Tshig don mdzod (Longchenpa): Vajra topic 2 (6)

From Rangjung Yeshe Wiki Texts
Tshig don mdzod (Longchenpa)Tshig don mdzod (Longchenpa): Vajra topic 2 (6)
< Tshig don mdzod (Longchenpa)
Revision as of 15:00, 26 November 2026 by Eric (talk | contribs) (Tshig don mdzod study edition: editions, critical edition, translation, bilingual text, outline and quotations (November 2026))
(diff) ← Older revision | Latest revision (diff) | Newer revision → (diff)

Tshig don mdzod (Longchenpa)/Vajra topic 2 (6)
Jump to navigation Jump to search
← Vajra topic 2 (5)Tshig don mdzod: contentsVajra topic 3 (1) →

Vajra topic 2 · The Stages of How Delusion Arises in Existence · སྲིད་པར་འཁྲུལ་ཚུལ་གྱི་རིམ་པ
Pages 114–124 of the corrected base text (W22920 vol. 4), part 6 of 6.

[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD85), gorn05 tibocr 2026: BDRC OCR on 338 pages, Mitra OCR on 147 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 73] ཙནྡན་དཀར་ང་མར་རྣམས་བསྲེས་པའི་བསྐུ་མཉེ་བྱས་ན་ལུས་ཀྱི་ཁམས་དངས་མ་རྒྱས་ཤིང་འབྱུང་བ་མི་འཁྲུགས་པ་ཡིན་ནོ། །བཅོ་ལྔ་ནས་ཟས་ཟོས་པའི་སྙིགས་མ་ལ་བརྟེན་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མར་འཕེལ་ཏེ། ཚེས་བཅུ་དགུ་ལ་མགྲིན་པར་ཕུང་པོ་ལ་སོགས་པ་རྒྱས། ཉེར་གཉིས་ལ་སྙིང་གར་རྒྱས། གནམ་སྟོང་ལ་རྐང་མཐིལ་དུ་རྒྱས་པས། འབྲུ་མར་སྣ་ཚོགས་པ་དང་ཞིམ་ཚོ་དང་ཛཱ་ཏིའི་ཕྱེ་མ་བསྲེས་པའི་བསྐུ་མཉེ་བྱས། ཏེ་ཉི་མ་ལ་བསྲོས་པས་ཁམས་རྒྱས་ཏེ་དགེ་སྦྱོར་ངང་གིས་འགྲུབ། ཐིག་ལེ་ལ་བརྟེན་པའི་བསམ་གཏན་འཕེལ་ལོ། །དེ་ལྟར་ཀུན་རྫོབ་ཀྱི་ཐིག་ལེས་འབྱུང་བ་བཞི་དར་གུད་ཀྱི་ལས་བྱེད་དོ། །དོན་དམ་གྱི་ཐིག་ལེས་རྒྱུ་ཡེ་ཤེས། རྐྱེན་འོད་དང་ཁ་དོག །སྐྱེད་ལས་སྐུ་དང་ཡེ་ཤེས་སྨིན་པའི་ལས་བྱེད་དོ། །དེ་ཡང་ཙིཏྟར་སྐུར་སྨིན་པར་བྱེད། རྩ་རྣམས་སུ་ཐིག་ལེར་སྨིན་པར་བྱེད། མིག་ཏུ་སྒྲོན་མ་བཞིར་སྨིན་པའི་ལས་བྱེད་དོ། འབྲས་བུ་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའོ། །རང་བཞིན་གྱི་ཐིག་ལེ་ནི་མཉམ་གཞག་གི་དུས་ན་ཆོས་ཉིད་ཀྱི་ཐིག་ལེ། དེ་ལ་ཉམས་སྐྱེས་པའི་དུས་ན་ཆོས་ཉིད་རྣམ་པར་དག་པའི་ཐིག་ལེ། སྣང་བའི་དུས་ན་དབྱིངས་ཀྱི་ཐིག་ལེ།

[p. 74] དེ་ལས་འཕེལ་བ་འབྱུང་བའི་དུས་ན་དབྱིངས་རྣམ་པར་དག་པའི་ཐིག་ལེ། དེ་ཉིད་རྫོགས་པའི་དུས་ན་ཀུན་དུ་བཟང་པོའི་ཐིག་ལེ། དེ་ཉིད་ཕྱིར་ཤར་བའི་དུས་ན་ཡེ་ཤེས་ཆེན་པོའི་ཐིག་ལེའོ། །དེ་དག་ཀྱང་ཐལ་འགྱུར་ལས། ཙིཏྟའི་ནང་ན་སྐུར་གནས་ཏེ། །གདངས་ཀྱི་སྐུ་ནི་རྣམ་པ་ལྔས། །སོ་སོའི་རིགས་ཀྱི་མཚན་ཉིད་འཛིན། །ཟེར་གྱི་སྐུ་ནི་དྲུག་གིས་ཀྱང་། །རང་བཞིན་སྣང་བའི་ཆོས་ཉིད་སྡུད། །དག་པའི་སྐུ་ནི་རྣམ་གསུམ་གྱིས། །མྱ་ངན་འདས་པའི་ས་མཚམས་འཛིན། །རྣམ་པའི་སྐུ་ནི་བརྒྱད་ཀྱིས་ཀྱང་། །ས་ལ་མ་རྫོགས་པའི་བྱ་བ་བྱེད། །རྩ་ཡི་ནང་ན་ཐིག་ལེ་སྟེ། །འཇུག་པའི་ཐིག་ལེ་རྣམ་གསུམ་གྱིས། །འཁོར་འདས་འབྲེལ་བའི་ས་བོན་འདེབས། །སྐྱེ་བའི་ཐིག་ལེ་ལྔ་ཡིས་ཀྱང་། །རྣལ་འབྱོར་ཉམས་ཀྱི་དཀྱིལ་འཁོར་རྫོགས། །བཀོད་པའི་ཐིག་ལེ་དྲུག་གིས་ནི། །ཆོས་ཉིད་དུ་མ་གཅིག་ཏུ་སྡུད། །དེ་དང་དེ་ལ་བརྟེན་པ་ཡིས། །ཆོས་ཀུན་མཉམ་པའི་བདག་ཉིད་དོ། །ཞེས་སོ། །དོན་གསུམ་པ་ཁྱབ་བྱེད་འབྱུང་བའི་ཆད་ཚུལ་ལ། རླུང་ལྔ་ལས་ཕྱེ་བ་ཉི་ཤུ་རྩ་ལྔས་ཡེ་ཤེས་ཀྱི་གདངས་བྱེད་པར་ཁྱབ་ཅིང་ལུས་ལ་ཚད། མེ་ལྔས་ཡེ་ཤེས་ཀྱི་རྩལ་བྱེད་པར་ལུས་ལ་ཚད། ས་ལྔས་ཡེ་ཤེས་ཀྱི་ངོ་བོ་བསྟན་པར་ལུས་ལ་ཚད། ཆུ་ལྔས་ཡེ་ཤེས་ཀྱི་ཡུལ་བྱེད་པར་ཚད། ནམ་མཁའ་ལྔས་ཡེ་ཤེས་ཀྱི་གནས་བྱེད་པར་ཚད།

[p. 75] ༄༅། །བའོ། །དེ་ལ་ས་ལྔའི་གནས་ཚུལ་ནི། ཀུན་དུ་སྣང་བའི་ས་རིག་པ་དང་ལྷན་ཅིག་ཏུ་གནས། མི་འགྱུར་བ་རྡོ་རྗེའི་ས་སྒྲོན་མ་དང་ལྷན་ཅིག་ཏུ་གནས། ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས་ཐིག་ ལེ་དང་ལྷན་ཅིག་ཏུ་གནས། སྣང་བ་སྟོན་པ་ཀུན་དུ་མཐའ་ཡས་པའི་ས་དབྱིངས་ཡེ་ཤེས་གཉིས་དང་ལྷན་ཅིག་ཏུ་གནས། སྒྲུབ་པ་མཐར་ཕྱིན་པའི་ས་ཤེས་རབ་དང་ལྷན་ཅིག་ཏུ་གནས་སོ། །ཆུ་ལྔ་ལས། འགྱུར་བ་ མེད་པའི་ཆུ་རྩ་ཐམས་ཅད་ལ་གནས། ཞི་ལགས་ལ་དག་གི་ཆུ་རུས་པ་ཐམས་ཅད་ལ་གནས། ཡོན་ཏན་རྒྱས་པའི་ཆུ་ཁྲག་ཐམས་ཅད་ལ་གནས། ཆགས་པ་མེད་པའི་ཆུ་ཆུ་སེར་ཐམས་ཅད་ལ་གནས། འཛིན་མེད་ རྫོགས་པའི་ཆུ་མིག་གི་ནང་ན་གནས་སོ། །མེ་ལྔ་ལས། ཕྱི་ནང་ཀུན་དུ་ཁྱབ་བྱེད་ཀྱི་མེ་གློ་བ་ན་གནས། །ཕྱི་ནང་ཀུན་གསལ་གྱི་མེ་མིག་གཉིས་དང་ཡན་ལག་ལ་གནས། ཕྱི་ནང་ཀུན་དུ་མཉམ་པའི་མེ་ཤ་ལྤགས་པར་ ན་གནས། ཕྱི་ནང་གི་རྒྱ་བ་རྟོག་པའི་མེ་རྐང་མཐིལ་གཉིས་ན་གནས། ཕྱེ་ནང་གི་རྒྱ་བ་སྒྲུབ་པའི་མེ་ལག་མཐིལ་གཉིས་ན་གནས་སོ། །རླུང་ལྔ་ལས། སྲོག་འཛིན་པའི་རླུང་སྲོག་རྩ་ན་གནས། བཀྲག་དང་གཟི་ མདངས་བསྐྱེད་པའི་རླུང་སྨིན་ཕྲག་ན་གནས། མི་དང་མཉམ་དུ་གནས་པའི་རླུང་པོ་བ་ན་གནས། ཀུན་དུ་ཁྱབ་བྱེད་ཀྱི་རླུང་ལུས་ཀུན་ལ་ཁྱབ་པར་གནས། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་སྙིང་དང་སྙིང་ཤུན་

[p. 76] གྱི་བར་ན་གནས་སོ། །ནམ་མཁའ་ལྔ་ལས། ཀུན་ལ་ཁྱབ་པའི་ནམ་མཁའ་རིག་པ་དངོས་དང་དབྱེར་མེད་དུ་གནས། ཡུལ་མེད་གསལ་དངས་ཀྱི་ནམ་མཁའ་འོད་ལྔ་དང་དབྱེར་མེད་དུ་གནས་མ་འདྲེས་དག་པའི་ནམ་མཁའ་དབྱིངས་རྣམ་པར་དག་པ་དང་དབྱེར་མེད་དུ་གནས།དོན་མཚོན་བྱེད་ཀྱི་ནམ་མཁའ་རྟགས་ཀྱི་ཡེ་ཤེས་ཐིག་ལེ་སྟོང་པ་དང་དབྱེར་མེད་དུ་གནད། དག་པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་མཁའ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་དང་དབྱེར་མེད་དུ་གནས་སོ། །རླུང་ལྔ་ལ་ལྔ་ཚན་དུ་ཕྱེ་ན། སྲོག་འཛིན་པའི་རླུང་ལ། རྩ་བ་འཛིན་པའི་སྲོག་རླུང་གིས་རིག་པའི་མདངས་བསྐྱེད། སྐྱོད་བྱེད་ཀྱི་སྲོག་རླུང་གིས་ཐིག་ལེའི་མདངས་བསྐྱེད། རྣམ་པར་ཕྲ་བའི་སྲོག་རླུང་གིས་འོད་ཀྱི་མདངས་བསྐྱེད། མི་གཙང་བའི་སྲོག་རླུང་གིས་སེམས་དང་མ་རིག་པའི་མདངས་བསྐྱེད། རྣམ་པ་འདར་བྱེད་ཀྱི་སྲོག་རླུང་གིས་ཡིད་ཀྱི་མདངས་བསྐྱེད་དོ། །མེ་དང་ལྷན་ཅིག་གནས་པའི་རླུང་ལའང་། དངས་སྙིགས་འབྱེད་པའི་རླུང་སྲོག་དང་གཉིས་སུ་མེད། དྲོད་བསྐྱེད་པའི་རླུང་རིག་པ་དང་གཉིས་སུ་མེད། གསལ་འགྱུར་གྱི་རླུང་སྒྲོན་མ་དང་གཉིས་སུ་མེད། རྣམ་པར་སྡུད་པའི་རླུང་ཐིག་ལེ་དང་གཉིས་སུ་མེད། རྣམ་བར་གཟེངས་བསྟོད་པའི་རླུང་ཤེས་རབ་དང་གཉིས་སུ་མེད་དོ། །བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ལའང་། རྣམ་པར་ཤེས་པ་

[p. 77] བསྐྱེད་པའི་རླུང་གིས་ཤེས་རབ་ཀྱི་ཡུལ་བྱེད། རྣམ་པར་ཡིད་འབྱུང་བའི་རླུང་གིས་སྣང་བའི་ཡུལ་བྱེད། རྣམ་པར་མདངས་དང་ལྡན་པའི་རླུང་གིས་སྒྲོན་མའི་ཡུལ་བྱེད། རྣམ་པར་སླེག་པའི་རླུང་གིས་མ་རིག་པའི་ཡུལ་བྱེད། རྣམ་པར་རྒོད་པའི་རླུང་གིས་ཡིད་ཀྱི་ཡུལ་བྱེད་དོ། །རྣམ་པར་ཁྱབ་བྱེད་ཀྱི་རླུང་ལའང་། གཞི་ལ་ཁྱབ་བྱེད་ཀྱི་རླུང་ཡེ་ཤེས་ལ་སྣང་། འཕྲལ་དུ་ཁྱབ་བྱེད་ཀྱི་རླུང་སྒྲོན་མ་ལ་སྣང་། དངང་ཞིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་ཤེས་པ་ལ་སྣང་། དྲན་པ་ཁྱབ་བྱེད་ཀྱི་རླུང་བསམ་པ་ལ་སྣང་། འཛིན་པས་ཡུལ་ཀུན་ཁྱབ་པའི་རླུང་སེམས་ལ་སྣང་ངོ་། །སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ལའང་། རྣམ་པར་སྐྱོད་བྱེད་ཀྱི་རླུང་ཕུང་པོ་ལ་ཁྱབ། རྣམ་པར་སྒྲོལ་བྱེད་ཀྱི་རླུང་སྐད་ཅིག་མ་ལ་ཁྱབ། རྣམ་པར་ཟློག་བྱེད་ཀྱི་རླུང་བར་མ་དོ་ལ་ཁྱབ། རྣམ་པར་མྱུར་བྱེད་ཀྱི་རླུང་རྟོག་པ་ལ་ཁྱབ། སྐད་ཅིག་མའི་རླུང་སྐད་ཅིག་མ་གསུམ་ལ་ཁྱབ་སྟེ། དེ་དག་ཀྱང་རང་ཤར་ལས། འབྱུང་བ་ཆེན་པོ་ལྔ་ནི་རང་གི་ལུས་ལ་ཚང་ངོ་། །དེ་ཡང་རླུང་རྣམ་པ་ལྔས་ཡེ་ཤེས་ཀྱི་གདངས་བྱེད་དོ། །མེ་རྣམ་པ་ལྔས་ཡེ་ཤེས་ཀྱི་རྩལ་བྱེད་དོ། །ས་རྣམ་པ་ལྔས་ཡེ་ཤེས་ཀྱི་ངོ་བོ་བྱེད་དོ། །ཆུ་རྣམ་པ་ལྔས་ཡེ་ཤེས་ཀྱི་ཡུལ་བྱེད་དོ། །ནམ་མཁའ་རྣམ་པ་ལྔས་ཡེ་ཤེས་ཀྱི་གནས་བྱེད་དོ། །རླུང་རྣམ་པ་ལྔ་གང་ཞེ་ན། སྲོག་འཛིན་གྱི་རླུང་དང་། བཀྲག་དང་གཟི་མདངས་

[p. 78] བསྐྱེད་པའི་རླུང་དང་། མེ་དང་མཉམ་དུ་གནས་པའི་རླུང་དང་། ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་དང་། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་དང་ལྔའོ། །རླུང་དེ་རྣམས་སེམས་ཅན་ཀུན་གྱི་ལུས་མགོ་མཇུག་ལ་གནས་པའོ། །མེ་ལ་ལྔ་སྟེ། ཕྱི་ནང་ཀུན་ཏུ་ཁྱབ་བྱེད་ཀྱི་མེ་དང་། ཕྱི་ནང་ཀུན་གསལ་གྱི་མེ་དང་། ཕྱི་ནང་ཀུན་ཏུ་མཉམ་པའི་མེ་དང་། ཕྱི་ནང་གི་བྱ་བ་རྟོག་པའི་མེ་དང་། ཕྱི་ནང་གིས་བྱ་བ་སྒྲུབ་པའི་མེ་དང་ལྔའོ། །ས་ལའང་ལྔ་སྟེ་ཀུན་ཏུ་སྣང་བའི་ས་དང་། མི་འགྱུར་བ་རྡོ་རྗེའི་ས་དང་། ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས་དང་། སྣང་བ་སྟོན་པ་ཀུན་ཏུ་མཐའ་ཡས་པའི་ས་དང་། སྒྲུབ་པ་མཐར་ཕྱིན་པའི་ས་དང་ལྔའོ། །ཆུ་རྣམ་པ་ལྔ་ནི་འགྱུར་བ་མེད་པའི་ཆུ་དང་། ཞི་བ་གསལ་དག་གི་ཆུ་དང་། ཡོན་ཏན་འབྱུང་བ་རྒྱས་པའི་ཆུ་དང་། ཆགས་པ་མེད་པའི་ཆུ་དང་། འཛིན་མེད་རྫོགས་པའི་ཆུ་དང་ལྔའོ། །ནམ་མཁའ་ལྔ་ནི། སྤྱི་ཀུན་ལ་ཁྱབ་པའི་ནམ་མཁའ་དང་། ཡུལ་མེད་གསལ་དངས་ཀྱི་ནམ་མཁའ་དང་། མ་འདྲེས་དག་པའི་ནམ་མཁའ་དང་། དོན་མཚོན་བྱེད་ཀྱི་ནམ་མཁའ་དང་། དག་པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་མཁའ་དང་ལྔའོ། །དེ་ལྟར་འབྱུང་བ་ལྔ་ཉིད་རང་ལ་རང་བཞིན་གྱིས་གནས་སོ། །དེ་ཡང་བཤད་ལུགས་འདི་ལྟར་ཡིན་ནོ། །སྲོག་འཛིན་པའི་རླུང་ལ་ཡང་ལྔ་སྟེ། རྩ་བ་འཛིན་པའི་སྲོག་དང་། སྐྱོད་བྱེད་ཀྱི་སྲོག་དང་།

[p. 79] རྣམ་པར་ཕྲ་བའི་སྲོག་དང་། མི་གཙང་བའི་སྲོག་དང་། རྣམ་པར་འདར་བྱེད་ཀྱི་སྲོག་དང་ལྔའོ། །མེ་དང་ལྷན་ཅིག་ཏུ་གནས་པའི་རླུང་ལའང་ལྔ་སྟེ། དངས་སྙིགས་འབྱེད་པའི་རླུང་དང་། དྲོད་བསྐྱེད་པའི་རླུང་དང་། གསལ་འགྱུར་གྱི་རླུང་དང་། རྣམ་པར་སྡུད་པའི་རླུང་དང་། རྣམ་པར་གཟེངས་བསྟོད་པའི་རླུང་དང་ལྔའོ། །བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ལའང་ལྔ་སྟེ། རྣམ་པར་ཤེས་པ་བསྐྱེད་པའི་རླུང་དང་རྣམ་པར་ཡིད་འབྱུང་བའི་རླུང་དང་། རྣམ་པར་མདངས་དང་ལྡན་པའི་རླུང་དང་། རྣམ་བར་སླེག་པའི་རླུང་དང་། རྣམ་པ་རྒོད་པའི་རླུང་དང་ལྔའོ། རྣམ་པར་ཁྱབ་བྱེད་ཀྱི་རླུང་ལའང་ལྔ་སྟེ། གཞི་ལ་ཁྱབ་བྱེད་ཀྱི་རླུང་དང་། འཕྲལ་ལ་ཁྱབ་བྱེད་ཀྱི་རླུང་དང། དངང་ཞིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་དང་དྲན་པ་ཁྱབ་བྱེད་ཀྱི་རླུང་དག །དྲན་པ་ཁྱབ་བྱེད་ཀྱི་རླུང་གང་། འཛིན་པས་ཡུལ་ཀུན་ཁྱབ་པའི་རླུང་དང་ལྔའོ། །སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ལའང་ལྔ་སྟེ། རྣམས་པར་སྐྱོད་བྱེད་ཀྱི་རླུང་དང་། རྣམ་པར་སྒྲོལ་བྱེད་ཀྱི་རླུང་དང་། །རྣམ་པར་ཟློག་བྱེད་ཀྱི་རླུང་དང་། རྣམས་པར་མྱུར་བྱེད་ཀྱི་རླུང་དང་། སྐད་ཅིག་མའི་རླུང་དང་ལྔའོ་ཞེས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་སྲིད་པར་འཁྲུལ་ཚུལ་གྱི་རིམ་པ་སྟེ་རྡོ་རྗེའི་གནས་གཉིས་པ་རྒྱ་ཆེར་བཤད་པའོ།། །།

[edit]
BDRC typed e-text UT22920_004_0001 as downloaded (the base text was made from it).

ཙནྡན་དཀར་དམར་རྣམས་བསྲེས་པའི་བསྐུ་མཉེ་བྱས་ན་ལུས་ཀྱི་ཁམས་དྭངས་མ་རྒྱས་ཤིང་འབྱུང་བ་མི་འཁྲུགས་པ་ཡིན་ནོ། །བཅོ་ལྔ་ནས་ཟས་ཟོས་པའི་སྙིགས་མ་ལ་བརྟེན་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མར་འཕེལ་ཏེ། ཚེས་བཅུ་དགུ་ལ་མགྲིན་པར་ཕུང་པོ་ལ་སོགས་པ་རྒྱས། ཉེར་གཉིས་ལ་སྙིང་གར་རྒྱས། གནམ་སྟོང་ལ་རྐང་མཐིལ་དུ་རྒྱས་པས། འབྲུ་མར་སྣ་ཚོགས་པ་དང་ཞིམ་ཚོ་དང་ཛཱ་ཏིའི་ཕྱེ་མ་བསྲེས་པའི་བསྐུ་མཉེ་བྱས་ཏེ་ཉི་མ་ལ་བསྲོས་པས་ཁམས་རྒྱས་ཏེ་དགེ་སྦྱོར་ངང་གིས་འགྲུབ། ཐིག་ལེ་ལ་བརྟེན་པའི་བསམ་གཏན་འཕེལ་ལོ། །དེ་ལྟར་ཀུན་རྫོབ་ཀྱི་ཐིག་ལེས་འབྱུང་བ་བཞི་དར་གུད་ཀྱི་ལས་བྱེད་དོ། །དོན་དམ་གྱི་ཐིག་ལེས་རྒྱུ་ཡེ་ཤེས། རྐྱེན་འོད་དང་ཁ་དོག །བྱེད་ལས་སྐུ་དང་ཡེ་ཤེས་སྨིན་པའི་ལས་བྱེད་དོ། །དེ་ཡང་ཙིཏྟར་སྐུར་སྨིན་པར་བྱེད། རྩ་རྣམས་སུ་ཐིག་ལེར་སྨིན་པར་བྱེད། མིག་ཏུ་སྒྲོན་མ་བཞིར་སྨིན་པའི་ལས་བྱེད་དོ། །འབྲས་བུ་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའོ། །རང་བཞིན་གྱི་ཐིག་ལེ་ནི་མཉམ་གཞག་གི་དུས་ན་ཆོས་ཉིད་ཀྱི་ཐིག་ལེ། དེ་ལ་ཉམས་སྐྱེས་པའི་དུས་ན་ཆོས་ཉིད་རྣམ་པར་དག་པའི་ཐིག་ལེ། སྣང་བའི་དུས་ན་དབྱིངས་ཀྱི་ཐིག་ལེ། དེ་ལས་འཕེལ་བ་འབྱུང་བའི་དུས་ན་དབྱིངས་རྣམ་པར་དག་པའི་ཐིག་ལེ། དེ་ཉིད་རྫོགས་པའི་དུས་ན་ཀུན་ཏུ་བཟང་པོའི་ཐིག་ལེ། དེ་ཉིད་ཕྱིར་ཤར་བའི་དུས་ན་ཡེ་ཤེས་ཆེན་པོའི་ཐིག་ལེའོ། །དེ་དག་ཀྱང་ཐལ་འགྱུར་ལས། ཙིཏྟའི་ནང་ན་སྐུར་གནས་ཏེ། །གདངས་ཀྱི་སྐུ་ནི་རྣམ་པ་ལྔས། །སོ་སོའི་རིགས་ཀྱི་མཚན་ཉིད་འཛིན། །ཟེར་གྱི་སྐུ་ནི་དྲུག་གིས་ཀྱང༌། །རང་བཞིན་སྣང་བའི་ཆོས་ཉིད་སྡུད། །དག་པའི་སྐུ་ནི་རྣམ་གསུམ་གྱིས། །མྱ་ངན་འདས་པའི་ས་མཚམས་འཛིན། །རྣམ་པའི་སྐུ་ནི་བརྒྱད་ཀྱིས་ཀྱང༌། །ས་ལམ་རྫོགས་པའི་བྱ་བ་བྱེད། །རྩ་ཡི་ནང་ན་ཐིག་ལེ་སྟེ། །འཇུག་པའི་ཐིག་ལེ་རྣམ་གསུམ་གྱིས། །འཁོར་འདས་འབྲེལ་པའི་ས་བོན་འདེབས། །སྐྱེ་བའི་ཐིག་ལེ་ལྔ་ཡིས་ཀྱང༌། །རྣལ་འབྱོར་ཉམས་ཀྱི་དཀྱིལ་འཁོར་རྫོགས། །བཀོད་པའི་ཐིག་ལེ་དྲུག་གིས་ནི། །ཆོས་ཉིད་དུ་མ་གཅིག་ཏུ་སྡུད། །དེ་དང་དེ་ལ་བརྟེན་པ་ཡིས། །ཆོས་ཀུན་མཉམ་པའི་བདག་ཉིད་དོ། །ཞེས་སོ། །དོན་གསུམ་པ་ཁྱབ་བྱེད་འབྱུང་བའི་ཚང་ཚུལ་ལ། རླུང་ལྔ་ལས་ཕྱེ་བ་ཉི་ཤུ་རྩ་ལྔས་ཡེ་ཤེས་ཀྱི་གདངས་བྱེད་པར་ཁྱབ་ཅིང་ལུས་ལ་ཚང༌། མེ་ལྔས་ཡེ་ཤེས་ཀྱི་རྩལ་བྱེད་པར་ལུས་ལ་ཚང༌། །ས་ལྔས་ཡེ་ཤེས་ཀྱི་ངོ་བོ་བསྟན་པར་ལུས་ལ་ཚང༌། ཆུ་ལྔས་ཡེ་ཤེས་ཀྱི་ཡུལ་བྱེད་པར་ཚང༌། ནམ་མཁའ་ལྔས་ཡེ་ཤེས་ཀྱི་གནས་བྱེད་པར་ཚང་བའོ། །དེ་ལ་ས་ལྔའི་གནས་ཚུལ་ནི། །ཀུན་ཏུ་སྣང་བའི་ས་རིག་པ་དང་ལྷན་ཅིག་ཏུ་གནས། མི་འགྱུར་བ་རྡོ་རྗེའི་ས་སྒྲོན་མ་དང་ལྷན་ཅིག་ཏུ་གནས། ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས་ཐིག་ལེ་དང་ལྷན་ཅིག་ཏུ་གནས། སྣང་བ་སྟོན་པ་ཀུན་ཏུ་མཐའ་ཡས་པའི་ས་དབྱིངས་ཡེ་ཤེས་གཉིས་དང་ལྷན་ཅིག་ཏུ་གནས། སྒྲུབ་པ་མཐར་ཕྱིན་པའི་ས་ཤེས་རབ་དང་ལྷན་ཅིག་ཏུ་གནས་སོ། །ཆུ་ལྔ་ལས། འགྱུར་བ་མེད་པའི་ཆུ་རྩ་ཐམས་ཅད་ལ་གནས། ཞི་བ་གསལ་དག་གི་ཆུ་རུས་པ་ཐམས་ཅད་ལ་གནས། ཡོན་ཏན་རྒྱས་པའི་ཆུ་ཁྲག་ཐམས་ཅད་ལ་གནས། ཆགས་པ་མེད་པའི་ཆུ་ཆུ་སེར་ཐམས་ཅད་ལ་གནས། འཛིན་མེད་རྫོགས་པའི་ཆུ་མིག་གི་ནང་ན་གནས་སོ། །མེ་ལྔ་ལས། ཕྱི་ནང་ཀུན་ཏུ་ཁྱབ་བྱེད་ཀྱི་མེ་གློ་བ་ན་གནས། ཕྱི་ནང་ཀུན་གསལ་གྱི་མེ་མིག་གཉིས་དང་ཡན་ལག་ལ་གནས། ཕྱི་ནང་ཀུན་ཏུ་མཉམ་པའི་མི་ཤ་ལྤགས་བར་ན་གནས། ཕྱི་ནང་གི་བྱ་བ་རྟོག་པའི་མེ་རྐང་མཐིལ་གཉིས་ན་གནས། ཕྱི་ནང་གི་བྱ་བ་སྒྲུབ་པའི་མེ་ལག་མཐིལ་གཉིས་ན་གནས་སོ། །རླུང་ལྔ་ལས། སྲོག་འཛིན་པའི་རླུང་སྲོག་རྩ་ན་གནས། བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་སྨིན་ཕྲག་ན་གནས། །མེ་དང་མཉམ་དུ་གནས་པའི་རླུང་ཕོ་བ་ན་གནས། །ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་ལུས་ཀུན་ལ་ཁྱབ་པར་གནས། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་སྙིང་དང་སྙིང་ཤུན་གྱི་བར་ན་གནས་སོ། །ནམ་མཁའ་ལྔ་ལས། ཀུན་ལ་ཁྱབ་པའི་ནམ་མཁའ་རིག་པ་དངོས་དང་དབྱེར་མེད་དུ་གནས། ཡུལ་མེད་གསལ་དྭངས་ཀྱི་ནམ་མཁའ་འོང་ལྔ་དང་དབྱེར་མེད་དུ་གནས། མ་འདྲེས་དག་པའི་ནམ་མཁའ་དབྱིངས་རྣམ་པར་དག་པ་དང་དབྱེར་མེད་དུ་གནས། དོན་མཚོན་བྱེད་ཀྱི་ནམ་མཁའ་རྟགས་ཀྱི་ཡེ་ཤེས་ཐིག་ལེ་སྟོང་པ་དང་དབྱེར་མེད་དུ་གནས། དག་པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་མཁའ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་དང་དབྱེར་མེད་དུ་གནས་སོ། །རླུང་ལྔ་ལ་ལྔ་ཚན་དུ་ཕྱེ་ན། སྲོག་འཛིན་པའི་རླུང་ལ། རྩ་བ་འཛིན་པའི་སྲོག་རླུང་གིས་རིག་པའི་མདངས་བསྐྱེད། སྐྱོང་བྱེད་ཀྱི་སྲོག་རླུང་གིས་ཐིག་ལེའི་མདངས་བསྐྱེད། རྣམ་པར་ཕྲ་བའི་སྲོག་རླུང་གིས་འོད་ཀྱི་མདངས་བསྐྱེད། མི་གཙང་བའི་སྲོག་རླུང་གིས་སེམས་དང་མ་རིག་པའི་མདངས་བསྐྱེད། རྣམ་པར་འདར་བྱེད་ཀྱི་སྲོག་རླུང་གིས་ཡིད་ཀྱི་མདངས་བསྐྱེད་དོ། །མེ་དང་ལྷན་ཅིག་གནས་པའི་རླུང་ལའང༌། དངས་སྙིགས་འབྱེད་པའི་རླུང་སྲོག་དང་གཉིས་སུ་མེད། དྲོད་བསྐྱེད་པའི་རླུང་རིག་པ་དང་གཉིས་སུ་མེད། གསལ་འགྱུར་གྱི་རླུང་སྒྲོན་མ་དང་གཉིས་སུ་མེད། རྣམ་པར་སྡུད་པའི་རླུང་ཐིག་ལེ་དང་གཉིས་སུ་མེད། རྣམ་པར་གཟེངས་བསྟོད་པའི་རླུང་ཤེས་རབ་དང་གཉིས་མེད་དོ། །བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ལའང༌། རྣམ་པར་ཤེས་པ་བསྐྱེད་པའི་རླུང་གིས་ཤེས་རབ་ཀྱི་ཡུལ་བྱེད། རྣམ་པར་ཡིད་འབྱུང་བའི་རླུང་གིས་སྣང་བའི་ཡུལ་བྱེད། རྣམ་པར་མདངས་དང་ལྡན་པའི་རླུང་གིས་སྒྲོན་མའི་ཡུལ་བྱེད། རྣམ་པར་སླེག་པའི་རླུང་གིས་མ་རིག་པའི་ཡུལ་བྱེད། རྣམ་པར་རྒོད་པའི་རླུང་གིས་ཡིད་ཀྱི་ཡུལ་བྱེད་དོ། །རྣམ་པར་ཁྱབ་བྱེད་ཀྱི་རླུང་ལའང༌། གཞི་ལ་ཁྱབ་བྱེད་ཀྱི་རླུང་ཡེ་ཤེས་ལ་སྣང༌། འཕྲལ་དུ་ཁྱབ་བྱེད་ཀྱི་རླུང་སྒྲོན་མ་ལ་སྣང༌། དངང་ཞིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་ཤེས་པ་ལ་སྣང༌། དྲན་པ་ཁྱབ་བྱེད་ཀྱི་རླུང་བསམ་པ་ལ་སྣང༌། །འཛིན་པས་ཡུལ་ཀུན་ཁྱབ་པའི་རླུང་སེམས་ལ་སྣང་ངོ༌། །སྙིང་རྗེ་མེད་པ་བསྐལ་བ་ལས་ཀྱི་རླུང་ལའང༌། །རྣམ་པར་སྐྱོད་བྱེད་ཀྱི་རླུང་ཕུང་པོ་ལ་ཁྱབ། རྣམ་པར་སྒྲོལ་བྱེད་ཀྱི་རླུང་སྐད་ཅིག་མ་ལ་ཁྱབ། རྣམ་པར་ཟློག་བྱེད་ཀྱི་རླུང་བར་མ་དོ་ལ་ཁྱབ། རྣམ་པར་མྱུར་བྱེད་ཀྱི་རླུང་རྟོག་པ་ལ་ཁྱབ། སྐད་ཅིག་མའི་རླུང་སྐད་ཅིག་མ་གསུམ་ལ་ཁྱབ་སྟེ། དེ་དག་ཀྱང་རང་ཤར་ལས། འབྱུང་བ་ཆེན་པོ་ལྔ་ནི་རང་གི་ལུས་ལ་ཚང་ངོ༌། །དེ་ཡང་རླུང་རྣམ་པ་ལྔས་ཡེ་ཤེས་ཀྱི་གདངས་བྱེད་དོ། །མེ་རྣམ་པ་ལྔས་ཡེ་ཤེས་ཀྱི་རྩལ་བྱེད་དོ། །ས་རྣམ་པ་ལྔས་ཡེ་ཤེས་ཀྱི་ངོ་བོ་བྱེད་དོ། །ཆུ་རྣམ་པ་ལྔས་ཡེ་ཤེས་ཀྱི་ཡུལ་བྱེད་དོ། །ནམ་མཁའ་རྣམ་པ་ལྔས་ཡེ་ཤེས་ཀྱི་གནས་བྱེད་དོ། །རླུང་རྣམ་པ་ལྔ་གང་ཞེ་ན། སྲོག་འཛིན་གྱི་རླུང་དང༌། བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་དང༌། མེ་དང་མཉམ་དུ་གནས་པའི་རླུང་དང༌། ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་དང༌། སྙིང་རྗེ་མེད་པ་བསྐལ་པས་ལས་ཀྱི་རླུང་དང་ལྔའོ། །རླུང་དེ་རྣམས་སེམས་ཅན་ཀུན་གྱི་ལུས་མགོ་མཇུག་ལ་གནས་པའོ། །མེ་ལ་ལྔ་སྟེ། ཕྱི་ནང་ཀུན་ཏུ་ཁྱབ་བྱེད་ཀྱི་མེ་དང༌། ཕྱི་ནང་ཀུན་གསལ་གྱི་མེ་དང༌། ཕྱི་ནང་ཀུན་ཏུ་མཉམ་པའི་མེ་དང༌། ཕྱི་ནང་གི་བྱ་བ་རྟོག་པའི་མེ་དང༌། ཕྱི་ནང་གི་བྱ་བ་སྒྲུབ་པའི་མེ་དང་ལྔའོ། །ས་ལའང་ལྔ་སྟེ། ཀུན་ཏུ་སྣང་བའི་ས་དང༌། མི་འགྱུར་པ་རྡོ་རྗེའི་ས་དང༌། ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས་དང༌། སྣང་བ་སྟོན་པ་ཀུན་ཏུ་མཐའ་ཡས་པའི་ས་དང༌། སྒྲུབ་པ་མཐར་ཕྱིན་པའི་ས་དང་ལྔའོ། །ཆུ་རྣམ་པ་ལྔ་ནི། འགྱུར་བ་མེད་པའི་ཆུ་དང༌། ཞི་བ་གསལ་དག་གི་ཆུ་དང༌། ཡོན་ཏན་འབྱུང་བ་རྒྱས་པའི་ཆུ་དང༌། ཆགས་པ་མེད་པའི་ཆུ་དང༌། འཛིན་མེད་རྫོགས་པའི་ཆུ་དང་ལྔའོ། །ནམ་མཁའ་ལྔ་ནི། སྤྱི་ཀུན་ལ་ཁྱབ་པའི་ནམ་མཁའ་དང༌། ཡུལ་མེད་གསལ་དངས་ཀྱི་ནམ་མཁའ་དང༌། །མ་འདྲེས་དག་པའི་ནམ་མཁའ་དང༌། དོན་མཚོན་བྱེད་ཀྱི་ནམ་མཁའ་དང༌། དག་པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་མཁའ་དང་ལྔའོ། །དེ་ལྟར་འབྱུང་བ་ལྔ་ཉིད་རང་ལ་རང་བཞིན་གྱི་གནས་སོ། །དེ་ཡང་བཤད་ལུགས་འདི་ལྟར་ཡིན་ནོ། །སྲོག་འཛིན་པའི་རླུང་ལ་ཡང་ལྔ་སྟེ། རྩ་བ་འཛིན་པའི་སྲོག་དང༌། སྐྱོད་བྱེད་ཀྱི་སྲོག་དང༌། རྣམ་པར་ཕྲ་བའི་སྲོག་དང༌། མི་གཙང་བའི་སྲོག་དང༌། རྣམ་པར་འདར་བྱེད་ཀྱི་སྲོག་དང་ལྔའོ། །མེ་དང་ལྷན་ཅིག་ཏུ་གནས་པའི་རླུང་ལའང་ལྔ་སྟེ། དངས་སྙིགས་འབྱེད་པའི་རླུང་དང༌། དྲོད་བསྐྱེད་པའི་རླུང་དང༌། གསལ་འགྱུར་གྱི་རླུང་དང༌། རྣམ་པར་སྡུད་པའི་རླུང་དང༌། རྣམ་པར་གཟེངས་བསྟོད་པའི་རླུང་དང་ལྔའོ། །བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ལའང་ལྔ་སྟེ། རྣམ་པར་ཤེས་པ་བསྐྱེད་པའི་རླུང་དང༌། རྣམ་པར་ཡིད་འབྱུང་བའི་རླུང་དང༌། རྣམ་པར་མདངས་དང་ལྡན་པའི་རླུང་དང༌། རྣམ་པར་སླེག་པའི་རླུང་དང༌། རྣམ་པར་རྒོད་པའི་རླུང་དང་ལྔའོ། །རྣམ་པར་ཁྱབ་བྱེད་ཀྱི་རླུང་ལའང་ལྔ་སྟེ། གཞི་ལ་ཁྱབ་བྱེད་ཀྱི་རླུང་དང༌། འཕྲལ་ལ་ཁྱབ་བྱེད་ཀྱི་རླུང་དང༌། དངང་ཞིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་དང༌། དྲན་པ་ཁྱབ་བྱེད་ཀྱི་རླུང་དང༌། འཛིན་པས་ཡུལ་ཀུན་ཁྱབ་པའི་རླུང་དང་ལྔའོ། །སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ལའང་ལྔ་སྟེ། རྣམ་པར་སྐྱོད་བྱེད་ཀྱི་རླུང་དང༌། རྣམ་པར་སྒྲོལ་བྱེད་ཀྱི་རླུང་དང༌། རྣམ་པར་ཟློག་བྱེད་ཀྱི་རླུང་དང༌། རྣམ་པར་མྱུར་བྱེད་ཀྱི་རླུང་དང༌། སྐད་ཅིག་མའི་རླུང་དང་ལྔའོ་ཞེས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་སྲིད་པར་འཁྲུལ་ཚུལ་གྱི་རིམ་པ་སྟེ་རྡོ་རྗེའི་གནས་གཉིས་པ་རྒྱ་ཆེར་བཤད་པའོ། །

[edit]
rywikitexts e-text of the Beijing 2009 edition (vol. 19), with its page numbers ༼N༽.

ཙནྡན་དཀར་དམར་རྣམས་བསྲེས་པས་བསྐུ་མཉེ་བྱས་ན་ལུས་ཀྱི་ཁམས་དངས་མ་རྒྱས་ཤིང་འབྱུང་བ་མི་འཁྲུགས་པ་ཡིན་ནོ། །» «བཅོ་ལྔ་ནས་ཟས་ཟོས་པའི་སྙིགས་མ་ལ་བརྟེན་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མར་འཕེལ་ཏེ། ཚེས་བཅུ་དགུ་ལ་མགྲིན་པར་ཕུང་པོ་ལ་སོགས་པ་རྒྱས། ཉེར་གཉིས་ལ་སྙིང་གར་རྒྱས། གནམ་སྟོང་ལ་རྐང་མཐིལ་དུ་རྒྱས་པས། འབྲུ་མར་སྣ་ཚོགས་པ་དང་ཞིམ་ཚོ་དང་ཛཱ་ཏིའི་ཕྱེ་མ་བསྲེས་པའི་བསྐུ་མཉེ་བྱས་ཏེ་ཉི་མ་ལ་བསྲོས་པས་ཁམས་རྒྱས་ཏེ་དགེ་སྦྱོར་ངང་གིས་འགྲུབ། ཐིག་ལེ་ལ་བརྟེན་པའི་བསམ་གཏན་འཕེལ་ལོ། །དེ་ལྟར་ཀུན་རྫོབ་ཀྱི་ཐིག་ལེས་འབྱུང་བ་བཞི་དར་གུད་ཀྱི་ལས་བྱེད་དོ། །དོན་དམ་གྱི་ཐིག་ལེས་རྒྱུ་ཡེ་ཤེས། རྐྱེན་འོད་དང་ཁ་དོག» «བྱེད་ལས་སྐུ་དང་ཡེ་ཤེས་སྨིན་པའི་ལས་བྱེད་དོ། །དེ་ཡང་ཙིཏྟར་སྐུར་སྨིན་པར་བྱེད། རྩ་རྣམས་སུ་ཐིག་ལེར་སྨིན་པར་བྱེད། མིག་ཏུ་སྒྲོན་མ་བཞིར་སྨིན་པའི་ལས་བྱེད་དོ། །འབྲས་བུ་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའོ། །རང་བཞིན་གྱི་ཐིག་ལེ་ནི་མཉམ་གཞག་གི་དུས་ན་ཆོས་ཉིད་ཀྱི་ཐིག་ལེ། དེ་ལ་ཉམས་སྐྱེས་པའི་དུས་ན་ཆོས་ཉིད་རྣམ་པར་དག་པའི་ཐིག་ལེ། སྣང་བའི་དུས་ན་དབྱིངས་ཀྱི་ཐིག་ལེ། དེ་ལས་འཕེལ་བ་འབྱུང་བའི་དུས་ན་དབྱིངས་རྣམ་པར་དག་པའི་ཐིག་ལེ། དེ་ཉིད་རྫོགས་པའི་དུས་ན་ཀུན་ཏུ་བཟང་པོའི་ཐིག་ལེ། དེ་ཉིད་ཕྱིར་ཤར་བའི་དུས་ན་ཡེ་ཤེས་ཆེན་པོའི་ཐིག་ལེའོ། །དེ་དག་ཀྱང་ཐལ་འགྱུར་ལས། ཙིཏྟའི་ནང་ན་སྐུར་གནས་ཏེ། །གདངས་ཀྱི་སྐུ་ནི་རྣམ་པ་ལྔས། །» «སོ་སོའི་རིགས་ཀྱི་མཚན་ཉིད་འཛིན། །ཟེར་གྱི་སྐུ་ནི་དྲུག་གིས་ཀྱང༌། །རང་བཞིན་སྣང་བའི་ཆོས་ཉིད་སྡུད། །དག་པའི་སྐུ་ནི་རྣམ་གསུམ་གྱིས། །མྱ་ངན་འདས་པའི་ས་མཚམས་འཛིན། །རྣམ་པའི་སྐུ་ནི་བརྒྱད་ཀྱིས་ཀྱང༌། །ས་ལམ་རྫོགས་པའི་བྱ་བ་བྱེད། །རྩ་ཡི་ནང་ན་ཐིག་ལེ་སྟེ། །འཇུག་པའི་ཐིག་ལེ་རྣམ་གསུམ་གྱིས། །འཁོར་འདས་འབྲེལ་བའི་ས་བོན་འདེབས། །སྐྱེ་བའི་ཐིག་ལེ་ལྔ་ཡིས་ཀྱང༌། །རྣལ་འབྱོར་ཉམས་ཀྱི་དཀྱིལ་འཁོར་རྫོགས། །བཀོད་པའི་ཐིག་ལེ་དྲུག་གིས་ནི། །ཆོས་ཉིད་དུ་མ་གཅིག་ཏུ་སྡུད། །དེ་དང་དེ་ལ་བརྟེན་པ་ཡིས། །» «ཆོས་ཀུན་མཉམ་པའི་བདག་ཉིད་དོ། །ཞེས་སོ། །དོན་གསུམ་པ་ཁྱབ་བྱེད་འབྱུང་བའི་ཚང་ཚུལ་ལ། རླུང་ལྔ་ལས་ཕྱེ་བ་ནི་ཉི་ཤུ་རྩ་ལྔས་ཡེ་ཤེས་ཀྱི་གདངས་བྱེད་པར་ཁྱབ་ཅིང་ལུས་ལ་ཚང༌། མེ་ལྔས་ཡེ་ཤེས་ཀྱི་རྩལ་བྱེད་པར་ལུས་ལ་ཚང༌། ས་ལྔས་ཡེ་ཤེས་ཀྱི་ངོ་བོ་བསྟན་པར་ལུས་ལ་ཚང༌། ཆུ་ལྔས་ཡེ་ཤེས་ཀྱི་ཡུལ་བྱེད་པར་ཚང༌། ནམ་མཁའ་ལྔས་ཡེ་ཤེས་ཀྱི་གནས་བྱེད་པར་ཚང་བའོ། །» «དེ་ལ་ས་ལྔའི་གནས་ཚུལ་ནི། ཀུན་ཏུ་སྣང་བའི་ས་རིག་པ་དང་ལྷན་ཅིག་ཏུ་གནས། མི་འགྱུར་བ་རྡོ་རྗེའི་ས་སྒྲོན་མ་དང་ལྷན་ཅིག་ཏུ་གནས། ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས་ཐིག་ལེ་དང་ལྷན་ཅིག་ཏུ་གནས། སྣང་བ་སྟོན་པ་ཀུན་ཏུ་མཐའ་ཡས་པའི་ས་དབྱིངས་ཡེ་ཤེས་གཉིས་དང་ལྷན་ཅིག་ཏུ་གནས། སྒྲུབ་པ་མཐར་ཕྱིན་པའི་ས་ཤེས་རབ་དང་ལྷན་ཅིག་ཏུ་གནས་སོ། །ཆུ་ལྔ་ལས། འགྱུར་བ་མེད་པའི་ཆུ་རྩ་ཐམས་ཅད་ལ་གནས། ཞི་བ་གསལ་དག་གི་ཆུ་རུས་པ་ཐམས་ཅད་ལ་གནས། ཡོན་ཏན་རྒྱས་པའི་ཆུ་ཁྲག་ཐམས་ཅད་ལ་གནས། ཆགས་པ་མེད་པའི་ཆུ་ཆུ་སེར་ཐམས་ཅད་ལ་གནས། འཛིན་མེད་རྫོགས་པའི་ཆུ་མིག་གི་ནང་ན་གནས་སོ། །མེ་ལྔ་ལས། ཕྱི་ནང་ཀུན་ཏུ་ཁྱབ་བྱེད་ཀྱི་མེ་གློ་བ་ན་གནས། ཕྱི་ནང་ཀུན་གསལ་གྱི་མེ་མིག་གཉིས་དང་ཡན་ལག་ལ་གནས། ཕྱི་ནང་ཀུན་ཏུ་མཉམ་པའི་མེ་ཤ་ལྤགས་བར་ན་གནས། ཕྱི་ནང་གི་བྱ་བ་རྟོག་པའི་མེ་རྐང་མཐིལ་གཉིས་ན་གནས། ཕྱི་ནང་གི་བྱ་བ་སྒྲུབ་པའི་མེ་ལག་མཐིལ་གཉིས་ན་གནས་སོ། །རླུང་ལྔ་ལས། སྲོག་འཛིན་པའི་རླུང་སྲོག་རྩ་ན་གནས། བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་སྨིན་ཕྲག་ན་གནས། མེ་དང་མཉམ་དུ་གནས་པའི་རླུང་ཕོ་བ་ན་གནས། ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་ལུས་ཀུན་ལ་ཁྱབ་པར་གནས། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་སྙིང་དང་སྙིང་ཤུན་གྱི་བར་ན་གནས་སོ། །ནམ་མཁའ་ལྔ་ལས། ཀུན་ལ་ཁྱབ་པའི་ནམ་མཁའ་རིག་པ་དངོས་དང་དབྱེར་མེད་དུ་གནས། ཡུལ་མེད་གསལ་དངས་ཀྱི་ནམ་མཁའ་འོད་ལྔ་དང་དབྱེར་མེད་དུ་གནས། མ་འདྲེས་དག་པའི་ནམ་མཁའ་དབྱིངས་རྣམ་པར་དག་པ་དང་དབྱེར་མེད་དུ་གནས། དོན་མཚོན་བྱེད་ཀྱི་ནམ་མཁའ་རྟགས་ཀྱི་ཡེ་ཤེས་ཐིག་ལེ་སྟོང་པ་དང་དབྱེར་མེད་དུ་གནས། དག་པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་མཁའ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་དང་དབྱེར་མེད་དུ་གནས་སོ། །» «རླུང་ལྔ་ལ་ལྔ་ཚན་དུ་ཕྱེ་ན། སྲོག་འཛིན་པའི་རླུང་ལ། རྩ་བ་འཛིན་པའི་སྲོག་རླུང་གིས་རིག་པའི་མདངས་བསྐྱེད། སྐྱོད་«༼༡༽«བྱེད་ཀྱི་སྲོག་རླུང་གིས་ཐིག་ལེའི་མདངས་བསྐྱེད། རྣམ་པར་ཕྲ་བའི་སྲོག་རླུང་གིས་འོད་ཀྱི་མདངས་བསྐྱེད། མི་གཙང་བའི་སྲོག་རླུང་གིས་སེམས་དང་མ་རིག་པའི་མདངས་བསྐྱེད། རྣམ་པར་འདར་བྱེད་ཀྱི་སྲོག་རླུང་གིས་ཡིད་ཀྱི་མདངས་བསྐྱེད་དོ། །མེ་དང་ལྷན་ཅིག་གནས་པའི་རླུང་ལའང༌། དངས་སྙིགས་འབྱེད་པའི་རླུང་སྲོག་དང་གཉིས་སུ་མེད། དྲོད་བསྐྱེད་པའི་རླུང་རིག་པ་དང་གཉིས་སུ་མེད། གསལ་འགྱུར་གྱི་རླུང་སྒྲོན་མ་དང་གཉིས་སུ་མེད། རྣམ་པར་སྡུད་པའི་རླུང་ཐིག་ལེ་དང་གཉིས་སུ་མེད། རྣམ་པར་གཟེངས་བསྟོད་པའི་རླུང་ཤེས་རབ་དང་གཉིས་སུ་མེད་དོ། །» «བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ལའང༌། རྣམ་པར་ཤེས་པ་བསྐྱེད་པའི་རླུང་གིས་ཤེས་རབ་ཀྱི་ཡུལ་བྱེད། རྣམ་པར་ཡིད་འབྱུང་བའི་རླུང་གིས་སྣང་བའི་ཡུལ་བྱེད། རྣམ་པར་མདངས་དང་ལྡན་པའི་རླུང་གིས་སྒྲོན་མའི་ཡུལ་བྱེད། རྣམ་པར་སླེག་པའི་རླུང་གིས་མ་རིག་པའི་ཡུལ་བྱེད། རྣམ་པར་རྒོད་པའི་རླུང་གིས་ཡིད་ཀྱི་ཡུལ་བྱེད་དོ། །རྣམ་པར་ཁྱབ་བྱེད་ཀྱི་རླུང་ལའང༌། གཞི་ལ་ཁྱབ་བྱེད་ཀྱི་རླུང་ཡེ་ཤེས་ལ་སྣང༌། འཕྲལ་དུ་ཁྱབ་བྱེད་ཀྱི་རླུང་སྒྲོན་མ་ལ་སྣང༌། དངང་ཞིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་ཤེས་པ་ལ་སྣང༌། དྲན་པ་ཁྱབ་བྱེད་ཀྱི་རླུང་བསམ་པ་ལ་སྣང༌། འཛིན་པས་ཡུལ་ཀུན་ཁྱབ་པའི་རླུང་སེམས་ལ་སྣང་ངོ༌། །» «སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ལའང༌། རྣམ་པར་སྐྱོད་བྱེད་ཀྱི་རླུང་ཕུང་པོ་ལ་ཁྱབ། རྣམ་པར་སྒྲོལ་བྱེད་ཀྱི་རླུང་སྐད་ཅིག་མ་ལ་ཁྱབ། རྣམ་པར་ཟློག་བྱེད་ཀྱི་རླུང་བར་མ་དོ་ལ་ཁྱབ། རྣམ་པར་མྱུར་བྱེད་ཀྱི་རླུང་རྟོག་པ་ལ་ཁྱབ། སྐད་ཅིག་མའི་རླུང་སྐད་ཅིག་མ་གསུམ་ལ་ཁྱབ་སྟེ། དེ་དག་ཀྱང་རང་ཤར་ལས། འབྱུང་བ་ཆེན་པོ་ལྔ་ནི་རང་གི་ལུས་ལ་ཚང་ངོ༌། །དེ་ཡང་རླུང་རྣམ་པ་ལྔས་ཡེ་ཤེས་ཀྱི་གདངས་བྱེད་དོ། །མེ་རྣམ་པ་ལྔས་ཡེ་ཤེས་ཀྱི་རྩལ་བྱེད་དོ། །ས་རྣམ་པ་ལྔས་ཡེ་ཤེས་ཀྱི་ངོ་བོ་བྱེད་དོ། །ཆུ་རྣམ་པ་ལྔས་ཡེ་ཤེས་ཀྱི་ཡུལ་བྱེད་དོ། །ནམ་མཁའ་རྣམ་པ་ལྔས་ཡེ་ཤེས་ཀྱི་གནས་བྱེད་དོ། །རླུང་རྣམ་པ་ལྔ་གང་ཞེ་ན། སྲོག་འཛིན་གྱི་རླུང་དང༌། བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་དང༌། མེ་དང་མཉམ་དུ་གནས་པའི་རླུང་དང༌། ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་དང༌། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་དང་ལྔའོ། །རླུང་དེ་རྣམས་སེམས་ཅན་ཀུན་གྱི་ལུས་མགོ་མཇུག་ལ་གནས་པའོ། །མེ་ལ་ལྔ་སྟེ། ཕྱི་ནང་ཀུན་ཏུ་ཁྱབ་བྱེད་ཀྱི་མེ་དང༌། ཕྱི་ནང་ཀུན་གསལ་གྱི་མེ་དང༌། ཕྱི་ནང་ཀུན་ཏུ་མཉམ་པའི་མེ་དང༌། ཕྱི་ནང་གི་བྱ་བ་རྟོག་པའི་མེ་དང༌། ཕྱི་ནང་གི་བྱ་བ་སྒྲུབ་པའི་མེ་དང་ལྔའོ། །ས་ལའང་ལྔ་སྟེ། ཀུན་ཏུ་སྣང་བའི་ས་དང༌། མི་འགྱུར་བ་རྡོ་རྗེའི་ས་དང༌། ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས་དང༌། སྣང་བ་སྟོན་པ་ཀུན་ཏུ་མཐའ་ཡས་པའི་ས་དང༌། སྒྲུབ་པ་མཐར་ཕྱིན་པའི་ས་དང་ལྔའོ། །ཆུ་རྣམ་པ་ལྔ་ནི། འགྱུར་བ་མེད་པའི་ཆུ་དང༌། ཞི་བ་གསལ་དག་གི་ཆུ་དང༌། ཡོན་ཏན་འབྱུང་བ་རྒྱས་པའི་ཆུ་དང༌། ཆགས་པ་མེད་པའི་ཆུ་དང༌། འཛིན་མེད་རྫོགས་པའི་ཆུ་དང་ལྔའོ། །ནམ་མཁའ་ལྔ་ནི། སྤྱི་ཀུན་ལ་ཁྱབ་པའི་ནམ་མཁའ་དང༌། ཡུལ་མེད་གསལ་དངས་ཀྱི་ནམ་མཁའ་» «དང༌། མ་འདྲེས་དག་པའི་ནམ་མཁའ་དང༌། དོན་མཚོན་བྱེད་ཀྱི་ནམ་མཁའ་དང༌། དག་པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་མཁའ་དང་ལྔའོ། །དེ་ལྟར་འབྱུང་བ་ལྔ་ཉིད་རང་ལ་རང་བཞིན་གྱིས་གནས་སོ། །» «དེ་ཡང་བཤད་ལུགས་འདི་ལྟར་ཡིན་ནོ། །སྲོག་འཛིན་པའི་རླུང་ལ་ཡང་ལྔ་སྟེ། རྩ་བ་འཛིན་པའི་སྲོག་དང༌། སྐྱོད་བྱེད་ཀྱི་སྲོག་དང༌། རྣམ་པར་ཕྲ་བའི་སྲོག་དང༌། མི་གཙང་བའི་སྲོག་དང༌། རྣམ་པར་འདར་བྱེད་ཀྱི་སྲོག་དང་» «ལྔའོ། །མེ་དང་ལྷན་ཅིག་ཏུ་གནས་པའི་རླུང་ལའང་ལྔ་སྟེ། དངས་སྙིགས་འབྱེད་པའི་རླུང་དང༌། དྲོད་བསྐྱེད་པའི་རླུང་དང༌། གསལ་འགྱུར་གྱི་རླུང་དང༌། རྣམ་པར་སྡུད་པའི་རླུང་དང༌། རྣམ་པར་གཟེངས་བསྟོད་པའི་རླུང་དང་ལྔའོ། །བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ལའང་ལྔ་སྟེ། རྣམ་པར་ཤེས་པ་བསྐྱེད་པའི་རླུང་དང༌། རྣམ་པར་ཡིད་འབྱུང་བའི་རླུང་དང༌། རྣམ་པར་མདངས་དང་ལྡན་པའི་རླུང་དང༌། རྣམ་པར་སླེག་པའི་རླུང་དང༌། རྣམ་པར་རྒོད་པའི་རླུང་དང་ལྔའོ། །རྣམ་པར་ཁྱབ་བྱེད་ཀྱི་རླུང་ལའང་ལྔ་སྟེ། གཞི་ལ་ཁྱབ་བྱེད་ཀྱི་རླུང་དང༌། འཕྲལ་ལ་ཁྱབ་བྱེད་ཀྱི་རླུང་དང༌། དངང་ཞིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་དང༌། དྲན་པ་ཁྱབ་བྱེད་ཀྱི་རླུང་དང༌། འཛིན་པས་ཡུལ་ཀུན་ཁྱབ་པའི་རླུང་དང་» «ལྔའོ། །སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ལའང་ལྔ་སྟེ། རྣམ་པར་སྐྱོད་བྱེད་ཀྱི་རླུང་དང༌། རྣམ་པར་སྒྲོལ་བྱེད་ཀྱི་རླུང་དང༌།རྣམ་པར་ཟློག་བྱེད་ཀྱི་རླུང་དང༌། རྣམ་པར་མྱུར་བྱེད་ཀྱི་རླུང་དང༌། སྐད་ཅིག་མའི་རླུང་དང་ལྔའོ་ཞེས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་སྲིད་པར་འཁྲུལ་ཚུལ་གྱི་རིམ་པ་སྟེ་རྡོ་རྗེའི་གནས་གཉིས་པ་རྒྱ་ཆེར་བཤད་པའོ།། » «།།

[edit]
OCR of the BDRC scans (I1CZ5003), gorn05 tibocr 2026: BDRC OCR on 239 pages, Mitra OCR on 125 pages (the model with more recognisable syllables on each page).

[p. 211] ཙནྡན་དཀར་དམར་རྣམས་བསྲེས་པའི་བསྐུ་མཉེ་བྱས་ན་ལུས་ཀྱི་ཁམས་དངས་མ་རྒྱས་ཤིང་འབྱུང་བ་མི་འཁྲུགས་པ་ཡིན་ནོ། །བཅོ་ལྔ་ནས་ཟས་ཟོས་པའི་སྙིགས་མ་ལ་བརྟེན་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མར་འཕེལ་ ཏེ། ཚེས་བཅུ་དགུ་ལ་མགྲིན་པར་ཕུང་པོ་ལ་སོགས་པ་རྒྱས། ཉེར་གཉིས་ལ་སྙིང་གར་རྒྱས། གནམ་སྟོང་ལ་རྐང་མཐིལ་དུ་རྒྱས་པས། འབྲུ་མར་སྣ་ཚོགས་པ་དང་ཞིམ་ཚོ་དང་ཛཱ་ཏིའི་ཕྱེ་མ་བསྲེས་པའི་བསྐུ་མཉེ་བྱས། ཏེ་ཉི་མ་ལ་བསྲོས་པས་ཁམས་ རྒྱས་ཏེ་དགེ་སྦྱོར་དང་གིས་འགྲུབ། ཐིག་ལེ་ལ་བརྟེན་པའི་བསམ་གཏན་འཕེལ་ལོ། །དེ་ལྟར་ཀུན་རྫོབ་ཀྱི་ཐིག་ལེས་འབྱུང་བ་བཞི་དར་གུད་ཀྱི་ལས་བྱེད་དོ། །དོན་དམ་གྱི་ཐིག་ལེས་རྒྱུ་ཡེ་ཤེས། རྐྱེན་འོད་དང་ཁ་དོག །བྱེད་ལས་སྐུ་དང་ཡེ་ ཤེས་སྨིན་པའི་ལས་བྱེད་དོ། །དེ་ཡང་ཙིཏྟར་སྐུར་སྨིན་པར་བྱེད། རྩ་རྣམས་སུ་ཐིག་ལེར་སྨིན་པར་བྱེད། མིག་ཏུ་སྒྲོན་མ་བཞིར་སྨིན་པའི་ལས་བྱེད་དོ། འབྲས་བུ་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའོ། །རང་བཞིན་གྱི་ཐིག་ལེ་ནི་ མཉམ་གཞག་གི་དུས་ན་ཆོས་ཉིད་ཀྱི་ཐིག་ལེ། དེ་ལ་ཉམས་སྐྱེས་པའི་དུས་ན་ཆོས་ཉིད་རྣམ་པར་དག་པའི་ཐིག་ལེ། སྣང་བའི་དུས་ན་དབྱིངས་ཀྱི་ཐིག་ལེ། དེ་ལས་འཕེལ་བ་འབྱུང་བའི་དུས་ན་དབྱིངས་རྣམ་པར་དག་པའི་ཐིག་ལེ་དེ་ཉིད་རྫོགས་

[p. 212] པའི་དུས་ན་ཀུན་ཏུ་བཟང་པོའི་ཐིག་ལེ། དེ་ཉིད་ཕྱིར་ཤར་བའི་དུས་ན་ཡེ་ཤེས་ཆེན་པོའི་ཐིག་ལེའོ། །དེ་དག་ཀྱང་ཐལ་འགྱུར་ལས། ཙིཏྟའི་ནང་ན་སྐུར་གནས་ཏེ། །གདངས་ཀྱི་སྐུ་ནི་རྣམ་པ་ལྔས། །སོ་སོའི་རིགས་ཀྱི་མཚན་ཉིད་ འཛིན། །ཟེར་གྱི་སྐུ་ནི་དྲུག་གིས་ཀྱང་། །རང་བཞིན་སྣང་བའི་ཆོས་ཉིད་སྡུད། །དག་པའི་སྐུ་ནི་རྣམ་གསུམ་གྱིས། །མྱ་ངན་འདས་པའི་ས་མཚམས་འཛིན། །རྣམ་པའི་སྐུ་ནི་བརྒྱད་ཀྱིས་ཀྱང་། །ས་ལམ་རྫོགས་པའི་བྱ་བ་བྱེད། ། རྩ་ཡི་ནང་ན་ཐིག་ལེ་སྟེ། །འཇུག་པའི་ཐིག་ལེ་རྣམ་གསུམ་གྱིས། །འཁོར་འདས་འབྲེལ་བའི་ས་བོན་འདེབས། །སྐྱེ་བའི་ཐིག་ལེ་ལྔ་ཡིས་ཀྱང་། །རྣལ་འབྱོར་ཉམས་ཀྱི་དཀྱིལ་འཁོར་རྫོགས། །བཀོད་པའི་ཐིག་ལེ་དྲུག་གིས་ནི། །ཆོས་ཉིད་ དུ་མ་གཅིག་ཏུ་སྡུད། །དེ་དང་དེ་ལ་བརྟེན་པ་ཡིས། །ཆོས་ཀུན་མཉམ་པའི་བདག་ཉིད་དོ། །ཞེས་སོ། །དོན་གསུམ་པ་ཁྱབ་བྱེད་འབྱུང་བའི་ཆང་ཚུལ་ལ། རླུང་ལྔ་ལས་ཕྱེ་བ་ཉི་ཤུ་རྩ་ལྔས་ཡེ་ཤེས་ཀྱི་གདངས་བྱེད་པར་ཁྱབ་ཅིང་ལུས་ལ་ཚང་། མེ་ལྔས་ ཡེ་ཤེས་ཀྱི་རྩལ་བྱེད་པར་ལུས་ལ་ཚང་། ས་ལྔས་ཡེ་ཤེས་ཀྱི་ངོ་བོ་བསྟན་པར་ལུས་ལ་ཚང་། ཆུ་ལྔས་ཡེ་ཤེས་ཀྱི་ཡུལ་བྱེད་པར་ཚང་། ནམ་མཁའ་ལྔས་ཡེ་ཤེས་ཀྱི་གནས་བྱེད་པར་ཚང་བའོ། །དེ་ལ་ས་ལྔའི་གནས་ཚུལ་ནི། ཀུན་ཏུ་སྣང་བའི་ས་རིག་ པ་དང་ལྷན་ཅིག་ཏུ་གནས། མི་འགྱུར་བ་རྡོ་རྗེའི་ས་སྒྲོན་མ་དང་ལྷན་ཅིག་ཏུ་གནས། ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས་ཐིག་ལེ་དང་ལྷན་ཅིག་ཏུ་གནས། སྣང་བ་སྟོན་པ་ཀུན་ཏུ་མཐའ་ཡས་པའི་ས་དབྱིངས་ཡེ་ཤེས་གཉིས་དང་ལྷན་ཅིག་ཏུ་གནས། སྒྲུབ་ པ་མཐར་ཕྱིན་པའི་ས་ཤེས་རབ་དང་ལྷན་ཅིག་ཏུ་གནས་སོ། །ཆུ་ལྔ་ལས། འགྱུར་བ་མེད་པའི་ཆུ་རྩ་ཐམས་ཅད་ལ་གནས། ཞི་བ་གསལ་དག་གི་ཆུ་རུས་པ་ཐམས་ཅད་ལ་གནས། ཡོན་ཏན་རྒྱས་པའི་ཆུ་ཁྲག་ཐམས་ཅད་ལ་གནས། ཆགས་པ་མེད་པའི་

[p. 213] ༄༅། །ཆུ་ཆུ་སེར་ཐམས་ཅད་ལ་གནས། འཛིན་མེད་རྫོགས་པའི་ཆུ་མིག་གི་ནང་ན་གནས་སོ། །མེ་ལྔ་ལས། ཕྱི་ནང་ཀུན་དུ་ཁྱབ་བྱེད་ཀྱི་མེ་གློ་བ་ན་གནས། ཕྱི་ནང་ཀུན་གསལ་གྱི་མེ་མིག་གཉིས་དང་ཡན་ལག་ལ་གནས། ཕྱི་ནང་ཀུན་དུ་མཉམ་ པའི་མེ་ཤ་ལྔ་གས་བར་ན་གནས། ཕྱི་ནང་གི་བྱ་བ་རྟོག་པའི་མེ་རྐང་མཐིལ་གཉིས་ན་གནས། ཕྱི་ནང་གི་བྱ་བ་སྒྲུབ་པའི་མེ་ལག་མཐིལ་གཉིས་ན་གནས་སོ། །རླུང་ལྔ་ལས། སྲོག་འཛིན་པའི་རླུང་སྲོག་རྩ་ན་གནས། བཀྲག་དང་གཟི་མདངས་བསྐྱེད་པའི་ རླུང་སྨིན་ཕྲག་ན་གནས། མེ་དང་མཉམ་དུ་གནས་པའི་རླུང་ཕོ་བ་ན་གནས། ཀུན་དུ་ཁྱབ་བྱེད་ཀྱི་རླུང་ལུས་ཀུན་ལ་ཁྱབ་པར་གནས། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་སྙིང་དང་སྙིང་ཤུན་གྱི་བར་ན་གནས་སོ། ནམ་མཁའ་ལྔ་ལས། ཀུན་ལ་ཁྱབ་ པའི་ནམ་མཁའ་རིག་པ་དངོས་དང་དབྱེར་མེད་དུ་གནས། ཡུལ་མེད་གསལ་དངས་ཀྱི་ནམ་མཁའ་འོད་ལྔ་དང་དབྱེར་མེད་དུ་གནས། མ་འདྲེས་དག་པའི་ནམ་མཁའ་དབྱིངས་རྣམ་པར་དག་པ་དང་དབྱེར་མེད་དུ་གནས། དོན་མཚོན་བྱེད་ཀྱི་ནམ་མཁའ་རྟགས་ཀྱི་ཡེ་ ཤེས་ཐིག་ལེ་སྟོང་པ་དང་དབྱེར་མེད་དུ་གནས། དག་པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་མཁའ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་དང་དབྱེར་མེད་དུ་གནས་སོ། །རླུང་ལྔ་ལ་ལྔ་ཚན་དུ་ཕྱེ་ན། སྲོག་འཛིན་པའི་རླུང་ལ། རྩ་བ་འཛིན་པའི་སྲོག་རླུང་གིས་ རིག་པའི་མདངས་བསྐྱེད། སྐྱོད་བྱེད་ཀྱི་སྲོག་རླུང་གིས་ཐིག་ལེའི་མདངས་བསྐྱེད། རྣམ་པར་ཕྲ་བའི་སྲོག་རླུང་གིས་འོད་ཀྱི་མདངས་བསྐྱེད། མི་གཙང་བའི་སྲོག་རླུང་གིས་སེམས་དང་མ་རིག་པའི་མདངས་བསྐྱེད། རྣམ་པར་འདར་བྱེད་ཀྱི་སྲོག་རླུང་ གིས་ཡིད་ཀྱི་མདངས་བསྐྱེད་དོ། །མེ་དང་ལྷན་ཅིག་གནས་པའི་རླུང་ལའང་། བདས་སྙིགས་འབྱེད་པའི་རླུང་སྲོག་དང་གཉིས་སུ་མེད། དྲོད་བསྐྱེད་པའི་རླུང་རིག་པ་དང་གཉིས་སུ་མེད། གསལ་འགྱུར་གྱི་རླུང་སྒྲོན་མ་དང་གཉིས་སུ་མེད། རྣམ་པར་

[p. 214] སྡུད་པའི་རླུང་ཐིག་ལེ་དང་གཉིས་སུ་མེད། རྣམ་པར་གཟེངས་བསྟོད་པའི་རླུང་ཤེས་རབ་དང་གཉིས་སུ་མེད་དོ། །བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ལའང་། རྣམ་པར་ཤེས་པ་བསྐྱེད་པའི་རླུང་གིས་ཤེས་རབ་ཀྱི་ཡུལ་བྱེད། རྣམ་པར་ཡིད་འབྱུང་བའི་ རླུང་གིས་སྣང་བའི་ཡུལ་བྱེད། རྣམ་པར་མདངས་དང་ལྡན་པའི་རླུང་གིས་སྒྲོན་མའི་ཡུལ་བྱེད། རྣམ་པར་སླེབ་པའི་རླུང་གིས་མ་རིག་པའི་ཡུལ་བྱེད། རྣམ་པར་རྒོད་པའི་རླུང་གིས་ཡིད་ཀྱི་ཡུལ་བྱེད་དོ། །རྣམ་པར་ཁྱབ་བྱེད་ཀྱི་རླུང་ལའང་། གཞི་ ལ་ཁྱབ་བྱེད་ཀྱི་རླུང་ཡེ་ཤེས་ལ་སྣང་། འཕྲལ་དུ་ཁྱབ་བྱེད་ཀྱི་རླུང་སྒྲོན་མ་ལ་སྣང་། ད་རང་ཞིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་ཤེས་པ་ལ་སྣང་། དྲན་པ་ཁྱབ་བྱེད་ཀྱི་རླུང་བསམ་པ་ལ་སྣང་། འཛིན་པས་ཡུལ་ཀུན་ཁྱབ་པའི་རླུང་སེམས་ལ་སྣང་ངོ། །སྙིང་རྗེ་ མེད་པ་བསྐལ་པ་ལས་ཀྱི་རླུང་ལའང་། རྣམ་པར་སྐྱོད་བྱེད་ཀྱི་རླུང་ཕུང་པོ་ལ་ཁྱབ། རྣམ་པར་སྒྲོལ་བྱེད་ཀྱི་རླུང་སྐད་ཅིག་མ་ལ་ཁྱབ། རྣམ་པར་ཟློག་བྱེད་ཀྱི་རླུང་བར་མ་དོ་ལ་ཁྱབ། རྣམ་པར་མྱུར་བྱེད་ཀྱི་རླུང་རྟོག་པ་ལ་ཁྱབ། སྐད་ཅིག་མའི་རླུང་སྐད་ ཅིག་མ་གསུམ་ལ་ཁྱབ་སྟེ། དེ་དག་ཀྱང་རང་ཤར་ལས། འབྱུང་བ་ཆེན་པོ་ལྔ་ནི་རང་གི་ལུས་ལ་ཚང་ངོ། །དེ་ཡང་རླུང་རྣམ་པ་ལྔས་ཡེ་ཤེས་ཀྱི་གདངས་བྱེད་དོ། །མེ་རྣམ་པ་ལྔས་ཡེ་ཤེས་ཀྱི་རྩལ་བྱེད་དོ། །ས་རྣམ་པ་ལྔས་ཡེ་ཤེས་ཀྱི་ངོ་བོ་བྱེད་དོ། ། ཆུ་རྣམ་པ་ལྔས་ཡེ་ཤེས་ཀྱི་ཡུལ་བྱེད་དོ། །ནམ་མཁའ་རྣམ་པ་ལྔས་ཡེ་ཤེས་ཀྱི་གནས་བྱེད་དོ། །རླུང་རྣམ་པ་ལྔ་གང་ཞེ་ན། སྲོག་འཛིན་གྱི་རླུང་དང་། བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་དང་། མེ་དང་མཉམ་དུ་གནས་པའི་རླུང་དང་། ཀུན་དུ་ཁྱབ་ བྱེད་ཀྱི་རླུང་དང་། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་དང་ལྔའོ། །རླུང་དེ་རྣམས་སེམས་ཅན་ཀུན་གྱི་ལུས་མགོ་མཇུག་ལ་གནས་པའོ། །མེ་ལ་ལྔ་སྟེ། ཕྱི་ནང་ཀུན་དུ་ཁྱབ་བྱེད་ཀྱི་མེ་དང་། ཕྱི་ནང་ཀུན་གསལ་གྱི་མེ་དང་། ཕྱི་ནང་ཀུན་དུ་མཉམ་

[p. 215] པའི་མེ་དང་། ཕྱི་ནང་གི་བྱ་བ་རྟོག་པའི་མེ་དང་། ཕྱི་ནང་གི་བྱ་བ་སྒྲུབ་པའི་མེ་དང་ལྔའོ། །ས་ལའང་ལྔ་སྟེ། ཀུན་དུ་སྣང་བའི་ས་དང་། མི་འགྱུར་བ་རྡོ་རྗེའི་ས་དང་། ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས་དང་། སྣང་བ་སྟོན་པ་ཀུན་ དུ་མཐའ་ཡས་པའི་ས་དང་། སྒྲུབ་པ་མཐར་ཕྱིན་པའི་ས་དང་ལྔའོ། །ཆུ་རྣམ་པ་ལྔ་ནི། འགྱུར་བ་མེད་པའི་ཆུ་དང་། ཞི་བ་གསལ་དག་གི་ཆུ་དང་། ཡོན་ཏན་འབྱུང་བ་རྒྱས་པའི་ཆུ་དང་། ཆགས་པ་མེད་པའི་ཆུ་དང་། འཛིན་མེད་རྫོགས་པའི་ཆུ་ དང་ལྔའོ། །ནམ་མཁའ་ལྔ་ནི། སྤྱི་ཀུན་ལ་ཁྱབ་པའི་ནམ་མཁའ་དང་། ཡུལ་མེད་གསལ་དངས་ཀྱི་ནམ་མཁའ་དང་། མ་འདྲེས་དག་པའི་ནམ་མཁའ་དང་། དོན་མཚོན་བྱེད་ཀྱི་ནམ་མཁའ་དང་། དག་པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་ མཁའ་དང་ལྔའོ། །དེ་ལྟར་འབྱུང་བ་ལྔ་ཉིད་རང་ལ་རང་བཞིན་གྱིས་གནས་སོ། །དེ་ཡང་བཤད་ལུགས་འདི་ལྟར་ཡིན་ནོ། །སྲོག་འཛིན་པའི་རླུང་ལ་ཡང་ལྔ་སྟེ། རྩ་བ་འཛིན་པའི་སྲོག་དང་། སྐྱོད་བྱེད་ཀྱི་སྲོག་དང་། རྣམ་པར་ཕྲ་བའི་སྲོག་དང་། མི་གཙང་བའི་སྲོག་དང་། རྣམ་པར་འདར་བྱེད་ཀྱི་སྲོག་དང་ལྔའོ། །མེ་དང་ལྷན་ཅིག་ཏུ་གནས་པའི་རླུང་ལའང་ལྔ་སྟེ། དངས་སྙིགས་འབྱེད་པའི་རླུང་དང་། དྲོད་བསྐྱེད་པའི་རླུང་དང་། གསལ་འགྱུར་གྱི་རླུང་དང་། རྣམ་པར་སྡུད་པའི་རླུང་དང་། རྣམ་པར་ གཟེངས་བསྟོད་པའི་རླུང་དང་ལྔའོ། །བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ལའང་ལྔ་སྟེ། རྣམ་པར་ཤེས་པ་བསྐྱེད་པའི་རླུང་དང་། རྣམ་པར་ཡིད་འབྱུང་བའི་རླུང་དང་། རྣམ་པར་མདངས་དང་ལྡན་པའི་རླུང་དང་། རྣམ་པར་སླེག་པའི་རླུང་དང་། རྣམ་པར་རྒོད་པའི་རླུང་དང་ལྔའོ། །རྣམ་པར་ཁྱབ་བྱེད་ཀྱི་རླུང་ལའང་ལྔ་སྟེ། གཞི་ལ་ཁྱབ་བྱེད་ཀྱི་རླུང་དང་། འཕྲལ་ལ་ཁྱབ་བྱེད་ཀྱི་རླུང་དང་། ད་རང་ཞིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་དང་། དྲན་པ་ཁྱབ་བྱེད་ཀྱི་རླུང་དང་། འཛིན་པས་ཡུལ་ཀུན་ཁྱབ་པའི་རླུང་

[p. 216] དང་ལྔའོ། །སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ལའང་ལྔ་སྟེ། རྣམ་པར་སྤྱོད་བྱེད་ཀྱི་རླུང་དང་། རྣམ་པར་སྒྲོལ་བྱེད་ཀྱི་རླུང་དང་། རྣམ་པར་ཟློག་བྱེད་ཀྱི་རླུང་དང་། རྣམ་པར་མྱུར་བྱེད་ཀྱི་རླུང་དང་། སྐད་ཅིག་མའི་རླུང་དང་ལྔའོ་ཞེས་སོ། །ཚིག་དོན་རིན་ པོ་ཆེའི་མཛོད་ལས་སྲིད་པར་འཁྲུལ་ཚུལ་གྱི་རིམ་པ་སྟེ་རྡོ་རྗེའི་གནས་གཉིས་པ་རྒྱ་ཆེར་བཤད་པའོ།། །།

[edit]
OCR of the BDRC scans (I2PD20603), gorn05 tibocr 2026: BDRC OCR on 248 pages, Mitra OCR on 119 pages (the model with more recognisable syllables on each page).

[p. 433] ཙནྡན་དཀར་དམར་རྣམས་བསྲེས་པའི་བསྐུ་མཉེ་བྱས་ན་ལུས་ཀྱི་ཁམས་དངས་མ་རྒྱས་ཤིང་འབྱུང་བ་མི་འཁྲུགས་པ་ཡིན་ནོ། །བཅོ་ལྔ་ནས་ཟས་ཟོས་པའི་སྙིགས་མ་ལ་བརྟེན་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མར་འཕེལ་ཏེ། ཚེས་བཅུ་དགུ་ལ་མགྲིན་པར་ཕུང་པོ་ལ་སོགས་པ་རྒྱས། ཉེར་གཉིས་ལ་སྙིང་གར་རྒྱས། གནམ་སྟོང་ལ་རྐང་མཐིལ་དུ་རྒྱས་པས། འབྲུ་མར་སྣ་ཚོགས་པ་དང་ཞིམ་ཚོ་དང་ཛཱ་ཏིའི་ཕྱེ་མ་བསྲེས་པའི་བསྐུ་མཉེ་བྱས། ཏེ་ཉི་མ་ལ་བསྲོས་པས་ཁམས་རྒྱས་ཏེ་དགེ་སྦྱོར་དང་གིས་འགྲུབ། ཐིག་ལེ་ལ་བརྟེན་པའི་བསམ་གཏན་འཕེལ་ལོ། །དེ་ལྟར་ཀུན་རྫོབ་ཀྱི་ཐིག་ལེས་འབྱུང་བ་བཞི་དར་གུད་ཀྱི་ལས་བྱེད་དོ། །དོན་དམ་གྱི་ཐིག་ལེས་རྒྱུ་ཡེ་ཤེས། རྐྱེན་འོད་དང་ཁ་དོག །བྱེད་ལས་སྐུ་དང་ཡེ་ཤེས་སྨིན་པའི་ལས་བྱེད་དོ། །དེ་ཡང་ཙིཏྟར་སྐུར་སྨིན་པར་བྱེད། རྩ་རྣམས་སུ་ཐིག་ལེར་སྨིན་པར་བྱེད། མིག་ཏུ་སྒྲོན་མ་བཞིར་སྨིན་པའི་ལས་བྱེད་དོ། འབྲས་བུ་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའོ། །རང་བཞིན་གྱི་ཐིག་ལེ་ནི་མཉམ་གཞག་གི་དུས་ན་ཆོས་ཉིད་ཀྱི་ཐིག་ལེ། དེ་ལ་ཉམས་སྐྱེས་པའི་དུས་ན་ཆོས་ཉིད་རྣམ་པར་དག་པའི་ཐིག་ལེ། སྣང་བའི་དུས་ན་དབྱིངས་ཀྱི་ཐིག་ལེ། དེ་ལས་འཕེལ་བ་འབྱུང་བའི་དུས་ན་དབྱིངས་རྣམ་པར་དག་པའི་ཐིག་ལེ་དེ་ཉིད་རྫོགས་

[p. 434] པའི་དུས་ན་ཀུན་དུ་བཟང་པོའི་ཐིག་ལེ། དེ་ཉིད་ཕྱིར་ཤར་བའི་དུས་ན་ཡེ་ཤེས་ཆེན་པོའི་ཐིག་ལེའོ། །དེ་དག་ཀྱང་ཐལ་འགྱུར་ལས། ཙིཏྟའི་ནང་ན་སྐུར་གནས་ཏེ། །གདངས་ཀྱི་སྐུ་ནི་རྣམ་པ་ལྔས། །སོ་སོའི་རིགས་ཀྱི་མཚན་ཉིད་ འཛིན། །ཟེར་གྱི་སྐུ་ནི་དྲུག་གིས་ཀྱང་། །རང་བཞིན་སྣང་བའི་ཆོས་ཉིད་སྡུད། །དག་པའི་སྐུ་ནི་རྣམ་གསུམ་གྱིས། །མྱ་ངན་འདས་པའི་ས་མཚམས་འཛིན། །རྣམ་པའི་སྐུ་ནི་བརྒྱད་ཀྱིས་ཀྱང་། །ས་ལམ་རྫོགས་པའི་བྱ་བ་བྱེད། ། རྩ་ཡི་ནང་ན་ཐིག་ལེ་སྟེ། །འཇུག་པའི་ཐིག་ལེ་རྣམ་གསུམ་གྱིས། །འཁོར་འདས་འབྲེལ་བའི་ས་བོན་འདེབས། །སྐྱེ་བའི་ཐིག་ལེ་ལྔ་ཡིས་ཀྱང་། །རྣལ་འབྱོར་ཉམས་ཀྱི་དཀྱིལ་འཁོར་རྫོགས། །བཀོད་པའི་ཐིག་ལེ་དྲུག་གིས་ནི། །ཆོས་ཉིད་ དུ་མ་གཅིག་ཏུ་སྡུད། །དེ་དང་དེ་ལ་བརྟེན་པ་ཡིས། །ཆོས་ཀུན་མཉམ་པའི་བདག་ཉིད་དོ། །ཞེས་སོ། །དོན་གསུམ་པ་ཁྱབ་བྱེད་འབྱུང་བའི་ཆང་ཚུལ་ལ། རླུང་ལྔ་ལས་ཕྱེ་བ་ཉི་ཤུ་རྩ་ལྔས་ཡེ་ཤེས་ཀྱི་གདངས་བྱེད་པར་ཁྱབ་ཅིང་ལུས་ལ་ཚང་། མེ་ལྔས་ ཡེ་ཤེས་ཀྱི་རྩལ་བྱེད་པར་ལུས་ལ་ཚང་། ས་ལྔས་ཡེ་ཤེས་ཀྱི་ངོ་བོ་བསྟན་པར་ལུས་ལ་ཚང་། ཆུ་ལྔས་ཡེ་ཤེས་ཀྱི་ཡུལ་བྱེད་པར་ཚང་། ནམ་མཁའ་ལྔས་ཡེ་ཤེས་ཀྱི་གནས་བྱེད་པར་ཚང་བའོ། །དེ་ལ་ས་ལྔའི་གནས་ཚུལ་ནི། ཀུན་དུ་སྣང་བའི་ས་རིག་ པ་དང་ལྷན་ཅིག་ཏུ་གནས། མི་འགྱུར་བ་རྡོ་རྗེའི་ས་སྒྲོན་མ་དང་ལྷན་ཅིག་ཏུ་གནས། ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས་ཐིག་ལེ་དང་ལྷན་ཅིག་ཏུ་གནས། སྣང་བ་སྟོན་པ་ཀུན་དུ་མཐའ་ཡས་པའི་ས་དབྱིངས་ཡེ་ཤེས་གཉིས་དང་ལྷན་ཅིག་ཏུ་གནས།སྒྲུབ་ པ་མཐར་ཕྱིན་པའི་ས་ཤེས་རབ་དང་ལྷན་ཅིག་ཏུ་གནས་སོ། །ཆུ་ལྔ་ལས། འགྱུར་བ་མེད་པའི་ཆུ་རྩ་ཐམས་ཅད་ལ་གནས། ཞི་བ་གསལ་དག་གི་ཆུ་རུས་པ་ཐམས་ཅད་ལ་གནས། ཡོན་ཏན་རྒྱས་པའི་ཆུ་ཁྲག་ཐམས་ཅད་ལ་གནས། ཆགས་པ་མེད་པའི་

[p. 435] ཆུ་ཆུ་སེར་ཐམས་ཅད་ལ་གནས། འཛིན་མེད་རྫོགས་པའི་ཆུ་མིག་གི་ནང་ན་གནས་སོ། །མེ་ལྔ་ལས། ཕྱི་ནང་ཀུན་དུ་ཁྱབ་བྱེད་ཀྱི་མེ་གློ་བ་ན་གནས། ཕྱི་ནང་ཀུན་གསལ་གྱི་མེ་མིག་གཉིས་དང་ཡོན་ལོག་ལ་གནས། ཕྱི་ནང་ཀུན་དུ་མཉམ་ པའི་མེ་ཤ་ལྤགས་པར་ན་གནས། ཕྱི་ནང་གི་བྱ་བ་རྟོག་པའི་མེ་རྐང་མཐིལ་གཉིས་ན་གནས། ཕྱི་ནང་གི་བྱ་བ་སྒྲུབ་པའི་མེ་ལག་མཐིལ་གཉིས་ན་གནས་སོ། །རླུང་ལྔ་ལས། སྲོག་འཛིན་པའི་རླུང་སྲོག་རྩ་ན་གནས། བཀྲག་དང་གཟི་མདངས་བསྐྱེད་པའི་རྩ་ རླུང་སྨིན་ཕྲག་ན་གནས། མེ་དང་མཉམ་དུ་གནས་པའི་རླུང་ཕོ་བ་ན་གནས། ཀུན་དུ་ཁྱབ་བྱེད་ཀྱི་རླུང་ལུས་ཀུན་ལ་ཁྱབ་པར་གནས། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་སྙིང་དང་སྙིང་ཤུན་གྱི་བར་ན་གནས་སོ། ནམ་མཁའ་ལྔ་ལས། ཀུན་ལ་ཁྱབ་ པའི་ནམ་མཁའ་རིག་པ་དངོས་དང་དབྱེར་མེད་དུ་གནས། ཡུལ་མེད་གསལ་དངས་ཀྱི་ནམ་མཁའ་འོད་ལྔ་དང་དབྱེར་མེད་དུ་གནས། མ་འདྲེས་དག་པའི་ནམ་མཁའ་དབྱིངས་རྣམ་པར་དག་པ་དང་དབྱེར་མེད་དུ་གནས། དོན་མཚོན་བྱེད་ཀྱི་ནམ་མཁའ་རྟགས་ཀྱི་ཡེ་ ཤེས་ཐིག་ལེ་སྟོང་པ་དང་དབྱེར་མེད་དུ་གནས། དག་པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་མཁའ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་དང་དབྱེར་མེད་དུ་གནས་སོ། །རླུང་ལྔ་ལ་ལྔ་ཚན་དུ་ཕྱེ་ན། སྲོག་འཛིན་པའི་རླུང་ལ། རྩ་བ་འཛིན་པའི་སྲོག་རླུང་གིས་ རིག་པའི་མདངས་བསྐྱེད། སྐྱོང་བྱེད་ཀྱི་སྲོག་རླུང་གིས་ཐིག་ལེའི་མདངས་བསྐྱེད། རྣམ་པར་ཕྲ་བའི་སྲོག་རླུང་གིས་འོད་ཀྱི་མདངས་བསྐྱེད། མི་གཙང་བའི་སྲོག་རླུང་གིས་སེམས་དང་མ་རིག་པའི་མདངས་བསྐྱེད། རྣམ་པར་འདར་བྱེད་ཀྱི་སྲོག་རླུང་ གིས་ཡིད་ཀྱི་མདངས་བསྐྱེད་དོ། །མེ་དང་ལྷན་ཅིག་གནས་པའི་རླུང་ལའང་། དངས་སྙིགས་འབྱེད་པའི་རླུང་སྲོག་དང་གཉིས་སུ་མེད། དྲོད་བསྐྱེད་པའི་རླུང་རིག་པ་དང་གཉིས་སུ་མེད། གསལ་འགྱུར་གྱི་རླུང་སྒྲོན་མ་དང་གཉིས་སུ་མེད། རྣམ་པར་

[p. 436] སྡུད་པའི་རླུང་ཐིག་ལེ་དང་གཉིས་སུ་མེད། རྣམ་པར་གཟེངས་བསྟོད་པའི་རླུང་ཤེས་རབ་དང་གཉིས་སུ་མེད་དོ། །བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ལའང་། རྣམ་པར་ཤེས་པ་བསྐྱེད་པའི་རླུང་གིས་ཤེས་རབ་ཀྱི་ཡུལ་བྱེད། རྣམ་པར་ཡིད་འབྱུང་བའི་རླུང་གིས་སྣང་བའི་ཡུལ་བྱེད། རྣམ་པར་མདངས་དང་ལྡན་པའི་རླུང་གིས་སྒྲོན་མའི་ཡུལ་བྱེད། རྣམ་པར་སླེག་པའི་རླུང་གིས་མ་རིག་པའི་ཡུལ་བྱེད། རྣམ་པར་རྒོད་པའི་རླུང་གིས་ཡིད་ཀྱི་ཡུལ་བྱེད་དོ། །རྣམ་པར་ཁྱབ་བྱེད་ཀྱི་རླུང་ལའང་། གཞི་ལ་ཁྱབ་བྱེད་ཀྱི་རླུང་ཡེ་ཤེས་ལ་སྣང་། འཕྲལ་དུ་ཁྱབ་བྱེད་ཀྱི་རླུང་སྒྲོན་མ་ལ་སྣང་། ད་ངང་ཞིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་ཤེས་པ་ལ་སྣང་། དྲན་པ་ཁྱབ་བྱེད་ཀྱི་རླུང་བསམ་པ་ལ་སྣང་། འཛིན་པས་ཡུལ་ཀུན་ཁྱབ་པའི་རླུང་སེམས་ལ་སྣང་ངོ་། །སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ལའང་། རྣམ་པར་སྐྱོད་བྱེད་ཀྱི་རླུང་ཕུང་པོ་ལ་ཁྱབ། རྣམ་པར་སྒྲོལ་བྱེད་ཀྱི་རླུང་སྐད་ཅིག་མ་ལ་ཁྱབ། རྣམ་པར་ཟློག་བྱེད་ཀྱི་རླུང་བར་མ་དོ་ལ་ཁྱབ། རྣམ་པར་མྱུར་བྱེད་ཀྱི་རླུང་རྟོག་པ་ལ་ཁྱབ། སྐད་ཅིག་མའི་རླུང་སྐད་ཅིག་མ་གསུམ་ལ་ཁྱབ་སྟེ། དེ་དག་ཀྱང་རང་ཤར་ལས། འབྱུང་བ་ཆེན་པོ་ལྔ་ནི་རང་གི་ལུས་ལ་ཚང་ངོ་། །དེ་ཡང་རླུང་རྣམ་པ་ལྔས་ཡེ་ཤེས་ཀྱི་གདངས་བྱེད་དོ། །མེ་རྣམ་པ་ལྔས་ཡེ་ཤེས་ཀྱི་རྩལ་བྱེད་དོ། །ས་རྣམ་པ་ལྔས་ཡེ་ཤེས་ཀྱི་ངོ་བོ་བྱེད་དོ། །རྒྱུ་རྣམ་པ་ལྔས་ཡེ་ཤེས་ཀྱི་ཡུལ་བྱེད་དོ། །ནམ་མཁའ་རྣམ་པ་ལྔས་ཡེ་ཤེས་ཀྱི་གནས་བྱེད་དོ། །རླུང་རྣམ་པ་ལྔ་གང་ཞེ་ན། སྲོག་འཛིན་གྱི་རླུང་དང་། བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་དང་། མེ་དང་མཉམ་དུ་གནས་པའི་རླུང་དང་། ཀུན་དུ་ཁྱབ་བྱེད་ཀྱི་རླུང་དང་། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་དང་ལྔའོ། །རླུང་དེ་རྣམས་སེམས་ཅན་ཀུན་གྱི་ལུས་མགོ་མཇུག་ལ་གནས་པའོ། །མེ་ལ་ལྔ་སྟེ། ཕྱི་ནང་ཀུན་དུ་ཁྱབ་བྱེད་ཀྱི་མེ་དང་། ཕྱི་ནང་ཀུན་གསལ་གྱི་མེ་དང་། ཕྱི་ནང་ཀུན་དུ་མཉམ་

[p. 437] ༄༅། །པའི་མེ་དང་། ཕྱི་ནང་གི་བྱ་བ་རྟོག་པའི་མེ་དང་། ཕྱི་ནང་གི་བྱ་བ་སྒྲུབ་པའི་མེ་དང་ལྔའོ། །ས་ལའང་ལྔ་སྟེ། ཀུན་དུ་སྣང་བའི་ས་དང་། མི་འགྱུར་བ་རྡོ་རྗེའི་ས་དང་། ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས་དང་། སྣང་བ་སྟོན་པ་ཀུན་ དུ་མཐའ་ཡས་པའི་ས་དང་། སྒྲུབ་པ་མཐར་ཕྱིན་པའི་ས་དང་ལྔའོ། །ཆུ་རྣམ་པ་ལྔ་ནི། འགྱུར་བ་མེད་པའི་ཆུ་དང་། ཞི་བ་གསལ་དག་གི་ཆུ་དང་། ཡོན་ཏན་འབྱུང་བ་རྒྱས་པའི་ཆུ་དང་། ཆགས་པ་མེད་པའི་ཆུ་དང་། འཛིན་མེད་རྫོགས་པའི་ཆུ་ དང་ལྔའོ། །ནམ་མཁའ་ལྔ་ནི། སྤྱི་ཀུན་ལ་ཁྱབ་པའི་ནམ་མཁའ་དང་། ཡུལ་མེད་གསལ་དངས་ཀྱི་ནམ་མཁའ་དང་། མ་འདྲེས་དག་པའི་ནམ་མཁའ་དང་། དོན་མཚོན་བྱེད་ཀྱི་ནམ་མཁའ་དང་། དག་པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་ མཁའ་དང་ལྔའོ། །དེ་ལྟར་འབྱུང་བ་ལྔ་ཉིད་རང་ལ་རང་བཞིན་གྱིས་གནས་སོ། །དེ་ཡང་བཤད་ལུགས་འདི་ལྟར་ཡིན་ནོ། །སྲོག་འཛིན་པའི་རླུང་ལ་ཡང་ལྔ་སྟེ། རྩ་བ་འཛིན་པའི་སྲོག་དང་། སྐྱོད་བྱེད་ཀྱི་སྲོག་དང་། རྣམ་པར་ཕྲ་བའི་སྲོག་དང་། མི་གཙང་བའི་སྲོག་དང་། རྣམ་པར་འདར་བྱེད་ཀྱི་སྲོག་དང་ལྔའོ། །མེ་དང་ལྷན་ཅིག་ཏུ་གནས་པའི་རླུང་ལའང་ལྔ་སྟེ། དངས་སྙིགས་འབྱེད་པའི་རླུང་དང་། དྲོད་བསྐྱེད་པའི་རླུང་དང་། གསལ་འགྱུར་གྱི་རླུང་དང་། རྣམ་པར་སྡུད་པའི་རླུང་དང་། རྣམ་པར་ གཟེངས་བསྟོད་པའི་རླུང་དང་ལྔའོ། །བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ལའང་ལྔ་སྟེ། རྣམ་པར་ཤེས་པ་བསྐྱེད་པའི་རླུང་དང་། རྣམ་པར་ཡིད་འབྱུང་བའི་རླུང་དང་། རྣམ་པར་མདངས་དང་ལྡན་པའི་རླུང་དང་། རྣམ་པར་སྲེག་པའི་རླུང་དང་། རྣམ་པར་རྒོད་པའི་རླུང་དང་ལྔའོ། །རྣམ་པར་ཁྱབ་བྱེད་ཀྱི་རླུང་ལའང་ལྔ་སྟེ། གཞི་ལ་ཁྱབ་བྱེད་ཀྱི་རླུང་དང་། འཕྲལ་ལ་ཁྱབ་བྱེད་ཀྱི་རླུང་དང་། ད་དང་ཞིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་དང་། དྲན་པ་ཁྱབ་བྱེད་ཀྱི་རླུང་དང་། འཛིན་པས་ཡུལ་ཀུན་ཁྱབ་པའི་རླུང་

[p. 438] དང་ལྔའོ། །སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ལའང་ལྔ་སྟེ། རྣམ་པར་སྤྱོད་བྱེད་ཀྱི་རླུང་དང་། རྣམ་པར་སྒྲོལ་བྱེད་ཀྱི་རླུང་དང་། རྣམ་པར་ཟློག་བྱེད་ཀྱི་རླུང་དང་། རྣམ་པར་མྱུར་བྱེད་ཀྱི་རླུང་དང་། སྐད་ཅིག་མའི་རླུང་དང་ལྔའོ་ཞེས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་སྲིད་པར་འཁྲུལ་ཚུལ་གྱི་རིམ་པ་སྟེ་རྡོ་རྗེའི་གནས་གཉིས་པ་རྒྱ་ཆེར་བཤད་པའོ།། །།

[edit]
OCR of the BDRC scans (I3CN4959), gorn05 tibocr 2026: BDRC OCR on 159 pages, Mitra OCR on 256 pages (the model with more recognisable syllables on each page).

[p. 93] བསྲེས་པས་བསྐུ་མཉེ་བྱས་ན་ལུས་ཀྱི་ཁམས་དངས་མ་རྒྱས་ཤིང་འབྱུང་བ་མི་ འཁྲུགས་པ་ཡིན་ནོ། །བཅོ་ལྔ་ནས་ཟས་ཟོས་པའི་སྙིགས་མ་ལ་བརྟེན་ནས་ཀུན་ རྫོབ་བྱང་ཆུབ་ཀྱི་སེམས་མར་འཕེལ་ཏེ། ཚེས་བཅུ་དགུ་ལ་མགྲིན་པར་ཕུང་པོ་ལ་ སོགས་པ་རྒྱས། ཉེར་གཉིས་ལ་སྙིང་གར་རྒྱས། གནམ་སྟོང་ལ་རྐང་མཐིལ་དུ་རྒྱས་ པས། འབྲུ་མར་སྣ་ཚོགས་པ་དང་ཞིམ་ཚོ་དང་ཛཱ་ཏིའི་ཕྱེ་མ་བསྲེས་པའི་བསྐུ་མཉེ་ བྱས་ཏེ་ཉི་མ་ལ་བསྲོས་པས་ཁམས་རྒྱས་ཏེ་དགེ་སྦྱོར་ངང་གིས་འགྲུབ། ཐིག་ལེ་ལ་ བརྟེན་པའི་བསམ་གཏན་འཕེལ་ལོ། །དེ་ལྟར་ཀུན་རྫོབ་ཀྱི་ཐིག་ལེས་འབྱུང་བ་ བཞི་དར་གུད་ཀྱི་ལས་བྱེད་དོ། །དོན་དམ་གྱི་ཐིག་ལེས་རྒྱུ་ཡེ་ཤེས། རྐྱེན་འོད་དང་ ཁ་དོག བྱེད་ལས་སྐུ་དང་ཡེ་ཤེས་སྨིན་པའི་ལས་བྱེད་དོ། །དེ་ཡང་ཙིཏྟར་སྐུར་སྨིན་ པར་བྱེད། རྩ་རྣམས་སུ་ཐིག་ལེར་སྨིན་པར་བྱེད། མིག་ཏུ་སྒྲོན་མ་བཞིར་སྨིན་པའི་ ལས་བྱེད་དོ། །འབྲས་བུ་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའོ། །རང་བཞིན་ གྱི་ཐིག་ལེ་ནི་མཉམ་གཞག་གི་དུས་ན་ཆོས་ཉིད་ཀྱི་ཐིག་ལེ། དེ་ལ་ཉམས་སྐྱེས་པའི་ དུས་ན་ཆོས་ཉིད་རྣམ་པར་དག་པའི་ཐིག་ལེ། སྣང་བའི་དུས་ན་དབྱིངས་ཀྱི་ཐིག་ལེ། དེ་ལས་འཕེལ་བ་འབྱུང་བའི་དུས་ན་དབྱིངས་རྣམ་པར་དག་པའི་ཐིག་ལེ། དེ་ཉིད་ རྫོགས་པའི་དུས་ན་ཀུན་ཏུ་བཟང་པོའི་ཐིག་ལེ། དེ་ཉིད་ཕྱིར་ཤར་བའི་དུས་ན་ཡེ་

[p. 94] ༑ རྡོ་རྗེའི་གནས་གཉིས་པ་སྲིད་པར་འཁྲུལ་ཚུལ་གྱི་རིམ་པ་རྒྱ་ཆེར་བཤད་པ། ཤེས་ཆེན་པོའི་ཐིག་ལེའོ། །དེ་དག་ཀྱང་ཐལ་འགྱུར་ལས། ཙིཏྟའི་ནང་ན་སྐུར་ གནས་ཏེ། །གདངས་ཀྱི་སྐུ་ནི་རྣམ་པ་ལྔས། །སོ་སོའི་རིགས་ཀྱི་མཚན་ཉིད་འཛིན། ། ཟེར་གྱི་སྐུ་ནི་དྲུག་གིས་ཀྱང་། །རང་བཞིན་སྣང་བའི་ཆོས་ཉིད་སྡུད། །དག་པའི་སྐུ་ ནི་རྣམ་གསུམ་གྱིས། །མྱ་ངན་འདས་པའི་ས་མཚམས་འཛིན། །རྣམ་པའི་སྐུ་ནི་ བརྒྱད་ཀྱིས་ཀྱང་། །ས་ལམ་རྫོགས་པའི་བྱ་བ་བྱེད། །རྩ་ཡི་ནང་ན་ཐིག་ལེ་སྟེ། ། འཇུག་པའི་ཐིག་ལེ་རྣམ་གསུམ་གྱིས། །འཁོར་འདས་འབྲེལ་བའི་ས་བོན་འདེབས། ། སྐྱེ་བའི་ཐིག་ལེ་ལྔ་ཡིས་ཀྱང་། །རྣལ་འབྱོར་ཉམས་ཀྱི་དཀྱིལ་འཁོར་རྫོགས། ། བཀོད་པའི་ཐིག་ལེ་དྲུག་གིས་ནི། །ཆོས་ཉིད་དུ་མ་གཅིག་ཏུ་སྡུད། །དེ་དང་དེ་ལ་ བརྟེན་པ་ཡིས། །ཆོས་ཀུན་མཉམ་པའི་བདག་ཉིད་དོ། །ཞེས་སོ། ། དོན་གསུམ་པ་ཁྱབ་བྱེད་འབྱུང་བའི་ཚང་ཚུལ་ལ། རླུང་ལྔ་ལས་ཕྱེ་བ་ནི་ཉི་ཤུ་ རྩ་ལྔས་ཡེ་ཤེས་ཀྱི་གདངས་བྱེད་པར་ཁྱབ་ཅིང་ལུས་ལ་ཚང་། མེ་ལྔས་ཡེ་ཤེས་ཀྱི་ རྩལ་བྱེད་པར་ལུས་ལ་ཚང་། ས་ལྔས་ཡེ་ཤེས་ཀྱི་ངོ་བོ་བསྟན་པར་ལུས་ལ་ཚང་། ཆུ་ལྔས་ཡེ་ཤེས་ཀྱི་ཡུལ་བྱེད་པར་ཚང་། ནམ་མཁའ་ལྔས་ཡེ་ཤེས་ཀྱི་གནས་བྱེད་ པར་ཚང་བའོ། །དེ་ལ་ས་ལྔའི་གནས་ཚུལ་ནི། ཀུན་ཏུ་སྣང་བའི་ས་རིག་པ་དང་ ལྷན་ཅིག་ཏུ་གནས། མི་འགྱུར་བ་རྡོ་རྗེའི་ས་སྒྲོན་མ་དང་ལྷན་ཅིག་ཏུ་གནས། ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས་ཐིག་ལེ་དང་ལྷན་ཅིག་ཏུ་གནས། སྣང་བ་སྟོན་ པ་ཀུན་ཏུ་མཐའ་ཡས་པའི་ས་དབྱིངས་ཡེ་ཤེས་གཉིས་དང་ལྷན་ཅིག་ཏུ་གནས། སྒྲུབ་པ་མཐར་ཕྱིན་པའི་ས་ཤེས་རབ་དང་ལྷན་ཅིག་ཏུ་གནས་སོ། །ཆུ་ལྔ་ལས། འགྱུར་བ་མེད་པའི་ཆུ་རྩ་ཐམས་ཅད་ལ་གནས། ཞི་བ་གསལ་དག་གི་ཆུ་རུས་པ་ ཐམས་ཅད་ལ་གནས། ཡོན་ཏན་རྒྱས་པའི་ཆུ་ཁྲག་ཐམས་ཅད་ལ་གནས། ཆགས་

[p. 95] ༈ ཚིག་དོན་རིན་པོ་ཆེའི་མཛོད། པ་མེད་པའི་ཆུ་ཆུ་སེར་ཐམས་ཅད་ལ་གནས། འཛིན་མེད་རྫོགས་པའི་ཆུ་མིག་གི་ ནང་ན་གནས་སོ། །མེ་ལྔ་ལས། ཕྱི་ནང་ཀུན་ཏུ་ཁྱབ་བྱེད་ཀྱི་མེ་གློ་བ་ན་གནས། ཕྱི་ ནང་ཀུན་གསལ་གྱི་མེ་མིག་གཉིས་དང་ཡན་ལག་ལ་གནས། ཕྱི་ནང་ཀུན་ཏུ་མཉམ་ པའི་མེ་ཤ་ལྤགས་བར་ན་གནས། ཕྱི་ནང་གི་བྱ་བ་རྟོག་པའི་མེ་རྐང་མཐིལ་གཉིས་ ན་གནས། ཕྱི་ནང་གི་བྱ་བ་སྒྲུབ་པའི་མེ་ལག་མཐིལ་གཉིས་ན་གནས་སོ། །རླུང་ལྔ་ ལས། སྲོག་འཛིན་པའི་རླུང་སྲོག་རྩ་ན་གནས། བཀྲག་དང་གཟི་མདངས་བསྐྱེད་ པའི་རླུང་སྨིན་ཕྲག་ན་གནས། མེ་དང་མཉམ་དུ་གནས་པའི་རླུང་ཕོ་བ་ན་གནས། ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་ལུས་ཀུན་ལ་ཁྱབ་པར་གནས། སྙིང་རྗེ་མེད་པ་བསྐལ་པ་ ལས་ཀྱི་རླུང་སྙིང་དང་སྙིང་ཤུན་གྱི་བར་ན་གནས་སོ། །ནམ་མཁའ་ལྔ་ལས། ཀུན་ ལ་ཁྱབ་པའི་ནམ་མཁའ་རིག་པ་དངོས་དང་དབྱེར་མེད་དུ་གནས། ཡུལ་མེད་ གསལ་དངས་ཀྱི་ནམ་མཁའ་འོད་ལྔ་དང་དབྱེར་མེད་དུ་གནས། མ་འདྲེས་དག་པའི་ ནམ་མཁའ་དབྱིངས་རྣམ་པར་དག་པ་དང་དབྱེར་མེད་དུ་གནས། དོན་མཚོན་བྱེད་ ཀྱི་ནམ་མཁའ་རྟགས་ཀྱི་ཡེ་ཤེས་ཐིག་ལེ་སྟོང་པ་དང་དབྱེར་མེད་དུ་གནས། དག་ པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་མཁའ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་དང་ དབྱེར་མེད་དུ་གནས་སོ། །རླུང་ལྔ་ལ་ལྔ་ཚན་དུ་ཕྱེ་ན། སྲོག་འཛིན་པའི་རླུང་ལ། རྩ་ བ་འཛིན་པའི་སྲོག་རླུང་གིས་རིག་པའི་མདངས་བསྐྱེད། སྐྱོད་༧བྱེད་ཀྱི་སྲོག་རླུང་ གིས་ཐིག་ལེའི་མདངས་བསྐྱེད། རྣམ་པར་ཕྲ་བའི་སྲོག་རླུང་གིས་འོད་ཀྱི་མདངས་ བསྐྱེད། མི་གཙང་བའི་སྲོག་རླུང་གིས་སེམས་དང་མ་རིག་པའི་མདངས་བསྐྱེད། རྣམ་པར་འདར་བྱེད་ཀྱི་སྲོག་རླུང་གིས་ཡིད་ཀྱི་མདངས་བསྐྱེད་དོ། །མེ་དང་ལྷན་ ཅིག་གནས་པའི་རླུང་ལའང་། དངས་སྙིགས་འབྱེད་པའི་རླུང་སྲོག་དང་གཉིས་སུ་

[p. 96] ། རྡོ་རྗེའི་གནས་གཉིས་པ་སྲིད་པར་འཁྲུལ་ཚུལ་གྱི་རིམ་པ་རྒྱ་ཆེར་བཤད་པ། མེད། དྲོད་བསྐྱེད་པའི་རླུང་རིག་པ་དང་གཉིས་སུ་མེད། གསལ་འགྱུར་གྱི་རླུང་སྒྲོན་ མ་དང་གཉིས་སུ་མེད། རྣམ་པར་སྡུད་པའི་རླུང་ཐིག་ལེ་དང་གཉིས་སུ་མེད། རྣམ་ པར་གཟེངས་བསྟོད་པའི་རླུང་ཤེས་རབ་དང་གཉིས་སུ་མེད་དོ། །བཀྲག་དང་གཟི་ མདངས་བསྐྱེད་པའི་རླུང་ལའང་། རྣམ་པར་ཤེས་པ་བསྐྱེད་པའི་རླུང་གིས་ཤེས་རབ་ ཀྱི་ཡུལ་བྱེད། རྣམ་པར་ཡིད་འབྱུང་བའི་རླུང་གིས་སྣང་བའི་ཡུལ་བྱེད། རྣམ་པར་ མདངས་དང་ལྡན་པའི་རླུང་གིས་སྒྲོན་མའི་ཡུལ་བྱེད། རྣམ་པར་སླེག་པའི་རླུང་གིས་ མ་རིག་པའི་ཡུལ་བྱེད། རྣམ་པར་རྒོད་པའི་རླུང་གིས་ཡིད་ཀྱི་ཡུལ་བྱེད་དོ། །རྣམ་ པར་ཁྱབ་བྱེད་ཀྱི་རླུང་ལའང་། གཞི་ལ་ཁྱབ་བྱེད་ཀྱི་རླུང་ཡེ་ཤེས་ལ་སྣང་། འཕྲལ་ དུ་ཁྱབ་བྱེད་ཀྱི་རླུང་སྒྲོན་མ་ལ་སྣང་། དངང་ཞིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་ཤེས་པ་ ལ་སྣང་། དྲན་པ་ཁྱབ་བྱེད་ཀྱི་རླུང་བསམ་པ་ལ་སྣང་། འཛིན་པས་ཡུལ་ཀུན་ཁྱབ་ པའི་རླུང་སེམས་ལ་སྣང་ངོ། །སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ལའང་། རྣམ་ པར་སྐྱོད་བྱེད་ཀྱི་རླུང་ཕུང་པོ་ལ་ཁྱབ། རྣམ་པར་སྒྲོལ་བྱེད་ཀྱི་རླུང་སྐད་ཅིག་མ་ལ་ ཁྱབ། རྣམ་པར་ཟློག་བྱེད་ཀྱི་རླུང་བར་མ་དོ་ལ་ཁྱབ། རྣམ་པར་མྱུར་བྱེད་ཀྱི་རླུང་ རྟོག་པ་ལ་ཁྱབ། སྐད་ཅིག་མའི་རླུང་སྐད་ཅིག་མ་གསུམ་ལ་ཁྱབ་སྟེ། དེ་དག་ཀྱང་ རང་ཤར་ལས། འབྱུང་བ་ཆེན་པོ་ལྔ་ནི་རང་གི་ལུས་ལ་ཚང་ངོ། །དེ་ཡང་རླུང་རྣམ་ པ་ལྔས་ཡེ་ཤེས་ཀྱི་གདངས་བྱེད་དོ། །མེ་རྣམ་པ་ལྔས་ཡེ་ཤེས་ཀྱི་རྩལ་བྱེད་དོ། །ས་ རྣམ་པ་ལྔས་ཡེ་ཤེས་ཀྱི་ངོ་བོ་བྱེད་དོ། །ཆུ་རྣམ་པ་ལྔས་ཡེ་ཤེས་ཀྱི་ཡུལ་བྱེད་དོ། ། ནམ་མཁའ་རྣམ་པ་ལྔས་ཡེ་ཤེས་ཀྱི་གནས་བྱེད་དོ། །རླུང་རྣམ་པ་ལྔ་གང་ཞེ་ན། སྲོག་འཛིན་གྱི་རླུང་དང་། བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་དང་། མེ་དང་ མཉམ་དུ་གནས་པའི་རླུང་དང་། ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་དང་། སྙིང་རྗེ་མེད་པ་

[p. 97] པ་ཚིག་དོན་རིན་པོ་ཆེའི་མཛོད། བསྐལ་པ་ལས་ཀྱི་རླུང་དང་ལྔའོ། །རླུང་དེ་རྣམས་སེམས་ཅན་ཀུན་གྱི་ལུས་མགོ་ མཇུག་ལ་གནས་པའོ། །མེ་ལ་ལྔ་སྟེ། ཕྱི་ནང་ཀུན་ཏུ་ཁྱབ་བྱེད་ཀྱི་མེ་དང་། ཕྱི་ནང་ ཀུན་གསལ་གྱི་མེ་དང་། ཕྱི་ནང་ཀུན་ཏུ་མཉམ་པའི་མེ་དང་། ཕྱི་ནང་གི་བྱ་བ་རྟོག་ པའི་མེ་དང་། ཕྱི་ནང་གི་བྱེ་བ་སྒྲུབ་པའི་མེ་དང་ལྔའོ། །ས་ལའང་ལྔ་སྟེ། ཀུན་ཏུ་ སྣང་བའི་ས་དང་། མི་འགྱུར་བ་རྡོ་རྗེའི་ས་དང་། ཐམས་ཅད་འབྱུང་བ་རིན་པོ་ཆེའི་ ས་དང་། སྣང་བ་སྟོན་པ་ཀུན་ཏུ་མཐའ་ཡས་པའི་ས་དང་། སྒྲུབ་པ་མཐར་ཕྱིན་པའི་ ས་དང་ལྔའོ། །ཆུ་རྣམ་པ་ལྔ་ནི། འགྱུར་བ་མེད་པའི་ཆུ་དང་། ཞི་བ་གསལ་དག་གི་ ཆུ་དང་། ཡོན་ཏན་འབྱུང་བ་རྒྱས་པའི་ཆུ་དང་། ཆགས་པ་མེད་པའི་ཆུ་དང་། འཛིན་ མེད་རྫོགས་པའི་ཆུ་དང་ལྔའོ། །ནམ་མཁའ་ལྔ་ནི། སྤྱི་ཀུན་ལ་ཁྱབ་པའི་ནམ་ མཁའ་དང་། ཡུལ་མེད་གསལ་དངས་ཀྱི་ནམ་མཁའ་དང་། མ་འདྲེས་དག་པའི་ ནམ་མཁའ་དང་། དོན་མཚོན་བྱེད་ཀྱི་ནམ་མཁའ་དང་། དག་པའི་ཞིང་དུ་སྒྲོལ་བྱེད་ ཀྱི་ནམ་མཁའ་དང་ལྔའོ། །དེ་ལྟར་འབྱུང་བ་ལྔ་ཉིད་རང་ལ་རང་བཞིན་གྱིས་གནས་ སོ༑ ༑དེ་ཡང་བཤད་ལུགས་འདི་ལྟར་ཡིན་ནོ། །སྲོག་འཛིན་པའི་རླུང་ལ་ཡང་ལྔ་ སྟེ༑ རྩ་བ་འཛིན་པའི་སྲོག་དང་། སྐྱོད་བྱེད་ཀྱི་སྲོག་དང་། རྣམ་པར་ཕྲ་བའི་སྲོག་ དང་། མི་གཙང་བའི་སྲོག་དང་། རྣམ་པར་འདར་བྱེད་ཀྱི་སྲོག་དང་ལྔའོ། །མེ་དང་ ལྷན་ཅིག་ཏུ་གནས་པའི་རླུང་ལའང་ལྔ་སྟེ། དངས་སྙིགས་འབྱེད་པའི་རླུང་དང་། དྲོད་བསྐྱེད་པའི་རླུང་དང་། གསལ་འགྱུར་གྱི་རླུང་དང་། རྣམ་པར་སྡུད་པའི་རླུང་ དང་། རྣམ་པར་གཟེངས་བསྟོད་པའི་རླུང་དང་ལྔའོ། །བཀྲག་དང་གཟི་མདངས་ བསྐྱེད་པའི་རླུང་ལའང་ལྔ་སྟེ། རྣམ་པར་ཤེས་པ་བསྐྱེད་པའི་རླུང་དང་། རྣམ་པར་ ཡིད་འབྱུང་བའི་རླུང་དང་། རྣམ་པར་མདངས་དང་ལྡན་པའི་རླུང་དང་། རྣམ་པ་

[p. 98] ། རྡོ་རྗེའི་གནས་གསུམ་པ་སངས་རྒྱས་ཀྱི་སྙིང་པོས་ཁྱབ་ཚུལ་རྒྱ་ཆེར་བཤད་པ། སླེག་པའི་རླུང་དང་། རྣམ་པར་རྒོད་པའི་རླུང་དང་ལྔའོ། །རྣམ་པར་ཁྱབ་བྱེད་ཀྱི་རླུང་ ལའང་ལྔ་སྟེ། གཞི་ལ་ཁྱབ་བྱེད་ཀྱི་རླུང་དང་། འཕྲལ་ལ་ཁྱབ་བྱེད་ཀྱི་རླུང་དག། དངང་ཞིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་དང་།དྲན་པ་ཁྱབ་བྱེད་ཀྱི་རླུང་དག་། འཛིན་ པས་ཡུལ་ཀུན་ཁྱབ་པའི་རླུང་དང་ལྔའོ། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ ལའང་ལྔ་སྟེ།རྣམ་པར་སྐྱོད་བྱེད་ཀྱི་རླུང་དང་། རྣམ་པར་སྒྲོལ་བྱེད་ཀྱི་རླུང་དང་། རྣམ་པར་ཟློག་བྱེད་ཀྱི་རླུང་དང་། རྣམས་པར་མྱུར་བྱེད་ཀྱི་རླུང་དང་། སྐད་ཅིག་མའི་ རླུང་དང་ལྔའོ་ཞེས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་སྲིད་པར་འཁྲུལ་ཚུལ་ གྱི་རིམ་པ་སྟེ་རྡོ་རྗེའི་གནས་གཉིས་པ་རྒྱ་ཆེར་བཤད་པའོ།། །།

[edit]
OCR of the BDRC scans (I8LS32911), gorn05 tibocr 2026: BDRC OCR on 307 pages, Mitra OCR on 201 pages (the model with more recognisable syllables on each page).

[p. 76] ཕུང་པོ་ལ་སོགས་པ་རྒྱས། ཉེར་གཉིས་ལ་སྙིང་གར་རྒྱས། གནམ་སྟོང་ལ་རྐང་མཐིལ་དུ་རྒྱས་པས། འབྲུ་མར་སྣ་ཚོགས་པ་དང་ཞིམ་ཚོ་དང་ཛཱ་ཏིའི་ཕྱེ་མ་བསྲེས་ པའི་བསྐུ་མཉེ་བྱས་ཏེ་ཉི་མ་ལ་བསྲོས་པས་ཁམས་རྒྱས་ཏེ་དགེ་སྦྱོར་ངང་གིས་འགྲུབ། ཐིག་ལེ་ལ་བརྟེན་པའི་བསམ་གཏན་འཕེལ་ལོ། །དེ་ལྟར་ཀུན་རྫོབ་ཀྱི་ཐིག་ལེས་འབྱུང་བ་བཞི་དང་གུད་ ཀྱི་ལས་བྱེད་དོ། །དོན་དམ་གྱི་ཐིག་ལེས་རྒྱུ་ཡེ་ཤེས། རྐྱེན་འོད་དང་ཁ་དོག །བྱེད་ལས་སྐུ་དང་ཡེ་ཤེས་སྨིན་པའི་ལས་བྱེད་དོ། །དེ་ཡང་ཙི་ཏྟར་སྐུར་སྨིན་པར་བྱེད། རྩ་རྣམས་སུ་ཐིག་ལེར་ སྨིན་པར་བྱེད། མིག་ཏུ་སྒྲོན་མ་བཞིར་སྨིན་པའི་ལས་བྱེད་དོ།།འབྲས་བུ་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའོ། །རང་བཞིན་གྱི་ཐིག་ལེ་ནི་མཉམ་གཞག་གི་དུས་ན་ཆོས་ཉིད་ཀྱི་ཐིག་ལེ། དེ་ལ་ཉམས་སྐྱེས་པའི་དུས་ན་ཆོས་ཉིད་རྣམ་པར་དག་པའི་ཐིག་ལེ། སྣང་བའི་དུས་ན་དབྱིངས་ཀྱི་ཐིག་ལེ། དེ་ལས་འཕེལ་བ་འབྱུང་བའི་དུས་ན་དབྱིངས་རྣམ་པར་དག་པའི་ཐིག་ལེ་དེ་ཉིད་རྫོགས་ པའི་དུས་ན་ཀུན་དུ་བཟང་པོའི་ཐིག་ལེ། དེ་ཉིད་ཕྱིར་ཤར་བའི་དུས་ན་ཡེ་ཤེས་ཆེན་པོའི་ཐིག་ལེའོ། །དེ་དག་ཀྱང་ཐལ་འགྱུར་ལས། ཙིཏྟའི་ནང་ན་སྐུར་གནས་ཏེ། །གདངས་ཀྱི་སྐུ་ནི་རྣམ་པ་ལྔས། །

[p. 77] པ་ཟང་ཐལ་གསུམ་དུ་ནི། །དབུས་ཀྱི་རྩ་ནས་རྒྱུ་བའོ། །ཞེས་སོ། །དེ་དག་གི་བྱེད་ལས་ནི་ཀུན་རྫོབ་རྒྱུའི་ཐིག་ལེས་ཀུན་རྫོབ་ཀྱི་འབྱུང་བ་བཞིའི་རྒྱུ་དང་རྐྱེན་དང་བྱེད་པའི་ལས་བྱེད་དོ། །ཀུན་རྫོབ་ཀྱི་རྒྱུ་ འབྱུང་བ་བཞི་རྐྱེན་ཤ་ཁྲག་དྲོད་དབུགས་སོ། །བྱེད་ལས་ལུས་བསྐྱེད་པ་འཕེལ་བ་གནས་པའི་རྟེན་བྱེད་དོ། །དེ་ཡང་ཚེས་གཅིག་ལ་རྐང་མཐིལ་ནས་ཡར་འཕེལ་བས་ཟས་སྐོམ་གྱི་དྭངས་མས་ལྟ་ བར་ཕུང་པོ་ལ་སོགས་པ་རྒྱས་པའི་ལས་བྱེད་པ་ནི། ཚེས་གཅིག་ལ་ལྟེ་བར། བརྒྱད་ལ་སྙིང་ཁར། བཅུ་གཉིས་ལ་མགྲིན་པར། བཅོ་ལྔ་ལ་སྤྱི་གཙུག་ཏུ་རྒྱས་པས་ཚོགས་ཅི་བསགས་འཕེལ་ ཆེ་ཞིང་ཁམས་རྒྱས་པས་སྒྲུབ་པ་པོ་རྣམས་ཀྱི་ལུས་ལ་མེ་བཙའ་དང་གཏར་ག་མི་བྱ་སྟེ་ཉམས་ཤིང་རྒུད་པར་འགྱུར་བའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་རྒྱས་པའི་རྟེན་ཡིན་པས་ཀུན་རྫོབ་ཀྱི་ཐིག་ ལེ་སྲུང་དུ་མི་རུང་ངོ། །སྐྱེ་མཆེད་དང་དབང་པོ་རྒྱས་པས་སྤྱི་གཙུག་ཏུ་སྐྱེ་མཐིང་གང་བ་ཞིག་བཞར་ལ། ཏིལ་མར། གླ་རྩི། ཙནྡན་དཀར་དམར་རྣམས་བསྲོས་པའི་བསྐུ་མཉེ་བྱས་ན་ལུས་ཀྱི་ ཁམས་དྭངས་མ་རྒྱས་ཤིང་འབྱུང་བ་མི་འཁྲུགས་པ་ཡིན་ནོ། །བཅོ་ལྔ་ནས་ཟས་ཐོས་པའི་སྙིགས་མ་ལ་བརྟེན་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མར་འཕེལ་ཏེ། ཆོས་བཅུ་དགུ་ལ་མགྲིན་པར་

[p. 78] ༄༅། །དབྱིངས་ཡེ་ཤེས་གཉིས་དང་ལྷན་ཅིག་ཏུ་གནས། སྒྲུབ་པ་མཐར་ཕྱིན་པའི་ས་ཤེས་རབ་དང་ལྷན་ཅིག་ཏུ་གནས་སོ། །ཆུ་ལྔ་ལས། འགྱུ་བ་མེད་པའི་ཆུ་རྩ་ཐམས་ཅད་ལ་ གནས༑ ཞི་བ་གསལ་དག་གི་ཆུ་རུས་པ་ཐམས་ཅད་ལ་གནས། ཡོན་ཏན་རྒྱས་པའི་ཆུ་ཁྲག་ཐམས་ཅད་ལ་གནས། ཆགས་པ་མེད་པའི་ཆུ་ཆུ་སེར་ཐམས་ཅད་ལ་གནས། འཛིན་མེད་རྫོགས་པའི་ཆུ་ མིག་གི་ནང་ན་གནས་སོ། །མེ་ལྔ་ལས། ཕྱི་ནང་ཀུན་དུ་ཁྱབ་བྱེད་ཀྱི་མེ་གློ་བ་ན་གནས། ཕྱི་ནང་ཀུན་གསལ་གྱི་མེ་མིག་གཉིས་དང་ཡན་ལག་ལ་གནས། ཕྱི་ནང་ཀུན་དུ་མཉམ་པའི་ནེ་ཤ་ལྤགས་པར་ ན་གནས། ཕྱི་ནང་གི་བྱ་བ་རྟོག་པའི་མེ་རྐང་མཐིལ་གཉིས་ན་གནས། ཕྱི་ནང་གི་བྱ་བ་སྒྲུབ་པའི་མེ་ལག་མཐིལ་གཉིས་ན་གནས་སོ། །རླུང་ལྔ་ལས། སྲོག་འཛིན་པའི་རླུང་སྲོག་རྩ་ན་གནས། བཀྲག་ དང་གཟི་མདངས་བསྐྱེད་པའི་རླུང་སྨིན་ཕྲག་ན་གནས། མེ་དང་མཉམ་དུ་གནས་པའི་རླུང་ཕོ་བ་ན་གནས། ཀུན་དུ་ཁྱབ་བྱེད་ཀྱི་རླུང་ལུས་ཀུན་ལ་ཁྱབ་པར་གནས། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་ རླུང་སྙིང་དང་སྙིང་ཤུན་གྱི་བར་ནི་གནས་སོ། །ནམ་མཁའ་ལྔ་ལས། ཀུན་ལ་ཁྱབ་པའི་ནམ་མཁའ་རིག་པ་དངོས་དང་དབྱེར་མེད་དུ་གནས། ཡུལ་མེད་གསལ་དངས་ཀྱི་ནམ་མཁའ་འོད་ལྔ་དང་

[p. 79] སོ་སོའི་རིགས་ཀྱི་མཚན་ཉིད་འཛིན། །ཟེར་གྱི་སྐུ་ནི་དྲུག་གིས་ཀྱང་དག །རང་བཞིན་སྣང་བའི་ཆོས་ཉིད་སྔར། །དག་པའི་སྐུ་ནི་རྣམ་གསུམ་གྱིས། །མྱ་ངན་འདས་པའི་མ་མཚང་མ་འཛིན། །རྣམ་པའི་སྐུ་ནི་ བརྒྱད་ཀྱིས་ཀྱང་། །ས་ལམ་རྫོགས་པའི་བྱ་བ་ཕྱེད། །རྩ་ཡི་ནང་ན་ཐིག་ལེ་སྟེ། །འདུག་པའི་ཐིག་ལེ་རྣམ་གསུམ་གྱིས། །འཁོར་འདས་འབྲེལ་བའི་ས་བོན་འདེབས། །སྐྱེ་བའི་ཤི་གའི་ལྔ་ཡིས་ཀྱང་། ། རྣལ་འབྱོར་ཉམས་ཀྱི་དཀྱིལ་འཁོར་རྫོགས། །བཀོད་པའི་ཐིག་ལེ་དྲུག་གིས་ནི། །ཆོས་ཉིད་དུ་མ་གཅིག་ཏུ་སྡུད། །དེ་དང་དེ་ལ་བརྟེན་པ་ཡིས། །ཆོས་ཀུན་མཉམ་པའི་བདག་ཉིད་དོ། །ཞེས་སོ། །དོན་ གསུམ་ལ་ཁྱབ་བྱེད་འབྱུང་བའི་ཚང་ཚུལ་ལ། །རླུང་ལྔ་ལས་ཕྱི་བ་ཉི་ཤུ་རྩ་ལྔས་ཡེ་ཤེས་ཀྱི་གདངས་བྱེད་པར་ཁྱབ་ཅིང་ལུས་ལ་ཚང་། མེ་ལྔས་ཡེ་ཤེས་ཀྱི་རྩལ་བྱེད་པར་ལུས་ལ་ཚང་། ས་ལྔས་ཡེ་ ཤེས་ཀྱི་ངོ་བོ་བསྟེན་པར་ལུས་ལ་ཚང་། །ཆུ་ལྔས་ཡེ་ཤེས་ཀྱི་ཡུལ་བྱེད་པར་ཚང་། ནམ་མཁའ་ལྔས་ཡེ་ཤེས་ཀྱི་གནས་བྱེད་པར་ཚང་བའོ། །དེ་ལས་ལྔའི་གནས་ཚུལ་ནི། ཀུན་དུ་སྣང་བའི་ས་རིག་པ་ དང་ལྷན་ཅིག་ཏུ་གནས། མི་འགྱུར་བ་རྡོ་རྗེའི་ས་སྒྲོན་མ་དང་ལྷན་ཅིག་ཏུ་གནས། ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས་ཐིག་ལེ་དང་ལྷན་ཅིག་ཏུ་གནས། སྣང་བ་སྟོན་པ་ཀུན་དུ་མཐའ་ཡས་པའི་ས་

[p. 80] ༄༅། །སྒྲོན་མའི་ཡུལ་བྱེད། རྣམ་པར་སླེག་པའི་རླུང་གིས་མ་རིག་པའི་ཡུལ་བྱེད། རྣམ་པར་རྒོད་པའི་རླུང་གིས་ཡིད་ཀྱི་ཡུལ་བྱེད་དོ། །རྣམ་པར་ཁྱབ་བྱེད་ཀྱི་རླུང་ལའང་། གཞི་ ལ་ཁྱབ་བྱེད་ཀྱི་རླུང་ཡེ་ཤེས་ལ་སྣང་། འཕྲལ་དུ་ཁྱབ་བྱེད་ཀྱི་རླུང་སྒྲོན་མ་ལ་སྣང་། དངང་ཞིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་ཤེས་པ་ལ་སྣང་། དྲན་པ་ཁྱབ་བྱེད་ཀྱི་རླུང་བསམ་པ་ལ་སྣང་། འཛིན་པས་ཡུལ་ ཀུན་ཁྱབ་པའི་རླུང་སེམས་ལ་སྣང་ངོ། །སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ལའང་། རྣམ་པར་སྐྱོད་བྱེད་ཀྱི་རླུང་ཕུང་པོ་ལ་ཁྱབ། རྣམ་པར་སྒྲོལ་བྱེད་ཀྱི་རླུང་སྐད་ཅིག་མ་ལ་ཁྱབ། རྣམ་པར་ཟློག་བྱེད་ཀྱི་ རླུང་བར་མ་དོ་ལ་ཁྱབ། རྣམ་པར་མྱུར་བྱེད་ཀྱི་རླུང་རྟོག་པ་ལ་ཁྱབ། སྐད་ཅིག་མའི་རླུང་སྐད་ཅིག་མ་གསུམ་ལ་ཁྱབ་སྟེ། དེ་དག་ཀྱང་རང་ཤར་ལས། འབྱུང་བ་ཆེན་པོ་ལྔ་ནི་རང་གི་ལུས་ལ་ཚང་ངོ།། དེ་ཡང་རླུང་རྣམ་པ་ལྔས་ཡེ་ཤེས་ཀྱི་གདངས་བྱེད་དོ། །མེ་རྣམ་པ་ལྔས་ཡེ་ཤེས་ཀྱི་རྩལ་བྱེད་དོ། །ས་རྣམ་པ་ལྔས་ཡེ་ཤེས་ཀྱི་ངོ་བོ་བྱེད་དོ། །ཆུ་རྣམ་པ་ལྔས་ཡེ་ཤེས་ཀྱི་ཡུལ་བྱེད་དོ། །ནམ་མཁའ་ རྣམ་པ་ལྔས་ཡེ་ཤེས་ཀྱི་གནས་བྱེད་དོ། །རླུང་རྣམ་པ་ལྔ་གང་ཞེ་ན། སྲོག་འཛིན་གྱི་རླུང་དང་། བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་དང་། མེ་དང་མཉམ་དུ་གནས་པའི་རླུང་དང་། ཀུན་དུ་ཁྱབ་

[p. 81] དབྱེར་མེད་དུ་གནས། མ་འདྲེས་དག་པའི་ནམ་མཁའ་དབྱིངས་རྣམ་པར་དག་པ་དང་དབྱེར་མེད་དུ་གནས། དོན་མཚོན་བྱེད་ཀྱི་ནམ་མཁའ་རྟགས་ཀྱི་ཡེ་ཤེས་ཐིག་ལེ་སྟོང་པ་དང་དབྱེར་མེད་དུ་གནང་། དག་ པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་མཁའ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་དང་དབྱེར་མེད་དུ་གནས་སོ། །རླུང་ལྔ་ལ་ལྔ་ཚན་དུ་ཕྱེ་ན། སྲོག་འཛིན་པའི་རླུང་ལ། རྩ་བ་འཛིན་པའི་སྲོག་རླུང་གིས་རིག་པའི་ མདངས་བསྐྱེད། སྐྱོད་བྱེད་ཀྱི་སྲོག་རླུང་གིས་ཐིག་ལེའི་མདངས་བསྐྱེད། རྣམ་པར་ཕྲ་བའི་སྲོག་རླུང་གིས་འོད་ཀྱི་མདངས་བསྐྱེད། མི་གཙང་བའི་སྲོག་རླུང་གིས་སེམས་དང་མ་རིག་པའི་མདངས་བསྐྱེད། རྣམ་པར་འདར་བྱེད་ཀྱི་སྲོག་རླུང་གིས་ཡིད་ཀྱི་མདངས་བསྐྱེད་དོ། །མེ་དང་ལྷན་ཅིག་གནས་པའི་རླུང་ལའང་། དངས་སྙིགས་འབྱེད་པའི་རླུང་སྲོག་དང་གཉིས་སུ་མེད། དྲོད་བསྐྱེད་པའི་རླུང་རིག་པ་དང་ གཉིས་སུ་མེད། གསལ་འགྱུར་གྱི་རླུང་སྒྲོན་མ་དང་གཉིས་སུ་མེད། རྣམ་པར་སྡུད་པའི་རླུང་ཐིག་ལེ་དང་གཉིས་སུ་མེད། རྣམ་བར་གཟེངས་བསྟོད་པའི་རླུང་ཤེས་རབ་དང་གཉིས་སུ་མེད་དོ། །བཀྲག་ དང་གཟི་མདངས་བསྐྱེད་པའི་རླུང་ལའང་། རྣམ་པར་ཤེས་པ་བསྐྱེད་པའི་རླུང་གིས་ཤེས་རབ་ཀྱི་ཡུལ་བྱེད། རྣམ་པར་ཡིད་འབྱུང་བའི་རླུང་གིས་སྣང་བའི་ཡུལ་བྱེད། རྣམ་པར་མདངས་དང་ལྡན་པའི་རླུང་གིས་

[p. 82] ༄༅། །ཞེས་དང་། ཐོག་གཙང་བའི་སྲོག་དང་། རྣམ་པར་འདྲེ་བྱེད་ཀྱི་སྲོག་དང་ལྔའོ། །མེ་དང་ལྷན་ཅིག་ཏུ་གནས་པའི་རླུང་ལའང་ལྔ་སྟེ། དངས་སྙིགས་འབྱེད་པའི་རླུང་དང་། དྲོད་ བསྐྱེད་པའི་རླུང་དང་། གསལ་འགྱུར་གྱི་རླུང་དང་། རྣམ་པར་སྲིད་པའི་རླུང་དང་། རྣམ་པར་གཟེངས་བསྟོད་པའི་རླུང་དང་ལྔའོ། །བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ལའང་ལྔ་སྟེ། རྣམ་པར་ ཤེས་པ་བསྐྱེད་པའི་རླུང་དང་། རྣམ་པར་ཡིད་འབྱུང་བའི་རླུང་དང་། རྣམ་པར་མདངས་དང་ལྡན་པའི་རླུང་དང་། རྣམ་པར་སླེབ་པའི་རླུང་དང་། རྣམ་པར་རྒོད་པའི་རླུང་དང་ལྔའོ། །རྣམ་པར་ཁྱབ་བྱེད་ ཀྱི་རླུང་ལའང་ལྔ་སྟེ། གཞི་ལ་ཁྱབ་བྱེད་ཀྱི་རླུང་དང་། འཕྲལ་ལ་ཁྱབ་བྱེད་ཀྱི་རླུང་དང་། དབང་ཞིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་དང་། དྲན་པ་ཁྱབ་བྱེད་ཀྱི་རླུང་དང་། འཛིན་པས་ཡུལ་ཀུན་ཁྱབ་པའི་ རླུང་དང་ལྔའོ། །སྟོང་རྔ་མེད་པ་བསྐལ་པ་ལས་ཀྱི་རླུང་ལའང་ལྔ་སྟེ། རྣམ་པར་སྐྱོད་བྱེད་ཀྱི་རླུང་དང་། རྣམ་པར་སྒྲོལ་བྱེད་ཀྱི་རླུང་དང་། རྣམ་པར་སློབ་བྱེད་ཀྱི་རླུང་དང་། རྣམ་པར་མྱུར་བྱེད་ཀྱི་རླུང་ དང་། སྐད་ཅིག་མའི་རླུང་དང་ལྔའོ་ཞེས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་སྲིད་པར་འཁྲུལ་ཚུལ་གྱི་རིམ་པ་སྟེ་རྡོ་རྗེའི་གནས་གཉིས་པ་རྒྱ་ཆེར་བཤད་པའོ།། །།དེ་ནས་

[p. 83] བྱེད་ཀྱི་རླུང་དང་། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་དང་ལྔའོ། །རླུང་དེ་རྣམས་སེམས་ཅན་ཀུན་གྱི་ལུས་མགོ་མཇུག་ལ་གནས་པའོ། །མེ་ལ་ལྔ་སྟེ། ཕྱི་ནང་ཀུན་དུ་ཁྱབ་བྱེད་ཀྱི་མེ་དང་། ཕྱི་ ནང་ཀུན་གསལ་གྱི་མེ་དང་། ཕྱི་ནང་ཀུན་དུ་མཉམ་པའི་མེ་དང་། ཕྱི་ནང་གི་བྱ་བ་རྟོག་པའི་མེ་དང་། ཕྱི་ནང་གྱི་བྱ་བ་སྒྲུབ་པའི་མེ་དང་ལྔའོ། །ས་ལའང་ལྔ་སྟེ། ཀུན་དུ་སྣང་བའི་ས་དང་། མི་འགྱུར་བ་རྡོ་ རྗེའི་ས་དང་། ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས་དང་། སྣང་བ་སྟོན་པ་ཀུན་དུ་མཐའ་ཡས་པའི་ས་དང་། སྒྲུབ་པ་མཐར་ཕྱིན་པའི་ས་དང་ལྔའོ། །ཆུ་རྣམ་པ་ལྔ་ནི། འགྱུར་བ་མེད་པའི་ཆུ་དང་། ཞི་བ་ གསལ་དག་གི་ཆུ་དང་། ཡོན་ཏན་འབྱུང་བ་རྒྱས་པའི་ཆུ་དང་། ཆགས་པ་མེད་པའི་ཆུ་དང་། འཛིན་མེད་རྫོགས་པའི་ཆུ་དང་ལྔའོ། །ནམ་མཁའ་ལྔ་ནི། སྤྱི་ཀུན་ལ་ཁྱབ་པའི་ནམ་མཁའ་དང་། ཡུལ་མེད་ གསལ་དངས་ཀྱི་ནམ་མཁའ་དང་། མ་འདྲེས་དག་པའི་ནམ་མཁའ་དང་། དོན་མཚོན་བྱེད་ཀྱི་ནམ་མཁའ་དང་། དག་པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་མཁའ་དང་ལྔའོ། །དེ་ལྟར་འབྱུང་བ་ལྔ་ཉིད་རང་ལ་ རང་བཞིན་གྱིས་གནས་སོ། །དེ་ཡང་བཤད་ལུགས་འདི་ལྟར་ཡིན་ནོ། །སྲོག་འཛིན་པའི་རླུང་ལ་ཡང་ལྔ་སྟེ། རྩ་བ་འཛིན་པའི་སྲོག་དང་། སྐྱོད་བྱེད་ཀྱི་སྲོག་དང་།

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 1009 typing errors, November 2026), with the variants of the other editions under each page (27 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = Tshig don mdzod MW3CN4957; X = Tshig don mdzod MW8LS32779. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 114] མ་རྒྱས་ཤིང་འབྱུང་བ་མི་འཁྲུགས་པ་ཡིན་ནོ། །བཅོ་ལྔ་ནས་ཟས་ཟོས་པའི་སྙིགས་མ་ལ་བརྟེན་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མར་འཕེལ་ཏེ། ཚེས་བཅུ་དགུ་ལ་མགྲིན་པར་ཕུང་པོ་ལ་སོགས་པ་རྒྱས། ཉེར་གཉིས་ལ་སྙིང་གར་རྒྱས། གནམ་སྟོང་ལ་རྐང་མཐིལ་དུ་རྒྱས་པས། འབྲུ་མར་སྣ་ཚོགས་པ་དང་ཞིམ་ཚོ་དང་ཛཱ་ཏིའི་ཕྱེ་མ་བསྲེས་པའི་བསྐུ་མཉེ་བྱས་ཏེ་ཉི་མ་ལ་བསྲོས་པས་ཁམས་རྒྱས་ཏེ་དགེ་སྦྱོར་ངང་གིས་འགྲུབ། ཐིག་ལེ་ལ་བརྟེན་པའི་བསམ་གཏན་འཕེལ་ལོ། །དེ་ལྟར་ཀུན་རྫོབ་ཀྱི་ཐིག་ལེས་འབྱུང་བ་བཞི་དར་གུད་ཀྱི་ལས་བྱེད་དོ། །དོན་དམ་གྱི་ཐིག་ལེས་རྒྱུ་ཡེ་ཤེས། རྐྱེན་འོད་དང་ཁ་དོག །བྱེད་ལས་སྐུ་དང་ཡེ་ཤེས་སྨིན་པའི་ལས་བྱེད་དོ། །དེ་ཡང་ཙིཏྟར་སྐུར་སྨིན་པར་བྱེད། རྩ་རྣམས་སུ་ཐིག་ལེར་སྨིན་པར་བྱེད། མིག་ཏུ་སྒྲོན་མ་བཞིར་སྨིན་པའི་ལས་བྱེད་དོ། །འབྲས་བུ་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་

ཏེ་དགེ་སྦྱོར་ངང་གིས་འགྲུབ ] དང D G

[p. 115] པའོ། །རང་བཞིན་གྱི་ཐིག་ལེ་ནི་མཉམ་གཞག་གི་དུས་ན་ཆོས་ཉིད་ཀྱི་ཐིག་ལེ། དེ་ལ་ཉམས་སྐྱེས་པའི་དུས་ན་ཆོས་ཉིད་རྣམ་པར་དག་པའི་ཐིག་ལེ། སྣང་བའི་དུས་ན་དབྱིངས་ཀྱི་ཐིག་ལེ། དེ་ལས་འཕེལ་བ་འབྱུང་བའི་དུས་ན་དབྱིངས་རྣམ་པར་དག་པའི་ཐིག་ལེ། དེ་ཉིད་རྫོགས་པའི་དུས་ན་ཀུན་ཏུ་བཟང་པོའི་ཐིག་ལེ། དེ་ཉིད་ཕྱིར་ཤར་བའི་དུས་ན་ཡེ་ཤེས་ཆེན་པོའི་ཐིག་ལེའོ། །དེ་དག་ཀྱང་ཐལ་འགྱུར་ལས། ཙིཏྟའི་ནང་ན་སྐུར་གནས་ཏེ། །གདངས་ཀྱི་སྐུ་ནི་རྣམ་པ་ལྔས། །སོ་སོའི་རིགས་ཀྱི་མཚན་ཉིད་འཛིན། །ཟེར་གྱི་སྐུ་ནི་དྲུག་གིས་ཀྱང༌། །རང་བཞིན་སྣང་བའི་ཆོས་ཉིད་སྡུད། །དག་པའི་སྐུ་ནི་རྣམ་གསུམ་གྱིས། །མྱ་ངན་འདས་པའི་ས་མཚམས་འཛིན། །རྣམ་པའི་སྐུ་ནི་བརྒྱད་ཀྱིས་ཀྱང༌། །ས་ལམ་རྫོགས་པའི་བྱ་བ་བྱེད། །རྩ་ཡི་ནང་ན་ཐིག་ལེ་སྟེ། །འཇུག་པའི་ཐིག་ལེ་རྣམ་གསུམ་གྱིས། །འཁོར་

དུས་ན་ཀུན་ཏུ་བཟང་པོའི ] དུ A G X

[p. 116] འདས་འབྲེལ་བའི་ས་བོན་འདེབས། །སྐྱེ་བའི་ཐིག་ལེ་ལྔ་ཡིས་ཀྱང༌། །རྣལ་འབྱོར་ཉམས་ཀྱི་དཀྱིལ་འཁོར་རྫོགས། །བཀོད་པའི་ཐིག་ལེ་དྲུག་གིས་ནི། །ཆོས་ཉིད་དུ་མ་གཅིག་ཏུ་སྡུད། །དེ་དང་དེ་ལ་བརྟེན་པ་ཡིས། །ཆོས་ཀུན་མཉམ་པའི་བདག་ཉིད་དོ། །ཞེས་སོ། །དོན་གསུམ་པ་ཁྱབ་བྱེད་འབྱུང་བའི་ཚང་ཚུལ་ལ། རླུང་ལྔ་ལས་ཕྱེ་བ་ཉི་ཤུ་རྩ་ལྔས་ཡེ་ཤེས་ཀྱི་གདངས་བྱེད་པར་ཁྱབ་ཅིང་ལུས་ལ་ཚང༌། མེ་ལྔས་ཡེ་ཤེས་ཀྱི་རྩལ་བྱེད་པར་ལུས་ལ་ཚང༌། །ས་ལྔས་ཡེ་ཤེས་ཀྱི་ངོ་བོ་བསྟན་པར་ལུས་ལ་ཚང༌། ཆུ་ལྔས་ཡེ་ཤེས་ཀྱི་ཡུལ་བྱེད་པར་ཚང༌། ནམ་མཁའ་ལྔས་ཡེ་ཤེས་ཀྱི་གནས་བྱེད་པར་ཚང་བའོ། །དེ་ལ་ས་ལྔའི་གནས་ཚུལ་ནི། །ཀུན་ཏུ་སྣང་བའི་ས་རིག་པ་དང་ལྷན་ཅིག་ཏུ་གནས། མི་འགྱུར་བ་རྡོ་རྗེའི་ས་སྒྲོན་མ་དང་ལྷན་ཅིག་ཏུ་གནས། ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས་ཐིག་ལེ་དང་ལྷན་ཅིག་ཏུ་གནས། སྣང་བ་སྟོན་

འཁོར་འདས་འབྲེལ་བའི་ས་བོན ] པའི W · བྱེད་འབྱུང་བའི་ཚང་ཚུལ་ལ ] ཆང D G · ལས་ཕྱེ་བ་⁁་ཉི་ཤུ ] ནི P S · ཚུལ་ནི་ཀུན་ཏུ་སྣང་བའི ] དུ A G

[p. 117] པ་ཀུན་ཏུ་མཐའ་ཡས་པའི་ས་དབྱིངས་ཡེ་ཤེས་གཉིས་དང་ལྷན་ཅིག་ཏུ་གནས། སྒྲུབ་པ་མཐར་ཕྱིན་པའི་ས་ཤེས་རབ་དང་ལྷན་ཅིག་ཏུ་གནས་སོ། །ཆུ་ལྔ་ལས། འགྱུར་བ་མེད་པའི་ཆུ་རྩ་ཐམས་ཅད་ལ་གནས། ཞི་བ་གསལ་དག་གི་ཆུ་རུས་པ་ཐམས་ཅད་ལ་གནས། ཡོན་ཏན་རྒྱས་པའི་ཆུ་ཁྲག་ཐམས་ཅད་ལ་གནས། ཆགས་པ་མེད་པའི་ཆུ་ཆུ་སེར་ཐམས་ཅད་ལ་གནས། འཛིན་མེད་རྫོགས་པའི་ཆུ་མིག་གི་ནང་ན་གནས་སོ། །མེ་ལྔ་ལས། ཕྱི་ནང་ཀུན་ཏུ་ཁྱབ་བྱེད་ཀྱི་མེ་གློ་བ་ན་གནས། ཕྱི་ནང་ཀུན་གསལ་གྱི་མེ་མིག་གཉིས་དང་ཡན་ལག་ལ་གནས། ཕྱི་ནང་ཀུན་ཏུ་མཉམ་པའི་མེ་ཤ་ལྤགས་བར་ན་གནས། ཕྱི་ནང་གི་བྱ་བ་རྟོག་པའི་མེ་རྐང་མཐིལ་གཉིས་ན་གནས། ཕྱི་ནང་གི་བྱ་བ་སྒྲུབ་པའི་མེ་ལག་མཐིལ་གཉིས་ན་གནས་སོ། །རླུང་ལྔ་ལས། སྲོག་འཛིན་པའི་རླུང་སྲོག་རྩ་ན་གནས། བཀྲག་དང་གཟི་མདངས་བསྐྱེད་

སྟོན་པ་ཀུན་ཏུ་མཐའ་ཡས ] དུ A G · ཕྱི་ནང་ཀུན་ཏུ་ཁྱབ་བྱེད ] དུ A D G X · ཕྱི་ནང་ཀུན་ཏུ་མཉམ་པའི ] དུ A D G X · ཏུ་མཉམ་པའི་མེ་ཤ་ལྤགས ] མི W · མེ་ཤ་ལྤགས་བར་ན་གནས ] པར A G X

[p. 118] པའི་རླུང་སྨིན་ཕྲག་ན་གནས། །མེ་དང་མཉམ་དུ་གནས་པའི་རླུང་ཕོ་བ་ན་གནས། །ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་ལུས་ཀུན་ལ་ཁྱབ་པར་གནས། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་སྙིང་དང་སྙིང་ཤུན་གྱི་བར་ན་གནས་སོ། །ནམ་མཁའ་ལྔ་ལས། ཀུན་ལ་ཁྱབ་པའི་ནམ་མཁའ་རིག་པ་དངོས་དང་དབྱེར་མེད་དུ་གནས། ཡུལ་མེད་གསལ་དངས་ཀྱི་ནམ་མཁའ་འོད་ལྔ་དང་དབྱེར་མེད་དུ་གནས། མ་འདྲེས་དག་པའི་ནམ་མཁའ་དབྱིངས་རྣམ་པར་དག་པ་དང་དབྱེར་མེད་དུ་གནས། དོན་མཚོན་བྱེད་ཀྱི་ནམ་མཁའ་རྟགས་ཀྱི་ཡེ་ཤེས་ཐིག་ལེ་སྟོང་པ་དང་དབྱེར་མེད་དུ་གནས། དག་པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་མཁའ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་དང་དབྱེར་མེད་དུ་གནས་སོ། །རླུང་ལྔ་ལ་ལྔ་ཚན་དུ་ཕྱེ་ན། སྲོག་འཛིན་པའི་རླུང་ལ། རྩ་བ་འཛིན་པའི་སྲོག་རླུང་གིས་རིག་པའི་མདངས་བསྐྱེད། སྐྱོང་བྱེད་ཀྱི་སྲོག་རླུང་གིས་ཐིག་ལེའི་

ན་གནས་ཀུན་ཏུ་ཁྱབ་བྱེད ] དུ A D G X · ཡུལ་མེད་གསལ་དངས་ཀྱི་ནམ ] དྭངས W · ཀྱི་ནམ་མཁའ་འོད་ལྔ་དང ] འོང W · པའི་མདངས་བསྐྱེད་སྐྱོང་བྱེད་ཀྱི ] སྐྱོད A P D S

[p. 119] མདངས་བསྐྱེད། རྣམ་པར་ཕྲ་བའི་སྲོག་རླུང་གིས་འོད་ཀྱི་མདངས་བསྐྱེད། མི་གཙང་བའི་སྲོག་རླུང་གིས་སེམས་དང་མ་རིག་པའི་མདངས་བསྐྱེད། རྣམ་པར་འདར་བྱེད་ཀྱི་སྲོག་རླུང་གིས་ཡིད་ཀྱི་མདངས་བསྐྱེད་དོ། །མེ་དང་ལྷན་ཅིག་གནས་པའི་རླུང་ལའང༌། དངས་སྙིགས་འབྱེད་པའི་རླུང་སྲོག་དང་གཉིས་སུ་མེད། དྲོད་བསྐྱེད་པའི་རླུང་རིག་པ་དང་གཉིས་སུ་མེད། གསལ་འགྱུར་གྱི་རླུང་སྒྲོན་མ་དང་གཉིས་སུ་མེད། རྣམ་པར་སྡུད་པའི་རླུང་ཐིག་ལེ་དང་གཉིས་སུ་མེད། རྣམ་པར་གཟེངས་བསྟོད་པའི་རླུང་ཤེས་རབ་དང་གཉིས་སུ་མེད་དོ། །བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ལའང༌། རྣམ་པར་ཤེས་པ་བསྐྱེད་པའི་རླུང་གིས་ཤེས་རབ་ཀྱི་ཡུལ་བྱེད། རྣམ་པར་ཡིད་འབྱུང་བའི་རླུང་གིས་སྣང་བའི་ཡུལ་བྱེད། རྣམ་པར་མདངས་དང་ལྡན་པའི་རླུང་གིས་སྒྲོན་མའི་ཡུལ་བྱེད། རྣམ་པར་སླེག་པའི་རླུང་གིས་མ་

རབ་དང་གཉིས་སུ་མེད་དོ ] om. W

[p. 120] རིག་པའི་ཡུལ་བྱེད། རྣམ་པར་རྒོད་པའི་རླུང་གིས་ཡིད་ཀྱི་ཡུལ་བྱེད་དོ། །རྣམ་པར་ཁྱབ་བྱེད་ཀྱི་རླུང་ལའང༌། གཞི་ལ་ཁྱབ་བྱེད་ཀྱི་རླུང་ཡེ་ཤེས་ལ་སྣང༌། འཕྲལ་དུ་ཁྱབ་བྱེད་ཀྱི་རླུང་སྒྲོན་མ་ལ་སྣང༌། དངང་ཞིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་ཤེས་པ་ལ་སྣང༌། དྲན་པ་ཁྱབ་བྱེད་ཀྱི་རླུང་བསམ་པ་ལ་སྣང༌། །འཛིན་པས་ཡུལ་ཀུན་ཁྱབ་པའི་རླུང་སེམས་ལ་སྣང་ངོ༌། །སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ལའང༌། །རྣམ་པར་སྐྱོད་བྱེད་ཀྱི་རླུང་ཕུང་པོ་ལ་ཁྱབ། རྣམ་པར་སྒྲོལ་བྱེད་ཀྱི་རླུང་སྐད་ཅིག་མ་ལ་ཁྱབ། རྣམ་པར་ཟློག་བྱེད་ཀྱི་རླུང་བར་མ་དོ་ལ་ཁྱབ། རྣམ་པར་མྱུར་བྱེད་ཀྱི་རླུང་རྟོག་པ་ལ་ཁྱབ། སྐད་ཅིག་མའི་རླུང་སྐད་ཅིག་མ་གསུམ་ལ་ཁྱབ་སྟེ། དེ་དག་ཀྱང་རང་ཤར་ལས། འབྱུང་བ་ཆེན་པོ་ལྔ་ནི་རང་གི་ལུས་ལ་ཚང་ངོ༌། །དེ་ཡང་རླུང་རྣམ་པ་ལྔས་ཡེ་ཤེས་ཀྱི་གདངས་བྱེད་དོ། །མེ་རྣམ་པ་ལྔས་ཡེ་ཤེས་ཀྱི་རྩལ་བྱེད་དོ། །ས་

མེད་པ་བསྐལ་པ་ལས་ཀྱི ] བ W

[p. 121] རྣམ་པ་ལྔས་ཡེ་ཤེས་ཀྱི་ངོ་བོ་བྱེད་དོ། །ཆུ་རྣམ་པ་ལྔས་ཡེ་ཤེས་ཀྱི་ཡུལ་བྱེད་དོ། །ནམ་མཁའ་རྣམ་པ་ལྔས་ཡེ་ཤེས་ཀྱི་གནས་བྱེད་དོ། །རླུང་རྣམ་པ་ལྔ་གང་ཞེ་ན། སྲོག་འཛིན་གྱི་རླུང་དང༌། བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་དང༌། མེ་དང་མཉམ་དུ་གནས་པའི་རླུང་དང༌། ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་དང༌། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་དང་ལྔའོ། །རླུང་དེ་རྣམས་སེམས་ཅན་ཀུན་གྱི་ལུས་མགོ་མཇུག་ལ་གནས་པའོ། །མེ་ལ་ལྔ་སྟེ། ཕྱི་ནང་ཀུན་ཏུ་ཁྱབ་བྱེད་ཀྱི་མེ་དང༌། ཕྱི་ནང་ཀུན་གསལ་གྱི་མེ་དང༌། ཕྱི་ནང་ཀུན་ཏུ་མཉམ་པའི་མེ་དང༌། ཕྱི་ནང་གི་བྱ་བ་རྟོག་པའི་མེ་དང༌། ཕྱི་ནང་གི་བྱ་བ་སྒྲུབ་པའི་མེ་དང་ལྔའོ། །ས་ལའང་ལྔ་སྟེ། ཀུན་ཏུ་སྣང་བའི་ས་དང༌། མི་འགྱུར་བ་རྡོ་རྗེའི་ས་དང༌། ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས་དང༌། སྣང་བ་སྟོན་པ་ཀུན་ཏུ་མཐའ་ཡས་པའི་ས་དང༌། སྒྲུབ་པ་

རླུང་དང་ཀུན་ཏུ་ཁྱབ་བྱེད ] དུ D G · མེད་པ་བསྐལ་པ་ལས་ཀྱི ] པས W · ཕྱི་ནང་ཀུན་ཏུ་ཁྱབ་བྱེད ] དུ D G X · ཕྱི་ནང་ཀུན་ཏུ་མཉམ་པའི ] དུ D G X · ལྔ་སྟེ་ཀུན་ཏུ་སྣང་བའི ] དུ D G X · དང་མི་འགྱུར་བ་རྡོ་རྗེའི ] པ W · སྟོན་པ་ཀུན་ཏུ་མཐའ་ཡས ] དུ D G X

[p. 122] མཐར་ཕྱིན་པའི་ས་དང་ལྔའོ། །ཆུ་རྣམ་པ་ལྔ་ནི། འགྱུར་བ་མེད་པའི་ཆུ་དང༌། ཞི་བ་གསལ་དག་གི་ཆུ་དང༌། ཡོན་ཏན་འབྱུང་བ་རྒྱས་པའི་ཆུ་དང༌། ཆགས་པ་མེད་པའི་ཆུ་དང༌། འཛིན་མེད་རྫོགས་པའི་ཆུ་དང་ལྔའོ། །ནམ་མཁའ་ལྔ་ནི། སྤྱི་ཀུན་ལ་ཁྱབ་པའི་ནམ་མཁའ་དང༌། ཡུལ་མེད་གསལ་དངས་ཀྱི་ནམ་མཁའ་དང༌། །མ་འདྲེས་དག་པའི་ནམ་མཁའ་དང༌། དོན་མཚོན་བྱེད་ཀྱི་ནམ་མཁའ་དང༌། དག་པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་མཁའ་དང་ལྔའོ། །དེ་ལྟར་འབྱུང་བ་ལྔ་ཉིད་རང་ལ་རང་བཞིན་གྱིས་གནས་སོ། །དེ་ཡང་བཤད་ལུགས་འདི་ལྟར་ཡིན་ནོ། །སྲོག་འཛིན་པའི་རླུང་ལ་ཡང་ལྔ་སྟེ། རྩ་བ་འཛིན་པའི་སྲོག་དང༌། སྐྱོད་བྱེད་ཀྱི་སྲོག་དང༌། རྣམ་པར་ཕྲ་བའི་སྲོག་དང༌། མི་གཙང་བའི་སྲོག་དང༌། རྣམ་པར་འདར་བྱེད་ཀྱི་སྲོག་དང་ལྔའོ། །མེ་དང་ལྷན་ཅིག་ཏུ་གནས་པའི་རླུང་ལའང་ལྔ་སྟེ། དངས་སྙིགས་འབྱེད་

ལ་རང་བཞིན་གྱིས་གནས་སོ ] གྱི W

[p. 123] པའི་རླུང་དང༌། དྲོད་བསྐྱེད་པའི་རླུང་དང༌། གསལ་འགྱུར་གྱི་རླུང་དང༌། རྣམ་པར་སྡུད་པའི་རླུང་དང༌། རྣམ་པར་གཟེངས་བསྟོད་པའི་རླུང་དང་ལྔའོ། །བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ལའང་ལྔ་སྟེ། རྣམ་པར་ཤེས་པ་བསྐྱེད་པའི་རླུང་དང༌། རྣམ་པར་ཡིད་འབྱུང་བའི་རླུང་དང༌། རྣམ་པར་མདངས་དང་ལྡན་པའི་རླུང་དང༌། རྣམ་པར་སླེག་པའི་རླུང་དང༌། རྣམ་པར་རྒོད་པའི་རླུང་དང་ལྔའོ། །རྣམ་པར་ཁྱབ་བྱེད་ཀྱི་རླུང་ལའང་ལྔ་སྟེ། གཞི་ལ་ཁྱབ་བྱེད་ཀྱི་རླུང་དང༌། འཕྲལ་ལ་ཁྱབ་བྱེད་ཀྱི་རླུང་དང༌། དངང་ཞིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་དང༌། དྲན་པ་ཁྱབ་བྱེད་ཀྱི་རླུང་དང༌། འཛིན་པས་ཡུལ་ཀུན་ཁྱབ་པའི་རླུང་དང་ལྔའོ། །སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ལའང་ལྔ་སྟེ། རྣམ་པར་སྐྱོད་བྱེད་ཀྱི་རླུང་དང༌། རྣམ་པར་སྒྲོལ་བྱེད་ཀྱི་རླུང་དང༌། རྣམ་པར་ཟློག་བྱེད་ཀྱི་རླུང་དང༌། རྣམ་པར་མྱུར་བྱེད་

སྟེ་རྣམ་པར་སྐྱོད་བྱེད་ཀྱི ] སྤྱོད D G · ཀྱི་རླུང་དང་རྣམ་པར་མྱུར ] རྣམས A S

[p. 124] ཀྱི་རླུང་དང༌། སྐད་ཅིག་མའི་རླུང་དང་ལྔའོ་ཞེས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་སྲིད་པར་འཁྲུལ་ཚུལ་གྱི་རིམ་པ་སྟེ་རྡོ་རྗེའི་གནས་གཉིས་པ་རྒྱ་ཆེར་བཤད་པའོ། །

[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the divisions of each unit; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The first levels of the outline of the whole work are on the contents page.
2 Detailed explanation of how the body is formed ལུས་གྲུབ་ཚུལ་བྱེ་བྲག་ཏུ་བཤད་པ [p. 88]
2.2 The nature of what is supported: channels, bindus and winds བརྟེན་པ་རྩ་ཐིག་རླུང་གསུམ་གྱི་རང་བཞིན [p. 107]
2.2.3 The abiding reality of the arrayed bodhicitta བཀོད་པ་བྱང་ཆུབ་སེམས་ཀྱི་གནས་ལུགས [p. 111]
2.2.3.3 The ultimate bindu དོན་དམ་གྱི་ཐིག་ལེ [p. 114] topical
The ultimate bindu, with wisdom as cause and light and colour as condition, ripens as kāyas in the citta, bindus in the channels and the four lamps in the eyes, resulting in inseparable expanse and wisdom.
2.2.3.4 The natural bindu རང་བཞིན་གྱི་ཐིག་ལེ [p. 115] topical
The natural bindu is named differently at successive stages of practice, from the bindu of dharmatā in equipoise to the bindu of great primordial wisdom; the Reverberation of Sound describes the kāyas in the citta and bindus in the channels.
2.3 The way in which the pervading elements are complete ཁྱབ་བྱེད་འབྱུང་བའི་ཚང་ཚུལ [p. 116]
Shows the five winds, fires, earths, waters and spaces complete in the body as aspects of primordial wisdom, specifying their locations and the fivefold subdivisions of each wind, with a long supporting quotation from the Self-Arising Awareness.
2.3.1 How the five earths and other elements abide ས་ལྔ་ལ་སོགས་པའི་གནས་ཚུལ [p. 116] topical
Specifies where each of the five earths, waters, fires, winds and spaces abides in the body or with which aspect of awareness, lamps, bindus and wisdom it is inseparable.
2.3.2 The five winds each divided into five རླུང་ལྔ་ལ་ལྔ་ཚན་དུ་ཕྱེ་བ [p. 118] topical
Each of the five winds has five subdivisions, which generate glows, are nondual with aspects of wisdom, act as objects, appear in, or pervade various aspects of mind and experience.
2.3.3 Scriptural support from the Self-Arising Awareness རང་ཤར་གྱི་ལུང [p. 120] topical
A long quotation lists the five elements complete in the body, the five kinds of each element, and the fivefold subdivisions of each of the five winds.
3 Colophon of the second vajra topic མཇུག་བྱང [p. 124] topical
Concludes the extensive explanation of the second vajra topic, the stages of how delusion comes about in existence.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 114] From the fifteenth day onward, in dependence on the dregs of the food that has been eaten, the relative bodhicitta increases downward: on the nineteenth day the aggregates and so forth flourish at the throat, on the twenty-second they flourish at the heart, and on the new-moon day they flourish at the soles of the feet. Therefore, if one anoints and massages[180]Note 180 · p. 114 · The massage has no stated object (Dharmamitra: "warms them", i.e. the soles; Claude Fable 5.2 supplies "the body"); the English leaves it open, as the Tibetan does. with a blend of various seed oils, fragrant fat[179]Note 179 · p. 114 · zhim tsho is doubtful. Gemini 4 Neon/Claude Fable 5.2 take it as a (rich/fragrant) fat, Dharmamitra as "fats", GPT-6.2 Astra as "edible salt" (reading tshwa). I read tsho as "fat, grease" and translate "fragrant fat", tentatively. and powdered nutmeg (jāti), and then warms oneself in the sun, the constituents flourish and virtuous practice is accomplished naturally. The meditative concentration that relies on the bindu increases. In this way the relative bindu performs the function of making the four elements flourish and decline.

2.2.3.3 The ultimate bindu དོན་དམ་གྱི་ཐིག་ལེ2.2.3.3 The ultimate bindu (topical division)
The ultimate bindu, with wisdom as cause and light and colour as condition, ripens as kāyas in the citta, bindus in the channels and the four lamps in the eyes, resulting in inseparable expanse and wisdom.

The ultimate bindu has primordial wisdom as its cause and light and colour as its condition; as its function,[181]Note 181 · p. 114 · Variant: Adzom reads skyed las for byed las. I keep byed las ("function"), the standard analytic heading in the series cause, condition, function, result; skyed is probably a graphic or OCR slip. it performs the function of ripening the kāyas and primordial wisdom. That is: in the citta it ripens as kāyas; in the channels it ripens as bindus; and in the eyes it performs the function of ripening as the four lamps. Its result is expanse and primordial wisdom[178]Note 178 · p. 114 · The opening words (ma rgyas shing 'byung ba mi 'khrugs pa yin no) were already rendered at the end of the previous part and are not repeated, though Gemini 4 Neon, Claude Fable 5.2 and GPT-6.2 Astra translate them again.[182]Note 182 · p. 114 · kun rdzob is "relative" per the glossary (GPT-6.2 Astra "conventional"), 'bras bu here is "result" since it stands opposite "cause" (Claude Fable 5.2/GPT-6.2 Astra "fruit", Gemini 4 Neon "fruition"), and 'du 'bral med pa is "without union or separation" (Dharmamitra "inseparability").

[p. 115] without union or separation ('du 'bral med pa).

2.2.3.4 The natural bindu རང་བཞིན་གྱི་ཐིག་ལེ2.2.3.4 The natural bindu (topical division)
The natural bindu is named differently at successive stages of practice, from the bindu of dharmatā in equipoise to the bindu of great primordial wisdom; the Reverberation of Sound describes the kāyas in the citta and bindus in the channels.

As for the natural bindu: at the time of meditative equipoise (mnyam gzhag) it is the bindu of dharmatā. At the time when experience has arisen in that, it is the bindu of utterly pure dharmatā. At the time of appearance[183]Note 183 · p. 115 · snang ba'i dus: GPT-6.2 Astra has "vision", but the house rule keeps "vision" for the four visions named as such, so "appearance" with Gemini 4 Neon, Dharmamitra, Claude Fable 5.2. it is the bindu of the expanse. At the time when increase arises from that, it is the bindu of the utterly pure expanse. At the time when that itself is perfected, it is the bindu of Samantabhadra. At the time when that itself has arisen outwardly, it is the bindu of great primordial wisdom.

These too are taught in the Reverberation of Sound:[184]Note 184 · p. 115 · Thal 'gyur: Dharmamitra's "Consequence Tantra" is corrected to the fixed title Reverberation of Sound.

Within the citta it abides as kāyas:
The kāyas of radiance, of five kinds,
Hold the defining characteristics of their respective families (rigs).
The kāyas of light rays, six in number,
Gather the dharmatā of natural appearance.
The pure kāyas, of three kinds,
Hold the boundary of nirvāṇa (mya ngan 'das).
The kāyas of aspects, eight in number,[185]Note 185 · p. 115 · rnam pa'i sku: "kāyas of aspects" with Gemini 4 Neon, Dharmamitra, Claude Fable 5.2, against GPT-6.2 Astra "kāyas of form".
Perform the activity of completing the levels (sa) and paths.
Within the channels it is bindus:
The bindus of entering, of three kinds,

[p. 116] Plant the seed that connects saṃsāra and nirvāṇa.
By the bindus of arising, five in number,[186]Note 186 · p. 116 · skye ba'i thig le: "bindus of arising" (Dharmamitra, Claude Fable 5.2, GPT-6.2 Astra) rather than "birth" (Gemini 4 Neon), since yogic experience, not rebirth, is in question.
The maṇḍala of yogic experience is perfected.
The bindus of array, six in number,
Gather manifold dharmatā into one.[187]Note 187 · p. 116 · chos nyid du ma gcig tu sdud: du ma qualifies chos nyid, so "gather manifold dharmatā into one" (Gemini 4 Neon, Dharmamitra, Claude Fable 5.2), not GPT-6.2 Astra's "gather the manifold into one dharmatā".
Through reliance on each of these,
All phenomena are the very identity of equality.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (The root tantra of the Seventeen Tantras; the name 'gsang ba sgra rgyud' appears to refer to it as well.)
The quoted words are in Ngb-pt-0056-vol-01-text (the text itself), 82 % of the words.
[188]Note 188 · p. 116 · bdag nyid is rendered "very identity" (Claude Fable 5.2) rather than "nature" (Gemini 4 Neon/Dharmamitra) or "essence" (GPT-6.2 Astra), which are reserved for rang bzhin and ngo bo.

So it is said.[189]Note 189 · p. 116 · zhes so, omitted by Gemini 4 Neon and GPT-6.2 Astra, is restored.

2.3 The way in which the pervading elements are complete ཁྱབ་བྱེད་འབྱུང་བའི་ཚང་ཚུལ2.3 The way in which the pervading elements are complete
Shows the five winds, fires, earths, waters and spaces complete in the body as aspects of primordial wisdom, specifying their locations and the fivefold subdivisions of each wind, with a long supporting quotation from the Self-Arising Awareness.

As for the third topic, the way in which the pervading elements are complete:[190]Note 190 · p. 116 · Variant: Adzom reads chad tshul for tshang tshul. I keep tshang tshul ("way of being complete"), confirmed by the repeated lus la tshang in the sentences that follow.

The twenty-five subdivisions of the five winds pervade the body and are complete in it, acting as the radiance of primordial wisdom. The five fires are complete in the body, acting as the dynamic energy of primordial wisdom. The five earths are complete in the body, revealing the essence of primordial wisdom. The five waters are complete, acting as the object of primordial wisdom. The five spaces are complete, acting as the abode (gnas) of primordial wisdom.

2.3.1 How the five earths and other elements abide ས་ལྔ་ལ་སོགས་པའི་གནས་ཚུལ2.3.1 How the five earths and other elements abide (topical division)
Specifies where each of the five earths, waters, fires, winds and spaces abides in the body or with which aspect of awareness, lamps, bindus and wisdom it is inseparable.

Among these, the way the five earths abide is as follows. The earth of universal appearance[191]Note 191 · p. 116 · kun tu snang ba'i sa: "earth of universal appearance" (Gemini 4 Neon), keeping snang ba as "appearance", against "all-illuminating" (Dharmamitra, Claude Fable 5.2, GPT-6.2 Astra). The five earths seem to echo the five families (Vairocana, vajra, ratna, Amitābha, karma). abides together with awareness. The unchanging vajra earth abides together with the lamps. The precious earth from which everything arises abides together with the bindus. The utterly boundless earth that reveals

[p. 117] appearance abides together with the two, expanse and primordial wisdom. The earth of consummate accomplishment abides together with insight.

Of the five waters: the unchanging water abides in all the channels; the peaceful, clear and pure water abides in all the bones; the water of flourishing qualities (yon tan) abides in all the blood; the water without attachment abides in all the lymph; and the water of perfection without grasping abides within the eyes.

Of the five fires: the fire that pervades everywhere, outer and inner, abides in the lungs; the fire that makes everything clear, outer and inner, abides in the two eyes and the limbs; the fire that is equal everywhere, outer and inner, abides between the flesh and the skin; the fire that discerns outer and inner activities[192]Note 192 · p. 117 · rtog pa'i me: "discerns" (Claude Fable 5.2/GPT-6.2 Astra; Gemini 4 Neon "examines"), not "conceptualizes" (Dharmamitra). The five fires parallel the five primordial wisdoms, so rtog pa stands for so sor rtog pa. abides in the soles of the two feet; and the fire that accomplishes outer and inner activities abides in the palms of the two hands.

Of the five winds: the life-sustaining wind (srog 'dzin pa'i rlung) abides in the life-channel (srog rtsa); the wind that generates lustre and brilliance[193]Note 193 · p. 117 · The part ends mid-sentence. The English stops after the subject "the wind that generates lustre and brilliance"; its predicate (smin phrag na gnas) belongs to the next part. (bkrag dang gzi mdangs bskyed pa'i rlung)

[p. 118] abides between the eyebrows;[195]Note 195 · p. 118 · The opening words complete the sentence left unfinished at the end of the previous part; Dharmamitra and GPT-6.2 Astra repeat "the wind that generates lustre and brilliance", which is not repeated here. the wind that abides together with fire[194]Note 194 · p. 118 · Variant: the text reads me dang mnyam du gnas pa'i rlung ("the wind that abides together with fire"); Adzom reads mi dang ("together with humans"). I follow the text: me is confirmed by the Rang shar citation on p. 121 and by me dang lhan cig gnas pa'i rlung on p. 119. abides in the stomach; the all-pervading wind abides pervading the whole body; and the compassionless karmic wind of the aeon[196]Note 196 · p. 118 · snying rje med pa bskal pa las kyi rlung: rendered "compassionless karmic wind of the aeon" to keep the glossary's "compassion" for snying rje; all drafts have "merciless". abides between the heart and the pericardium.

Of the five spaces: the space that pervades all abides inseparably from awareness itself; the objectless space, clear and limpid, abides inseparably from the five lights; the unmixed, pure space abides inseparably from the utterly pure expanse; the space that illustrates the meaning abides inseparably from the primordial wisdom of signs (rtags), the empty bindus[197]Note 197 · p. 118 · rtags kyi ye shes thig le stong pa: taken as apposition ("the primordial wisdom of signs, the empty bindus") with Claude Fable 5.2 and GPT-6.2 Astra. Gemini 4 Neon reads "the empty sphere of the primordial wisdom of signs" and Dharmamitra "symbolic primordial wisdom"; both are possible, but the apposition keeps the Tibetan order. (thig le stong pa); and the space that liberates into the pure fields abides inseparably from all the appearances of the kāyas and primordial wisdom.

2.3.2 The five winds each divided into five རླུང་ལྔ་ལ་ལྔ་ཚན་དུ་ཕྱེ་བ2.3.2 The five winds each divided into five (topical division)
Each of the five winds has five subdivisions, which generate glows, are nondual with aspects of wisdom, act as objects, appear in, or pervade various aspects of mind and experience.

When the five winds are each divided into sets of five: of the life-sustaining wind, the life-force wind (srog rlung) that holds the root generates the glow (mdangs) of awareness;[198]Note 198 · p. 118 · mdangs is rendered "glow" because the glossary reserves "radiance" for gdangs and uses "brilliance" for gzi mdangs; all drafts have "radiance". Conversely gdangs in the Rang shar citation (p. 120) is "radiance", against Claude Fable 5.2 "glow" and Gemini 4 Neon "resonance". the nurturing life-force wind generates the glow of the bindus;

[p. 119] the thoroughly subtle life-force wind generates the glow of light; the impure life-force wind generates the glow of mind and ignorance; and the thoroughly trembling life-force wind generates the glow of mentation.[199]Note 199 · p. 119 · yid is "mentation" per the glossary (Claude Fable 5.2, GPT-6.2 Astra "mental faculty"; Gemini 4 Neon "intellect"; Dharmamitra "mental intellect"); shes rab is "insight" (Dharmamitra "transcendent knowledge", GPT-6.2 Astra "discernment"); thig le is "bindu" (Gemini 4 Neon, GPT-6.2 Astra "sphere"; Dharmamitra "drop").

Of the wind that abides together with fire, too: the wind that separates the refined essence from the dregs is nondual (gnyis su med) with the life-force; the wind that generates warmth is nondual with awareness; the wind that brings clarity is nondual with the lamps; the thoroughly gathering wind is nondual with the bindus; and the thoroughly uplifting wind is nondual with insight.

Of the wind that generates lustre and brilliance, too: the wind that generates consciousness acts as the object of insight; the wind of thorough disenchantment[200]Note 200 · p. 119 · rnam par yid 'byung ba'i rlung: read as "wind of thorough disenchantment" (yid 'byung ba in its usual sense), as in all drafts. Since it follows "the wind that generates consciousness", it could also mean "the wind from which mentation arises". acts as the object of appearance; the wind thoroughly endowed with glow acts as the object of the lamps; the thoroughly burning wind[201]Note 201 · p. 119 · rnam par sleg pa'i rlung: sleg pa is not a recognizable word and the reading is doubtful. I read it tentatively as sreg pa, "burning", with Claude Fable 5.2 ("scorching") and Dharmamitra ("incinerating"). Gemini 4 Neon "overturning" presumes slog pa, and GPT-6.2 Astra "seeking" has no evident basis. acts as the object of

[p. 120] ignorance; and the thoroughly wild wind acts as the object of mentation.

Of the thoroughly pervading wind, too: the wind that pervades the ground appears in primordial wisdom;[202]Note 202 · p. 120 · … la snang: rendered "appears in" (Gemini 4 Neon), close to Claude Fable 5.2 and GPT-6.2 Astra "manifests in"; Dharmamitra "appears to" is also grammatically possible. the wind that pervades in the immediate present[203]Note 203 · p. 120 · 'phral du khyab byed: taken as "pervades in the immediate present", in contrast with the ground (gzhi) in the preceding item; Gemini 4 Neon "immediately" and GPT-6.2 Astra "at once" read it as a mere adverb of time. appears in the lamps; the wind that pervades fright and terror appears in cognition; the wind that pervades recollection appears in reflection (bsam pa);[204]Note 204 · p. 120 · bsam pa is "reflection" per the glossary (drafts: "thought"), which also keeps it distinct from rtog pa, "conceptual thought". dran pa is "recollection", not Dharmamitra's "mindfulness", since this is not an instruction on sustaining practice. and the wind that pervades all objects through grasping appears in mind.

Of the compassionless karmic wind of the aeon, too: the thoroughly moving wind pervades the aggregates; the thoroughly liberating wind pervades the instant; the thoroughly reversing wind pervades the intermediate state (bar ma do); the thoroughly hastening wind pervades conceptual thought; and the instantaneous wind pervades the three instants.

2.3.3 Scriptural support from the Self-Arising Awareness རང་ཤར་གྱི་ལུང2.3.3 Scriptural support from the Self-Arising Awareness (topical division)
A long quotation lists the five elements complete in the body, the five kinds of each element, and the fivefold subdivisions of each of the five winds.

These, too, are set out in the Self-Arising Awareness[205]Note 205 · p. 120 · rang shar: translated "Self-Arising Awareness" (glossary: rang shar, self-arising) rather than the drafts' "Self-Arisen".:

"The five great elements are complete in one's own body. Moreover, the five kinds of wind act as the radiance of primordial wisdom. The five kinds of fire act as the dynamic energy of primordial wisdom. The five kinds of

[p. 121] earth act as the essence of primordial wisdom. The five kinds of water act as the object of primordial wisdom. The five kinds of space act as the abode of primordial wisdom.

"What are the five kinds of wind? The life-sustaining wind, the wind that generates lustre and brilliance, the wind that abides together with fire, the all-pervading wind, and the compassionless karmic wind of the aeon: these are the five. These winds abide in the bodies of all sentient beings, from top to bottom.[206]Note 206 · p. 121 · mgo mjug la gnas pa: "from top to bottom" (literally "head and tail end"); GPT-6.2 Astra "from end to end", Gemini 4 Neon "from head to toe".

"Fire has five: the fire that pervades everywhere, outer and inner; the fire that makes everything clear, outer and inner; the fire that is equal everywhere, outer and inner; the fire that discerns outer and inner activities; and the fire that accomplishes outer and inner activities: these are the five.

"Earth, too, has five: the earth of universal appearance; the unchanging vajra earth; the precious earth from which everything arises; the utterly boundless earth that displays appearance; and the earth of consummate accomplishment: these are the five.[207]Note 207 · p. 121 · The names of the five fires and of the fifth earth follow the renderings fixed in the previous part (p. 117). The last sentence runs over the page (sgrub pa / mthar phyin pa'i sa dang lnga'o) and is completed here because English word order requires it; the next part should begin with the five waters (chu rnam pa lnga ni). The Rang shar quotation continues, so no closing quotation mark is given.

[p. 122] "The five kinds of water are: the unchanging water; the water of peace, clarity and purity; the flourishing water from which qualities arise; the water without attachment; and the water of perfection without grasping: these are the five.

"The five spaces are: the space that pervades all universally; the objectless space, clear and limpid; the unmixed, pure space; the space that illustrates the meaning; and the space that delivers into the pure fields:[209]Note 209 · p. 122 · dag pa'i zhing du sgrol byed: rendered "delivers into the pure fields" with Claude Fable 5.2, since the la don particle marks a destination; GPT-6.2 Astra's "brings liberation in a pure realm" does not fit it. these are the five.

"In this way the five elements themselves abide naturally within oneself. Moreover, the manner of explaining them is as follows.

"The life-sustaining wind, too, has five: the life-force (srog) that holds the root; the life-force that sets in motion; the utterly subtle life-force; the impure life-force; and the life-force that causes utter trembling: these are the five.

"The wind that abides together with fire also has five: the wind that separates the refined essence from the dregs;[208]Note 208 · p. 122 · The opening words mthar phyin pa'i sa dang lnga'o ("the earth of consummate accomplishment: these are the five") were already rendered at the end of the previous part and are not repeated; Claude Fable 5.2, GPT-6.2 Astra, Gemini 4 Neon translate them again.

[p. 123] the wind that generates warmth; the wind that brings about clarity; the wind that thoroughly gathers; and the wind that thoroughly uplifts: these are the five.

"The wind that generates lustre and brilliance also has five:[210]Note 210 · p. 123 · gzi mdangs / mdangs: all drafts have "radiance", which the glossary reserves for gdangs; corrected to "brilliance". the wind that generates consciousness; the wind of utter disenchantment;[211]Note 211 · p. 123 · rnam par yid 'byung ba'i rlung: taken with all drafts as the idiom yid 'byung ba, "disenchantment". Coming right after "the wind that generates consciousness", it could also be read "the wind from which mentation arises". the wind utterly endowed with brilliance; the wind of utter charm;[212]Note 212 · p. 123 · rnam par sleg pa'i rlung: sleg pa is not a regular word. I read sgeg pa, "charm" (Claude Fable 5.2 and Gemini 4 Neon "grace"), which pairs naturally with the following rgod pa, as in the lists of expressive moods. Dharmamitra's "incineration" presupposes sreg pa, and GPT-6.2 Astra's "conceit" has no clear basis. and the wind of utter wildness:[213]Note 213 · p. 123 · rnam par rgod pa: "wildness" with Claude Fable 5.2; GPT-6.2 Astra "restlessness", Gemini 4 Neon "excitement" and Dharmamitra "agitation" are possible but weaker beside sgeg pa. these are the five.

"The all-pervading wind also has five: the wind that pervades the ground; the wind that pervades the immediate;[214]Note 214 · p. 123 · 'phral la khyab byed: "pervades the immediate" (Claude Fable 5.2, Gemini 4 Neon, Dharmamitra), as the counterpart of the preceding gzhi la, "the ground"; GPT-6.2 Astra's "pervades in an instant" reads it as an adverb. the wind that pervades fright and terror;[215]Note 215 · p. 123 · dngang zhing skrag pa khyab byed: kept literal, "pervades fright and terror" (Gemini 4 Neon, Dharmamitra); Claude Fable 5.2 and GPT-6.2 Astra supply an instrumental ("pervades with fright") that is not in the Tibetan. the wind that pervades recollection; and the wind by which grasping pervades all objects: these are the five.

"The compassionless karmic wind of the aeon also has five: the wind that thoroughly agitates; the wind that thoroughly delivers;[216]Note 216 · p. 123 · rnam par sgrol byed kyi rlung: "delivers" (Claude Fable 5.2), matching sgrol byed on p. 122; GPT-6.2 Astra, Gemini 4 Neon, Dharmamitra's "liberates" suggests grol ba and sits oddly with the compassionless karmic wind. the wind that thoroughly reverses; the wind that thoroughly hastens;

[p. 124] and the instantaneous wind: these are the five."Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

So it is said.[217]Note 217 · p. 124 · zhes so closes the tantra quotation and is rendered "So it is said"; Dharmamitra omits it and GPT-6.2 Astra leaves it untranslated.

3 Colophon of the second vajra topic མཇུག་བྱང3 Colophon of the second vajra topic (topical division)
Concludes the extensive explanation of the second vajra topic, the stages of how delusion comes about in existence.

From the Precious Treasury of Words and Meanings, this was the extensive explanation of the second vajra topic (rdo rje'i gnas), the stages of how delusion comes about in existence.[218]Note 218 · p. 124 · srid par 'khrul tshul: 'khrul rendered "delusion" per the glossary (Claude Fable 5.2, Gemini 4 Neon); GPT-6.2 Astra and Dharmamitra have "straying". srid pa is "existence" per the glossary, not "conditioned existence" (GPT-6.2 Astra, Gemini 4 Neon).

Translation notes
  • 178. [p. 114] The opening words (ma rgyas shing 'byung ba mi 'khrugs pa yin no) were already rendered at the end of the previous part and are not repeated, though Gemini 4 Neon, Claude Fable 5.2 and GPT-6.2 Astra translate them again.
  • 179. [p. 114] zhim tsho is doubtful. Gemini 4 Neon/Claude Fable 5.2 take it as a (rich/fragrant) fat, Dharmamitra as "fats", GPT-6.2 Astra as "edible salt" (reading tshwa). I read tsho as "fat, grease" and translate "fragrant fat", tentatively.
  • 180. [p. 114] The massage has no stated object (Dharmamitra: "warms them", i.e. the soles; Claude Fable 5.2 supplies "the body"); the English leaves it open, as the Tibetan does.
  • 181. [p. 114] Variant: Adzom reads skyed las for byed las. I keep byed las ("function"), the standard analytic heading in the series cause, condition, function, result; skyed is probably a graphic or OCR slip.
  • 182. [p. 114] kun rdzob is "relative" per the glossary (GPT-6.2 Astra "conventional"), 'bras bu here is "result" since it stands opposite "cause" (Claude Fable 5.2/GPT-6.2 Astra "fruit", Gemini 4 Neon "fruition"), and 'du 'bral med pa is "without union or separation" (Dharmamitra "inseparability").
  • 183. [p. 115] snang ba'i dus: GPT-6.2 Astra has "vision", but the house rule keeps "vision" for the four visions named as such, so "appearance" with Gemini 4 Neon, Dharmamitra, Claude Fable 5.2.
  • 184. [p. 115] Thal 'gyur: Dharmamitra's "Consequence Tantra" is corrected to the fixed title Reverberation of Sound.
  • 185. [p. 115] rnam pa'i sku: "kāyas of aspects" with Gemini 4 Neon, Dharmamitra, Claude Fable 5.2, against GPT-6.2 Astra "kāyas of form".
  • 186. [p. 116] skye ba'i thig le: "bindus of arising" (Dharmamitra, Claude Fable 5.2, GPT-6.2 Astra) rather than "birth" (Gemini 4 Neon), since yogic experience, not rebirth, is in question.
  • 187. [p. 116] chos nyid du ma gcig tu sdud: du ma qualifies chos nyid, so "gather manifold dharmatā into one" (Gemini 4 Neon, Dharmamitra, Claude Fable 5.2), not GPT-6.2 Astra's "gather the manifold into one dharmatā".
  • 188. [p. 116] bdag nyid is rendered "very identity" (Claude Fable 5.2) rather than "nature" (Gemini 4 Neon/Dharmamitra) or "essence" (GPT-6.2 Astra), which are reserved for rang bzhin and ngo bo.
  • 189. [p. 116] zhes so, omitted by Gemini 4 Neon and GPT-6.2 Astra, is restored.
  • 190. [p. 116] Variant: Adzom reads chad tshul for tshang tshul. I keep tshang tshul ("way of being complete"), confirmed by the repeated lus la tshang in the sentences that follow.
  • 191. [p. 116] kun tu snang ba'i sa: "earth of universal appearance" (Gemini 4 Neon), keeping snang ba as "appearance", against "all-illuminating" (Dharmamitra, Claude Fable 5.2, GPT-6.2 Astra). The five earths seem to echo the five families (Vairocana, vajra, ratna, Amitābha, karma).
  • 192. [p. 117] rtog pa'i me: "discerns" (Claude Fable 5.2/GPT-6.2 Astra; Gemini 4 Neon "examines"), not "conceptualizes" (Dharmamitra). The five fires parallel the five primordial wisdoms, so rtog pa stands for so sor rtog pa.
  • 193. [p. 117] The part ends mid-sentence. The English stops after the subject "the wind that generates lustre and brilliance"; its predicate (smin phrag na gnas) belongs to the next part.
  • 194. [p. 118] Variant: the text reads me dang mnyam du gnas pa'i rlung ("the wind that abides together with fire"); Adzom reads mi dang ("together with humans"). I follow the text: me is confirmed by the Rang shar citation on p. 121 and by me dang lhan cig gnas pa'i rlung on p. 119.
  • 195. [p. 118] The opening words complete the sentence left unfinished at the end of the previous part; Dharmamitra and GPT-6.2 Astra repeat "the wind that generates lustre and brilliance", which is not repeated here.
  • 196. [p. 118] snying rje med pa bskal pa las kyi rlung: rendered "compassionless karmic wind of the aeon" to keep the glossary's "compassion" for snying rje; all drafts have "merciless".
  • 197. [p. 118] rtags kyi ye shes thig le stong pa: taken as apposition ("the primordial wisdom of signs, the empty bindus") with Claude Fable 5.2 and GPT-6.2 Astra. Gemini 4 Neon reads "the empty sphere of the primordial wisdom of signs" and Dharmamitra "symbolic primordial wisdom"; both are possible, but the apposition keeps the Tibetan order.
  • 198. [p. 118] mdangs is rendered "glow" because the glossary reserves "radiance" for gdangs and uses "brilliance" for gzi mdangs; all drafts have "radiance". Conversely gdangs in the Rang shar citation (p. 120) is "radiance", against Claude Fable 5.2 "glow" and Gemini 4 Neon "resonance".
  • 199. [p. 119] yid is "mentation" per the glossary (Claude Fable 5.2, GPT-6.2 Astra "mental faculty"; Gemini 4 Neon "intellect"; Dharmamitra "mental intellect"); shes rab is "insight" (Dharmamitra "transcendent knowledge", GPT-6.2 Astra "discernment"); thig le is "bindu" (Gemini 4 Neon, GPT-6.2 Astra "sphere"; Dharmamitra "drop").
  • 200. [p. 119] rnam par yid 'byung ba'i rlung: read as "wind of thorough disenchantment" (yid 'byung ba in its usual sense), as in all drafts. Since it follows "the wind that generates consciousness", it could also mean "the wind from which mentation arises".
  • 201. [p. 119] rnam par sleg pa'i rlung: sleg pa is not a recognizable word and the reading is doubtful. I read it tentatively as sreg pa, "burning", with Claude Fable 5.2 ("scorching") and Dharmamitra ("incinerating"). Gemini 4 Neon "overturning" presumes slog pa, and GPT-6.2 Astra "seeking" has no evident basis.
  • 202. [p. 120] … la snang: rendered "appears in" (Gemini 4 Neon), close to Claude Fable 5.2 and GPT-6.2 Astra "manifests in"; Dharmamitra "appears to" is also grammatically possible.
  • 203. [p. 120] 'phral du khyab byed: taken as "pervades in the immediate present", in contrast with the ground (gzhi) in the preceding item; Gemini 4 Neon "immediately" and GPT-6.2 Astra "at once" read it as a mere adverb of time.
  • 204. [p. 120] bsam pa is "reflection" per the glossary (drafts: "thought"), which also keeps it distinct from rtog pa, "conceptual thought". dran pa is "recollection", not Dharmamitra's "mindfulness", since this is not an instruction on sustaining practice.
  • 205. [p. 120] rang shar: translated "Self-Arising Awareness" (glossary: rang shar, self-arising) rather than the drafts' "Self-Arisen".
  • 206. [p. 121] mgo mjug la gnas pa: "from top to bottom" (literally "head and tail end"); GPT-6.2 Astra "from end to end", Gemini 4 Neon "from head to toe".
  • 207. [p. 121] The names of the five fires and of the fifth earth follow the renderings fixed in the previous part (p. 117). The last sentence runs over the page (sgrub pa / mthar phyin pa'i sa dang lnga'o) and is completed here because English word order requires it; the next part should begin with the five waters (chu rnam pa lnga ni). The Rang shar quotation continues, so no closing quotation mark is given.
  • 208. [p. 122] The opening words mthar phyin pa'i sa dang lnga'o ("the earth of consummate accomplishment: these are the five") were already rendered at the end of the previous part and are not repeated; Claude Fable 5.2, GPT-6.2 Astra, Gemini 4 Neon translate them again.
  • 209. [p. 122] dag pa'i zhing du sgrol byed: rendered "delivers into the pure fields" with Claude Fable 5.2, since the la don particle marks a destination; GPT-6.2 Astra's "brings liberation in a pure realm" does not fit it.
  • 210. [p. 123] gzi mdangs / mdangs: all drafts have "radiance", which the glossary reserves for gdangs; corrected to "brilliance".
  • 211. [p. 123] rnam par yid 'byung ba'i rlung: taken with all drafts as the idiom yid 'byung ba, "disenchantment". Coming right after "the wind that generates consciousness", it could also be read "the wind from which mentation arises".
  • 212. [p. 123] rnam par sleg pa'i rlung: sleg pa is not a regular word. I read sgeg pa, "charm" (Claude Fable 5.2 and Gemini 4 Neon "grace"), which pairs naturally with the following rgod pa, as in the lists of expressive moods. Dharmamitra's "incineration" presupposes sreg pa, and GPT-6.2 Astra's "conceit" has no clear basis.
  • 213. [p. 123] rnam par rgod pa: "wildness" with Claude Fable 5.2; GPT-6.2 Astra "restlessness", Gemini 4 Neon "excitement" and Dharmamitra "agitation" are possible but weaker beside sgeg pa.
  • 214. [p. 123] 'phral la khyab byed: "pervades the immediate" (Claude Fable 5.2, Gemini 4 Neon, Dharmamitra), as the counterpart of the preceding gzhi la, "the ground"; GPT-6.2 Astra's "pervades in an instant" reads it as an adverb.
  • 215. [p. 123] dngang zhing skrag pa khyab byed: kept literal, "pervades fright and terror" (Gemini 4 Neon, Dharmamitra); Claude Fable 5.2 and GPT-6.2 Astra supply an instrumental ("pervades with fright") that is not in the Tibetan.
  • 216. [p. 123] rnam par sgrol byed kyi rlung: "delivers" (Claude Fable 5.2), matching sgrol byed on p. 122; GPT-6.2 Astra, Gemini 4 Neon, Dharmamitra's "liberates" suggests grol ba and sits oddly with the compassionless karmic wind.
  • 217. [p. 124] zhes so closes the tantra quotation and is rendered "So it is said"; Dharmamitra omits it and GPT-6.2 Astra leaves it untranslated.
  • 218. [p. 124] srid par 'khrul tshul: 'khrul rendered "delusion" per the glossary (Claude Fable 5.2, Gemini 4 Neon); GPT-6.2 Astra and Dharmamitra have "straying". srid pa is "existence" per the glossary, not "conditioned existence" (GPT-6.2 Astra, Gemini 4 Neon).
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the text announces and opens), gold the quotations, red the words of a quotation that Longchenpa repeats in order to explain them, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Words of a quotation being explainedAuthor's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 114]
མ་རྒྱས་ཤིང་འབྱུང་བ་མི་འཁྲུགས་པ་ཡིན་ནོ། །བཅོ་ལྔ་ནས་ཟས་ཟོས་པའི་སྙིགས་མ་ལ་བརྟེན་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མར་འཕེལ་ཏེ། ཚེས་བཅུ་དགུ་ལ་མགྲིན་པར་ཕུང་པོ་ལ་སོགས་པ་རྒྱས། ཉེར་གཉིས་ལ་སྙིང་གར་རྒྱས། གནམ་སྟོང་ལ་རྐང་མཐིལ་དུ་རྒྱས་པས། འབྲུ་མར་སྣ་ཚོགས་པ་དང་ཞིམ་ཚོ་དང་ཛཱ་ཏིའི་ཕྱེ་མ་བསྲེས་པའི་བསྐུ་མཉེ་བྱས་ཏེ་ཉི་མ་ལ་བསྲོས་པས་ཁམས་རྒྱས་ཏེ་དགེ་སྦྱོར་ངང་གིས་འགྲུབ། ཐིག་ལེ་ལ་བརྟེན་པའི་བསམ་གཏན་འཕེལ་ལོ། །དེ་ལྟར་ཀུན་རྫོབ་ཀྱི་ཐིག་ལེས་འབྱུང་བ་བཞི་དར་གུད་ཀྱི་ལས་བྱེད་དོ། །དོན་དམ་གྱི་ཐིག་ལེས་རྒྱུ་ཡེ་ཤེས། རྐྱེན་འོད་དང་ཁ་དོག །བྱེད་ལས་སྐུ་དང་ཡེ་ཤེས་སྨིན་པའི་ལས་བྱེད་དོ། །དེ་ཡང་ཙིཏྟར་སྐུར་སྨིན་པར་བྱེད། རྩ་རྣམས་སུ་ཐིག་ལེར་སྨིན་པར་བྱེད། མིག་ཏུ་སྒྲོན་མ་བཞིར་སྨིན་པའི་ལས་བྱེད་དོ། །འབྲས་བུ་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་

From the fifteenth day onward, in dependence on the dregs of the food that has been eaten, the relative bodhicitta increases downward: on the nineteenth day the aggregates and so forth flourish at the throat, on the twenty-second they flourish at the heart, and on the new-moon day they flourish at the soles of the feet. Therefore, if one anoints and massages[180]Note 180 · p. 114 · The massage has no stated object (Dharmamitra: "warms them", i.e. the soles; Claude Fable 5.2 supplies "the body"); the English leaves it open, as the Tibetan does. with a blend of various seed oils, fragrant fat[179]Note 179 · p. 114 · zhim tsho is doubtful. Gemini 4 Neon/Claude Fable 5.2 take it as a (rich/fragrant) fat, Dharmamitra as "fats", GPT-6.2 Astra as "edible salt" (reading tshwa). I read tsho as "fat, grease" and translate "fragrant fat", tentatively. and powdered nutmeg (jāti), and then warms oneself in the sun, the constituents flourish and virtuous practice is accomplished naturally. The meditative concentration that relies on the bindu increases. In this way the relative bindu performs the function of making the four elements flourish and decline.

2.2.3.3 The ultimate bindu དོན་དམ་གྱི་ཐིག་ལེ2.2.3.3 The ultimate bindu (topical division)
The ultimate bindu, with wisdom as cause and light and colour as condition, ripens as kāyas in the citta, bindus in the channels and the four lamps in the eyes, resulting in inseparable expanse and wisdom.

The ultimate bindu has primordial wisdom as its cause and light and colour as its condition; as its function,[181]Note 181 · p. 114 · Variant: Adzom reads skyed las for byed las. I keep byed las ("function"), the standard analytic heading in the series cause, condition, function, result; skyed is probably a graphic or OCR slip. it performs the function of ripening the kāyas and primordial wisdom. That is: in the citta it ripens as kāyas; in the channels it ripens as bindus; and in the eyes it performs the function of ripening as the four lamps. Its result is expanse and primordial wisdom[178]Note 178 · p. 114 · The opening words (ma rgyas shing 'byung ba mi 'khrugs pa yin no) were already rendered at the end of the previous part and are not repeated, though Gemini 4 Neon, Claude Fable 5.2 and GPT-6.2 Astra translate them again.[182]Note 182 · p. 114 · kun rdzob is "relative" per the glossary (GPT-6.2 Astra "conventional"), 'bras bu here is "result" since it stands opposite "cause" (Claude Fable 5.2/GPT-6.2 Astra "fruit", Gemini 4 Neon "fruition"), and 'du 'bral med pa is "without union or separation" (Dharmamitra "inseparability").

[p. 115]
པའོ། །རང་བཞིན་གྱི་ཐིག་ལེ་ནི་མཉམ་གཞག་གི་དུས་ན་ཆོས་ཉིད་ཀྱི་ཐིག་ལེ། དེ་ལ་ཉམས་སྐྱེས་པའི་དུས་ན་ཆོས་ཉིད་རྣམ་པར་དག་པའི་ཐིག་ལེ། སྣང་བའི་དུས་ན་དབྱིངས་ཀྱི་ཐིག་ལེ། དེ་ལས་འཕེལ་བ་འབྱུང་བའི་དུས་ན་དབྱིངས་རྣམ་པར་དག་པའི་ཐིག་ལེ། དེ་ཉིད་རྫོགས་པའི་དུས་ན་ཀུན་ཏུ་བཟང་པོའི་ཐིག་ལེ། དེ་ཉིད་ཕྱིར་ཤར་བའི་དུས་ན་ཡེ་ཤེས་ཆེན་པོའི་ཐིག་ལེའོ། །དེ་དག་ཀྱང་ཐལ་འགྱུར་ལས། ཙིཏྟའི་ནང་ན་སྐུར་གནས་ཏེ།
།གདངས་ཀྱི་སྐུ་ནི་རྣམ་པ་ལྔས།
།སོ་སོའི་རིགས་ཀྱི་མཚན་ཉིད་འཛིན།
།ཟེར་གྱི་སྐུ་ནི་དྲུག་གིས་ཀྱང༌།
།རང་བཞིན་སྣང་བའི་ཆོས་ཉིད་སྡུད།
།དག་པའི་སྐུ་ནི་རྣམ་གསུམ་གྱིས།
།མྱ་ངན་འདས་པའི་ས་མཚམས་འཛིན།
།རྣམ་པའི་སྐུ་ནི་བརྒྱད་ཀྱིས་ཀྱང༌།
།ས་ལམ་རྫོགས་པའི་བྱ་བ་བྱེད།
།རྩ་ཡི་ནང་ན་ཐིག་ལེ་སྟེ།
།འཇུག་པའི་ཐིག་ལེ་རྣམ་གསུམ་གྱིས།
།འཁོར་

without union or separation ('du 'bral med pa).

2.2.3.4 The natural bindu རང་བཞིན་གྱི་ཐིག་ལེ2.2.3.4 The natural bindu (topical division)
The natural bindu is named differently at successive stages of practice, from the bindu of dharmatā in equipoise to the bindu of great primordial wisdom; the Reverberation of Sound describes the kāyas in the citta and bindus in the channels.

As for the natural bindu: at the time of meditative equipoise (mnyam gzhag) it is the bindu of dharmatā. At the time when experience has arisen in that, it is the bindu of utterly pure dharmatā. At the time of appearance[183]Note 183 · p. 115 · snang ba'i dus: GPT-6.2 Astra has "vision", but the house rule keeps "vision" for the four visions named as such, so "appearance" with Gemini 4 Neon, Dharmamitra, Claude Fable 5.2. it is the bindu of the expanse. At the time when increase arises from that, it is the bindu of the utterly pure expanse. At the time when that itself is perfected, it is the bindu of Samantabhadra. At the time when that itself has arisen outwardly, it is the bindu of great primordial wisdom.

These too are taught in the Reverberation of Sound:[184]Note 184 · p. 115 · Thal 'gyur: Dharmamitra's "Consequence Tantra" is corrected to the fixed title Reverberation of Sound.

Within the citta it abides as kāyas:
The kāyas of radiance, of five kinds,
Hold the defining characteristics of their respective families (rigs).
The kāyas of light rays, six in number,
Gather the dharmatā of natural appearance.
The pure kāyas, of three kinds,
Hold the boundary of nirvāṇa (mya ngan 'das).
The kāyas of aspects, eight in number,[185]Note 185 · p. 115 · rnam pa'i sku: "kāyas of aspects" with Gemini 4 Neon, Dharmamitra, Claude Fable 5.2, against GPT-6.2 Astra "kāyas of form".
Perform the activity of completing the levels (sa) and paths.
Within the channels it is bindus:
The bindus of entering, of three kinds,

[p. 116]
འདས་འབྲེལ་བའི་ས་བོན་འདེབས།
།སྐྱེ་བའི་ཐིག་ལེ་ལྔ་ཡིས་ཀྱང༌།
།རྣལ་འབྱོར་ཉམས་ཀྱི་དཀྱིལ་འཁོར་རྫོགས།
།བཀོད་པའི་ཐིག་ལེ་དྲུག་གིས་ནི།
།ཆོས་ཉིད་དུ་མ་གཅིག་ཏུ་སྡུད།
།དེ་དང་དེ་ལ་བརྟེན་པ་ཡིས།
།ཆོས་ཀུན་མཉམ་པའི་བདག་ཉིད་དོ།
།ཞེས་སོ། །དོན་གསུམ་པ་ཁྱབ་བྱེད་འབྱུང་བའི་ཚང་ཚུལ་ལ། རླུང་ལྔ་ལས་ཕྱེ་བ་ཉི་ཤུ་རྩ་ལྔས་ཡེ་ཤེས་ཀྱི་གདངས་བྱེད་པར་ཁྱབ་ཅིང་ལུས་ལ་ཚང༌། མེ་ལྔས་ཡེ་ཤེས་ཀྱི་རྩལ་བྱེད་པར་ལུས་ལ་ཚང༌། །ས་ལྔས་ཡེ་ཤེས་ཀྱི་ངོ་བོ་བསྟན་པར་ལུས་ལ་ཚང༌། ཆུ་ལྔས་ཡེ་ཤེས་ཀྱི་ཡུལ་བྱེད་པར་ཚང༌། ནམ་མཁའ་ལྔས་ཡེ་ཤེས་ཀྱི་གནས་བྱེད་པར་ཚང་བའོ། །དེ་ལ་ས་ལྔའི་གནས་ཚུལ་ནི། །ཀུན་ཏུ་སྣང་བའི་ས་རིག་པ་དང་ལྷན་ཅིག་ཏུ་གནས། མི་འགྱུར་བ་རྡོ་རྗེའི་ས་སྒྲོན་མ་དང་ལྷན་ཅིག་ཏུ་གནས། ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས་ཐིག་ལེ་དང་ལྷན་ཅིག་ཏུ་གནས། སྣང་བ་སྟོན་

Plant the seed that connects saṃsāra and nirvāṇa.
By the bindus of arising, five in number,[186]Note 186 · p. 116 · skye ba'i thig le: "bindus of arising" (Dharmamitra, Claude Fable 5.2, GPT-6.2 Astra) rather than "birth" (Gemini 4 Neon), since yogic experience, not rebirth, is in question.
The maṇḍala of yogic experience is perfected.
The bindus of array, six in number,
Gather manifold dharmatā into one.[187]Note 187 · p. 116 · chos nyid du ma gcig tu sdud: du ma qualifies chos nyid, so "gather manifold dharmatā into one" (Gemini 4 Neon, Dharmamitra, Claude Fable 5.2), not GPT-6.2 Astra's "gather the manifold into one dharmatā".
Through reliance on each of these,
All phenomena are the very identity of equality.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (The root tantra of the Seventeen Tantras; the name 'gsang ba sgra rgyud' appears to refer to it as well.)
The quoted words are in Ngb-pt-0056-vol-01-text (the text itself), 82 % of the words.
[188]Note 188 · p. 116 · bdag nyid is rendered "very identity" (Claude Fable 5.2) rather than "nature" (Gemini 4 Neon/Dharmamitra) or "essence" (GPT-6.2 Astra), which are reserved for rang bzhin and ngo bo.

So it is said.[189]Note 189 · p. 116 · zhes so, omitted by Gemini 4 Neon and GPT-6.2 Astra, is restored.

2.3 The way in which the pervading elements are complete ཁྱབ་བྱེད་འབྱུང་བའི་ཚང་ཚུལ2.3 The way in which the pervading elements are complete
Shows the five winds, fires, earths, waters and spaces complete in the body as aspects of primordial wisdom, specifying their locations and the fivefold subdivisions of each wind, with a long supporting quotation from the Self-Arising Awareness.

As for the third topic, the way in which the pervading elements are complete:[190]Note 190 · p. 116 · Variant: Adzom reads chad tshul for tshang tshul. I keep tshang tshul ("way of being complete"), confirmed by the repeated lus la tshang in the sentences that follow.

The twenty-five subdivisions of the five winds pervade the body and are complete in it, acting as the radiance of primordial wisdom. The five fires are complete in the body, acting as the dynamic energy of primordial wisdom. The five earths are complete in the body, revealing the essence of primordial wisdom. The five waters are complete, acting as the object of primordial wisdom. The five spaces are complete, acting as the abode (gnas) of primordial wisdom.

2.3.1 How the five earths and other elements abide ས་ལྔ་ལ་སོགས་པའི་གནས་ཚུལ2.3.1 How the five earths and other elements abide (topical division)
Specifies where each of the five earths, waters, fires, winds and spaces abides in the body or with which aspect of awareness, lamps, bindus and wisdom it is inseparable.

Among these, the way the five earths abide is as follows. The earth of universal appearance[191]Note 191 · p. 116 · kun tu snang ba'i sa: "earth of universal appearance" (Gemini 4 Neon), keeping snang ba as "appearance", against "all-illuminating" (Dharmamitra, Claude Fable 5.2, GPT-6.2 Astra). The five earths seem to echo the five families (Vairocana, vajra, ratna, Amitābha, karma). abides together with awareness. The unchanging vajra earth abides together with the lamps. The precious earth from which everything arises abides together with the bindus. The utterly boundless earth that reveals

[p. 117]
པ་ཀུན་ཏུ་མཐའ་ཡས་པའི་ས་དབྱིངས་ཡེ་ཤེས་གཉིས་དང་ལྷན་ཅིག་ཏུ་གནས། སྒྲུབ་པ་མཐར་ཕྱིན་པའི་ས་ཤེས་རབ་དང་ལྷན་ཅིག་ཏུ་གནས་སོ། །ཆུ་ལྔ་ལས། འགྱུར་བ་མེད་པའི་ཆུ་རྩ་ཐམས་ཅད་ལ་གནས། ཞི་བ་གསལ་དག་གི་ཆུ་རུས་པ་ཐམས་ཅད་ལ་གནས། ཡོན་ཏན་རྒྱས་པའི་ཆུ་ཁྲག་ཐམས་ཅད་ལ་གནས། ཆགས་པ་མེད་པའི་ཆུ་ཆུ་སེར་ཐམས་ཅད་ལ་གནས། འཛིན་མེད་རྫོགས་པའི་ཆུ་མིག་གི་ནང་ན་གནས་སོ། །མེ་ལྔ་ལས། ཕྱི་ནང་ཀུན་ཏུ་ཁྱབ་བྱེད་ཀྱི་མེ་གློ་བ་ན་གནས། ཕྱི་ནང་ཀུན་གསལ་གྱི་མེ་མིག་གཉིས་དང་ཡན་ལག་ལ་གནས། ཕྱི་ནང་ཀུན་ཏུ་མཉམ་པའི་མེ་ཤ་ལྤགས་བར་ན་གནས། ཕྱི་ནང་གི་བྱ་བ་རྟོག་པའི་མེ་རྐང་མཐིལ་གཉིས་ན་གནས། ཕྱི་ནང་གི་བྱ་བ་སྒྲུབ་པའི་མེ་ལག་མཐིལ་གཉིས་ན་གནས་སོ། །རླུང་ལྔ་ལས། སྲོག་འཛིན་པའི་རླུང་སྲོག་རྩ་ན་གནས། བཀྲག་དང་གཟི་མདངས་བསྐྱེད་

appearance abides together with the two, expanse and primordial wisdom. The earth of consummate accomplishment abides together with insight.

Of the five waters: the unchanging water abides in all the channels; the peaceful, clear and pure water abides in all the bones; the water of flourishing qualities (yon tan) abides in all the blood; the water without attachment abides in all the lymph; and the water of perfection without grasping abides within the eyes.

Of the five fires: the fire that pervades everywhere, outer and inner, abides in the lungs; the fire that makes everything clear, outer and inner, abides in the two eyes and the limbs; the fire that is equal everywhere, outer and inner, abides between the flesh and the skin; the fire that discerns outer and inner activities[192]Note 192 · p. 117 · rtog pa'i me: "discerns" (Claude Fable 5.2/GPT-6.2 Astra; Gemini 4 Neon "examines"), not "conceptualizes" (Dharmamitra). The five fires parallel the five primordial wisdoms, so rtog pa stands for so sor rtog pa. abides in the soles of the two feet; and the fire that accomplishes outer and inner activities abides in the palms of the two hands.

Of the five winds: the life-sustaining wind (srog 'dzin pa'i rlung) abides in the life-channel (srog rtsa); the wind that generates lustre and brilliance[193]Note 193 · p. 117 · The part ends mid-sentence. The English stops after the subject "the wind that generates lustre and brilliance"; its predicate (smin phrag na gnas) belongs to the next part. (bkrag dang gzi mdangs bskyed pa'i rlung)

[p. 118]
པའི་རླུང་སྨིན་ཕྲག་ན་གནས། །མེ་དང་མཉམ་དུ་གནས་པའི་རླུང་ཕོ་བ་ན་གནས། །ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་ལུས་ཀུན་ལ་ཁྱབ་པར་གནས། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་སྙིང་དང་སྙིང་ཤུན་གྱི་བར་ན་གནས་སོ། །ནམ་མཁའ་ལྔ་ལས། ཀུན་ལ་ཁྱབ་པའི་ནམ་མཁའ་རིག་པ་དངོས་དང་དབྱེར་མེད་དུ་གནས། ཡུལ་མེད་གསལ་དངས་ཀྱི་ནམ་མཁའ་འོད་ལྔ་དང་དབྱེར་མེད་དུ་གནས། མ་འདྲེས་དག་པའི་ནམ་མཁའ་དབྱིངས་རྣམ་པར་དག་པ་དང་དབྱེར་མེད་དུ་གནས། དོན་མཚོན་བྱེད་ཀྱི་ནམ་མཁའ་རྟགས་ཀྱི་ཡེ་ཤེས་ཐིག་ལེ་སྟོང་པ་དང་དབྱེར་མེད་དུ་གནས། དག་པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་མཁའ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་དང་དབྱེར་མེད་དུ་གནས་སོ། །རླུང་ལྔ་ལ་ལྔ་ཚན་དུ་ཕྱེ་ན། སྲོག་འཛིན་པའི་རླུང་ལ། རྩ་བ་འཛིན་པའི་སྲོག་རླུང་གིས་རིག་པའི་མདངས་བསྐྱེད། སྐྱོང་བྱེད་ཀྱི་སྲོག་རླུང་གིས་ཐིག་ལེའི་

abides between the eyebrows;[195]Note 195 · p. 118 · The opening words complete the sentence left unfinished at the end of the previous part; Dharmamitra and GPT-6.2 Astra repeat "the wind that generates lustre and brilliance", which is not repeated here. the wind that abides together with fire[194]Note 194 · p. 118 · Variant: the text reads me dang mnyam du gnas pa'i rlung ("the wind that abides together with fire"); Adzom reads mi dang ("together with humans"). I follow the text: me is confirmed by the Rang shar citation on p. 121 and by me dang lhan cig gnas pa'i rlung on p. 119. abides in the stomach; the all-pervading wind abides pervading the whole body; and the compassionless karmic wind of the aeon[196]Note 196 · p. 118 · snying rje med pa bskal pa las kyi rlung: rendered "compassionless karmic wind of the aeon" to keep the glossary's "compassion" for snying rje; all drafts have "merciless". abides between the heart and the pericardium.

Of the five spaces: the space that pervades all abides inseparably from awareness itself; the objectless space, clear and limpid, abides inseparably from the five lights; the unmixed, pure space abides inseparably from the utterly pure expanse; the space that illustrates the meaning abides inseparably from the primordial wisdom of signs (rtags), the empty bindus[197]Note 197 · p. 118 · rtags kyi ye shes thig le stong pa: taken as apposition ("the primordial wisdom of signs, the empty bindus") with Claude Fable 5.2 and GPT-6.2 Astra. Gemini 4 Neon reads "the empty sphere of the primordial wisdom of signs" and Dharmamitra "symbolic primordial wisdom"; both are possible, but the apposition keeps the Tibetan order. (thig le stong pa); and the space that liberates into the pure fields abides inseparably from all the appearances of the kāyas and primordial wisdom.

2.3.2 The five winds each divided into five རླུང་ལྔ་ལ་ལྔ་ཚན་དུ་ཕྱེ་བ2.3.2 The five winds each divided into five (topical division)
Each of the five winds has five subdivisions, which generate glows, are nondual with aspects of wisdom, act as objects, appear in, or pervade various aspects of mind and experience.

When the five winds are each divided into sets of five: of the life-sustaining wind, the life-force wind (srog rlung) that holds the root generates the glow (mdangs) of awareness;[198]Note 198 · p. 118 · mdangs is rendered "glow" because the glossary reserves "radiance" for gdangs and uses "brilliance" for gzi mdangs; all drafts have "radiance". Conversely gdangs in the Rang shar citation (p. 120) is "radiance", against Claude Fable 5.2 "glow" and Gemini 4 Neon "resonance". the nurturing life-force wind generates the glow of the bindus;

[p. 119]
མདངས་བསྐྱེད། རྣམ་པར་ཕྲ་བའི་སྲོག་རླུང་གིས་འོད་ཀྱི་མདངས་བསྐྱེད། མི་གཙང་བའི་སྲོག་རླུང་གིས་སེམས་དང་མ་རིག་པའི་མདངས་བསྐྱེད། རྣམ་པར་འདར་བྱེད་ཀྱི་སྲོག་རླུང་གིས་ཡིད་ཀྱི་མདངས་བསྐྱེད་དོ། །མེ་དང་ལྷན་ཅིག་གནས་པའི་རླུང་ལའང༌། དངས་སྙིགས་འབྱེད་པའི་རླུང་སྲོག་དང་གཉིས་སུ་མེད། དྲོད་བསྐྱེད་པའི་རླུང་རིག་པ་དང་གཉིས་སུ་མེད། གསལ་འགྱུར་གྱི་རླུང་སྒྲོན་མ་དང་གཉིས་སུ་མེད། རྣམ་པར་སྡུད་པའི་རླུང་ཐིག་ལེ་དང་གཉིས་སུ་མེད། རྣམ་པར་གཟེངས་བསྟོད་པའི་རླུང་ཤེས་རབ་དང་གཉིས་སུ་མེད་དོ། །བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ལའང༌། རྣམ་པར་ཤེས་པ་བསྐྱེད་པའི་རླུང་གིས་ཤེས་རབ་ཀྱི་ཡུལ་བྱེད། རྣམ་པར་ཡིད་འབྱུང་བའི་རླུང་གིས་སྣང་བའི་ཡུལ་བྱེད། རྣམ་པར་མདངས་དང་ལྡན་པའི་རླུང་གིས་སྒྲོན་མའི་ཡུལ་བྱེད། རྣམ་པར་སླེག་པའི་རླུང་གིས་མ་

the thoroughly subtle life-force wind generates the glow of light; the impure life-force wind generates the glow of mind and ignorance; and the thoroughly trembling life-force wind generates the glow of mentation.[199]Note 199 · p. 119 · yid is "mentation" per the glossary (Claude Fable 5.2, GPT-6.2 Astra "mental faculty"; Gemini 4 Neon "intellect"; Dharmamitra "mental intellect"); shes rab is "insight" (Dharmamitra "transcendent knowledge", GPT-6.2 Astra "discernment"); thig le is "bindu" (Gemini 4 Neon, GPT-6.2 Astra "sphere"; Dharmamitra "drop").

Of the wind that abides together with fire, too: the wind that separates the refined essence from the dregs is nondual (gnyis su med) with the life-force; the wind that generates warmth is nondual with awareness; the wind that brings clarity is nondual with the lamps; the thoroughly gathering wind is nondual with the bindus; and the thoroughly uplifting wind is nondual with insight.

Of the wind that generates lustre and brilliance, too: the wind that generates consciousness acts as the object of insight; the wind of thorough disenchantment[200]Note 200 · p. 119 · rnam par yid 'byung ba'i rlung: read as "wind of thorough disenchantment" (yid 'byung ba in its usual sense), as in all drafts. Since it follows "the wind that generates consciousness", it could also mean "the wind from which mentation arises". acts as the object of appearance; the wind thoroughly endowed with glow acts as the object of the lamps; the thoroughly burning wind[201]Note 201 · p. 119 · rnam par sleg pa'i rlung: sleg pa is not a recognizable word and the reading is doubtful. I read it tentatively as sreg pa, "burning", with Claude Fable 5.2 ("scorching") and Dharmamitra ("incinerating"). Gemini 4 Neon "overturning" presumes slog pa, and GPT-6.2 Astra "seeking" has no evident basis. acts as the object of

[p. 120]
རིག་པའི་ཡུལ་བྱེད། རྣམ་པར་རྒོད་པའི་རླུང་གིས་ཡིད་ཀྱི་ཡུལ་བྱེད་དོ། །རྣམ་པར་ཁྱབ་བྱེད་ཀྱི་རླུང་ལའང༌། གཞི་ལ་ཁྱབ་བྱེད་ཀྱི་རླུང་ཡེ་ཤེས་ལ་སྣང༌། འཕྲལ་དུ་ཁྱབ་བྱེད་ཀྱི་རླུང་སྒྲོན་མ་ལ་སྣང༌། དངང་ཞིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་ཤེས་པ་ལ་སྣང༌། དྲན་པ་ཁྱབ་བྱེད་ཀྱི་རླུང་བསམ་པ་ལ་སྣང༌། །འཛིན་པས་ཡུལ་ཀུན་ཁྱབ་པའི་རླུང་སེམས་ལ་སྣང་ངོ༌། །སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ལའང༌། །རྣམ་པར་སྐྱོད་བྱེད་ཀྱི་རླུང་ཕུང་པོ་ལ་ཁྱབ། རྣམ་པར་སྒྲོལ་བྱེད་ཀྱི་རླུང་སྐད་ཅིག་མ་ལ་ཁྱབ། རྣམ་པར་ཟློག་བྱེད་ཀྱི་རླུང་བར་མ་དོ་ལ་ཁྱབ། རྣམ་པར་མྱུར་བྱེད་ཀྱི་རླུང་རྟོག་པ་ལ་ཁྱབ། སྐད་ཅིག་མའི་རླུང་སྐད་ཅིག་མ་གསུམ་ལ་ཁྱབ་སྟེ། དེ་དག་ཀྱང་རང་ཤར་ལས། འབྱུང་བ་ཆེན་པོ་ལྔ་ནི་རང་གི་ལུས་ལ་ཚང་ངོ༌། །དེ་ཡང་རླུང་རྣམ་པ་ལྔས་ཡེ་ཤེས་ཀྱི་གདངས་བྱེད་དོ། །མེ་རྣམ་པ་ལྔས་ཡེ་ཤེས་ཀྱི་རྩལ་བྱེད་དོ། །ས་

ignorance; and the thoroughly wild wind acts as the object of mentation.

Of the thoroughly pervading wind, too: the wind that pervades the ground appears in primordial wisdom;[202]Note 202 · p. 120 · … la snang: rendered "appears in" (Gemini 4 Neon), close to Claude Fable 5.2 and GPT-6.2 Astra "manifests in"; Dharmamitra "appears to" is also grammatically possible. the wind that pervades in the immediate present[203]Note 203 · p. 120 · 'phral du khyab byed: taken as "pervades in the immediate present", in contrast with the ground (gzhi) in the preceding item; Gemini 4 Neon "immediately" and GPT-6.2 Astra "at once" read it as a mere adverb of time. appears in the lamps; the wind that pervades fright and terror appears in cognition; the wind that pervades recollection appears in reflection (bsam pa);[204]Note 204 · p. 120 · bsam pa is "reflection" per the glossary (drafts: "thought"), which also keeps it distinct from rtog pa, "conceptual thought". dran pa is "recollection", not Dharmamitra's "mindfulness", since this is not an instruction on sustaining practice. and the wind that pervades all objects through grasping appears in mind.

Of the compassionless karmic wind of the aeon, too: the thoroughly moving wind pervades the aggregates; the thoroughly liberating wind pervades the instant; the thoroughly reversing wind pervades the intermediate state (bar ma do); the thoroughly hastening wind pervades conceptual thought; and the instantaneous wind pervades the three instants.

2.3.3 Scriptural support from the Self-Arising Awareness རང་ཤར་གྱི་ལུང2.3.3 Scriptural support from the Self-Arising Awareness (topical division)
A long quotation lists the five elements complete in the body, the five kinds of each element, and the fivefold subdivisions of each of the five winds.

These, too, are set out in the Self-Arising Awareness[205]Note 205 · p. 120 · rang shar: translated "Self-Arising Awareness" (glossary: rang shar, self-arising) rather than the drafts' "Self-Arisen".:

"The five great elements are complete in one's own body. Moreover, the five kinds of wind act as the radiance of primordial wisdom. The five kinds of fire act as the dynamic energy of primordial wisdom. The five kinds of

[p. 121]
རྣམ་པ་ལྔས་ཡེ་ཤེས་ཀྱི་ངོ་བོ་བྱེད་དོ། །ཆུ་རྣམ་པ་ལྔས་ཡེ་ཤེས་ཀྱི་ཡུལ་བྱེད་དོ། །ནམ་མཁའ་རྣམ་པ་ལྔས་ཡེ་ཤེས་ཀྱི་གནས་བྱེད་དོ། །རླུང་རྣམ་པ་ལྔ་གང་ཞེ་ན། སྲོག་འཛིན་གྱི་རླུང་དང༌། བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་དང༌། མེ་དང་མཉམ་དུ་གནས་པའི་རླུང་དང༌། ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་དང༌། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་དང་ལྔའོ། །རླུང་དེ་རྣམས་སེམས་ཅན་ཀུན་གྱི་ལུས་མགོ་མཇུག་ལ་གནས་པའོ། །མེ་ལ་ལྔ་སྟེ། ཕྱི་ནང་ཀུན་ཏུ་ཁྱབ་བྱེད་ཀྱི་མེ་དང༌། ཕྱི་ནང་ཀུན་གསལ་གྱི་མེ་དང༌། ཕྱི་ནང་ཀུན་ཏུ་མཉམ་པའི་མེ་དང༌། ཕྱི་ནང་གི་བྱ་བ་རྟོག་པའི་མེ་དང༌། ཕྱི་ནང་གི་བྱ་བ་སྒྲུབ་པའི་མེ་དང་ལྔའོ། །ས་ལའང་ལྔ་སྟེ། ཀུན་ཏུ་སྣང་བའི་ས་དང༌། མི་འགྱུར་བ་རྡོ་རྗེའི་ས་དང༌། ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས་དང༌། སྣང་བ་སྟོན་པ་ཀུན་ཏུ་མཐའ་ཡས་པའི་ས་དང༌། སྒྲུབ་པ་

earth act as the essence of primordial wisdom. The five kinds of water act as the object of primordial wisdom. The five kinds of space act as the abode of primordial wisdom.

"What are the five kinds of wind? The life-sustaining wind, the wind that generates lustre and brilliance, the wind that abides together with fire, the all-pervading wind, and the compassionless karmic wind of the aeon: these are the five. These winds abide in the bodies of all sentient beings, from top to bottom.[206]Note 206 · p. 121 · mgo mjug la gnas pa: "from top to bottom" (literally "head and tail end"); GPT-6.2 Astra "from end to end", Gemini 4 Neon "from head to toe".

"Fire has five: the fire that pervades everywhere, outer and inner; the fire that makes everything clear, outer and inner; the fire that is equal everywhere, outer and inner; the fire that discerns outer and inner activities; and the fire that accomplishes outer and inner activities: these are the five.

"Earth, too, has five: the earth of universal appearance; the unchanging vajra earth; the precious earth from which everything arises; the utterly boundless earth that displays appearance; and the earth of consummate accomplishment: these are the five.[207]Note 207 · p. 121 · The names of the five fires and of the fifth earth follow the renderings fixed in the previous part (p. 117). The last sentence runs over the page (sgrub pa / mthar phyin pa'i sa dang lnga'o) and is completed here because English word order requires it; the next part should begin with the five waters (chu rnam pa lnga ni). The Rang shar quotation continues, so no closing quotation mark is given.

[p. 122]
མཐར་ཕྱིན་པའི་ས་དང་ལྔའོ། །ཆུ་རྣམ་པ་ལྔ་ནི། འགྱུར་བ་མེད་པའི་ཆུ་དང༌། ཞི་བ་གསལ་དག་གི་ཆུ་དང༌། ཡོན་ཏན་འབྱུང་བ་རྒྱས་པའི་ཆུ་དང༌། ཆགས་པ་མེད་པའི་ཆུ་དང༌། འཛིན་མེད་རྫོགས་པའི་ཆུ་དང་ལྔའོ། །ནམ་མཁའ་ལྔ་ནི། སྤྱི་ཀུན་ལ་ཁྱབ་པའི་ནམ་མཁའ་དང༌། ཡུལ་མེད་གསལ་དངས་ཀྱི་ནམ་མཁའ་དང༌། །མ་འདྲེས་དག་པའི་ནམ་མཁའ་དང༌། དོན་མཚོན་བྱེད་ཀྱི་ནམ་མཁའ་དང༌། དག་པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་མཁའ་དང་ལྔའོ། །དེ་ལྟར་འབྱུང་བ་ལྔ་ཉིད་རང་ལ་རང་བཞིན་གྱིས་གནས་སོ། །དེ་ཡང་བཤད་ལུགས་འདི་ལྟར་ཡིན་ནོ། །སྲོག་འཛིན་པའི་རླུང་ལ་ཡང་ལྔ་སྟེ། རྩ་བ་འཛིན་པའི་སྲོག་དང༌། སྐྱོད་བྱེད་ཀྱི་སྲོག་དང༌། རྣམ་པར་ཕྲ་བའི་སྲོག་དང༌། མི་གཙང་བའི་སྲོག་དང༌། རྣམ་པར་འདར་བྱེད་ཀྱི་སྲོག་དང་ལྔའོ། །མེ་དང་ལྷན་ཅིག་ཏུ་གནས་པའི་རླུང་ལའང་ལྔ་སྟེ། དངས་སྙིགས་འབྱེད་

"The five kinds of water are: the unchanging water; the water of peace, clarity and purity; the flourishing water from which qualities arise; the water without attachment; and the water of perfection without grasping: these are the five.

"The five spaces are: the space that pervades all universally; the objectless space, clear and limpid; the unmixed, pure space; the space that illustrates the meaning; and the space that delivers into the pure fields:[209]Note 209 · p. 122 · dag pa'i zhing du sgrol byed: rendered "delivers into the pure fields" with Claude Fable 5.2, since the la don particle marks a destination; GPT-6.2 Astra's "brings liberation in a pure realm" does not fit it. these are the five.

"In this way the five elements themselves abide naturally within oneself. Moreover, the manner of explaining them is as follows.

"The life-sustaining wind, too, has five: the life-force (srog) that holds the root; the life-force that sets in motion; the utterly subtle life-force; the impure life-force; and the life-force that causes utter trembling: these are the five.

"The wind that abides together with fire also has five: the wind that separates the refined essence from the dregs;[208]Note 208 · p. 122 · The opening words mthar phyin pa'i sa dang lnga'o ("the earth of consummate accomplishment: these are the five") were already rendered at the end of the previous part and are not repeated; Claude Fable 5.2, GPT-6.2 Astra, Gemini 4 Neon translate them again.

[p. 123]
པའི་རླུང་དང༌། དྲོད་བསྐྱེད་པའི་རླུང་དང༌། གསལ་འགྱུར་གྱི་རླུང་དང༌། རྣམ་པར་སྡུད་པའི་རླུང་དང༌། རྣམ་པར་གཟེངས་བསྟོད་པའི་རླུང་དང་ལྔའོ། །བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ལའང་ལྔ་སྟེ། རྣམ་པར་ཤེས་པ་བསྐྱེད་པའི་རླུང་དང༌། རྣམ་པར་ཡིད་འབྱུང་བའི་རླུང་དང༌། རྣམ་པར་མདངས་དང་ལྡན་པའི་རླུང་དང༌། རྣམ་པར་སླེག་པའི་རླུང་དང༌། རྣམ་པར་རྒོད་པའི་རླུང་དང་ལྔའོ། །རྣམ་པར་ཁྱབ་བྱེད་ཀྱི་རླུང་ལའང་ལྔ་སྟེ། གཞི་ལ་ཁྱབ་བྱེད་ཀྱི་རླུང་དང༌། འཕྲལ་ལ་ཁྱབ་བྱེད་ཀྱི་རླུང་དང༌། དངང་ཞིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་དང༌། དྲན་པ་ཁྱབ་བྱེད་ཀྱི་རླུང་དང༌། འཛིན་པས་ཡུལ་ཀུན་ཁྱབ་པའི་རླུང་དང་ལྔའོ། །སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ལའང་ལྔ་སྟེ། རྣམ་པར་སྐྱོད་བྱེད་ཀྱི་རླུང་དང༌། རྣམ་པར་སྒྲོལ་བྱེད་ཀྱི་རླུང་དང༌། རྣམ་པར་ཟློག་བྱེད་ཀྱི་རླུང་དང༌། རྣམ་པར་མྱུར་བྱེད་

the wind that generates warmth; the wind that brings about clarity; the wind that thoroughly gathers; and the wind that thoroughly uplifts: these are the five.

"The wind that generates lustre and brilliance also has five:[210]Note 210 · p. 123 · gzi mdangs / mdangs: all drafts have "radiance", which the glossary reserves for gdangs; corrected to "brilliance". the wind that generates consciousness; the wind of utter disenchantment;[211]Note 211 · p. 123 · rnam par yid 'byung ba'i rlung: taken with all drafts as the idiom yid 'byung ba, "disenchantment". Coming right after "the wind that generates consciousness", it could also be read "the wind from which mentation arises". the wind utterly endowed with brilliance; the wind of utter charm;[212]Note 212 · p. 123 · rnam par sleg pa'i rlung: sleg pa is not a regular word. I read sgeg pa, "charm" (Claude Fable 5.2 and Gemini 4 Neon "grace"), which pairs naturally with the following rgod pa, as in the lists of expressive moods. Dharmamitra's "incineration" presupposes sreg pa, and GPT-6.2 Astra's "conceit" has no clear basis. and the wind of utter wildness:[213]Note 213 · p. 123 · rnam par rgod pa: "wildness" with Claude Fable 5.2; GPT-6.2 Astra "restlessness", Gemini 4 Neon "excitement" and Dharmamitra "agitation" are possible but weaker beside sgeg pa. these are the five.

"The all-pervading wind also has five: the wind that pervades the ground; the wind that pervades the immediate;[214]Note 214 · p. 123 · 'phral la khyab byed: "pervades the immediate" (Claude Fable 5.2, Gemini 4 Neon, Dharmamitra), as the counterpart of the preceding gzhi la, "the ground"; GPT-6.2 Astra's "pervades in an instant" reads it as an adverb. the wind that pervades fright and terror;[215]Note 215 · p. 123 · dngang zhing skrag pa khyab byed: kept literal, "pervades fright and terror" (Gemini 4 Neon, Dharmamitra); Claude Fable 5.2 and GPT-6.2 Astra supply an instrumental ("pervades with fright") that is not in the Tibetan. the wind that pervades recollection; and the wind by which grasping pervades all objects: these are the five.

"The compassionless karmic wind of the aeon also has five: the wind that thoroughly agitates; the wind that thoroughly delivers;[216]Note 216 · p. 123 · rnam par sgrol byed kyi rlung: "delivers" (Claude Fable 5.2), matching sgrol byed on p. 122; GPT-6.2 Astra, Gemini 4 Neon, Dharmamitra's "liberates" suggests grol ba and sits oddly with the compassionless karmic wind. the wind that thoroughly reverses; the wind that thoroughly hastens;

[p. 124]
ཀྱི་རླུང་དང༌། སྐད་ཅིག་མའི་རླུང་དང་ལྔའོ་ཞེས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་སྲིད་པར་འཁྲུལ་ཚུལ་གྱི་རིམ་པ་སྟེ་རྡོ་རྗེའི་གནས་གཉིས་པ་རྒྱ་ཆེར་བཤད་པའོ། །

and the instantaneous wind: these are the five."Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

So it is said.[217]Note 217 · p. 124 · zhes so closes the tantra quotation and is rendered "So it is said"; Dharmamitra omits it and GPT-6.2 Astra leaves it untranslated.

3 Colophon of the second vajra topic མཇུག་བྱང3 Colophon of the second vajra topic (topical division)
Concludes the extensive explanation of the second vajra topic, the stages of how delusion comes about in existence.

From the Precious Treasury of Words and Meanings, this was the extensive explanation of the second vajra topic (rdo rje'i gnas), the stages of how delusion comes about in existence.[218]Note 218 · p. 124 · srid par 'khrul tshul: 'khrul rendered "delusion" per the glossary (Claude Fable 5.2, Gemini 4 Neon); GPT-6.2 Astra and Dharmamitra have "straying". srid pa is "existence" per the glossary, not "conditioned existence" (GPT-6.2 Astra, Gemini 4 Neon).

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 2 quotations, 1 found on this wiki.
# p. Tibetan English Source On this wiki
1 115 ཙིཏྟའི་ནང་ན་སྐུར་གནས་ཏེ། །གདངས་ཀྱི་སྐུ་ … པ་ཡིས། །ཆོས་ཀུན་མཉམ་པའི་བདག་ཉིད་དོ། Within the citta it abides as kāyas: The kāyas … these, All phenomena are the very identity of equality. named: ཐལ་འགྱུར་ལས
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0056-vol-01-text (the text itself), 82 %
2 120 འབྱུང་བ་ཆེན་པོ་ལྔ་ནི་རང་གི་ལུས་ … ཀྱི་རླུང་དང༌། སྐད་ཅིག་མའི་རླུང་དང་ལྔའོ་ The five great elements are complete in one's own … hastens; and the instantaneous wind: these are the five." named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras high
not found