Tshig don mdzod (Longchenpa): Vajra topic 9 (5)

From Rangjung Yeshe Wiki Texts
Tshig don mdzod (Longchenpa)Tshig don mdzod (Longchenpa): Vajra topic 9 (5)
< Tshig don mdzod (Longchenpa)
Revision as of 15:00, 26 November 2026 by Eric (talk | contribs) (Tshig don mdzod study edition: editions, critical edition, translation, bilingual text, outline and quotations (November 2026))
(diff) ← Older revision | Latest revision (diff) | Newer revision → (diff)

Tshig don mdzod (Longchenpa)/Vajra topic 9 (5)
Jump to navigation Jump to search
← Vajra topic 9 (4)Tshig don mdzod: contentsVajra topic 10 (1) →

Vajra topic 9 · The Stages of Ascertaining the Signs and Measures · རྟགས་ཚད་ངེས་པའི་རིམ་པ
Pages 589–599 of the corrected base text (W22920 vol. 4), part 5 of 5.

[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD85), gorn05 tibocr 2026: BDRC OCR on 338 pages, Mitra OCR on 147 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 366] གོང་བཞིན་ལུས་སོགས་གཏོང་བར་ནུས། །འདི་ལྟར་སུ་ལ་བྱུང་བའི་མི། །སྤྲུལ་པའི་སྐུ་ལ་འདིས་རེག་གོ། །དེ་ལྟར་ལྡན་པའི་སྐྱེས་བུ་ནི། །ཕྱིས་ནི་སྤྲུལ་སྐུའི་ཞིང་ཁམས་སུ། །བརྫུས་ནས་སྐྱེས་ཀྱི་ལུས་བླངས་ནས། །ལོ་ནི་དྲུག་ཁྲི་བརྒྱ་སྟོང་དུ། །སེམས་ནི་གནས་ནས་སེམས་ཅན་དོན། །སྐྱེས་བུ་འདི་ཡིས་བྱེད་པའོ། །དེ་ནས་ངོ་བོ་རང་བཞིན་ལས། །འཛམ་བུའི་གླིང་སོགས་གླིང་རྣམས་སུ། །སྤྲུལ་པ་བྱེ་བ་དྲུག་ཁྲི་ཡིས། །རང་རང་མཐུན་པའི་ལུས་བླངས་ནས། །སེམས་ཅན་དོན་ཀུན་བྱེད་པར་ནི། །འདི་ཡིས་འགྱུར་རོ་མཁའ་འགྲོ་མ། །དེ་ནས་ངོ་བོ་ཀ་དག་ལ། །ཉི་མ་ལ་ནི་ཟེར་འདུས་ལྟར། །རང་གི་སྤྲུལ་པར་བཅས་པ་ནི། །རང་གི་ངོ་བོར་རང་ཐིམ་ནས། །དབྱེར་མེད་འབྱེད་པ་མེད་པར་འགྱུར། །ཞེས་སོ། །ལྔ་པ་རིག་པའི་ཚད་ལ་གཉིས་ཏེ། རང་གདངས་ལུ་གུ་རྒྱུད་ལ་ཕྱིར་གོམས་པའི་ཚད་དང་། རང་ངོ་ཀ་དག་སྐྱོན་མེད་ལ་ནང་དུ་གོམས་པའི་ཚད་དོ། །དང་པོ་ནི། སྐུ་གདུང་འབར་བ་ལས། རིག་པ་ལ་ནི་སུས་གོམས་པ། །དེ་ཡི་ལུས་ལ་རྒྱ་འདིའོ། །གང་དུ་གཏད་པའི་དངོས་པོ་ལ། །དེར་

[p. 367] ནི་རང་ཤེས་འཛུད་པར་ནུས། །གང་དུ་འདུག་པའི་ས་ཉིད་དུ། །ལུས་ཀྱང་དེ་ཡི་རྗེས་སུ་སྟེ། །ཇི་ལྟར་རིག་པ་ཉིད་དང་མཚུངས། །གཞན་གྱི་མ་དད་བསྒྱུར་ནུས་དང་། །བསམ་རྒྱུན་ཞེན་པ་རང་འགགས་དང་། །ནང་གི་རྟགས་དང་རྣམ་པར་ལྡན། །མངོན་སུམ་ཉིད་དུ་སུས་རིག་པ། །འདི་ནི་འབྱུང་བ་རང་གི་སར། །སྐལ་དང་ལྡན་པ་འདི་དེངས་ནས། །སྐྱེ་མེད་མཆོག་ལ་སྙེགས་པའོ། །ཞེས་སོ། །གཉིས་པ་ནི། རྒྱུད་དེ་ཉིད་ལས། གང་གི་སྐྱེ་མེད་སུ་ཡིས་ནི། །རྩད་ནས་ཆོད་པའི་མི་དེ་ལ། །རྟགས་ནི་འདི་ལྟ་བུ་ཡང་འབྱུང་། །འདི་རྟགས་སུ་ལ་ལྡན་པ་ནི། །ང་དང་སྐལ་པ་མཉམ་པ་ཡིན། །ལུས་ལ་འབུ་སྲིན་ཤིག་ལ་སོགས། །འདི་ཀུན་སྐྱེ་བ་རྒྱུན་ཆད་དང་། །གང་གི་སྐྲ་དང་སེན་མོ་དང་། །འདི་ཀུན་མི་སྐྱེ་རྒྱུན་ཟད་ན། །འདི་ནི་སྐྱེ་བ་མེད་པ་སྟེ། །འདི་ལྟར་རྟགས་དང་ལྡན་པ་ནི། །ཟླ་བ་དག་ནི་གསུམ་ན་ཡང་། །འདི་ནི་འབྱུང་བ་རང་དེངས་སུ། །ཟག་བཅས་ཕུང་པོ་མི་སྣང་བར། །རང་ལུས་འོད་ཀྱི་གདངས་དཀྱིལ་དུ། །རིགས་དང་བཅས་ཏེ་འདི་འགྱུར་རོ། །ཞེས་སོ། །དོན་གསུམ་པ་ཕྱིས་ཀྱི་རྟགས་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། སྐལ་ལྡན་གྲོལ་བའི་རྟགས་དང་། སྐལ་མེད་འཁྲུལ་པའི་རྟགས་ཏེ། སྐུ་གདུང་འབར་བ་ལས། གང་དག་མྱ་ངན་ལས་འདས་ན། །དེ་ལ་སྐུ་དང་གདུང་དང་ནི། །དེ་བཞིན་འོད་དང་སྒྲ་ཉིད་དང་། །ས་ནི་གཡོ་བར་འགྱུར་བའོ། །ནམ་མཁའ་ཆར་དང་ཁུ་རླངས་དང་། །འདི་

[p. 368] ལྟར་རྟགས་ནི་ཕྱིས་ནས་འབྱུང་། །ཞེས་སོ། །གཉིས་པ་ལ་གཉིས་ཏེ། རྣལ་འབྱོར་པ་གྲོལ་ཚད་ངེས་པའི་རྟགས་དང་། འགྲོ་དྲུག་སོ་སོར་སྐྱེ་བའི་རྟགས་སོ། །དང་པོ་ལ་ལྔ་སྟེ། སྐུ། གདུང་། འོད། སྒྲ། ས་གཡོ་བའི་རྟགས་ཚད་བསྟན་པའོ། །དང་པོ་སྐུ་ལ་གཉིས་ཏེ། རྒྱུད་དེ་ཉིད་ལས། རིགས་ལྡན་མྱ་ངན་འདས་པ་ལ། །དེ་ཡི་ལྷག་མ་ཟག་བཅས་ཀྱི། །ཕུང་པོ་རྟེན་ཡུལ་བསྲེགས་སྦྱངས་པས། །དེ་ལ་སྐུ་ནི་རྣམ་གཉིས་ཏེ། །ཞི་བའི་སྐུ་དང་ཁྲོ་བོའི་སྐུ། །རྣམ་པ་གཉིས་ཀྱི་གཟུགས་སུ་ཡང་། །སུ་ཞིག་རྣལ་འབྱོར་ལྡན་པ་ལ། །འདི་གཉིས་གཟུགས་ཀྱི་རྣམ་པ་ཡང་། །གལ་ཏེ་གཉིས་ཀ་བྱུང་བ་ན། །འདི་ནི་བར་དོ་མེད་པར་ཡང་། །ངོ་བོ་ཀ་དག་ཆེན་པོ་ཡི། །གདེང་དང་ལྡན་པར་འདི་འགྱུར་རོ། །ཞི་བའི་སྐུ་ཡི་རྟགས་བྱུང་ན། །ཞག་ནི་ལྔ་ཡིས་བདེན་མཐོང་སྟེ། །དེ་ཡང་སངས་རྒྱས་ཉིད་དུ་ཐིམ། །གལ་ཏེ་ཁྲོ་བོའི་སྐུ་བྱུང་ན། །འདི་ནི་ཆོས་ཉིད་བར་དོ་ཡི། །སྐད་ཅིག་ཉིད་ནི་ཆ་ལྔ་ལ། །གྲོལ་བར་འགྱུར་རོ་མཁའ་འགྲོ་མ། །ཞེས་སོ། །གདུང་ལ་ངོ་བོ་མདོར་བསྟན་པ་དང་། རང་བཞིན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། རྒྱུད་དེ་ཉིད་ལས། ཤ་རཱི་རཾ་ནི་བདེ་གཤེགས་གདུང་། །དེ་བཞིན་པ་རཱི་རཾ་ཞེས་ནི། །རྡོ་རྗེའི་རིགས་ཀྱི་གདུང་ཡིན་ནོ། །ཆུ་རཱི་རཾ་ནི་རིན་པོ་ཆེ། བསེ་རཱི་རཾ་ནི་པད་མའོ། །དེ་བཞིན་ཉ་རཱི་རཾ་ཞེས་བྱ། །ལས་ཀྱི་རིགས་ཀྱི་གདུང་ཡིན་ནོ། ཞེས་སོ། །གཉིས་པ་ལ་གདུང་རིགས་ལྔ་སྟེ། སོ་སོའི་ཁ་དོག །ཚད། རྒྱུ། གནས།

[p. 369] ཡུལ་རྣམས་བསྟན་པ་ནི། རྒྱུད་དེ་ཉིད་ལས། །ཤ་རཱི་རཾ་ཞེས་དཀར་ལ་དངས། །སྣུམ་ལ་འདྲིལ་ཏེ་ཁ་དོག་གསལ། །སྲན་མ་ཡི་ནི་རྡོག་འབྲུ་ཙམ། །འདི་ནི་རུས་པའི་དངས་མ་སྟེ། །སྲིན་པས་འདྲིལ་བར་འབྱུང་བ་ཡིན། །ཐབས་ལྡན་དེ་ཡི་མགོ་ལས་འབྱུང་། །བ་རཱི་རཾ་ཞེས་སྔོན་ག་ལ། །ཡུངས་ཀར་གྱི་ནི་འབྲུ་ཙམ་མམ། །ཡང་ན་སྲན་ཆུང་འབྲུ་ཙམ་མོ། །འདི་ནི་དྲོད་ཀྱི་དངས་མ་འདྲིལ། །དེ་ཡི་རྩིབ་མའི་གོ་མཚམས་ནས། །འབྱུང་བ་ཡིན་ནོ་མཁའ་འགྲོ་མ། །ཆུ་རཱི་རཾ་ནི་ཁ་དོག་སེར། །ཡུངས་འབྲུ་ཙམ་ནི་ཁྲག་ལས་སོ། །དེ་ནི་མཆིན་པའི་སྟེང་ནས་འབྱུང་། །བས་དྲི་རཱི་ཞེས་དམར་ལ་དངས། །ཆེ་ཆུང་ཚད་ཀྱང་ཡུངས་འབྲུ་ཙམ། །འདི་ནི་འབྱུང་པ་འདུས་ལས་འདྲིལ། །སྐལ་དང་ལྡན་པའི་མཁལ་མ་ལས། །འབྱུང་བ་ཡིན་ནོ་མཁའ་འགྲོ་མ། །ཉ་རཱི་རཾ་ནི་ཨིནྡྲ་སྟེ། །ཡུངས་འབྲུ་ཙམ་ལ་ཁ་དོག་གསལ། །ཤེས་པ་རྣམས་ཀྱི་དངས་མ་ལས། །འདི་ནི་གློ་བའི་སྟེང་ནས་འབྱུང་། །འདི་ཀུན་སྤྱི་དབྱིབས་ཟླུམ་ལ་འདྲིལ། །ཀུན་གྱི་གཏིང་གསལ་ཁ་དོག་ལྔ། །ཞེས་སོ། །རིང་བསྲེལ་ནི་འདིའི་རྣལ་འབྱོར་པ་སྤྲུལ་པར་དབུགས་འབྱིན་པའི་རྟགས་ཏེ་འབྱུང་བས་འཇིག་ལ། གདུང་མི་འཇིག་སྟེ། རྒྱུད་དེ་ཉིད་ལས། འདི་དང་ཡང་ནི་འདྲ་བ་ཡི། །རིང་བསྲེལ་ཉིད་ནི་ཕྲ་མོ་སྟེ། །ཏིལ་གྱི་འབྲུ་དང་རྡུལ་ཆ་ཙམ། །འདི་ནི་འབྱུང་བས་བཤིག་པར་ནུས། །འདི་ནི་སྤྲུལ་པའི་ཞིང་ཁམས་སུའོ། །གདུང་ནི་སུས་ཀྱང་འཇིག་མི་ནུས། །སྲ་མཁྲེགས་

[p. 370] འཇིགས་པ་ཀུན་བྲལ་བས། །འདི་ཀུན་འཇིགས་མེད་སངས་རྒྱས་ཐོབ། །ཅེས་པ་དང་། རང་ཤར་ལས། སྐུ་དང་གདུང་དང་འོད་རྣམས་ཀྱང་། །མྱ་ངན་འདའ་བ་གང་ཡོད་པ། །དེ་ལ་རྟགས་རྣམས་འབྱུང་བར་བཤད། །ཅེས་སོ། །འོད་ལ་འཁོར་ཡུག་དང་། གྱེན་འགྲེང་དང་། རྩིབས་སྐུགས་གསུམ་སྟེ། སྐུ་གདུང་འབར་བ་ལས། འོད་ལ་རྣམ་པ་གསུམ་ཡིན་ཏེ། །མུ་ཁྱུད་འཁོར་ཡུག་བཅས་པར་ནི། །གང་གི་ཤུལ་ལ་བྱུང་བ་ནི། །འདི་ནི་བར་དོ་དང་པོ་ལ། །དེས་པ་ཡིན་ནོ་འབྲས་བུ་ཐོབ། །གལ་ཏེ་གྱེན་ལ་འགྲེང་བ་ན། །འདིས་ནི་ངར་དོ་མི་སྣང་བར། །སྐད་ཅིག་ལ་ནི་སངས་རྒྱས་སོ། །འོད་ནི་རྩིབས་སུ་སྣང་གྱུར་ན། །འདི་ནི་བར་དོ་ཐ་མ་ལ། །མངོན་པར་བྱང་ཆུབ་ཉིད་བརྙེས་སོ། །ཞེས་སོ། །སྒྲ་ལའང་ཕྱོགས་དང་སྐད་ཀྱི་རིམ་པས་དབྱེ་བ་ནི། སྐུ་གདུང་འབར་བ་ལས། །གང་དུ་འདས་པའི་གནས་ཁང་གི། །ཤར་གྱི་ཕྱོགས་སུ་ཉེ་བའི་སར། །སྒྲ་ནི་རབ་ཏུ་གྲག་པ་ན། །འདི་ནི་རྡོ་རྗེའི་རིགས་སུ་འགྱུར། །དེ་བཞིན་ལྷོ་ཡི་ཕྱོགས་སུ་ཡང་། །སྒྲས་ནི་རིན་ཆེན་རིགས་སུ་སྣང་། །ནུབ་ཏུ་པད་མ་དེ་བཞིན་ནོ། །བྱང་དུ་ལས་ཀྱི་རིགས་སུ་འགྱུར། །དེ་བཞིན་སྟེང་དུ་དེ་བཞིན་རིགས། །སྒྲ་ཡི་རང་བཞིན་འདི་ལྟ་བུ། །བུར་ཞིང་ཐུག་པ་བརྩེགས་མ་དང་། །རྒྱུན་རིང་འཇམ་དལ་རིང་བའི་སྒྲ། །ཞི་དང་ཁྲོ་བོའི་ཁྱེད་ཀྱིས་སོ། །ད་ལྟར་སྒྲ་དང་ལྡན་གྱུར་ན། །འདིས་ནི་ལོངས་སྤྱོད་རྫོགས་པ་ཡི། །སྐུ་ཡི་འབྲས་བུ་ཐོབ་པའོ། །ཞེས་སོ། །ས་གཡོ་བའི་རྟགས་རྩོད་ནི། །རྒྱུད་དེ་ཉིད་

[p. 371] ལས། ས་ནི་གཡོ་བའི་སྐྱེས་བུ་དེའི། །དབུགས་དང་བྲལ་བའི་ཚེ་བྱུང་ན། །འདི་ནི་ཉན་ཐོས་ས་ཐོབ་པོ། །དེ་བཞིན་ཞག་ནི་གསུམ་ན་ཡང་། །དེ་ཉིད་ས་ནི་གཡོས་གྱུར་ན། །འདི་ནི་རང་སངས་རྒྱས་ཀྱིས། །ཞག་ནི་དྲུག་ན་བྱུང་བ་ན། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །ས་ལ་འཇུག་གོ་མཁའ་འགྲོ་མ། །གལ་ཏེ་ཞག་ནི་དགུ་ན་ཡང་། །ས་ནི་གཡོས་པར་གྱུར་པ་ན། །འདི་ནི་རིག་པ་འཛིན་པ་ཡི། །ས་ལ་ཅི་དགར་སྤྱོད་པར་ནུས། །ས་ནི་གཡོས་པའི་སྐལ་ལྡན་ལ། །སངས་རྒྱས་འབྲས་བུ་མི་སྣང་སྟེ། །དེ་བཞིན་ས་དང་ལམ་རྣམས་ལ། །ཡུན་དུ་སྦྱོང་ཞིང་གནས་པའོ། །ཞེས་སོ། །དོན་གཉིས་པ་འགྲོ་དྲུག་གི་གནས་སོ་སོར་སྐྱེ་བའི་རྟགས་ལ་དྲུག་སྟེ། རྒྱུད་དེ་ཉིད་ལས། །གང་ཞིག་ཤི་བ་དེ་ཚེ་ན། །ནམ་མཁའ་སྨུག་ནག་མུན་པ་ནག །དེ་བཞིན་ཆར་དང་ཁུ་རླངས་དང་། །རླུང་དང་སེར་བ་བུ་ཡུག་སྟེ། །འདི་ཀུན་སུ་ལ་བྱུང་བ་དེ། །སེམས་ཅན་དམྱལ་བའི་སྐྱེ་གནས་སུ། །འདི་ལ་བར་མ་དོ་མེད་པར། །འགྱུར་བ་ཡིན་ནོ་མཁའ་འགྲོ་མ། །ནམ་མཁའ་ན་བུན་ལྟ་བུ་ལ། །འོད་ཟེར་སེར་ལ་ཉི་ཟླ་ཤི། །རླུང་དང་སེར་བུ་མེད་པ་ལ། །སེར་གློག་ཉི་མ་མི་སྣང་དང་། །ཆར་བབ་ཤུལ་ལམ་ཡང་ན་ནི། །འདི་ཡི་སྲོད་ལ་བབ་པར་གྱུར། །འདི་ཉིད་སུ་ལ་བྱུང་བ་སྟེ། །ཡི་དགས་ཀྱི་ནི་སྐྱེ་གནས་སུ། །སྐྱེ་བ་ཡིན་ནོ་མཁའ་འགྲོ་མ།། །།ནམ་མཁའ་རྨུགས་ཤིང་རླུང་ཡང་མེད། །སྤྲིན་ནི་གནག་ལ་གོ་མཚམས་མེད། །ཡང་ན་ན་བུན་སྣང་བ་དང་། །རྨུགས་ཤིང་ཉམས་མི་དགའ་

[p. 372] བ་ལ། །ཚེ་ཡི་འདུ་བྱེད་སུ་བྱས་པ། །འདི་ནི་བྱོལ་སོང་གནས་སུའོ། །ཤིན་ཏུ་དྲག་པོའི་རླུང་གིས་འཁྲུགས། །སྤྲིན་ནི་ཁམ་ནག་འཇིགས་པའི་གཟུགས། །རབ་ཏུ་འཁྲུགས་ཤིང་འགྲོ་འོང་བཅས། །འབྲུག་དང་གློག་གི་ལྕེ་འབྱིན་དང་། །ཉི་མ་ཟླ་བ་སྣང་མི་ནུས། །འདི་ལྟར་སུ་ལ་བྱུང་བ་སྟེ། །འདི་ནི་ལྷ་མིན་སྐྱེ་གནས་སོ། །ནམ་མཁའ་གསལ་ཞིང་དྭངས་པ་ལ། །ཉི་མ་ཟླ་བའི་སྣང་བ་གསལ། །རླུང་དང་སེར་བུ་སྣང་མི་ནུས། །འདི་ནི་ལྷ་ཡི་སྐྱེ་གནས་སོ། །ཡང་ནི་ནམ་མཁའ་གསལ་ལ་དྭངས། །མི་མཇེད་སྤྲིན་ནི་དར་དཀར་བཞིན། །ཤིན་ཏུ་སྲབ་ཅིང་བརྡལ་བར་སྣང་། །ཡང་ན་ཉི་ཟླ་འོད་ཁྱིམ་ཅན། །འདི་ལྟར་སུ་ལ་བྱུང་བ་དེ། །མི་ཡི་སྐྱེ་གནས་འདིས་ཐོབ་བོ། །ཞེས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་རྟགས་ཚད་ངེས་པའི་རིམ་པ་སྟེ་རྡོ་རྗེའི་གནས་དགུ་པ་རྒྱ་ཆེར་བཤད་པའོ།། །།

[edit]
BDRC typed e-text UT22920_004_0001 as downloaded (the base text was made from it).

གོང་བཞིན་ལུས་སོགས་གཏོང་བར་ནུས། །འདི་ལྟར་སུ་ལ་བྱུང་བའི་མི། །སྤྲུལ་པའི་སྐུ་ལ་འདིས་རེག་གོ །དེ་ལྟར་ལྡན་པའི་སྐྱེས་བུ་ནི། །ཕྱིས་ནི་སྤྲུལ་སྐུའི་ཞིང་ཁམས་སུ། །བརྫུས་ནས་སྐྱེས་ཀྱི་ལུས་བླངས་ནས། །ལོ་ནི་དྲུག་ཁྲི་བརྒྱ་སྟོང་དུ། །སེམས་ནི་གནས་ནས་སེམས་ཅན་དོན། །སྐྱེས་བུ་འདི་ཡིས་བྱེད་པའོ། །དེ་ནས་ངོ་བོ་རང་བཞིན་ལས། །འཛམ་བུའི་གླིང་སོགས་གླིང་རྣམས་སུ། །སྤྲུལ་པ་བྱེ་བ་དྲུག་ཁྲི་ཡིས། །རང་རང་མཐུན་པའི་ལུས་བླངས་ནས། །སེམས་ཅན་དོན་ཀུན་བྱེད་པར་ནི། །འདི་ཡིས་འགྱུར་རོ་མཁའ་འགྲོ་མ། །དེ་ནས་ངོ་བོ་ཀ་དག་ལ། །ཉི་མ་ལ་ནི་ཟེར་འདུས་ལྟར། །རང་གི་སྤྲུལ་པར་བཅས་པ་ནི། །རང་གི་ངོ་བོར་རང་ཐིམ་ནས། །དབྱེར་མེད་འབྱེད་པ་མེད་པར་འགྱུར། །ཞེས་སོ། །ལྔ་པ་རིག་པའི་ཚད་ལ་གཉིས་ཏེ། རང་གདངས་ལུ་གུ་རྒྱུད་ལ་ཕྱིར་གོམས་པའི་ཚད་དང༌། །རང་ངོ་ཀ་དག་སྐྱོན་མེད་ལ་ནང་དུ་གོམས་པའི་ཚད་དོ། །དང་པོ་ནི། སྐུ་གདུང་འབར་བ་ལས། རིག་པ་ལ་ནི་སུས་གོམས་པ། །དེ་ཡི་ལུས་ལ་རྒྱ་འདིའོ། །གང་དུ་གཏད་པའི་དངོས་པོ་ལ། །དེར་ནི་རང་ཤེས་འཛུད་པར་ནུས། །གང་དུ་འདུག་པའི་ས་ཉིད་དུ། །ལུས་ཀྱང་དེ་ཡི་རྗེས་སུ་སྟེ། །ཇི་ལྟར་རིག་པ་ཉིད་དང་མཚུངས། །གཞན་གྱི་མ་དད་བསྒྱུར་ནུས་དང༌། །བསམ་རྒྱུན་ཞེན་པ་རང་འགགས་དང༌། །ནང་གི་རྟགས་དང་རྣམ་པར་ལྡན། །མངོན་སུམ་ཉིད་དུ་སུས་རིག་པ། །འདི་ནི་འབྱུང་བ་རང་གི་སར། །སྐལ་དང་ལྡན་པ་འདི་དེངས་ནས། །སྐྱེ་མེད་མཆོག་ལ་སྙེགས་པའོ། །ཞེས་སོ། །གཉིས་པ་ནི། རྒྱུད་དེ་ཉིད་ལས། གང་གི་སྐྱེ་མེད་སུ་ཡིས་ནི། །རྩད་ནས་ཆོད་པའི་མི་དེ་ལ། །རྟགས་ནི་འདི་ལྟ་བུ་ཡང་འབྱུང༌། །འདི་རྟགས་སུ་ལ་ལྡན་པ་ནི། །ང་དང་སྐལ་བ་མཉམ་པ་ཡིན། །ལུས་ལ་འབུ་སྲིན་ཤིག་ལ་སོགས། །འདི་ཀུན་སྐྱེ་བ་རྒྱུན་ཆད་དང༌། །གང་གི་སྐྲ་དང་སེན་མོ་དང༌། །འདི་ཀུན་མི་སྐྱེ་རྒྱུན་ཟད་ན། །འདི་ནི་སྐྱེ་བ་མེད་པ་སྟེ། །འདི་ལྟར་རྟགས་དང་ལྡན་པ་ནི། །ཟླ་བ་དག་ནི་གསུམ་ན་ཡང༌། །འདི་ནི་འབྱུང་བ་རང་དེངས་སུ། །ཟག་བཅས་ཕུང་པོའི་མི་སྣང་བར། །རང་ལུས་འོད་ཀྱི་གདངས་དཀྱིལ་དུ། །རིགས་དང་བཅས་ཏེ་འདི་འགྱུར་རོ། །ཞེས་སོ། །དོན་གསུམ་པ་ཕྱིས་ཀྱི་རྟགས་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། སྐལ་ལྡན་གྲོལ་བའི་རྟགས་དང༌། སྐལ་མེད་འཁྲུལ་པའི་རྟགས་ཏེ། སྐུ་གདུང་འབར་བ་ལས། གང་དག་མྱ་ངན་ལས་འདས་ན། །དེ་ལ་སྐུ་དང་གདུང་དང་ནི། །དེ་བཞིན་འོད་དང་སྒྲ་ཉིད་དང༌། །ས་ནི་གཡོ་བར་འགྱུར་བའོ། །ནམ་མཁའ་ཆར་དང་ཁུ་རླངས་དང༌། །འདི་ལྟར་རྟགས་ནི་ཕྱིས་ནས་འབྱུང༌། །ཞེས་སོ། །གཉིས་པ་ལ་གཉིས་ཏེ། རྣལ་འབྱོར་པ་གྲོལ་ཚད་ངེས་པའི་རྟགས་དང༌། འགྲོ་དྲུག་སོ་སོར་སྐྱེས་པའི་རྟགས་སོ། །དང་པོ་ལ་ལྔ་སྟེ། སྐུ། གདུང༌། འོད། སྒྲ། ས་གཡོ་བའི་རྟགས་ཚད་བསྟན་པའོ། །དང་པོ་སྐུ་ལ་གཉིས་ཏེ། རྒྱུད་དེ་ཉིད་ལས། རིགས་ལྡན་མྱ་ངན་འདས་པ་ལ། །དེ་ཡི་ལྷག་མ་ཟག་བཅས་ཀྱི། །ཕུང་པོ་རྟེན་ཡུལ་བསྲེགས་སྦྱངས་པས། །དེ་ལ་སྐུ་ནི་རྣམ་གཉིས་ཏེ། །ཞི་བའི་སྐུ་དང་ཁྲོ་བོའི་སྐུ། །རྣམ་པ་གཉིས་ཀྱི་གཟུགས་སུ་ཡང༌། །སུ་ཞིག་རྣལ་འབྱོར་ལྡན་པ་ལ། །འདི་གཉིས་གཟུགས་ཀྱི་རྣམ་པ་ཡང༌། །གལ་ཏེ་གཉིས་ཀ་བྱུང་བ་ན། །འདི་ནི་བར་དོ་མེད་པར་ཡང༌། །ངོ་བོ་ཀ་དག་ཆེན་པོ་ཡི། །གདེང་དང་ལྡན་པར་འདི་འགྱུར་རོ། །ཞི་བའི་སྐུ་ཡི་རྟགས་བྱུང་ན། །ཞག་ནི་ལྔ་ཡིས་བདེན་མཐོང་སྟེ། །དེ་ཡང་སངས་རྒྱས་ཉིད་དུ་ཐིམ། །གལ་ཏེ་ཁྲོ་བོའི་སྐུ་བྱུང་ན། །འདི་ནི་ཆོས་ཉིད་བར་དོ་ཡི། །སྐད་ཅིག་ཉིད་ནི་ཆ་ལྔ་ལ། །གྲོལ་བར་འགྱུར་རོ་མཁའ་འགྲོ་མ། །ཞེས་སོ། །གདུང་ལ་ངོ་བོ་མདོར་བསྟན་པ་དང༌། རང་བཞིན་རྒྱས་པར་བཤད་པ་གཉིས་ལས། །དང་པོ་ནི། རྒྱུད་དེ་ཉིད་ལས། ཤ་རཱི་རཾ་ནི་བདེ་གཤེགས་གདུང༌། །དེ་བཞིན་བ་རཱི་རཾ་ཞེས་ནི། །རྡོ་རྗེའི་རིགས་ཀྱི་གདུང་ཡིན་ནོ། །ཆུ་རཱི་རཾ་ནི་རིན་པོ་ཆེ། །བསེ་རཱི་རཾ་ནི་པད་མའོ། །དེ་བཞིན་ཉ་རཱི་རཾ་ཞེས་བྱ། །ལས་ཀྱི་རིགས་ཀྱི་གདུང་ཡིན་ནོ། །ཞེས་སོ། །གཉིས་པ་ལ་གདུང་རིགས་ལྔ་སྟེ། སོ་སོའི་ཁ་དོག ཚད། རྒྱུ། གནས། ཡུལ་རྣམས་བསྟན་པ་ནི། །རྒྱུད་དེ་ཉིད་ལས། ཤ་རཱི་རཾ་ཞེས་དཀར་ལ་དངས། །སྣུམ་ལ་འདྲིལ་ཏེ་ཁ་དོག་གསལ། །སྲན་མ་ཡི་ནི་རྡོག་འབྲུ་ཙམ། །འདི་ནི་རུས་པའི་དངས་མ་སྟེ། །སྨིན་པས་འདྲིལ་བར་འབྱུང་བ་ཡིན། །ཐབས་ལྡན་དེ་ཡི་མགོ་ལས་འབྱུང༌། །བ་རཱི་རཾ་ཞེས་སྔོ་ནག་ལ། །ཡུངས་ཀར་གྱི་ནི་འབྲུ་ཙམ་མམ། །ཡང་ན་སྲན་ཆུང་འབྲུ་ཙམ་མོ། །འདི་ནི་དྲོད་ཀྱི་དངས་མ་འདྲིལ། །དེ་ཡི་རྩིབ་མའི་གོ་མཚམས་ནས། །འབྱུང་བ་ཡིན་ནོ་མཁའ་འགྲོ་མ། །ཆུ་རཱི་རཾ་ནི་ཁ་དོག་སེར། །ཡུངས་འབྲུ་ཙམ་ནི་ཁྲག་ལས་སོ། །དེ་ནི་མཆིན་པའི་སྟེང་ནས་འབྱུང༌། །བསྲེ་རཱི་རཾ་ཞེས་དམར་ལ་དངས། །ཆེ་ཆུང་ཚད་ཀྱང་ཡུངས་འབྲུ་ཙམ། །འདི་ནི་འབྱུང་བ་འདུས་ལས་འདྲིལ། །སྐལ་དང་ལྡན་པའི་མཁལ་མ་ལས །འབྱུང་བ་ཡིན་ནོ་མཁའ་འགྲོ་མ། །ཉ་རཱི་རཾ་ནི་ཨིནྡྲ་སྟེ། །ཡུངས་འབྲུ་ཙམ་ལ་ཁ་དོག་གསལ། །ཤེས་པ་རྣམས་ཀྱི་དངས་མ་ལས། །འདི་ནི་གློ་བའི་སྟེང་ནས་འབྱུང༌། །འདི་ཀུན་སྤྱི་དབྱིབས་ཟླུམ་ལ་འདྲིལ༌། །ཀུན་གྱི་གཏིང་གསལ་ཁ་དོག་ལྔ། །ཞེས་སོ། །རིང་བསྲེལ་ནི་འདིའི་རྣལ་འབྱོར་པ་སྤྲུལ་པར་དབུགས་ལ་འབྱིན་པའི་རྟགས་ཏེ་འབྱུང་བས་འཇིག་ལ། གདུང་མི་འཇིག་སྟེ། རྒྱུད་དེ་ཉིད་ལས། འདི་དང་ཡང་ནི་འདྲ་བ་ཡི། །རིང་བསྲེལ་ཉིད་ནི་ཕྲ་མོ་སྟེ། །ཏིལ་གྱི་འབྲུ་དང་རྡུལ་ཆ་ཙམ། །འདི་ནི་འབྱུང་བས་བཤིག་པར་ནུས། །འདི་ནི་སྤྲུལ་པའི་ཞིང་ཁམས་སུའོ། །གདུང་ནི་སུས་ཀྱང་འཇིག་མི་ནུས། །སྲ་མཁྲེགས་འཇིགས་པ་ཀུན་བྲལ་བས། །འདི་ཀུན་འཇིགས་མེད་སངས་རྒྱས་ཐོབ། །ཅེས་པ་དང༌། རང་ཤར་ལས། སྐུ་དང་གདུང་དང་འོད་རྣམས་ཀྱང༌། །མྱ་ངན་འདའ་བ་གང་ཡོད་པ། །དེ་ལ་རྟགས་རྣམས་འབྱུང་བར་བཤད། །ཅེས་སོ། །འོད་ལ་འཁོར་ཡུག་དང༌། །གྱེན་འགྲེང་དང༌། །རྩིབས་སྒུགས་གསུམ་སྟེ། སྐུ་གདུང་འབར་བ་ལས། འོད་ལ་རྣམ་པ་གསུམ་ཡིན་ཏེ། །མུ་ཁྱུད་འཁོར་ཡུག་བཅས་པར་ནི། །གང་གི་ཤུལ་ལ་བྱུང་བ་ནི། །འདི་ནི་བར་དོ་དང་པོ་ལ། །ངེས་པ་ཡིན་ནོ་འབྲས་བུ་ཐོབ། །གལ་ཏེ་གྱེན་ལ་འགྲེང་བ་ན། །འདིས་ནི་བར་དོ་མི་སྣང་བར། །སྐད་ཅིག་ལ་ནི་སངས་རྒྱས་ས། །འོད་ནི་རྩིབས་སུ་སྣང་གྱུར་ནས། །འདི་ནི་བར་དོ་ཐ་མ་ལ། །མངོན་པར་བྱང་ཆུབ་ཉིད་བརྙེས་སོ། །ཞེས་སོ། །སྒྲ་ལའང་ཕྱོགས་དང་སྐད་ཀྱི་རིམ་པས་དབྱེ་བ་ནི། སྐུ་གདུང་འབར་བ་ལས། །གང་དུ་འདས་པའི་གནས་ཁང་ནི། །ཤར་གྱི་ཕྱོགས་སུ་ཉེ་བའི་སར། །སྒྲ་ནི་རབ་ཏུ་གྲག་པ་ན། །འདི་ནི་རྡོ་རྗེའི་རིགས་སུ་འགྱུར། །དེ་བཞིན་ལྷོ་ཡི་ཕྱོགས་སུ་ཡང༌། །སྒྲས་ནི་རིན་ཆེན་རིགས་སུ་སྣང༌། །ནུབ་ཏུ་པད་མ་དེ་བཞིན་ནོ། །བྱང་དུ་ལས་ཀྱི་རིགས་སུ་འགྱུར། །དེ་བཞིན་སྟེང་དུ་དེ་བཞིན་རིགས། །སྒྲ་ཡི་རང་བཞིན་འདི་ལྟ་བུ། །འུར་ཞིང་ཐུག་པ་བརྩེགས་མ་དང༌། །རྒྱུན་རིང་འཇམ་དལ་རིང་བའི་སྒྲ། །ཞི་དང་ཁྲོ་བོའི་ཁྱད་ཀྱིས་སོ། །དེ་ལྟར་སྒྲ་དང་ལྡན་གྱུར་ན། །འདིས་ནི་ལོངས་སྤྱོད་རྫོགས་པ་ཡི། །སྐུ་ཡི་འབྲས་བུ་ཐོབ་པའོ། །ཞེས་སོ། །ས་གཡོ་བའི་རྟགས་ཚད་ནི། །རྒྱུད་དེ་ཉིད་ལས། ས་ནི་གཡོ་བའི་སྐྱེས་བུ་དེའི། །དབུགས་དང་བྲལ་བའི་ཚེ་བྱུང་ན། །འདི་ནི་ཉན་ཐོས་ས་ཐོབ་བོ། །དེ་བཞིན་ཞག་ནི་གསུམ་ན་ཡང༌། །དེ་ཉིད་ས་ནི་གཡོས་གྱུར་ན། །འདི་ནི་རང་སངས་རྒྱས་ཀྱི་ས། །ཞག་ནི་དྲུག་ན་བྱུང་བ་ན། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །ས་ལ་འཇུག་གོ་མཁའ་འགྲོ་མ། །གལ་ཏེ་ཞག་ནི་དགུ་ན་ཡང༌། །ས་ནི་གཡོས་པར་གྱུར་པ་ན། །འདི་ནི་རིག་པ་འཛིན་པ་ཡི། །ས་ལ་ཅི་དགར་སྤྱོད་པར་ནུས། །ས་ནི་གཡོས་པའི་སྐལ་ལྡན་ལ། །སངས་རྒྱས་འབྲས་བུ་མི་སྣང་སྟེ། །དེ་བཞིན་ས་དང་ལམ་རྣམས་ལ། །ཡུན་དུ་སྦྱོང་ཞིང་གནས་པའོ། །ཞེས་སོ། །དོན་གཉིས་པ་འགྲོ་དྲུག་གི་གནས་སོ་སོར་སྐྱེ་བའི་རྟགས་ལ་དྲུག་སྟེ། རྒྱུད་དེ་ཉིད་ལས། གང་ཞིག་ཤི་བ་དེ་ཚེ་ན། །ནམ་མཁའ་སྨུག་ནག་མུན་པ་ནག །དེ་བཞིན་ཆར་དང་ཁུ་རླངས་དང༌། །རླུང་དང་སེར་བ་བུ་ཡུག་སྟེ། །འདི་ཀུན་སུ་ལ་བྱུང་བ་དེ། །སེམས་ཅན་དམྱལ་བའི་སྐྱེ་གནས་སུ། །འདི་ལ་བར་མ་དོ་མེད་པར། །འགྱུར་བ་ཡིན་ནོ་མཁའ་འགྲོ་མ། །ནམ་མཁའ་ན་བུན་ལྟ་བུ་ལ། །འོད་ཟེར་སེར་ལ་ཉི་ཟླ་ཤི། །རླུང་དང་སེར་བུ་མེད་པ་ལ། །སེར་གློག་ཉི་མ་མི་སྣང་དང༌། །ཆར་བབ་ཤུལ་ལམ་ཡང་ན་ནི། །འདི་ཡི་སྲད་ལ་བབ་པར་གྱུར། །འདི་ཉིད་སུ་ལ་བྱུང་བ་སྟེ། །ཡི་དགས་ཀྱི་ནི་སྐྱེ་གནས་སུ། །སྐྱེ་བ་ཡིན་ནོ་མཁའ་འགྲོ་མ། །ནམ་མཁའ་རྨུགས་ཤིང་རླུང་ཡང་མེད། །སྤྲིན་ནི་གནག་ལ་གོ་མཚམས་མེད། །ཡང་ན་ན་བུན་སྣང་བ་དང༌། །རྨུགས་ཤིང་ཉམས་མི་དགའ་བ་ལ། །ཚེ་ཡི་འདུ་བྱེད་སུས་བྱས་པ། །འདི་ནི་བྱོལ་སོང་གནས་སུའོ། །ཤིན་ཏུ་དྲག་པོའི་རླུང་གིས་འཁྲུགས། །སྤྲིན་ནི་ཁམ་ནག་འཇིགས་པའི་གཟུགས། །རབ་ཏུ་འཁྲུགས་ཤིང་འགྲོ་འོང་བཅས། །འབྲུག་དང་ལག་གི་ལྕེ་འབྱིན་དང༌། །ཉི་མ་ཟླ་བ་སྣང་མི་ནུས། །འདི་ལྟར་སུ་ལ་བྱུང་བ་སྟེ། །འདི་ནི་ལྷ་མིན་སྐྱེ་གནས་སོ། །ནམ་མཁའ་གསལ་ཞིང་དྭངས་པ་ལ། །ཉི་མ་ཟླ་བའི་སྣང་བ་གསལ། །རླུང་དང་སེར་བུ་སྣང་མི་ནུས། །འདི་ནི་ལྷ་ཡི་སྐྱེས་གནས་སོ། །ཡང་ནི་ནམ་མཁའ་གསལ་ལ་དངས། །མི་མཇེད་སྤྲིན་ནི་དར་དཀར་བཞིན། །ཤིན་ཏུ་སྲབ་ཅིང་བརྡལ་བར་སྣང༌། །ཡང་ན་ཉི་ཟླ་འོད་ཁྱིམ་ཅན། །འདི་ལྟར་སུ་ལ་བྱུང་བ་དེ། །མི་ཡི་སྐྱེ་གནས་འདིས་ཐོབ་བོ། །ཞེས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་རྟགས་ཚད་ངེས་པའི་རིམ་པ་སྟེ་རྡོ་རྗེའི་གནས་དགུ་པ་རྒྱ་ཆེ་བཤད་པའོ། །

[edit]
rywikitexts e-text of the Beijing 2009 edition (vol. 19), with its page numbers ༼N༽.

གོང་བཞིན་ལུས་སོགས་གཏོང་བར་ནུས། །འདི་ལྟར་སུ་ལ་བྱུང་བའི་མི། །སྤྲུལ་པའི་སྐུ་ལ་འདིས་རེག་ག»ོ «།དེ་ལྟར་ལྡན་པའི་སྐྱེས་བུ་ནི། །ཕྱིས་ནི་སྤྲུལ་སྐུའི་ཞིང་ཁམས་སུ། ། བརྫུས་ནས་སྐྱེས་ཀྱི་ལུས་བླངས་ནས། །ལོ་ནི་དྲུག་ཁྲི་བརྒྱ་སྟོང་དུ། །སེམས་ནི་གནས་ནས་སེམས་ཅན་དོན། །སྐྱེས་བུ་འདི་ཡིས་བྱེད་པའོ། །དེ་ནས་ངོ་བོ་རང་བཞིན་ལས། །འཛམ་བུའི་གླིང་སོགས་གླིང་རྣམས་སུ། །སྤྲུལ་པ་བྱེ་བ་དྲུག་ཁྲི་» «ཡིས། །རང་རང་མཐུན་པའི་ལུས་བླངས་ནས། །སེམས་ཅན་དོན་ཀུན་བྱེད་པར་ནི། །འདི་ཡིས་འགྱུར་རོ་མཁའ་འགྲོ་མ། །དེ་ནས་ངོ་བོ་ཀ་དག་ལ། །ཉི་མ་ལ་ནི་ཟེར་འདུས་ལྟར། །རང་གི་སྤྲུལ་པར་བཅས་པ་ནི། །རང་གི་ངོ་བོ་རང་ཐིམ་ནས། །དབྱེར་མེད་འབྱེད་པ་མེད་པར་འགྱུར། །ཞེས་སོ། །» «ལྔ་པ་རིག་པའི་ཚད་ལ་གཉིས་ཏེ། རང་གདངས་ལུ་གུ་རྒྱུད་ལ་ཕྱིར་གོམས་པའི་ཚད་དང༌། རང་ངོ་ཀ་དག་སྐྱོན་མེད་ལ་ནང་དུ་གོམས་པའི་ཚད་» «དོ། །དང་པོ་ནི། སྐུ་གདུང་འབར་བ་ལས། རིག་པ་ལ་ནི་སུས་གོམས་པ། །དེ་ཡི་ལུས་ལ་རྒྱ་འདིའོ། །གང་དུ་གཏད་པའི་དངོས་པོ་ལ། །དེར་ནི་རང་ཤེས་འཛུད་པར་ནུས། །གང་དུ་འདུག་པའི་ས་ཉིད་དུ། །ལུས་ཀྱང་དེ་ཡི་རྗེས་སུ་» «སྟེ། །ཇི་ལྟར་རིག་པ་ཉིད་དང་མཚུངས། །གཞན་གྱི་མ་དད་བསྒྱུར་ནུས་» «དང༌། །བསམ་རྒྱུན་ཞེན་པ་རང་འགགས་དང༌། །ནང་གི་རྟགས་དང་རྣམ་པར་ལྡན། །མངོན་སུམ་ཉིད་དུ་སུས་རིག་པ། །འདི་ནི་འབྱུང་བ་རང་གི་སར། །སྐལ་དང་ལྡན་པ་འདི་དེངས་ནས། །སྐྱེ་མེད་མཆོག་ལ་སྙེགས་པའོ། །ཞེས་» «སོ། །གཉིས་པ་ནི། རྒྱུད་དེ་ཉིད་ལས། གང་གི་སྐྱེ་མེད་སུ་ཡིས་ནི། །རྩད་ནས་ཆོད་པའི་མི་དེ་ལ། །རྟགས་ནི་འདི་ལྟ་བུ་ཡང་འབྱུང༌། །འདི་རྟགས་སུ་ལ་ལྡན་པ་ནི། །ང་དང་སྐལ་བ་མཉམ་པ་ཡིན། །ལུས་ལ་འབུ་སྲིན་ཤིག་ལ་སོགས། །» «འདི་ཀུན་སྐྱེ་བ་རྒྱུན་ཆད་དང༌། །གང་གི་སྐྲ་དང་སེན་མོ་དང༌། །འདི་ཀུན་མི་སྐྱེ་རྒྱུན་ཟད་ན། །འདི་ནི་སྐྱེ་བ་མེད་པ་སྟེ། །འདི་ལྟར་རྟགས་དང་ལྡན་པ་ནི། །ཟླ་བ་དག་ནི་གསུམ་ན་ཡང༌། །འདི་ནི་འབྱུང་བ་རང་དེངས་སུ། །ཟག་བཅས་ཕུང་པོ་མི་སྣང་བར། །རང་ལུས་འོད་ཀྱི་གདངས་དཀྱིལ་དུ། །རིགས་དང་བཅས་ཏེ་འདི་འགྱུར་རོ། །ཞེས་སོ། །» «དོན་གསུམ་པ་ཕྱིས་ཀྱི་རྟགས་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། སྐལ་ལྡན་གྲོལ་བའི་རྟགས་དང༌། སྐལ་མེད་འཁྲུལ་པའི་རྟགས་ཏེ། སྐུ་གདུང་འབར་བ་ལས། གང་དག་མྱ་ངན་ལས་འདས་ན། །དེ་ལ་སྐུ་དང་གདུང་དང་ནི། །དེ་བཞིན་འོད་དང་སྒྲ་ཉིད་དང༌། །ས་ནི་གཡོ་བར་འགྱུར་བའོ། །ནམ་མཁའ་ཆར་དང་ཁུ་རླངས་དང༌། །འདི་ལྟར་རྟགས་ནི་ཕྱྀས་ནས་འབྱུང༌། །ཞེས་སོ། ། གཉིས་པ་ལ་གཉིས་ཏེ། རྣལ་འབྱོར་པ་གྲོལ་ཚད་ངེས་པའི་རྟགས་དང༌། འགྲོ་དྲུག་སོ་སོར་སྐྱེ་བའི་རྟགས་སོ། །དང་པོ་ལ་ལྔ་སྟེ། སྐུ། གདུང༌། འོད། སྒྲ། ས་གཡོ་བའི་རྟགས་ཚད་བསྟན་པའོ། །དང་པོ་སྐུ་ལ་གཉིས་ཏེ། རྒྱུད་དེ་ཉིད་ལས། རིགས་ལྡན་མྱ་ངན་འདས་པ་ལ། །དེ་ཡི་ལྷག་མ་ཟག་བཅས་ཀྱི། །ཕུང་པོ་རྟེན་ཡུལ་བསྲེགས་སྦྱངས་པས། །དེ་ལ་སྐུ་ནི་རྣམ་གཉིས་ཏེ། །ཞི་བའི་སྐུ་དང་ཁྲོ་བོའི་སྐུ། །རྣམ་པ་གཉིས་ཀྱི་གཟུགས་སུ་ཡང༌། །སུ་ཞིག་རྣལ་འབྱོར་ལྡན་པ་ལ། །འདི་གཉིས་གཟུགས་ཀྱི་རྣམ་པ་ཡང༌། །གལ་ཏེ་གཉིས་ཀ་བྱུང་བ་ན། ། འདི་ནི་བར་དོ་མེད་པར་ཡང༌། །ངོ་བོ་ཀ་དག་ཆེན་པོ་ཡི། །གདེང་དང་ལྡན་པར་འདི་འགྱུར་རོ། །ཞི་བའི་སྐུ་ཡི་རྟགས་བྱུང་ན། །ཞག་ནི་ལྔ་ཡིས་བདེན་མཐོང་ སྟེ། །དེ་ཡང་སངས་རྒྱས་ཉིད་དུ་ཐིམ། །གལ་ཏེ་ཁྲོ་བོའི་སྐུ་བྱུང་ན། །འདི་ནི་ཆོས་ཉིད་བར་དོ་ཡི། །སྐད་ཅིག་ཉིད་ནི་ཆ་ལྔ་ལ། །གྲོལ་བར་འགྱུར་རོ་མཁའ་འགྲོ་མ། །ཞེས་སོ། །གདུང་ལ་ངོ་བོ་མདོར་བསྟན་པ་དང༌། རང་བཞིན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། རྒྱུད་དེ་ཉིད་ལས། ཤ་རཱི་རཾ་ནི་བདེ་གཤེགས་གདུང༌། །དེ་བཞིན་བ་རཱི་རཾ་ཞེས་ནི། །རྡོ་རྗེའི་རིགས་ཀྱི་གདུང་ཡིན་ནོ། །ཆུ་རཱི་རཾ་ནི་རིན་པོ་ཆེ། །བསེ་རཱི་རཾ་ནི་པད་མའོ། །དེ་བཞིན་ཉ་རཱི་རཾ་ཞེས་བྱ། །ལས་ཀྱི་རིགས་ཀྱི་གདུང་ཡིན་ནོ། །» «ཞེས་སོ། ། གཉིས་པ་ལ་གདུང་རིགས་ལྔ་སྟེ། སོ་སོའི་ཁ་དོག» «ཚད། རྒྱུ། གནས། ཡུལ་རྣམས་བསྟན་པ་ནི། རྒྱུད་དེ་ཉིད་ལས། ཤ་རཱི་རཾ་ཞེས་དཀར་ལ་དངས། ། སྣུམ་ལ་འདྲིལ་ཏེ་ཁ་དོག་གསལ། །སྲན་མ་ཡི་ནི་རྡོག་འབྲུ་ཙམ། །» «འདི་ནི་རུས་པའི་དངས་མ་སྟེ། །སྨིན་པས་འདྲིལ་བར་འབྱུང་བ་ཡིན། །ཐབས་ལྡན་དེ་ཡི་མགོ་ལས་འབྱུང༌། །བ་རཱི་རཾ་ཞེས་སྔོ་ནག་ལ། །ཡུངས་དཀར་གྱི་ནི་འབྲུ་ཙམ་མམ། །ཡང་ན་སྲན་ཆུང་འབྲུ་ཙམ་མོ། །འདི་ནི་དྲོད་ཀྱི་དངས་མ་འདྲིལ། །དེ་ཡི་རྩིབ་མའི་གོ་མཚམས་ནས། །འབྱུང་བ་ཡིན་ནོ་མཁའ་འགྲོ་མ། །ཆུ་རཱི་རཾ་ནི་ཁ་དོག་སེར། །ཡུངས་འབྲུ་ཙམ་ནི་ཁྲག་ལས་སོ། །དེ་ནི་མཆིན་པའི་སྟེང་ནས་འབྱུང༌། །བསེ་རཱི་རཾ་ཞེས་དམར་ལ་དངས། །ཆེ་ཆུང་ཚད་ཀྱང་ཡུངས་འབྲུ་ ཙམ། །འདི་ནི་འབྱུང་བ་འདུས་ལས་འདྲིལ། །སྐལ་དང་ལྡན་པའི་མཁལ་མ་ལས། །འབྱུང་བ་ཡིན་ནོ་མཁའ་འགྲོ་མ། །ཉ་རཱི་རཾ་ནི་ཨིནྡྲ་སྟེ། །ཡུངས་འབྲུ་ཙམ་ལ་ཁ་དོག་གསལ། །ཤེས་པ་རྣམས་ཀྱི་དངས་མ་ལས། །འདི་ནི་གློ་བའི་སྟེང་ནས་འབྱུང༌། །འདི་ཀུན་སྤྱི་དབྱིབས་ཟླུམ་ལ་འདྲིལ། །ཀུན་གྱི་གཏིང་གསལ་ཁ་དོག་ལྔ། །ཞེས་སོ། །རིང་བསྲེལ་ནི་འདིའི་རྣལ་འབྱོར་པ་སྤྲུལ་པར་དབུགས་འབྱིན་པའི་རྟགས་ཏེ་འབྱུང་བས་འཇིག་ལ། གདུང་མི་འཇིག་སྟེ། རྒྱུད་དེ་ཉིད་ལས། འདི་དང་ཡང་ནི་འདྲ་བ་ཡི། །རིང་བསྲེལ་ཉིད་ནི་ཕྲ་མོ་སྟེ། །ཏིལ་གྱི་འབྲུ་དང་རྡུལ་ཆ་ཙམ། །འདི་ནི་འབྱུང་བས་བཤིག་པར་ནུས། །འདི་ནི་སྤྲུལ་པའི་ཞིང་ཁམས་སུའོ། །གདུང་ནི་སུས་ཀྱང་འཇིག་མི་ནུས། །སྲ་མཁྲེགས་འཇིགས་པ་ཀུན་བྲལ་བས། །འདི་ཀུན་འཇིགས་མེད་སངས་རྒྱས་ཐོབ། །ཅེས་པ་དང༌། རང་ཤར་ལས། སྐུ་དང་གདུང་དང་འོད་རྣམས་ཀྱང༌། །མྱ་ངན་འདའ་བ་གང་ཡོད་པ། །དེ་ལ་རྟགས་རྣམས་འབྱུང་བར་བཤད། །ཅེས་སོ། །འོད་ལ་འཁོར་ཡུག་དང༌། གྱེན་འགྲེང་དང༌། རྩིབས་སྒུགས་གསུམ་སྟེ། སྐུ་གདུང་འབར་བ་ལས། འོད་ལ་རྣམ་པ་གསུམ་ཡིན་ཏེ། །མུ་ཁྱུད་འཁོར་ཡུག་བཅས་པར་ནི། །གང་གི་ཤུལ་ལ་བྱུང་བ་ནི། །འདི་ནི་བར་དོ་དང་པོ་ལ། །ངེས་པ་ཡིན་ནོ་འབྲས་བུ་ཐོབ། །གལ་ཏེ་གྱེན་ལ་འགྲེང་བ་ན། །འདིས་ནི་བར་དོ་མི་སྣང་བར། །སྐད་ཅིག་ལ་ནི་སངས་རྒྱས་སོ། །འོད་ནི་རྩིབས་སུ་སྣང་གྱུར་ན། །འདི་ནི་བར་དོ་ཐ་མ་ལ། །མངོན་པར་བྱང་ཆུབ་ཉིད་བརྙེས་སོ། །ཞེས་སོ། །སྒྲ་ལའང་ཕྱོགས་དང་སྐད་ཀྱི་རིམ་པས་དབྱེ་བ་ནི། སྐུ་གདུང་འབར་བ་ལས། གང་དུ་འདས་པའི་གནས་ཁང་གི། །ཤར་གྱི་ཕྱོགས་སུ་ཉེ་བའི་སར། །སྒྲ་ནི་རབ་ཏུ་གྲག་པ་ན། །འདི་ནི་རྡོ་རྗེའི་རིགས་སུ་འགྱུར། །དེ་བཞིན་ལྷོ་ཡི་ཕྱོགས་སུ་ ཡང༌། །སྒྲས་ནི་རིན་ཆེན་རིགས་སུ་སྣང༌། །ནུབ་ཏུ་པད་མ་དེ་བཞིན་ནོ། །བྱང་དུ་ལས་ཀྱི་རིགས་སུ་འགྱུར། །དེ་བཞིན་སྟེང་དུ་དེ་བཞིན་རིགས། །སྒྲ་ཡི་རང་བཞིན་འདི་ལྟ་བུ། །འུར་ཞིང་ཐུག་པ་བརྩེགས་མ་དང༌། །རྒྱུན་རིང་འཇམ་དལ་རིང་བའི་སྒྲ། །ཞི་དང་ཁྲོ་བོའི་ཁྱད་ཀྱིས་སོ། །ད་«༼༡༽«ལྟར་སྒྲ་དང་ལྡན་གྱུར་ན། ། འདིས་ནི་ལོངས་སྤྱོད་རྫོགས་པ་ཡི། །སྐུ་ཡི་འབྲས་བུ་ཐོབ་པའོ། །ཞེས་སོ། །ས་གཡོ་བའི་རྟགས་ཚད་ནི། རྒྱུད་དེ་ཉིད་ལས། ས་ནི་གཡོ་བའི་སྐྱེས་བུ་དེའི། ། དབུགས་དང་བྲལ་བའི་ཚེ་བྱུང་ན། །འདི་ནི་ཉན་ཐོས་ས་ཐོབ་བོ། །དེ་བཞིན་ཞག་ནི་གསུམ་ན་ཡང༌། །དེ་ཉིད་ས་ནི་གཡོས་གྱུར་ན། །འདི་ནི་རང་སངས་རྒྱས་ཀྱི་ས། །ཞག་ནི་དྲུག་ན་བྱུང་བ་ན། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། ། ས་ལ་འཇུག་གོ་མཁའ་འགྲོ་མ། །གལ་ཏེ་ཞག་ནི་དགུ་ན་ཡང༌། །ས་ནི་གཡོས་པར་གྱུར་པ་ན། །འདི་ནི་རིག་པ་འཛིན་པ་ཡི། །ས་ལ་ཅི་དགར་སྤྱོད་པར་ ནུས། །ས་ནི་གཡོས་པའི་སྐལ་ལྡན་ལ། །སངས་རྒྱས་འབྲས་བུ་མི་སྣང་སྟེ། །དེ་བཞིན་ས་དང་ལམ་རྣམས་ལ། །ཡུན་དུ་སྦྱོང་ཞིང་གནས་པའོ། །ཞེས་སོ། །» «དོན་གཉིས་པ་འགྲོ་དྲུག་གི་གནས་སོ་སོར་སྐྱེ་བའི་རྟགས་ལ་དྲུག་སྟེ། རྒྱུད་དེ་ཉིད་ལས། གང་ཞིག་ཤི་བ་དེ་ཚེ་ན། །ནམ་མཁའ་སྨུག་ནག་མུན་པ་» «ནག» «།དེ་བཞིན་ཆར་དང་ཁུ་རླངས་དང༌། །རླུང་དང་སེར་བ་བུ་ཡུག་སྟེ། །འདི་ཀུན་སུ་ལ་བྱུང་བ་དེ། །སེམས་ཅན་དམྱལ་བའི་སྐྱེ་གནས་སུ། །འདི་ལ་བར་མ་དོ་མེད་པར། །འགྱུར་བ་ཡིན་ནོ་མཁའ་འགྲོ་མ། །ནམ་མཁའ་ན་བུན་ལྟ་བུ་» «ལ། །འོད་ཟེར་སེར་ལ་ཉི་ཟླ་ཤི །རླུང་དང་སེར་བུ་མེད་པ་ལ། །སེར་གློག་ཉི་མ་མི་སྣང་དང༌། །ཆར་བབ་ཤུལ་ལམ་ཡང་ན་ནི། །འདི་ཡི་སྲོད་ལ་བབ་པར་» «གྱུར། །འདི་ཉིད་སུ་ལ་བྱུང་བ་སྟེ། །ཡི་དགས་ཀྱི་ནི་སྐྱེ་གནས་སུ། །སྐྱེ་བ་ཡིན་ནོ་མཁའ་འགྲོ་མ། །ནམ་མཁའ་རྨུགས་ཤིང་རླུང་ཡང་མེད། །སྤྲིན་ནི་གནག་ལ་གོ་མཚམས་མེད། །ཡང་ན་ན་བུན་སྣང་བ་དང༌། །རྨུགས་ཤིང་ཉམས་མི་དགའ་བ་ལ། །ཚེ་ཡི་འདུ་བྱེད་སུ་བྱས་པ། །འདི་ནི་བྱོལ་སོང་གནས་སུའོ། །ཤིན་ཏུ་དྲག་པོའི་རླུང་གིས་འཁྲུགས། །སྤྲིན་ནི་ཁམ་ནག་འཇིག་པའི་གཟུགས། །རབ་ཏུ་འཁྲུགས་ཤིང་འགྲོ་འོང་བཅས། །འབྲུག་དང་གློག་གི་ལྕེ་འབྱིན་དང༌། །ཉི་མ་ཟླ་བ་སྣང་མི་ནུས། །འདི་ལྟར་སུ་ལ་བྱུང་བ་སྟེ། །འདི་ནི་ལྷ་མིན་སྐྱེ་གནས་» «སོ། །ནམ་མཁའ་གསལ་ཞིང་དངས་པ་ལ། །ཉི་མ་ཟླ་བའི་སྣང་བ་གསལ། །» «རླུང་དང་སེར་བུ་སྣང་མི་ནུས། །འདི་ནི་ལྷ་ཡི་སྐྱེ་གནས་སོ། །ཡང་ནི་ནམ་མཁའ་གསལ་ལ་དངས། །མི་མཇེད་སྤྲིན་ནི་དར་དཀར་བཞིན། །ཤིན་ཏུ་སྲབ་ཅིང་བརྡལ་བར་སྣང༌། །ཡང་ན་ཉི་ཟླ་འོད་ཁྱིམ་ཅན། །འདི་ལྟར་སུ་ལ་བྱུང་བ་དེ། །» «མི་ཡི་སྐྱེ་གནས་འདིས་ཐོབ་བོ། །ཞེས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་» «ལས་རྟགས་ཚད་ངེས་པའི་རིམ་པ་སྟེ་རྡོ་རྗེའི་གནས་དགུ་པ་རྒྱ་ཆེར་བཤད་» «པའོ།། » «།།

[edit]
OCR of the BDRC scans (I1CZ5003), gorn05 tibocr 2026: BDRC OCR on 239 pages, Mitra OCR on 125 pages (the model with more recognisable syllables on each page).

[p. 430] གོང་བཞིན་ལུས་སོགས་གཏོང་བར་ནུས། །འདི་ལྟར་སུ་ལ་བྱུང་བའི་མི། །སྤྲུལ་པའི་སྐུ་ལ་འདིས་རེག་ གོ། །དེ་ལྟར་ལྡན་པའི་སྐྱེས་བུ་ནི། །ཕྱིས་ནི་སྤྲུལ་སྐུའི་ཞིང་ཁམས་སུ། །བརྫུས་ནས་སྐྱེས་ཀྱི་ལུས་བླངས་ནས། །ལོ་ནི་དྲུག་ཁྲི་བརྒྱ་སྟོང་དུ། །སེམས་ནི་གནས་ནས་སེམས་ཅན་དོན། །སྐྱེས་བུ་འདི་ཡིས་བྱེད་པའོ། །དེ་ནས་ངོ་བོ་རང་བཞིན་ ལས། །འཛམ་བུའི་གླིང་སོགས་གླིང་རྣམས་སུ། །སྤྲུལ་པ་བྱེ་བ་དྲུག་ཁྲི་ཡིས། །རང་རང་མཐུན་པའི་ལུས་བླངས་ནས། །སེམས་ཅན་དོན་ཀུན་བྱེད་པར་ནི། །འདི་ཡིས་འགྱུར་རོ་མཁའ་འགྲོ་མ། །དེ་ནས་ངོ་བོ་ཀ་དག་ལ། །ཉི་མ་ལ་ནི་ཟེར་འདུས་

[p. 431] ༄༅། །ལྟར༑ །རང་གི་སྤྲུལ་པར་བཅས་པ་ནི། །རང་གི་ངོ་བོར་རང་ཐིམ་ནས། །དབྱེར་མེད་འབྱེད་པ་མེད་པར་འགྱུར། །ཞེས་སོ། །ལྔ་པ་རིག་པའི་ཚད་ལ་གཉིས་ཏེ། རང་གདངས་ལུ་གུ་རྒྱུད་ལ་ཕྱིར་གོམས་པའི་ཚད་དང་། རང་ངོ་ཀ་དག་ སྐྱོན་མེད་ལ་ནང་དུ་གོམས་པའི་ཚད་དོ། །དང་པོ་ནི། སྐུ་གདུང་འབར་བ་ལས། རིག་པ་ལ་ནི་སུས་གོམས་པ། །དེ་ཡི་ལུས་ལ་རྒྱ་འདིའོ། །གང་དུ་གཏད་པའི་དངོས་པོ་ལ། །དེར་ནི་རང་ཤེས་འཛུད་པར་ནུས། །གང་དུ་འདུག་པའི་ས་ཉིད་དུ། །ལུས་ཀྱང་ དེ་ཡི་རྗེས་སུ་སྟེ། །ཇི་ལྟར་རིག་པ་ཉིད་དང་མཚུངས། །གཞན་གྱི་མ་དད་བསྒྱུར་ནུས་དང་། །བསམ་རྒྱུན་ཞེན་པ་རང་འགགས་དང་། །ནང་གི་རྟགས་དང་རྣམ་པར་ལྡན། །མངོན་སུམ་ཉིད་དུ་སུས་རིག་པ། །འདི་ནི་འབྱུང་བ་རང་གི་སར། །སྐལ་ དང་ལྡན་པ་འདི་དེངས་ནས། །སྐྱེ་མེད་མཆོག་ལ་སྙེགས་པའོ། །ཞེས་སོ། །གཉིས་པ་ནི། རྒྱུད་དེ་ཉིད་ལས། གང་གི་སྐྱེ་མེད་སུ་ཡིས་ནི། །རྩད་ནས་ཆོད་པའི་མི་དེ་ལ། །རྟགས་ནི་འདི་ལྟ་བུ་ཡང་འབྱུང་། །འདི་རྟགས་སུ་ལ་ལྡན་པ་ནི། །ང་དང་ སྐལ་བ་མཉམ་པ་ཡིན། །ལུས་ལ་འབུ་སྲིན་ཤིག་ལ་སོགས། །འདི་ཀུན་སྐྱེ་བ་རྒྱུན་ཆད་དང་། །གང་གི་སྐྲ་དང་སེན་མོ་དང་། །འདི་ཀུན་མི་སྐྱེ་རྒྱུན་ཟད་ན། །འདི་ནི་སྐྱེ་བ་མེད་པ་སྟེ། །འདི་ལྟར་རྟགས་དང་ལྡན་པ་ནི། །ཟླ་བ་དག་ནི་གསུམ་ ན་ཡང་། །འདི་ནི་འབྱུང་བ་རང་དེངས་སུ། །ཟག་བཅས་ཕུང་པོ་མི་སྣང་བར། །རང་ལུས་འོད་ཀྱི་གདངས་དཀྱིལ་དུ། །རིགས་དང་བཅས་ཏེ་འདི་འགྱུར་རོ། །ཞེས་སོ། །དོན་གསུམ་པ་ཕྱིས་ཀྱི་རྟགས་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་ པར་བཤད་པའོ། །དང་པོ་ནི། སྐལ་ལྡན་གྲོལ་བའི་རྟགས་དང་། སྐལ་མེད་འཁྲུལ་པའི་རྟགས་ཏེ། སྐུ་གདུང་འབར་བ་ལས། གང་དག་མྱ་ངན་ལས་འདས་ན། །དེ་ལ་སྐུ་དང་གདུང་དང་ནི། །དེ་བཞིན་འོད་དང་སྒྲ་ཉིད་དང་། །ས་ནི་གཡོ་བར་འགྱུར་

[p. 432] བའོ། །ནམ་མཁའ་ཆར་དང་ཁུ་རླངས་དང་། །འདི་ལྟར་རྟགས་ནི་ཕྱིས་ནས་འབྱུང་། །ཞེས་སོ། །གཉིས་པ་ལ་གཉིས་ཏེ། རྣལ་འབྱོར་པ་གྲོལ་ཚད་ངེས་པའི་རྟགས་དང་། འགྲོ་དྲུག་སོ་སོར་སྐྱེ་བའི་རྟགས་སོ། །དང་པོ་ལ་ལྔ་སྟེ། སྐུ། གདུང་། འོད། སྒྲ། ས་གཡོ་བའི་རྟགས་ཚད་བསྟན་པའོ། །དང་པོ་སྐུ་ལ་གཉིས་ཏེ། རྒྱུད་དེ་ཉིད་ལས། རིགས་ལྡན་མྱ་ངན་འདས་པ་ལ། །དེ་ཡི་ལྷག་མ་ཟག་བཅས་ཀྱི། །ཕུང་པོ་རྟེན་ཡུལ་བསྲེགས་སྦྱངས་པས། །དེ་ལ་སྐུ་ནི་རྣམ་གཉིས་ཏེ། །ཞི་བའི་སྐུ་ དང་ཁྲོ་བོའི་སྐུ། །རྣམ་པ་གཉིས་ཀྱི་གཟུགས་སུ་ཡང་། །སུ་ཞིག་རྣལ་འབྱོར་ལྡན་པ་ལ། །འདི་གཉིས་གཟུགས་ཀྱི་རྣམ་པ་ཡང་། །གལ་ཏེ་གཉིས་ཀ་བྱུང་བ་ན། །འདི་ནི་བར་དོ་མེད་པར་ཡང་། །ངོ་བོ་ཀ་དག་ཆེན་པོ་ཡི། །གདེང་དང་ལྡན་པར་འདི་ འགྱུར་རོ། །ཞི་བའི་སྐུ་ཡི་རྟགས་བྱུང་ན། །ཞག་ནི་ལྔ་ཡིས་བདེན་མཐོང་སྟེ། །དེ་ཡང་སངས་རྒྱས་ཉིད་དུ་ཐིམ། །གལ་ཏེ་ཁྲོ་བོའི་སྐུ་བྱུང་ན། །འདི་ནི་ཆོས་ཉིད་བར་དོ་ཡི། །སྐད་ཅིག་ཉིད་ནི་ཆ་ལྔ་ལ། །གྲོལ་བར་འགྱུར་རོ་མཁའ་འགྲོ་མ། །ཞེས་ སོ། །གདུང་ལ་ངོ་བོ་མདོར་བསྟན་པ་དང་། རང་བཞིན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། རྒྱུད་དེ་ཉིད་ལས། ཤ་རཱི་རཾ་ནི་བདེ་གཤེགས་གདུང་། །དེ་བཞིན་བ་རཱི་རཾ་ཞེས་ནི། །རྡོ་རྗེའི་རིགས་ཀྱི་གདུང་ཡིན་ནོ། །ཆུ་རཱི་རཾ་ནི་རིན་པོ་ཆེ། །བསེ་རཱི་རཾ་ ནི་པད་མའོ། །དེ་བཞིན་ཉ་རཱི་རཾ་ཞེས་བྱ། །ལས་ཀྱི་རིགས་ཀྱི་གདུང་ཡིན་ནོ། ཞེས་སོ། །གཉིས་པ་ལ་གདུང་རིགས་ལྔ་སྟེ། སོ་སོའི་ཁ་དོག །ཚད། རྒྱུ། གནས། ཡུལ་རྣམས་བསྟན་པ་ནི། རྒྱུད་དེ་ཉིད་ལས། །ཤ་རཱི་རཾ་ཞེས་དཀར་ལ་དངས། ། སྣུམ་ལ་འདྲིལ་ཏེ་ཁ་དོག་གསལ། །སྲན་མ་ཡི་ནི་རྡོག་འབྲུ་ཙམ། །འདི་ནི་རུས་པའི་དངས་མ་སྟེ། །སྨིན་པས་འདྲིལ་བར་འབྱུང་བ་ཡིན། །ཐབས་ལྡན་དེ་ཡི་མགོ་ལས་འབྱུང་། །བ་རཱི་རཾ་ཞེས་སྔོ་ནག་ལ། །ཡུངས་ཀར་གྱི་ནི་འབྲུ་ཙམ་མམ། །

[p. 433] ཡང་ན་སྲན་ཆུང་འབྲུ་ཙམ་མོ། །འདི་ནི་དྲོད་ཀྱི་དངས་མ་འདྲིལ། །དེ་ཡི་རྩིབ་མའི་གོ་མཚམས་ནས། །འབྱུང་བ་ཡིན་ནོ་མཁའ་འགྲོ་མ། །ཆུ་རཱི་རཾ་ནི་ཁ་དོག་སེར། །ཡུངས་འབྲུ་ཙམ་ནི་ཁྲག་ལས་སོ། །དེ་ནི་མཆིན་པའི་སྟེང་ ནས་འབྱུང་། །བསེ་རཱི་རཾ་ཞེས་དམར་ལ་དངས། །ཆེ་ཆུང་ཚད་ཀྱང་ཡུངས་འཐུ་ཙམ། །འདི་ནི་འབྱུང་བ་འདུས་ལས་འདྲིལ། །སྐལ་དང་ལྡན་པའི་མཁལ་མ་ལས། །འབྱུང་བ་ཡིན་ནོ་མཁར་འགྲོ་མ། །ཉ་རཱི་རཾ་ནི་ཨིནྡྲ་སྟེ། །ཡུངས་འབྲུ་ཙམ་ལ་ཁ་དོག་ གསལ། །ཤེས་པ་རྣམས་ཀྱི་དངས་མ་ལས། །འདི་ནི་གློ་བའི་སྟེང་ནས་འབྱུང་། །འདི་ཀུན་སྤྱི་དབྱིབས་ཟླུམ་ལ་འདྲིལ། །ཀུན་གྱི་གཏིང་གསལ་ཁ་དོག་ལྔ། །ཞེས་སོ། །རིང་བསྲེལ་ནི་འདིའི་རྣལ་འབྱོར་པ་སྤྲུལ་པར་དབུགས་འབྱིན་པའི་རྟགས་ཏེ་འབྱུང་བས་ འཇིག་ལ། གདུང་མི་འཇིག་སྟེ། རྒྱུད་དེ་ཉིད་ལས། འདི་དང་ཡང་ནི་འདྲ་བ་ཡི། །རིང་བསྲེལ་ཉིད་ནི་ཕྲ་མོ་སྟེ། །ཏིལ་གྱི་འབྲུ་དང་རྡུལ་ཆ་ཙམ། །འདི་ནི་འབྱུང་བས་བཤིག་པར་ནུས། །འདི་ནི་སྤྲུལ་པའི་ཞིང་ཁམས་སུའོ། །གདུང་ནི་སུས་ཀྱང་འཇིག་ མི་ནུས། །སྲ་མཁྲེགས་འཇིགས་པ་ཀུན་བྲལ་བས། །འདི་ཀུན་འཇིགས་མེད་སངས་རྒྱས་ཐོབ། །ཅེས་པ་དང་། རང་ཤར་ལས། སྐུ་དང་གདུང་དང་འོད་རྣམས་ཀྱང་། །མྱ་ངན་འདའ་བ་གང་ཡོད་པ། །དེ་ལ་རྟགས་རྣམས་འབྱུང་བར་བཤད། །ཅེས་སོ། ། འོད་ལ་འཁོར་ཡུག་དང་། གྱེན་འགྲེང་དང་། རྩིབས་སྒུགས་གསུམ་སྟེ། སྐུ་གདུང་འབར་བ་ལས། འོད་ལ་རྣམ་པ་གསུམ་ཡིན་ཏེ། །མུ་ཁྱུད་འཁོར་ཡུག་བཅས་པར་ནི། །གང་གི་ཤུལ་ལ་བྱུང་བ་ནི། །འདི་ནི་བར་དོ་དང་པོ་ལ། །ངེས་པ་ཡིན་ནོ་འབྲས་བུ་ཐོབ། །གལ་ ཏེ་གྱེན་ལ་འགྲེང་བ་ན། །འདིས་ནི་བར་དོ་མི་སྣང་བར། །སྐད་ཅིག་ལ་ནི་སངས་རྒྱས་ས། །འོད་ནི་རྩིབས་སུ་སྣང་གྱུར་ན། །འདི་ནི་བར་དོ་ཐ་མ་ལ། །མངོན་པར་བྱང་ཆུབ་ཉིད་བརྙེས་སོ། །ཞེས་སོ། །སྒྲ་ལའང་ཕྱོགས་དང་སྐད་ཀྱི་རིམ་པས་དབྱེ་བ་ནི། སྐུ་

[p. 434] གདུང་འབར་བ་ལས། །གང་དུ་འདས་པའི་གནས་ཁང་ནི། །ཤར་གྱི་ཕྱོགས་སུ་ཉེ་བའི་སར། །སྒྲ་ནི་རབ་ཏུ་གྲག་པ་ན། །འདི་ནི་རྡོ་རྗེའི་རིགས་སུ་འགྱུར། །དེ་བཞིན་ལྷོ་ཡི་ཕྱོགས་སུ་ཡང་། །སྒྲས་ནི་རིན་ཆེན་རིགས་སུ་སྣང་། །ནུབ་ཏུ་པད་མ་དེ་བཞིན་ནོ། །བྱང་དུ་ལས་ཀྱི་རིགས་སུ་འགྱུར། །དེ་བཞི་སྟེང་དུ་དེ་བཞིན་རིགས། །སྒྲ་ཡི་རང་བཞིན་འདི་ལྟ་བུ། །འུར་ཞིང་ཐུག་པ་བརྩེགས་མ་དང་། །རྒྱུན་རིང་འཇམ་དལ་རིང་བའི་སྒྲ། །ཞི་དང་ཁྲོ་བོའི་ཁྱད་ཀྱིས་སོ། །དེ་ལྟར་སྒྲ་དང་ལྡན་གྱུར་ན། །འདིས་ནི་ལོངས་སྤྱོད་རྫོགས་པ་ཡི། །སྐུ་ཡི་འབྲས་བུ་ཐོབ་པའོ། །ཞེས་སོ། །ས་གཡོ་བའི་རྟགས་ཚད་ནི། །རྒྱུད་དེ་ཉིད་ལས། ས་ནི་གཡོ་བའི་སྐྱེས་བུ་དེའི། །དབུགས་དང་བྲལ་བའི་ཚེ་བྱུང་ན། །འདི་ནི་ཉན་ཐོས་ས་ཐོབ་པོ། །དེ་བཞིན་ཞག་ནི་གསུམ་ན་ཡང་། །དེ་ཉིད་ས་ནི་གཡོས་གྱུར་ན། །འདི་ནི་རང་སངས་རྒྱས་ཀྱི་ས། །ཞག་ནི་དྲུག་ན་བྱུང་བ་ན། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །ས་ལ་འཇུག་གོ་མཁའ་འགྲོ་མ། །གལ་ཏེ་ཞག་ནི་དགུ་ན་ཡང་། །ས་ནི་གཡོས་པར་གྱུར་པ་ན། །འདི་ནི་རིག་པ་འཛིན་པ་ཡི། །ས་ལ་ཅི་དགར་སྤྱོད་པར་ནུས། །ས་ནི་གཡོས་པའི་སྐལ་ལྡན་ལ། །སངས་རྒྱས་འབྲས་བུ་མི་སྣང་སྟེ། །དེ་བཞིན་ས་དང་ལམ་རྣམས་ལ། །ཡུན་དུ་སྦྱོང་ཞིང་གནས་པའོ། །ཞེས་སོ། །དོན་གཉིས་པ་འགྲོ་དྲུག་གི་གནས་སོ་སོར་སྐྱེ་བའི་རྟགས་ལ་དྲུག་སྟེ། རྒྱུད་དེ་ཉིད་ལས། གང་ཞིག་ཤི་བ་དེ་ཚེ་ན། །ནམ་མཁའ་སྨུག་ནག་མུན་པ་ནག །དེ་བཞིན་ཆར་དང་ཁུ་རླངས་དང་། །རླུང་དང་སེར་བ་བུ་ཡུག་སྟེ། །འདི་ཀུན་སུ་ལ་བྱུང་བ་ད། །སེམས་ཅན་དམྱལ་བའི་སྐྱེ་གནས་སུ། །འདི་ལ་བར་མ་དོ་མེད་པར། །འགྱུར་བ་ཡིན་ནོ་མཁའ་འགྲོ་མ། །ནམ་མཁའ་ན་བུན་ལྟ་བུ་ལ། །འོད་ཟེར་སེར་ལ་ཉི་ཟླ་ཤི། །རླུང་དང་སེར་བུ་མེད་པ་ལ། །སེར་གློག་ཉི་མ་མི་སྣང་དང་། །ཆར་བབ་ཤུལ་ལམ་ཡང་ན་ནི། །འདི་ཡི་སྲོད་ལ་བབ་པར་གྱུར། །

[p. 435] ༄༅། །འདི་ཉིད་སུ་ལ་བྱུང་བ་སྟེ། །ཡི་དགས་ཀྱི་ནི་སྐྱེ་གནས་སུ། །སྐྱེ་བ་ཡིན་ནོ་མཁའ་འགྲོ་མ། །ནམ་མཁའ་རྨུགས་ཤིང་རླུང་ཡང་མེད། །སྤྲིན་ནི་གནག་ལ་གོ་མཚམས་མེད། །ཡང་ན་ན་བུན་སྣང་བ་དང་། །རྨུགས་ཤིང་ ཉམས་མི་དགའ་བ་ལ། །ཚེ་ཡི་འདུ་བྱེད་སུ་བྱས་པ། །འདི་ནི་བྱོལ་སོང་གནས་སུའོ། །ཤིན་ཏུ་དྲག་པོའི་རླུང་གིས་འཁྲུགས། །སྤྲིན་ནི་ཁམ་ནག་འཇིགས་པའི་གཟུགས། །རབ་ཏུ་འཁྲུགས་ཤིང་འགྲོ་འོང་བཅས། །འབྲུག་དང་གློག་གི་ལྕེ་འབྱིན་ དང༑ །ཉི་མ་ཟླ་བ་སྣང་མི་ནུས། །འདི་ལྟར་སུ་ལ་བྱུང་བ་སྟེ། །འདི་ནི་ལྷ་མིན་སྐྱེ་གནས་སོ། །ནམ་མཁའ་གསལ་ཞིང་དྭངས་པ་ལ། །ཉི་མ་ཟླ་བའི་སྣང་བ་གསལ། །རླུང་དང་སེར་བུ་སྣང་མི་ནུས། །འདི་ནི་ལྷ་ཡི་སྐྱེ་གནས་སོ། །ཡང་ནི་ནམ་མཁའ་ གསལ་ལ་དྭངས། །མི་མཇེད་སྤྲིན་ནི་དར་དཀར་བཞིན། །ཤིན་ཏུ་སྲབ་ཅིང་བརྡལ་བར་སྣང་། །ཡང་ན་ཉི་ཟླ་འོད་ཁྱིམ་ཅན། །འདི་ལྟར་སུ་ལ་བྱུང་བ་དེ། །མི་ཡི་སྐྱེ་གནས་འདིས་ཐོབ་བོ། །ཞེས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་རྟགས་ ཚད་ངེས་པའི་རིམ་པ་སྟེ་རྡོ་རྗེའི་གནས་དགུ་པ་རྒྱ་ཆེར་བཤད་པའོ།། །།

[edit]
OCR of the BDRC scans (I2PD20603), gorn05 tibocr 2026: BDRC OCR on 248 pages, Mitra OCR on 119 pages (the model with more recognisable syllables on each page).

[p. 654] གོང་བཞིན་ལུས་སོགས་གཏོང་བར་ནུས། །རང་ཉིད་ལྟར་སུ་ལ་བྱུང་བའི་མི། །སྤྲུལ་པའི་སྐུ་ལ་འདིས་རེག་གོ །དེ་ལྟར་ལྡན་པའི་སྐྱེས་བུ་ནི། །ཕྱིས་ནི་སྤྲུལ་སྐུའི་ཞིང་ཁམས་སུ། །བརྫུས་ནས་སྐྱེས་ཀྱི་ལུས་བླངས་ནས། །ལོ་ནི་དྲུག་ཁྲི་བརྒྱ་སྟོང་དུ། །སེམས་ནི་གནས་ནས་སེམས་ཅན་དོན། །སྐྱེས་བུ་འདི་ཡིས་བྱེད་པའོ། །དེ་ནས་ངོ་བོ་རང་བཞིན་ལས། །འཛམ་བུའི་གླིང་སོགས་གླིང་རྣམས་སུ། །སྤྲུལ་པ་བྱེ་བ་དྲུག་ཁྲི་ཡིས། །རང་རང་མཐུན་པའི་ལུས་བླངས་ནས། །སེམས་ཅན་དོན་ཀུན་བྱེད་པར་ནི། །འདི་ཡིས་འགྱུར་རོ་མཁའ་འགྲོ་མ། །དེ་ནས་ངོ་བོ་ཀ་དག་ལ། །ཉི་མ་ལ་ནི་ཟེར་འདུས་

[p. 655] ལྟར། །རང་གི་སྤྲུལ་པར་བཅས་པ་ནི། །རང་གི་ངོ་བོར་རང་ཐིམ་ནས། །དབྱེར་མེད་འབྱེད་པ་མེད་པར་འགྱུར། །ཞེས་སོ། །ལྔ་པ་རིག་པའི་ཚད་ལ་གཉིས་ཏེ། རང་གདངས་ལུ་གུ་རྒྱུད་ལ་ཕྱིར་གོམས་པའི་ཚད་དང་། རང་ངོ་ཀ་དག་སྐྱོན་མེད་ལ་ནང་དུ་གོམས་པའི་ཚད་དོ། །དང་པོ་ནི། སྐུ་གདུང་འབར་བ་ལས། རིག་པ་ལ་ནི་སུས་གོམས་པ། །དེ་ཡི་ལུས་ལ་རྒྱ་འདིའོ། །གང་དུ་གཏད་པའི་དངོས་པོ་ལ། །དེར་ནི་རང་ཤེས་འཛུད་པར་ནུས། །གང་དུ་འདུག་པའི་ས་ཉིད་དུ། །ལུས་ཀྱང་དེ་ཡི་རྗེས་སུ་སྟེ། །ཇི་ལྟར་རིག་པ་ཉིད་དང་མཚུངས། །གཞན་གྱི་མ་དད་བསྒྱུར་ནུས་དང་། །བསམ་རྒྱུན་ཞེན་པ་རང་འགགས་དང་། །ནང་གི་རྟགས་དང་རྣམ་པར་ལྡན། །མངོན་སུམ་ཉིད་དུ་སུས་རིག་པ། །འདི་ནི་འབྱུང་བ་རང་གི་སར། །སྐལ་དང་ལྡན་པ་འདི་དེངས་ནས། །སྐྱེ་མེད་མཆོག་ལ་སྙེགས་པའོ། །ཞེས་སོ། །གཉིས་པ་ནི། རྒྱུད་དེ་ཉིད་ལས། གང་གི་སྐྱེ་མེད་སུ་ཡིས་ནི། །རྩད་ནས་ཆོད་པའི་མི་དེ་ལ། །རྟགས་ནི་འདི་ལྟ་བུ་ཡང་འབྱུང་། །འདི་རྟགས་སུ་ལ་ལྡན་པ་ནི། །ང་དང་སྐལ་བ་མཉམ་པ་ཡིན། །ལུས་ལ་འབུ་སྲིན་ཤིག་ལ་སོགས། །འདི་ཀུན་སྐྱེ་བ་རྒྱུན་ཆད་དང་། །གང་གི་སྐྲ་དང་སེན་མོ་དང་། །འདི་ཀུན་མི་སྐྱེ་རྒྱུན་ཟད་ན། །འདི་ནི་སྐྱེ་བ་མེད་པ་སྟེ། །འདི་ལྟར་རྟགས་དང་ལྡན་པ་ནི། །ཟླ་བ་དག་ནི་གསུམ་ན་ཡང་། །འདི་ནི་འབྱུང་བ་རང་དེངས་སུ། །ཟག་བཅས་ཕུང་པོ་མི་སྣང་བར། །རང་ལུས་འོད་ཀྱི་གདངས་དཀྱིལ་དུ། །རིགས་དང་བཅས་ཏེ་འདི་འགྱུར་རོ། །ཞེས་སོ། །དེ་ན་གསུམ་པ་ཕྱིས་ཀྱི་རྟགས་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། སྐལ་ལྡན་གྲོལ་བའི་རྟགས་དང་། སྐལ་མེད་འཁྲུལ་པའི་རྟགས་ཏེ། སྐུ་གདུང་འབར་བ་ལས། གང་དག་མྱ་ངན་ལས་འདས་ན། །དེ་ལ་སྐུ་དང་གདུང་དང་ནི། །དེ་བཞིན་འོད་དང་སྒྲ་ཉིད་དང་། །ས་ནི་གཡོ་བར་འགྱུར་

[p. 656] བའོ། །ནམ་མཁའ་ཆར་དང་ཁུ་རླངས་དང་། །འདི་ལྟར་རྟགས་ནི་ཕྱིས་ནས་འབྱུང་། །ཞེས་སོ། །གཉིས་པ་ལ་གཉིས་ཏེ། རྣལ་འབྱོར་པ་གྲོལ་ཚད་ངེས་པའི་རྟགས་དང་། འགྲོ་དྲུག་སོ་སོར་སྐྱེ་བའི་རྟགས་སོ། །དང་པོ་ལ་ལྔ་སྟེ། སྐུ། གདུང་། འོད། སྒྲ། ས་གཡོ་བའི་རྟགས་ཚད་བསྟན་པའོ། །དང་པོ་སྐུ་ལ་གཉིས་ཏེ། རྒྱུད་དེ་ཉིད་ལས། རིགས་ལྡན་མྱ་ངན་འདས་པ་ལ། །དེ་ཡི་ལྷག་མ་ཟག་བཅས་ཀྱི། །ཕུང་པོ་རྟེན་ཡུལ་བསྲེགས་སྦྱངས་པས། །དེ་ལ་སྐུ་ནི་རྣམ་གཉིས་ཏེ། །ཞི་བའི་སྐུ་ དང་ཁྲོ་བོའི་སྐུ། །རྣམ་པ་གཉིས་ཀྱི་གཟུགས་སུ་ཡང་། །སུ་ཞིག་རྣལ་འབྱོར་ལྡན་པ་ལ། །འདི་གཉིས་གཟུགས་ཀྱི་རྣམ་པ་ཡང་། །གལ་ཏེ་གཉིས་ཀ་བྱུང་བ་ན། །འདི་ནི་བར་དོ་མེད་པར་ཡང་། །ངོ་བོ་ཀ་དག་ཆེན་པོ་ཡི། །གདེང་དང་ལྡན་པར་འདི་ འགྱུར་རོ། །ཞི་བའི་སྐུ་ཡི་རྟགས་བྱུང་ན། །ཞག་ནི་ལྔ་ཡིས་བདེན་མཐོང་སྟེ། །དེ་ཡང་སངས་རྒྱས་ཉིད་དུ་ཐིམ། །གལ་ཏེ་ཁྲོ་བོའི་སྐུ་བྱུང་ན། །འདི་ནི་ཆོས་ཉིད་བར་དོ་ཡི། །སྐད་ཅིག་ཉིད་ནི་ཆ་ལྔ་ལ། །གྲོལ་བར་འགྱུར་རོ་མཁའ་འགྲོ་མ། །ཞེས་ སོ། །གདུང་ལ་ངོ་བོ་མདོར་བསྟན་པ་དང་། རང་བཞིན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། རྒྱུད་དེ་ཉིད་ལས། ཤ་རཱི་རི་ནི་བདེ་གཤེགས་གདུང་། །དེ་བཞིན་བ་རཱི་རི་ཞེས་ནི། །རྡོ་རྗེའི་རིགས་ཀྱི་གདུང་ཡིན་ནོ། །ཧཱུྃ་རཱི་རཱི་ནི་རིན་པོ་ཆེ། །བ་སེ་རཱི་རཱི་ ནི་པད་མ་རོ། །དེ་བཞིན་ཉ་རཱི་རཱི་ཞེས་བྱ། །ལས་ཀྱི་རིགས་ཀྱི་གདུང་ཡིན་ནོ། །ཞེས་སོ། །གཉིས་པ་ལ་གདུང་རིགས་ལྔ་སྟེ། སོ་སོའི་ཁ་དོག །ཚད། རྒྱུ། གནས། ཡུལ་རྣམས་བསྟན་པ་ནི། རྒྱུད་དེ་ཉིད་ལས། ཤ་རཱི་རི་ཞེས་དཀར་ལ་དང་།། སྣུམ་ལ་འདྲིལ་ཏེ་ཁ་དོག་གསལ། །སྲན་མ་ཡི་ནི་རྡོག་འབྲུ་ཙམ། །འདི་ནི་རུས་པའི་དྭངས་མ་སྟེ། །སྨིན་པས་འདྲིལ་བར་འབྱུང་བ་ཡིན། །ཐབས་ལྡན་དེ་ཡི་མགོ་ལས་འབྱུང་། །བ་རཱི་རི་ཞེས་སྔོ་ནག་ལ། །ཡུངས་ཀར་གྱི་ནི་འབྲུ་ཙམ་མམ། །

[p. 657] ཡང་ན་སྲན་ཆུང་འབྲུ་ཙམ་མོ། །འདི་ནི་དྲོད་ཀྱི་དངས་མ་འདྲིལ། །དེ་ཡི་རྩིབ་མའི་གོ་མཚམས་ནས། །འབྱུང་བ་ཡིན་ནོ་མཁའ་འགྲོ་མ། །ཆུ་རཱི་རཾ་ནི་ཁ་དོག་སེར། །ཡུངས་འབྲུ་ཙམ་ནི་ཁྲག་ལས་སོ། །དེ་ནི་མཆིན་པ་བསྟན་ནས་འབྱུང་། །བསེ་རཱི་རཾ་ཞེས་དམར་ལ་དངས། །ཚེ་ཆུང་ཚད་ཀྱང་ཡུངས་འབྲུ་ཙམ། །འདི་ནི་འབྱུང་བ་འདུས་ལས་འདྲིལ། །སྐལ་དང་ལྡན་པའི་མཁལ་མ་ལས། །འབྱུང་བ་ཡིན་ནོ་མཁས་འགྲོ་མ། །ཉ་རཱི་རཾ་ནི་ཨིནྡྲ་སྟེ། །ཡུངས་འབྲུ་ཙམ་ལ་ཁ་དོག་གསལ། །ཤེས་པ་རྣམས་ཀྱི་དངས་མ་ལས། །འདི་ནི་གློ་བའི་སྟེང་ནས་འབྱུང་། །འདི་ཀུན་སྤྱི་དབྱིབས་ཟླུམ་ལ་འདྲིལ། །ཀུན་གྱི་གཏིང་གསལ་ཁ་དོག་ལྔ། །ཞེས་སོ། །རིང་བསྲེལ་ནི་འདིའི་རྣལ་འབྱོར་པ་སྤྲུལ་པར་དབུགས་འབྱིན་པའི་རྟགས་ཏེ་འབྱུང་བས་འཇིག་ལ། གདུང་མི་འཇིག་སྟེ། རྒྱུད་དེ་ཉིད་ལས། འདི་དང་ཡང་ནི་འདུ་བ་ཡི། །རིང་བསྲེལ་ཉིད་ནི་ཕྲ་མོ་སྟེ། །ཏིལ་གྱི་འབྲུ་དང་རྡུལ་ཆ་ཙམ། །འདི་ནི་འབྱུང་བས་བཤིག་པར་ནུས། །འདི་ནི་སྤྲུལ་པའི་ཞིང་ཁམས་སུའོ། །གདུང་ནི་སུས་ཀྱང་འཇིག་མི་ནུས། །སྲ་མཁྲེགས་འཇིགས་པོ་ཀུན་བྲལ་བས། །འདི་ཀུན་འཇིགས་མེད་སངས་རྒྱས་ཐོབ། །ཅེས་པ་དང་། རང་ཤར་ལས། སྐུ་དང་གདུང་དང་འོད་རྣམས་ཀྱང་། །མྱ་ངན་འདའ་བ་གང་ཡོད་པ། །དེ་ལ་རྟགས་རྣམས་འབྱུང་བར་བཤད། །ཅེས་སོ། །འོད་ལ་འཁོར་ཡུག་དང་། གྱེན་འགྲེང་དང་། རྩིབས་སྒུགས་གསུམ་སྟེ། སྐུ་གདུང་འབར་བ་ལས། འོད་ལ་རྣམ་པ་གསུམ་ཡིན་ཏེ། །མུ་ཁྱུད་འཁོར་ཡུག་བཅས་པར་ནི། །གང་གི་ཤུལ་ལ་བྱུང་བ་ནི། །འདི་ནི་བར་དོ་དང་པོ་ལ། །ངེས་པ་ཡིན་ནོ་འབྲས་བུ་ཐོབ། །གལ་ཏེ་གྱེན་ལ་འགྲེང་བ་ན། །འདིས་ནི་བར་དོ་མི་སྣང་བར། །སྐད་ཅིག་ལ་ནི་སངས་རྒྱས་ས། །འོད་ནི་རྩིབས་སུ་སྣང་གྱུར་ན། །འདི་ནི་བར་དོ་ཐ་མ་ལ། །མངོན་པར་བྱང་ཆུབ་ཉིད་བརྙེས་སོ། །ཞེས་སོ། །སྒྲ་ལའང་ཕྱོགས་དང་སྐད་ཀྱི་རིམ་པས་དབྱེ་བ་ནི། སྐུ་

[p. 658] གདུང་འབར་བ་ལས། །གང་དུ་འདས་པའི་གནས་ཁང་ནི། །ཤར་གྱི་ཕྱོགས་སུ་ཉེ་བའི་སར། །སྒྲ་ནི་རབ་ཏུ་གྲག་པ་ན། །འདི་ནི་རྡོ་རྗེའི་རིགས་སུ་འགྱུར། །དེ་བཞིན་ལྷོ་ཡི་ཕྱོགས་སུ་ཡང་། །སྒྲས་ནི་རིན་ཆེན་རིགས་སུ་སྣང་། །ནུབ་ཏུ་པདྨ་དེ་བཞིན་ནོ། །བྱང་དུ་ལས་ཀྱི་རིགས་སུ་འགྱུར། །དེ་བཞི་སྟེང་དུ་དེ་བཞིན་རིགས། །སྒྲ་ཡི་རང་བཞིན་འདི་ལྟ་བུ། །འུར་ཞིང་ཐུག་པ་བརྩེགས་མ་དང་། །རྒྱུན་རིང་འཇམ་དལ་རིང་བའི་སྒྲ། །ཞི་དང་ཁྲོ་བོའི་ཁྱད་ཀྱིས་སོ། །དེ་ལྟར་སྒྲ་དང་ལྡན་གྱུར་ན། །འདིས་ནི་ལོངས་སྤྱོད་རྫོགས་པ་ཡི། །སྐུ་ཡི་འབྲས་བུ་ཐོབ་པའོ། །ཞེས་སོ། །ས་གཡོ་བའི་རྟགས་ཚད་ནི། །རྒྱུད་དེ་ཉིད་ལས། ས་ནི་གཡོ་བའི་སྐྱེས་བུ་དེའི། །དབུགས་དང་བྲལ་བའི་ཚེ་བྱུང་ན། །འདི་ནི་ཉན་ཐོས་ས་ཐོབ་པོ། །དེ་བཞིན་ཞག་ནི་གསུམ་ན་ཡང་། །དེ་ཉིད་ས་ནི་གཡོས་གྱུར་ན། །འདི་ནི་རང་སངས་རྒྱས་ཀྱི་ས། །ཞག་ནི་དྲུག་ན་བྱུང་བ་ན། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །ས་ལ་འཇུག་གོ་མཁའ་འགྲོ་མ། །གལ་ཏེ་ཞག་ནི་དགུ་ན་ཡང་། །ས་ནི་གཡོས་པར་གྱུར་པ་ན། །འདི་ནི་རིག་པ་འཛིན་པ་ཡི། །ས་ལ་ཅི་དགར་སྤྱོད་པར་ནུས། །ས་ནི་གཡོས་པའི་སྐལ་ལྡན་ལ། །སངས་རྒྱས་འབྲས་བུ་མི་སྣང་སྟེ། །དེ་བཞིན་ས་དང་ལམ་རྣམས་ལ། །ཡུན་དུ་སྦྱོང་ཞིང་གནས་པའོ། །ཞེས་སོ། །དོན་གཉིས་པ་འགྲོ་དྲུག་གི་གནས་སོ་སོར་སྐྱེ་བའི་རྟགས་ལ་དྲུག་སྟེ། རྒྱུད་དེ་ཉིད་ལས། གང་ཞིག་ཤི་བ་དེ་ཚེ་ན། །ནམ་མཁའ་སྨུག་ནག་མུན་པ་ནག །དེ་བཞིན་ཆར་དང་ཁུ་རླངས་དང་། །རླུང་དང་སེར་བ་བུ་ཡུག་སྟེ། །འདི་ཀུན་སུ་ལ་བྱུང་བ་ད། །སེམས་ཅན་དམྱལ་བའི་སྐྱེ་གནས་སུ། །འདི་ལ་བར་མ་དོ་མེད་པར། །འགྱུར་བ་ཡིན་ནོ་མཁའ་འགྲོ་མ། །ནམ་མཁའ་ན་བུན་ལྟ་བུ་ལ། །འོད་ཟེར་སེར་ལ་ཉི་ཟླ་ཤི། །རླུང་དང་སེར་བུ་མེད་པ་ལ། །སེར་གློག་ཉི་མ་མི་སྣང་དང་། །ཆར་བབ་ཤུལ་ལམ་ཡང་ན་ནི། །འདི་ཡི་སྲོད་ལ་བབ་པར་གྱུར། །

[p. 659] ༄༅། །འདི་ཉིད་སུ་ལ་བྱུང་བ་སྟེ། །ཡི་དགས་ཀྱི་ནི་སྐྱེ་གནས་སུ། །སྐྱེ་བ་ཡིན་ནོ་མཁའ་འགྲོ་མ། །ནམ་མཁའ་རྨུགས་ཤིང་རླུང་ཡང་མེད། །སྤྲིན་ནི་གནག་ལ་གོ་མཚམས་མེད། །ཡང་ན་ན་པུན་སྣང་བ་དང་། །རྨུགས་ཤིང་ ཉམས་མི་དགའ་བ་ལ། །ཚེ་ཡི་འདུ་བྱེད་སུ་བྱས་པ། །འདི་ནི་བྱོལ་སོང་གནས་སུའོ། །ཤིན་ཏུ་དྲག་པོའི་རླུང་གིས་འཁྲུགས། །སྤྲིན་ནི་ཁམ་ནག་འཇིགས་པའི་གཟུགས། །རབ་ཏུ་འཁྲུགས་ཤིང་འགྲོ་འོང་བཅས། །འབྲུག་དང་གློག་གི་ལྕེ་འབྱིན་ དང༑ ༑ཉི་མ་ཟླ་བ་སྣང་མི་ནུས། །འདི་ལྟར་སུ་ལ་བྱུང་བ་སྟེ། །འདི་ནི་ལྷ་མིན་སྐྱེ་གནས་སོ། །ནམ་མཁའ་གསལ་ཞིང་དྭངས་པ་ལ། །ཉི་མ་ཟླ་བའི་སྣང་བ་གསལ། །རླུང་དང་སེར་བུ་སྣང་མི་ནུས། །འདི་ནི་ལྷ་ཡི་སྐྱེ་གནས་སོ། །ཡང་ནི་ནམ་མཁའ་ གསལ་ལ་དྭངས། །མི་མཇེད་སྤྲིན་ནི་དར་དཀར་བཞིན། །ཤིན་ཏུ་སྲབ་ཅིང་བརྡལ་བར་སྣང་། །ཡང་ན་ཉི་ཟླ་འོད་ཀྱི་མ་ཅན། །འདི་ལྟར་སུ་ལ་བྱུང་བ་དེ། །མི་ཡི་སྐྱེ་གནས་འདིས་ཐོབ་བོ། །ཞེས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་རྟགས་ ཚད་ངེས་པའི་རིམ་པ་སྟེ་རྡོ་རྗེའི་གནས་དགུ་པ་རྒྱ་ཆེར་བཤད་པའོ།། །།

[edit]
OCR of the BDRC scans (I3CN4959), gorn05 tibocr 2026: BDRC OCR on 159 pages, Mitra OCR on 256 pages (the model with more recognisable syllables on each page).

[p. 330] གོང་བཞིན་ ལུས་སོགས་གཏོང་བར་ནུས། །འདི་ལྟར་སུ་ལ་བྱུང་བའི་མི། །སྤྲུལ་པའི་སྐུ་ལ་ འདིས་རེག་གོ །དེ་ལྟར་ལྡན་པའི་སྐྱེས་བུ་ནི། །ཕྱིས་ནི་སྤྲུལ་སྐུའི་ཞིང་ཁམས་སུ། ། བརྫུས་ནས་སྐྱེས་ཀྱི་ལུས་བླངས་ནས། །ལོ་ནི་དྲུག་ཁྲི་བརྒྱ་སྟོང་དུ། །སེམས་ནི་ གནས་ནས་སེམས་ཅན་དོན། །སྐྱེས་བུ་འདི་ཡིས་བྱེད་པའོ། །དེ་ནས་ངོ་བོ་རང་བཞིན་ ལས། །འཛམ་བུའི་གླིང་སོགས་གླིང་རྣམས་སུ། །སྤྲུལ་པ་བྱེ་བ་དྲུག་ཁྲི་ཡིས། ། རང་རང་མཐུན་པའི་ལུས་བླངས་ནས། །སེམས་ཅན་དོན་ཀུན་བྱེད་པར་ནི། །འདི་ ཡིས་འགྱུར་རོ་མཁའ་འགྲོ་མ། །དེ་ནས་ངོ་བོ་ཀ་དག་ལ། །ཉི་མ་ལ་ནི་ཟེར་འདུས་ ལྟར། །རང་གི་སྤྲུལ་པར་བཅས་པ་ནི། །རང་གི་ངོ་བོ་རང་ཐིམ་ནས། །དབྱེར་མེད་ འབྱེད་པ་མེད་པར་འགྱུར། །ཞེས་སོ། ། ལྔ་པ་རིག་པའི་ཚད་ལ་གཉིས་ཏེ། རང་གདངས་ལུ་གུ་རྒྱུད་ལ་ཕྱིར་གོམས་པའི་ཚད་ དང་། རང་ངོ་ཀ་དག་སྐྱོན་མེད་ལ་ནང་དུ་གོམས་པའི་ཚད་དོ། །དང་པོ་ནི། སྐུ་ གདུང་འབར་བ་ལས། རིག་པ་ལ་ནི་སུས་གོམས་པ། །དེ་ཡི་ལུས་ལ་རྒྱ་འདིའོ། །

[p. 331] ༈ ཚིག་དོན་རིན་པོ་ཆེའི་མཛོད། གང་དུ་གཏད་པའི་དངོས་པོ་ལ། །དེར་ནི་རང་ཤེས་འཛུད་པར་ནུས། །གང་དུ་ འདུག་པའི་ས་ཉིད་དུ། །ལུས་ཀྱང་དེ་ཡི་རྗེས་སུ་སྟེ། །ཇི་ལྟར་རིག་པ་ཉིད་དང་ མཚུངས། །གཞན་གྱི་མ་དད་བསྒྱུར་ནུས་དང་། །བསམ་རྒྱུན་ཞེན་པ་རང་འགགས་ དང་། །ནང་གི་རྟགས་དང་རྣམ་པར་ལྡན། །མངོན་སུམ་ཉིད་དུ་སུས་རིག་པ། །འདི་ ནི་འབྱུང་བ་རང་གི་སར། །སྐལ་དང་ལྡན་པ་འདི་དེངས་ནས། །སྐྱེ་མེད་མཆོག་ལ་ སྙེགས་པའོ། །ཞེས་སོ། །གཉིས་པ་ནི། རྒྱུད་དེ་ཉིད་ལས། གང་གི་སྐྱེ་མེད་སུ་ཡིས་ ནི། །རྩད་ནས་ཆོད་པའི་མི་དེ་ལ། །རྟགས་ནི་འདི་ལྟ་བུ་ཡང་འབྱུང་། །འདི་རྟགས་ སུ་ལ་ལྡན་པ་ནི། །ང་དང་སྐལ་བ་མཉམ་པ་ཡིན། །ལུས་ལ་འབུ་སྲིན་ཤིག་ལ་ སོགས། །འདི་ཀུན་སྐྱེ་བ་རྒྱུན་ཆད་དང་། །གང་གི་སྐྲ་དང་སེན་མོ་དང་། །འདི་ཀུན་ མི་སྐྱེ་རྒྱུན་ཟད་ན། །འདི་ནི་སྐྱེ་བ་མེད་པ་སྟེ། །འདི་ལྟར་རྟགས་དང་ལྡན་པ་ནི། ། ཟླ་བ་དག་ནི་གསུམ་ན་ཡང་། །འདི་ནི་འབྱུང་བ་རང་དེངས་སུ། །ཟག་བཅས་ཕུང་ པོ་མི་སྣང་བར། །རང་ལུས་འོད་ཀྱི་གདངས་དཀྱིལ་དུ། །རིགས་དང་བཅས་ཏེ་འདི་ འགྱུར་རོ། །ཞེས་སོ། །དོན་གསུམ་པ་ཕྱིས་ཀྱི་རྟགས་ལ་གཉིས་ཏེ། མདོར་བསྟན་ པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། སྐལ་ལྡན་གྲོལ་བའི་རྟགས་དང་། སྐལ་མེད་འཁྲུལ་པའི་རྟགས་ཏེ། སྐུ་གདུང་འབར་བ་ལས། གང་དག་མྱ་ངན་ལས་ འདས་ན། །དེ་ལ་སྐུ་དང་གདུང་དང་ནི། །དེ་བཞིན་འོད་དང་སྒྲ་ཉིད་དང་། །ས་ནི་ གཡོ་བར་འགྱུར་བའོ། །ནམ་མཁའ་ཆར་དང་ཁུ་རླངས་དང་། །འདི་ལྟར་རྟགས་ནི་ ཕྱིས་ནས་འབྱུང་། །ཞེས་སོ། །གཉིས་པ་ལ་གཉིས་ཏེ། རྣལ་འབྱོར་པ་གྲོལ་ཚད་ ངེས་པའི་རྟགས་དང་། འགྲོ་དྲུག་སོ་སོར་སྐྱེ་བའི་རྟགས་སོ། །དང་པོ་ལ་ལྔ་སྟེ། སྐུ། གདུང་། འོད། སྒྲ། ས་གཡོ་བའི་རྟགས་ཚད་བསྟན་པའོ། །དང་པོ་སྐུ་ལ་གཉིས་ཏེ།

[p. 332] ༈ རྡོ་རྗེའི་གནས་དགུ་པ་རྟགས་ཚད་ངེས་པའི་རིམ་པ་རྒྱ་ཆེར་བཤད་པ། རྒྱུད་དེ་ཉིད་ལས། རིགས་ལྡན་མྱ་ངན་འདས་པ་ལ། །དེ་ཡི་ལྷག་མ་ཟག་བཅས་ཀྱི། ། ཕུང་པོ་རྟེན་ཡུལ་བསྲེགས་སྦྱངས་པས། །དེ་ལ་སྐུ་ནི་རྣམ་གཉིས་ཏེ། །ཞི་བའི་སྐུ་ དང་ཁྲོ་བོའི་སྐུ། །རྣམ་པ་གཉིས་ཀྱི་གཟུགས་སུ་ཡང་། །སུ་ཞིག་རྣལ་འབྱོར་ལྡན་པ་ ལ༑ ༑འདི་གཉིས་གཟུགས་ཀྱི་རྣམ་པ་ཡང་། །གལ་ཏེ་གཉིས་ཀ་བྱུང་བ་ན། །འདི་ ནི་བར་དོ་མེད་པར་ཡང་། །ངོ་བོ་ཀ་དག་ཆེན་པོ་ཡི། །གདེང་དང་ལྡན་པར་འདི་ འགྱུར་རོ། །ཞི་བའི་སྐུ་ཡི་རྟགས་བྱུང་ན། །ཞག་ནི་ལྔ་ཡིས་བདེན་མཐོང་སྟེ། །དེ་ ཡང་སངས་རྒྱས་ཉིད་དུ་ཐིམ། །གལ་ཏེ་ཁྲོ་བོའི་སྐུ་བྱུང་ན། །འདི་ནི་ཆོས་ཉིད་བར་དོ་ ཡི། །སྐད་ཅིག་ཉིད་ནི་ཆ་ལྔ་ལ། །གྲོལ་བར་འགྱུར་རོ་མཁའ་འགྲོ་མ། །ཞེས་སོ། ། གདུང་ལ་ངོ་བོ་མདོར་བསྟན་པ་དང་། རང་བཞིན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། རྒྱུད་དེ་ཉིད་ལས། ཤ་རཱི་རཾ་ནི་བདེ་གཤེགས་གདུང་། །དེ་བཞིན་བ་རཱི་ རཾ་ཞེས་ནི། །རྡོ་རྗེའི་རིགས་ཀྱི་གདུང་ཡིན་ནོ། །ཆུ་རཱི་རཾ་ནི་རིན་པོ་ཆེ། །བསེ་རཱི་རཾ་ ནི་པད་མའོ། །དེ་བཞིན་ཉ་རཱི་རཾ་ཞེས་བྱ། །ལས་ཀྱི་རིགས་ཀྱི་གདུང་ཡིན་ནོ།། ཞེས་སོ། །གཉིས་པ་ལ་གདུང་རིགས་ལྔ་སྟེ། སོ་སོའི་ཁ་དོག ཚད། རྒྱུ། གནས། ཡུལ་རྣམས་བསྟན་པ་ནི། རྒྱུད་དེ་ཉིད་ལས། །ཤ་རཱི་རཾ་ཞེས་དཀར་ལ་དངས། །སྣུམ་ ལ་འདྲིལ་ཏེ་ཁ་དོག་གསལ། །སྲན་མ་ཡི་ནི་རྡོག་འབྲུ་ཙམ། །འདི་ནི་རུས་པའི་ དངས་མ་སྟེ། །སྨིན་པས་འདྲིལ་བར་འབྱུང་བ་ཡིན། །ཐབས་ལྡན་དེ་ཡི་མགོ་ལས་ འབྱུང་། །བ་རཱི་རཾ་ཞེས་སྔོ་ནག་ལ། །ཡུངས་དཀར་གྱི་ནི་འབྲུ་ཙམ་མམ། །ཡང་ན་ སྲན་ཆུང་འབྲུ་ཙམ་མོ། །འདི་ནི་དྲོད་ཀྱི་དངས་མ་འདྲིལ། །དེ་ཡི་རྩིབ་མའི་གོ་ མཚམས་ནས། །འབྱུང་བ་ཡིན་ནོ་མཁའ་འགྲོ་མ། །ཆུ་རཱི་རཾ་ནི་ཁ་དོག་སེར། ། ཡུངས་འབྲུ་ཙམ་ནི་ཁྲག་ལས་སོ། །དེ་ནི་མཆིན་པའི་སྟེང་ནས་འབྱུང་། །བསེ་རཱི་རཾ་

[p. 333] ༈ ཚིག་དོན་རིན་པོ་ཆེའི་མཛོད། ཞེས་དམར་ལ་དངས། །ཆེ་ཆུང་ཚད་ཀྱང་ཡུངས་འབྲུ་ཙམ། །འདི་ནི་འབྱུང་བ་ འདུས་ལས་འདྲིལ། །སྐལ་དང་ལྡན་པའི་མཁལ་མ་ལས། །འབྱུང་བ་ཡིན་ནོ་མཁའ་ འགྲོ་མ། །ཉ་རཱི་རཾ་ནི་ཨིནྡྲ་སྟེ། །ཡུངས་འབྲུ་ཙམ་ལ་ཁ་དོག་གསལ། །ཤེས་པ་ རྣམས་ཀྱི་དངས་མ་ལས། །འདི་ནི་གློ་བའི་སྟེང་ནས་འབྱུང་། །འདི་ཀུན་སྤྱི་དབྱིབས་ ཟླུམ་ལ་འདྲིལ། །ཀུན་གྱི་གཏིང་གསལ་ཁ་དོག་ལྔ། །ཞེས་སོ། །རིང་བསྲེལ་ནི་ འདིའི་རྣལ་འབྱོར་པ་སྤྲུལ་པར་དབུགས་འབྱིན་པའི་རྟགས་ཏེ་འབྱུང་བས་འཇིག་ལ། གདུང་མི་འཇིག་སྟེ། རྒྱུད་དེ་ཉིད་ལས། འདི་དང་ཡང་ནི་འདྲ་བ་ཡི། །རིང་བསྲེལ་ ཉིད་ནི་ཕྲ་མོ་སྟེ། །ཏིལ་གྱི་འབྲུ་དང་རྡུལ་ཆ་ཙམ། །འདི་ནི་འབྱུང་བས་བཤིག་པར་ ནུས། །འདི་ནི་སྤྲུལ་པའི་ཞིང་ཁམས་སུའོ། །གདུང་ནི་སུས་ཀྱང་འཇིག་མི་ནུས། ། སྲ་མཁྲེགས་འཇིགས་པ་ཀུན་བྲལ་བས། །འདི་ཀུན་འཇིགས་མེད་སངས་རྒྱས་ ཐོབ། །ཅེས་པ་དང་། རང་ཤར་ལས། སྐུ་དང་གདུང་དང་འོད་རྣམས་ཀྱང་། །མྱ་ ངན་འདའ་བ་གང་ཡོད་པ། །དེ་ལ་རྟགས་རྣམས་འབྱུང་བར་བཤད། །ཅེས་སོ། ། འོད་ལ་འཁོར་ཡུག་དང་། གྱེན་འགྲེང་དང་། རྩིབས་སྒུགས་གསུམ་སྟེ། སྐུ་གདུང་ འབར་བ་ལས། འོད་ལ་རྣམ་པ་གསུམ་ཡིན་ཏེ། །མུ་ཁྱུད་འཁོར་ཡུག་བཅས་པར་ནི། ། གང་གི་ཤུལ་ལ་བྱུང་བ་ནི། །འདི་ནི་བར་དོ་དང་པོ་ལ། །ངེས་པ་ཡིན་ནོ་འབྲས་བུ་ ཐོབ། །གལ་ཏེ་གྱེན་ལ་འགྲེང་བ་ན། །འདིས་ནི་བར་དོ་མི་སྣང་བར། །སྐད་ཅིག་ལ་ ནི་སངས་རྒྱས་སོ། །འོད་ནི་རྩིབས་སུ་སྣང་གྱུར་ན། །འདི་ནི་བར་དོ་ཐ་མ་ལ། ། མངོན་པར་བྱང་ཆུབ་ཉིད་བརྙེས་སོ། །ཞེས་སོ། །སྒྲ་ལའང་ཕྱོགས་དང་སྐད་ཀྱི་རིམ་ པས་དབྱེ་བ་ནི། སྐུ་གདུང་འབར་བ་ལས། གང་དུ་འདས་པའི་གནས་ཁང་གི། ། ཤར་གྱི་ཕྱོགས་སུ་ཉེ་བའི་སར། །སྒྲ་ནི་རབ་ཏུ་གྲག་པ་ན། །འདི་ནི་རྡོ་རྗེའི་རིགས་

[p. 334] ༈ རྡོ་རྗེའི་གནས་དགུ་པ་རྟགས་ཚད་ངེས་པའི་རིམ་པ་རྒྱ་ཆེར་བཤད་པ། སུ་འགྱུར། །དེ་བཞིན་ལྷོ་ཡི་ཕྱོགས་སུ་ཡང་། །སྒྲས་ནི་རིན་ཆེན་རིགས་སུ་སྣང་། ། ནུབ་ཏུ་པད་མ་དེ་བཞིན་ནོ། །བྱང་དུ་ལས་ཀྱི་རིགས་སུ་འགྱུར། །དེ་བཞིན་སྟེང་དུ་ དེ་བཞིན་རིགས། །སྒྲ་ཡི་རང་བཞིན་འདི་ལྟ་བུ། །འུར་ཞིང་ཐུག་པ་བརྩེགས་མ་ དང་། །རྒྱུན་རིང་འཇམ་དལ་རིང་བའི་སྒྲ། །ཞི་དང་ཁྲོ་བོའི་ཁྱད་ཀྱིས་སོ། །ད་ ལྟར་སྒྲ་དང་ལྡན་གྱུར་ན། །འདིས་ནི་ལོངས་སྤྱོད་རྫོགས་པ་ཡི། །སྐུ་ཡི་འབྲས་བུ་ ཐོབ་པའོ། །ཞེས་སོ། །ས་གཡོ་བའི་རྟགས་ཚད་ནི། རྒྱུད་དེ་ཉིད་ལས། ས་ནི་གཡོ་ བའི་སྐྱེས་བུ་དེའི། །དབུགས་དང་བྲལ་བའི་ཚེ་བྱུང་ན། །འདི་ནི་ཉན་ཐོས་ས་ཐོབ་ བོ༑ ༑དེ་བཞིན་ཞག་ནི་གསུམ་ན་ཡང་། །དེ་ཉིད་ས་ནི་གཡོས་གྱུར་ན། །འདི་ནི་ རང་སངས་རྒྱས་ཀྱི་ས། །ཞག་ནི་དྲུག་ན་བྱུང་བ་ན། །འདི་ནི་བྱང་ཆུབ་སེམས་ དཔའ་ཡི། །ས་ལ་འཇུག་གོ་མཁའ་འགྲོ་མ། །གལ་ཏེ་ཞག་ནི་དགུ་ན་ཡང་། །ས་ནི་ གཡོས་པར་གྱུར་པ་ན། །འདི་ནི་རིག་པ་འཛིན་པ་ཡི། །ས་ལ་ཅི་དགར་སྤྱོད་པར་ ནུས། །ས་ནི་གཡོས་པའི་སྐལ་ལྡན་ལ། །སངས་རྒྱས་འབྲས་བུ་མི་སྣང་སྟེ། །དེ་ བཞིན་ས་དང་ལམ་རྣམས་ལ། །ཡུན་དུ་སྦྱོང་ཞིང་གནས་པའོ། །ཞེས་སོ། །དོན་ གཉིས་པ་འགྲོ་དྲུག་གི་གནས་སོ་སོར་སྐྱེ་བའི་རྟགས་ལ་དྲུག་སྟེ། རྒྱུད་དེ་ཉིད་ལས། གང་ཞིག་ཤི་བ་དེ་ཚེ་ན། །ནམ་མཁའ་སྨུག་ནག་མུན་པ་ནག །དེ་བཞིན་ཆར་དང་ ཁུ་རླངས་དང་། །རླུང་དང་སེར་བ་བུ་ཡུག་སྟེ། །འདི་ཀུན་སུ་ལ་བྱུང་བ་དེ། །སེམས་ ཅན་དམྱལ་བའི་སྐྱེ་གནས་སུ། །འདི་ལ་བར་མ་དོ་མེད་པར། །འགྱུར་བ་ཡིན་ནོ་ མཁའ་འགྲོ་མ། །ནམ་མཁའ་ན་བུན་ལྟ་བུ་ལ། །འོད་ཟེར་སེར་ལ་ཉི་ཟླ་ཤི །རླུང་ དང་སེར་བུ་མེད་པ་ལ། །སེར་གློག་ཉི་མ་མི་སྣང་དང་། །ཆར་བབ་ཤུལ་ལམ་ཡང་ ན་ནི། །འདི་ཡི་སྲོད་ལ་བབ་པར་གྱུར། །འདི་ཉིད་སུ་ལ་བྱུང་བ་སྟེ། །ཡི་དགས་ཀྱི་

[p. 335] ༈ ཚིག་དོན་རིན་པོ་ཆེའི་མཛོད། ནི་སྐྱེ་གནས་སུ། །སྐྱེ་བ་ཡིན་ནོ་མཁའ་འགྲོ་མ། །ནམ་མཁའ་རྨུགས་ཤིང་རླུང་ཡང་ མེད། །སྤྲིན་ནི་གནག་ལ་གོ་མཚམས་མེད། །ཡང་ན་ན་བུན་སྣང་བ་དང་། །རྨུགས་ ཤིང་ཉམས་མི་དགའ་བ་ལ། །ཚེ་ཡི་འདུ་བྱེད་སུ་བྱས་པ། །འདི་ནི་བྱོལ་སོང་གནས་ སུའོ། །ཤིན་ཏུ་དྲག་པོའི་རླུང་གིས་འཁྲུགས། །སྤྲིན་ནི་ཁམ་ནག་འཇིག་པའི་ གཟུགས། །རབ་ཏུ་འཁྲུགས་ཤིང་འགྲོ་འོང་བཅས། །འབྲུག་དང་གློག་གི་ལྕེ་འབྱིན་ དང་། །ཉི་མ་ཟླ་བ་སྣང་མི་ནུས། །འདི་ལྟར་སུ་ལ་བྱུང་བ་སྟེ། །འདི་ནི་ལྷ་མིན་སྐྱེ་ གནས་སོ། །ནམ་མཁའ་གསལ་ཞིང་དངས་པ་ལ། །ཉི་མ་ཟླ་བའི་སྣང་བ་གསལ། ། རླུང་དང་སེར་བུ་སྣང་མི་ནུས། །འདི་ནི་ལྷ་ཡི་སྐྱེ་གནས་སོ། །ཡང་ནི་ནམ་མཁའ་ གསལ་ལ་དངས། །མི་མཇེད་སྤྲིན་ནི་དར་དཀར་བཞིན། །ཤིན་ཏུ་སྲབ་ཅིང་བརྡལ་ བར་སྣང་། །ཡང་ན་ཉི་ཟླ་འོད་ཁྱིམ་ཅན། །འདི་ལྟར་སུ་ལ་བྱུང་བ་དེ། །མི་ཡི་སྐྱེ་ གནས་འདིས་ཐོབ་བོ། །ཞེས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་རྟགས་ཚད་ ངེས་པའི་རིམ་པ་སྟེ་རྡོ་རྗེའི་གནས་དགུ་པ་རྒྱ་ཆེར་བཤད་པའོ།། །།

[edit]
OCR of the BDRC scans (I8LS32911), gorn05 tibocr 2026: BDRC OCR on 307 pages, Mitra OCR on 201 pages (the model with more recognisable syllables on each page).

[p. 387] ཚིག་དང་དོན་གྱི་རྣམ་པ་

[p. 388] ༄༅། །ལྟར་རྟགས་དང་ལྡན་པ་ནི། །ཟླ་བ་དག་ནི་གསུམ་ན་ཡང་། །འདི་ནི་འབྱུང་བ་རང་དེངས་སུ། །ཟག་བཅས་ཕུང་པོ་མི་སྣང་བར། །རང་ལུས་འོད་ཀྱི་གདངས་དཀྱིལ་དུ། །རིགས་དང་ བཅས་ཏེ་འདི་འགྱུར་རོ། །ཞེས་སོ། །དོན་གསུམ་པ་ཕྱིས་ཀྱི་རྟགས་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། སྐལ་ལྡན་གྲོལ་བའི་རྟགས་དང་། སྐལ་མེད་འཁྲུལ་པའི་རྟགས་ ཏེ༑ སྐུ་གདུང་འབར་བ་ལས། གང་དག་མྱ་ངན་ལས་འདས་ན། །དེ་ལ་སྐུ་དང་གདུང་དང་ནི། །དེ་བཞིན་འོད་དང་སྒྲ་ཉིད་དང་། །ས་ནི་གཡོ་བར་འགྱུར་བའོ། །ནམ་མཁའ་ཆར་དང་ཁུ་རླངས་དང་། །འདི་ལྟར་ རྟགས་ནི་ཕྱིས་ནས་འབྱུང་། །ཞེས་སོ། །གཉིས་པ་ལ་གཉིས་ཏེ། རྣལ་འབྱོར་པ་གྲོལ་ཆད་ངེས་པའི་རྟགས་དང་། འགྲོ་དྲུག་སོ་སོར་སྐྱེ་བའི་རྟགས་སོ། །དང་པོ་ལ་ལྔ་སྟེ། སྐུ། གདུང་། འོད། སྒྲ། ས་གཡོ་བའི་ རྟགས་ཚད་བསྟན་པའོ། །དང་པོ་སྐུ་ལ་གཉིས་ཏེ། རྒྱུད་དེ་ཉིད་ལས། རིགས་ལྡན་མྱ་ངན་འདས་པ་ལ། །དེ་ཡི་ལྷག་མ་ཟག་བཅས་ཀྱི། །ཕུང་པོ་རྟེན་ཡུལ་བསྲེགས་སྦྱངས་པས། །དེ་ལ་སྐུ་ནི་རྣམ་གཉིས་ཏེ། ། ཞི་བའི་སྐུ་དང་ཁྲོ་བོའི་སྐུ། །རྣམ་པ་གཉིས་ཀྱི་གཟུགས་སུ་ཡང་། །སུ་ཞིག་རྣལ་འབྱོར་ལྡན་པ་ལ། །འདི་གཉིས་གཟུགས་ཀྱི་རྣམ་པ་ཡང་། །གལ་ཏེ་གཉིས་ཀ་བྱུང་བ་ན། །འདི་ནི་བར་དོ་མེད་པར་ཡང་། །

[p. 389] རང་མཐུན་པའི་ལུས་བླངས་ནས། །སེམས་ཅན་དོན་ཀུན་བྱེད་པར་ནི། །འདི་ཡིས་འགྱུར་རོ་མཁའ་འགྲོ་མ། །དེ་ནས་ངོ་བོ་ཀ་དག་ལ། །ཉི་མ་ལ་ནི་ཟེར་འདུས་ལྟར། །རང་གི་སྤྲུལ་པར་བཅས་པ་ནི། །རང་གི་དུ་བ་རང་ ཐིམ་ནས། །དབྱེར་མེད་འབྱེད་པ་མེད་པར་འགྱུར། །ཞེས་སོ། །ལྔ་པ་རིག་པའི་ཚོད་ལ་གཉིས་ཏེ། རང་གང་དག་ལྷག་རྒྱུད་ལ་ཕྱིར་གོམས་པའི་ཆད་པར། རང་དེ་ཀ་དག་སྐྱོན་མེད་ལ་ནང་དུ་གོམས་པའི་ཆད་དེ། །དང་པོ་ ནི༑ སྐུ་གདུང་འབར་བ་ལས། རིག་པ་ལ་ནི་ལུས་གོམས་པ། །དེ་ལ་ལུས་ལ་རྒྱུ་འདའ། །གང་དུ་གཏད་པའི་དངོས་པོ་ལ། །དེར་ནི་རང་ཤེས་འདུད་པར་ནུས། །གང་དུ་འདུག་པའི་ས་ཉིད་དུ། །ལུས་ཀྱང་དེའི་རྗེས་སུ་སྟེ། ། ཇི་ལྟར་རིག་པ་ཉིད་དང་མཚུངས། །གཞན་གྱི་མ་དང་བསྐྱར་ནུས་དང་། །བསམ་རྒྱུན་ཞེན་པ་རང་འགགས་དང་། །ནང་གི་རྟགས་དང་རྣམ་པར་ལྡན། །མངོན་སུམ་ཉིད་དུ་སྤང་རིག་པ། །འདི་ན་འབྱུང་བ་རང་གི་སར། ། སྐལ་དང་ལྡན་པ་འདི་དངས་ནས། །སྐྱེ་མེད་མཆོག་གི་སྙིགས་པའོ། །ཞེས་སོ། །གཉིས་པ་ནི། རྒྱུད་དེ་ཉིད་ལས། གང་གི་སྐྱེ་མེད་སྐྱེ་ཡིས་ནི། །རྩད་ནས་ཆོད་པའི་མེད་ལ། །རྟགས་ནི་འདི་ལྟ་བུ་ཡང་འབྱུང་། །འདི་ རྟགས་སུ་ལ་ལྡན་པ་ནི། །ང་དང་སྐལ་བ་མཉམ་པ་ཡིན། །ལུས་ལ་འབུ་སྲན་ཤིག་ལ་སོགས། །འདི་ཀུན་སྐྱེ་བ་རྒྱུན་ཆད་དང་། །གང་གི་སྐྱེ་དང་སེན་མོ་དང་། །འདི་ཀུན་མ་སྐྱེ་རྒྱུན་ཟད་ན། །འདི་ནི་སྐྱེ་བ་མེད་པ་སྟེ། །འདི་

[p. 390] ༄༅། །ལ་དངས། །ཆེ་ཆུང་ཚད་ཀྱང་ཡུངས་འབྲུ་ཙམ། །འདི་ནི་འབྱུང་བ་འདུས་ལས་འདྲིལ། །སྐལ་དང་ལྡན་པའི་མཁལ་མ་ལས། །འབྱུང་བ་ཡིན་ནོ་མཁའ་འགྲོ་མ། །ཉ་རཱི་རཾ་ནི་ཨིཊ་སྟེ། །ཡུངས་ འབྲུ་ཙམ་ལ་ཁ་དོག་གསལ། །ཤེས་པ་རྣམས་གྱི་དངས་མ་ལས། །འདི་ནི་གློ་བའི་སྟེང་ནས་འབྱུང་། །འདི་ཀུན་སྤྱི་དབྱིབས་ཟླུམ་ལ་འདྲིལ། །ཀུན་གྱི་གཏིང་གསལ་ཁ་དོག་ལྔ། །ཞེས་སོ། །རིང་བསྲེལ་ནི་འདིའི་རྣལ་འབྱོར་པ་ སྤྲུལ་པར་དབུགས་འབྱིན་པའི་རྟགས་ཏེ་འབྱུང་བས་འཇིག་ལ། གདུང་མི་འཇིག་སྟེ། རྒྱུད་དེ་ཉིད་ལས། འདི་དང་ཡང་ནི་འདྲ་བ་ཡི། །རིང་བསྲེལ་ཉིད་ནི་ཕྲ་མོ་སྟེ། །ཏིལ་གྱི་འབྲུ་དང་རྡུལ་ཆ་ཙམ། །འདི་ནི་འབྱུང་བས་བཤིག་ པར་ནུས། །འདི་ནི་སྤྲུལ་པའི་ཞིང་ཁམས་སུའོ། །གདུང་ནི་སུས་ཀྱང་འཇིག་མི་ནུས། །སྲ་མཁྲེགས་འཇིགས་པ་ཀུན་བྲལ་བས། །འདི་ཀུན་འཇིགས་མེད་སངས་རྒྱས་ཐོབ། །ཅེས་པ་དང་། རང་ཤར་ལས། སྐུ་དང་གདུང་དང་ འོད་རྣམས་ཀྱང་། །མྱ་ངན་འདའ་བ་གང་ཡོད་པ། །དེ་ལ་རྟགས་རྣམས་འབྱུང་བར་བཤད། །ཅེས་སོ། །འོད་ལ་འཁོར་ཡུག་དང་། །གྱེན་འགྲེང་དང་། རྩིབས་སྦུགས་གསུམ་སྟེ། སྐུ་གདུང་འབར་བ་ལས། འོད་ལ་ རྣམ་པ་གསུམ་ཡིན་ཏེ། །མུ་ཁྱུད་འཁོར་ཡུག་བཅས་པར་ནི། །གང་གི་ཤུལ་ལ་བྱུང་བ་ནི། །འདི་ནི་བར་དོ་དང་པོ་ལ། །ངེས་པ་ཡིན་ནོ་འབྲས་བུ་ཐོབ། །གལ་ཏེ་གྱེན་ལ་འགྲེང་བ་ན། །འདིས་ནི་བར་དོ་མི་སྣང་བར། །

[p. 391] ངོ་བོ་ཀ་དག་ཆེན་པོ་ཡི། །གདེང་དང་ལྡན་པར་འདི་འགྱུར་རོ། །ཞི་བའི་སྐུ་ཡི་རྟགས་བྱུང་ན། །ཞག་ནི་ལྔ་ཡིས་བདེན་མཐོང་སྟེ། །དེ་ཡང་སངས་རྒྱས་ཉིད་དུ་ཐིམ། །བྲལ་ཏེ་ཁྲོ་བོའི་སྐུ་བྱུང་ན། །འདི་ནི་ཆོས་ཉིད་བར་དོ་ ཡི༑ ༑སྐད་ཅིག་ཉིད་ནི་ཆ་ལྔ་ལ། །གྲོལ་བར་འགྱུར་རོ་མཁའ་འགྲོ་མ། །ཞེས་སོ། །གདུང་ལ་ངོ་བོ་མདོར་བསྟན་པ་དང་། རང་བཞིན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། རྒྱུད་དེ་ཉིད་ལས། ཤ་རཱི་རཾ་ནི་བདེ་ གཤེགས་གདུང་། །དེ་བཞིན་བ་རཱི་རཾ་ཞེས་ནི། །རྡོ་རྗེའི་རིགས་ཀྱི་གདུང་ཡིན་ནོ། །ཆུ་རཱི་རཾ་ནི་རིན་པོ་ཆེ། །བསེ་རཱི་རཾ་ནི་པད་མའོ། །དེ་བཞིན་ཉ་རཱི་རཾ་ཞེས་བྱ། །ལས་ཀྱི་རིགས་ཀྱི་གདུང་ཡིན་ནོ། ཞེས་སོ། །གཉིས་པ་ ལ་གདུང་རིགས་ལྔ་སྟེ། སོ་སོའི་ཁ་དོག །ཚད། རྒྱུ། གནས། ཡུལ་རྣམས་བསྟན་པ་ནི། རྒྱུད་དེ་ཉིད་ལས། །ཤ་རཱི་རཾ་ཞེས་དཀར་ལ་དངས། །སྣུམ་ལ་འདྲིལ་ཏེ་ཁ་དོག་གསལ། །སྲན་མ་ཡི་ནི་རྡོག་འབྲུ་ཙམ། །འདི་ ནི་རུས་པའི་དངས་མ་སྟེ། །སྨིན་པས་འདྲིལ་བར་འབྱུང་བ་ཡིན། །ཐབས་ལྡན་དེ་ཡི་མགོ་ལས་འབྱུང་། །བ་རཱི་རཾ་ཞེས་སྔོ་ནག་ལ། །ཡུངས་དཀར་གྱི་ནི་འབྲུ་ཙམ་མམ། །ཡང་ན་སྲན་ཆུང་འབྲུ་ཙམ་མོ། །འདི་ནི་དྲོད་ཀྱི་ དངས་མ་འདྲིལ། །དེ་ཡི་རྩིབ་མའི་གོ་མཚམས་ནས། །འབྱུང་བ་ཡིན་ནོ་མཁའ་འགྲོ་མ། །ཆུ་རཱི་རཾ་ནི་ཁ་དོག་སེར། །ཡུངས་འབྲུ་ཙམ་ནི་ཁྲག་ལས་སོ། །དེ་ནི་མཆིན་པའི་སྟེང་ནས་འབྱུང་། །བསེ་རཱི་རཾ་ཞེས་དམར་

[p. 392] ༄༅། །དེ་བཞིན་ས་དང་ལམ་རྣམས་ལ། །ཡུན་དུ་སྦྱོང་ཞིང་གནས་པའོ། །ཞེས་སོ། །དོན་གཉིས་པ་འགྲོ་དྲུག་གི་གནས་སོ་སོར་སྐྱེ་བའི་རྟགས་ལ་དྲུག་སྟེ། རྒྱུད་དེ་ཉིད་ལས། གང་ཞིག་ཤི་ བ་དེ་ཚེ་ན། །ནམ་མཁའ་སྨུག་ནག་མུན་པ་ནག །དེ་བཞིན་ཆར་དང་ཁུ་རླངས་དང་། །རླུང་དང་སེར་བ་སྐྱ་ཡུག་སྟེ། །འདི་ཀུན་སུ་ལ་བྱུང་བ་དེ། །སེམས་ཅན་དམྱལ་བའི་སྐྱེ་གནས་སུ། །འདི་ལ་བར་མ་དོ་མེད་ པར༑ ༑འགྱུར་བ་ཡིན་ནོ་མཁའ་འགྲོ་མ། །ནམ་མཁའ་ན་བུན་ལྟ་བུ་ལ། །འོད་ཟེར་སེར་ལ་ཉི་ཟླ་ཤི། །རླུང་དང་སེར་བུ་མེད་པ་ལ། །སེར་གློག་ཉི་མ་མི་སྣང་དང་། །ཆར་བབ་ཤུལ་ལམ་ཡང་ན་ནི། །འདི་ཡི་སྲོད་ ལ་བབ་པར་གྱུར། །འདི་ཉིད་སུ་ལ་བྱུང་བ་སྟེ། །ཡི་དྭགས་ཀྱི་ནི་སྐྱེ་གནས་སུ། །སྐྱེ་བ་ཡིན་ནོ་མཁའ་འགྲོ་མ་། །ནམ་མཁའ་རྨུགས་ཤིང་རླུང་ཡང་མེད། །སྤྲིན་ནི་གནག་ལ་གོ་མཚམས་མེད། །ཡང་ན་ན་ བུན་སྣང་བ་དང་། །རྨུགས་ཤིང་ཉམས་མི་དགའ་བ་ལ། །ཆེ་ཡི་འདུ་བྱེད་སུ་བྱས་པ། །འདི་ནི་བྱོལ་སོང་གནས་སུའོ། །ཤིན་ཏུ་དྲག་པོའི་རླུང་གིས་འཁྲུགས། །སྤྲིན་ནི་ཁམ་ནག་འཇིགས་པའི་གཟུགས། ། རབ་ཏུ་འཁྲུགས་ཤིང་འགྲོ་འོང་བཅས། །འབྲུག་དང་གློག་གི་ལྕེ་འབྱིན་དང་། །ཉི་མ་ཟླ་བ་སྣང་མི་ནུས། །འདི་ལྟར་སུ་ལ་བྱུང་བ་སྟེ། །འདི་ནི་ལྷ་མིན་སྐྱེ་གནས་སོ། །ནམ་མཁའ་གསལ་ཞིང་དངས་པ་ལ། །

[p. 393] སྐད་ཅིག་ལ་ནི་སངས་རྒྱས་སོ། །འོད་ནི་རྩིབས་སུ་སྣང་གྱུར་ན། །འདི་ནི་ཕར་དོ་ཐ་མ་ལ། །མངོན་པར་བྱང་ཆུབ་ཉིད་བརྙེས་སོ། །ཞེས་སོ། །སྒྲ་ལའང་ཕྱོགས་དང་སྐད་ཀྱི་རིམ་པས་དབྱེ་བ་ནི། སྐུ་གདུང་འབར་བ་ལས། གང་དུ་འདས་པའི་གནས་ཁང་ནི། །ཤར་གྱི་ཕྱོགས་སུ་ཉེ་བའི་སར། །སྒྲ་ནི་རབ་ཏུ་གྲག་པ་ན། །འདི་ནི་རྡོ་རྗེའི་རིགས་སུ་འགྱུར། །དེ་བཞིན་ལྷོ་ཡི་ཕྱོགས་སུ་ཡང་། །སྒྲས་ནི་རིན་ཆེན་རིགས་སུ་སྣང་། །ནུབ་ཏུ་པད་མ་ དེ་བཞིན་ནོ། །བྱང་དུ་ལས་ཀྱི་རིགས་སུ་གྱུར། །དེ་བཞིན་སྟེང་དུ་དེ་བཞིན་རིགས། །སྒྲ་ཡི་རང་བཞིན་འདི་ལྟ་བུ། །འུར་ཞིང་ཐུག་པ་བརྩེགས་མ་དང་། །རྒྱུན་རིང་འཇམ་དལ་རིང་བའི་སྒྲ། །ཞི་དང་ཁྲོ་བོའི་ཁྱད་ཀྱིས་སོ། །དེ་ ལྟར་སྒྲ་དང་ལྡན་གྱུར་ན། །འདིས་ནི་ལོངས་སྤྱོད་རྫོགས་པ་ཡི། །སྐུ་ཡི་འབྲས་བུ་ཐོབ་པའོ། །ཞེས་སོ། །ས་གཡོ་བའི་རྟགས་ཚད་ནི། །རྒྱུད་དེ་ཉིད་ལས། ས་ནི་གཡོ་བའི་སྐྱེས་བུ་དེའི། །དབུགས་དང་བྲལ་བའི་ཚེ་བྱུང་ན།། འདི་ནི་ཉན་ཐོས་ས་ཐོབ་པོ། །དེ་བཞིན་ཞག་ནི་གསུམ་ན་ཡང་། །དེ་ཉིད་ས་ནི་གཡོས་གྱུར་ན། །འདི་ནི་རང་སངས་རྒྱས་ཀྱིས། །ཞག་ནི་དྲུག་ན་བྱུང་བ་ན། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །ས་ལ་འཇུག་གོ་མཁའ་ འགྲོ་མ། །གལ་ཏེ་ཞག་ནི་དགུ་ན་ཡང་། །ས་ནི་གཡོས་པར་གྱུར་པ་ན། །འདི་ནི་རིག་པ་འཛིན་པ་ཡི། །ས་ལ་ཅི་དགར་སྤྱོད་པར་ནུས། །ས་ནི་གཡོས་པའི་སྐལ་ལྡན་ལ། །

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 1009 typing errors, November 2026), with the variants of the other editions under each page (24 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = Tshig don mdzod MW3CN4957; X = Tshig don mdzod MW8LS32779. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 589] གོང་བཞིན་ལུས་སོགས་གཏོང་བར་ནུས། །འདི་ལྟར་སུ་ལ་བྱུང་བའི་མི། །སྤྲུལ་པའི་སྐུ་ལ་འདིས་རེག་གོ །དེ་ལྟར་ལྡན་པའི་སྐྱེས་བུ་ནི། །ཕྱིས་ནི་སྤྲུལ་སྐུའི་ཞིང་ཁམས་སུ། །བརྫུས་ནས་སྐྱེས་ཀྱི་ལུས་བླངས་ནས། །ལོ་ནི་དྲུག་ཁྲི་བརྒྱ་སྟོང་དུ། །སེམས་ནི་གནས་ནས་སེམས་ཅན་དོན། །སྐྱེས་བུ་འདི་ཡིས་བྱེད་པའོ། །དེ་ནས་ངོ་བོ་རང་བཞིན་ལས། །འཛམ་བུའི་གླིང་སོགས་གླིང་རྣམས་སུ། །སྤྲུལ་པ་བྱེ་བ་དྲུག་ཁྲི་ཡིས། །རང་རང་མཐུན་པའི་ལུས་བླངས་ནས། །སེམས་ཅན་དོན་ཀུན་བྱེད་པར་ནི། །འདི་ཡིས་འགྱུར་རོ་མཁའ་འགྲོ་མ། །དེ་ནས་ངོ་བོ་ཀ་དག་ལ། །ཉི་མ་ལ་ནི་ཟེར་འདུས་ལྟར། །རང་གི་སྤྲུལ་པར་བཅས་པ་ནི། །རང་གི་ངོ་བོར་རང་ཐིམ་ནས། །དབྱེར་མེད་འབྱེད་པ་མེད་པར་འགྱུར། །ཞེས་སོ། །ལྔ་པ་རིག་པའི་ཚད་ལ་གཉིས་ཏེ། རང་གདངས་ལུ་གུ་རྒྱུད་ལ་ཕྱིར་གོམས་པའི་ཚད་

ལ་འདིས་རེག་གོ་དེ་ལྟར ] ག་ོ P · རང་གི་ངོ་བོར་རང་ཐིམ ] བོ P S

[p. 590] དང༌། །རང་ངོ་ཀ་དག་སྐྱོན་མེད་ལ་ནང་དུ་གོམས་པའི་ཚད་དོ། །དང་པོ་ནི། སྐུ་གདུང་འབར་བ་ལས། རིག་པ་ལ་ནི་སུས་གོམས་པ། །དེ་ཡི་ལུས་ལ་རྒྱ་འདིའོ། །གང་དུ་གཏད་པའི་དངོས་པོ་ལ། །དེར་ནི་རང་ཤེས་འཛུད་པར་ནུས། །གང་དུ་འདུག་པའི་ས་ཉིད་དུ། །ལུས་ཀྱང་དེ་ཡི་རྗེས་སུ་སྟེ། །ཇི་ལྟར་རིག་པ་ཉིད་དང་མཚུངས། །གཞན་གྱི་མ་དད་བསྒྱུར་ནུས་དང༌། །བསམ་རྒྱུན་ཞེན་པ་རང་འགགས་དང༌། །ནང་གི་རྟགས་དང་རྣམ་པར་ལྡན། །མངོན་སུམ་ཉིད་དུ་སུས་རིག་པ། །འདི་ནི་འབྱུང་བ་རང་གི་སར། །སྐལ་དང་ལྡན་པ་འདི་དེངས་ནས། །སྐྱེ་མེད་མཆོག་ལ་སྙེགས་པའོ། །ཞེས་སོ། །གཉིས་པ་ནི། རྒྱུད་དེ་ཉིད་ལས། གང་གི་སྐྱེ་མེད་སུ་ཡིས་ནི། །རྩད་ནས་ཆོད་པའི་མི་དེ་ལ། །རྟགས་ནི་འདི་ལྟ་བུ་ཡང་འབྱུང༌། །འདི་རྟགས་སུ་ལ་ལྡན་པ་ནི། །ང་དང་སྐལ་བ་མཉམ་པ་ཡིན། །ལུས་ལ་འབུ་སྲིན་ཤིག་ལ་སོགས། །

[p. 591] འདི་ཀུན་སྐྱེ་བ་རྒྱུན་ཆད་དང༌། །གང་གི་སྐྲ་དང་སེན་མོ་དང༌། །འདི་ཀུན་མི་སྐྱེ་རྒྱུན་ཟད་ན། །འདི་ནི་སྐྱེ་བ་མེད་པ་སྟེ། །འདི་ལྟར་རྟགས་དང་ལྡན་པ་ནི། །ཟླ་བ་དག་ནི་གསུམ་ན་ཡང༌། །འདི་ནི་འབྱུང་བ་རང་དེངས་སུ། །ཟག་བཅས་ཕུང་པོ་མི་སྣང་བར། །རང་ལུས་འོད་ཀྱི་གདངས་དཀྱིལ་དུ། །རིགས་དང་བཅས་ཏེ་འདི་འགྱུར་རོ། །ཞེས་སོ། །དོན་གསུམ་པ་ཕྱིས་ཀྱི་རྟགས་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། སྐལ་ལྡན་གྲོལ་བའི་རྟགས་དང༌། སྐལ་མེད་འཁྲུལ་པའི་རྟགས་ཏེ། སྐུ་གདུང་འབར་བ་ལས། གང་དག་མྱ་ངན་ལས་འདས་ན། །དེ་ལ་སྐུ་དང་གདུང་དང་ནི། །དེ་བཞིན་འོད་དང་སྒྲ་ཉིད་དང༌། །ས་ནི་གཡོ་བར་འགྱུར་བའོ། །ནམ་མཁའ་ཆར་དང་ཁུ་རླངས་དང༌། །འདི་ལྟར་རྟགས་ནི་ཕྱིས་ནས་འབྱུང༌། །ཞེས་སོ། །གཉིས་པ་ལ་གཉིས་ཏེ།

ཟག་བཅས་ཕུང་པོ་མི་སྣང ] པོའི W · ལྟར་རྟགས་ནི་ཕྱིས་ནས་འབྱུང ] ཕྱྀས P

[p. 592] རྣལ་འབྱོར་པ་གྲོལ་ཚད་ངེས་པའི་རྟགས་དང༌། འགྲོ་དྲུག་སོ་སོར་སྐྱེ་བའི་རྟགས་སོ། །དང་པོ་ལ་ལྔ་སྟེ། སྐུ། གདུང༌། འོད། སྒྲ། ས་གཡོ་བའི་རྟགས་ཚད་བསྟན་པའོ། །དང་པོ་སྐུ་ལ་གཉིས་ཏེ། རྒྱུད་དེ་ཉིད་ལས། རིགས་ལྡན་མྱ་ངན་འདས་པ་ལ། །དེ་ཡི་ལྷག་མ་ཟག་བཅས་ཀྱི། །ཕུང་པོ་རྟེན་ཡུལ་བསྲེགས་སྦྱངས་པས། །དེ་ལ་སྐུ་ནི་རྣམ་གཉིས་ཏེ། །ཞི་བའི་སྐུ་དང་ཁྲོ་བོའི་སྐུ། །རྣམ་པ་གཉིས་ཀྱི་གཟུགས་སུ་ཡང༌། །སུ་ཞིག་རྣལ་འབྱོར་ལྡན་པ་ལ། །འདི་གཉིས་གཟུགས་ཀྱི་རྣམ་པ་ཡང༌། །གལ་ཏེ་གཉིས་ཀ་བྱུང་བ་ན། །འདི་ནི་བར་དོ་མེད་པར་ཡང༌། །ངོ་བོ་ཀ་དག་ཆེན་པོ་ཡི། །གདེང་དང་ལྡན་པར་འདི་འགྱུར་རོ། །ཞི་བའི་སྐུ་ཡི་རྟགས་བྱུང་ན། །ཞག་ནི་ལྔ་ཡིས་བདེན་མཐོང་སྟེ། །དེ་ཡང་སངས་རྒྱས་ཉིད་དུ་ཐིམ། །གལ་ཏེ་ཁྲོ་བོའི་སྐུ་བྱུང་ན། །འདི་ནི་ཆོས་ཉིད་བར་དོ་ཡི། །སྐད་ཅིག་ཉིད་ནི་

དྲུག་སོ་སོར་སྐྱེ་བའི་རྟགས་སོ ] སྐྱེས་པའི W

[p. 593] ཆ་ལྔ་ལ། །གྲོལ་བར་འགྱུར་རོ་མཁའ་འགྲོ་མ། །ཞེས་སོ། །གདུང་ལ་ངོ་བོ་མདོར་བསྟན་པ་དང༌། རང་བཞིན་རྒྱས་པར་བཤད་པ་གཉིས་ལས། །དང་པོ་ནི། རྒྱུད་དེ་ཉིད་ལས། ཤ་རཱི་རཾ་ནི་བདེ་གཤེགས་གདུང༌། །དེ་བཞིན་བ་རཱི་རཾ་ཞེས་ནི། །རྡོ་རྗེའི་རིགས་ཀྱི་གདུང་ཡིན་ནོ། །ཆུ་རཱི་རཾ་ནི་རིན་པོ་ཆེ། །བསེ་རཱི་རཾ་ནི་པད་མའོ། །དེ་བཞིན་ཉ་རཱི་རཾ་ཞེས་བྱ། །ལས་ཀྱི་རིགས་ཀྱི་གདུང་ཡིན་ནོ། །ཞེས་སོ། །གཉིས་པ་ལ་གདུང་རིགས་ལྔ་སྟེ། སོ་སོའི་ཁ་དོག ཚད། རྒྱུ། གནས། ཡུལ་རྣམས་བསྟན་པ་ནི། །རྒྱུད་དེ་ཉིད་ལས། ཤ་རཱི་རཾ་ཞེས་དཀར་ལ་དངས། །སྣུམ་ལ་འདྲིལ་ཏེ་ཁ་དོག་གསལ། །སྲན་མ་ཡི་ནི་རྡོག་འབྲུ་ཙམ། །འདི་ནི་རུས་པའི་དངས་མ་སྟེ། །སྨིན་པས་འདྲིལ་བར་འབྱུང་བ་ཡིན། །ཐབས་ལྡན་དེ་ཡི་མགོ་ལས་འབྱུང༌། །བ་རཱི་རཾ་ཞེས་སྔོ་ནག་ལ། །ཡུངས་ཀར་གྱི་ནི་འབྲུ་ཙམ་མམ། །

ནག་ལ་ཡུངས་ཀར་གྱི་ནི ] དཀར P S

[p. 594] ཡང་ན་སྲན་ཆུང་འབྲུ་ཙམ་མོ། །འདི་ནི་དྲོད་ཀྱི་དངས་མ་འདྲིལ། །དེ་ཡི་རྩིབ་མའི་གོ་མཚམས་ནས། །འབྱུང་བ་ཡིན་ནོ་མཁའ་འགྲོ་མ། །ཆུ་རཱི་རཾ་ནི་ཁ་དོག་སེར། །ཡུངས་འབྲུ་ཙམ་ནི་ཁྲག་ལས་སོ། །དེ་ནི་མཆིན་པའི་སྟེང་ནས་འབྱུང༌། །བསྲེ་རཱི་རཾ་ཞེས་དམར་ལ་དངས། །ཆེ་ཆུང་ཚད་ཀྱང་ཡུངས་འབྲུ་ཙམ། །འདི་ནི་འབྱུང་བ་འདུས་ལས་འདྲིལ། །སྐལ་དང་ལྡན་པའི་མཁལ་མ་ལས །འབྱུང་བ་ཡིན་ནོ་མཁའ་འགྲོ་མ། །ཉ་རཱི་རཾ་ནི་ཨིནྡྲ་སྟེ། །ཡུངས་འབྲུ་ཙམ་ལ་ཁ་དོག་གསལ། །ཤེས་པ་རྣམས་ཀྱི་དངས་མ་ལས། །འདི་ནི་གློ་བའི་སྟེང་ནས་འབྱུང༌། །འདི་ཀུན་སྤྱི་དབྱིབས་ཟླུམ་ལ་འདྲིལ༌། །ཀུན་གྱི་གཏིང་གསལ་ཁ་དོག་ལྔ། །ཞེས་སོ། །རིང་བསྲེལ་ནི་འདིའི་རྣལ་འབྱོར་པ་སྤྲུལ་པར་དབུགས་འབྱིན་པའི་རྟགས་ཏེ་འབྱུང་བས་འཇིག་ལ། གདུང་མི་འཇིག་སྟེ། རྒྱུད་དེ་ཉིད་ལས། འདི་དང་ཡང་ནི་འདྲ་བ་ཡི། །རིང་

སྟེང་ནས་འབྱུང་བསྲེ་རཱི་རཾ ] བསེ P D G S · སྤྲུལ་པར་དབུགས་⁁་འབྱིན་པའི ] ལ W

[p. 595] བསྲེལ་ཉིད་ནི་ཕྲ་མོ་སྟེ། །ཏིལ་གྱི་འབྲུ་དང་རྡུལ་ཆ་ཙམ། །འདི་ནི་འབྱུང་བས་བཤིག་པར་ནུས། །འདི་ནི་སྤྲུལ་པའི་ཞིང་ཁམས་སུའོ། །གདུང་ནི་སུས་ཀྱང་འཇིག་མི་ནུས། །སྲ་མཁྲེགས་འཇིགས་པ་ཀུན་བྲལ་བས། །འདི་ཀུན་འཇིགས་མེད་སངས་རྒྱས་ཐོབ། །ཅེས་པ་དང༌། རང་ཤར་ལས། སྐུ་དང་གདུང་དང་འོད་རྣམས་ཀྱང༌། །མྱ་ངན་འདའ་བ་གང་ཡོད་པ། །དེ་ལ་རྟགས་རྣམས་འབྱུང་བར་བཤད། །ཅེས་སོ། །འོད་ལ་འཁོར་ཡུག་དང༌། །གྱེན་འགྲེང་དང༌། །རྩིབས་སྒུགས་གསུམ་སྟེ། སྐུ་གདུང་འབར་བ་ལས། འོད་ལ་རྣམ་པ་གསུམ་ཡིན་ཏེ། །མུ་ཁྱུད་འཁོར་ཡུག་བཅས་པར་ནི། །གང་གི་ཤུལ་ལ་བྱུང་བ་ནི། །འདི་ནི་བར་དོ་དང་པོ་ལ། །ངེས་པ་ཡིན་ནོ་འབྲས་བུ་ཐོབ། །གལ་ཏེ་གྱེན་ལ་འགྲེང་བ་ན། །འདིས་ནི་བར་དོ་མི་སྣང་བར། །སྐད་ཅིག་ལ་ནི་སངས་རྒྱས་ས། །འོད་ནི་རྩིབས་སུ་

ནི་སངས་རྒྱས་ས་འོད་ནི ] སོ A P S X

[p. 596] སྣང་གྱུར་ན། །འདི་ནི་བར་དོ་ཐ་མ་ལ། །མངོན་པར་བྱང་ཆུབ་ཉིད་བརྙེས་སོ། །ཞེས་སོ། །སྒྲ་ལའང་ཕྱོགས་དང་སྐད་ཀྱི་རིམ་པས་དབྱེ་བ་ནི། སྐུ་གདུང་འབར་བ་ལས། །གང་དུ་འདས་པའི་གནས་ཁང་ནི། །ཤར་གྱི་ཕྱོགས་སུ་ཉེ་བའི་སར། །སྒྲ་ནི་རབ་ཏུ་གྲག་པ་ན། །འདི་ནི་རྡོ་རྗེའི་རིགས་སུ་འགྱུར། །དེ་བཞིན་ལྷོ་ཡི་ཕྱོགས་སུ་ཡང༌། །སྒྲས་ནི་རིན་ཆེན་རིགས་སུ་སྣང༌། །ནུབ་ཏུ་པད་མ་དེ་བཞིན་ནོ། །བྱང་དུ་ལས་ཀྱི་རིགས་སུ་འགྱུར། །དེ་བཞིན་སྟེང་དུ་དེ་བཞིན་རིགས། །སྒྲ་ཡི་རང་བཞིན་འདི་ལྟ་བུ། །འུར་ཞིང་ཐུག་པ་བརྩེགས་མ་དང༌། །རྒྱུན་རིང་འཇམ་དལ་རིང་བའི་སྒྲ། །ཞི་དང་ཁྲོ་བོའི་ཁྱད་ཀྱིས་སོ། །དེ་ལྟར་སྒྲ་དང་ལྡན་གྱུར་ན། །འདིས་ནི་ལོངས་སྤྱོད་རྫོགས་པ་ཡི། །སྐུ་ཡི་འབྲས་བུ་ཐོབ་པའོ། །ཞེས་སོ། །ས་གཡོ་བའི་རྟགས་ཚད་ནི། །རྒྱུད་དེ་ཉིད་ལས། ས་ནི་གཡོ་བའི་སྐྱེས་བུ་དེའི། །དབུགས་

སུ་སྣང་གྱུར་ན་འདི་ནི ] ནས W · པའི་གནས་ཁང་ནི་ཤར་གྱི ] གི A P S · སུ་འགྱུར་དེ་བཞིན་སྟེང་དུ ] བཞི D G · ཁྱད་ཀྱིས་སོ་དེ་ལྟར་སྒྲ ] ད A P S

[p. 597] དང་བྲལ་བའི་ཚེ་བྱུང་ན། །འདི་ནི་ཉན་ཐོས་ས་ཐོབ་བོ། །དེ་བཞིན་ཞག་ནི་གསུམ་ན་ཡང༌། །དེ་ཉིད་ས་ནི་གཡོས་གྱུར་ན། །འདི་ནི་རང་སངས་རྒྱས་ཀྱི་ས། །ཞག་ནི་དྲུག་ན་བྱུང་བ་ན། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །ས་ལ་འཇུག་གོ་མཁའ་འགྲོ་མ། །གལ་ཏེ་ཞག་ནི་དགུ་ན་ཡང༌། །ས་ནི་གཡོས་པར་གྱུར་པ་ན། །འདི་ནི་རིག་པ་འཛིན་པ་ཡི། །ས་ལ་ཅི་དགར་སྤྱོད་པར་ནུས། །ས་ནི་གཡོས་པའི་སྐལ་ལྡན་ལ། །སངས་རྒྱས་འབྲས་བུ་མི་སྣང་སྟེ། །དེ་བཞིན་ས་དང་ལམ་རྣམས་ལ། །ཡུན་དུ་སྦྱོང་ཞིང་གནས་པའོ། །ཞེས་སོ། །དོན་གཉིས་པ་འགྲོ་དྲུག་གི་གནས་སོ་སོར་སྐྱེ་བའི་རྟགས་ལ་དྲུག་སྟེ། རྒྱུད་དེ་ཉིད་ལས། གང་ཞིག་ཤི་བ་དེ་ཚེ་ན། །ནམ་མཁའ་སྨུག་ནག་མུན་པ་ནག །དེ་བཞིན་ཆར་དང་ཁུ་རླངས་དང༌། །རླུང་དང་སེར་བ་བུ་ཡུག་སྟེ། །འདི་ཀུན་སུ་ལ་བྱུང་བ་དེ། །སེམས་ཅན་དམྱལ་

ཐོས་ས་ཐོབ་བོ་དེ་བཞིན ] པོ A D G X · རང་སངས་རྒྱས་ཀྱི་ས་ཞག་ནི ] ཀྱིས A X · ལ་བྱུང་བ་དེ་སེམས་ཅན ] ད D G

[p. 598] བའི་སྐྱེ་གནས་སུ། །འདི་ལ་བར་མ་དོ་མེད་པར། །འགྱུར་བ་ཡིན་ནོ་མཁའ་འགྲོ་མ། །ནམ་མཁའ་ན་བུན་ལྟ་བུ་ལ། །འོད་ཟེར་སེར་ལ་ཉི་ཟླ་ཤི། །རླུང་དང་སེར་བུ་མེད་པ་ལ། །སེར་གློག་ཉི་མ་མི་སྣང་དང༌། །ཆར་བབ་ཤུལ་ལམ་ཡང་ན་ནི། །འདི་ཡི་སྲོད་ལ་བབ་པར་གྱུར། །འདི་ཉིད་སུ་ལ་བྱུང་བ་སྟེ། །ཡི་དགས་ཀྱི་ནི་སྐྱེ་གནས་སུ། །སྐྱེ་བ་ཡིན་ནོ་མཁའ་འགྲོ་མ། །ནམ་མཁའ་རྨུགས་ཤིང་རླུང་ཡང་མེད། །སྤྲིན་ནི་གནག་ལ་གོ་མཚམས་མེད། །ཡང་ན་ན་བུན་སྣང་བ་དང༌། །རྨུགས་ཤིང་ཉམས་མི་དགའ་བ་ལ། །ཚེ་ཡི་འདུ་བྱེད་སུ་བྱས་པ། །འདི་ནི་བྱོལ་སོང་གནས་སུའོ། །ཤིན་ཏུ་དྲག་པོའི་རླུང་གིས་འཁྲུགས། །སྤྲིན་ནི་ཁམ་ནག་འཇིགས་པའི་གཟུགས། །རབ་ཏུ་འཁྲུགས་ཤིང་འགྲོ་འོང་བཅས། །འབྲུག་དང་གློག་གི་ལྕེ་འབྱིན་དང༌། །ཉི་མ་ཟླ་བ་སྣང་མི་ནུས། །འདི་ལྟར་སུ་ལ་བྱུང་བ་སྟེ། །འདི་ནི་ལྷ་མིན་

ནི་འདི་ཡི་སྲོད་ལ་བབ ] སྲད W · ཡི་འདུ་བྱེད་སུ་བྱས་པ ] སུས W · ནི་ཁམ་ནག་འཇིགས་པའི་གཟུགས ] འཇིག P S · བཅས་འབྲུག་དང་གློག་གི་ལྕེ ] ལག W

[p. 599] སྐྱེ་གནས་སོ། །ནམ་མཁའ་གསལ་ཞིང་དངས་པ་ལ། །ཉི་མ་ཟླ་བའི་སྣང་བ་གསལ། །རླུང་དང་སེར་བུ་སྣང་མི་ནུས། །འདི་ནི་ལྷ་ཡི་སྐྱེ་གནས་སོ། །ཡང་ནི་ནམ་མཁའ་གསལ་ལ་དངས། །མི་མཇེད་སྤྲིན་ནི་དར་དཀར་བཞིན། །ཤིན་ཏུ་སྲབ་ཅིང་བརྡལ་བར་སྣང༌། །ཡང་ན་ཉི་ཟླ་འོད་ཁྱིམ་ཅན། །འདི་ལྟར་སུ་ལ་བྱུང་བ་དེ། །མི་ཡི་སྐྱེ་གནས་འདིས་ཐོབ་བོ། །ཞེས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་རྟགས་ཚད་ངེས་པའི་རིམ་པ་སྟེ་རྡོ་རྗེའི་གནས་དགུ་པ་རྒྱ་ཆེར་བཤད་པའོ། །

མཁའ་གསལ་ཞིང་དངས་པ་ལ ] དྭངས A W D G · ནི་ལྷ་ཡི་སྐྱེ་གནས་སོ ] སྐྱེས W · མཁའ་གསལ་ལ་དངས་མི་མཇེད ] དྭངས A D G · དགུ་པ་རྒྱ་ཆེར་བཤད་པའོ ] ཆེ W
[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the divisions of each unit; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The first levels of the outline of the whole work are on the contents page.
2 Extensive explanation of the nature རང་བཞིན་རྒྱས་པར་བཤད་པ [p. 545]
2.3 Enumeration of the signs and measures ascertained in terms of the three times དུས་གསུམ་ངེས་པ་རྣམ་གྲངས་ཀྱི་རྟགས་ཚད [p. 571]
2.3.2 Ascertaining the signs of the present ད་ལྟའི་རྟགས་ངེས་པ [p. 576]
2.3.2.2 Signs of the main practice དངོས་གཞིའི་རྟགས [p. 578]
2.3.2.2.2 Measure of realizing expanse and awareness རིག་པ་རང་སྣང་གི་བློ་ཅན་དབྱིངས་རིག་རྟོགས་པའི་ཚད [p. 580]
2.3.2.2.2.2 Measure of familiarization with direct crossing ཐོད་རྒལ་གོམས་པའི་ཚད [p. 582]
2.3.2.2.2.2.5 Measure of awareness རིག་པའི་ཚད [p. 589]
Outward familiarity with the linked chains lets cognition enter any object and makes the elements vanish. Inward familiarity with flawless primordial purity ends the growth of hair and nails. Within three months the yogin dwells in the light of the body together with the families.
2.3.2.2.2.2.5.1 Outward familiarization with the linked chains རང་གདངས་ལུ་གུ་རྒྱུད་ལ་ཕྱིར་གོམས་པའི་ཚད [p. 590]
From the Blazing Relics: one can insert one's cognition into any object, the body follows awareness, one transforms others' lack of faith, clinging ceases, and the elements vanish as one reaches the supreme unborn.
2.3.2.2.2.2.5.2 Inward familiarization with flawless primordial purity རང་ངོ་ཀ་དག་སྐྱོན་མེད་ལ་ནང་དུ་གོམས་པའི་ཚད [p. 590]
One who has cut through to the unborn ceases to host parasites and to grow hair and nails; within three months the elements vanish and one dwells within the light of one's own body together with the families.
2.3.3 The later signs ཕྱིས་ཀྱི་རྟགས [p. 591]
Describes signs after death. Images, bone relics, light, sound, earthquakes, and rain and mist in the sky indicate the yogin's liberation and its timing. Sky and weather at death indicate rebirth in each of the six destinies.
2.3.3.1 Brief presentation མདོར་བསྟན་པ [p. 591]
Signs of liberation of the fortunate and of delusion of the unfortunate; the Blazing Relics lists images, bone relics, light, sound, earthquakes, and rain and mist in the sky.
2.3.3.2 Extensive explanation རྒྱས་པར་བཤད་པ [p. 591]
Explains the five posthumous signs of liberation: images, the five families' bone relics, lights, sounds and earthquakes. Each indicates the timing or level of attainment. It then correlates weather and sky conditions at death with rebirth among hell beings, hungry ghosts, animals, demigods, gods or humans.
2.3.3.2.1 Signs ascertaining the measure of the yogin's liberation རྣལ་འབྱོར་པ་གྲོལ་ཚད་ངེས་པའི་རྟགས [p. 592]
Details five posthumous signs. Peaceful and wrathful images, ring-shaped, upright or spoke-like lights, and sounds from the directions indicate the timing of liberation, the family involved or attainment of the saṃbhogakāya. Five coloured bone relics correspond to the five families. Earthquakes indicate levels from śrāvaka to vidyādhara short of buddhahood.
2.3.3.2.1.1 Images སྐུ [p. 592]
Peaceful and wrathful images appear from the cremation; both together mean liberation without bardo in primordial purity, peaceful ones liberation in five days, wrathful ones liberation in the bardo of dharmatā.
2.3.3.2.1.2 Bone relics གདུང [p. 593]
Names the five bone relics, śarīraṃ, barīraṃ, churīraṃ, bserīraṃ and nyarīraṃ, as belonging to the tathāgata, vajra, jewel, lotus and karma families. It gives their colour, size and bodily origin, and distinguishes destructible relic pearls, which signal relief in emanation fields, from indestructible bone relics.
2.3.3.2.1.2.1 Brief presentation of their essence ངོ་བོ་མདོར་བསྟན་པ [p. 593]
Names the five relics—śarīraṃ, barīraṃ, churīraṃ, bserīraṃ, nyarīraṃ—as relics of the tathāgata, vajra, jewel, lotus and karma families.
2.3.3.2.1.2.2 Extensive explanation of their nature རང་བཞིན་རྒྱས་པར་བཤད་པ [p. 593]
Gives the colour, size, source essence and bodily origin of each of the five relics; distinguishes minute relic pearls, destructible by the elements and signalling relief in emanation fields, from indestructible bone relics.
2.3.3.2.1.3 Lights འོད [p. 595]
Ring-shaped light indicates fruition in the first bardo, upright light instant buddhahood without bardo, and spoke-like light awakening in the last bardo.
2.3.3.2.1.4 Sounds སྒྲ [p. 596]
Sounds heard in the four directions and above indicate the vajra, jewel, lotus, karma and tathāgata families; roaring or gentle tones reflect wrathful or peaceful aspects, signifying attainment of the saṃbhogakāya.
2.3.3.2.1.5 Signs of the quaking of the earth ས་གཡོ་བའི་རྟགས་ཚད [p. 596]
An earthquake at death, or after three, six or nine days, indicates the levels of śrāvaka, pratyekabuddha, bodhisattva or vidyādhara; such persons do not yet attain buddhahood but train long on the paths.
2.3.3.2.2 Signs of birth in each of the six destinies འགྲོ་དྲུག་གི་གནས་སོ་སོར་སྐྱེ་བའི་རྟགས [p. 597]
Sky and weather conditions at death indicate rebirth among hell beings, hungry ghosts, animals, demigods, gods or humans, from dark storms and hail to clear skies with thin white clouds or haloed sun and moon.
3 Colophon of the ninth vajra topic མཇུག་བྱང [p. 599] topical
Closing statement identifying the chapter as the extensive explanation of the ninth vajra topic, the stages of ascertaining the signs and measures.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 589] One is able to give body and the rest, as above.
The person in whom it has arisen in this way,
This one has touched the nirmāṇakāya.
The person who is so endowed,
Later, in a nirmāṇakāya buddha-field,
Having taken a body of miraculous birth,
For sixty thousand times a hundred thousand years,[152]Note 152 · p. 589 · lo ni drug khri brgya stong and sprul pa bye ba drug khri: rendered literally as "sixty thousand times a hundred thousand" years and "sixty thousand times ten million" emanations (Claude Fable 5.2, GPT-6.2 Astra, Gemini 4 Neon). Dharmamitra's "six hundred million" in both places is arithmetically wrong.
With the mind abiding, the welfare of sentient beings
Is accomplished by this person.
Then, from the essence and nature,[153]Note 153 · p. 589 · ngo bo rang bzhin las: read as "from the essence and nature", the first two of the triad from which the emanations issue (Claude Fable 5.2, GPT-6.2 Astra, Gemini 4 Neon). Dharmamitra's "from the intrinsic nature of the essence" is grammatically possible but less likely beside ngo bo ka dag la in the following lines.
In Jambudvīpa and the other continents,
With sixty thousand times ten million emanations (sprul pa),
Taking bodies that accord with each,
This one will come to accomplish
All the welfare of sentient beings, O ḍākinī.
Then, into the essence, primordial purity,
Like rays gathered into the sun,
Together with one's own emanations,
One dissolves of oneself into one's own essence
And becomes indivisible, with nothing to divide.

Thus it is said.

2.3.2.2.2.2.5 Measure of awareness རིག་པའི་ཚད2.3.2.2.2.2.5 Measure of awareness
Outward familiarity with the linked chains lets cognition enter any object and makes the elements vanish. Inward familiarity with flawless primordial purity ends the growth of hair and nails. Within three months the yogin dwells in the light of the body together with the families.

Fifth, the measure of awareness has two parts: the measure of outward familiarization with the natural radiance, the linked chains (lu gu rgyud),

[p. 590] and the measure of inward familiarization with its own face (rang ngo), flawless primordial purity.

2.3.2.2.2.2.5.1 Outward familiarization with the linked chains རང་གདངས་ལུ་གུ་རྒྱུད་ལ་ཕྱིར་གོམས་པའི་ཚད2.3.2.2.2.2.5.1 Outward familiarization with the linked chains
From the Blazing Relics: one can insert one's cognition into any object, the body follows awareness, one transforms others' lack of faith, clinging ceases, and the elements vanish as one reaches the supreme unborn.

As for the first, the Blazing Relics says:

Whoever has gained familiarity with awareness,
On the body of that one there is this seal:
Whatever entity it is directed toward,
There one is able to insert one's own cognition (rang shes).[154]Note 154 · p. 590 · rang shes: the glossary gives "self-knowing", but here the term is the object of 'dzud pa ("insert") into an entity one focuses on, so it is rendered "one's own cognition" (with Claude Fable 5.2). Dharmamitra has "own awareness", GPT-6.2 Astra "own consciousness", Gemini 4 Neon "own knowing".
To the very place where it rests,[155]Note 155 · p. 590 · gang du 'dug pa'i sa nyid du: the unstated subject is taken to be the cognition just inserted, which the body then follows (Claude Fable 5.2, GPT-6.2 Astra, Gemini 4 Neon). Dharmamitra takes it as the place where the person abides.
The body, too, follows after it,
Just the same as awareness itself.
One is able to transform the lack of faith of others,
The stream of thought and clinging cease of themselves,[156]Note 156 · p. 590 · bsam rgyun zhen pa: read as "the stream of thought and clinging" (Claude Fable 5.2, GPT-6.2 Astra, Gemini 4 Neon). Dharmamitra's "attachment to the stream of thoughts" is also possible.
And one is fully endowed with the inner signs.
Whoever knows it in direct perception (mngon sum) itself,
This fortunate one, the elements
Having vanished into their own place,
Reaches the supreme unborn (skye med).Sku gdung 'bar baQuotation (named in the text: སྐུ་གདུང་འབར་བ་ལས)
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

Thus it is said.

2.3.2.2.2.2.5.2 Inward familiarization with flawless primordial purity རང་ངོ་ཀ་དག་སྐྱོན་མེད་ལ་ནང་དུ་གོམས་པའི་ཚད2.3.2.2.2.2.5.2 Inward familiarization with flawless primordial purity
One who has cut through to the unborn ceases to host parasites and to grow hair and nails; within three months the elements vanish and one dwells within the light of one's own body together with the families.

As for the second, that same tantra says:

The person, whoever it may be, who has cut through
To the very root of the unborn in whatever there is:[157]Note 157 · p. 590 · gang gi skye med … rtsad nas chod pa: gang gi is read as "of whatever there is", and rtsad nas chod pa as cutting through to the root, i.e. resolving thoroughly. The drafts differ only in phrasing. The following lines (next part) play on skye med as the literal non-arising of lice, hair and nails.
For that one signs such as these will also arise.
Whoever is endowed with these signs
Is equal in fortune to me.
On the body, insects, worms, lice and the like,

[p. 591] All these cease to be born, their continuity cut,
And when that one's hair and nails,
All these, no longer grow, their continuity exhausted,
This is the unborn.
One who is endowed with signs such as these,
Within just three months,
The elements vanishing of themselves
And the contaminated aggregates no longer appearing,
In the midst of the radiance (gdangs) of the light of one's own body
Will come to be together with the families.Sku gdung 'bar baQuotation (the text says: the same source: རྒྱུད་དེ་ཉིད་ལས)
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.
[158]Note 158 · p. 591 · rigs dang bcas te 'di 'gyur ro: the line is terse. I read "this one will come to be, together with the families, in the midst of the radiance of the light of one's own body" (so Claude Fable 5.2, Gemini 4 Neon). GPT-6.2 Astra's "transformed into the form of one's buddha family" over-interprets. Whether rigs is singular (Dharmamitra) or plural is not marked in the Tibetan.

Thus it is said.

2.3.3 The later signs ཕྱིས་ཀྱི་རྟགས2.3.3 The later signs
Describes signs after death. Images, bone relics, light, sound, earthquakes, and rain and mist in the sky indicate the yogin's liberation and its timing. Sky and weather at death indicate rebirth in each of the six destinies.

The third topic, the later signs (phyis kyi rtags), has two parts: the brief presentation and the extensive explanation.

2.3.3.1 Brief presentation མདོར་བསྟན་པ2.3.3.1 Brief presentation
Signs of liberation of the fortunate and of delusion of the unfortunate; the Blazing Relics lists images, bone relics, light, sound, earthquakes, and rain and mist in the sky.

As for the first, there are the signs of the liberation of the fortunate and the signs of the delusion of the unfortunate. The Blazing Relics says:

When anyone passes into nirvāṇa,
For that one there are images and bone relics,
Likewise light and sound itself,
And the earth will quake.
In the sky, rain and mist:[159]Note 159 · p. 591 · nam mkha' char dang khu rlangs: rendered "In the sky, rain and mist". Gemini 4 Neon takes "sky" as a separate item in the list, which is also possible.
Signs such as these arise afterwards.Sku gdung 'bar baQuotation (named in the text: སྐུ་གདུང་འབར་བ་ལས)
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0055-vol-01-text (the text itself), 78 % of the words.

Thus it is said.

2.3.3.2 Extensive explanation རྒྱས་པར་བཤད་པ2.3.3.2 Extensive explanation
Explains the five posthumous signs of liberation: images, the five families' bone relics, lights, sounds and earthquakes. Each indicates the timing or level of attainment. It then correlates weather and sky conditions at death with rebirth among hell beings, hungry ghosts, animals, demigods, gods or humans.

The second has two parts:

[p. 592] the signs that ascertain the measure of the yogin's liberation, and the signs of birth in each of the six destinies.

2.3.3.2.1 Signs ascertaining the measure of the yogin's liberation རྣལ་འབྱོར་པ་གྲོལ་ཚད་ངེས་པའི་རྟགས2.3.3.2.1 Signs ascertaining the measure of the yogin's liberation
Details five posthumous signs. Peaceful and wrathful images, ring-shaped, upright or spoke-like lights, and sounds from the directions indicate the timing of liberation, the family involved or attainment of the saṃbhogakāya. Five coloured bone relics correspond to the five families. Earthquakes indicate levels from śrāvaka to vidyādhara short of buddhahood.

The first has five parts: the teaching of the signs and measures of images, bone relics, light, sound and the quaking of the earth.

2.3.3.2.1.1 Images སྐུ2.3.3.2.1.1 Images
Peaceful and wrathful images appear from the cremation; both together mean liberation without bardo in primordial purity, peaceful ones liberation in five days, wrathful ones liberation in the bardo of dharmatā.

First, images are of two kinds.[160]Note 160 · p. 592 · sku is rendered "images" throughout, following the glossary (the deity images that appear on the remains), where Gemini 4 Neon, Dharmamitra, GPT-6.2 Astra have "sacred forms". zhi ba'i sku / khro bo'i sku are taken as images of peaceful and of wrathful deities. That same tantra says:

When one endowed with the family has passed into nirvāṇa,
And what remains of that one, the contaminated
Aggregates, the supporting object,[161]Note 161 · p. 592 · rten yul: taken as apposition to the contaminated aggregates, "the supporting object", i.e. the body that is cremated. Claude Fable 5.2's "the support and its domain" splits it into two things. has been burned and purified,
The images there are of two kinds:
Images of the peaceful and images of the wrathful deities (khro bo).
And in the forms of these two kinds,
For whoever is endowed with yoga,
If the aspects of the forms of these two,
Both of them, should arise,
This one, without any intermediate state (bar do) at all,
Will come to possess the confidence
Of the essence, great primordial purity (ka dag chen po).
If the sign of a peaceful image arises,
In five days this one sees the truth,
And that, too, dissolves into buddhahood itself.
If a wrathful image arises,
This one, in the intermediate state of dharmatā,
Within the very instant's[162]Note 162 · p. 592 · skad cig nyid ni cha lnga la: literally "in the five parts of the very instant", kept literal with Claude Fable 5.2, Gemini 4 Neon, Dharmamitra. GPT-6.2 Astra's "five moments" is a paraphrase.

[p. 593] five parts
Will be liberated, O ḍākinī.Sku gdung 'bar baQuotation (the text says: the same source: རྒྱུད་དེ་ཉིད་ལས)
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0055-vol-01-text (the text itself), 79 % of the words.

Thus it is said.

2.3.3.2.1.2 Bone relics གདུང2.3.3.2.1.2 Bone relics
Names the five bone relics, śarīraṃ, barīraṃ, churīraṃ, bserīraṃ and nyarīraṃ, as belonging to the tathāgata, vajra, jewel, lotus and karma families. It gives their colour, size and bodily origin, and distinguishes destructible relic pearls, which signal relief in emanation fields, from indestructible bone relics.

Bone relics have two parts: the brief presentation of their essence and the extensive explanation of their nature.

2.3.3.2.1.2.1 Brief presentation of their essence ངོ་བོ་མདོར་བསྟན་པ2.3.3.2.1.2.1 Brief presentation of their essence
Names the five relics—śarīraṃ, barīraṃ, churīraṃ, bserīraṃ, nyarīraṃ—as relics of the tathāgata, vajra, jewel, lotus and karma families.

As for the first, that same tantra says:

Śarīraṃ is the bone relic of the sugata.[163]Note 163 · p. 593 · bde gshegs gdung: "bone relic of the sugata", i.e. the tathāgata family. "Family" is not in the Tibetan (Claude Fable 5.2 supplies it).
Likewise, what is called barīraṃ
Is the bone relic of the vajra family (rdo rje'i rigs).
Churīraṃ is that of the jewel,
Bserīraṃ that of the lotus.[164]Note 164 · p. 593 · The fourth name is spelled bse rī raṃ on p. 593 and bsre rī raṃ on p. 594. I read bse (bserīraṃ) in both places and take bsre as a scribal slip. The pseudo-Sanskrit names are transliterated as they stand in the Tibetan (nyarīraṃ, not GPT-6.2 Astra's ñarīraṃ).
Likewise, what is called nyarīraṃ
Is the bone relic of the karma family (las kyi rigs).Sku gdung 'bar baQuotation (the text says: the same source: རྒྱུད་དེ་ཉིད་ལས)
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

Thus it is said.

2.3.3.2.1.2.2 Extensive explanation of their nature རང་བཞིན་རྒྱས་པར་བཤད་པ2.3.3.2.1.2.2 Extensive explanation of their nature
Gives the colour, size, source essence and bodily origin of each of the five relics; distinguishes minute relic pearls, destructible by the elements and signalling relief in emanation fields, from indestructible bone relics.

As for the second, there are five kinds of bone relics.[165]Note 165 · p. 593 · gdung rigs lnga: "five kinds of bone relics" (Claude Fable 5.2, Gemini 4 Neon, GPT-6.2 Astra). Dharmamitra's "five families of relics" is equally possible, since the five kinds correspond to the five families. The colour, size, cause, location and place[166]Note 166 · p. 593 · gnas, yul: yul cannot be "object" here, so I render "location and place". The verses give only one place of emergence for each relic, so how the two headings differ is unclear, and the drafts diverge (Claude Fable 5.2 "source and place", Gemini 4 Neon "site and locus", Dharmamitra "locations and realms", GPT-6.2 Astra "locations and sites of emergence"). of each are taught in that same tantra:

What is called śarīraṃ is white and limpid,
Glossy and rounded, clear in colour,
About the size of a single pea.
This is the refined essence (dangs ma) of the bones;
Through ripening it comes forth rounded.
It emerges from the head of that one endowed with skillful means (thabs).
What is called barīraṃ is blue-black,
About the size of a white mustard seed,

[p. 594] Or else about the size of a small pea.
This is the refined essence of warmth, rounded.
From the spaces between that one's ribs
It emerges, O ḍākinī.
Churīraṃ is yellow in colour,
About the size of a mustard seed, and comes from the blood.
It emerges from the top of the liver.
What is called bserīraṃ is red and limpid;
In size, too, it is about that of a mustard seed.
This is rounded from the gathering of the elements.
From the kidneys of the fortunate one
It emerges, O ḍākinī.
Nyarīraṃ is of the colour of indra,[167]Note 167 · p. 594 · indra: the Tibetan has only "indra", presumably indranīla (sapphire), given as the colour. Kept literal; Dharmamitra's "green like sapphire" adds "green".
About the size of a mustard seed, clear in colour.
From the refined essence of the cognitions,
This emerges from the top of the lungs.
All these, in their general shape, are round and compact,
And the deep clarity (gting gsal)[168]Note 168 · p. 594 · gting gsal: rendered with the glossary's "deep clarity", though here it describes the relics' translucent depth showing five colours, not the inner clarity of the ground. of them all is five-coloured.Sku gdung 'bar baQuotation (the text says: the same source: རྒྱུད་དེ་ཉིད་ལས)
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

Thus it is said.

As for relic pearls, they are the sign that the yogin of this teaching finds relief in emanation;[169]Note 169 · p. 594 · sprul par dbugs 'byin pa: "finds relief in emanation", i.e. in a natural emanation buddha-field, as the continuation of the verse on the next page confirms (sprul pa'i zhing khams su). GPT-6.2 Astra's "given assurance of attaining the nirmāṇakāya" misreads the idiom. they are destroyed by the elements, whereas bone relics are not destroyed. That same tantra says:

Moreover, resembling these,[170]Note 170 · p. 594 · The part breaks off mid-verse at "ring". The English stops after the first line of the quotation, and "relic pearls" opens the next part.

[p. 595] Relic pearls themselves are minute,[171]Note 171 · p. 595 · The first line completes the verse begun at the end of the previous part; the syllable "ring" of ring bsrel stood on p. 594.
About the size of a sesame seed or a speck of dust.
These can be destroyed by the elements.
This is for the buddha-fields of emanation.[172]Note 172 · p. 595 · 'di ni sprul pa'i zhing khams su'o has no verb. It is rendered openly as "This is for the buddha-fields of emanation", in line with Longchenpa's gloss that relic pearls are the sign of finding relief in emanation. GPT-6.2 Astra and Gemini 4 Neon supply "betoken passage" or "leads", and Dharmamitra has "pertain to".
Bone relics cannot be destroyed by anyone.
Since they are hard and solid, free from all fear,
All these attain fearless buddhahood.Sku gdung 'bar baQuotation (the text says: the same source: རྒྱུད་དེ་ཉིད་ལས)
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0055-vol-01-text (the text itself), 81 % of the words.

And the Self-Arising Awareness says:

Images, bone relics and lights as well:[173]Note 173 · p. 595 · sku is "images", as one of the series of signs (images, bone relics, lights, sounds, earthquakes). Dharmamitra's "in their bodies, bone relics, and lights" misconstrues the line.
For whoever passes into nirvāṇa,
These signs are explained to occur.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 59 % of the words.

Thus it is said.

2.3.3.2.1.3 Lights འོད2.3.3.2.1.3 Lights
Ring-shaped light indicates fruition in the first bardo, upright light instant buddhahood without bardo, and spoke-like light awakening in the last bardo.

Of lights there are three: the surrounding ring, the upright and the spoke-like.[174]Note 174 · p. 595 · rtsibs sgugs is obscure in its second syllable. It is rendered "spoke-like" after the verse's rtsibs su snang ("appears as spokes"). GPT-6.2 Astra has "curved spokes", Gemini 4 Neon "arched like spokes", Dharmamitra "radiating spokes". The Blazing Relics says:

Lights are of three kinds.
When one that has an encircling rim, a surrounding ring,
Occurs in the wake of someone,
This one, in the first intermediate state (bar do),
With certainty attains the fruition.
If it stands straight upright,
This one, without the intermediate state appearing,
Attains buddhahood in a single instant.[175]Note 175 · p. 595 · sangs rgyas sa (W22920, "the level of buddhahood") against sangs rgyas so (Adzom, "attains buddhahood"). I follow Adzom, since the line otherwise has no verb; GPT-6.2 Astra, Gemini 4 Neon and Claude Fable 5.2 follow the e-text.
If the light appears as spokes,

[p. 596] This one, in the last intermediate state,
Finds manifest awakening itself.Sku gdung 'bar baQuotation (named in the text: སྐུ་གདུང་འབར་བ་ལས)
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

Thus it is said.

2.3.3.2.1.4 Sounds སྒྲ2.3.3.2.1.4 Sounds
Sounds heard in the four directions and above indicate the vajra, jewel, lotus, karma and tathāgata families; roaring or gentle tones reflect wrathful or peaceful aspects, signifying attainment of the saṃbhogakāya.

As for the divisions of sounds, too, by way of direction and gradation of tone,[177]Note 177 · p. 596 · skad kyi rim pa is rendered "gradation of tone", meaning the range from roaring to gentle sounds. Dharmamitra's "gradual stages of tones" is too literal; GPT-6.2 Astra, Gemini 4 Neon and Claude Fable 5.2 have "quality" or "type" of sound. the Blazing Relics says:

If, at a place close by, to the east
Of the dwelling where someone has passed away,[176]Note 176 · p. 596 · gnas khang ni (W22920) against gnas khang gi (Adzom). I follow Adzom's genitive, "to the east of the dwelling"; Claude Fable 5.2's "In the dwelling…" takes ni as locating the sound inside the house.
A sound resounds loudly,
This one will be of the vajra family.
Likewise, in the southern direction too,
By the sound one is seen to be of the jewel family.
In the west, the lotus, in the same way.
In the north, one will be of the karma family.
Likewise above, the tathāgata family (de bzhin rigs).
The nature of the sounds is like this:
Roaring and crashing, peal upon peal,
Or long-continuing, gentle, slow, drawn-out sounds,
Owing to the difference between peaceful and wrathful.
If one is thus endowed with sounds,
This one attains the fruition
Of the saṃbhogakāya.Sku gdung 'bar baQuotation (named in the text: སྐུ་གདུང་འབར་བ་ལས)

2.3.3.2.1.5 Signs of the quaking of the earth ས་གཡོ་བའི་རྟགས་ཚད2.3.3.2.1.5 Signs of the quaking of the earth
An earthquake at death, or after three, six or nine days, indicates the levels of śrāvaka, pratyekabuddha, bodhisattva or vidyādhara; such persons do not yet attain buddhahood but train long on the paths.

As for the signs and measures of the quaking of the earth, that same tantra says:

For the person for whom the earth quakes:

[p. 597] If it occurs at the time of parting from the breath,
This one attains the level of a śrāvaka (nyan thos).
Likewise, if after three days
The earth quakes for that same one,
This is the level of a pratyekabuddha (rang sangs rgyas).
If it occurs after six days,
This one enters the level
Of a bodhisattva, O ḍākinī.
And if after nine days
The earth should come to quake,
This one is able to act at will
On the level of a vidyādhara (rig pa 'dzin pa).
For the fortunate one for whom the earth has quaked,
The fruition of buddhahood does not appear;
Accordingly, on the levels and paths (lam),
That one remains, training for a long time.Sku gdung 'bar baQuotation (the text says: the same source: རྒྱུད་དེ་ཉིད་ལས)
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0055-vol-01-text (the text itself), 68 % of the words.

Thus it is said.

2.3.3.2.2 Signs of birth in each of the six destinies འགྲོ་དྲུག་གི་གནས་སོ་སོར་སྐྱེ་བའི་རྟགས2.3.3.2.2 Signs of birth in each of the six destinies
Sky and weather conditions at death indicate rebirth among hell beings, hungry ghosts, animals, demigods, gods or humans, from dark storms and hail to clear skies with thin white clouds or haloed sun and moon.

The second point, the signs of being born[178]Note 178 · p. 597 · don gnyis pa is the ordinal "second point" of the outline, not the glossary's "two aims". 'gro drug is "six destinies" per the glossary, where all four drafts have "six classes of beings" (which is rigs drug). in the respective abodes of the six destinies, has six parts. That same tantra says:

At the time when someone has died,
The sky is dark maroon, a black darkness,
And likewise there are rain and rising vapour,
Wind, hail and blizzard.
The one for whom all these occur

[p. 598] Passes to the birthplace (skye gnas) of the hell beings,
With no intermediate state
For this one, O ḍākinī.
The sky is as though filled with mist,
The rays of light are yellow, and sun and moon are lifeless.[180]Note 180 · p. 598 · nyi zla shi, literally "sun and moon have died", is rendered "lifeless", meaning dimmed.
There is neither wind nor breeze;
Neither hail nor lightning nor the sun appears;[179]Note 179 · p. 598 · ser glog nyi ma mi snang: all four drafts read "yellow lightning … and the sun not visible". I take ser as ser ba ("hail") and read a list of three governed by mi snang, "neither hail nor lightning nor the sun appears". "Yellow lightning" would normally be glog ser, and this reading fits the windless, dull scene; "yellow lightning" remains possible.
And this is in the wake of rainfall, or else
The rain comes to fall at dusk on that day.
The one for whom this occurs
Is born in the birthplace
Of the hungry ghosts (yi dags), O ḍākinī.
The sky is murky and there is no wind either;
The clouds are black, with no gaps between them;
Or else mist appears,
And it is murky and cheerless.
Whoever ends the formations of life (tshe'i 'du byed)[181]Note 181 · p. 598 · tshe yi 'du byed su byas pa is literally "whoever has done the formations of life". It may be an echo or corruption of tshe'i dus byas pa ("died"). It is rendered "ends the formations of life", with Gemini 4 Neon, Dharmamitra and Claude Fable 5.2; GPT-6.2 Astra's "life forces run their course" is looser. amid these,
This one goes to the abode of animals.
Churned up by an extremely fierce wind,
The clouds are brownish-black, of terrifying form,
Greatly agitated, moving to and fro;
Thunder sounds, tongues of lightning shoot forth,
And sun and moon are unable to shine.
The one for whom it occurs like this,
This is the birthplace of the demigods (lha min).[182]Note 182 · p. 598 · The last line is completed with skye gnas so from the head of p. 599, as English word order requires; the next part should begin after "This is the birthplace of the demigods."

[p. 599] The sky is clear and limpid,
The light of sun and moon is bright,
And wind and breeze are unable to appear:
This is the birthplace of the gods (lha).
Or again, the sky is clear and limpid;
The clouds of this Sahā world,[184]Note 184 · p. 599 · mi mjed sprin: the reading is doubtful. I take mi mjed in its usual sense, the Sahā world, as GPT-6.2 Astra, Gemini 4 Neon and Claude Fable 5.2 do, so "the clouds of this Sahā world", i.e. ordinary clouds of our world. Dharmamitra's "unmoving clouds" has no support in the Tibetan. A scribal corruption is possible, but no emendation is evident. like white silk (dar dkar),
Appear extremely thin and spread out;
Or else sun and moon are ringed with a house of light.[185]Note 185 · p. 599 · 'od khyim can: I keep the glossary's "house of light", as earlier in this text. Here it means a halo around the sun and moon, which is how GPT-6.2 Astra, Gemini 4 Neon, Dharmamitra, Claude Fable 5.2 render it.
The one for whom it occurs like this,
This one obtains the birthplace of humans.Sku gdung 'bar baQuotation (the text says: the same source: རྒྱུད་དེ་ཉིད་ལས)
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0055-vol-01-text (the text itself), 51 % of the words.
[186]Note 186 · p. 599 · 'dis thob bo: I read the agentive 'dis as the person ("this one obtains"), parallel to the preceding verses on the other destinies. GPT-6.2 Astra, Gemini 4 Neon and Claude Fable 5.2 read it as "thereby". The sense is not materially affected.

Thus it is said.[187]Note 187 · p. 599 · GPT-6.2 Astra omits zhes so ("Thus it is said"); it is restored. GPT-6.2 Astra's "asuras", "devas" and "realm of rebirth" are replaced by the glossary's "demigods", "gods" and "birthplace".

3 Colophon of the ninth vajra topic མཇུག་བྱང3 Colophon of the ninth vajra topic (topical division)
Closing statement identifying the chapter as the extensive explanation of the ninth vajra topic, the stages of ascertaining the signs and measures.

From the Precious Treasury of Words and Meanings, this was the extensive explanation of the ninth vajra topic (rdo rje'i gnas), the stages of ascertaining the signs and measures.[183]Note 183 · p. 599 · The opening words skye gnas so complete the last line of the previous part ("This is the birthplace of the demigods"), already rendered there, so they are not repeated here. Gemini 4 Neon and Claude Fable 5.2 repeat "birthplace" and GPT-6.2 Astra repeats the whole phrase.

Translation notes
  • 152. [p. 589] lo ni drug khri brgya stong and sprul pa bye ba drug khri: rendered literally as "sixty thousand times a hundred thousand" years and "sixty thousand times ten million" emanations (Claude Fable 5.2, GPT-6.2 Astra, Gemini 4 Neon). Dharmamitra's "six hundred million" in both places is arithmetically wrong.
  • 153. [p. 589] ngo bo rang bzhin las: read as "from the essence and nature", the first two of the triad from which the emanations issue (Claude Fable 5.2, GPT-6.2 Astra, Gemini 4 Neon). Dharmamitra's "from the intrinsic nature of the essence" is grammatically possible but less likely beside ngo bo ka dag la in the following lines.
  • 154. [p. 590] rang shes: the glossary gives "self-knowing", but here the term is the object of 'dzud pa ("insert") into an entity one focuses on, so it is rendered "one's own cognition" (with Claude Fable 5.2). Dharmamitra has "own awareness", GPT-6.2 Astra "own consciousness", Gemini 4 Neon "own knowing".
  • 155. [p. 590] gang du 'dug pa'i sa nyid du: the unstated subject is taken to be the cognition just inserted, which the body then follows (Claude Fable 5.2, GPT-6.2 Astra, Gemini 4 Neon). Dharmamitra takes it as the place where the person abides.
  • 156. [p. 590] bsam rgyun zhen pa: read as "the stream of thought and clinging" (Claude Fable 5.2, GPT-6.2 Astra, Gemini 4 Neon). Dharmamitra's "attachment to the stream of thoughts" is also possible.
  • 157. [p. 590] gang gi skye med … rtsad nas chod pa: gang gi is read as "of whatever there is", and rtsad nas chod pa as cutting through to the root, i.e. resolving thoroughly. The drafts differ only in phrasing. The following lines (next part) play on skye med as the literal non-arising of lice, hair and nails.
  • 158. [p. 591] rigs dang bcas te 'di 'gyur ro: the line is terse. I read "this one will come to be, together with the families, in the midst of the radiance of the light of one's own body" (so Claude Fable 5.2, Gemini 4 Neon). GPT-6.2 Astra's "transformed into the form of one's buddha family" over-interprets. Whether rigs is singular (Dharmamitra) or plural is not marked in the Tibetan.
  • 159. [p. 591] nam mkha' char dang khu rlangs: rendered "In the sky, rain and mist". Gemini 4 Neon takes "sky" as a separate item in the list, which is also possible.
  • 160. [p. 592] sku is rendered "images" throughout, following the glossary (the deity images that appear on the remains), where Gemini 4 Neon, Dharmamitra, GPT-6.2 Astra have "sacred forms". zhi ba'i sku / khro bo'i sku are taken as images of peaceful and of wrathful deities.
  • 161. [p. 592] rten yul: taken as apposition to the contaminated aggregates, "the supporting object", i.e. the body that is cremated. Claude Fable 5.2's "the support and its domain" splits it into two things.
  • 162. [p. 592] skad cig nyid ni cha lnga la: literally "in the five parts of the very instant", kept literal with Claude Fable 5.2, Gemini 4 Neon, Dharmamitra. GPT-6.2 Astra's "five moments" is a paraphrase.
  • 163. [p. 593] bde gshegs gdung: "bone relic of the sugata", i.e. the tathāgata family. "Family" is not in the Tibetan (Claude Fable 5.2 supplies it).
  • 164. [p. 593] The fourth name is spelled bse rī raṃ on p. 593 and bsre rī raṃ on p. 594. I read bse (bserīraṃ) in both places and take bsre as a scribal slip. The pseudo-Sanskrit names are transliterated as they stand in the Tibetan (nyarīraṃ, not GPT-6.2 Astra's ñarīraṃ).
  • 165. [p. 593] gdung rigs lnga: "five kinds of bone relics" (Claude Fable 5.2, Gemini 4 Neon, GPT-6.2 Astra). Dharmamitra's "five families of relics" is equally possible, since the five kinds correspond to the five families.
  • 166. [p. 593] gnas, yul: yul cannot be "object" here, so I render "location and place". The verses give only one place of emergence for each relic, so how the two headings differ is unclear, and the drafts diverge (Claude Fable 5.2 "source and place", Gemini 4 Neon "site and locus", Dharmamitra "locations and realms", GPT-6.2 Astra "locations and sites of emergence").
  • 167. [p. 594] indra: the Tibetan has only "indra", presumably indranīla (sapphire), given as the colour. Kept literal; Dharmamitra's "green like sapphire" adds "green".
  • 168. [p. 594] gting gsal: rendered with the glossary's "deep clarity", though here it describes the relics' translucent depth showing five colours, not the inner clarity of the ground.
  • 169. [p. 594] sprul par dbugs 'byin pa: "finds relief in emanation", i.e. in a natural emanation buddha-field, as the continuation of the verse on the next page confirms (sprul pa'i zhing khams su). GPT-6.2 Astra's "given assurance of attaining the nirmāṇakāya" misreads the idiom.
  • 170. [p. 594] The part breaks off mid-verse at "ring". The English stops after the first line of the quotation, and "relic pearls" opens the next part.
  • 171. [p. 595] The first line completes the verse begun at the end of the previous part; the syllable "ring" of ring bsrel stood on p. 594.
  • 172. [p. 595] 'di ni sprul pa'i zhing khams su'o has no verb. It is rendered openly as "This is for the buddha-fields of emanation", in line with Longchenpa's gloss that relic pearls are the sign of finding relief in emanation. GPT-6.2 Astra and Gemini 4 Neon supply "betoken passage" or "leads", and Dharmamitra has "pertain to".
  • 173. [p. 595] sku is "images", as one of the series of signs (images, bone relics, lights, sounds, earthquakes). Dharmamitra's "in their bodies, bone relics, and lights" misconstrues the line.
  • 174. [p. 595] rtsibs sgugs is obscure in its second syllable. It is rendered "spoke-like" after the verse's rtsibs su snang ("appears as spokes"). GPT-6.2 Astra has "curved spokes", Gemini 4 Neon "arched like spokes", Dharmamitra "radiating spokes".
  • 175. [p. 595] sangs rgyas sa (W22920, "the level of buddhahood") against sangs rgyas so (Adzom, "attains buddhahood"). I follow Adzom, since the line otherwise has no verb; GPT-6.2 Astra, Gemini 4 Neon and Claude Fable 5.2 follow the e-text.
  • 176. [p. 596] gnas khang ni (W22920) against gnas khang gi (Adzom). I follow Adzom's genitive, "to the east of the dwelling"; Claude Fable 5.2's "In the dwelling…" takes ni as locating the sound inside the house.
  • 177. [p. 596] skad kyi rim pa is rendered "gradation of tone", meaning the range from roaring to gentle sounds. Dharmamitra's "gradual stages of tones" is too literal; GPT-6.2 Astra, Gemini 4 Neon and Claude Fable 5.2 have "quality" or "type" of sound.
  • 178. [p. 597] don gnyis pa is the ordinal "second point" of the outline, not the glossary's "two aims". 'gro drug is "six destinies" per the glossary, where all four drafts have "six classes of beings" (which is rigs drug).
  • 179. [p. 598] ser glog nyi ma mi snang: all four drafts read "yellow lightning … and the sun not visible". I take ser as ser ba ("hail") and read a list of three governed by mi snang, "neither hail nor lightning nor the sun appears". "Yellow lightning" would normally be glog ser, and this reading fits the windless, dull scene; "yellow lightning" remains possible.
  • 180. [p. 598] nyi zla shi, literally "sun and moon have died", is rendered "lifeless", meaning dimmed.
  • 181. [p. 598] tshe yi 'du byed su byas pa is literally "whoever has done the formations of life". It may be an echo or corruption of tshe'i dus byas pa ("died"). It is rendered "ends the formations of life", with Gemini 4 Neon, Dharmamitra and Claude Fable 5.2; GPT-6.2 Astra's "life forces run their course" is looser.
  • 182. [p. 598] The last line is completed with skye gnas so from the head of p. 599, as English word order requires; the next part should begin after "This is the birthplace of the demigods."
  • 183. [p. 599] The opening words skye gnas so complete the last line of the previous part ("This is the birthplace of the demigods"), already rendered there, so they are not repeated here. Gemini 4 Neon and Claude Fable 5.2 repeat "birthplace" and GPT-6.2 Astra repeats the whole phrase.
  • 184. [p. 599] mi mjed sprin: the reading is doubtful. I take mi mjed in its usual sense, the Sahā world, as GPT-6.2 Astra, Gemini 4 Neon and Claude Fable 5.2 do, so "the clouds of this Sahā world", i.e. ordinary clouds of our world. Dharmamitra's "unmoving clouds" has no support in the Tibetan. A scribal corruption is possible, but no emendation is evident.
  • 185. [p. 599] 'od khyim can: I keep the glossary's "house of light", as earlier in this text. Here it means a halo around the sun and moon, which is how GPT-6.2 Astra, Gemini 4 Neon, Dharmamitra, Claude Fable 5.2 render it.
  • 186. [p. 599] 'dis thob bo: I read the agentive 'dis as the person ("this one obtains"), parallel to the preceding verses on the other destinies. GPT-6.2 Astra, Gemini 4 Neon and Claude Fable 5.2 read it as "thereby". The sense is not materially affected.
  • 187. [p. 599] GPT-6.2 Astra omits zhes so ("Thus it is said"); it is restored. GPT-6.2 Astra's "asuras", "devas" and "realm of rebirth" are replaced by the glossary's "demigods", "gods" and "birthplace".
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the text announces and opens), gold the quotations, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Author's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 589]
གོང་བཞིན་ལུས་སོགས་གཏོང་བར་ནུས། །འདི་ལྟར་སུ་ལ་བྱུང་བའི་མི། །སྤྲུལ་པའི་སྐུ་ལ་འདིས་རེག་གོ །དེ་ལྟར་ལྡན་པའི་སྐྱེས་བུ་ནི། །ཕྱིས་ནི་སྤྲུལ་སྐུའི་ཞིང་ཁམས་སུ།
།བརྫུས་ནས་སྐྱེས་ཀྱི་ལུས་བླངས་ནས།
།ལོ་ནི་དྲུག་ཁྲི་བརྒྱ་སྟོང་དུ།
།སེམས་ནི་གནས་ནས་སེམས་ཅན་དོན།
།སྐྱེས་བུ་འདི་ཡིས་བྱེད་པའོ། །དེ་ནས་ངོ་བོ་རང་བཞིན་ལས།
།འཛམ་བུའི་གླིང་སོགས་གླིང་རྣམས་སུ།
།སྤྲུལ་པ་བྱེ་བ་དྲུག་ཁྲི་ཡིས།
།རང་རང་མཐུན་པའི་ལུས་བླངས་ནས།
།སེམས་ཅན་དོན་ཀུན་བྱེད་པར་ནི།
།འདི་ཡིས་འགྱུར་རོ་མཁའ་འགྲོ་མ།
།དེ་ནས་ངོ་བོ་ཀ་དག་ལ།
།ཉི་མ་ལ་ནི་ཟེར་འདུས་ལྟར།
།རང་གི་སྤྲུལ་པར་བཅས་པ་ནི།
།རང་གི་ངོ་བོར་རང་ཐིམ་ནས།
།དབྱེར་མེད་འབྱེད་པ་མེད་པར་འགྱུར།
།ཞེས་སོ། །ལྔ་པ་རིག་པའི་ཚད་ལ་གཉིས་ཏེ། རང་གདངས་ལུ་གུ་རྒྱུད་ལ་ཕྱིར་གོམས་པའི་ཚད་

One is able to give body and the rest, as above.
The person in whom it has arisen in this way,
This one has touched the nirmāṇakāya.
The person who is so endowed,
Later, in a nirmāṇakāya buddha-field,
Having taken a body of miraculous birth,
For sixty thousand times a hundred thousand years,[152]Note 152 · p. 589 · lo ni drug khri brgya stong and sprul pa bye ba drug khri: rendered literally as "sixty thousand times a hundred thousand" years and "sixty thousand times ten million" emanations (Claude Fable 5.2, GPT-6.2 Astra, Gemini 4 Neon). Dharmamitra's "six hundred million" in both places is arithmetically wrong.
With the mind abiding, the welfare of sentient beings
Is accomplished by this person.
Then, from the essence and nature,[153]Note 153 · p. 589 · ngo bo rang bzhin las: read as "from the essence and nature", the first two of the triad from which the emanations issue (Claude Fable 5.2, GPT-6.2 Astra, Gemini 4 Neon). Dharmamitra's "from the intrinsic nature of the essence" is grammatically possible but less likely beside ngo bo ka dag la in the following lines.
In Jambudvīpa and the other continents,
With sixty thousand times ten million emanations (sprul pa),
Taking bodies that accord with each,
This one will come to accomplish
All the welfare of sentient beings, O ḍākinī.
Then, into the essence, primordial purity,
Like rays gathered into the sun,
Together with one's own emanations,
One dissolves of oneself into one's own essence
And becomes indivisible, with nothing to divide.

Thus it is said.

2.3.2.2.2.2.5 Measure of awareness རིག་པའི་ཚད2.3.2.2.2.2.5 Measure of awareness
Outward familiarity with the linked chains lets cognition enter any object and makes the elements vanish. Inward familiarity with flawless primordial purity ends the growth of hair and nails. Within three months the yogin dwells in the light of the body together with the families.

Fifth, the measure of awareness has two parts: the measure of outward familiarization with the natural radiance, the linked chains (lu gu rgyud),

[p. 590]
དང༌། །རང་ངོ་ཀ་དག་སྐྱོན་མེད་ལ་ནང་དུ་གོམས་པའི་ཚད་དོ། །དང་པོ་ནི། སྐུ་གདུང་འབར་བ་ལས། རིག་པ་ལ་ནི་སུས་གོམས་པ།
།དེ་ཡི་ལུས་ལ་རྒྱ་འདིའོ།
།གང་དུ་གཏད་པའི་དངོས་པོ་ལ།
།དེར་ནི་རང་ཤེས་འཛུད་པར་ནུས།
།གང་དུ་འདུག་པའི་ས་ཉིད་དུ།
།ལུས་ཀྱང་དེ་ཡི་རྗེས་སུ་སྟེ།
།ཇི་ལྟར་རིག་པ་ཉིད་དང་མཚུངས།
།གཞན་གྱི་མ་དད་བསྒྱུར་ནུས་དང༌།
།བསམ་རྒྱུན་ཞེན་པ་རང་འགགས་དང༌།
།ནང་གི་རྟགས་དང་རྣམ་པར་ལྡན།
།མངོན་སུམ་ཉིད་དུ་སུས་རིག་པ།
།འདི་ནི་འབྱུང་བ་རང་གི་སར།
།སྐལ་དང་ལྡན་པ་འདི་དེངས་ནས།
།སྐྱེ་མེད་མཆོག་ལ་སྙེགས་པའོ།
།ཞེས་སོ། །གཉིས་པ་ནི། རྒྱུད་དེ་ཉིད་ལས། གང་གི་སྐྱེ་མེད་སུ་ཡིས་ནི།
།རྩད་ནས་ཆོད་པའི་མི་དེ་ལ།
།རྟགས་ནི་འདི་ལྟ་བུ་ཡང་འབྱུང༌།
།འདི་རྟགས་སུ་ལ་ལྡན་པ་ནི།
།ང་དང་སྐལ་བ་མཉམ་པ་ཡིན།
།ལུས་ལ་འབུ་སྲིན་ཤིག་ལ་སོགས།
།

and the measure of inward familiarization with its own face (rang ngo), flawless primordial purity.

2.3.2.2.2.2.5.1 Outward familiarization with the linked chains རང་གདངས་ལུ་གུ་རྒྱུད་ལ་ཕྱིར་གོམས་པའི་ཚད2.3.2.2.2.2.5.1 Outward familiarization with the linked chains
From the Blazing Relics: one can insert one's cognition into any object, the body follows awareness, one transforms others' lack of faith, clinging ceases, and the elements vanish as one reaches the supreme unborn.

As for the first, the Blazing Relics says:

Whoever has gained familiarity with awareness,
On the body of that one there is this seal:
Whatever entity it is directed toward,
There one is able to insert one's own cognition (rang shes).[154]Note 154 · p. 590 · rang shes: the glossary gives "self-knowing", but here the term is the object of 'dzud pa ("insert") into an entity one focuses on, so it is rendered "one's own cognition" (with Claude Fable 5.2). Dharmamitra has "own awareness", GPT-6.2 Astra "own consciousness", Gemini 4 Neon "own knowing".
To the very place where it rests,[155]Note 155 · p. 590 · gang du 'dug pa'i sa nyid du: the unstated subject is taken to be the cognition just inserted, which the body then follows (Claude Fable 5.2, GPT-6.2 Astra, Gemini 4 Neon). Dharmamitra takes it as the place where the person abides.
The body, too, follows after it,
Just the same as awareness itself.
One is able to transform the lack of faith of others,
The stream of thought and clinging cease of themselves,[156]Note 156 · p. 590 · bsam rgyun zhen pa: read as "the stream of thought and clinging" (Claude Fable 5.2, GPT-6.2 Astra, Gemini 4 Neon). Dharmamitra's "attachment to the stream of thoughts" is also possible.
And one is fully endowed with the inner signs.
Whoever knows it in direct perception (mngon sum) itself,
This fortunate one, the elements
Having vanished into their own place,
Reaches the supreme unborn (skye med).Sku gdung 'bar baQuotation (named in the text: སྐུ་གདུང་འབར་བ་ལས)
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

Thus it is said.

2.3.2.2.2.2.5.2 Inward familiarization with flawless primordial purity རང་ངོ་ཀ་དག་སྐྱོན་མེད་ལ་ནང་དུ་གོམས་པའི་ཚད2.3.2.2.2.2.5.2 Inward familiarization with flawless primordial purity
One who has cut through to the unborn ceases to host parasites and to grow hair and nails; within three months the elements vanish and one dwells within the light of one's own body together with the families.

As for the second, that same tantra says:

The person, whoever it may be, who has cut through
To the very root of the unborn in whatever there is:[157]Note 157 · p. 590 · gang gi skye med … rtsad nas chod pa: gang gi is read as "of whatever there is", and rtsad nas chod pa as cutting through to the root, i.e. resolving thoroughly. The drafts differ only in phrasing. The following lines (next part) play on skye med as the literal non-arising of lice, hair and nails.
For that one signs such as these will also arise.
Whoever is endowed with these signs
Is equal in fortune to me.
On the body, insects, worms, lice and the like,

[p. 591]
འདི་ཀུན་སྐྱེ་བ་རྒྱུན་ཆད་དང༌།
།གང་གི་སྐྲ་དང་སེན་མོ་དང༌།
།འདི་ཀུན་མི་སྐྱེ་རྒྱུན་ཟད་ན།
།འདི་ནི་སྐྱེ་བ་མེད་པ་སྟེ།
།འདི་ལྟར་རྟགས་དང་ལྡན་པ་ནི།
།ཟླ་བ་དག་ནི་གསུམ་ན་ཡང༌།
།འདི་ནི་འབྱུང་བ་རང་དེངས་སུ།
།ཟག་བཅས་ཕུང་པོ་མི་སྣང་བར།
།རང་ལུས་འོད་ཀྱི་གདངས་དཀྱིལ་དུ།
།རིགས་དང་བཅས་ཏེ་འདི་འགྱུར་རོ།
།ཞེས་སོ། །དོན་གསུམ་པ་ཕྱིས་ཀྱི་རྟགས་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། སྐལ་ལྡན་གྲོལ་བའི་རྟགས་དང༌། སྐལ་མེད་འཁྲུལ་པའི་རྟགས་ཏེ། སྐུ་གདུང་འབར་བ་ལས། གང་དག་མྱ་ངན་ལས་འདས་ན།
།དེ་ལ་སྐུ་དང་གདུང་དང་ནི།
།དེ་བཞིན་འོད་དང་སྒྲ་ཉིད་དང༌།
།ས་ནི་གཡོ་བར་འགྱུར་བའོ།
།ནམ་མཁའ་ཆར་དང་ཁུ་རླངས་དང༌།
།འདི་ལྟར་རྟགས་ནི་ཕྱིས་ནས་འབྱུང༌།
།ཞེས་སོ། །གཉིས་པ་ལ་གཉིས་ཏེ།

All these cease to be born, their continuity cut,
And when that one's hair and nails,
All these, no longer grow, their continuity exhausted,
This is the unborn.
One who is endowed with signs such as these,
Within just three months,
The elements vanishing of themselves
And the contaminated aggregates no longer appearing,
In the midst of the radiance (gdangs) of the light of one's own body
Will come to be together with the families.Sku gdung 'bar baQuotation (the text says: the same source: རྒྱུད་དེ་ཉིད་ལས)
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.
[158]Note 158 · p. 591 · rigs dang bcas te 'di 'gyur ro: the line is terse. I read "this one will come to be, together with the families, in the midst of the radiance of the light of one's own body" (so Claude Fable 5.2, Gemini 4 Neon). GPT-6.2 Astra's "transformed into the form of one's buddha family" over-interprets. Whether rigs is singular (Dharmamitra) or plural is not marked in the Tibetan.

Thus it is said.

2.3.3 The later signs ཕྱིས་ཀྱི་རྟགས2.3.3 The later signs
Describes signs after death. Images, bone relics, light, sound, earthquakes, and rain and mist in the sky indicate the yogin's liberation and its timing. Sky and weather at death indicate rebirth in each of the six destinies.

The third topic, the later signs (phyis kyi rtags), has two parts: the brief presentation and the extensive explanation.

2.3.3.1 Brief presentation མདོར་བསྟན་པ2.3.3.1 Brief presentation
Signs of liberation of the fortunate and of delusion of the unfortunate; the Blazing Relics lists images, bone relics, light, sound, earthquakes, and rain and mist in the sky.

As for the first, there are the signs of the liberation of the fortunate and the signs of the delusion of the unfortunate. The Blazing Relics says:

When anyone passes into nirvāṇa,
For that one there are images and bone relics,
Likewise light and sound itself,
And the earth will quake.
In the sky, rain and mist:[159]Note 159 · p. 591 · nam mkha' char dang khu rlangs: rendered "In the sky, rain and mist". Gemini 4 Neon takes "sky" as a separate item in the list, which is also possible.
Signs such as these arise afterwards.Sku gdung 'bar baQuotation (named in the text: སྐུ་གདུང་འབར་བ་ལས)
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0055-vol-01-text (the text itself), 78 % of the words.

Thus it is said.

2.3.3.2 Extensive explanation རྒྱས་པར་བཤད་པ2.3.3.2 Extensive explanation
Explains the five posthumous signs of liberation: images, the five families' bone relics, lights, sounds and earthquakes. Each indicates the timing or level of attainment. It then correlates weather and sky conditions at death with rebirth among hell beings, hungry ghosts, animals, demigods, gods or humans.

The second has two parts:

[p. 592]
རྣལ་འབྱོར་པ་གྲོལ་ཚད་ངེས་པའི་རྟགས་དང༌། འགྲོ་དྲུག་སོ་སོར་སྐྱེ་བའི་རྟགས་སོ། །དང་པོ་ལ་ལྔ་སྟེ། སྐུ། གདུང༌། འོད། སྒྲ། ས་གཡོ་བའི་རྟགས་ཚད་བསྟན་པའོ། །དང་པོ་སྐུ་ལ་གཉིས་ཏེ། རྒྱུད་དེ་ཉིད་ལས། རིགས་ལྡན་མྱ་ངན་འདས་པ་ལ།
།དེ་ཡི་ལྷག་མ་ཟག་བཅས་ཀྱི།
།ཕུང་པོ་རྟེན་ཡུལ་བསྲེགས་སྦྱངས་པས།
།དེ་ལ་སྐུ་ནི་རྣམ་གཉིས་ཏེ།
།ཞི་བའི་སྐུ་དང་ཁྲོ་བོའི་སྐུ།
།རྣམ་པ་གཉིས་ཀྱི་གཟུགས་སུ་ཡང༌།
།སུ་ཞིག་རྣལ་འབྱོར་ལྡན་པ་ལ།
།འདི་གཉིས་གཟུགས་ཀྱི་རྣམ་པ་ཡང༌།
།གལ་ཏེ་གཉིས་ཀ་བྱུང་བ་ན།
།འདི་ནི་བར་དོ་མེད་པར་ཡང༌།
།ངོ་བོ་ཀ་དག་ཆེན་པོ་ཡི།
།གདེང་དང་ལྡན་པར་འདི་འགྱུར་རོ།
།ཞི་བའི་སྐུ་ཡི་རྟགས་བྱུང་ན།
།ཞག་ནི་ལྔ་ཡིས་བདེན་མཐོང་སྟེ།
།དེ་ཡང་སངས་རྒྱས་ཉིད་དུ་ཐིམ།
།གལ་ཏེ་ཁྲོ་བོའི་སྐུ་བྱུང་ན།
།འདི་ནི་ཆོས་ཉིད་བར་དོ་ཡི།
།སྐད་ཅིག་ཉིད་ནི་

the signs that ascertain the measure of the yogin's liberation, and the signs of birth in each of the six destinies.

2.3.3.2.1 Signs ascertaining the measure of the yogin's liberation རྣལ་འབྱོར་པ་གྲོལ་ཚད་ངེས་པའི་རྟགས2.3.3.2.1 Signs ascertaining the measure of the yogin's liberation
Details five posthumous signs. Peaceful and wrathful images, ring-shaped, upright or spoke-like lights, and sounds from the directions indicate the timing of liberation, the family involved or attainment of the saṃbhogakāya. Five coloured bone relics correspond to the five families. Earthquakes indicate levels from śrāvaka to vidyādhara short of buddhahood.

The first has five parts: the teaching of the signs and measures of images, bone relics, light, sound and the quaking of the earth.

2.3.3.2.1.1 Images སྐུ2.3.3.2.1.1 Images
Peaceful and wrathful images appear from the cremation; both together mean liberation without bardo in primordial purity, peaceful ones liberation in five days, wrathful ones liberation in the bardo of dharmatā.

First, images are of two kinds.[160]Note 160 · p. 592 · sku is rendered "images" throughout, following the glossary (the deity images that appear on the remains), where Gemini 4 Neon, Dharmamitra, GPT-6.2 Astra have "sacred forms". zhi ba'i sku / khro bo'i sku are taken as images of peaceful and of wrathful deities. That same tantra says:

When one endowed with the family has passed into nirvāṇa,
And what remains of that one, the contaminated
Aggregates, the supporting object,[161]Note 161 · p. 592 · rten yul: taken as apposition to the contaminated aggregates, "the supporting object", i.e. the body that is cremated. Claude Fable 5.2's "the support and its domain" splits it into two things. has been burned and purified,
The images there are of two kinds:
Images of the peaceful and images of the wrathful deities (khro bo).
And in the forms of these two kinds,
For whoever is endowed with yoga,
If the aspects of the forms of these two,
Both of them, should arise,
This one, without any intermediate state (bar do) at all,
Will come to possess the confidence
Of the essence, great primordial purity (ka dag chen po).
If the sign of a peaceful image arises,
In five days this one sees the truth,
And that, too, dissolves into buddhahood itself.
If a wrathful image arises,
This one, in the intermediate state of dharmatā,
Within the very instant's[162]Note 162 · p. 592 · skad cig nyid ni cha lnga la: literally "in the five parts of the very instant", kept literal with Claude Fable 5.2, Gemini 4 Neon, Dharmamitra. GPT-6.2 Astra's "five moments" is a paraphrase.

[p. 593]
ཆ་ལྔ་ལ།
།གྲོལ་བར་འགྱུར་རོ་མཁའ་འགྲོ་མ།
།ཞེས་སོ། །གདུང་ལ་ངོ་བོ་མདོར་བསྟན་པ་དང༌། རང་བཞིན་རྒྱས་པར་བཤད་པ་གཉིས་ལས། །དང་པོ་ནི། རྒྱུད་དེ་ཉིད་ལས། ཤ་རཱི་རཾ་ནི་བདེ་གཤེགས་གདུང༌།
།དེ་བཞིན་བ་རཱི་རཾ་ཞེས་ནི།
།རྡོ་རྗེའི་རིགས་ཀྱི་གདུང་ཡིན་ནོ།
།ཆུ་རཱི་རཾ་ནི་རིན་པོ་ཆེ།
།བསེ་རཱི་རཾ་ནི་པད་མའོ།
།དེ་བཞིན་ཉ་རཱི་རཾ་ཞེས་བྱ།
།ལས་ཀྱི་རིགས་ཀྱི་གདུང་ཡིན་ནོ།
།ཞེས་སོ། །གཉིས་པ་ལ་གདུང་རིགས་ལྔ་སྟེ། སོ་སོའི་ཁ་དོག ཚད། རྒྱུ། གནས། ཡུལ་རྣམས་བསྟན་པ་ནི། །རྒྱུད་དེ་ཉིད་ལས། ཤ་རཱི་རཾ་ཞེས་དཀར་ལ་དངས།
།སྣུམ་ལ་འདྲིལ་ཏེ་ཁ་དོག་གསལ།
།སྲན་མ་ཡི་ནི་རྡོག་འབྲུ་ཙམ།
།འདི་ནི་རུས་པའི་དངས་མ་སྟེ།
།སྨིན་པས་འདྲིལ་བར་འབྱུང་བ་ཡིན།
།ཐབས་ལྡན་དེ་ཡི་མགོ་ལས་འབྱུང༌།
།བ་རཱི་རཾ་ཞེས་སྔོ་ནག་ལ།
།ཡུངས་ཀར་གྱི་ནི་འབྲུ་ཙམ་མམ།
།

five parts
Will be liberated, O ḍākinī.Sku gdung 'bar baQuotation (the text says: the same source: རྒྱུད་དེ་ཉིད་ལས)
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0055-vol-01-text (the text itself), 79 % of the words.

Thus it is said.

2.3.3.2.1.2 Bone relics གདུང2.3.3.2.1.2 Bone relics
Names the five bone relics, śarīraṃ, barīraṃ, churīraṃ, bserīraṃ and nyarīraṃ, as belonging to the tathāgata, vajra, jewel, lotus and karma families. It gives their colour, size and bodily origin, and distinguishes destructible relic pearls, which signal relief in emanation fields, from indestructible bone relics.

Bone relics have two parts: the brief presentation of their essence and the extensive explanation of their nature.

2.3.3.2.1.2.1 Brief presentation of their essence ངོ་བོ་མདོར་བསྟན་པ2.3.3.2.1.2.1 Brief presentation of their essence
Names the five relics—śarīraṃ, barīraṃ, churīraṃ, bserīraṃ, nyarīraṃ—as relics of the tathāgata, vajra, jewel, lotus and karma families.

As for the first, that same tantra says:

Śarīraṃ is the bone relic of the sugata.[163]Note 163 · p. 593 · bde gshegs gdung: "bone relic of the sugata", i.e. the tathāgata family. "Family" is not in the Tibetan (Claude Fable 5.2 supplies it).
Likewise, what is called barīraṃ
Is the bone relic of the vajra family (rdo rje'i rigs).
Churīraṃ is that of the jewel,
Bserīraṃ that of the lotus.[164]Note 164 · p. 593 · The fourth name is spelled bse rī raṃ on p. 593 and bsre rī raṃ on p. 594. I read bse (bserīraṃ) in both places and take bsre as a scribal slip. The pseudo-Sanskrit names are transliterated as they stand in the Tibetan (nyarīraṃ, not GPT-6.2 Astra's ñarīraṃ).
Likewise, what is called nyarīraṃ
Is the bone relic of the karma family (las kyi rigs).Sku gdung 'bar baQuotation (the text says: the same source: རྒྱུད་དེ་ཉིད་ལས)
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

Thus it is said.

2.3.3.2.1.2.2 Extensive explanation of their nature རང་བཞིན་རྒྱས་པར་བཤད་པ2.3.3.2.1.2.2 Extensive explanation of their nature
Gives the colour, size, source essence and bodily origin of each of the five relics; distinguishes minute relic pearls, destructible by the elements and signalling relief in emanation fields, from indestructible bone relics.

As for the second, there are five kinds of bone relics.[165]Note 165 · p. 593 · gdung rigs lnga: "five kinds of bone relics" (Claude Fable 5.2, Gemini 4 Neon, GPT-6.2 Astra). Dharmamitra's "five families of relics" is equally possible, since the five kinds correspond to the five families. The colour, size, cause, location and place[166]Note 166 · p. 593 · gnas, yul: yul cannot be "object" here, so I render "location and place". The verses give only one place of emergence for each relic, so how the two headings differ is unclear, and the drafts diverge (Claude Fable 5.2 "source and place", Gemini 4 Neon "site and locus", Dharmamitra "locations and realms", GPT-6.2 Astra "locations and sites of emergence"). of each are taught in that same tantra:

What is called śarīraṃ is white and limpid,
Glossy and rounded, clear in colour,
About the size of a single pea.
This is the refined essence (dangs ma) of the bones;
Through ripening it comes forth rounded.
It emerges from the head of that one endowed with skillful means (thabs).
What is called barīraṃ is blue-black,
About the size of a white mustard seed,

[p. 594]
ཡང་ན་སྲན་ཆུང་འབྲུ་ཙམ་མོ།
།འདི་ནི་དྲོད་ཀྱི་དངས་མ་འདྲིལ།
།དེ་ཡི་རྩིབ་མའི་གོ་མཚམས་ནས།
།འབྱུང་བ་ཡིན་ནོ་མཁའ་འགྲོ་མ།
།ཆུ་རཱི་རཾ་ནི་ཁ་དོག་སེར།
།ཡུངས་འབྲུ་ཙམ་ནི་ཁྲག་ལས་སོ།
།དེ་ནི་མཆིན་པའི་སྟེང་ནས་འབྱུང༌།
།བསྲེ་རཱི་རཾ་ཞེས་དམར་ལ་དངས།
།ཆེ་ཆུང་ཚད་ཀྱང་ཡུངས་འབྲུ་ཙམ།
།འདི་ནི་འབྱུང་བ་འདུས་ལས་འདྲིལ།
།སྐལ་དང་ལྡན་པའི་མཁལ་མ་ལས །འབྱུང་བ་ཡིན་ནོ་མཁའ་འགྲོ་མ།
།ཉ་རཱི་རཾ་ནི་ཨིནྡྲ་སྟེ།
།ཡུངས་འབྲུ་ཙམ་ལ་ཁ་དོག་གསལ།
།ཤེས་པ་རྣམས་ཀྱི་དངས་མ་ལས།
།འདི་ནི་གློ་བའི་སྟེང་ནས་འབྱུང༌།
།འདི་ཀུན་སྤྱི་དབྱིབས་ཟླུམ་ལ་འདྲིལ༌།
།ཀུན་གྱི་གཏིང་གསལ་ཁ་དོག་ལྔ།
།ཞེས་སོ། །རིང་བསྲེལ་ནི་འདིའི་རྣལ་འབྱོར་པ་སྤྲུལ་པར་དབུགས་འབྱིན་པའི་རྟགས་ཏེ་འབྱུང་བས་འཇིག་ལ། གདུང་མི་འཇིག་སྟེ། རྒྱུད་དེ་ཉིད་ལས། འདི་དང་ཡང་ནི་འདྲ་བ་ཡི།
།རིང་

Or else about the size of a small pea.
This is the refined essence of warmth, rounded.
From the spaces between that one's ribs
It emerges, O ḍākinī.
Churīraṃ is yellow in colour,
About the size of a mustard seed, and comes from the blood.
It emerges from the top of the liver.
What is called bserīraṃ is red and limpid;
In size, too, it is about that of a mustard seed.
This is rounded from the gathering of the elements.
From the kidneys of the fortunate one
It emerges, O ḍākinī.
Nyarīraṃ is of the colour of indra,[167]Note 167 · p. 594 · indra: the Tibetan has only "indra", presumably indranīla (sapphire), given as the colour. Kept literal; Dharmamitra's "green like sapphire" adds "green".
About the size of a mustard seed, clear in colour.
From the refined essence of the cognitions,
This emerges from the top of the lungs.
All these, in their general shape, are round and compact,
And the deep clarity (gting gsal)[168]Note 168 · p. 594 · gting gsal: rendered with the glossary's "deep clarity", though here it describes the relics' translucent depth showing five colours, not the inner clarity of the ground. of them all is five-coloured.Sku gdung 'bar baQuotation (the text says: the same source: རྒྱུད་དེ་ཉིད་ལས)
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

Thus it is said.

As for relic pearls, they are the sign that the yogin of this teaching finds relief in emanation;[169]Note 169 · p. 594 · sprul par dbugs 'byin pa: "finds relief in emanation", i.e. in a natural emanation buddha-field, as the continuation of the verse on the next page confirms (sprul pa'i zhing khams su). GPT-6.2 Astra's "given assurance of attaining the nirmāṇakāya" misreads the idiom. they are destroyed by the elements, whereas bone relics are not destroyed. That same tantra says:

Moreover, resembling these,[170]Note 170 · p. 594 · The part breaks off mid-verse at "ring". The English stops after the first line of the quotation, and "relic pearls" opens the next part.

[p. 595]
བསྲེལ་ཉིད་ནི་ཕྲ་མོ་སྟེ།
།ཏིལ་གྱི་འབྲུ་དང་རྡུལ་ཆ་ཙམ།
།འདི་ནི་འབྱུང་བས་བཤིག་པར་ནུས།
།འདི་ནི་སྤྲུལ་པའི་ཞིང་ཁམས་སུའོ།
།གདུང་ནི་སུས་ཀྱང་འཇིག་མི་ནུས།
།སྲ་མཁྲེགས་འཇིགས་པ་ཀུན་བྲལ་བས།
།འདི་ཀུན་འཇིགས་མེད་སངས་རྒྱས་ཐོབ།
།ཅེས་པ་དང༌། རང་ཤར་ལས། སྐུ་དང་གདུང་དང་འོད་རྣམས་ཀྱང༌།
།མྱ་ངན་འདའ་བ་གང་ཡོད་པ།
།དེ་ལ་རྟགས་རྣམས་འབྱུང་བར་བཤད།
།ཅེས་སོ། །འོད་ལ་འཁོར་ཡུག་དང༌། །གྱེན་འགྲེང་དང༌། །རྩིབས་སྒུགས་གསུམ་སྟེ། སྐུ་གདུང་འབར་བ་ལས། འོད་ལ་རྣམ་པ་གསུམ་ཡིན་ཏེ།
།མུ་ཁྱུད་འཁོར་ཡུག་བཅས་པར་ནི།
།གང་གི་ཤུལ་ལ་བྱུང་བ་ནི།
།འདི་ནི་བར་དོ་དང་པོ་ལ།
།ངེས་པ་ཡིན་ནོ་འབྲས་བུ་ཐོབ།
།གལ་ཏེ་གྱེན་ལ་འགྲེང་བ་ན།
།འདིས་ནི་བར་དོ་མི་སྣང་བར།
།སྐད་ཅིག་ལ་ནི་སངས་རྒྱས་ས།
།འོད་ནི་རྩིབས་སུ་

Relic pearls themselves are minute,[171]Note 171 · p. 595 · The first line completes the verse begun at the end of the previous part; the syllable "ring" of ring bsrel stood on p. 594.
About the size of a sesame seed or a speck of dust.
These can be destroyed by the elements.
This is for the buddha-fields of emanation.[172]Note 172 · p. 595 · 'di ni sprul pa'i zhing khams su'o has no verb. It is rendered openly as "This is for the buddha-fields of emanation", in line with Longchenpa's gloss that relic pearls are the sign of finding relief in emanation. GPT-6.2 Astra and Gemini 4 Neon supply "betoken passage" or "leads", and Dharmamitra has "pertain to".
Bone relics cannot be destroyed by anyone.
Since they are hard and solid, free from all fear,
All these attain fearless buddhahood.Sku gdung 'bar baQuotation (the text says: the same source: རྒྱུད་དེ་ཉིད་ལས)
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0055-vol-01-text (the text itself), 81 % of the words.

And the Self-Arising Awareness says:

Images, bone relics and lights as well:[173]Note 173 · p. 595 · sku is "images", as one of the series of signs (images, bone relics, lights, sounds, earthquakes). Dharmamitra's "in their bodies, bone relics, and lights" misconstrues the line.
For whoever passes into nirvāṇa,
These signs are explained to occur.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 59 % of the words.

Thus it is said.

2.3.3.2.1.3 Lights འོད2.3.3.2.1.3 Lights
Ring-shaped light indicates fruition in the first bardo, upright light instant buddhahood without bardo, and spoke-like light awakening in the last bardo.

Of lights there are three: the surrounding ring, the upright and the spoke-like.[174]Note 174 · p. 595 · rtsibs sgugs is obscure in its second syllable. It is rendered "spoke-like" after the verse's rtsibs su snang ("appears as spokes"). GPT-6.2 Astra has "curved spokes", Gemini 4 Neon "arched like spokes", Dharmamitra "radiating spokes". The Blazing Relics says:

Lights are of three kinds.
When one that has an encircling rim, a surrounding ring,
Occurs in the wake of someone,
This one, in the first intermediate state (bar do),
With certainty attains the fruition.
If it stands straight upright,
This one, without the intermediate state appearing,
Attains buddhahood in a single instant.[175]Note 175 · p. 595 · sangs rgyas sa (W22920, "the level of buddhahood") against sangs rgyas so (Adzom, "attains buddhahood"). I follow Adzom, since the line otherwise has no verb; GPT-6.2 Astra, Gemini 4 Neon and Claude Fable 5.2 follow the e-text.
If the light appears as spokes,

[p. 596]
སྣང་གྱུར་ན།
།འདི་ནི་བར་དོ་ཐ་མ་ལ།
།མངོན་པར་བྱང་ཆུབ་ཉིད་བརྙེས་སོ།
།ཞེས་སོ། །སྒྲ་ལའང་ཕྱོགས་དང་སྐད་ཀྱི་རིམ་པས་དབྱེ་བ་ནི། སྐུ་གདུང་འབར་བ་ལས། །གང་དུ་འདས་པའི་གནས་ཁང་ནི།
།ཤར་གྱི་ཕྱོགས་སུ་ཉེ་བའི་སར།
།སྒྲ་ནི་རབ་ཏུ་གྲག་པ་ན།
།འདི་ནི་རྡོ་རྗེའི་རིགས་སུ་འགྱུར།
།དེ་བཞིན་ལྷོ་ཡི་ཕྱོགས་སུ་ཡང༌།
།སྒྲས་ནི་རིན་ཆེན་རིགས་སུ་སྣང༌།
།ནུབ་ཏུ་པད་མ་དེ་བཞིན་ནོ།
།བྱང་དུ་ལས་ཀྱི་རིགས་སུ་འགྱུར།
།དེ་བཞིན་སྟེང་དུ་དེ་བཞིན་རིགས།
།སྒྲ་ཡི་རང་བཞིན་འདི་ལྟ་བུ།
།འུར་ཞིང་ཐུག་པ་བརྩེགས་མ་དང༌།
།རྒྱུན་རིང་འཇམ་དལ་རིང་བའི་སྒྲ།
།ཞི་དང་ཁྲོ་བོའི་ཁྱད་ཀྱིས་སོ།
།དེ་ལྟར་སྒྲ་དང་ལྡན་གྱུར་ན།
།འདིས་ནི་ལོངས་སྤྱོད་རྫོགས་པ་ཡི།
།སྐུ་ཡི་འབྲས་བུ་ཐོབ་པའོ།
།ཞེས་སོ། །ས་གཡོ་བའི་རྟགས་ཚད་ནི། །རྒྱུད་དེ་ཉིད་ལས། ས་ནི་གཡོ་བའི་སྐྱེས་བུ་དེའི།
།དབུགས་

This one, in the last intermediate state,
Finds manifest awakening itself.Sku gdung 'bar baQuotation (named in the text: སྐུ་གདུང་འབར་བ་ལས)
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

Thus it is said.

2.3.3.2.1.4 Sounds སྒྲ2.3.3.2.1.4 Sounds
Sounds heard in the four directions and above indicate the vajra, jewel, lotus, karma and tathāgata families; roaring or gentle tones reflect wrathful or peaceful aspects, signifying attainment of the saṃbhogakāya.

As for the divisions of sounds, too, by way of direction and gradation of tone,[177]Note 177 · p. 596 · skad kyi rim pa is rendered "gradation of tone", meaning the range from roaring to gentle sounds. Dharmamitra's "gradual stages of tones" is too literal; GPT-6.2 Astra, Gemini 4 Neon and Claude Fable 5.2 have "quality" or "type" of sound. the Blazing Relics says:

If, at a place close by, to the east
Of the dwelling where someone has passed away,[176]Note 176 · p. 596 · gnas khang ni (W22920) against gnas khang gi (Adzom). I follow Adzom's genitive, "to the east of the dwelling"; Claude Fable 5.2's "In the dwelling…" takes ni as locating the sound inside the house.
A sound resounds loudly,
This one will be of the vajra family.
Likewise, in the southern direction too,
By the sound one is seen to be of the jewel family.
In the west, the lotus, in the same way.
In the north, one will be of the karma family.
Likewise above, the tathāgata family (de bzhin rigs).
The nature of the sounds is like this:
Roaring and crashing, peal upon peal,
Or long-continuing, gentle, slow, drawn-out sounds,
Owing to the difference between peaceful and wrathful.
If one is thus endowed with sounds,
This one attains the fruition
Of the saṃbhogakāya.Sku gdung 'bar baQuotation (named in the text: སྐུ་གདུང་འབར་བ་ལས)
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

Thus it is said.

2.3.3.2.1.5 Signs of the quaking of the earth ས་གཡོ་བའི་རྟགས་ཚད2.3.3.2.1.5 Signs of the quaking of the earth
An earthquake at death, or after three, six or nine days, indicates the levels of śrāvaka, pratyekabuddha, bodhisattva or vidyādhara; such persons do not yet attain buddhahood but train long on the paths.

As for the signs and measures of the quaking of the earth, that same tantra says:

For the person for whom the earth quakes:

[p. 597]
དང་བྲལ་བའི་ཚེ་བྱུང་ན།
།འདི་ནི་ཉན་ཐོས་ས་ཐོབ་བོ།
།དེ་བཞིན་ཞག་ནི་གསུམ་ན་ཡང༌།
།དེ་ཉིད་ས་ནི་གཡོས་གྱུར་ན།
།འདི་ནི་རང་སངས་རྒྱས་ཀྱི་ས།
།ཞག་ནི་དྲུག་ན་བྱུང་བ་ན།
།འདི་ནི་བྱང་ཆུབ་སེམས་དཔའ་ཡི།
།ས་ལ་འཇུག་གོ་མཁའ་འགྲོ་མ།
།གལ་ཏེ་ཞག་ནི་དགུ་ན་ཡང༌།
།ས་ནི་གཡོས་པར་གྱུར་པ་ན།
།འདི་ནི་རིག་པ་འཛིན་པ་ཡི།
།ས་ལ་ཅི་དགར་སྤྱོད་པར་ནུས།
།ས་ནི་གཡོས་པའི་སྐལ་ལྡན་ལ།
།སངས་རྒྱས་འབྲས་བུ་མི་སྣང་སྟེ།
།དེ་བཞིན་ས་དང་ལམ་རྣམས་ལ།
།ཡུན་དུ་སྦྱོང་ཞིང་གནས་པའོ།
།ཞེས་སོ། །དོན་གཉིས་པ་འགྲོ་དྲུག་གི་གནས་སོ་སོར་སྐྱེ་བའི་རྟགས་ལ་དྲུག་སྟེ། རྒྱུད་དེ་ཉིད་ལས། གང་ཞིག་ཤི་བ་དེ་ཚེ་ན།
།ནམ་མཁའ་སྨུག་ནག་མུན་པ་ནག །དེ་བཞིན་ཆར་དང་ཁུ་རླངས་དང༌།
།རླུང་དང་སེར་བ་བུ་ཡུག་སྟེ།
།འདི་ཀུན་སུ་ལ་བྱུང་བ་དེ།
།སེམས་ཅན་དམྱལ་

If it occurs at the time of parting from the breath,
This one attains the level of a śrāvaka (nyan thos).
Likewise, if after three days
The earth quakes for that same one,
This is the level of a pratyekabuddha (rang sangs rgyas).
If it occurs after six days,
This one enters the level
Of a bodhisattva, O ḍākinī.
And if after nine days
The earth should come to quake,
This one is able to act at will
On the level of a vidyādhara (rig pa 'dzin pa).
For the fortunate one for whom the earth has quaked,
The fruition of buddhahood does not appear;
Accordingly, on the levels and paths (lam),
That one remains, training for a long time.Sku gdung 'bar baQuotation (the text says: the same source: རྒྱུད་དེ་ཉིད་ལས)
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0055-vol-01-text (the text itself), 68 % of the words.

Thus it is said.

2.3.3.2.2 Signs of birth in each of the six destinies འགྲོ་དྲུག་གི་གནས་སོ་སོར་སྐྱེ་བའི་རྟགས2.3.3.2.2 Signs of birth in each of the six destinies
Sky and weather conditions at death indicate rebirth among hell beings, hungry ghosts, animals, demigods, gods or humans, from dark storms and hail to clear skies with thin white clouds or haloed sun and moon.

The second point, the signs of being born[178]Note 178 · p. 597 · don gnyis pa is the ordinal "second point" of the outline, not the glossary's "two aims". 'gro drug is "six destinies" per the glossary, where all four drafts have "six classes of beings" (which is rigs drug). in the respective abodes of the six destinies, has six parts. That same tantra says:

At the time when someone has died,
The sky is dark maroon, a black darkness,
And likewise there are rain and rising vapour,
Wind, hail and blizzard.
The one for whom all these occur

[p. 598]
བའི་སྐྱེ་གནས་སུ།
།འདི་ལ་བར་མ་དོ་མེད་པར།
།འགྱུར་བ་ཡིན་ནོ་མཁའ་འགྲོ་མ།
།ནམ་མཁའ་ན་བུན་ལྟ་བུ་ལ།
།འོད་ཟེར་སེར་ལ་ཉི་ཟླ་ཤི།
།རླུང་དང་སེར་བུ་མེད་པ་ལ།
།སེར་གློག་ཉི་མ་མི་སྣང་དང༌།
།ཆར་བབ་ཤུལ་ལམ་ཡང་ན་ནི།
།འདི་ཡི་སྲོད་ལ་བབ་པར་གྱུར།
།འདི་ཉིད་སུ་ལ་བྱུང་བ་སྟེ།
།ཡི་དགས་ཀྱི་ནི་སྐྱེ་གནས་སུ།
།སྐྱེ་བ་ཡིན་ནོ་མཁའ་འགྲོ་མ།
།ནམ་མཁའ་རྨུགས་ཤིང་རླུང་ཡང་མེད།
།སྤྲིན་ནི་གནག་ལ་གོ་མཚམས་མེད།
།ཡང་ན་ན་བུན་སྣང་བ་དང༌།
།རྨུགས་ཤིང་ཉམས་མི་དགའ་བ་ལ།
།ཚེ་ཡི་འདུ་བྱེད་སུ་བྱས་པ།
།འདི་ནི་བྱོལ་སོང་གནས་སུའོ།
།ཤིན་ཏུ་དྲག་པོའི་རླུང་གིས་འཁྲུགས།
།སྤྲིན་ནི་ཁམ་ནག་འཇིགས་པའི་གཟུགས།
།རབ་ཏུ་འཁྲུགས་ཤིང་འགྲོ་འོང་བཅས།
།འབྲུག་དང་གློག་གི་ལྕེ་འབྱིན་དང༌།
།ཉི་མ་ཟླ་བ་སྣང་མི་ནུས།
།འདི་ལྟར་སུ་ལ་བྱུང་བ་སྟེ།
།འདི་ནི་ལྷ་མིན་

Passes to the birthplace (skye gnas) of the hell beings,
With no intermediate state
For this one, O ḍākinī.
The sky is as though filled with mist,
The rays of light are yellow, and sun and moon are lifeless.[180]Note 180 · p. 598 · nyi zla shi, literally "sun and moon have died", is rendered "lifeless", meaning dimmed.
There is neither wind nor breeze;
Neither hail nor lightning nor the sun appears;[179]Note 179 · p. 598 · ser glog nyi ma mi snang: all four drafts read "yellow lightning … and the sun not visible". I take ser as ser ba ("hail") and read a list of three governed by mi snang, "neither hail nor lightning nor the sun appears". "Yellow lightning" would normally be glog ser, and this reading fits the windless, dull scene; "yellow lightning" remains possible.
And this is in the wake of rainfall, or else
The rain comes to fall at dusk on that day.
The one for whom this occurs
Is born in the birthplace
Of the hungry ghosts (yi dags), O ḍākinī.
The sky is murky and there is no wind either;
The clouds are black, with no gaps between them;
Or else mist appears,
And it is murky and cheerless.
Whoever ends the formations of life (tshe'i 'du byed)[181]Note 181 · p. 598 · tshe yi 'du byed su byas pa is literally "whoever has done the formations of life". It may be an echo or corruption of tshe'i dus byas pa ("died"). It is rendered "ends the formations of life", with Gemini 4 Neon, Dharmamitra and Claude Fable 5.2; GPT-6.2 Astra's "life forces run their course" is looser. amid these,
This one goes to the abode of animals.
Churned up by an extremely fierce wind,
The clouds are brownish-black, of terrifying form,
Greatly agitated, moving to and fro;
Thunder sounds, tongues of lightning shoot forth,
And sun and moon are unable to shine.
The one for whom it occurs like this,
This is the birthplace of the demigods (lha min).[182]Note 182 · p. 598 · The last line is completed with skye gnas so from the head of p. 599, as English word order requires; the next part should begin after "This is the birthplace of the demigods."

[p. 599]
སྐྱེ་གནས་སོ།
།ནམ་མཁའ་གསལ་ཞིང་དངས་པ་ལ།
།ཉི་མ་ཟླ་བའི་སྣང་བ་གསལ།
།རླུང་དང་སེར་བུ་སྣང་མི་ནུས།
།འདི་ནི་ལྷ་ཡི་སྐྱེ་གནས་སོ།
།ཡང་ནི་ནམ་མཁའ་གསལ་ལ་དངས།
།མི་མཇེད་སྤྲིན་ནི་དར་དཀར་བཞིན།
།ཤིན་ཏུ་སྲབ་ཅིང་བརྡལ་བར་སྣང༌།
།ཡང་ན་ཉི་ཟླ་འོད་ཁྱིམ་ཅན།
།འདི་ལྟར་སུ་ལ་བྱུང་བ་དེ།
།མི་ཡི་སྐྱེ་གནས་འདིས་ཐོབ་བོ།
།ཞེས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་རྟགས་ཚད་ངེས་པའི་རིམ་པ་སྟེ་རྡོ་རྗེའི་གནས་དགུ་པ་རྒྱ་ཆེར་བཤད་པའོ། །

The sky is clear and limpid,
The light of sun and moon is bright,
And wind and breeze are unable to appear:
This is the birthplace of the gods (lha).
Or again, the sky is clear and limpid;
The clouds of this Sahā world,[184]Note 184 · p. 599 · mi mjed sprin: the reading is doubtful. I take mi mjed in its usual sense, the Sahā world, as GPT-6.2 Astra, Gemini 4 Neon and Claude Fable 5.2 do, so "the clouds of this Sahā world", i.e. ordinary clouds of our world. Dharmamitra's "unmoving clouds" has no support in the Tibetan. A scribal corruption is possible, but no emendation is evident. like white silk (dar dkar),
Appear extremely thin and spread out;
Or else sun and moon are ringed with a house of light.[185]Note 185 · p. 599 · 'od khyim can: I keep the glossary's "house of light", as earlier in this text. Here it means a halo around the sun and moon, which is how GPT-6.2 Astra, Gemini 4 Neon, Dharmamitra, Claude Fable 5.2 render it.
The one for whom it occurs like this,
This one obtains the birthplace of humans.Sku gdung 'bar baQuotation (the text says: the same source: རྒྱུད་དེ་ཉིད་ལས)
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0055-vol-01-text (the text itself), 51 % of the words.
[186]Note 186 · p. 599 · 'dis thob bo: I read the agentive 'dis as the person ("this one obtains"), parallel to the preceding verses on the other destinies. GPT-6.2 Astra, Gemini 4 Neon and Claude Fable 5.2 read it as "thereby". The sense is not materially affected.

Thus it is said.[187]Note 187 · p. 599 · GPT-6.2 Astra omits zhes so ("Thus it is said"); it is restored. GPT-6.2 Astra's "asuras", "devas" and "realm of rebirth" are replaced by the glossary's "demigods", "gods" and "birthplace".

3 Colophon of the ninth vajra topic མཇུག་བྱང3 Colophon of the ninth vajra topic (topical division)
Closing statement identifying the chapter as the extensive explanation of the ninth vajra topic, the stages of ascertaining the signs and measures.

From the Precious Treasury of Words and Meanings, this was the extensive explanation of the ninth vajra topic (rdo rje'i gnas), the stages of ascertaining the signs and measures.[183]Note 183 · p. 599 · The opening words skye gnas so complete the last line of the previous part ("This is the birthplace of the demigods"), already rendered there, so they are not repeated here. Gemini 4 Neon and Claude Fable 5.2 repeat "birthplace" and GPT-6.2 Astra repeats the whole phrase.

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 12 quotations, 6 found on this wiki.
# p. Tibetan English Source On this wiki
1 590 རིག་པ་ལ་ནི་སུས་གོམས་པ། །དེ་ཡི་ … འདི་དེངས་ནས། །སྐྱེ་མེད་མཆོག་ལ་སྙེགས་པའོ། Whoever has gained familiarity with awareness, On the body … their own place, Reaches the supreme unborn (skye med). named: སྐུ་གདུང་འབར་བ་ལས
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras high
not found
2 590 གང་གི་སྐྱེ་མེད་སུ་ཡིས་ནི། །རྩད་ནས་ … དཀྱིལ་དུ། །རིགས་དང་བཅས་ཏེ་འདི་འགྱུར་རོ། The person, whoever it may be, who has cut … body Will come to be together with the families. “the same”: རྒྱུད་དེ་ཉིད་ལས
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras high
not found
3 591 གང་དག་མྱ་ངན་ལས་འདས་ན། །དེ་ལ་ … རླངས་དང༌། །འདི་ལྟར་རྟགས་ནི་ཕྱིས་ནས་འབྱུང༌། When anyone passes into nirvāṇa, For that one there … rain and mist: Signs such as these arise afterwards. named: སྐུ་གདུང་འབར་བ་ལས
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0055-vol-01-text (the text itself), 78 %
4 592 རིགས་ལྡན་མྱ་ངན་འདས་པ་ལ། །དེ་ཡི་ … ལྔ་ལ། །གྲོལ་བར་འགྱུར་རོ་མཁའ་འགྲོ་མ། When one endowed with the family has passed into … very instant's five parts Will be liberated, O ḍākinī. “the same”: རྒྱུད་དེ་ཉིད་ལས
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0055-vol-01-text (the text itself), 79 %
5 593 ཤ་རཱི་རཾ་ནི་བདེ་གཤེགས་གདུང༌། །དེ་བཞིན་ … ཞེས་བྱ། །ལས་ཀྱི་རིགས་ཀྱི་གདུང་ཡིན་ནོ། Śarīraṃ is the bone relic of the sugata. Likewise, … bone relic of the karma family (las kyi rigs). “the same”: རྒྱུད་དེ་ཉིད་ལས
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras high
not found
6 593 ཤ་རཱི་རཾ་ཞེས་དཀར་ལ་དངས། །སྣུམ་ལ་ … ལ་འདྲིལ༌། །ཀུན་གྱི་གཏིང་གསལ་ཁ་དོག་ལྔ། What is called śarīraṃ is white and limpid, Glossy … deep clarity (gting gsal) of them all is five-coloured. “the same”: རྒྱུད་དེ་ཉིད་ལས
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras high
not found
7 594 འདི་དང་ཡང་ནི་འདྲ་བ་ཡི། །རིང་ བསྲེལ་ … བྲལ་བས། །འདི་ཀུན་འཇིགས་མེད་སངས་རྒྱས་ཐོབ། Moreover, resembling these, Relic pearls themselves are minute, About … free from all fear, All these attain fearless buddhahood. “the same”: རྒྱུད་དེ་ཉིད་ལས
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0055-vol-01-text (the text itself), 81 %
8 595 སྐུ་དང་གདུང་དང་འོད་རྣམས་ཀྱང༌། །མྱ་ངན་འདའ་བ་གང་ཡོད་པ། །དེ་ལ་རྟགས་རྣམས་འབྱུང་བར་བཤད། Images, bone relics and lights as well: For whoever passes into nirvāṇa, These signs are explained to occur. named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0052-vol-01-text (the text itself), 59 %
9 595 འོད་ལ་རྣམ་པ་གསུམ་ཡིན་ཏེ། །མུ་ཁྱུད་ … མ་ལ། །མངོན་པར་བྱང་ཆུབ་ཉིད་བརྙེས་སོ། Lights are of three kinds. When one that has … in the last intermediate state, Finds manifest awakening itself. named: སྐུ་གདུང་འབར་བ་ལས
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras high
not found
10 596 གང་དུ་འདས་པའི་གནས་ཁང་ནི། །ཤར་གྱི་ … རྫོགས་པ་ཡི། །སྐུ་ཡི་འབྲས་བུ་ཐོབ་པའོ། If, at a place close by, to the east … sounds, This one attains the fruition Of the saṃbhogakāya. named: སྐུ་གདུང་འབར་བ་ལས
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras high
not found
11 596 ས་ནི་གཡོ་བའི་སྐྱེས་བུ་དེའི། །དབུགས་ དང་ … ལམ་རྣམས་ལ། །ཡུན་དུ་སྦྱོང་ཞིང་གནས་པའོ། For the person for whom the earth quakes: If … (lam), That one remains, training for a long time. “the same”: རྒྱུད་དེ་ཉིད་ལས
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0055-vol-01-text (the text itself), 68 %
12 597 གང་ཞིག་ཤི་བ་དེ་ཚེ་ན། །ནམ་མཁའ་ … བ་དེ། །མི་ཡི་སྐྱེ་གནས་འདིས་ཐོབ་བོ། At the time when someone has died, The sky … like this, This one obtains the birthplace of humans. “the same”: རྒྱུད་དེ་ཉིད་ལས
སྐུ་གདུང་འབར་བ་ཆེན་པོའི་རྒྱུད, sku gdung 'bar ba chen po'i rgyud, Blazing Relics · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0055-vol-01-text (the text itself), 51 %