིན་ཏུ་ལྕི་བའི་ཕྱིར་རོ། །རྒྱུད་བླ་མ་ལས། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་དང་བདེ་གཤེགས་ངན་སེམས་ལྡན་བྱེད་དང༌། །ཕ་མ་དགྲ་བཅོམ་གསོད་དང་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་ན་དེ་ལས་མྱུར་དུ་ཐར་འགྱུར་གྱིས། །གང་ཞིག་ཡིད་ནི་རྟག་ཏུ་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་སོ། །གསང་སྒོ་འཆོལ་བར་བྱེད་པ་དེ་ཉིད་ཤི་མ་ཐག་ཏུ་སེམས་ཅན་དམྱལ་བ་མནར་མེད་པར་སྐྱེས་ནས། ལྕེ་དཔག་ཚད་ལྔ་བརྒྱའི་སྟེང་དུ་ལྕགས་ཀྱི་ཐོང་གཤོལ་མེ་འབར་བས་ཞིང་རྨོ་བར་བྱེད་པའི་ཉེས་པ་ཡོད་དེ། སེང་གེ་རྩལ་རྫོགས་ལས། གསང་བ་འཆོལ་བར་བྱེད་པ་ཡང༌། སྨྲ་བྱེད་ལྕེ་ལ་ཞིང་རྨོ་ཞིང༌། །སྡུག་བསྔལ་ཆེན་

ཆོས་ལ་སྐུར་པ་བཏབ་པས ] བ P D S R · སྦྱོར་ཏེ་ལས་དེ་མཚམས་མེད ] ཏེ D R · མཚམས་མེད་ལྔ་པས་ཤིན་ཏུ ] བས P S R C · རྟག་ཏུ་ཆོས་ལ་སྡང་བ་དེ ] ལས་དང W · སོ་གསང་སྒོ་འཆོལ་བར་བྱེད ] འཆལ W · གསང་སྒོ་འཆོལ་བར་བྱེད་པ ] པར D R · དུ་ལྕགས་ཀྱི་ཐོང་གཤོལ་མེ ] ཐོད A C · བྱེད་པ་ཡང་སྨྲ་བྱེད་ལྕེ ] སྨ W

[p. 539] པོ་མྱོང་བར་འགྱུར། །དེ་ཕྱིར་ངེས་པའི་དོན་འདི་གསོང༌། །ཞེས་སོ། །གསོང་ཚུལ་ལ་གསང་བའི་ཡུལ་སྤྱིར་བསྟན། གསང་དོན་སྐྱོན་མེད་དུ་བརྗོད། གསོང་ཚུལ་དངོས་བཤད་པ་ལ་གསུམ་ལས། ཡུལ་ནི་རྒྱུད་དེ་ཉིད་ལས། །མ་རྟོགས་པ་ཡི་ཕྱོགས་རྣམས་དང༌། །སྐྱེ་བོ་ཀུན་ལ་རབ་ཏུ་གསོང༌། །གསོང་ཕྱིར་གདམས་ངག་སྣ་ཚོགས་གསུངས། །ཞེས་སོ། །ཁ་ཅིག་ན་རེ་གོ་བ་མེད་པ་ལ་ཡེ་གསང་ཐབས་ཀྱི་ཆོད་ནས་མ་དད་པ་མེད་ན་གསང་སྒྲོགས་སུ་མི་འགྱུར་ཏེ། བྱ་ལ་སོགས་པ་བཞིན་ཟེར་བའང་རྨོངས་པ་རྡོལ་ཐབས་སུ་སྨྲ་བ་སྟེ། བཀའ་ལུང་དང་འགལ་བ་དང༌། གསོང་དགོས་པའི་རིག་པ་ཡང་ཆོས་དེ་དུས་ལ་མ་བབས་ན་སྐལ་ལྡན་ཡིན་ཡང་གསང་དགོས་ཏེ། དགེ་སློང་བྱེད་འདོད་པའི་དགེ་ཚུལ་ལ་སོགས་པ་ཀུན་ལ་སོ་སོར་ཐར་པའི་མདོ་དང་ཆོ་ག་ལག་ལེན་གསང་བ་བཞིན་ནོ། །ཕལ་པ་ལ་

པའི་དོན་འདི་གསོང་ཞེས་སོ ] གསང A P D S R C · གསོང་ཞེས་སོ་གསོང་ཚུལ་ལ ] གསང A P D S R C · མེད་དུ་བརྗོད་གསོང་ཚུལ་དངོས ] གསང A P D S R C · ལ་རབ་ཏུ་གསོང་གསོང་ཕྱིར་གདམས ] གསང་གསང A P D S R C · ཡེ་གསང་ཐབས་ཀྱི་ཆོད་ནས ] ཀྱིས P D G S R C · འགལ་བ་དང་གསོང་དགོས་པའི ] གསང A P D S R C

[p. 540] དེ་བས་ཀྱང་གསོང་དགོས་ཏེ་ཆོས་དེའི་ཆེ་བ་དང་བྱིན་རླབས་ཉམས་ཤིང་བཀའ་ཆད་འབྱུང་དུ་འོང་བའི་ཕྱིར་རོ། །གསང་དོན་སྐྱོན་མེད་དུ་བརྗོད་པ་ནི། རྩལ་རྫོགས་ལས། གསང་སྔགས་ཐབས་མཁས་སྤྱོད་པར་བསྟན། །གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །ཐུགས་རྗེ་ཆེན་པོ་ཐབས་མཁས་པས། །སྣོད་མ་ཡིན་དང་བློ་རྟུལ་རྣམས། །ལས་འཕྲོ་ངན་པའི་དོན་ཕྱིར་གསང༌། །ཞེས་པས། ཆོས་ངན་ནས་གསང་བ་མ་ཡིན། གཞན་གྱི་ལས་སོག་པ་སྤང་བ་དང༌། ཆོས་ཀྱི་ཆེ་བ་ཉམས་པ་སྤང་བའི་ཕྱིར་གསང་བས་སྐྱོན་མེད་དེ། གཞན་ལས་ཀྱང༌། གསང་སྔགས་གསང་ཞེས་བྱ་བ་ནི། ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ། །བློ་ཆུང་ཐེག་པ་དམན་ལ་གསོང༌། །ཞེས་འབྱུང་ངོ༌། །གསོང་ཚུལ་དངོས་ནི་སྔར་བསྟན་པའི་ཡུལ་སྐྱེ་བོ་ཕལ་པ་དང༌། བློ་ཆུང་དང༌། གསང་སྒྲོགས་པ་གསུམ་གྱི་རིགས་ལ། ཆོས་འདིའི་མིང་དང༌།

དེ་བས་ཀྱང་གསོང་དགོས་ཏེ ] གསང A P D S R C · པོ་ཐབས་མཁས་པས་སྣོད་མ ] བས D R · ཕྱིར་གསང་ཞེས་པས་ཆོས་ངན ] བས D R · གཞན་གྱི་ལས་སོག་པ་སྤང ] སོགས W · ཆོས་ལ་སྐྱོན་ཡོད་མ་ཡིན ] om. W · པ་དམན་ལ་གསོང་ཞེས་འབྱུང ] གསང A P D S R C · ཞེས་འབྱུང་ངོ་གསོང་ཚུལ་དངོས ] གསང A P D G S R C · སྐྱེ་བོ་ཕལ་པ་དང་བློ ] བ D R · པ་གསུམ་གྱི་རིགས་ལ་ཆོས ] རིང D G R

[p. 541] ཡི་གེ་དང༌། གནད་དང༌། གྲུབ་མཐའི་ཚིག་ཟུར་ཙམ་ཡང་མི་བརྗོད། དུས་ལ་མ་བབས་པ་དང༌། ཡུལ་ཕྱོགས་མི་མོས་པས་མཐའ་འཁོབ་དང་འདྲ་བ་རྣམས་སུའང་ཆོས་དེ་ཤེས་པ་དང་ཡོད་པ་དང་ཞུས་པ་སྐད་ཀྱང་མི་བརྗོད། རྒྱ་ལ་རྒྱུས་ཡོད་པ་དག་གིས་འདྲི་ནའང་མ་ངེས་སོ་ཞེས་བྱ་བ་དང༌། ཉམས་སུ་མ་བླངས་པས་ཆ་མེད་དོ་ཞེས་གསང་བར་གདམས་ཏེ། རྩལ་རྫོགས་ལས། དེ་ཕྱིར་ངེས་པའི་དོན་འདི་གསང༌། །རླུང་ཕྱོགས་ཙམ་དུའང་བསྒྲག་མི་བྱ། །ཞེས་སོ། །འདི་ནས་ཡང་དང་ཡང་དུ་གསང་བར་བསྟན་པས། སྙིང་ཐིག་གི་དཔེ་དང་ལུས་གནད་ལ་སོགས་པ་མ་མཐོང་བར་བྱ་བ་ནི་དམ་ཚིག་ཆེན་པོའོ། །ཁྱད་པར་དུ་གཞན་བཀའ་མ་ཐོབ་པར་འདིའི་ཆོས་བཤད་པ་ལ་སོགས་པ་རྡོ་རྗེའི་ལྕེ་ཡོད་ཀྱང་མི་རུང་སྟེ། རྒྱུད་དེ་ཉིད་ལས། གསང་སྔགས་རྫོགས་ཆེན་ཨ་ཏིའི་དོན། འོག་མ་རྣམས་ལ་སྨྲ་མི་བྱ། །

ཕྱོགས་མི་མོས་པས་མཐའ་འཁོབ ] པ A P D G S R C · པ་དང་ཞུས་པ་སྐད་ཀྱང ] པས W

[p. 542] རྡོ་རྗེ་སློབ་དཔོན་དཔའ་བོ་ཡི། །ལུང་ཉིད་མ་ཐོབ་བར་དུ་ཡང༌། །རྡོ་རྗེ་ལྕེ་ཡི་ཚུལ་ཡོད་ཀྱང༌། །གསང་བ་གཞན་ལ་བསྟན་མི་བྱ། །འོག་མའི་རིགས་དང་དབང་མ་ཐོབ། །ལས་འཕྲོ་ངན་པར་གྱུར་པ་ཡང༌། །གསང་བ་ཆེན་པོའི་དོན་མི་བཤད། །དེ་ནི་དམ་ཚིག་རྣམ་གྲངས་ཡིན། །ཞེས་སོ། །མ་གསང་བའི་སྐྱོན་ནི་སྒྲོ་སྐུར་གྱི་རྒྱུར་སོང་ནས་རང་གཞན་ངན་སོང་དུ་འགྲོ་བ་དང༌། སྙིང་པོའི་བསྟན་པ་ནུབ་པ་དང༌། བཀའ་སྲུང་རྣམས་ཀྱི་ཆད་པ་འབྱུང་བ་དང༌། ཡིད་ལ་བསམ་པ་མི་འགྲུབ་པ་ལ་སོགས་ཏེ། རྩལ་རྫོགས་ལས། རྫོགས་ཆེན་ཨ་ཏིའི་གསང་ཆེན་འདི། །བློ་དམན་རྣམས་ལ་བསྒྲགས་གྱུར་ན། །དཔེར་ན་གཙུབ་ཤིང་མེ་གཙུབས་ན། །གཙུབ་ཤིང་ཉིད་ཀྱང་ཚིག་པར་འགྱུར། །གཞན་ཡང་མཚན་མར་གྱུར་པ་བསྲེག །གསང་སྔགས་ངེས་དོན་མེ་དང་འདྲ། །སྐལ་བ་ཆུང་ཞིང་ཤེས་རབ་དམན། །བློ་ངན་རྒྱུ་

ཉིད་མ་ཐོབ་བར་དུ་ཡང ] པར D R · ཞེས་སོ་མ་གསང་བའི་སྐྱོན ] གསོང D R · དང་འདྲ་སྐལ་བ་ཆུང་ཞིང ] པ A C

[p. 543] འབྲས་རྨོངས་པ་རྣམས། །རྫོགས་ཆེན་དོན་ལ་སྐུར་འདེབས་པས། །ངན་སོང་གསུམ་དུ་འཕང་བར་འགྱུར། །ངེས་དོན་མ་རྟོགས་སྡུག་བསྔལ་མྱོང༌། །ཞེས་པ་དང༌། ཀུན་བྱེད་ལས། སྙིང་པོའི་དོན་ལ་བླང་དོར་མི་གནས་ཀྱང༌། །མི་མ་ཡིན་དང་འབྱུང་པོས་བར་གཅོད་ཅིང༌། །མཁའ་འགྲོ་གྲུབ་པ་ཅན་གྱིས་གཉིས་ཀ་ལ། །དུས་མིན་འཆི་དང་འཇིགས་པའི་དབང་གྱུར་ནས། །སྒྲོ་སྐུར་དབང་གིས་སྙིང་པོའི་ཐེག་པ་བསྣུབ། །ཅེས་སོ། །སྐལ་པ་མེད་པའི་རང་བཞིན་ཡང་རྒྱུད་དེ་ཉིད་ལས། སྣོད་མིན་ལོག་པའི་གང་ཟག་བསྟན་པ་ནི། གྲགས་དང་འཇིག་རྟེན་ཆོས་ལ་དགའ་བ་དང༌། །ང་རྒྱལ་དམ་པ་མི་བཀུར་ཡིད་ཐུང་བཟློག །འཕྱར་ཞིང་རྫས་དང་དད་པར་མི་ལྡན་ཏེ། །རང་ཆོད་ཉམས་ལེན་བཙན་ཐབས་འདོད་པ་དང༌། །བསྟན་པ་ཡོངས་ལ་འཕེལ་ཞིང་མི་མཐུན་ཞིང༌། །སྒྲོ་སྐུར་བདག་གཞན་གནོད་སེམས་

པོའི་ཐེག་པ་བསྣུབ་ཅེས་སོ ] བསྡུ་བ G R · ཅེས་སོ་སྐལ་པ་མེད་པའི ] བ P D G S · དམ་པ་མི་བཀུར་ཡིད་ཐུང ] བསྐུར A C · ལྡན་ཏེ་རང་ཆོད་ཉམས་ལེན ] ཚོད A P D G S C

[p. 544] བསྒོམ་པ་སྟེ། །འདི་ལ་མི་བསྟན་མཆོག་ཏུ་གསང་བར་བྱ། །ཞེས་པ་དང༌། རང་ཤར་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང༌། །གསང་སྔགས་འཆོལ་བར་སྤྱོད་པ་དང༌། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང༌། །བཀའ་དྲིན་ཁྱད་དུ་གསོད་པ་དང༌། །རང་གི་རིགས་རྒྱུད་བརྗོད་པ་དང༌། །ལུས་ལ་རྒྱན་བཟངས་འདོགས་པ་དང༌། །དོན་མེད་ཕྱལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་གསུངས་སོ། །གསང་བའི་ཡོན་ཏན་ནི། རང་གཞན་གྱི་ལེགས་པ་འགྲུབ་པ་དང་བསྟན་པ་ཡུན་རིང་དུ་གནས་པའོ། །སྐལ་ལྡན་ལ་བསྟན་པ་ལའང༌། མཚན་ཉིད་དང༌། བརྟག་ཚུལ་གཉིས་ལས། སྐལ་ལྡན་ཡིན་པའི་མཚན་ཉིད་ནི། ནོར་བུ་ཕྲ་བཀོད་ལས། གསང་བའི་དཀྱིལ་འཁོར་ཆེན་པོ་འདི། །

བསྟན་མཆོག་ཏུ་གསང་བར་བྱ ] གསོང D G · ཤར་ལས་བཀུར་སྟི་ཕུ་དུད ] སྟིང W · རང་གི་རིགས་རྒྱུད་བརྗོད་པ ] བརྒྱུད W · ལུས་ལ་རྒྱན་བཟངས་འདོགས་པ ] བཟང P S · དོན་མེད་ཕྱལ་བར་གྱུར་པ ] པར G R · མེད་ཕྱལ་བར་གྱུར་པ་སྟེ ] འགྱུར W · སློབ་མ་མ་བརྟགས་སློབ་དཔོན ] བརྟག W · ནི་ནོར་བུ་ཕྲ་བཀོད་ལས ] པྲ A C · ནི་ནོར་བུ་ཕྲ་བཀོད་ལས ] འཕྲ D R

[p. 545] ཀུན་ལ་བསྟན་པར་མི་བྱ་སྟེ། །གསང་བ་ཐུབ་པ་འགའ་ལ་བསྟན། །གསང་སྔགས་གསང་བའི་རིམ་པ་འདི། །བསྟན་པའི་རིགས་ནི་འདི་ལྟ་སྟེ། །གསང་བའི་གཉེར་གཏད་ཐུབ་པར་བྱེད། །གསང་བའི་དོན་ལ་འགྲུས་པ་དག །ཤེས་རབ་བློ་རྩལ་ཆེ་བ་དང༌། །དམ་ཚིག་སྡོམ་པ་ལྡན་ལ་བསྟན། །ཞེས་པ་དང༌། རྒྱལ་རིགས་དང་ནི་བྲམ་ཟེའི་རིགས། །དེ་བཞིན་རྗེའུ་རིགས་ཆེན་པོ་དང༌། །ཁྱད་པར་ཆེན་པོའི་མི་རྣམས་ལ། །གསང་སྔགས་ངེས་དོན་བསྟན་པར་གསུངས། །ཞེས་པ་དང༌། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བྲེང་ངེ་དུང་ངེ་བརྩེ་གདུང་ལྡན། །ལྷང་ངེ་ལྷན་ནེ་བསྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་སྤྱོད། །

ལ་བསྟན་པར་མི་བྱ་སྟེ ] om. W · ལ་འགྲུས་པ་དག་ཤེས་རབ ] དང A P D G S R C · དང་དམ་ཚིག་སྡོམ་པ་ལྡན ] དམ W · གསང་སྔགས་སྤྱོད་རྟོག་མེད་སེམས ] རྟོགས A C · རྟོག་མེད་སེམས་ལ་གཡེང་བ་མེད ] ལག་ཡེང A C
[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the chapter's own divisions; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The complete outline of the work is on the contents page.
10 The sky-nail of upholding the dynasty of the king of vehicles and keeping it secret from the inferior ཐེག་པ་རྒྱལ་པོའི་གདུང་རབས་འཛིན་པ་དང་བློ་དམན་ལ་གསང་བའི་གནམ་གཟེར [p. 536]
10.1 Keeping it secret from those without fortune སྐལ་མེད་ལ་གསང་བ [p. 537]
The unfortunate lack any share in the profound Dharma and are of three types: ordinary people, timid followers of common vehicles and violators of secrecy. Secrecy is a compassionate skilful means, not a flaw in the Dharma. Breaking it leads self and others to the lower realms and causes the teaching to decline, while keeping it benefits all and preserves the teaching.
10.1.1 The essence of those without fortune སྐལ་མེད་ཀྱི་ངོ་བོ [p. 537]
Those without fortune are not vessels for the profound Dharma, having no right to a share in it.
10.1.2 Their divisions དབྱེ་བ [p. 537]
Three types: ordinary people without karmic link, timid followers of common vehicles, and those who violate secrecy. Disparaging the Dharma is heavier than the deeds of immediate retribution (Uttaratantra), and violators suffer in Avīci with a plowed tongue (Lion's Perfect Dynamic Energy).
10.1.3 The way of keeping it secret གསོང་ཚུལ [p. 539]
Secrecy is to be kept from the unrealized and from people generally, since untimely teaching is withheld even from the fortunate. It implies no fault in the Dharma but prevents others from accumulating negative karma and protects the Dharma's greatness. The actual practice begins by withholding even the name of this Dharma from ordinary people, those of small intellect and proclaimers of secrets.
10.1.3.1 General presentation of the objects of secrecy གསང་བའི་ཡུལ་སྤྱིར་བསྟན [p. 539]
The tantra enjoins secrecy from the unrealized and from people generally. The view that teaching those who cannot understand is harmless is refuted: untimely teaching must be withheld even from the fortunate, as the Prātimokṣa rites are from novices, and still more from ordinary people.
10.1.3.2 The meaning kept secret is without fault གསང་དོན་སྐྱོན་མེད་དུ་བརྗོད་པ [p. 540]
Secrecy is a compassionate skilful means, not a sign of a flawed Dharma: it prevents others from accumulating negative karma and protects the Dharma's greatness (Perfect Dynamic Energy and another source).
10.1.3.3 The actual way of keeping it secret གསོང་ཚུལ་དངོས [p. 540]
Begins explaining what is withheld from the three types—ordinary people, those of small intellect and proclaimers of secrets—starting with the very name of this Dharma; continues beyond this stretch.
10.1.4 The faults of not keeping it secret མ་གསོང་བའི་སྐྱོན [p. 542]
Failing to keep it secret causes superimposition and denial leading self and others to the lower realms, decline of the heart-essence teaching and punishment by guardians. Tantra quotations also describe the nature of unfit, perverse individuals from whom it must be hidden.
10.1.5 The qualities of keeping it secret གསོང་བའི་ཡོན་ཏན [p. 544]
Keeping it secret accomplishes the good of oneself and others and allows the teaching to remain for a long time.
10.2 Showing it to the fortunate སྐལ་ལྡན་ལ་བསྟན་པ [p. 544]
Fortunate disciples are fit vessels endowed with faith, diligence, wisdom, kept samaya, the ability to keep secrets, reverence for the master and nonattachment. Before teaching, the master tests them with hard tasks, harsh words, contrary conduct or requests for wealth; those whose faith and generosity endure show a prior karmic connection.
10.2.1 The defining characteristics of the fortunate སྐལ་ལྡན་ཡིན་པའི་མཚན་ཉིད [p. 544]
Quotations from the Inlaid Jewels, Natural Arising and All-Creating King list the qualities of a fit vessel: faith, diligence, wisdom, keeping samaya, ability to keep secrets, reverence for the master, and nonattachment shown by offering body and wealth.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 537] the dynasty of the supremely secret king of vehicles[72]Note 72 · p. 537 · rab gsang is read as qualifying theg pa rgyal po ("supremely secret king of vehicles"), parallel to rab gsang theg pa'i yang rtse in the preceding lines. GPT-6.2 Astra takes it as an imperative ("Keep most secret"), which makes the same line both conceal and entrust.
is to be taught and entrusted to holy ones of good fortune.

As to this wondrous dynasty of the king of vehicles being kept secret from those without fortune, taught to the fortunate (skal ldan), and entrusted to the supreme ones with the good fortune of the vajra heart essence (rdo rje snying po):

10.1 Keeping it secret from those without fortune སྐལ་མེད་ལ་གསང་བ10.1 Keeping it secret from those without fortune
The unfortunate lack any share in the profound Dharma and are of three types: ordinary people, timid followers of common vehicles and violators of secrecy. Secrecy is a compassionate skilful means, not a flaw in the Dharma. Breaking it leads self and others to the lower realms and causes the teaching to decline, while keeping it benefits all and preserves the teaching.

regarding those without fortune there are five topics—their essence, their divisions (dbye ba), the way of keeping it secret, the faults of not keeping it secret, and the benefits of keeping it secret.[73]Note 73 · p. 537 · yon tan in gsong ba'i yon tan is rendered "benefits" rather than the glossary's "qualities", because it is paired with skyon, "faults" (so Dharmamitra, Claude Fable 5.2, GPT-6.2 Astra; Gemini 4 Neon has "qualities"). Of these,

10.1.1 The essence of those without fortune སྐལ་མེད་ཀྱི་ངོ་བོ10.1.1 The essence of those without fortune
Those without fortune are not vessels for the profound Dharma, having no right to a share in it.

the essence of those without fortune is that they have not become vessels for the profound Dharma (chos), because they have no right to a share in the Dharma.

10.1.2 Their divisions དབྱེ་བ10.1.2 Their divisions
Three types: ordinary people without karmic link, timid followers of common vehicles, and those who violate secrecy. Disparaging the Dharma is heavier than the deeds of immediate retribution (Uttaratantra), and violators suffer in Avīci with a plowed tongue (Lion's Perfect Dynamic Energy).

When divided, there are three: ordinary people who have no karmic connection (las 'brel) with the Dharma; those who have entered the common vehicles and who, being of small intellect, are frightened and terrified; and individuals who violate the door of secrecy, proclaiming the secret to those who are not vessels and at the wrong time. Among these, the advice is to keep the meaning of this great secret (gsang chen) secret from the type who violate the door of secrecy; for the others—those who are not vessels[74]Note 74 · p. 537 · gsong / gsang: the e-text has gsong throughout where Adzom reads gsang. Both are forms of "keep secret", not gsong po "frank", so the meaning is unchanged and no variant is adopted.

[p. 538] and are of small intellect—disparage the Dharma on that account and are thereby joined to the karma[75]Note 75 · p. 538 · las la sbyor: Claude Fable 5.2 makes the violator of secrecy the agent who "binds others" to that karma; Dharmamitra has the others themselves engaging in it. The Tibetan leaves the agent open, so a neutral passive ("are thereby joined to the karma") is used. of being born in the lower realms without end, since that karma is far heavier than the five deeds of immediate retribution. The Uttaratantra (Rgyud bla ma) states:

A person who again and again relies on evil companions, who bears ill will toward the Sugata,
who kills father, mother or an arhat, who does what is not to be done and splits the supreme assembly—
even such a one, by reflecting with certainty on the nature of phenomena, will swiftly be liberated from that.
But for one whose mind is always hostile to the Dharma,[76]Note 76 · p. 538 · yid in the Uttaratantra verse (v. 5.24) is rendered "mind" rather than the glossary's "mental faculty"; the word is used non-technically there (Skt. mānasa). how could there be liberation?Rgyud bla maQuotation (named in the text: རྒྱུད་བླ་མ་ལས)
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས, theg pa chen po rgyud bla ma'i bstan bcos, The Sublime Continuum (Uttaratantra) (Mahāyānottaratantraśāstra (Ratnagotravibhāga)), by Maitreya (Asaṅga) · shastra; Tengyur; Toh 4024
Identification: high confidence
The quoted words are in དམ་ཚིག་རྒྱ་མཚོ་མཐའ་ཡས་པ་རྣམ་པར་སྣང་བར་བྱེད་པ་དྲི་མ་མེད་པའི་སྙིང་པོ་ཞེས་བྱ་བ་བཞུགས། (a parallel), 50 % of the words.

So it states.

As for the very one who violates the door of secrecy, there is this harm: immediately upon dying he is born in the Avīci hell, where, upon his tongue five hundred yojanas in extent, a field is plowed with a plow of blazing iron. The Lion's Perfect Dynamic Energy (Seng ge rtsal rdzogs) states:

Those, too, who violate secrecy
will have a field plowed upon the tongue that speaks

[p. 539] and will experience great suffering.
Therefore, keep this definitive meaning (nges pa'i don) secret.Seng ge rtsal rdzogsQuotation (named in the text: སེང་གེ་རྩལ་རྫོགས་ལས)
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0065-vol-01-text (the text itself), 83 % of the words.

So it states.

10.1.3 The way of keeping it secret གསོང་ཚུལ10.1.3 The way of keeping it secret
Secrecy is to be kept from the unrealized and from people generally, since untimely teaching is withheld even from the fortunate. It implies no fault in the Dharma but prevents others from accumulating negative karma and protects the Dharma's greatness. The actual practice begins by withholding even the name of this Dharma from ordinary people, those of small intellect and proclaimers of secrets.

As for the way of keeping it secret, there are three points: a general presentation of the objects of secrecy, a statement that the meaning kept secret is without fault,[77]Note 77 · p. 539 · gsang don skyon med du brjod: Claude Fable 5.2 and GPT-6.2 Astra take gsang don as "the purpose of / reason for secrecy", Dharmamitra and Gemini 4 Neon as "the secret meaning / what is kept secret". The latter is followed, since both verses cited under this heading say that secret mantra, or the Dharma, has no fault. and an explanation of the actual way of keeping it secret.

10.1.3.1 General presentation of the objects of secrecy གསང་བའི་ཡུལ་སྤྱིར་བསྟན10.1.3.1 General presentation of the objects of secrecy
The tantra enjoins secrecy from the unrealized and from people generally. The view that teaching those who cannot understand is harmless is refuted: untimely teaching must be withheld even from the fortunate, as the Prātimokṣa rites are from novices, and still more from ordinary people.

As for the objects, that same tantra states:

From the factions of those without realization
and from all people, keep it utterly secret.
In order to keep it secret, the various oral instructions (gdams ngag) were taught.Seng ge rtsal rdzogsQuotation (the text says: the same source: རྒྱུད་དེ་ཉིད་ལས)
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0065-vol-01-text (the text itself), 65 % of the words.

So it states.

Some say: "With those who have no understanding, the matter is settled by the way of its being primordially secret;[78]Note 78 · p. 539 · ye gsang thabs kyi chod nas is read as thabs kyis chod: "settled by the way of its being primordially secret", i.e. it is self-secret to those who do not understand. Dharmamitra's "delimited by the method of primordial concealment" and Gemini 4 Neon's "sealed off" obscure this; Claude Fable 5.2 and GPT-6.2 Astra agree with the reading adopted. so as long as there is no lack of faith, this does not amount to proclaiming the secret—just as with birds and the like."

To say this, too, is the reckless talk of the ignorant. It contradicts the scriptures of the Buddha's word; and as for the reasoning that it must be kept secret:[79]Note 79 · p. 539 · gsong dgos pa'i rig pa: read as rigs pa, "reasoning" (set against bka' lung, scripture), not rig pa "awareness". All drafts agree. if the time for that Dharma has not come, it must be kept secret even from one who is fortunate, just as the Prātimokṣa Sūtra and the practical procedures of the rites are kept secret from all those, such as novices, who wish to become fully ordained monks. From ordinary people

[p. 540] it must be kept secret even more than that, because the greatness and the blessing (byin rlabs) of that Dharma would decline and punishment would come about.

10.1.3.2 The meaning kept secret is without fault གསང་དོན་སྐྱོན་མེད་དུ་བརྗོད་པ10.1.3.2 The meaning kept secret is without fault
Secrecy is a compassionate skilful means, not a sign of a flawed Dharma: it prevents others from accumulating negative karma and protects the Dharma's greatness (Perfect Dynamic Energy and another source).

As for the statement that the meaning kept secret is without fault, the Perfect Dynamic Energy states:

Secret mantra (gsang sngags) is taught as the conduct of skillful means (thabs).
It is not that secret mantra has any fault;
through great compassion (thugs rje chen po), skillful in means,
from those who are not vessels and those of dull intellect
it is kept secret, on account of their bad residual karma[80]Note 80 · p. 540 · las 'phro ngan pa'i don phyir gsang: Dharmamitra and GPT-6.2 Astra make "those with poor karma" a third group in the list; Gemini 4 Neon makes it a relative clause on the first two. With Claude Fable 5.2 it is read as the reason for secrecy applying to the two groups named ("on account of their bad residual karma"), as Longchenpa's gloss gzhan gyi las sog pa spang ba suggests. (las 'phro).Seng ge rtsal rdzogsQuotation (named in the text: རྩལ་རྫོགས་ལས)
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0065-vol-01-text (the text itself), 84 % of the words.

Thus it is not kept secret because the Dharma is bad. Since it is kept secret in order to avoid others' accumulating karma and to avoid the decline of the Dharma's greatness, there is no fault. Elsewhere, too, it is found:

As for secret mantra being called "secret,"
it is not that the Dharma has any fault;
keep it secret from those of small intellect, of the lesser vehicles.source?Quotation (not named in the text: གཞན་ལས་ཀྱང)
Source not identified.
The quoted words are in Ngb-pt-0571-vol-06-text (a parallel: འབྲས་བུ་གསང་བ་བླ་ན་མེད་པའི་རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ), 82 % of the words.

10.1.3.3 The actual way of keeping it secret གསོང་ཚུལ་དངོས10.1.3.3 The actual way of keeping it secret
Begins explaining what is withheld from the three types—ordinary people, those of small intellect and proclaimers of secrets—starting with the very name of this Dharma; continues beyond this stretch.

As for the actual way of keeping it secret: to the three types shown earlier as its objects—ordinary people, those of small intellect, and those who proclaim secrets—the name of this Dharma,[81]Note 81 · p. 540 · The final sentence runs on to the next page. The English stops at "the name of this Dharma," so that the next part can continue with the remaining items and the verb (mi brjod).

[p. 541] its letters,[82]Note 82 · p. 541 · yi ge: rendered "letters" (Gemini 4 Neon "words", Claude Fable 5.2 "texts", GPT-6.2 Astra "writings"; Dharmamitra omits the whole first sentence). its key points, and even so much as a fragment of the wording of its philosophical tenets (grub mtha') are not to be spoken. When the time has not come, and also in regions that, having no devotion to it, are like borderlands, one does not even say that one knows that Dharma, that one has it, or that one has requested it. Even if those who are broadly acquainted with it[83]Note 83 · p. 541 · rgya la rgyus yod pa dag is doubtful. I read rgya as "extent" ("those broadly acquainted with it"), with Dharmamitra and GPT-6.2 Astra. Claude Fable 5.2 takes rgya as the seal of secrecy ("those who have some knowledge of what is under the seal"), which is also possible. should ask, one is instructed to keep it secret, saying "I am not certain," or "Since I have not put it into practice, I have no idea." The Perfect Dynamic Energy states:

Therefore, keep this definitive meaning secret.
Do not proclaim it even in the direction of the wind.Seng ge rtsal rdzogsQuotation (named in the text: རྩལ་རྫོགས་ལས)
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in ཚིག་དོན་རིན་པོ་ཆེའི་མཛོད། (a parallel: ཚིག་དོན་རིན་པོ་ཆེའི་མཛོད), 100 % of the words.

Since here it is taught again and again[84]Note 84 · p. 541 · 'di nas: read as "here", i.e. in the tantra just quoted, with Dharmamitra and Gemini 4 Neon (GPT-6.2 Astra "this text"). Claude Fable 5.2's "from this point on" is less likely, since Longchenpa goes on to quote the same tantra. that it is to be kept secret, ensuring that the books of the Heart Drop (snying thig),[87]Note 87 · p. 541 · snying thig: "Heart Drop" per the house glossary; all drafts had "Heart Essence". the key points of the body and so forth are not seen is a great samaya (dam tshig). In particular, to explain this Dharma to others and so forth without having received authorization[85]Note 85 · p. 541 · gzhan bka' ma thob par: Dharmamitra and GPT-6.2 Astra take bka' ma thob pa as describing the listeners ("others who have not received authorization/transmission"). I follow Gemini 4 Neon and Claude Fable 5.2, where it is the teacher who lacks authorization; the verse that follows says exactly this ("until one has received the transmission … of the vajra master"). is not permissible, even if one has a vajra tongue.

That same tantra states:

The meaning of Ati, the Great Perfection (rdzogs chen) of secret mantra,
is not to be spoken to those of the lower vehicles.[86]Note 86 · p. 541 · 'og ma rnams is literally "the lower ones". "Of the lower vehicles" follows Gemini 4 Neon, Claude Fable 5.2, GPT-6.2 Astra and the quotation closing the previous part; Dharmamitra's "lesser capacity" is less exact.

[p. 542] Until one has received the very transmission (lung)
of the heroic vajra master (rdo rje slob dpon),
even though one has the manner of a vajra tongue,
the secret is not to be shown to others.
To those of the lower types, to those who have not received empowerment (dbang),
and to those whose residual karma has turned bad,
the meaning of the great secret is not explained.
That is an enumeration of samaya.Seng ge rtsal rdzogsQuotation (the text says: the same source: རྒྱུད་དེ་ཉིད་ལས)
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0065-vol-01-text (the text itself), 67 % of the words.

10.1.4 The faults of not keeping it secret མ་གསོང་བའི་སྐྱོན10.1.4 The faults of not keeping it secret
Failing to keep it secret causes superimposition and denial leading self and others to the lower realms, decline of the heart-essence teaching and punishment by guardians. Tantra quotations also describe the nature of unfit, perverse individuals from whom it must be hidden.

As for the faults of not keeping it secret: it becomes a cause of superimposition and denial,[89]Note 89 · p. 542 · sgro skur / skur 'debs: "superimposition and denial" and "deny" per the glossary, against "exaggeration and denigration" (Dharmamitra, Claude Fable 5.2, GPT-6.2 Astra) and "deprecation" (Gemini 4 Neon). so that oneself and others go to the lower realms; the teaching of the heart essence declines; punishment by the guardians of the teachings comes about; what one has set one's mind on is not accomplished; and so forth. The Perfect Dynamic Energy states:

If this great secret of Ati, the Great Perfection,
is proclaimed to those of inferior intellect—
for example, when fire is kindled with a rubbing stick,
the rubbing stick itself is burned up,
and whatever else bears marks (mtshan ma)[88]Note 88 · p. 542 · gzhan yang mtshan mar gyur pa bsreg: kept literally as "whatever else bears marks", i.e. tangible things. GPT-6.2 Astra's "whatever else the fire takes hold of" is a paraphrase. is burned as well.
The definitive meaning (nges don) of secret mantra is like fire.
Those of small fortune and inferior wisdom,
of bad intellect, confused about cause

[p. 543] and effect—
because they deny the meaning of the Great Perfection,
they will be hurled into the three lower realms.
Not realizing the definitive meaning, they experience suffering.Seng ge rtsal rdzogsQuotation (named in the text: རྩལ་རྫོགས་ལས)
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0065-vol-01-text (the text itself), 55 % of the words.

And the All-Creating King states:

Although in the meaning of the heart essence accepting and rejecting have no place,
nonhumans and elemental spirits create obstacles,
and through the accomplished ḍākinīs[91]Note 91 · p. 543 · mkha' 'gro grub pa can gyis: one agent, "accomplished ḍākinīs" (Dharmamitra, Gemini 4 Neon, Claude Fable 5.2), not GPT-6.2 Astra's "ḍākinīs and siddhas". (mkha' 'gro), both[90]Note 90 · p. 543 · gnyis ka ("both") is left unspecified, as in the Tibetan (so Claude Fable 5.2); it presumably means master and disciple, as Dharmamitra, Gemini 4 Neon and GPT-6.2 Astra supply.
fall under the power of untimely death and fear,
and through the power of superimposition and denial the vehicle of the heart essence is brought to decline.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 73 % of the words.

As for the nature of those who lack the fortune, that same tantra states:

To show the perverse individuals who are not vessels:[92]Note 92 · p. 543 · snod min log pa'i gang zag bstan pa ni is a nine-syllable line of the quoted tantra and is kept as verse (Gemini 4 Neon, Claude Fable 5.2, GPT-6.2 Astra), not as Longchenpa's prose (Dharmamitra).
they delight in fame and worldly concerns;
they are proud, do not honor the holy, are short-tempered and contrary;[93]Note 93 · p. 543 · yid thung bzlog: "short-tempered and contrary" (Dharmamitra, Gemini 4 Neon, Claude Fable 5.2), not GPT-6.2 Astra's "lose heart, and turn away".
they are frivolous[94]Note 94 · p. 543 · 'phyar: "frivolous" (Gemini 4 Neon; GPT-6.2 Astra "flighty"), not "haughty" (Claude Fable 5.2) or "ostentatious" (Dharmamitra). and have neither material offerings nor faith;
deciding matters for themselves,[95]Note 95 · p. 543 · rang chod (text) | Adzom: rang tshod. I keep rang chod, "deciding matters for themselves"; Adzom's reading would give "going by their own estimation". The sense is close either way. they want practice by forceful means;
toward the teaching as a whole they are ever more at odds;[96]Note 96 · p. 543 · bstan pa yongs la 'phel zhing mi mthun zhing: 'phel ("increase") is odd here and may be corrupt, perhaps for 'phya, "deride". I translate the text as it stands, "ever more at odds", with GPT-6.2 Astra. Dharmamitra ("universal growth of the teachings"), Gemini 4 Neon ("strays from") and Claude Fable 5.2 ("inflate the teaching") are harder to get from the syntax.
and, superimposing and denying, malice toward themselves and others

[p. 544] is what they cultivate.
To these it is not to be shown; it is to be kept supremely secret.Kun byedQuotation (the text says: the same source: རྒྱུད་དེ་ཉིད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 63 % of the words.

And the Natural Arising states:

Those who show no honor or reverence,
who engage in secret mantra recklessly,
who are without good lineage and without good character,
whose wisdom has become slight,
who hold kindness in contempt,
who speak of their own family lineage,
who deck the body with fine ornaments,
and who have become pointlessly careless[97]Note 97 · p. 544 · phyal ba: here in its ordinary pejorative sense, "careless", "aimless", not the glossary's "wide openness", which the context excludes.—
a student who has not been examined is the master's enemy.
To individuals who do not put it into practice,
the meaning of the Great Perfection is not explained.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Gnas lugs rin po che'i mdzod/Chapter 5/Commentary (a parallel), 93 % of the words.

10.1.5 The qualities of keeping it secret གསོང་བའི་ཡོན་ཏན10.1.5 The qualities of keeping it secret
Keeping it secret accomplishes the good of oneself and others and allows the teaching to remain for a long time.

As for the qualities of keeping it secret:[98]Note 98 · p. 544 · yon tan: glossary "qualities" kept; the sense is the virtues or benefits of secrecy, set against the faults (skyon) above. Gemini 4 Neon, Claude Fable 5.2, GPT-6.2 Astra have "benefits". the good of oneself and others is accomplished, and the teaching remains for a long time.

10.2 Showing it to the fortunate སྐལ་ལྡན་ལ་བསྟན་པ10.2 Showing it to the fortunate
Fortunate disciples are fit vessels endowed with faith, diligence, wisdom, kept samaya, the ability to keep secrets, reverence for the master and nonattachment. Before teaching, the master tests them with hard tasks, harsh words, contrary conduct or requests for wealth; those whose faith and generosity endure show a prior karmic connection.

As for showing it to the fortunate, too, there are two topics: their defining characteristics (mtshan nyid) and the way to examine them. Of these,

10.2.1 The defining characteristics of the fortunate སྐལ་ལྡན་ཡིན་པའི་མཚན་ཉིད10.2.1 The defining characteristics of the fortunate
Quotations from the Inlaid Jewels, Natural Arising and All-Creating King list the qualities of a fit vessel: faith, diligence, wisdom, keeping samaya, ability to keep secrets, reverence for the master, and nonattachment shown by offering body and wealth.

as for the defining characteristics of one who is fortunate, the Inlaid Jewels states:

This great secret maṇḍala (dkyil 'khor)

[p. 545] is not to be shown to everyone;
it is shown to the few who can keep it secret.
This secret sequence of secret mantra—
the kinds of people to whom it is shown are these:
those able to bear the entrustment of the secret,
those who are diligent in the secret meaning,
those great in wisdom and keenness of intellect,
and those who keep samaya and vows—to them it is shown.Nor bu phra bkodQuotation (named in the text: ནོར་བུ་ཕྲ་བཀོད་ལས)
ནོར་བུ་ཕྲ་བཀོད་རང་གི་དོན་ཐམས་ཅད་གསལ་བར་བྱེད་པའི་རྒྱུད, nor bu phra bkod rang gi don thams cad gsal bar byed pa'i rgyud, The Inlaid Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0066-vol-01-text (the text itself), 59 % of the words.

And:

To those of the kṣatriya caste and the brahmin caste,
likewise to those of the great vaiśya caste,
and to people of great distinction,
the definitive meaning of secret mantra is to be shown, it is said.Nor bu phra bkodQuotation (not named in the text)

The quoted words are in Klong chen rab byams gsung 'bum/volume 019 459 (a parallel: ཚིག་དོན་རིན་པོ་ཆེའི་མཛོད), 100 % of the words.

And the Natural Arising states:

Great in the strength of faith and in diligence,
great in wisdom, without grasping or attachment,
greatly reverent, practicing secret mantra,
nonconceptual, with no distraction in their minds,[99]Note 99 · p. 545 · rtog med sems la g.yeng ba med: Claude Fable 5.2 takes this as "without distraction in the nonconceptual mind"; with Gemini 4 Neon, Dharmamitra and GPT-6.2 Astra I take rtog med as a separate quality, in parallel with the other lines of the list.
keeping samaya and diligent in accomplishment (sgrub pa),
constant and ardent, full of loving affection,
vivid and serene, engaging in meditation,
acting exactly as the master (slob dpon) has said,

Translation notes
  • 72. [p. 537] rab gsang is read as qualifying theg pa rgyal po ("supremely secret king of vehicles"), parallel to rab gsang theg pa'i yang rtse in the preceding lines. GPT-6.2 Astra takes it as an imperative ("Keep most secret"), which makes the same line both conceal and entrust.
  • 73. [p. 537] yon tan in gsong ba'i yon tan is rendered "benefits" rather than the glossary's "qualities", because it is paired with skyon, "faults" (so Dharmamitra, Claude Fable 5.2, GPT-6.2 Astra; Gemini 4 Neon has "qualities").
  • 74. [p. 537] gsong / gsang: the e-text has gsong throughout where Adzom reads gsang. Both are forms of "keep secret", not gsong po "frank", so the meaning is unchanged and no variant is adopted.
  • 75. [p. 538] las la sbyor: Claude Fable 5.2 makes the violator of secrecy the agent who "binds others" to that karma; Dharmamitra has the others themselves engaging in it. The Tibetan leaves the agent open, so a neutral passive ("are thereby joined to the karma") is used.
  • 76. [p. 538] yid in the Uttaratantra verse (v. 5.24) is rendered "mind" rather than the glossary's "mental faculty"; the word is used non-technically there (Skt. mānasa).
  • 77. [p. 539] gsang don skyon med du brjod: Claude Fable 5.2 and GPT-6.2 Astra take gsang don as "the purpose of / reason for secrecy", Dharmamitra and Gemini 4 Neon as "the secret meaning / what is kept secret". The latter is followed, since both verses cited under this heading say that secret mantra, or the Dharma, has no fault.
  • 78. [p. 539] ye gsang thabs kyi chod nas is read as thabs kyis chod: "settled by the way of its being primordially secret", i.e. it is self-secret to those who do not understand. Dharmamitra's "delimited by the method of primordial concealment" and Gemini 4 Neon's "sealed off" obscure this; Claude Fable 5.2 and GPT-6.2 Astra agree with the reading adopted.
  • 79. [p. 539] gsong dgos pa'i rig pa: read as rigs pa, "reasoning" (set against bka' lung, scripture), not rig pa "awareness". All drafts agree.
  • 80. [p. 540] las 'phro ngan pa'i don phyir gsang: Dharmamitra and GPT-6.2 Astra make "those with poor karma" a third group in the list; Gemini 4 Neon makes it a relative clause on the first two. With Claude Fable 5.2 it is read as the reason for secrecy applying to the two groups named ("on account of their bad residual karma"), as Longchenpa's gloss gzhan gyi las sog pa spang ba suggests.
  • 81. [p. 540] The final sentence runs on to the next page. The English stops at "the name of this Dharma," so that the next part can continue with the remaining items and the verb (mi brjod).
  • 82. [p. 541] yi ge: rendered "letters" (Gemini 4 Neon "words", Claude Fable 5.2 "texts", GPT-6.2 Astra "writings"; Dharmamitra omits the whole first sentence).
  • 83. [p. 541] rgya la rgyus yod pa dag is doubtful. I read rgya as "extent" ("those broadly acquainted with it"), with Dharmamitra and GPT-6.2 Astra. Claude Fable 5.2 takes rgya as the seal of secrecy ("those who have some knowledge of what is under the seal"), which is also possible.
  • 84. [p. 541] 'di nas: read as "here", i.e. in the tantra just quoted, with Dharmamitra and Gemini 4 Neon (GPT-6.2 Astra "this text"). Claude Fable 5.2's "from this point on" is less likely, since Longchenpa goes on to quote the same tantra.
  • 85. [p. 541] gzhan bka' ma thob par: Dharmamitra and GPT-6.2 Astra take bka' ma thob pa as describing the listeners ("others who have not received authorization/transmission"). I follow Gemini 4 Neon and Claude Fable 5.2, where it is the teacher who lacks authorization; the verse that follows says exactly this ("until one has received the transmission … of the vajra master").
  • 86. [p. 541] 'og ma rnams is literally "the lower ones". "Of the lower vehicles" follows Gemini 4 Neon, Claude Fable 5.2, GPT-6.2 Astra and the quotation closing the previous part; Dharmamitra's "lesser capacity" is less exact.
  • 87. [p. 541] snying thig: "Heart Drop" per the house glossary; all drafts had "Heart Essence".
  • 88. [p. 542] gzhan yang mtshan mar gyur pa bsreg: kept literally as "whatever else bears marks", i.e. tangible things. GPT-6.2 Astra's "whatever else the fire takes hold of" is a paraphrase.
  • 89. [p. 542] sgro skur / skur 'debs: "superimposition and denial" and "deny" per the glossary, against "exaggeration and denigration" (Dharmamitra, Claude Fable 5.2, GPT-6.2 Astra) and "deprecation" (Gemini 4 Neon).
  • 90. [p. 543] gnyis ka ("both") is left unspecified, as in the Tibetan (so Claude Fable 5.2); it presumably means master and disciple, as Dharmamitra, Gemini 4 Neon and GPT-6.2 Astra supply.
  • 91. [p. 543] mkha' 'gro grub pa can gyis: one agent, "accomplished ḍākinīs" (Dharmamitra, Gemini 4 Neon, Claude Fable 5.2), not GPT-6.2 Astra's "ḍākinīs and siddhas".
  • 92. [p. 543] snod min log pa'i gang zag bstan pa ni is a nine-syllable line of the quoted tantra and is kept as verse (Gemini 4 Neon, Claude Fable 5.2, GPT-6.2 Astra), not as Longchenpa's prose (Dharmamitra).
  • 93. [p. 543] yid thung bzlog: "short-tempered and contrary" (Dharmamitra, Gemini 4 Neon, Claude Fable 5.2), not GPT-6.2 Astra's "lose heart, and turn away".
  • 94. [p. 543] 'phyar: "frivolous" (Gemini 4 Neon; GPT-6.2 Astra "flighty"), not "haughty" (Claude Fable 5.2) or "ostentatious" (Dharmamitra).
  • 95. [p. 543] rang chod (text) | Adzom: rang tshod. I keep rang chod, "deciding matters for themselves"; Adzom's reading would give "going by their own estimation". The sense is close either way.
  • 96. [p. 543] bstan pa yongs la 'phel zhing mi mthun zhing: 'phel ("increase") is odd here and may be corrupt, perhaps for 'phya, "deride". I translate the text as it stands, "ever more at odds", with GPT-6.2 Astra. Dharmamitra ("universal growth of the teachings"), Gemini 4 Neon ("strays from") and Claude Fable 5.2 ("inflate the teaching") are harder to get from the syntax.
  • 97. [p. 544] phyal ba: here in its ordinary pejorative sense, "careless", "aimless", not the glossary's "wide openness", which the context excludes.
  • 98. [p. 544] yon tan: glossary "qualities" kept; the sense is the virtues or benefits of secrecy, set against the faults (skyon) above. Gemini 4 Neon, Claude Fable 5.2, GPT-6.2 Astra have "benefits".
  • 99. [p. 545] rtog med sems la g.yeng ba med: Claude Fable 5.2 takes this as "without distraction in the nonconceptual mind"; with Gemini 4 Neon, Dharmamitra and GPT-6.2 Astra I take rtog med as a separate quality, in parallel with the other lines of the list.
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the commentary announces and opens), gold the quotations, red the words of the root verses (or of a quotation) that the commentary quotes to explain them, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program, the root verses by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Root verses being explainedAuthor's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 537]
རབ་གསང་ཐེག་པ་རྒྱལ་པོའི་གདུང༌། སྐལ་བཟངས་དམ་པ་རྣམས་ལ་བསྟན་ཞིང་གཏད། །ཐེག་པ་རྒྱལ་པོའི་གདུང་རབས་རྨད་དུ་བྱུང་བ་འདི་སྐལ་མེད་ལ་གསང༌། སྐལ་ལྡན་ལ་བསྟན། སྐལ་བཟང་རྡོ་རྗེ་སྙིང་པོའི་མཆོག་ལ་གཏད་པ་ལ། སྐལ་མེད་ལ། ངོ་བོ། དབྱེ་བ། གསོང་ཚུལ། མ་གསོང་བའི་སྐྱོན། གསོང་བའི་ཡོན་ཏན་དང་ལྔ་ལས། སྐལ་མེད་ཀྱི་ངོ་བོ་ཆོས་ཟབ་མོའི་སྣོད་དུ་མ་གྱུར་པ་སྟེ་ཆོས་ཀྱི་བགོ་སྐལ་ལ་མི་དབང་བའི་ཕྱིར་རོ། །དབྱེ་ན་ཆོས་ལ་ལས་འབྲེལ་མེད་པའི་སྐྱེ་བོ་ཕལ་པ་རྣམས་དང༌། བློ་ཆུང་བས་སྐྲག་ཅིང་སྔངས་པ་ཐེག་པ་ཐུན་མོང་ལ་ཞུགས་པ་རྣམས་དང༌། གསང་བ་སྣོད་མིན་དང་དུས་མིན་དུ་སྒྲོགས་པའི་གསང་སྒོ་འཆོལ་བའི་གང་ཟག་རྣམས་ཏེ་གསུམ་མོ། །དེ་ལས་གསང་སྒོ་འཆོལ་བའི་རིགས་ཅན་ལ་གསང་ཆེན་འདིའི་དོན་གསང་བར་གདམས་ཏེ། ཕ་རོལ་སྣོད་

the dynasty of the supremely secret king of vehicles[72]Note 72 · p. 537 · rab gsang is read as qualifying theg pa rgyal po ("supremely secret king of vehicles"), parallel to rab gsang theg pa'i yang rtse in the preceding lines. GPT-6.2 Astra takes it as an imperative ("Keep most secret"), which makes the same line both conceal and entrust.
is to be taught and entrusted to holy ones of good fortune.

As to this wondrous dynasty of the king of vehicles being kept secret from those without fortune, taught to the fortunate (skal ldan), and entrusted to the supreme ones with the good fortune of the vajra heart essence (rdo rje snying po):

10.1 Keeping it secret from those without fortune སྐལ་མེད་ལ་གསང་བ10.1 Keeping it secret from those without fortune
The unfortunate lack any share in the profound Dharma and are of three types: ordinary people, timid followers of common vehicles and violators of secrecy. Secrecy is a compassionate skilful means, not a flaw in the Dharma. Breaking it leads self and others to the lower realms and causes the teaching to decline, while keeping it benefits all and preserves the teaching.

regarding those without fortune there are five topics—their essence, their divisions (dbye ba), the way of keeping it secret, the faults of not keeping it secret, and the benefits of keeping it secret.[73]Note 73 · p. 537 · yon tan in gsong ba'i yon tan is rendered "benefits" rather than the glossary's "qualities", because it is paired with skyon, "faults" (so Dharmamitra, Claude Fable 5.2, GPT-6.2 Astra; Gemini 4 Neon has "qualities"). Of these,

10.1.1 The essence of those without fortune སྐལ་མེད་ཀྱི་ངོ་བོ10.1.1 The essence of those without fortune
Those without fortune are not vessels for the profound Dharma, having no right to a share in it.

the essence of those without fortune is that they have not become vessels for the profound Dharma (chos), because they have no right to a share in the Dharma.

10.1.2 Their divisions དབྱེ་བ10.1.2 Their divisions
Three types: ordinary people without karmic link, timid followers of common vehicles, and those who violate secrecy. Disparaging the Dharma is heavier than the deeds of immediate retribution (Uttaratantra), and violators suffer in Avīci with a plowed tongue (Lion's Perfect Dynamic Energy).

When divided, there are three: ordinary people who have no karmic connection (las 'brel) with the Dharma; those who have entered the common vehicles and who, being of small intellect, are frightened and terrified; and individuals who violate the door of secrecy, proclaiming the secret to those who are not vessels and at the wrong time. Among these, the advice is to keep the meaning of this great secret (gsang chen) secret from the type who violate the door of secrecy; for the others—those who are not vessels[74]Note 74 · p. 537 · gsong / gsang: the e-text has gsong throughout where Adzom reads gsang. Both are forms of "keep secret", not gsong po "frank", so the meaning is unchanged and no variant is adopted.

[p. 538]
མེད་བློ་ཆུང་རྣམས་རྒྱུ་དེས་ཆོས་ལ་སྐུར་པ་བཏབ་པས་ངན་འགྲོ་མུ་མཐའ་མེད་པར་སྐྱེ་བའི་ལས་ལ་སྦྱོར་ཏེ། ལས་དེ་མཚམས་མེད་ལྔ་པས་ཤིན་ཏུ་ལྕི་བའི་ཕྱིར་རོ། །རྒྱུད་བླ་མ་ལས། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་དང་བདེ་གཤེགས་ངན་སེམས་ལྡན་བྱེད་དང༌།
།ཕ་མ་དགྲ་བཅོམ་གསོད་དང་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི།
།དེ་ཡང་ཆོས་ཉིད་ངེས་པར་བསམས་ན་དེ་ལས་མྱུར་དུ་ཐར་འགྱུར་གྱིས།
།གང་ཞིག་ཡིད་ནི་རྟག་ཏུ་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད།
།ཅེས་སོ། །གསང་སྒོ་འཆོལ་བར་བྱེད་པ་དེ་ཉིད་ཤི་མ་ཐག་ཏུ་སེམས་ཅན་དམྱལ་བ་མནར་མེད་པར་སྐྱེས་ནས། ལྕེ་དཔག་ཚད་ལྔ་བརྒྱའི་སྟེང་དུ་ལྕགས་ཀྱི་ཐོང་གཤོལ་མེ་འབར་བས་ཞིང་རྨོ་བར་བྱེད་པའི་ཉེས་པ་ཡོད་དེ། སེང་གེ་རྩལ་རྫོགས་ལས། གསང་བ་འཆོལ་བར་བྱེད་པ་ཡང༌།
སྨྲ་བྱེད་ལྕེ་ལ་ཞིང་རྨོ་ཞིང༌།
།སྡུག་བསྔལ་ཆེན་

and are of small intellect—disparage the Dharma on that account and are thereby joined to the karma[75]Note 75 · p. 538 · las la sbyor: Claude Fable 5.2 makes the violator of secrecy the agent who "binds others" to that karma; Dharmamitra has the others themselves engaging in it. The Tibetan leaves the agent open, so a neutral passive ("are thereby joined to the karma") is used. of being born in the lower realms without end, since that karma is far heavier than the five deeds of immediate retribution. The Uttaratantra (Rgyud bla ma) states:

A person who again and again relies on evil companions, who bears ill will toward the Sugata,
who kills father, mother or an arhat, who does what is not to be done and splits the supreme assembly—
even such a one, by reflecting with certainty on the nature of phenomena, will swiftly be liberated from that.
But for one whose mind is always hostile to the Dharma,[76]Note 76 · p. 538 · yid in the Uttaratantra verse (v. 5.24) is rendered "mind" rather than the glossary's "mental faculty"; the word is used non-technically there (Skt. mānasa). how could there be liberation?Rgyud bla maQuotation (named in the text: རྒྱུད་བླ་མ་ལས)
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས, theg pa chen po rgyud bla ma'i bstan bcos, The Sublime Continuum (Uttaratantra) (Mahāyānottaratantraśāstra (Ratnagotravibhāga)), by Maitreya (Asaṅga) · shastra; Tengyur; Toh 4024
Identification: high confidence
The quoted words are in དམ་ཚིག་རྒྱ་མཚོ་མཐའ་ཡས་པ་རྣམ་པར་སྣང་བར་བྱེད་པ་དྲི་མ་མེད་པའི་སྙིང་པོ་ཞེས་བྱ་བ་བཞུགས། (a parallel), 50 % of the words.

So it states.

As for the very one who violates the door of secrecy, there is this harm: immediately upon dying he is born in the Avīci hell, where, upon his tongue five hundred yojanas in extent, a field is plowed with a plow of blazing iron. The Lion's Perfect Dynamic Energy (Seng ge rtsal rdzogs) states:

Those, too, who violate secrecy
will have a field plowed upon the tongue that speaks

[p. 539]
པོ་མྱོང་བར་འགྱུར།
།དེ་ཕྱིར་ངེས་པའི་དོན་འདི་གསོང༌།
།ཞེས་སོ། །གསོང་ཚུལ་ལ་གསང་བའི་ཡུལ་སྤྱིར་བསྟན། གསང་དོན་སྐྱོན་མེད་དུ་བརྗོད། གསོང་ཚུལ་དངོས་བཤད་པ་ལ་གསུམ་ལས། ཡུལ་ནི་རྒྱུད་དེ་ཉིད་ལས། །མ་རྟོགས་པ་ཡི་ཕྱོགས་རྣམས་དང༌།
།སྐྱེ་བོ་ཀུན་ལ་རབ་ཏུ་གསོང༌།
།གསོང་ཕྱིར་གདམས་ངག་སྣ་ཚོགས་གསུངས།
།ཞེས་སོ། །ཁ་ཅིག་ན་རེ་གོ་བ་མེད་པ་ལ་ཡེ་གསང་ཐབས་ཀྱི་ཆོད་ནས་མ་དད་པ་མེད་ན་གསང་སྒྲོགས་སུ་མི་འགྱུར་ཏེ། བྱ་ལ་སོགས་པ་བཞིན་ཟེར་བའང་རྨོངས་པ་རྡོལ་ཐབས་སུ་སྨྲ་བ་སྟེ། བཀའ་ལུང་དང་འགལ་བ་དང༌། གསོང་དགོས་པའི་རིག་པ་ཡང་ཆོས་དེ་དུས་ལ་མ་བབས་ན་སྐལ་ལྡན་ཡིན་ཡང་གསང་དགོས་ཏེ། དགེ་སློང་བྱེད་འདོད་པའི་དགེ་ཚུལ་ལ་སོགས་པ་ཀུན་ལ་སོ་སོར་ཐར་པའི་མདོ་དང་ཆོ་ག་ལག་ལེན་གསང་བ་བཞིན་ནོ། །ཕལ་པ་ལ་

and will experience great suffering.
Therefore, keep this definitive meaning (nges pa'i don) secret.Seng ge rtsal rdzogsQuotation (named in the text: སེང་གེ་རྩལ་རྫོགས་ལས)
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0065-vol-01-text (the text itself), 83 % of the words.

So it states.

10.1.3 The way of keeping it secret གསོང་ཚུལ10.1.3 The way of keeping it secret
Secrecy is to be kept from the unrealized and from people generally, since untimely teaching is withheld even from the fortunate. It implies no fault in the Dharma but prevents others from accumulating negative karma and protects the Dharma's greatness. The actual practice begins by withholding even the name of this Dharma from ordinary people, those of small intellect and proclaimers of secrets.

As for the way of keeping it secret, there are three points: a general presentation of the objects of secrecy, a statement that the meaning kept secret is without fault,[77]Note 77 · p. 539 · gsang don skyon med du brjod: Claude Fable 5.2 and GPT-6.2 Astra take gsang don as "the purpose of / reason for secrecy", Dharmamitra and Gemini 4 Neon as "the secret meaning / what is kept secret". The latter is followed, since both verses cited under this heading say that secret mantra, or the Dharma, has no fault. and an explanation of the actual way of keeping it secret.

10.1.3.1 General presentation of the objects of secrecy གསང་བའི་ཡུལ་སྤྱིར་བསྟན10.1.3.1 General presentation of the objects of secrecy
The tantra enjoins secrecy from the unrealized and from people generally. The view that teaching those who cannot understand is harmless is refuted: untimely teaching must be withheld even from the fortunate, as the Prātimokṣa rites are from novices, and still more from ordinary people.

As for the objects, that same tantra states:

From the factions of those without realization
and from all people, keep it utterly secret.
In order to keep it secret, the various oral instructions (gdams ngag) were taught.Seng ge rtsal rdzogsQuotation (the text says: the same source: རྒྱུད་དེ་ཉིད་ལས)
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0065-vol-01-text (the text itself), 65 % of the words.

So it states.

Some say: "With those who have no understanding, the matter is settled by the way of its being primordially secret;[78]Note 78 · p. 539 · ye gsang thabs kyi chod nas is read as thabs kyis chod: "settled by the way of its being primordially secret", i.e. it is self-secret to those who do not understand. Dharmamitra's "delimited by the method of primordial concealment" and Gemini 4 Neon's "sealed off" obscure this; Claude Fable 5.2 and GPT-6.2 Astra agree with the reading adopted. so as long as there is no lack of faith, this does not amount to proclaiming the secret—just as with birds and the like."

To say this, too, is the reckless talk of the ignorant. It contradicts the scriptures of the Buddha's word; and as for the reasoning that it must be kept secret:[79]Note 79 · p. 539 · gsong dgos pa'i rig pa: read as rigs pa, "reasoning" (set against bka' lung, scripture), not rig pa "awareness". All drafts agree. if the time for that Dharma has not come, it must be kept secret even from one who is fortunate, just as the Prātimokṣa Sūtra and the practical procedures of the rites are kept secret from all those, such as novices, who wish to become fully ordained monks. From ordinary people

[p. 540]
དེ་བས་ཀྱང་གསོང་དགོས་ཏེ་ཆོས་དེའི་ཆེ་བ་དང་བྱིན་རླབས་ཉམས་ཤིང་བཀའ་ཆད་འབྱུང་དུ་འོང་བའི་ཕྱིར་རོ། །གསང་དོན་སྐྱོན་མེད་དུ་བརྗོད་པ་ནི། རྩལ་རྫོགས་ལས། གསང་སྔགས་ཐབས་མཁས་སྤྱོད་པར་བསྟན།
།གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ།
།ཐུགས་རྗེ་ཆེན་པོ་ཐབས་མཁས་པས།
།སྣོད་མ་ཡིན་དང་བློ་རྟུལ་རྣམས།
།ལས་འཕྲོ་ངན་པའི་དོན་ཕྱིར་གསང༌།
།ཞེས་པས། ཆོས་ངན་ནས་གསང་བ་མ་ཡིན། གཞན་གྱི་ལས་སོག་པ་སྤང་བ་དང༌། ཆོས་ཀྱི་ཆེ་བ་ཉམས་པ་སྤང་བའི་ཕྱིར་གསང་བས་སྐྱོན་མེད་དེ། གཞན་ལས་ཀྱང༌། གསང་སྔགས་གསང་ཞེས་བྱ་བ་ནི།
ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ།
།བློ་ཆུང་ཐེག་པ་དམན་ལ་གསོང༌།
།ཞེས་འབྱུང་ངོ༌། །གསོང་ཚུལ་དངོས་ནི་སྔར་བསྟན་པའི་ཡུལ་སྐྱེ་བོ་ཕལ་པ་དང༌། བློ་ཆུང་དང༌། གསང་སྒྲོགས་པ་གསུམ་གྱི་རིགས་ལ། ཆོས་འདིའི་མིང་དང༌།

it must be kept secret even more than that, because the greatness and the blessing (byin rlabs) of that Dharma would decline and punishment would come about.

10.1.3.2 The meaning kept secret is without fault གསང་དོན་སྐྱོན་མེད་དུ་བརྗོད་པ10.1.3.2 The meaning kept secret is without fault
Secrecy is a compassionate skilful means, not a sign of a flawed Dharma: it prevents others from accumulating negative karma and protects the Dharma's greatness (Perfect Dynamic Energy and another source).

As for the statement that the meaning kept secret is without fault, the Perfect Dynamic Energy states:

Secret mantra (gsang sngags) is taught as the conduct of skillful means (thabs).
It is not that secret mantra has any fault;
through great compassion (thugs rje chen po), skillful in means,
from those who are not vessels and those of dull intellect
it is kept secret, on account of their bad residual karma[80]Note 80 · p. 540 · las 'phro ngan pa'i don phyir gsang: Dharmamitra and GPT-6.2 Astra make "those with poor karma" a third group in the list; Gemini 4 Neon makes it a relative clause on the first two. With Claude Fable 5.2 it is read as the reason for secrecy applying to the two groups named ("on account of their bad residual karma"), as Longchenpa's gloss gzhan gyi las sog pa spang ba suggests. (las 'phro).Seng ge rtsal rdzogsQuotation (named in the text: རྩལ་རྫོགས་ལས)
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0065-vol-01-text (the text itself), 84 % of the words.

Thus it is not kept secret because the Dharma is bad. Since it is kept secret in order to avoid others' accumulating karma and to avoid the decline of the Dharma's greatness, there is no fault. Elsewhere, too, it is found:

As for secret mantra being called "secret,"
it is not that the Dharma has any fault;
keep it secret from those of small intellect, of the lesser vehicles.source?Quotation (not named in the text: གཞན་ལས་ཀྱང)
Source not identified.
The quoted words are in Ngb-pt-0571-vol-06-text (a parallel: འབྲས་བུ་གསང་བ་བླ་ན་མེད་པའི་རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ), 82 % of the words.

10.1.3.3 The actual way of keeping it secret གསོང་ཚུལ་དངོས10.1.3.3 The actual way of keeping it secret
Begins explaining what is withheld from the three types—ordinary people, those of small intellect and proclaimers of secrets—starting with the very name of this Dharma; continues beyond this stretch.

As for the actual way of keeping it secret: to the three types shown earlier as its objects—ordinary people, those of small intellect, and those who proclaim secrets—the name of this Dharma,[81]Note 81 · p. 540 · The final sentence runs on to the next page. The English stops at "the name of this Dharma," so that the next part can continue with the remaining items and the verb (mi brjod).

[p. 541]
ཡི་གེ་དང༌། གནད་དང༌། གྲུབ་མཐའི་ཚིག་ཟུར་ཙམ་ཡང་མི་བརྗོད། དུས་ལ་མ་བབས་པ་དང༌། ཡུལ་ཕྱོགས་མི་མོས་པས་མཐའ་འཁོབ་དང་འདྲ་བ་རྣམས་སུའང་ཆོས་དེ་ཤེས་པ་དང་ཡོད་པ་དང་ཞུས་པ་སྐད་ཀྱང་མི་བརྗོད། རྒྱ་ལ་རྒྱུས་ཡོད་པ་དག་གིས་འདྲི་ནའང་མ་ངེས་སོ་ཞེས་བྱ་བ་དང༌། ཉམས་སུ་མ་བླངས་པས་ཆ་མེད་དོ་ཞེས་གསང་བར་གདམས་ཏེ། རྩལ་རྫོགས་ལས། དེ་ཕྱིར་ངེས་པའི་དོན་འདི་གསང༌།
།རླུང་ཕྱོགས་ཙམ་དུའང་བསྒྲག་མི་བྱ།
།ཞེས་སོ། །འདི་ནས་ཡང་དང་ཡང་དུ་གསང་བར་བསྟན་པས། སྙིང་ཐིག་གི་དཔེ་དང་ལུས་གནད་ལ་སོགས་པ་མ་མཐོང་བར་བྱ་བ་ནི་དམ་ཚིག་ཆེན་པོའོ། །ཁྱད་པར་དུ་གཞན་བཀའ་མ་ཐོབ་པར་འདིའི་ཆོས་བཤད་པ་ལ་སོགས་པ་རྡོ་རྗེའི་ལྕེ་ཡོད་ཀྱང་མི་རུང་སྟེ། རྒྱུད་དེ་ཉིད་ལས། གསང་སྔགས་རྫོགས་ཆེན་ཨ་ཏིའི་དོན།
འོག་མ་རྣམས་ལ་སྨྲ་མི་བྱ།
།

its letters,[82]Note 82 · p. 541 · yi ge: rendered "letters" (Gemini 4 Neon "words", Claude Fable 5.2 "texts", GPT-6.2 Astra "writings"; Dharmamitra omits the whole first sentence). its key points, and even so much as a fragment of the wording of its philosophical tenets (grub mtha') are not to be spoken. When the time has not come, and also in regions that, having no devotion to it, are like borderlands, one does not even say that one knows that Dharma, that one has it, or that one has requested it. Even if those who are broadly acquainted with it[83]Note 83 · p. 541 · rgya la rgyus yod pa dag is doubtful. I read rgya as "extent" ("those broadly acquainted with it"), with Dharmamitra and GPT-6.2 Astra. Claude Fable 5.2 takes rgya as the seal of secrecy ("those who have some knowledge of what is under the seal"), which is also possible. should ask, one is instructed to keep it secret, saying "I am not certain," or "Since I have not put it into practice, I have no idea." The Perfect Dynamic Energy states:

Therefore, keep this definitive meaning secret.
Do not proclaim it even in the direction of the wind.Seng ge rtsal rdzogsQuotation (named in the text: རྩལ་རྫོགས་ལས)
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in ཚིག་དོན་རིན་པོ་ཆེའི་མཛོད། (a parallel: ཚིག་དོན་རིན་པོ་ཆེའི་མཛོད), 100 % of the words.

Since here it is taught again and again[84]Note 84 · p. 541 · 'di nas: read as "here", i.e. in the tantra just quoted, with Dharmamitra and Gemini 4 Neon (GPT-6.2 Astra "this text"). Claude Fable 5.2's "from this point on" is less likely, since Longchenpa goes on to quote the same tantra. that it is to be kept secret, ensuring that the books of the Heart Drop (snying thig),[87]Note 87 · p. 541 · snying thig: "Heart Drop" per the house glossary; all drafts had "Heart Essence". the key points of the body and so forth are not seen is a great samaya (dam tshig). In particular, to explain this Dharma to others and so forth without having received authorization[85]Note 85 · p. 541 · gzhan bka' ma thob par: Dharmamitra and GPT-6.2 Astra take bka' ma thob pa as describing the listeners ("others who have not received authorization/transmission"). I follow Gemini 4 Neon and Claude Fable 5.2, where it is the teacher who lacks authorization; the verse that follows says exactly this ("until one has received the transmission … of the vajra master"). is not permissible, even if one has a vajra tongue.

That same tantra states:

The meaning of Ati, the Great Perfection (rdzogs chen) of secret mantra,
is not to be spoken to those of the lower vehicles.[86]Note 86 · p. 541 · 'og ma rnams is literally "the lower ones". "Of the lower vehicles" follows Gemini 4 Neon, Claude Fable 5.2, GPT-6.2 Astra and the quotation closing the previous part; Dharmamitra's "lesser capacity" is less exact.

[p. 542]
རྡོ་རྗེ་སློབ་དཔོན་དཔའ་བོ་ཡི།
།ལུང་ཉིད་མ་ཐོབ་བར་དུ་ཡང༌།
།རྡོ་རྗེ་ལྕེ་ཡི་ཚུལ་ཡོད་ཀྱང༌།
།གསང་བ་གཞན་ལ་བསྟན་མི་བྱ།
།འོག་མའི་རིགས་དང་དབང་མ་ཐོབ།
།ལས་འཕྲོ་ངན་པར་གྱུར་པ་ཡང༌།
།གསང་བ་ཆེན་པོའི་དོན་མི་བཤད།
།དེ་ནི་དམ་ཚིག་རྣམ་གྲངས་ཡིན།
།ཞེས་སོ། །མ་གསང་བའི་སྐྱོན་ནི་སྒྲོ་སྐུར་གྱི་རྒྱུར་སོང་ནས་རང་གཞན་ངན་སོང་དུ་འགྲོ་བ་དང༌། སྙིང་པོའི་བསྟན་པ་ནུབ་པ་དང༌། བཀའ་སྲུང་རྣམས་ཀྱི་ཆད་པ་འབྱུང་བ་དང༌། ཡིད་ལ་བསམ་པ་མི་འགྲུབ་པ་ལ་སོགས་ཏེ། རྩལ་རྫོགས་ལས། རྫོགས་ཆེན་ཨ་ཏིའི་གསང་ཆེན་འདི།
།བློ་དམན་རྣམས་ལ་བསྒྲགས་གྱུར་ན།
།དཔེར་ན་གཙུབ་ཤིང་མེ་གཙུབས་ན།
།གཙུབ་ཤིང་ཉིད་ཀྱང་ཚིག་པར་འགྱུར།
།གཞན་ཡང་མཚན་མར་གྱུར་པ་བསྲེག །གསང་སྔགས་ངེས་དོན་མེ་དང་འདྲ།
།སྐལ་བ་ཆུང་ཞིང་ཤེས་རབ་དམན།
།བློ་ངན་རྒྱུ་

Until one has received the very transmission (lung)
of the heroic vajra master (rdo rje slob dpon),
even though one has the manner of a vajra tongue,
the secret is not to be shown to others.
To those of the lower types, to those who have not received empowerment (dbang),
and to those whose residual karma has turned bad,
the meaning of the great secret is not explained.
That is an enumeration of samaya.Seng ge rtsal rdzogsQuotation (the text says: the same source: རྒྱུད་དེ་ཉིད་ལས)
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0065-vol-01-text (the text itself), 67 % of the words.

10.1.4 The faults of not keeping it secret མ་གསོང་བའི་སྐྱོན10.1.4 The faults of not keeping it secret
Failing to keep it secret causes superimposition and denial leading self and others to the lower realms, decline of the heart-essence teaching and punishment by guardians. Tantra quotations also describe the nature of unfit, perverse individuals from whom it must be hidden.

As for the faults of not keeping it secret: it becomes a cause of superimposition and denial,[89]Note 89 · p. 542 · sgro skur / skur 'debs: "superimposition and denial" and "deny" per the glossary, against "exaggeration and denigration" (Dharmamitra, Claude Fable 5.2, GPT-6.2 Astra) and "deprecation" (Gemini 4 Neon). so that oneself and others go to the lower realms; the teaching of the heart essence declines; punishment by the guardians of the teachings comes about; what one has set one's mind on is not accomplished; and so forth. The Perfect Dynamic Energy states:

If this great secret of Ati, the Great Perfection,
is proclaimed to those of inferior intellect—
for example, when fire is kindled with a rubbing stick,
the rubbing stick itself is burned up,
and whatever else bears marks (mtshan ma)[88]Note 88 · p. 542 · gzhan yang mtshan mar gyur pa bsreg: kept literally as "whatever else bears marks", i.e. tangible things. GPT-6.2 Astra's "whatever else the fire takes hold of" is a paraphrase. is burned as well.
The definitive meaning (nges don) of secret mantra is like fire.
Those of small fortune and inferior wisdom,
of bad intellect, confused about cause

[p. 543]
འབྲས་རྨོངས་པ་རྣམས།
།རྫོགས་ཆེན་དོན་ལ་སྐུར་འདེབས་པས།
།ངན་སོང་གསུམ་དུ་འཕང་བར་འགྱུར།
།ངེས་དོན་མ་རྟོགས་སྡུག་བསྔལ་མྱོང༌།
།ཞེས་པ་དང༌། ཀུན་བྱེད་ལས། སྙིང་པོའི་དོན་ལ་བླང་དོར་མི་གནས་ཀྱང༌།
།མི་མ་ཡིན་དང་འབྱུང་པོས་བར་གཅོད་ཅིང༌།
།མཁའ་འགྲོ་གྲུབ་པ་ཅན་གྱིས་གཉིས་ཀ་ལ།
།དུས་མིན་འཆི་དང་འཇིགས་པའི་དབང་གྱུར་ནས།
།སྒྲོ་སྐུར་དབང་གིས་སྙིང་པོའི་ཐེག་པ་བསྣུབ།
།ཅེས་སོ། །སྐལ་པ་མེད་པའི་རང་བཞིན་ཡང་རྒྱུད་དེ་ཉིད་ལས། སྣོད་མིན་ལོག་པའི་གང་ཟག་བསྟན་པ་ནི།
གྲགས་དང་འཇིག་རྟེན་ཆོས་ལ་དགའ་བ་དང༌།
།ང་རྒྱལ་དམ་པ་མི་བཀུར་ཡིད་ཐུང་བཟློག །འཕྱར་ཞིང་རྫས་དང་དད་པར་མི་ལྡན་ཏེ།
།རང་ཆོད་ཉམས་ལེན་བཙན་ཐབས་འདོད་པ་དང༌།
།བསྟན་པ་ཡོངས་ལ་འཕེལ་ཞིང་མི་མཐུན་ཞིང༌།
།སྒྲོ་སྐུར་བདག་གཞན་གནོད་སེམས་

and effect—
because they deny the meaning of the Great Perfection,
they will be hurled into the three lower realms.
Not realizing the definitive meaning, they experience suffering.Seng ge rtsal rdzogsQuotation (named in the text: རྩལ་རྫོགས་ལས)
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0065-vol-01-text (the text itself), 55 % of the words.

And the All-Creating King states:

Although in the meaning of the heart essence accepting and rejecting have no place,
nonhumans and elemental spirits create obstacles,
and through the accomplished ḍākinīs[91]Note 91 · p. 543 · mkha' 'gro grub pa can gyis: one agent, "accomplished ḍākinīs" (Dharmamitra, Gemini 4 Neon, Claude Fable 5.2), not GPT-6.2 Astra's "ḍākinīs and siddhas". (mkha' 'gro), both[90]Note 90 · p. 543 · gnyis ka ("both") is left unspecified, as in the Tibetan (so Claude Fable 5.2); it presumably means master and disciple, as Dharmamitra, Gemini 4 Neon and GPT-6.2 Astra supply.
fall under the power of untimely death and fear,
and through the power of superimposition and denial the vehicle of the heart essence is brought to decline.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 73 % of the words.

As for the nature of those who lack the fortune, that same tantra states:

To show the perverse individuals who are not vessels:[92]Note 92 · p. 543 · snod min log pa'i gang zag bstan pa ni is a nine-syllable line of the quoted tantra and is kept as verse (Gemini 4 Neon, Claude Fable 5.2, GPT-6.2 Astra), not as Longchenpa's prose (Dharmamitra).
they delight in fame and worldly concerns;
they are proud, do not honor the holy, are short-tempered and contrary;[93]Note 93 · p. 543 · yid thung bzlog: "short-tempered and contrary" (Dharmamitra, Gemini 4 Neon, Claude Fable 5.2), not GPT-6.2 Astra's "lose heart, and turn away".
they are frivolous[94]Note 94 · p. 543 · 'phyar: "frivolous" (Gemini 4 Neon; GPT-6.2 Astra "flighty"), not "haughty" (Claude Fable 5.2) or "ostentatious" (Dharmamitra). and have neither material offerings nor faith;
deciding matters for themselves,[95]Note 95 · p. 543 · rang chod (text) | Adzom: rang tshod. I keep rang chod, "deciding matters for themselves"; Adzom's reading would give "going by their own estimation". The sense is close either way. they want practice by forceful means;
toward the teaching as a whole they are ever more at odds;[96]Note 96 · p. 543 · bstan pa yongs la 'phel zhing mi mthun zhing: 'phel ("increase") is odd here and may be corrupt, perhaps for 'phya, "deride". I translate the text as it stands, "ever more at odds", with GPT-6.2 Astra. Dharmamitra ("universal growth of the teachings"), Gemini 4 Neon ("strays from") and Claude Fable 5.2 ("inflate the teaching") are harder to get from the syntax.
and, superimposing and denying, malice toward themselves and others

[p. 544]
བསྒོམ་པ་སྟེ།
།འདི་ལ་མི་བསྟན་མཆོག་ཏུ་གསང་བར་བྱ།
།ཞེས་པ་དང༌། རང་ཤར་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང༌།
།གསང་སྔགས་འཆོལ་བར་སྤྱོད་པ་དང༌།
།རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད།
།ཤེས་རབ་ཆུང་བར་གྱུར་པ་དང༌།
།བཀའ་དྲིན་ཁྱད་དུ་གསོད་པ་དང༌།
།རང་གི་རིགས་རྒྱུད་བརྗོད་པ་དང༌།
།ལུས་ལ་རྒྱན་བཟངས་འདོགས་པ་དང༌།
།དོན་མེད་ཕྱལ་བར་གྱུར་པ་སྟེ།
།སློབ་མ་མ་བརྟགས་སློབ་དཔོན་དགྲ།
།ཉམས་སུ་མི་ལེན་གང་ཟག་ལ།
།རྫོགས་པ་ཆེན་པོའི་དོན་མི་བཤད།
།ཅེས་གསུངས་སོ། །གསང་བའི་ཡོན་ཏན་ནི། རང་གཞན་གྱི་ལེགས་པ་འགྲུབ་པ་དང་བསྟན་པ་ཡུན་རིང་དུ་གནས་པའོ། །སྐལ་ལྡན་ལ་བསྟན་པ་ལའང༌། མཚན་ཉིད་དང༌། བརྟག་ཚུལ་གཉིས་ལས། སྐལ་ལྡན་ཡིན་པའི་མཚན་ཉིད་ནི། ནོར་བུ་ཕྲ་བཀོད་ལས། གསང་བའི་དཀྱིལ་འཁོར་ཆེན་པོ་འདི།
།

is what they cultivate.
To these it is not to be shown; it is to be kept supremely secret.Kun byedQuotation (the text says: the same source: རྒྱུད་དེ་ཉིད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 63 % of the words.

And the Natural Arising states:

Those who show no honor or reverence,
who engage in secret mantra recklessly,
who are without good lineage and without good character,
whose wisdom has become slight,
who hold kindness in contempt,
who speak of their own family lineage,
who deck the body with fine ornaments,
and who have become pointlessly careless[97]Note 97 · p. 544 · phyal ba: here in its ordinary pejorative sense, "careless", "aimless", not the glossary's "wide openness", which the context excludes.—
a student who has not been examined is the master's enemy.
To individuals who do not put it into practice,
the meaning of the Great Perfection is not explained.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Gnas lugs rin po che'i mdzod/Chapter 5/Commentary (a parallel), 93 % of the words.

10.1.5 The qualities of keeping it secret གསོང་བའི་ཡོན་ཏན10.1.5 The qualities of keeping it secret
Keeping it secret accomplishes the good of oneself and others and allows the teaching to remain for a long time.

As for the qualities of keeping it secret:[98]Note 98 · p. 544 · yon tan: glossary "qualities" kept; the sense is the virtues or benefits of secrecy, set against the faults (skyon) above. Gemini 4 Neon, Claude Fable 5.2, GPT-6.2 Astra have "benefits". the good of oneself and others is accomplished, and the teaching remains for a long time.

10.2 Showing it to the fortunate སྐལ་ལྡན་ལ་བསྟན་པ10.2 Showing it to the fortunate
Fortunate disciples are fit vessels endowed with faith, diligence, wisdom, kept samaya, the ability to keep secrets, reverence for the master and nonattachment. Before teaching, the master tests them with hard tasks, harsh words, contrary conduct or requests for wealth; those whose faith and generosity endure show a prior karmic connection.

As for showing it to the fortunate, too, there are two topics: their defining characteristics (mtshan nyid) and the way to examine them. Of these,

10.2.1 The defining characteristics of the fortunate སྐལ་ལྡན་ཡིན་པའི་མཚན་ཉིད10.2.1 The defining characteristics of the fortunate
Quotations from the Inlaid Jewels, Natural Arising and All-Creating King list the qualities of a fit vessel: faith, diligence, wisdom, keeping samaya, ability to keep secrets, reverence for the master, and nonattachment shown by offering body and wealth.

as for the defining characteristics of one who is fortunate, the Inlaid Jewels states:

This great secret maṇḍala (dkyil 'khor)

[p. 545]
ཀུན་ལ་བསྟན་པར་མི་བྱ་སྟེ།
།གསང་བ་ཐུབ་པ་འགའ་ལ་བསྟན།
།གསང་སྔགས་གསང་བའི་རིམ་པ་འདི།
།བསྟན་པའི་རིགས་ནི་འདི་ལྟ་སྟེ།
།གསང་བའི་གཉེར་གཏད་ཐུབ་པར་བྱེད།
།གསང་བའི་དོན་ལ་འགྲུས་པ་དག །ཤེས་རབ་བློ་རྩལ་ཆེ་བ་དང༌།
།དམ་ཚིག་སྡོམ་པ་ལྡན་ལ་བསྟན།
།ཞེས་པ་དང༌། རྒྱལ་རིགས་དང་ནི་བྲམ་ཟེའི་རིགས།
།དེ་བཞིན་རྗེའུ་རིགས་ཆེན་པོ་དང༌།
།ཁྱད་པར་ཆེན་པོའི་མི་རྣམས་ལ།
།གསང་སྔགས་ངེས་དོན་བསྟན་པར་གསུངས།
།ཞེས་པ་དང༌། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ།
།ཤེས་རབ་ཆེ་ཞིང་འཛིན་ཆགས་མེད།
།ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད།
།རྟོག་མེད་སེམས་ལ་གཡེང་བ་མེད།
།དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན།
།བྲེང་ངེ་དུང་ངེ་བརྩེ་གདུང་ལྡན།
།ལྷང་ངེ་ལྷན་ནེ་བསྒོམ་ལ་སྤྱོད།
།སློབ་དཔོན་གསུངས་པ་ཇི་བཞིན་སྤྱོད།
།

is not to be shown to everyone;
it is shown to the few who can keep it secret.
This secret sequence of secret mantra—
the kinds of people to whom it is shown are these:
those able to bear the entrustment of the secret,
those who are diligent in the secret meaning,
those great in wisdom and keenness of intellect,
and those who keep samaya and vows—to them it is shown.Nor bu phra bkodQuotation (named in the text: ནོར་བུ་ཕྲ་བཀོད་ལས)
ནོར་བུ་ཕྲ་བཀོད་རང་གི་དོན་ཐམས་ཅད་གསལ་བར་བྱེད་པའི་རྒྱུད, nor bu phra bkod rang gi don thams cad gsal bar byed pa'i rgyud, The Inlaid Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0066-vol-01-text (the text itself), 59 % of the words.

And:

To those of the kṣatriya caste and the brahmin caste,
likewise to those of the great vaiśya caste,
and to people of great distinction,
the definitive meaning of secret mantra is to be shown, it is said.Nor bu phra bkodQuotation (not named in the text)
ནོར་བུ་ཕྲ་བཀོད་རང་གི་དོན་ཐམས་ཅད་གསལ་བར་བྱེད་པའི་རྒྱུད, nor bu phra bkod rang gi don thams cad gsal bar byed pa'i rgyud, The Inlaid Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Klong chen rab byams gsung 'bum/volume 019 459 (a parallel: ཚིག་དོན་རིན་པོ་ཆེའི་མཛོད), 100 % of the words.

And the Natural Arising states:

Great in the strength of faith and in diligence,
great in wisdom, without grasping or attachment,
greatly reverent, practicing secret mantra,
nonconceptual, with no distraction in their minds,[99]Note 99 · p. 545 · rtog med sems la g.yeng ba med: Claude Fable 5.2 takes this as "without distraction in the nonconceptual mind"; with Gemini 4 Neon, Dharmamitra and GPT-6.2 Astra I take rtog med as a separate quality, in parallel with the other lines of the list.
keeping samaya and diligent in accomplishment (sgrub pa),
constant and ardent, full of loving affection,
vivid and serene, engaging in meditation,
acting exactly as the master (slob dpon) has said,

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 14 quotations, 14 found on this wiki.
# p. Tibetan English Source On this wiki
1 538 གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་དང་བདེ་ … སྡང་བ་དེ་ལ་ཐར་པ་ག་ལ་ཡོད། A person who again and again relies on evil … hostile to the Dharma, how could there be liberation? named: རྒྱུད་བླ་མ་ལས
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས, theg pa chen po rgyud bla ma'i bstan bcos, The Sublime Continuum (Uttaratantra) (Mahāyānottaratantraśāstra (Ratnagotravibhāga)), by Maitreya (Asaṅga) · shastra; Tengyur; Toh 4024 high
parallel: དམ་ཚིག་རྒྱ་མཚོ་མཐའ་ཡས་པ་རྣམ་པར་སྣང་བར་བྱེད་པ་དྲི་མ་མེད་པའི་སྙིང་པོ་ཞེས་བྱ་བ་བཞུགས།, 50 %
2 538 གསང་བ་འཆོལ་བར་བྱེད་པ་ཡང༌། སྨྲ་བྱེད་ … བར་འགྱུར། །དེ་ཕྱིར་ངེས་པའི་དོན་འདི་གསོང༌། Those, too, who violate secrecy will have a field … Therefore, keep this definitive meaning (nges pa'i don) secret. named: སེང་གེ་རྩལ་རྫོགས་ལས
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0065-vol-01-text (the text itself), 83 %
3 539 མ་རྟོགས་པ་ཡི་ཕྱོགས་རྣམས་དང༌། །སྐྱེ་བོ་ཀུན་ལ་རབ་ཏུ་གསོང༌། །གསོང་ཕྱིར་གདམས་ངག་སྣ་ཚོགས་གསུངས། From the factions of those without realization and from … secret, the various oral instructions (gdams ngag) were taught. “the same”: རྒྱུད་དེ་ཉིད་ལས
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0065-vol-01-text (the text itself), 65 %
4 540 གསང་སྔགས་ཐབས་མཁས་སྤྱོད་པར་བསྟན། །གསང་སྔགས་ … རྟུལ་རྣམས། །ལས་འཕྲོ་ངན་པའི་དོན་ཕྱིར་གསང༌། Secret mantra (gsang sngags) is taught as the conduct … on account of their bad residual karma (las 'phro). named: རྩལ་རྫོགས་ལས
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0065-vol-01-text (the text itself), 84 %
5 540 གསང་སྔགས་གསང་ཞེས་བྱ་བ་ནི། ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ། །བློ་ཆུང་ཐེག་པ་དམན་ལ་གསོང༌། As for secret mantra being called "secret," it is … from those of small intellect, of the lesser vehicles. not named: གཞན་ལས་ཀྱང
not identified
parallel: འབྲས་བུ་གསང་བ་བླ་ན་མེད་པའི་རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ, 82 %
6 541 དེ་ཕྱིར་ངེས་པའི་དོན་འདི་གསང༌། །རླུང་ཕྱོགས་ཙམ་དུའང་བསྒྲག་མི་བྱ། Therefore, keep this definitive meaning secret. Do not proclaim it even in the direction of the wind. named: རྩལ་རྫོགས་ལས
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras high
parallel: ཚིག་དོན་རིན་པོ་ཆེའི་མཛོད, 100 %
7 541 གསང་སྔགས་རྫོགས་ཆེན་ཨ་ཏིའི་དོན། འོག་མ་ … མི་བཤད། །དེ་ནི་དམ་ཚིག་རྣམ་གྲངས་ཡིན། The meaning of Ati, the Great Perfection (rdzogs chen) … is not explained. That is an enumeration of samaya. “the same”: རྒྱུད་དེ་ཉིད་ལས
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0065-vol-01-text (the text itself), 67 %
8 542 རྫོགས་ཆེན་ཨ་ཏིའི་གསང་ཆེན་འདི། །བློ་དམན་ … བར་འགྱུར། །ངེས་དོན་མ་རྟོགས་སྡུག་བསྔལ་མྱོང༌། If this great secret of Ati, the Great Perfection, … realms. Not realizing the definitive meaning, they experience suffering. named: རྩལ་རྫོགས་ལས
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0065-vol-01-text (the text itself), 55 %
9 543 སྙིང་པོའི་དོན་ལ་བླང་དོར་མི་གནས་ཀྱང༌། ། … སྒྲོ་སྐུར་དབང་གིས་སྙིང་པོའི་ཐེག་པ་བསྣུབ། Although in the meaning of the heart essence accepting … vehicle of the heart essence is brought to decline. named: ཀུན་བྱེད་ལས
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
Ngb-pt-0104-vol-02-text (the text itself), 73 %
10 543 སྣོད་མིན་ལོག་པའི་གང་ཟག་བསྟན་པ་ནི། … འདི་ལ་མི་བསྟན་མཆོག་ཏུ་གསང་བར་བྱ། To show the perverse individuals who are not vessels: … be shown; it is to be kept supremely secret. “the same”: རྒྱུད་དེ་ཉིད་ལས
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
Ngb-pt-0104-vol-02-text (the text itself), 63 %
11 544 བཀུར་སྟི་ཕུ་དུད་མི་བྱེད་ཅིང༌། །གསང་སྔགས་ … ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། Those who show no honor or reverence, who engage … the meaning of the Great Perfection is not explained. named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras high
parallel: Gnas lugs rin po che'i mdzod/Chapter 5/Commentary, 93 %
12 544 གསང་བའི་དཀྱིལ་འཁོར་ཆེན་པོ་འདི། ། ཀུན་ལ་ … བ་དང༌། །དམ་ཚིག་སྡོམ་པ་ལྡན་ལ་བསྟན། This great secret maṇḍala (dkyil 'khor) is not to … who keep samaya and vows—to them it is shown. named: ནོར་བུ་ཕྲ་བཀོད་ལས
ནོར་བུ་ཕྲ་བཀོད་རང་གི་དོན་ཐམས་ཅད་གསལ་བར་བྱེད་པའི་རྒྱུད, nor bu phra bkod rang gi don thams cad gsal bar byed pa'i rgyud, The Inlaid Jewels · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0066-vol-01-text (the text itself), 59 %
13 545 རྒྱལ་རིགས་དང་ནི་བྲམ་ཟེའི་རིགས། །དེ་བཞིན་ … རྣམས་ལ། །གསང་སྔགས་ངེས་དོན་བསྟན་པར་གསུངས། To those of the kṣatriya caste and the brahmin … secret mantra is to be shown, it is said. not named:
ནོར་བུ་ཕྲ་བཀོད་རང་གི་དོན་ཐམས་ཅད་གསལ་བར་བྱེད་པའི་རྒྱུད, nor bu phra bkod rang gi don thams cad gsal bar byed pa'i rgyud, The Inlaid Jewels · tantra; Nyingma Gyubum, one of the Seventeen Tantras high
parallel: ཚིག་དོན་རིན་པོ་ཆེའི་མཛོད, 100 %
14 545 དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ … མ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། Great in the strength of faith and in diligence, … said to be a vessel for the Great Perfection. named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras high
parallel: Gnas lugs rin po che'i mdzod/Chapter 5/Commentary, 78 %