Tshig don mdzod (Longchenpa): Vajra topic 2 (2)

From Rangjung Yeshe Wiki Texts
Tshig don mdzod (Longchenpa)Tshig don mdzod (Longchenpa): Vajra topic 2 (2)
< Tshig don mdzod (Longchenpa)
Revision as of 15:00, 26 November 2026 by Eric (talk | contribs) (Tshig don mdzod study edition: editions, critical edition, translation, bilingual text, outline and quotations (November 2026))
(diff) ← Older revision | Latest revision (diff) | Newer revision → (diff)

Tshig don mdzod (Longchenpa)/Vajra topic 2 (2)
Jump to navigation Jump to search
← Vajra topic 2 (1)Tshig don mdzod: contentsVajra topic 2 (3) →

Vajra topic 2 · The Stages of How Delusion Arises in Existence · སྲིད་པར་འཁྲུལ་ཚུལ་གྱི་རིམ་པ
Pages 72–82 of the corrected base text (W22920 vol. 4), part 2 of 6.

[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD85), gorn05 tibocr 2026: BDRC OCR on 338 pages, Mitra OCR on 147 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 46] དེ་ཡང་ལྷུན་གྲུབ་རིན་པོ་ཆེའི་ག་བུའི་གནས་ལུགས་ལས་སྣང་བ་མ་འགགས་པ་ལས་གཞི་མ་འགྱུར་བར་སྣང་བ་འགྱུར་ཏེ་ཡུལ་དུ་མའི་རྗེས་སུ་འབྲེངས་ཏེ་ཐམས་ཅད་ལ་རྟོག་པའོ། །ཆོས་ཀྱི་སྐུའི་སྣང་བ་མ་འགྱུར་ཡང་འཁྲུལ་བའི་སྣང་བ་ལ་འགྱུར་འགྱུར་ལྟར་བྱུང་བའོ། །རྡོ་རྗེ་སེམས་དཔའ་ལ་འཁྲུལ་པ་ནི་མངའ་ཡང་སེམས་ཅན་ལ་འཁྲུལ་པའི་ཚུལ་བསྟན་པའོ། །ཕ་མ་རང་གི་སྣང་བ་རང་རྐྱེན་གྱི་གཞི་ལ་བཟློག་པའོ། །གཉིས་སུ་མེད་པའི་སྣང་བ་རང་ཤར་བར་མ་ཤེས་ཏེ་འཁྲུལ་པ་ལ་བདག་པོར་བཟུང་བས་བདག་པོའི་རྐྱེན་ནོ། །རང་རིག་པའི་འབྲས་བུ་རང་ཤར་བར་མ་ཤེས་ཏེ་རྒྱུ་ཉིད་ལྟོས་ཅན་དུ་བཟུང་བས་རྒྱུའི་རྐྱེན་ནོ། །ཡུལ་དང་ཤེས་པ་སྟོང་པར་ནི་མ་ཤེས་ཏེ་དམིགས་པ་ལ་ཡུལ་དུ་བཟུང་བས་རང་ངོའི་རྐྱེན་ནོ། །དུས་ལ་ལྟོས་ནས་འོད་རང་བྱུང་བར་མ་ཤེས་ཏེ་དེ་མ་ཡིན་ལ་དེར་འཛིན་པའི་ཤེས་པ་བྱུང་བས་མཚུངས་པ་དེ་མ་ཐག་པའི་རྐྱེན་ནོ་ཞེས་དང་། ཐལ་འགྱུར་ལས། །དེ་ལ་འཁྲུལ་པའི་རྒྱུ་དང་རྐྱེན། །ཆ་དང་ཡན་ལག་ཉིད་དང་ཡང་། །མ་སྨིན་རྣམ་རྟོག་འཁོར་བའོ། །མ་རིག་པ་ནི་རྣམ་པ་གསུམ། །བདག་ཉིད་གཅིག་

[p. 47] པས་འཁྲུལ་རྩེ་བྱས། །ལྷན་ཅིག་སྐྱེས་པས་རྟོག་པ་གཉིས། །ཀུན་དུ་བརྟགས་པས་ཡུལ་དུ་གྱུར། །རྐྱེན་ནི་རྣམ་པ་བཞི་དག་གིས། །འདུས་ཤིང་བཟུང་བས་འཁྲུལ་ཞེས་བྱ། །ཆ་ནི་འདུ་བྱེད་ལ་སོགས་པས། །འཁྲུལ་ཡུལ་ཆ་ལས་བཅུ་གཉིས་ཕྱེད། །སྨིན་པས་ལོ་དང་བྱེད་ལས་སོ། །ཡན་ལག་སྤྲོས་པ་ཐ་དད་ལས། །ཐམས་ཅད་མིང་གི་བྱེ་བྲག་ཏུ། །འཁྲུལ་པའི་ཡུལ་ལ་རྣམ་གཉིས་འགྱུར། །ལས་ཀྱིས་འདོད་དང་གཟུགས་ཀྱི་ཁམས། །གཟུགས་མེད་རྣམས་ཏེ་རྣམ་གསུམ་བྱེད། །མ་སྨིན་པས་ནི་རིགས་དྲུག་གཟུགས། །མིང་དང་བྱེད་ལས་ཐ་དད་འགྱུར། །རྣམ་རྟོག་བག་ལ་ཉལ་བ་དང་། །ཀུན་ནས་ལྡང་དང་ཁྱབ་ཚུལ་ལོ། །འཁོར་བ་ཞེས་པ་མཚུངས་པ་དང་། །ཚོགས་པའི་ལས་ཏེ་སྡུད་དང་མཆེད། །རྫོགས་དང་བྱེ་བྲག་སྣ་ཚོགས་པའོ། །ཞེས་སོ། །དེ་ཡང་རིག་པ་གཞི་ནས་འཕགས་ཏེ་མ་སྨིན་པས་ཁམས་གསུམ་རིགས་དྲུག་ཏུ་སོ་སོའི་ལས་ཀྱིས་འཁོར་བ་དེ་ཡང་དང་པོ་རྟེན་འབྲེལ་བཅུ་གཉིས་ལས་འཁྲུལ་ཏེ་ཕྱིར་ལོ་བཅུ་གཉིས་དང་ཟླ་བའི་ཆ་བཅུ་གཉིས་ནང་དུ་ཉོན་མོངས་པ་བཅུ་གཉིས་རྣམས་ཚོགས་པས་སྐྱེ་མཆེད་བཅུ་གཉིས་སུ་སྲིད་པར་བྱས་པ་ནི་རྟེན་འབྲེལ་ལུགས་སུ་འཇུག་པ་བཅུ་གཉིས་མ་དག་པ་ལས་འབྱུང་བ་སྟེ། གཞི་ལས་གཞི་སྣང་དུ་ཤར་དུས་རིག་པའི་རྩལ་ལས་ཡིད་ཀྱི་ཤེས་པ་བྱུང་སྟེ་རང་ངོ་མ་ཤེས་པ་དང་ལྷན་ཅིག་

[p. 48] པས་མ་རིག་པའོ། །དེ་ལས་འཁྲུལ་པས་འདུ་བྱེད་དོ། །དེ་ལས་ཡུལ་གྱི་རྣམ་པ་ལ་དཔྱོད་པས་རྣམ་པར་ཤེས་པའོ། །དེ་ལས་འདི་ནི་ཡུལ་ལོ་སྣང་བའོ་ཞེས་པ་ལ་སོགས་པའི་མིང་དུ་འབྱེད་པའོ། །དེ་ལས་མིང་ཅན་དོན་གྱི་རང་བཞིན་གཟུགས་སུ་འཛིན་པས་སྲིད་པའི་འཁྲུལ་པ་དང་པོ་མིང་དང་གཟུགས་ཞེས་བྱའོ། །དེ་ལས་ཡུལ་གྱི་རྣམ་པར་དྲུག་ལ་ཤེས་པ་སྐྱེ་ཞིང་མཆེད་པའི་སྐྱེ་མཆེད་དྲུག་ཏུ་བྱུང་ངོ་། །དེ་ལས་ཡུལ་འཛིན་པའི་རེག་པའོ། །དེ་ལས་ཆགས་སྡང་བར་མའི་ཆའི་ཚོར་བའོ། །དེ་ལས་ཡུལ་ལ་ཞེན་པའི་སྲེད་པའོ། །དེ་ལས་ཕྱིས་ཀྱི་ལེན་པ་པོ་དང་དེ་ལྟར་ཡུལ་དང་དུ་ལེན་པའི་ལེན་པའོ། །དེ་ལས་འཁྲུལ་པ་དུ་མར་སྣང་བ་དང་བྱེད་པ་མྱོང་བའི་ཆ་ཅི་འབྱུང་མ་ངེས་པ་བསྐྱེད་པས་སྲིད་པའོ། །དེ་ལས་གཟུགས་མེད་གཟུགས་དང་འདོད་པར་སྐྱེ་བས་སྐྱེ་བའོ། །དེ་ལས་རྒས་པ་དང་ན་བ་དང་ཤི་བའི་བར་དུ་འབྱུང་སྟེ་ཡང་དང་ཡང་དུ་དེ་ལྟར་འཁོར་བས་འཁོར་བའི་རྒྱུ་རྟེན་འབྲེལ་ལུགས་སུ་འཇུག་པ་བཅུ་གཉིས་གཞི་སྣང་ལས་དང་པོར་མཆེད་པའོ། །དེ་ལས་སྲིད་པ་སོ་སོར་འཁྲུལ་དུས་ཀྱི་རྟེན་འབྲེལ་བཅུ་གཉིས་ཀྱང་ཞར་ལ་ཤེས་པར་བྱ་སྟེ། ཆོས་ཉིད་ནུབ་ནས་རང་མ་རིག་པ་ལས་ཕྱི་མའི་འདུ་བྱེད་དང་། རྣམ་ཤེས་ཀྱི་ཆས་ལུས་འཚོལ་བ་དང་། མངལ་དུ་ཚུད་དེ་མེར་མེར་པོ་ལ་སོགས་པ་ནས་མིང་དང་གཟུགས་སུ་གྲུབ་པ་དང་། དེའི་སྐྱེ་མཆེད་དྲུག་དང་། རྐྱེན་འདུས་པས་རེག་པ་དང་། བདེ་

[p. 49] སྡུག་གི་ཚོར་བ་དང་། མྱོང་བ་ལ་སྲེད་པ་དང་། ཡུལ་དང་ལས་ཀྱི་ལེན་པ་དང་། ཡང་སྲིད་པའི་ཉེ་བར་ལེན་པ་དང་། མངལ་ནས་སྐྱེ་བ་དང་། དར་ལ་བབ་པའི་ཚོགས་པ་གཞན་དུ་འགྱུར་བའི་བརྒྱུད་པ་ནི་རྒས་པ་དང་མཐར་འཆི་བ་སྟེ་འབྲེལ་ཆགས་སུ་འབྱུང་བ་ནི། རང་ཤར་ལས། དེ་ཡང་མ་རིག་པ་ལས་བྱུང་། །མ་རིག་པ་ལས་འདུ་བྱེད་དོ། །འདུ་བྱེད་རྣམ་པར་ཤེས་པའོ། །རྣམ་པར་ཤེས་ལས་མིང་འབྱུང་ཞིང་། །མིང་ལས་གཟུགས་ཀྱི་རང་བཞིན་འབྱུང་། །གཟུགས་ལས་སྐྱེ་མཆེད་རྣམ་དྲུག་འབྱུང་། །སྐྱེ་མཆེད་དྲུག་ལས་རེག་པ་འབྱུང་། །རེག་ལས་ཚོར་བ་འབྱུང་བར་འགྱུར། །ཚོར་ལས་སྲེད་པ་འབྱུང་བར་འགྱུར། །སྲེད་པ་ལས་ནི་ལེན་པ་འབྱུང་། །ལེན་པ་ལས་ནི་སྲིད་པ་འབྱུང་། །སྲིད་པ་ལས་ནི་སྐྱེ་བ་འབྱུང་། །སྐྱེ་བ་ལས་ནི་རྒས་པ་འབྱུང་། །རྒས་པ་ལས་ནི་རྣ་བ་འབྱུང་། །ན་བ་ལས་ནི་འཆི་བ་འབྱུང་། །ཞེས་སོ། །དེ་ལྟར་འཁྲུལ་སྣང་འཁོར་བར་སྣང་བ་ཡང་རང་མ་རིག་པས་མེད་པ་ལ་བདག་ཏུ་བཟུང་བའི་བག་ཆགས་མཐུ་བརྟས་པ་ལས་འབྱུང་སྟེ། སོ་སོའི་ལུས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པར་གྲུབ་ནས་གཅིག་ནས་གཅིག་ཏུ་འཁོར་ཞིང་གཏན་དུ་སྲིད་པ་ན་གནས་པ་ནི། མུ་ཏིག་ཕྲེང་བ་ལས། དེ་ལྟར་འཇིག་རྟེན་གསུམ་པོ་ནི། །ཕུང་པོ་ལྔ་དང་དབང་པོ་ལྔ། །ཡན་ལག་ལྔ་དང་དོན་སྙིང་ལྔ། །ཡུལ་ལྔ་དང་ནི་ཉོན་མོངས་ལྔ། །སེམས་ལྔ་ཡིད་ལྔ་རྟོག་པ་ལྔ། །

[p. 50] གཟུང་འཛིན་འཁོར་བ་ཉིད་དུ་གྲུབ། །འཁྲུལ་པ་གཉིས་སྣང་དེ་ལྟ་བུ། །དཔེར་ན་མྱུར་འགྲོ་འཁོར་ལོ་བཞིན། །རྒྱུན་ཆགས་འཁོར་ལ་ཡུན་རིང་གནས། །ཞེས་སོ། །དེ་ཡང་གཟུགས་ལ་སོགས་པའི་ཡུལ་ལྔ་ནི་འོད་ལྔ་རང་སྣང་དུ་མ་ཤེས་པར་བཟུང་བའི་ཆ་ལས་བྱུང་ཞིང་། ཉོན་མོངས་པ་ལྔ་ནི་ཡེ་ཤེས་ལྔ་རང་ངོ་མ་ཤེས་པའི་ཆ་ལས་བྱུང་། སྣ་ཚོགས་སྡུད་པའི་ལུས་སེམས་ལ་སོགས་པ་ལྔ་ནི་ཆོས་ཉིད་ཀྱི་རང་གདངས་མ་དག་པ་ལས་བྱུང་། ཀུན་ནས་འཚོལ་བའི་ཡིད་ལ་སོགས་པ་ལྔ་ནི་རླུང་ལྔ་རྣམ་པར་མ་དག་པ་ལས་བྱུང་། བསམ་པ་དྲན་པས་འཛིན་པའི་བདག་ཏུ་རྟོག་པ་དང་། ཡུལ་དུ་མ་ལ་བདག་ཏུ་རྟོག་པ་དང་། འགྱུ་བ་ཐ་དད་པ་ལ་བདག་ཏུ་རྟོག་པ་དང། །ཤེས་པའི་རྣམ་པ་ཙམ་ལ་བདག་ཏུ་རྟོག་པ་དང ། ཆོས་རྣམ་པར་སེམས་པ་དང་བཅས་པ་ལ་བདག་ཏུ་རྟོག་པ་དག་ལྔ་ནི་འགྱུ་བ་རང་ཐོག་ཏུ་མ་ཆོད་པ་ལས་བྱུང་བའོ། །དེ་ལྟར་མ་དག་པ་འཁོར་བའི་ཆོས་རྣམས་རིག་པའི་ངང་ལས་བྱུང་དང་ལ་གནས་དང་ལ་རོལ་པ་ཙམ་ལས་གཞན་དུ་གཡོས་པ་ཅུང་ཟད་ཀྱང་མེད་པ་ནི་རྨི་ལམ་གཉིད་ཀྱི་ངང་ལས་མ་གཡོས་པ་ལྟ་བུ་སྟེ། དོན་ལ་སྟོང་གཟུགས་མེད་པ་གསལ་སྣང་གི་ཆོ་འཕྲུལ་ཙམ་དུ་བསྟན་པ་ནི་འཁོར་བའི་རྣམ་དག་སྟེ། འདི་ལ་སྤྱིའི་རྣམ་དག་དང་བྱེ་བྲག་གི་རྣམ་དག་ལེགས་པར་བཤད་པ་གཉིས་ལས། དང་པོ་བསྟན་ན་ཡེ་སྟོང་རང་སྣང་རོལ་པ་ཙམ་དུ་སྣང་བ་ནི་དཔེར་ན་ཐག་པ་རགས་པ་ལྟར་སྣང་ཡང་རང་

[p. 51] དོན་ལ་སྤུ་རེ་རེ་བ། དེ་ཡང་རྡུལ་ཕྲན་ཆ་མེད་སྟོང་པ་ལྟར་འཁྲུལ་སྣང་རགས་པ་ལྟར་སྣང་ཡང་དོན་ལ་སྐྱེ་འགག་གནས་གསུམ་དང་བྲལ་བའི་རང་སྣང་སྟོང་པ་སྟེ། མུ་ཏིག་ཕྲེང་བ་ལས། དེ་ལྟར་སྣང་བ་སྣ་ཚོགས་རྣམས། །ཐག་པ་ལ་ནི་སྤྲུལ་མཐོང་བཞིན། །དེ་མ་ཡིན་ལ་དེར་བཟུང་བས། །ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །དེ་ཡང་བརྟགས་ན་ཐག་པ་ཉིད། །སྣོད་བཅུད་ཡེ་ནས་སྟོང་པ་སྟེ། །དོན་དམ་ཀུན་རྫོབ་གཟུགས་ཅན་ནོ། །སྤྲུལ་མཐོང་དེ་ཉིད་མཐོང་བས་བདེན། །ཐག་མཐོང་ཡང་དག་ཉིད་དུ་བདེན། །དཔེར་ན་མཐོལ་བྱར་སྣང་བཞིན། །བདེན་པ་གཉིས་ཀྱི་རང་བཞིན་ནི། །འཇིག་རྟེན་ཀུན་རྫོབ་ཙམ་དུ་སྟེ། །ཡང་དག་ཉིད་ལ་འབྲེལ་བ་མེད། །སྟོང་པ་ཉིད་ཀྱི་དབྱིངས་ལ་ནི། །དེ་ཡི་ངོ་བོར་ཐམས་ཅད་གྲོལ། །ཞེས་སོ། །དེའང་ཕུང་པོ་ལ་སོགས་པའི་ཆོས་རྣམས་རིག་པའི་ངང་ན་ནམ་མཁའ་ལ་སྤྲིན་ལྟར་རིག་པ་ལ་སྣང་ཡང་རིག་པ་ལ་མ་གོས་པར་སྟོང་གཟུགས་སུ་ལིང་ངེ་གནས་པ་ནི་སྒྱུ་མ་དང་སྤྲུལ་པ་ལྟ་བུ་སྟེ། རྒྱུད་བླ་མ་ལས། ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན། །ཞེས་སོ། །དེ་དག་གང་ལ་གནས་ན་སྣོད་བཅུད་ནམ་མཁའ་ལ་གནས་པ་ལྟར་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལས་དང་ཉོན་མོངས། དེ་རྣམ་རྟོག་རང་སྣང་ཙམ་ལ། དེ་སེམས་ཉིད་སྟོང་པའི་ངང་དུ་གནས་པས། དང་པོ་ཡང་སྟོང་པ། ད་ལྟ་ཡང་སྟོང་པ། མཐར་ཡང་སྟོང་པ། སྐྱེ་འགག་གནས་གསུམ་དང་བྲལ་བར་གནས་

[p. 52] ཏེ། དེ་ཉིད་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་མ་ཡིན། །ཞེས་སོ། །སྐྱེ་འགག་གནས་པར་སྣང་ཡང་གནས་པའི་དུས་ན་དེ་དག་ཏུ་མ་གྲུབ་པ་སྟེ། སྒྱུ་འཕྲུལ་གསང་སྙིང་ལས། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མ། གནས་པ་ཉིད་ན་གནས་པ་མེད། །ཨེ་མ། འགག་པ་ཉིད་ན་འགག་པ་མེད། །ཅེས་པ་དང་། རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ཡང་འཇིག་པར་གསུངས། །ཞེས་པ་དང་། སྣང་སྲིད་ཀྱི་ཆོས་སོ་ཅོག་སྣང་དུས་ཉིད་ནས་སྐྱེ་འགག་སྤྲོས་པའི་མཐའ་དང་བྲལ་བར་དེ་ཉིད་ལས། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བརྟེན་པ། །ཞེས་སོ། །བྱེ་བྲག་རྣམ་རྟོག་ནི་ཁམས་གསུམ་འཁོར་བའི་སྣང་བ་ཐམས་ཅད་དང་པོ་ཡང་

[p. 53] དབྱིངས་ཀྱི་ཆ་ལ་བཟུང་བས་དེའི་ཆ་རེ་སྦྱར་དུ་ཡོད་པས་ཀྱང་གཟུགས་བརྙན་ལྟར་དོན་ལ་ཆོས་ཉིད་སྟོང་པར་གནས་ལ་ད་ལྟར་སྣང་དུས་ཕུང་པོ་དང་འབྱུང་བ་ལ་སོགས་པ་སྐུ་དང་ཡེ་ཤེས་ཀྱི་ཆར་སྦྱར་ཏེ།

[edit]
BDRC typed e-text UT22920_004_0001 as downloaded (the base text was made from it).

དེ་ཡང་ལྷུན་གྲུབ་རིན་པོ་ཆེའི་གའུའི་གནས་ལུགས་ལས་སྣང་བ་མ་འགགས་པ་ལས་གཞི་མ་འགྱུར་བར་སྣང་བ་འགྱུར་ཏེ་ཡུལ་དུ་མའི་རྗེས་སུ་འབྲེངས་ཏེ་ཐམས་ཅད་ལ་རྟོག་པའོ། །ཆོས་ཀྱི་སྐུའི་སྣང་བ་མ་འགྱུར་ཡང་འཁྲུལ་པའི་སྣང་བ་ལ་འགྱུར་འགྱུར་ལྟར་བྱུང་བའོ། །རྡོ་རྗེ་སེམས་དཔའ་ལ་འཁྲུལ་པ་མི་མངའ་ཡང་སེམས་ཅན་ལ་འཁྲུལ་པའི་ཚུལ་བསྟན་པའོ། །ཐ་མ་རང་གི་སྣང་བ་རང་རྐྱེན་གྱི་གཞི་ལ་བཟློག་པའོ། །གཉིས་སུ་མེད་པའི་སྣང་བ་རང་ཤར་བར་མ་ཤེས་ཏེ་འཁྲུལ་པ་ལ་བདག་པོར་བཟུང་བས་བདག་པོའི་རྐྱེན་ནོ། །རང་རིག་པའི་འབྲས་བུ་རང་ཤར་བར་མ་ཤེས་ཏེ་རྒྱུ་ཉིད་ལྟོས་ཅན་དུ་བཟུང་བས་རྒྱུའི་རྐྱེན་ནོ། །ཡུལ་དང་ཤེས་པ་སྟོང་པར་ནི་མ་ཤེས་ཏེ་དམིགས་པ་ལ་ཡུལ་དུ་བཟུང་བས་རང་ངོའི་རྐྱེན་ནོ། །དུས་ལ་ལྟོས་ནས་འོད་རང་བྱུང་བར་མ་ཤེས་ཏེ་དེ་མ་ཡིན་ལ་དེར་འཛིན་པའི་ཤེས་པ་བྱུང་བས་མཚུངས་པ་དེ་མ་ཐག་པའི་རྐྱེན་ནོ་ཞེས་དང༌། ཐལ་འགྱུར་ལས། དེ་ལ་འཁྲུལ་པའི་རྒྱུ་དང་རྐྱེན། །ཆ་དང་ཡན་ལག་ཉིད་དང་ཡང༌། །མ་སྨིན་རྣམ་རྟོག་འཁོར་བའོ། །མ་རིག་པ་ནི་རྣམ་པ་གསུམ། །བདག་ཉིད་གཅིག་པས་འཁྲུལ་རྩ་བྱས། །ལྷན་ཅིག་སྐྱེས་པས་རྟོག་པ་གཉིས། །ཀུན་ཏུ་བརྟགས་པས་ཡུལ་དུ་གྱུར། །རྐྱེན་ནི་རྣམ་པ་བཞི་དག་གིས། །འདུས་ཤིང་བཟུང་བས་འཁྲུལ་ཞེས་བྱ། །ཆ་ནི་འདུ་བྱེད་ལ་སོགས་པས། །འཁྲུལ་ཡུལ་ཆ་ལས་བཅུ་གཉིས་ཕྱེད། །སྨིན་པས་ལོ་དང་བྱེད་ལས་སོ། །ཡན་ལག་སྤྲས་པ་ཐ་དད་ལས། །ཐམས་ཅད་མིང་གི་བྱེ་བྲག་ཏུ། །འཁྲུལ་པའི་ཡུལ་ལ་རྣམ་གཉིས་འགྱུར། །ལས་ཀྱིས་འདོད་དང་གཟུགས་ཀྱི་ཁམས། །གཟུགས་མེད་རྣམས་ཏེ་རྣམ་གསུམ་བྱེད། །མ་སྨིན་པས་ནི་རིགས་དྲུག་གཟུགས། །མིང་དང་བྱེད་ལས་ཐ་དད་འགྱུར། །རྣམ་རྟོག་བག་ལ་ཉལ་བ་དང༌། །ཀུན་ནས་ལྡང་དང་ཁྱབ་ཚུལ་ལོ། །འཁོར་བ་ཞེས་པ་མཚུངས་པ་དང༌། །ཚོགས་པའི་ལས་ཏེ་སྡུད་དང་མཆེད། །རྫོགས་དང་བྱེ་བྲག་སྣ་ཚོགས་པའོ། །ཞེས་སོ། །དེ་ཡང་རིག་པ་གཞི་ནས་འཕགས་ཏེ་མ་སྨིན་པས་ཁམས་གསུམ་རིགས་དྲུག་ཏུ་སོ་སོའི་ལས་ཀྱིས་འཁོར་བ་དེ་ཡང་དང་པོ་རྟེན་འབྲེལ་བཅུ་གཉིས་ལས་འཁྲུལ་ཏེ་ཕྱིར་ལོ་བཅུ་གཉིས་དང་ཟླ་བའི་ཆ་བཅུ་གཉིས་ནང་དུ་ཉོན་མོངས་པ་བཅུ་གཉིས་རྣམས་ཚོགས་པས་སྐྱེ་མཆེད་བཅུ་གཉིས་སུ་སྲིད་པར་བྱས་པ་ནི་རྟེན་འབྲེལ་ལུགས་སུ་འཇུག་པ་བཅུ་གཉིས་མ་དག་པ་ལས་བྱུང་བ་སྟེ། གཞི་ལས་གཞི་སྣང་དུ་ཤར་དུས་རིག་པའི་རྩལ་ལས་ཡིད་ཀྱི་ཤེས་པ་བྱུང་སྟེ་རང་ངོ་མ་ཤེས་པ་དང་ལྷན་ཅིག་པས་མ་རིག་པའོ། །དེ་ལས་འཁྲུལ་པས་འདུ་བྱེད་དོ། །དེ་ལས་ཡུལ་གྱི་རྣམ་པ་ལ་དཔྱོད་པས་རྣམ་པར་ཤེས་པའོ། །དེ་ལས་འདི་ནི་ཡུལ་ལོ་སྣང་བའོ་ཞེས་པ་ལ་སོགས་པའི་མིང་དུ་འབྱེད་པའོ། །དེ་ལས་མིང་ཅན་དོན་གྱི་རང་བཞིན་གཟུགས་སུ་འཛིན་པས་སྲིད་པའི་འཁྲུལ་པ་དང་པོ་མིང་དང་གཟུགས་ཞེས་བྱའོ། །དེ་ལས་ཡུལ་གྱི་རྣམ་པ་དྲུག་ལ་ཤེས་པ་སྐྱེ་ཞིང་མཆེད་པའི་སྐྱེ་མཆེད་དྲུག་ཏུ་བྱུང་ངོ༌། །དེ་ལས་ཡུལ་འཛིན་པའི་རིག་པའོ། །དེ་ལས་ཆགས་སྡང་བར་མའི་ཆའི་ཚོར་བའོ། །དེ་ལས་ཡུལ་ལ་ཞེན་པའི་སྲེད་པའོ། །དེ་ལས་ཕྱིས་ཀྱི་ལེན་པ་པོ་དང་དེ་ལྟར་ཡུལ་དང་དུ་ལེན་པའི་ལེན་པའོ། །དེ་ལས་འཁྲུལ་པ་དུ་མར་སྣང་བ་དང་བྱེད་པ་མྱོང་བའི་ཆ་ཅི་འབྱུང་མ་ངེས་པ་བསྐྱེད་པས་སྲིད་པའོ། །དེ་ལས་གཟུགས་མེད་གཟུགས་དང་འདོད་པར་སྐྱེ་བས་སྐྱེ་བའོ། །དེ་ལས་རྒས་པ་དང་ན་བ་དང་ཤི་བའི་བར་དུ་འབྱུང་སྟེ་ཡང་དང་ཡང་དུ་དེ་ལྟར་འཁོར་བས་འཁོར་བའི་རྒྱུ་རྟེན་འབྲེལ་ལུགས་སུ་འཇུག་པ་བཅུ་གཉིས་གཞི་སྣང་ལས་དང་པོར་མཆེད་པའོ། །དེ་ལས་སྲིད་པ་སོ་སོར་འཁྲུལ་དུས་ཀྱི་རྟེན་འབྲེལ་བཅུ་གཉིས་ཀྱང་ཞར་ལ་ཤེས་པར་བྱ་སྟེ། ཆོས་ཉིད་ནུབ་ནས་རང་མ་རིག་པ་ལས་ཕྱི་མའི་འདུ་བྱེད་དང༌། རྣམ་ཤེས་ཀྱི་ཆས་ལུས་འཚོལ་བ་དང༌། མངལ་དུ་ཚུད་དེ་མེར་མེར་པོ་ལ་སོགས་པ་ནས་མིང་དང་གཟུགས་སུ་གྲུབ་པ་དང༌། དེའི་སྐྱེ་མཆེད་དྲུག་དང༌། རྐྱེན་འདུས་པས་རེག་པ་དང༌། བདེ་སྡུག་གི་ཚོར་བ་དང༌། མྱོང་བ་ལ་སྲེད་པ་དང༌། ཡུལ་དང་ལས་ཀྱི་ལེན་པ་དང༌། ཡང་སྲིད་པའི་ཉེ་བར་ལེན་པ་དང༌། མངལ་ནས་སྐྱེ་བ་དང༌། དར་ལ་བབ་པའི་ཚོགས་པ་གཞན་དུ་འགྱུར་བའི་བརྒྱུད་པ་ནི་རྒས་པ་དང་མཐར་འཆི་བ་སྟེ་འབྲེལ་ཆགས་སུ་འབྱུང་བ་ནི། རང་ཤར་ལས། དེ་ཡང་མ་རིག་པ་ལས་བྱུང༌། །མ་རིག་པ་ལས་འདུ་བྱེད་དོ། །འདུ་བྱེད་རྣམ་པར་ཤེས་པའོ། །རྣམ་པར་ཤེས་ལས་མིང་འབྱུང་ཞིང༌། །མིང་ལས་གཟུགས་ཀྱི་རང་བཞིན་འབྱུང༌། །གཟུགས་ལས་སྐྱེ་མཆེད་རྣམ་དྲུག་འབྱུང༌། །སྐྱེ་མཆེད་དྲུག་ལས་རིག་པ་འབྱུང༌། །རེག་ལས་ཚོར་བ་འབྱུང་བར་འགྱུར། །ཚོར་ལས་སྲེད་པ་འབྱུང་བར་འགྱུར། །སྲེད་པ་ལས་ནི་ལེན་པ་འབྱུང༌། །ལེན་པ་ལས་ནི་སྲིད་པ་འབྱུང༌། །སྲིད་པ་ལས་ནི་སྐྱེ་བ་འབྱུང༌། །སྐྱེ་བ་ལས་ནི་རྒས་པ་འབྱུང༌། །རྒས་པ་ལས་ནི་ན་བ་འབྱུང༌། །ན་བ་ལས་ནི་འཆི་བ་འབྱུང༌། །ཞེས་སོ། །དེ་ལྟར་འཁྲུལ་སྣང་འཁོར་བར་སྣང་བ་ཡང་རང་མ་རིག་པས་མེད་པ་ལ་བདག་ཏུ་བཟུང་བའི་བག་ཆགས་མཐུ་བརྟས་པ་ལས་འབྱུང་སྟེ། སོ་སོའི་ལུས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པར་གྲུབ་ནས་གཅིག་ནས་གཅིག་ཏུ་འཁོར་ཞིང་གཏན་དུ་སྲིད་པ་ན་གནས་པ་ནི། མུ་ཏིག་ཕྲེང་བ་ལས། དེ་ལྟར་འཇིག་རྟེན་གསུམ་པོ་ནི། །ཕུང་པོ་ལྔ་དང་དབང་པོ་ལྔ། །ཡན་ལག་ལྔ་དང་དོན་སྙིང་ལྔ། །ཡུལ་ལྔ་དང་ནི་ཉོན་མོངས་ལྔ། །སེམས་ལྔ་ཡིད་ལྔ་རྟོག་པ་ལྔ། །གཟུང་འཛིན་འཁོར་བ་ཉིད་དུ་གྲུབ། །འཁྲུལ་པ་གཉིས་སྣང་དེ་ལྟ་བུ། །དཔེར་ན་མྱུར་འགྲོ་འཁོར་ལོ་བཞིན། །རྒྱུན་ཆགས་འཁོར་ལ་ཡུན་རིང་གནས། ཞེས་སོ། །དེ་ཡང་གཟུགས་ལ་སོགས་པའི་ཡུལ་ལྔ་ནི་འོད་ལྔ་རང་སྣང་དུ་མ་ཤེས་པར་བཟུང་བའི་ཆ་ལས་བྱུང་ཞིང༌། ཉོན་མོངས་པ་ལྔ་ནི་ཡེ་་ཤེས་ལྔ་རང་ངོ་མ་ཤེས་པའི་ཆ་ལས་བྱུང༌། སྣ་ཚོགས་སྡུད་པའི་ལུས་སེམས་ལ་སོགས་པ་ལྔ་ནི་ཆོས་ཉིད་ཀྱི་རང་གདངས་མ་དག་པ་ལས་བྱུང༌། ཀུན་ནས་འཚོལ་བའི་ཡིད་ལ་སོགས་པ་ལྔ་ནི་རླུང་ལྔ་རྣམ་པར་མ་དག་པ་ལས་བྱུང༌། བསམ་པ་དྲན་པས་འཛིན་པའི་བདག་ཏུ་་རྟོག་་པ་དང༌། ཡུལ་དུ་མ་ལ་བདག་ཏུ་རྟོག་པ་དང༌། འགྱུ་བ་ཐ་དད་པ་ལ་བདག་ཏུ་རྟོག་པ་དང༌། ཤེས་པའི་རྣམ་པ་ཙམ་ལ་བདག་ཏུ་རྟོག་པ་དང༌། ཆོས་རྣམ་པར་སེམས་པ་དང་བཅས་པ་ལ་བདག་ཏུ་རྟོག་པ་དང་ལྔ་ནི་འགྱུ་བ་རང་ཐོག་ཏུ་མ་ཆོད་པ་ལས་བྱུང་བའོ། །དེ་ལྟར་མ་དག་པ་འཁོར་བའི་ཆོས་རྣམས་རིག་པའི་ངང་ལས་བྱུང་ངང་ལ་གནས་ངང་ལ་རོལ་པ་ཙམ་ལས་གཞན་དུ་གཡོས་པ་ཅུང་ཟད་ཀྱང་མེད་པ་ནི་རྨི་ལམ་གཉིད་ཀྱི་ལས་གཡོས་པ་ལྟ་བུ་སྟེ། དོན་ལ་སྟོང་གཟུགས་མེད་པ་གསལ་སྣང་གི་ཆོ་འཕྲུལ་ཙམ་དུ་བསྟན་པ་ནི་འཁོར་བའི་རྣམ་དག་སྟེ། འདི་ལ་སྤྱིའི་རྣམ་དག་དང་བྱེ་བྲག་གི་རྣམ་དག་ལེགས་པར་བཤད་པ་གཉིས་ལས། དང་པོ་བསྟན་ན་ཡེ་སྟོང་རང་སྣང་རོལ་པ་ཙམ་དུ་སྣང་བ་ནི་དཔེར་ན་ཐག་པ་རགས་པ་ལྟར་སྣང་ཡང་རང་དོན་ལ་སྤུ་རེ་རེ་བ། དེ་ཡང་རྡུལ་ཕྲན་ཆ་མེད་སྟོང་པ་ལྟར་འཁྲུལ་སྣང་རགས་པ་ལྟར་སྣང་ཡང་དོན་ལ་སྐྱེ་འགག་གནས་གསུམ་དང་བྲལ་བའི་རང་སྣང་སྟོང་པ་སྟེ། མུ་ཏིག་ཕྲེང་བ་ལས། དེ་ལྟར་སྣང་བ་སྣ་ཚོགས་རྣམས། །ཐག་པ་ལ་ནི་སྦྲུལ་མཐོང་བཞིན། །དེ་མ་ཡིན་ལ་དེར་བཟུང་བས། །ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །དེ་ཡང་བརྟགས་ན་ཐག་པ་ཉིད། །སྣོད་བཅུད་ཡེ་ནས་སྟོང་པ་སྟེ། །དོན་དམ་ཀུན་རྫོབ་གཟུགས་ཅན་ནོ། །སྦྲུལ་མཐོང་དེ་ཉིད་མཐོང་བས་བདེན། །ཐག་མཐོང་ཡང་དག་ཉིད་དུ་བདེན། །དཔེར་ན་མཐོ་ལ་བྱར་སྣང་བཞིན། །བདེན་པ་གཉིས་ཀྱི་རང་བཞིན་ནི། །འཇིག་རྟེན་ཀུན་རྫོབ་ཙམ་དུ་སྟེ། །ཡང་དག་ཉིད་ལ་འབྲེལ་པ་མེད། །སྟོང་པ་ཉིད་ཀྱི་དབྱིངས་ལ་ནི། །དེ་ཡི་ངོ་བོར་ཐམས་ཅད་གྲོལ། །ཞེས་སོ། །དེའང་ཕུང་པོ་ལ་སོགས་པའི་ཆོས་རྣམས་རིག་པའི་ངང་ན་ནམ་མཁའ་ལ་སྤྲིན་ལྟར་རིག་པ་ལ་སྣང་ཡང་རིག་པ་ལ་མ་གོས་པར་སྟོང་གཟུགས་སུ་ལིང་དེ་གནས་པ་ནི་སྒྱུ་མ་དང་སྤྲུལ་པ་ལྟ་བུ་སྟེ། རྒྱུད་བླ་མ་ལས། ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན། །ཞེས་སོ། །དེ་དག་གང་ལ་གནས་ན་སྣོད་བཅུད་ནམ་མཁའ་ལ་གནས་པ་ལྟར་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལས་དང་ཉོན་མོངས། དེ་རྣམ་རྟོག་རང་སྣང་ཙམ་ལ། དེ་སེམས་ཉིད་སྟོང་པའི་ངང་དུ་གནས་པས། དང་པོ་ཡང་སྟོང་པ། ད་ལྟ་ཡང་སྟོང་པ། མཐར་ཡང་སྟོང་པ། སྐྱེ་འགག་གནས་གསུམ་དང་བྲལ་བར་གནས་ཏེ། དེ་ཉིད་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང༌། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་མ་ཡིན། །ཞེས་སོ། །སྐྱེ་འགག་གནས་པར་སྣང་ཡང་གནས་པའི་དུས་ན་དེ་དག་ཏུ་མ་གྲུབ་པ་སྟེ། སྒྱུ་འཕྲུལ་གསང་སྙིང་ལས། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མ། གནས་པ་ཉིད་ན་གནས་པ་མེད། །ཨེ་མ། འགག་པ་ཉིད་ན་འགག་པ་མེད། །ཅེས་པ་དང༌། རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ཡང་འཇིག་པར་གསུངས། །ཞེས་པ་དང༌། སྣང་སྲིད་ཀྱི་ཆོས་སོ་ཅོག་སྣང་དུས་ཉིད་ནས་སྐྱེ་འགག་སྤྲོས་པའི་མཐའ་དང་བྲལ་བར་དེ་ཉིད་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བརྟེན་པ། །ཞེས་སོ། །བྱེ་བྲག་རྣམ་རྟོག་ནི་ཁམས་གསུམ་འཁོར་བའི་སྣང་བ་ཐམས་ཅད་དང་ཡོ་ཡང་དབྱིངས་ཀྱི་ཆ་ལ་བཟུང་བས་ཆ་རེ་སྦྱར་དུ་ཡོད་པས་ཀྱང་གཟུགས་བརྙན་ལྟར་དོན་ལ་ཆོས་ཉིད་སྟོང་པར་གནས་ལ་ད་ལྟར་སྣང་དུས་ཕུང་པོ་དང་འབྱུང་བ་ལ་སོགས་པ་སྐུ་དང་ཡེ་ཤེས་ཀྱི་ཆར་སྦྱར་ཏེ།

[edit]
rywikitexts e-text of the Beijing 2009 edition (vol. 19), with its page numbers ༼N༽.

དེ་ཡང་ལྷུན་གྲུབ་རིན་པོ་ཆེའི་གའུའི་གནས་ལུགས་ལས་སྣང་བ་མ་འགགས་པ་ལས་གཞི་མ་འགྱུར་བར་སྣང་བ་འགྱུར་ཏེ་ཡུལ་དུ་མའི་རྗེས་སུ་འབྲངས་ཏེ་ཐམས་ཅད་ལ་རྟོག་པའོ། །ཆོས་ཀྱི་སྐུའི་སྣང་བ་མ་འགྱུར་ཡང་འཁྲུལ་པའི་སྣང་བ་ལ་འགྱུར་འགྱུར་ལྟར་བྱུང་བའོ། །རྡོ་རྗེ་སེམས་དཔའ་ལ་འཁྲུལ་པ་མི་མངའ་ཡང་སེམས་ཅན་ལ་འཁྲུལ་པའི་ཚུལ་བསྟན་» «པའོ། །ཐ་མ་རང་གི་སྣང་བ་རང་རྐྱེན་གྱི་གཞི་ལ་བཟློག་པའོ། །གཉིས་སུ་མེད་པའི་སྣང་བ་རང་ཤར་བར་མ་ཤེས་ཏེ་འཁྲུལ་པ་ལ་བདག་པོར་བཟུང་བས་བདག་པོའི་རྐྱེན་ནོ། །རང་རིག་པའི་འབྲས་བུ་རང་ཤར་བར་མ་ཤེས་ཏེ་རྒྱུ་ཉིད་ལྟོས་ཅན་དུ་བཟུང་བས་རྒྱུའི་རྐྱེན་ནོ། །ཡུལ་དང་ཤེས་པ་སྟོང་པར་ནི་མ་ཤེས་ཏེ་དམིགས་པ་ལ་ཡུལ་དུ་བཟུང་བས་རང་ངོའི་རྐྱེན་ནོ། །དུས་ལ་ལྟོས་ནས་འོད་རང་བྱུང་བར་མ་ཤེས་ཏེ་དེ་མ་ཡིན་ལ་དེར་འཛིན་པའི་ཤེས་པ་བྱུང་བས་མཚུངས་པ་དེ་མ་ཐག་པའི་རྐྱེན་ནོ་ཞེས་དང༌། ཐལ་འགྱུར་ལས། དེ་ལ་འཁྲུལ་པའི་རྒྱུ་དང་རྐྱེན། །ཆ་དང་ཡན་ལག་ཉིད་དང་ཡང༌། །མ་སྨིན་རྣམ་རྟོག་འཁོར་བའོ། །མ་རིག་པ་ནི་རྣམ་པ་གསུམ། །བདག་ཉིད་གཅིག་པས་འཁྲུལ་རྩ་» «བྱས། །ལྷན་གཅིག་སྐྱེས་པས་རྟོག་པ་གཉིས། །ཀུན་ཏུ་བརྟགས་པས་ཡུལ་དུ་གྱུར། །རྐྱེན་ནི་རྣམ་པ་བཞི་དག་གིས། །འདུས་ཤིང་བཟུང་བས་འཁྲུལ་ཞེས་» «བྱ། །ཆ་ནི་འདུ་བྱེད་ལ་སོགས་པས། །འཁྲུལ་ཡུལ་ཆ་ལས་བཅུ་གཉིས་» «ཕྱེད། །སྨིན་པས་ལོ་དང་བྱེད་ལས་སོ། །ཡན་ལག་སྤྲོས་པ་ཐ་དད་ལས། །» «ཐམས་ཅད་མིང་གི་བྱེ་བྲག་ཏུ། །འཁྲུལ་པའི་ཡུལ་ལ་རྣམ་གཉིས་འགྱུར། །ལས་ཀྱིས་འདོད་དང་གཟུགས་ཀྱི་ཁམས། །གཟུགས་མེད་རྣམས་ཏེ་རྣམ་གསུམ་» «བྱེད། །མ་སྨིན་པས་ནི་རིགས་དྲུག་གཟུགས། །མིང་དང་བྱེད་ལས་ཐ་དད་འགྱུར། །རྣམ་རྟོག་བག་ལ་ཉལ་བ་དང༌། །ཀུན་ནས་ལྡང་དང་ཁྱབ་ཚུལ་ལོ། །» «འཁོར་བ་ཞེས་པ་མཚུངས་པ་དང༌། །ཚོགས་པའི་ལས་ཏེ་སྡུད་དང་མཆེད། །» «རྫོགས་དང་བྱེ་བྲག་སྣ་ཚོགས་པའོ། །ཞེས་སོ། །དེ་ཡང་རིག་པ་གཞི་ནས་འཕགས་ཏེ་མ་སྨིན་པས་ཁམས་གསུམ་རིགས་དྲུག་ཏུ་སོ་སོའི་ལས་ཀྱི་འཁོར་བ་དེ་ཡང་དང་པོ་རྟེན་འབྲེལ་བཅུ་གཉིས་ལས་འཁྲུལ་ཏེ་ཕྱིར་ལོ་བཅུ་གཉིས་དང་ཟླ་བའི་ཆ་བཅུ་གཉིས་ནང་དུ་ཉོན་མོངས་པ་བཅུ་གཉིས་རྣམས་ཚོགས་པས་སྐྱེ་མཆེད་བཅུ་གཉིས་སུ་སྲིད་པར་བྱས་པ་ནི་རྟེན་འབྲེལ་ལུགས་སུ་འཇུག་པ་བཅུ་གཉིས་མ་དག་པ་ལས་འབྱུང་བ་སྟེ། གཞི་ལས་གཞི་སྣང་དུ་ཤར་དུས་རིག་པའི་རྩལ་ལས་ཡིད་ཀྱི་ཤེས་པ་བྱུང་སྟེ་རང་ངོ་མ་ཤེས་པ་དང་ལྷན་ཅིག་པས་མ་རིག་པའོ། །དེ་ལས་འཁྲུལ་པས་འདུ་བྱེད་དོ། །དེ་ལས་ཡུལ་གྱི་རྣམ་པ་ལ་དཔྱོད་པས་རྣམ་པར་ཤེས་པའོ། །དེ་ལས་འདི་ནི་ཡུལ་ལོ་སྣང་བའོ་ཞེས་པ་ལ་སོགས་པའི་མིང་དུ་འབྱེད་པའོ། །དེ་ལས་མིང་ཅན་དོན་གྱི་རང་བཞིན་གཟུགས་སུ་འཛིན་པས་སྲིད་པའི་འཁྲུལ་པ་དང་པོ་མིང་དང་གཟུགས་ཞེས་བྱའོ། །དེ་ལས་ཡུལ་གྱི་རྣམ་པ་དྲུག་ལ་ཤེས་པ་སྐྱེ་ཞིང་མཆེད་པའི་སྐྱེ་མཆེད་དྲུག་ཏུ་བྱུང་» «ངོ༌། །དེ་ལས་ཡུལ་འཛིན་པའི་རེག་པའོ། །དེ་ལས་ཆགས་སྡང་བར་མའི་ཆའི་ཚོར་བའོ། །དེ་ལས་ཡུལ་ལ་ཞེན་པའི་སྲེད་པའོ། །དེ་ལས་ཕྱིས་ཀྱི་ལེན་པ་པོ་དང་དེ་ལྟར་ཡུལ་དང་དུ་ལེན་པའི་ལེན་པའོ། །དེ་ལས་འཁྲུལ་པ་དུ་མར་སྣང་བ་དང་བྱེད་པ་མྱོང་བའི་ཆ་ཅི་འབྱུང་མ་ངེས་པ་བསྐྱེད་པས་སྲིད་པའོ། །དེ་ལས་གཟུགས་མེད་གཟུགས་དང་འདོད་པར་སྐྱེ་བས་སྐྱེ་བའོ། །དེ་ལས་རྒས་པ་དང་ན་བ་དང་ཤི་བའི་བར་དུ་འབྱུང་སྟེ་ཡང་དང་ཡང་དུ་དེ་ལྟར་འཁོར་བས་འཁོར་བའི་རྒྱུ་རྟེན་འབྲེལ་ལུགས་སུ་འཇུག་པ་བཅུ་གཉིས་གཞི་སྣང་ལས་དང་པོར་མཆེད་པའོ། །དེ་ལས་སྲིད་པ་སོ་སོར་འཁྲུལ་དུས་ཀྱི་རྟེན་འབྲེལ་བཅུ་གཉིས་ཀྱང་ཞར་ལ་ཤེས་པར་བྱ་སྟེ། ཆོས་ཉིད་ནུབ་ནས་རང་མ་རིག་པ་ལས་ཕྱི་མའི་འདུ་བྱེད་དང༌། རྣམ་ཤེས་ཀྱི་ཆས་ལུས་འཚོལ་བ་དང༌། མངལ་དུ་ཚུད་དེ་མེར་མེར་པོ་ལ་སོགས་པ་ནས་མིང་དང་གཟུགས་སུ་གྲུབ་པ་དང༌། དེའི་སྐྱེ་མཆེད་དྲུག་དང༌། རྐྱེན་འདུས་པས་རེག་པ་དང༌། བདེ་སྡུག་གི་ཚོར་བ་དང༌། མྱོང་བ་ལ་སྲེད་པ་དང༌། ཡུལ་དང་ལས་ཀྱི་ལེན་པ་དང༌། ཡང་སྲིད་པའི་ཉེ་བར་ལེན་པ་དང༌། མངལ་ནས་སྐྱེ་བ་དང༌། དར་ལ་བབ་པའི་ཚོགས་པ་གཞན་དུ་འགྱུར་བའི་བརྒྱུད་པ་ནི་རྒས་པ་དང་མཐར་འཆི་བ་སྟེ་འབྲེལ་ཆགས་སུ་འབྱུང་བ་ནི། རང་ཤར་ལས། དེ་ཡང་མ་རིག་པ་ལས་བྱུང༌། །མ་རིག་པ་ལས་འདུ་བྱེད་དོ། །འདུ་བྱེད་རྣམ་པར་ཤེས་པའོ། །རྣམ་པར་ཤེས་ལས་མིང་འབྱུང་ཞིང༌། །མིང་ལས་གཟུགས་ཀྱི་རང་བཞིན་འབྱུང༌། །གཟུགས་ལས་སྐྱེ་མཆེད་རྣམ་དྲུག་འབྱུང༌། །» «སྐྱེ་མཆེད་དྲུག་ལས་རེག་པ་འབྱུང༌། །རེག་ལས་ཚོར་བ་འབྱུང་བར་འགྱུར། །» «ཚོར་ལས་སྲེད་པ་འབྱུང་བར་འགྱུར། །སྲེད་པ་ལས་ནི་ལེན་པ་འབྱུང༌། །ལེན་པ་ལས་ནི་སྲིད་པ་འབྱུང༌། །སྲིད་པ་ལས་ནི་སྐྱེ་བ་འབྱུང༌། །སྐྱེ་བ་ལས་ནི་རྒས་པ་འབྱུང༌། །རྒས་པ་ལས་ནི་ན་བ་འབྱུང༌། །ན་བ་ལས་ནི་འཆི་བ་འབྱུང༌། །ཞེས་» «སོ། །དེ་ལྟར་འཁྲུལ་སྣང་འཁོར་བར་སྣང་བ་ཡང་རང་མ་རིག་པས་མེད་པ་ལ་བདག་ཏུ་བཟུང་བའི་བག་ཆགས་མཐུ་བརྟས་པ་ལས་འབྱུང་སྟེ། སོ་སོའི་ལུས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པར་གྲུབ་ནས་གཅིག་ནས་གཅིག་ཏུ་འཁོར་ཞིང་གཏན་དུ་སྲིད་པ་ན་གནས་པ་ནི། » «མུ་ཏིག་ཕྲེང་བ་ལས། དེ་ལྟར་འཇིག་རྟེན་གསུམ་པོ་ནི། །ཕུང་པོ་ལྔ་དང་དབང་པོ་ལྔ། །ཡན་ལག་ལྔ་དང་དོན་སྙིང་ལྔ། །ཡུལ་ལྔ་དང་ནི་ཉོན་མོངས་» «ལྔ། །སེམས་ལྔ་ཡིད་ལྔ་རྟོག་པ་ལྔ། །གཟུང་འཛིན་འཁོར་བ་ཉིད་དུ་གྲུབ། །» «འཁྲུལ་པ་གཉིས་སྣང་དེ་ལྟ་བུ། །དཔེར་ན་མྱུར་འགྲོ་འཁོར་ལོ་བཞིན། །རྒྱུན་ཆགས་འཁོར་ལ་ཡུན་རིང་གནས། །ཞེས་སོ། །དེ་ཡང་གཟུགས་ལ་སོགས་པའི་ཡུལ་ལྔ་ནི་འོད་ལྔ་རང་སྣང་དུ་མ་ཤེས་པར་བཟུང་བའི་ཆ་ལས་བྱུང་ཞིང༌། ཉོན་མོངས་པ་ལྔ་ནི་ཡེ་ཤེས་ལྔ་རང་ངོ་མ་ཤེས་པའི་ཆ་ལས་བྱུང༌། སྣ་ཚོགས་སྡུད་པའི་ལུས་སེམས་ལ་སོགས་པ་ལྔ་ནི་ཆོས་ཉིད་ཀྱི་རང་གདངས་མ་དག་པ་ལས་བྱུང༌། ཀུན་ནས་འཚོལ་བའི་ཡིད་ལ་སོགས་པ་ལྔ་ནི་རླུང་ལྔ་རྣམ་པར་མ་དག་པ་ལས་བྱུང༌། བསམ་པ་དྲན་པས་འཛིན་པའི་བདག་ཏུ་རྟོག་པ་དང༌། ཡུལ་དུ་མ་ལ་བདག་ཏུ་རྟོག་པ་དང༌། འགྱུ་བ་ཐ་དད་པ་ལ་བདག་ཏུ་རྟོག་པ་དང༌། ཤེས་པའི་རྣམ་པ་ཙམ་ལ་བདག་ཏུ་རྟོག་པ་དང༌། ཆོས་རྣམ་པར་སེམས་པ་དང་བཅས་པ་ལ་བདག་ཏུ་རྟོག་པ་དང་ལྔ་ནི་འགྱུ་བ་རང་ཐོག་ཏུ་མ་ཆོད་པ་ལས་བྱུང་བའོ། །» «དེ་ལྟར་མ་དག་པ་འཁོར་བའི་ཆོས་རྣམས་རིག་པའི་ངང་ལས་བྱུང་ངང་ལ་གནས་ངང་ལ་རོལ་པ་ཙམ་ལས་གཞན་དུ་གཡོས་པ་ཅུང་ཟད་ཀྱང་མེད་པ་ནི་རྨི་ལམ་གཉིད་ཀྱི་ངང་ལས་མ་གཡོས་པ་ལྟ་བུ་སྟེ། དོན་ལ་སྟོང་གཟུགས་མེད་པ་གསལ་སྣང་གི་ཆོ་འཕྲུལ་ཙམ་དུ་བསྟན་པ་ནི་འཁོར་བའི་རྣམ་དག་སྟེ། འདི་ལ་སྤྱིའི་རྣམ་དག་དང་བྱེ་བྲག་གི་རྣམ་དག་ལེགས་པར་བཤད་པ་གཉིས་ལས། དང་པོ་བསྟན་ན་ཡེ་སྟོང་རང་སྣང་རོལ་པ་ཙམ་དུ་སྣང་བ་ནི་དཔེར་ན་ཐག་པ་རགས་པ་ལྟར་སྣང་ཡང་རང་དོན་ལ་སྤུ་རེ་རེ་བ། དེ་ཡང་རྡུལ་ཕྲན་ཆ་མེད་སྟོང་པ་ལྟར་འཁྲུལ་སྣང་རགས་པ་ལྟར་སྣང་ཡང་དོན་ལ་སྐྱེ་འགག་གནས་གསུམ་དང་བྲལ་བའི་རང་སྣང་སྟོང་པ་སྟེ། མུ་ཏིག་ཕྲེང་བ་ལས། དེ་ལྟར་སྣང་བ་སྣ་ཚོགས་རྣམས། །ཐག་པ་ལ་ནི་སྦྲུལ་མཐོང་བཞིན། །དེ་མ་ཡིན་ལ་དེར་བཟུང་བས། །» «ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །དེ་ཡང་བརྟགས་ན་ཐག་པ་ཉིད། །སྣོད་བཅུད་ཡེ་ནས་སྟོང་པ་སྟེ། །དོན་དམ་ཀུན་རྫོབ་གཟུགས་ཅན་ནོ། །སྦྲུལ་མཐོང་དེ་ཉིད་མཐོང་བས་བདེན། །ཐག་མཐོང་ཡང་དག་ཉིད་དུ་བདེན། །དཔེར་ན་མཐོ་ལ་བྱར་སྣང་བཞིན། །བདེན་པ་གཉིས་ཀྱི་རང་བཞིན་ནི། །འཇིག་རྟེན་ཀུན་རྫོབ་ཙམ་དུ་སྟེ། །ཡང་དག་ཉིད་ལ་འབྲེལ་བ་མེད། །སྟོང་པ་ཉིད་ཀྱི་དབྱིངས་ལ་ནི། །དེ་ཡི་ངོ་བོ་ཐམས་ཅད་གྲོལ། །ཞེས་སོ། །དེའང་ཕུང་པོ་ལ་སོགས་པའི་ཆོས་རྣམས་རིག་པའི་ངང་ན་ནམ་མཁའ་ལ་སྤྲིན་ལྟར་རིག་པ་ལ་སྣང་ཡང་རིག་པ་ལ་མ་གོས་པར་སྟོང་གཟུགས་སུ་ལིང་ངེ་གནས་པ་ནི་སྒྱུ་མ་དང་སྤྲུལ་པ་ལྟ་བུ་སྟེ།རྒྱུད་བླ་མ་ལས། ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན། །ཞེས་སོ། །དེ་དག་གང་ལ་གནས་ན་སྣོད་བཅུད་ནམ་མཁའ་ལ་གནས་པ་ལྟར་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལས་དང་ཉོན་མོངས། དེ་རྣམ་རྟོག་རང་སྣང་ཙམ་ལ། དེ་སེམས་ཉིད་སྟོང་པའི་ངང་དུ་གནས་པས། དང་པོ་ཡང་སྟོང་པ། ད་ལྟ་ཡང་སྟོང་པ། མཐར་ཡང་སྟོང་པ། སྐྱེ་འགག་གནས་གསུམ་དང་བྲལ་བར་གནས་ཏེ། དེ་ཉིད་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང༌། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་མ་ཡིན། །ཞེས་སོ། །སྐྱེ་འགག་གནས་པར་སྣང་ཡང་གནས་པའི་དུས་ན་དེ་དག་ཏུ་མ་གྲུབ་པ་སྟེ། སྒྱུ་འཕྲུལ་གསང་སྙིང་ལས། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མ། གནས་པ་ཉིད་ན་གནས་པ་མེད། །ཨེ་མ། འགག་པ་ཉིད་ན་འགག་པ་མེད། །» «ཅེས་པ་དང༌། རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ཡང་འཇིག་པར་གསུངས། །ཞེས་པ་དང༌། སྣང་སྲིད་ཀྱི་ཆོས་སོ་ཅོག་སྣང་དུས་ཉིད་ནས་སྐྱེ་འགག་སྤྲོས་པའི་མཐའ་དང་བྲལ་བར་དེ་ཉིད་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བརྟེན་པ། །ཞེས་སོ། །བྱེ་བྲག་རྣམ་རྟོག་ནི་ཁམས་གསུམ་འཁོར་བའི་སྣང་བ་ཐམས་ཅད་དང་པོ་ཡང་དབྱིངས་ཀྱི་ཆ་ལ་བཟུང་བས་དེའི་ཆ་རེ་སྦྱར་དུ་ཡོད་པས་ཀྱང་གཟུགས་བརྙན་ལྟར་དོན་ལ་ཆོས་ཉིད་སྟོང་པར་གནས་ལ་ད་ལྟར་སྣང་དུས་ཕུང་པོ་དང་འབྱུང་བ་ལ་སོགས་པ་སྐུ་དང་ཡེ་ཤེས་ཀྱི་ཆར་སྦྱར་ཏེ།

[edit]
OCR of the BDRC scans (I1CZ5003), gorn05 tibocr 2026: BDRC OCR on 239 pages, Mitra OCR on 125 pages (the model with more recognisable syllables on each page).

[p. 191] དེ་ཡང་ལྷུན་གྲུབ་རིན་པོ་ཆེའི་གའུའི་གནས་ལུགས་ལས་སྣང་བ་མ་འགགས་པ་ལས་གཞི་མ་འགྱུར་བར་སྣང་བ་འགྱུར་ཏེ་ཡུལ་དུ་ མའི་རྗེས་སུ་འབྲེངས་ཏེ་ཐམས་ཅད་ལ་རྟོག་པའོ། །ཆོས་ཀྱི་སྐུའི་སྣང་བ་མ་འགྱུར་ཡང་འཁྲུལ་པའི་སྣང་བ་ལ་འགྱུར་འགྱུར་ལྟར་བྱུང་བའོ། །རྡོ་རྗེ་སེམས་དཔའ་ལ་འཁྲུལ་པ་མི་མངའ་ཡང་སེམས་ཅན་ལ་འཁྲུལ་པའི་ཚུལ་བསྟན་པའོ། །ཐ་མ་རང་

[p. 192] གི་སྣང་བ་རང་རྐྱེན་གྱི་གཞི་ལ་བཟློག་པའོ། །གཉིས་སུ་མེད་པའི་སྣང་བ་རང་ཤར་བར་མ་ཤེས་ཏེ་འཁྲུལ་པ་ལ་བདག་པོར་བཟུང་བས་བདག་པའི་རྐྱེན་ནོ། །རང་རིག་པའི་འབྲས་བུ་རང་ཤར་བར་མ་ཤེས་ཏེ། རྒྱུ་ཉིད་ལྟོས་ཅན་དུ་བཟུང་བས་རྒྱུའི་རྐྱེན་ནོ། ། ཡུལ་དང་ཤེས་པ་སྟོང་པར་ནི་མ་ཤེས་ཏེ་དམིགས་པ་ལ་ཡུལ་དུ་བཟུང་བས་རང་ངོའི་རྐྱེན་ནོ། །དུས་ལ་ལྟོས་ནས་འོད་རང་བྱུང་བར་མ་ཤེས་ཏེ་དེ་མ་ཡིན་ལ་དེར་འཛིན་པའི་ཤེས་པ་བྱུང་བས་མཚུངས་པ་དེ་མ་ཐག་པའི་རྐྱེན་ནོ་ཞེས་དང་། ཐལ་འགྱུར་ལས། དེ་ལ་འཁྲུལ་པའི་རྒྱུ་དང་རྐྱེན། །ཆ་དང་ཡན་ལག་ཉིད་དང་ཡང་། །མ་སྨིན་རྣམ་རྟོག་འཁོར་བའོ། །མ་རིག་པ་ནི་རྣམ་པ་གསུམ། །བདག་ཉིད་གཅིག་པས་འཁྲུལ་རྩ་བྱས། །ལྷན་ཅིག་སྐྱེས་པས་རྟོག་པ་གཉིས། །ཀུན་དུ་བརྟགས་ པས་ཡུལ་དུ་གྱུར། །རྐྱེན་ནི་རྣམ་པ་བཞི་དག་གིས། །འདུས་ཤིང་བཟུང་བས་འཁྲུལ་ཞེས་བྱ། །ཆ་ནི་འདུ་བྱེད་ལ་སོགས་པས། །འཁྲུལ་ཡུལ་ཆ་ལས་བཅུ་གཉིས་ཕྱེད། །སྨིན་པས་ལོ་དང་བྱེད་ལས་སོ། །ཡན་ལག་སྤྲོས་པ་ཐ་དད་ལས། །ཐམས་ ཅད་མིང་གི་བྱེ་བྲག་ཏུ། །འཁྲུལ་པའི་ཡུལ་ལ་རྣམ་གཉིས་འགྱུར། །ལས་ཀྱིས་འདོད་དང་གཟུགས་ཀྱི་ཁམས། །གཟུགས་མེད་རྣམས་ཏེ་རྣམ་གསུམ་བྱེད། །མ་སྨིན་པས་ནི་རིགས་དྲུག་གཟུགས། །མིང་དང་བྱེད་ལས་ཐ་དད་འགྱུར། །རྣམ་རྟོག་བག་ལ་ ཉལ་བ་དང་། །ཀུན་ནས་ལྡང་དང་ཁྱབ་ཚུལ་ལོ། །འཁོར་བ་ཞེས་པ་མཚུངས་པ་དང་། །ཚོགས་པའི་ལས་ཏེ་སྡུད་དང་མཆེད། །རྫོགས་དང་བྱེ་བྲག་སྣ་ཚོགས་པའོ། །ཞེས་སོ། །དེ་ཡང་རིག་པ་གཞི་ནས་འཕགས་ཏེ་མ་སྨིན་པས་ཁམས་གསུམ་རིགས་དྲུག་ཏུ་ སོ་སོའི་ལས་ཀྱིས་འཁོར་བ་དེ་ཡང་དང་པོ་རྟེན་འབྲེལ་བཅུ་གཉིས་ལས་འཁྲུལ་ཏེ་ཕྱིར་ལོ་བཅུ་གཉིས་དང་ཟླ་བའི་ཆ་བཅུ་གཉིས་ནང་དུ་ཉོན་མོངས་པ་བཅུ་གཉིས་རྣམས་ཚོགས་པས་སྐྱེ་མཆེད་བཅུ་གཉིས་སུ་སྲིད་པར་བྱས་པ་ནི་རྟེན་འབྲེལ་ལུགས་སུ་འཇུག་པ་བཅུ་གཉིས་

[p. 193] ༄༅། །མ་དག་པ་ལས་འབྱུང་བ་སྟེ། གཞི་ལས་གཞི་སྣང་དུ་ཤར་དུས་རིག་པའི་རྩལ་ལས་ཡིད་ཀྱི་ཤེས་པ་བྱུང་སྟེ་རང་ངོ་མ་ཤེས་པ་དང་ལྷན་ཅིག་པས་མ་རིག་པའོ། །དེ་ལས་འཁྲུལ་པས་འདུ་བྱེད་དོ། །དེ་ལས་ཡུལ་གྱི་རྣམ་པ་ལ་དཔྱོད་པས་ རྣམ་པར་ཤེས་པའོ། །དེ་ལས་འདི་ནི་ཡུལ་ལོ་སྣང་བའོ་ཞེས་པ་ལ་སོགས་པའི་མིང་དུ་འབྱེད་པའོ། །དེ་ལས་མིང་ཅན་དོན་གྱི་རང་བཞིན་གཟུགས་སུ་འཛིན་པས་སྲིད་པའི་འཁྲུལ་པ་དང་པོ་མིང་དང་གཟུགས་ཞེས་བྱའོ། །དེ་ལས་ཡུལ་གྱི་རྣམ་པར་དྲུག་ལ་ ཤེས་པ་སྐྱེ་ཞིང་མཆེད་པའི་སྐྱེ་མཆེད་དྲུག་ཏུ་བྱུང་ངོ། །དེ་ལས་ཡུལ་འཛིན་པའི་རེག་པའོ། །དེ་ལས་ཆགས་སྡང་བར་མའི་ཆའི་ཚོར་བའོ། །དེ་ལས་ཡུལ་ལ་ཞེན་པའི་སྲེད་པའོ། །དེ་ལས་ཕྱིས་ཀྱི་ལེན་པ་པོ་དང་དེ་ལྟར་ཡུལ་དང་དུ་ལེན་པའི་ལེན་པའོ། །དེ་ལས་ འཁྲུལ་པ་དུ་མར་སྣང་བ་དང་བྱེད་པ་མྱོང་བའི་ཆ་ཅི་འབྱུང་མ་ངེས་པ་བསྐྱེད་པས་སྲིད་པའོ། །དེ་ལས་གཟུགས་མེད་གཟུགས་དང་འདོད་པར་སྐྱེ་བས་སྐྱེ་བའོ། །དེ་ལས་རྒས་པ་དང་ན་བ་དང་ཤི་བའི་བར་དུ་འབྱུང་སྟེ་ཡང་དང་ཡང་དུ་དེ་ལྟར་འཁོར་བས་འཁོར་བའི་རྒྱུ་ རྟེན་འབྲེལ་ལུགས་སུ་འཇུག་པ་བཅུ་གཉིས་གཞི་སྣང་ལས་དང་པོར་མཆེད་པའོ། །དེ་ལས་སྲིད་པ་སོ་སོར་འཁྲུལ་དུས་ཀྱི་རྟེན་འབྲེལ་བཅུ་གཉིས་ཀྱང་ཞར་ལ་ཤེས་པར་བྱ་སྟེ། ཆོས་ཉིད་ནུབ་ནས་རང་མ་རིག་པ་ལས་ཕྱི་མའི་འདུ་བྱེད་དང་། རྣམ་ཤེས་ཀྱི་ཆས་ ལུས་འཚོལ་བ་དང་། མངལ་དུ་ཚུད་དེ་མེར་མེར་པོ་ལ་སོགས་པ་ནས་མིང་དང་གཟུགས་སུ་གྲུབ་པ་དང་། དེའི་སྐྱེ་མཆེད་དྲུག་དང་། རྐྱེན་འདུས་པས་རེག་པ་དང་། བདེ་སྡུག་གི་ཚོར་བ་དང་། མྱོང་བ་ལ་སྲེད་པ་དང་། ཡུལ་དང་ལས་ཀྱི་ལེན་པ་དང་། ཡང་ སྲིད་པའི་ཉེ་བར་ལེན་པ་དང་། མངལ་ནས་སྐྱེ་བ་དང་། དར་ལ་བབ་པའི་ཚོགས་པ་གཞན་དུ་འགྱུར་བའི་བརྒྱུད་པ་ནི་རྒས་པ་དང་མཐར་འཆི་བ་སྟེ་འབྲེལ་ཆགས་སུ་འབྱུང་བ་ནི། རང་ཤར་ལས། དེ་ཡང་མ་རིག་པ་ལས་བྱུང་། །མ་རིག་པ་ལས་འདུ་བྱེད་དོ། །

[p. 194] འདུ་བྱེད་རྣམ་པར་ཤེས་པའོ། །རྣམ་པར་ཤེས་ལས་མིང་འབྱུང་ཞིང་། །མིང་ལས་གཟུགས་ཀྱི་རང་བཞིན་འབྱུང་། །གཟུགས་ལས་སྐྱེ་མཆེད་རྣམ་དྲུག་འབྱུང་། །སྐྱེ་མཆེད་དྲུག་ལས་རེག་པ་འབྱུང་། །རེག་ལས་ཚོར་བ་འབྱུང་བར་འགྱུར། ། ཚོར་ལས་སྲེད་པ་འབྱུང་བར་འགྱུར། །སྲེད་པ་ལས་ནི་ལེན་པ་འབྱུང་། །ལེན་པ་ལས་ནི་སྲིད་པ་འབྱུང་། །སྲིད་པ་ལས་ནི་སྐྱེ་བ་འབྱུང་། །སྐྱེ་བ་ལས་ནི་རྒས་པ་འབྱུང་། །རྒས་པ་ལས་ནི་ན་བ་འབྱུང་། །ན་བ་ལས་ནི་འཆི་བ་འབྱུང་། །ཞེས་སོ། །དེ་ ལྟར་འཁྲུལ་སྣང་འཁོར་བར་སྣང་བ་ཡང་རང་མ་རིག་པས་མེད་པ་ལ་བདག་ཏུ་བཟུང་བའི་བག་ཆགས་མཐུ་བརྟས་པ་ལས་འབྱུང་སྟེ། སོ་སོའི་ལུས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པར་གྲུབ་ནས་གཅིག་ནས་གཅིག་ཏུ་འཁོར་ཞིང་གཏན་དུ་སྲིད་ པ་ན་གནས་པ་ནི། མུ་ཏིག་ཕྲེང་བ་ལས། དེ་ལྟར་འཇིག་རྟེན་གསུམ་པོ་ནི། །ཕུང་པོ་ལྔ་དང་དབང་པོ་ལྔ། །ཡན་ལག་ལྔ་དང་དོན་སྙིང་ལྔ། །ཡུལ་ལྔ་དང་ནི་ཉོན་མོངས་ལྔ། །སེམས་ལྔ་ཡིད་ལྔ་རྟོག་པ་ལྔ། །གཟུང་འཛིན་འཁོར་བ་ཉིད་དུ་གྲུབ། ། འཁྲུལ་པ་གཉིས་སྣང་དེ་ལྟ་བུ། །དཔེར་ན་མྱུར་འགྲོ་འཁོར་ལོ་བཞིན། །རྒྱུན་ཆགས་འཁོར་ལ་ཡུན་རིང་གནས། །ཞེས་སོ། །དེ་ཡང་གཟུགས་ལ་སོགས་པའི་ཡུལ་ལྔ་ནི་འོད་ལྔ་རང་སྣང་དུ་མ་ཤེས་པར་བཟུང་བའི་ཆ་ལས་བྱུང་ཞིང་། ཉོན་ མོངས་པ་ལྔ་ནི་ཡེ་ཤེས་ལྔ་རང་ངོ་མ་ཤེས་པའི་ཆ་ལས་བྱུང་། སྣ་ཚོགས་སྡུད་པའི་ལུས་སེམས་ལ་སོགས་པ་ལྔ་ནི་ཆོས་ཉིད་ཀྱི་རང་གདངས་མ་དག་པ་ལས་བྱུང་། ཀུན་ནས་འཚོལ་བའི་ཡིད་ལ་སོགས་པ་ལྔ་ནི་རླུང་ལྔ་རྣམ་པར་མ་དག་པ་ལས་བྱུང་། བསམ་པ་དྲན་པས་འཛིན་པའི་བདག་ཏུ་རྟོག་པ་དང་། ཡུལ་དུ་མ་ལ་བདག་ཏུ་རྟོག་པ་དང་། འགྱུ་བ་ཐ་དད་པ་ལ་བདག་ཏུ་རྟོག་པ་དང་ཤེས་པའི་རྣམ་པ་ཙམ་ལ་བདག་ཏུ་རྟོག་པ་དང། ཆོས་རྣམ་པར་སེམས་པ་དང་བཅས་པ་ལ་བདག་ཏུ་རྟོག་པ་དག་ལྔ་ནི་

[p. 195] ༄༅། །འགྱུ་བ་རང་ཐོག་ཏུ་མཆོད་པ་ལས་བྱུང་བའོ། །དེ་ལྟར་མ་དག་པ་འཁོར་བའི་ཆོས་རྣམས་རིག་པའི་ངང་ལས་བྱུང་ངང་ལ་གནས་ངང་ལ་རོལ་པ་ཙམ་ལས་གཞན་དུ་གཡོས་པ་ཅུང་ཟད་ཀྱང་མེད་པ་ནི་རྨི་ལམ་གཉིད་ཀྱི་ངང་ལས་མ་གཡོས་པ་ལྟ་བུ་སྟེ། དོན་ལ་སྟོང་གཟུགས་མེད་པ་གསལ་སྣང་གི་ཆོ་འཕྲུལ་ཙམ་དུ་བསྟན་པ་ནི་འཁོར་བའི་རྣམ་དག་སྟེ། འདི་ལ་སྤྱིའི་རྣམ་དག་དང་བྱེ་བྲག་གི་རྣམ་དག་ལེགས་པར་བཤད་པ་གཉིས་ལས། དང་པོ་བསྟན་ན་ཡེ་སྟོང་རང་སྣང་རོལ་པ་ཙམ་དུ་སྣང་བ་ནི་དཔེར་ན་ཐག་པ་ རགས་པ་ལྟར་སྣང་ཡང་རང་དོན་ལ་སྤུ་རེ་རེ་བ། དེ་ཡང་རྡུལ་ཕྲན་ཆ་མེད་སྟོང་པ་ལྟར་འཁྲུལ་སྣང་རགས་པ་ལྟར་སྣང་ཡང་དོན་ལ་སྐྱེ་འགག་གནས་གསུམ་དང་བྲལ་བའི་རང་སྣང་སྟོང་པ་སྟེ། མུ་ཏིག་ཕྲེང་བ་ལས། དེ་ལྟར་སྣང་བ་སྣ་ཚོགས་རྣམས། ། ཐག་པ་ལ་ནི་སྦྲུལ་མཐོང་བཞིན། །དེ་མ་ཡིན་ལ་དེར་བཟུང་བས། །ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །དེ་ཡང་བརྟགས་ན་ཐག་པ་ཉིད། །སྣོད་བཅུད་ཡེ་ནས་སྟོང་པ་སྟེ། །དོན་དམ་ཀུན་རྫོབ་གཟུགས་ཅན་ནོ། །སྦྲུལ་མཐོང་དེ་ཉིད་མཐོང་ བས་བདེན། །ཐག་མཐོང་ཡང་དག་ཉིད་དུ་བདེན། །དཔེར་ན་མཐོ་ལ་བྱར་སྣང་བཞིན། །བདེན་པ་གཉིས་ཀྱི་རང་བཞིན་ནི། །འཇིག་རྟེན་ཀུན་རྫོབ་ཙམ་དུ་སྟེ། །ཡང་དག་ཉིད་ལ་འབྲེལ་པ་མེད། །སྟོང་པ་ཉིད་ཀྱི་དབྱིངས་ལ་ནི། །དེ་ཡི་ངོ་བོར་ཐམས་ཅད་ གྲོལ། །ཞེས་སོ། །དེའང་ཕུང་པོ་ལ་སོགས་པའི་ཆོས་རྣམས་རིག་པའི་ངང་ན་ནམ་མཁའ་ལ་སྤྲིན་ལྟར་རིག་པ་ལ་སྣང་ཡང་རིག་པ་ལ་མ་གོས་པར་སྟོང་གཟུགས་སུ་ལིང་ངེ་གནས་པ་ནི་སྒྱུ་མ་དང་སྤྲུལ་པ་ལྟ་བུ་སྟེ། རྒྱུད་བླ་མ་ལས། ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན། །ཞེས་སོ། ། དེ་དག་གང་ལ་གནས་ན་སྣོད་བཅུད་ནམ་མཁའ་ལ་གནས་པ་ལྟར་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལས་དང་ཉོན་མོངས། དེ་རྣམ་རྟོག་རང་སྣང་ཙམ་ལ། དེ་སེམས་ཉིད་སྟོང་པའི་ངང་དུ་གནས་པས། དང་པོ་ཡང་སྟོང་པ། ད་ལྟ་ཡང་སྟོང་པ། མཐར་ཡང་སྟོང་པ།

[p. 196] སྐྱེ་འགག་གནས་གསུམ་དང་བྲལ་བར་གནས་ཏེ། དེ་ཉིད་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་མ་ཡིན། །ཞེས་སོ། །སྐྱེ་འགག་གནས་པར་སྣང་ཡང་ གནས་པའི་དུས་ན་དེ་དག་ཏུ་མ་གྲུབ་པ་སྟེ། སྒྱུ་འཕྲུལ་གསང་སྙིང་ལས། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མ། གནས་པ་ཉིད་ན་གནས་པ་མེད། །ཨེ་མ། འགག་པ་ཉིད་ན་འགག་པ་མེད། ། ཅེས་པ་དང་། རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ཡང་འཇིག་པར་གསུངས། །ཞེས་པ་དང་། སྣང་སྲིད་ཀྱི་ཆོས་སོ་ཅོག་སྣང་དུས་ཉིད་ནས་སྐྱེ་འགག་སྤྲོས་ པའི་མཐའ་དང་བྲལ་བར་དེ་ཉིད་ལས། གང་གིས་རྟེན་ཅིང་འབྲེལ་པར་འགྱུར། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བརྟེན་པ། །ཞེས་སོ། ། བྱེ་བྲག་རྣམ་རྟོག་ནི་ཁམས་གསུམ་འཁོར་བའི་སྣང་བ་ཐམས་ཅད་དང་པོ་ཡང་དབྱིངས་ཀྱི་ཆ་ལ་བཟུང་བས་དེའི་ཆ་རེ་སྦྱར་དུ་ཡོད་པས་ཀྱང་གཟུགས་བརྙན་ལྟར་དོན་ལ་ཆོས་ཉིད་སྟོང་པར་གནས་ལ་ད་ལྟར་སྣང་དུས་ཕུང་པོ་དང་འབྱུང་བ་ལ་སོགས་པ་སྐུ་དང་ཡེ་ཤེས་ ཀྱི་ཆར་སྦྱར་ཏེ།

[edit]
OCR of the BDRC scans (I2PD20603), gorn05 tibocr 2026: BDRC OCR on 248 pages, Mitra OCR on 119 pages (the model with more recognisable syllables on each page).

[p. 413] དེ་ཡང་ལྷུན་གྲུབ་རིན་པོ་ཆེའི་གའུའི་གནས་ལུགས་ལས་སྣང་བ་མ་འགགས་པ་ལས་གཞི་མ་འགྱུར་བར་སྣང་བ་འགྱུར་ཏེ་ཡུལ་དུ་མའི་རྗེས་སུ་འབྲེངས་ཏེ་ཐམས་ཅད་ལ་རྟོག་པའོ། །ཆོས་ཀྱི་སྐུའི་སྣང་བ་མ་འགྱུར་ཡང་འཁྲུལ་པའི་སྣང་བ་ལ་འགྱུར་འགྱུར་ལྟར་བྱུང་བའོ། །རྡོ་རྗེ་སེམས་དཔའ་ལ་འཁྲུལ་པ་མི་མངའ་ཡང་སེམས་ཅན་ལ་འཁྲུལ་པའི་ཚུལ་བསྟན་པའོ། །ཐ་མ་རང་

[p. 414] གི་སྣང་བ་རང་རྐྱེན་གྱི་གཞི་ལ་བཟློག་པའོ། །གཉིས་སུ་མེད་པའི་སྣང་བ་རང་ཤར་བར་མ་ཤེས་ཏེ་འཁྲུལ་པ་ལ་བདག་པོར་བཟུང་བས་བདག་པོའི་རྐྱེན་ནོ། །རང་རིག་པའི་འབྲས་བུ་རང་ཤར་བར་མ་ཤེས་ཏེ། རྒྱུ་ཉིད་ལྟོས་ཅན་དུ་བཟུང་བས་རྒྱུའི་རྐྱེན་ནོ། །ཡུལ་དང་ཤེས་པ་སྟོང་པར་ནི་མ་ཤེས་ཏེ་དམིགས་པ་ལ་ཡུལ་དུ་བཟུང་བས་རང་ངོའི་རྐྱེན་ནོ། །དུས་ལ་ལྟོས་ནས་འོད་རང་བྱུང་བར་མ་ཤེས་ཏེ་དེ་མ་ཡིན་ལ་དེར་འཛིན་པའི་ཤེས་པ་བྱུང་བས་མཚུངས་པ་དེ་མ་ཐག་པའི་རྐྱེན་ནོ་ཞེས་དང་། ཐལ་འགྱུར་ལས། དེ་ལ་འཁྲུལ་པའི་རྒྱུ་དང་རྐྱེན། །ཆ་དང་ཡན་ལག་ཉིད་དང་ཡང་། །མ་སྨིན་རྣམ་རྟོག་འཁོར་བའོ། །མ་རིག་པ་ནི་རྣམ་པ་གསུམ། །བདག་ཉིད་གཅིག་པས་འཁྲུལ་རྩ་བྱས། །ལྷན་ཅིག་སྐྱེས་པས་རྟོག་པ་གཉིས། །ཀུན་དུ་བརྟགས་པས་ཡུལ་དུ་གྱུར། །རྐྱེན་ནི་རྣམ་པ་བཞི་དག་གིས། །འདུས་ཤིང་བཟུང་བས་འཁྲུལ་ཞེས་བྱ། །ཆ་ནི་འདུ་བྱེད་ལ་སོགས་པས། །འཁྲུལ་ཡུལ་ཆ་ལས་བཅུ་གཉིས་ཕྱེད། །སྨིན་པས་ལོ་དང་བྱེད་ལས་སོ། །ཡན་ལག་སྤྲོས་པ་ཐ་དད་ལས། །ཐམས་ཅད་མིང་གི་བྱེ་བྲག་ཏུ། །འཁྲུལ་པའི་ཡུལ་ལ་རྣམ་གཉིས་འགྱུར། །ལས་ཀྱིས་འདོད་དང་གཟུགས་ཀྱི་ཁམས། །གཟུགས་མེད་རྣམས་ཏེ་རྣམ་གསུམ་བྱེད། །མ་སྨིན་པས་ནི་རིགས་དྲུག་གཟུགས། །མིང་དང་བྱེད་ལས་ཐ་དད་འགྱུར། །རྣམ་རྟོག་བག་ལ་ཉལ་བ་དང་། །ཀུན་ནས་ལྡང་དང་ཁྱབ་ཚུལ་ལོ། །འཁོར་བ་ཞེས་པ་མཚུངས་པ་དང་། །ཚོགས་པའི་ལས་ཏེ་སྡུད་དང་མཆེད། །རྫོགས་དང་བྱེ་བྲག་སྣ་ཚོགས་པའོ། །ཞེས་སོ། །དེ་ཡང་རིག་པ་གཞི་ནས་འཕགས་ཏེ་མ་སྨིན་པས་ཁམས་གསུམ་རིགས་དྲུག་ཏུ་སོ་སོའི་ལས་ཀྱིས་འཁོར་བ་དེ་ཡང་དང་པོ་རྟེན་འབྲེལ་བཅུ་གཉིས་ལས་འཁྲུལ་ཏེ་ཕྱིར་ལོ་བཅུ་གཉིས་དང་ཟླ་བའི་ཆ་བཅུ་གཉིས་ནང་དུ་ཉོན་མོངས་པ་བཅུ་གཉིས་རྣམས་ཚོགས་པས་སྐྱེ་མཆེད་བཅུ་གཉིས་སུ་སྲིད་པར་བྱས་པ་ནི་རྟེན་འབྲེལ་ལུགས་སུ་འཇུག་པ་བཅུ་གཉིས་

[p. 415] མ་དག་པ་ལས་འབྱུང་བ་སྟེ། གཞི་ལས་གཞི་སྣང་དུ་ཤར་དུས་རིག་པའི་རྩལ་ལས་ཡིད་ཀྱི་ཤེས་པ་བྱུང་སྟེ་རང་ངོ་མ་ཤེས་པ་དང་ལྷན་ཅིག་པས་མ་རིག་པའོ། །དེ་ལས་འཁྲུལ་པས་འདུ་བྱེད་དོ། །དེ་ལས་ཡུལ་གྱི་རྣམ་པ་ལ་དཔྱོད་པས། རྣམ་པར་ཤེས་པའོ། །དེ་ལས་འདི་ནི་ཡུལ་ལོ་སྣང་བའོ་ཞེས་པ་ལ་སོགས་པའི་མིང་དུ་འབྱེད་པའོ། །དེ་ལས་མིང་ཅན་དོན་གྱི་རང་བཞིན་གཟུགས་སུ་འཛིན་པས་སྲིད་པའི་འཁྲུལ་པ་དང་པོ་མིང་དང་གཟུགས་ཞེས་བྱའོ། །དེ་ལས་ཡུལ་གྱི་རྣམ་པར་དྲུག་ལ་ཤེས་པ་སྐྱེ་ཞིང་མཆེད་པའི་སྐྱེ་མཆེད་དྲུག་ཏུ་བྱུང་ངོ་། །དེ་ལས་ཡུལ་འཛིན་པའི་རེག་པའོ། །དེ་ལས་ཆགས་སྡང་བར་མའི་ཆའི་ཚོར་བའོ། །དེ་ལས་ཡུལ་ལ་ཞེན་པའི་སྲེད་པའོ། །དེ་ལས་ཕྱིས་ཀྱི་ལེན་པ་པོ་དང་དེ་ལྟར་ཡུལ་དང་དུ་ལེན་པའི་ལེན་པའོ། །དེ་ལས་འཁྲུལ་པ་དུ་མར་སྣང་བ་དང་བྱེད་པ་མྱོང་བའི་ཆ་ཅི་འབྱུང་མ་ངེས་པ་བསྐྱེད་པས་སྲིད་པའོ། །དེ་ལས་གཟུགས་མེད་གཟུགས་དང་འདོད་པར་སྐྱེ་བས་སྐྱེ་བའོ། །དེ་ལས་རྒས་པ་དང་ན་བ་དང་ཤི་བའི་བར་དུ་འབྱུང་སྟེ་ཡང་དང་ཡང་དུ་དེ་ལྟར་འཁོར་བས་འཁོར་བའི་རྒྱུ་རྟེན་འབྲེལ་ལུགས་སུ་འཇུག་པ་བཅུ་གཉིས་གཞི་སྣང་ལས་དང་པོར་མཆེད་པའོ། །དེ་ལས་སྲིད་པ་སོ་སོར་འཁྲུལ་དུས་ཀྱི་རྟེན་འབྲེལ་བཅུ་གཉིས་ཀྱང་ཞར་ལ་ཤེས་པར་བྱ་སྟེ། ཆོས་ཉིད་ནུབ་ནས་རང་མ་རིག་པ་ལས་ཕྱི་མའི་འདུ་བྱེད་དང་། རྣམ་ཤེས་ཀྱི་ཆས་ལུས་འཚོལ་བ་དང་། མངལ་དུ་ཚུད་དེ་མེར་མེར་པོ་ལ་སོགས་པ་ནས་མིང་དང་གཟུགས་སུ་གྲུབ་པ་དང་། དེའི་སྐྱེ་མཆེད་དྲུག་དང་། རྐྱེན་འདུས་པས་རེག་པ་དང་། བདེ་སྡུག་གི་ཚོར་བ་དང་། མྱོང་བ་ལ་སྲེད་པ་དང་། ཡུལ་དང་ལས་ཀྱི་ལེན་པ་དང་། ཡང་སྲིད་པའི་ཉེ་བར་ལེན་པ་དང་། མངལ་ནས་སྐྱེ་བ་དང་། དར་ལ་བབ་པའི་ཚོགས་པ་གཞན་དུ་འགྱུར་བའི་བརྒྱུད་པ་ནི་རྒས་པ་དང་མཐར་འཆི་བ་སྟེ་འབྲེལ་ཆགས་སུ་འབྱུང་བ་ནི། རང་ཤར་ལས། དེ་ཡང་མ་རིག་པ་ལས་བྱུང་། །མ་རིག་པ་ལས་འདུ་བྱེད་དོ། །

[p. 416] འདུ་བྱེད་རྣམ་པར་ཤེས་པའོ། །རྣམ་པར་ཤེས་ལས་མིང་འབྱུང་ཞིང་། །མིང་ལས་གཟུགས་ཀྱི་རང་བཞིན་འབྱུང་། །གཟུགས་ལས་སྐྱེ་མཆེད་རྣམ་དྲུག་འབྱུང་། །སྐྱེ་མཆེད་དྲུག་ལས་རེག་པ་འབྱུང་། །རེག་ལས་ཚོར་བ་འབྱུང་བར་འགྱུར། །ཚོར་ལས་སྲེད་པ་འབྱུང་བར་འགྱུར། །སྲེད་པ་ལས་ནི་ལེན་པ་འབྱུང་། །ལེན་པ་ལས་ནི་སྲིད་པ་འབྱུང་། །སྲིད་པ་ལས་ནི་སྐྱེ་བ་འབྱུང་། །སྐྱེ་བ་ལས་ནི་རྒས་པ་འབྱུང་། །རྒས་པ་ལས་ནི་ན་བ་འབྱུང་། །ན་བ་ལས་ནི་འཆི་བ་འབྱུང་། །ཞེས་སོ། །དེ་ལྟར་འཁྲུལ་སྣང་འཁོར་བར་སྣང་བ་ཡང་རང་མ་རིག་པས་མེད་པ་ལ་བདག་ཏུ་བཟུང་བའི་བག་ཆགས་མཐུ་བརྟས་པ་ལས་འབྱུང་སྟེ། སོ་སོའི་ལུས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པར་གྲུབ་ནས་གཅིག་ནས་གཅིག་ཏུ་འཁོར་ཞིང་གཏན་དུ་སྲིད་པ་ན་གནས་པ་ནི། མུ་ཏིག་ཕྲེང་བ་ལས། དེ་ལྟར་འཇིག་རྟེན་གསུམ་པོ་ནི། །ཕུང་པོ་ལྔ་དང་དབང་པོ་ལྔ། །ཡན་ལག་ལྔ་དང་དོན་སྙིང་ལྔ། །ཡུལ་ལྔ་དང་ནི་ཉོན་མོངས་ལྔ། །སེམས་ལྔ་ཡིད་ལྔ་རྟོག་པ་ལྔ། །གཟུང་འཛིན་འཁོར་བ་ཉིད་དུ་གྲུབ། །འཁྲུལ་པ་གཉིས་སྣང་དེ་ལྟ་བུ། །དཔེར་ན་མྱུར་འགྲོ་འཁོར་ལོ་བཞིན། །རྒྱུན་ཆགས་འཁོར་ལ་ཡུན་རིང་གནས། །ཞེས་སོ། །དེ་ཡང་གཟུགས་ལ་སོགས་པའི་ཡུལ་ལྔ་ནི་འོད་ལྔ་རང་སྣང་དུ་མ་ཤེས་པར་བཟུང་བའི་ཆ་ལས་བྱུང་ཞིང་། ཉོན་མོངས་པ་ལྔ་ནི་ཡེ་ཤེས་ལྔ་རང་ངོ་མ་ཤེས་པའི་ཆ་ལས་བྱུང་། སྣ་ཚོགས་སྡུད་པའི་ལུས་སེམས་ལ་སོགས་པ་ལྔ་ནི་ཆོས་ཉིད་ཀྱི་རང་གདངས་མ་དག་པ་ལས་བྱུང་། ཀུན་ནས་འཚོལ་བའི་ཡིད་ལ་སོགས་པ་ལྔ་ནི་རླུང་ལྔ་རྣམ་པར་མ་དག་པ་ལས་བྱུང་། བསམ་པ་དྲན་པས་འཛིན་པའི་བདག་ཏུ་རྟོག་པ་དང་། ཡུལ་དུ་མ་ལ་བདག་ཏུ་རྟོག་པ་དང་། འགྱུ་བ་ཐ་དད་པ་ལ་བདག་ཏུ་རྟོག་པ་དང་ཤེས་པའི་རྣམ་པ་ཙམ་ལ་བདག་ཏུ་རྟོག་པ་དང། ཆོས་རྣམ་པར་སེམས་པ་དང་བཅས་པ་ལ་བདག་ཏུ་རྟོག་པ་དག་ལྔ་ནི་

[p. 417] འགྱུ་བ་རང་ཐོག་ཏུ་མཆོད་པ་ལས་བྱུང་བའོ། །དེ་ལྟར་མ་དག་པ་འཁོར་བའི་ཆོས་རྣམས་རིག་པའི་ངང་ལས་བྱུང་ངང་ལ་གནས་ངང་ལ་རོལ་པ་ཙམ་ལས་གཞན་དུ་གཡོས་པ་ཅུང་ཟད་ཀྱང་མེད་པ་ནི་རྨི་ལམ་གཉིད་ཀྱི་ངང་ལས་མ་གཡོས་པ་ལྟ་བུ་སྟེ། དོན་ལ་སྟོང་གཟུགས་མེད་པ་གསལ་སྣང་གི་ཆོ་འཕྲུལ་ཙམ་དུ་བསྟན་པ་ནི་འཁོར་བའི་རྣམ་དག་སྟེ། འདི་ལ་སྤྱིའི་རྣམ་དག་དང་བྱེ་བྲག་གི་རྣམ་དག་ལེགས་པར་བཤད་པ་གཉིས་ལས། དང་པོ་བསྟན་ན་ཡེ་སྟོང་རང་སྣང་རོལ་པ་ཙམ་དུ་སྣང་བ་ནི་དཔེར་ན་ཐག་པ་རགས་པ་ལྟར་སྣང་ཡང་རང་དོན་ལ་སྤུ་རེ་རེ་བ། དེ་ཡང་རྡུལ་ཕྲན་ཆ་མེད་སྟོང་པ་ལྟར་འཁྲུལ་སྣང་རགས་པ་ལྟར་སྣང་ཡང་དོན་ལ་སྐྱེ་འགག་གནས་གསུམ་དང་བྲལ་བའི་རང་སྣང་སྟོང་པ་སྟེ། མུ་ཏིག་ཕྲེང་བ་ལས། དེ་ལྟར་སྣང་བ་སྣ་ཚོགས་རྣམས། །ཐག་པ་ལ་ནི་སྦྲུལ་མཐོང་བཞིན། །དེ་མ་ཡིན་ལ་དེར་བཟུང་བས། །ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །དེ་ཡང་བརྟགས་ན་ཐག་པ་ཉིད། །སྣོད་བཅུད་ཡེ་ནས་སྟོང་པ་སྟེ། །དོན་དམ་ཀུན་རྫོབ་གཟུགས་ཅན་ནོ། །སྦྲུལ་མཐོང་དེ་ཉིད་མཐོང་བས་བདེན། །ཐག་མཐོང་ཡང་དག་ཉིད་དུ་བདེན། །དཔེར་ན་མཐོ་ལ་བྱར་སྣང་བཞིན། །བདེན་པ་གཉིས་ཀྱི་རང་བཞིན་ནི། །འཇིག་རྟེན་ཀུན་རྫོབ་ཙམ་དུ་སྟེ། །ཡང་དག་ཉིད་ལ་འབྲེལ་པ་མེད། །སྟོང་པ་ཉིད་ཀྱི་དབྱིངས་ལ་ནི། །དེ་ཡི་ངོ་བོར་ཐམས་ཅད་གྲོལ། །ཞེས་སོ། །དེའང་ཕུང་པོ་ལ་སོགས་པའི་ཆོས་རྣམས་རིག་པའི་ངང་ན་ནམ་མཁའ་ལ་སྤྲིན་ལྟར་རིག་པ་ལ་སྣང་ཡང་རིག་པ་ལ་མ་གོས་པར་སྟོང་གཟུགས་སུ་ལིང་ངེ་གནས་པ་ནི་སྒྱུ་མ་དང་སྤྲུལ་པ་ལྟ་བུ་སྟེ། རྒྱུད་བླ་མ་ལས། ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན། །ཞེས་སོ། །དེ་དག་གང་ལ་གནས་ན་སྣོད་བཅུད་ནམ་མཁའ་ལ་གནས་པ་ལྟར་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལས་དང་ཉོན་མོངས། དེ་རྣམ་རྟོག་རང་སྣང་ཙམ་ལ། དེ་སེམས་ཉིད་སྟོང་པའི་ངང་དུ་གནས་པས། དང་པོ་ཡང་སྟོང་པ། ད་ལྟ་ཡང་སྟོང་པ། མཐར་ཡང་སྟོང་པ།

[p. 418] སྐྱེ་འགག་གནས་གསུམ་དང་བྲལ་བར་གནས་ཏེ། དེ་ཉིད་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་ནས་ ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་མ་ཡིན། །ཞེས་སོ། །སྐྱེ་འགག་གནས་པར་སྣང་ཡང་ གནས་པའི་དུས་ན་དེ་དག་ཏུ་མ་གྲུབ་པ་སྟེ། སྒྱུ་འཕྲུལ་གསང་སྙིང་ལས། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མ། གནས་པ་ཉིད་ན་གནས་པ་མེད། །ཨེ་མ། འགག་པ་ཉིད་ན་འགག་པ་མེད། ། ཅེས་པ་དང་། རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ཡང་འཇིག་པར་གསུངས། །ཞེས་པ་དང་། སྣང་སྲིད་ཀྱི་ཆོས་སོ་ཅོག་སྣང་དུས་ཉིད་ནས་སྐྱེ་འགག་སྐྱེས་ པའི་མཐའ་དང་བྲལ་བར་དེ་ཉིད་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བརྟེན་པ། །ཞེས་སོ། ། བྱེ་བྲག་རྣམ་རྟོག་ནི་ཁམས་གསུམ་འཁོར་བའི་སྣང་བ་ཐམས་ཅད་དང་པོ་ཡང་དབྱིངས་ཀྱི་ཆ་ལ་བཟུང་བས་དེའི་ཆ་རེ་སྦྱར་དུ་ཡོད་པས་ཀྱང་གཟུགས་བརྙན་ལྟར་དོན་ལ་ཆོས་ཉིད་སྟོང་པར་གནས་ལ་ད་ལྟར་སྣང་དུས་ཕུང་པོ་དང་འབྱུང་བ་ལ་སོགས་པ་སྐུ་དང་ཡེ་ཤེས་ ཀྱི་ཆར་སྦྱར་ཏེ།

[edit]
OCR of the BDRC scans (I3CN4959), gorn05 tibocr 2026: BDRC OCR on 159 pages, Mitra OCR on 256 pages (the model with more recognisable syllables on each page).

[p. 72] བར་སྣང་བ་འགྱུར་ཏེ་ཡུལ་དུ་མའི་རྗེས་སུ་འབྲངས་ཏེ་ཐམས་ཅད་ལ་རྟོག་པའོ། ། ཆོས་ཀྱི་སྐུའི་སྣང་བ་མ་འགྱུར་ཡང་འཁྲུལ་པའི་སྣང་བ་ལ་འགྱུར་འགྱུར་ལྟར་བྱུང་ བའོ། །རྡོ་རྗེ་སེམས་དཔའ་ལ་འཁྲུལ་པ་མི་མངའ་ཡང་སེམས་ཅན་ལ་འཁྲུལ་པའི་ ཚུལ་བསྟན་པའོ། །ཐ་མ་རང་གི་སྣང་བ་རང་རྐྱེན་གྱི་གཞི་ལ་བཟློག་པའོ། །གཉིས་ སུ་མེད་པའི་སྣང་བ་རང་ཤར་བར་མ་ཤེས་ཏེ་འཁྲུལ་པ་ལ་བདག་པོར་བཟུང་བས་ བདག་པོའི་རྐྱེན་ནོ། །རང་རིག་པའི་འབྲས་བུ་རང་ཤར་བར་མ་ཤེས་ཏེ་རྒྱུ་ཉིད་ ལྟོས་ཅན་དུ་བཟུང་བས་རྒྱུའི་རྐྱེན་ནོ། །ཡུལ་དང་ཤེས་པ་སྟོང་པར་ནི་མ་ཤེས་ཏེ་ དམིགས་པ་ལ་ཡུལ་དུ་བཟུང་བས་རང་ངོའི་རྐྱེན་ནོ། །དུས་ལ་ལྟོས་ནས་འོད་རང་ བྱུང་བར་མ་ཤེས་ཏེ་དེ་མ་ཡིན་ལ་དེར་འཛིན་པའི་ཤེས་པ་བྱུང་བས་མཚུངས་པ་དེ་ མ་ཐག་པའི་རྐྱེན་ནོ་ཞེས་དང་། ཐལ་འགྱུར་ལས། དེ་ལ་འཁྲུལ་པའི་རྒྱུ་དང་རྐྱེན། ། ཆ་དང་ཡན་ལག་ཉིད་དང་ཡང་། །མ་སྨིན་རྣམ་རྟོག་འཁོར་བའོ། །མ་རིག་པ་ནི་ རྣམ་པ་གསུམ། །བདག་ཉིད་གཅིག་པས་འཁྲུལ་རྩ་བྱས། །ལྷན་གཅིག་སྐྱེས་པས་ རྟོག་པ་གཉིས། །ཀུན་ཏུ་བརྟགས་པས་ཡུལ་དུ་གྱུར། །རྐྱེན་ནི་རྣམ་པ་བཞི་དག་ གིས། །འདུས་ཤིང་བཟུང་བས་འཁྲུལ་ཞེས་བྱ། །ཆ་ནི་འདུ་བྱེད་ལ་སོགས་པས། ། འཁྲུལ་ཡུལ་ཆ་ལས་བཅུ་གཉིས་ཕྱེད། །སྨིན་པས་ལོ་དང་བྱེད་ལས་སོ། །ཡན་ལག་

[p. 73] ༈ ཚིག་དོན་རིན་པོ་ཆེའི་མཛོད། སྤྲོས་པ་ཐ་དད་ལས། །ཐམས་ཅད་མིང་གི་བྱེ་བྲག་ཏུ། །འཁྲུལ་པའི་ཡུལ་ལ་རྣམ་ གཉིས་འགྱུར། །ལས་ཀྱིས་འདོད་དང་གཟུགས་ཀྱི་ཁམས། །གཟུགས་མེད་རྣམས་ ཏེ་རྣམ་གསུམ་བྱེད། །མ་སྨིན་པས་ནི་རིགས་དྲུག་གཟུགས། །མིང་དང་བྱེད་ལས་ཐ་ དད་འགྱུར། །རྣམ་རྟོག་བག་ལ་ཉལ་བ་དང་། །ཀུན་ནས་ལྡང་དང་ཁྱབ་ཚུལ་ལོ། ། འཁོར་བ་ཞེས་པ་མཚུངས་པ་དང་། །ཚོགས་པའི་ལས་ཏེ་སྡུད་དང་མཆེད། །རྫོགས་ དང་བྱེ་བྲག་སྣ་ཚོགས་པའོ། །ཞེས་སོ། ། དེ་ཡང་རིག་པ་གཞི་ནས་འཕགས་ཏེ་མ་སྨིན་པས་ཁམས་གསུམ་རིགས་དྲུག་ཏུ་སོ་ སོའི་ལས་ཀྱི་འཁོར་བ་དེ་ཡང་དང་པོ་རྟེན་འབྲེལ་བཅུ་གཉིས་ལས་འཁྲུལ་ཏེ་ཕྱིར་ ལོ་བཅུ་གཉིས་དང་ཟླ་བའི་ཆ་བཅུ་གཉིས་ནང་དུ་ཉོན་མོངས་པ་བཅུ་གཉིས་རྣམས་ ཚོགས་པས་སྐྱེ་མཆེད་བཅུ་གཉིས་སུ་སྲིད་པར་བྱས་པ་ནི་རྟེན་འབྲེལ་ལུགས་སུ་ འཇུག་པ་བཅུ་གཉིས་མ་དག་པ་ལས་འབྱུང་བ་སྟེ། གཞི་ལས་གཞི་སྣང་དུ་ཤར་ དུས་རིག་པའི་རྩལ་ལས་ཡིད་ཀྱི་ཤེས་པ་བྱུང་སྟེ་རང་ངོ་མ་ཤེས་པ་དང་ལྷན་ཅིག་ པས་མ་རིག་པའོ། །དེ་ལས་འཁྲུལ་པས་འདུ་བྱེད་དོ། །དེ་ལས་ཡུལ་གྱི་རྣམ་པ་ལ་ དཔྱོད་པས་རྣམ་པར་ཤེས་པའོ། །དེ་ལས་འདི་ནི་ཡུལ་ལོ་སྣང་བའོ་ཞེས་པ་ལ་ སོགས་པའི་མིང་དུ་འབྱེད་པའོ། །དེ་ལས་མིང་ཅན་དོན་གྱི་རང་བཞིན་གཟུགས་སུ་ འཛིན་པས་སྲིད་པའི་འཁྲུལ་པ་དང་པོ་མིང་དང་གཟུགས་ཞེས་བྱའོ། །དེ་ལས་ཡུལ་ གྱི་རྣམ་པ་དྲུག་ལ་ཤེས་པ་སྐྱེ་ཞིང་མཆེད་པའི་སྐྱེ་མཆེད་དྲུག་ཏུ་བྱུང་ངོ། །དེ་ལས་ ཡུལ་འཛིན་པའི་རེག་པའོ། །དེ་ལས་ཆགས་སྡང་བར་མའི་ཆའི་ཚོར་བའོ། །དེ་ ལས་ཡུལ་ལ་ཞེན་པའི་སྲེད་པའོ། །དེ་ལས་ཕྱིས་ཀྱི་ལེན་པ་པོ་དང་དེ་ལྟར་ཡུལ་དང་ དུ་ལེན་པའི་ལེན་པའོ། །དེ་ལས་འཁྲུལ་པ་དུ་མར་སྣང་བ་དང་བྱེད་པ་མྱོང་བའི་ཆ་

[p. 74] ༈ རྡོ་རྗེའི་གནས་གཉིས་པ་སྲིད་པར་འཁྲུལ་ཚུལ་གྱི་རིམ་པ་རྒྱ་ཆེར་བཤད་པ། ཅི་འབྱུང་མ་ངེས་པ་བསྐྱེད་པས་སྲིད་པའོ། །དེ་ལས་གཟུགས་མེད་གཟུགས་དང་ འདོད་པར་སྐྱེ་བས་སྐྱེ་བའོ། །དེ་ལས་རྒས་པ་དང་ན་བ་དང་ཤི་བའི་བར་དུ་འབྱུང་ སྟེ་ཡང་དང་ཡང་དུ་དེ་ལྟར་འཁོར་བས་འཁོར་བའི་རྒྱུ་རྟེན་འབྲེལ་ལུགས་སུ་འཇུག་ པ་བཅུ་གཉིས་གཞི་སྣང་ལས་དང་པོར་མཆེད་པའོ། །དེ་ལས་སྲིད་པ་སོ་སོར་ འཁྲུལ་དུས་ཀྱི་རྟེན་འབྲེལ་བཅུ་གཉིས་ཀྱང་ཞར་ལ་ཤེས་པར་བྱ་སྟེ། ཆོས་ཉིད་ནུབ་ ནས་རང་མ་རིག་པ་ལས་ཕྱི་མའི་འདུ་བྱེད་དང་། རྣམ་ཤེས་ཀྱི་ཆས་ལུས་འཚོལ་བ་ དང་། མངལ་དུ་ཚུད་དེ་མེར་མེར་པོ་ལ་སོགས་པ་ནས་མིང་དང་གཟུགས་སུ་གྲུབ་ པ་དང་། དེའི་སྐྱེ་མཆེད་དྲུག་དང་། རྐྱེན་འདུས་པས་རེག་པ་དང་། བདེ་སྡུག་གི་ ཚོར་བ་དང་། མྱོང་བ་ལ་སྲེད་པ་དང་། ཡུལ་དང་ལས་ཀྱི་ལེན་པ་དང་། ཡང་སྲིད་ པའི་ཉེ་བར་ལེན་པ་དང་། མངལ་ནས་སྐྱེ་བ་དང་། དར་ལ་བབ་པའི་ཚོགས་པ་ གཞན་དུ་འགྱུར་བའི་བརྒྱུད་པ་ནི་རྒས་པ་དང་མཐར་འཆི་བ་སྟེ་འབྲེལ་ཆགས་སུ་ འབྱུང་བ་ནི། རང་ཤར་ལས། དེ་ཡང་མ་རིག་པ་ལས་བྱུང་། །མ་རིག་པ་ལས་འདུ་ བྱེད་དོ། །འདུ་བྱེད་རྣམ་པར་ཤེས་པའོ། །རྣམ་པར་ཤེས་ལས་མིང་འབྱུང་ཞིང་། ། མིང་ལས་གཟུགས་ཀྱི་རང་བཞིན་འབྱུང་། །གཟུགས་ལས་སྐྱེ་མཆེད་རྣམ་དྲུག་ འབྱུང་། །སྐྱེ་མཆེད་དྲུག་ལས་རེག་པ་འབྱུང་། །རེག་ལས་ཚོར་བ་འབྱུང་བར་འགྱུར། ། ཚོར་ལས་སྲེད་པ་འབྱུང་བར་འགྱུར། །སྲེད་པ་ལས་ནི་ལེན་པ་འབྱུང་། །ལེན་པ་ ལས་ནི་སྲིད་པ་འབྱུང་། །སྲིད་པ་ལས་ནི་སྐྱེ་བ་འབྱུང་། །སྐྱེ་བ་ལས་ནི་རྒས་པ་ འབྱུང་། །རྒས་པ་ལས་ནི་ན་བ་འབྱུང་། །ན་བ་ལས་ནི་འཆི་བ་འབྱུང་། །ཞེས་སོ། ། དེ་ལྟར་འཁྲུལ་སྣང་འཁོར་བར་སྣང་བ་ཡང་རང་མ་རིག་པས་མེད་པ་ལ་བདག་ཏུ་ བཟུང་བའི་བག་ཆགས་མཐུ་བརྟས་པ་ལས་འབྱུང་སྟེ། སོ་སོའི་ལུས་ཀྱི་ཕུང་པོ་དང་

[p. 75] ༈ ཚིག་དོན་རིན་པོ་ཆེའི་མཛོད། ཁམས་དང་སྐྱེ་མཆེད་ལ་སོགས་པར་གྲུབ་ནས་གཅིག་ནས་གཅིག་ཏུ་འཁོར་ཞིང་ གཏན་དུ་སྲིད་པ་ན་གནས་པ་ནི། མུ་ཏིག་ཕྲེང་བ་ལས། དེ་ལྟར་འཇིག་རྟེན་གསུམ་ པོ་ནི། །ཕུང་པོ་ལྔ་དང་དབང་པོ་ལྔ། །ཡན་ལག་ལྔ་དང་དོན་སྙིང་ལྔ། །ཡུལ་ལྔ་དང་ ནི་ཉོན་མོངས་ལྔ། །སེམས་ལྔ་ཡིད་ལྔ་རྟོག་པ་ལྔ། །གཟུང་འཛིན་འཁོར་བ་ཉིད་དུ་ གྲུབ། །འཁྲུལ་པ་གཉིས་སྣང་དེ་ལྟ་བུ། །དཔེར་ན་མྱུར་འགྲོ་འཁོར་ལོ་བཞིན། ། རྒྱུན་ཆགས་འཁོར་ལ་ཡུན་རིང་གནས། །ཞེས་སོ། །དེ་ཡང་གཟུགས་ལ་སོགས་ པའི་ཡུལ་ལྔ་ནི་འོད་ལྔ་རང་སྣང་དུ་མ་ཤེས་པར་བཟུང་བའི་ཆ་ལས་བྱུང་ཞིང་། ཉོན་མོངས་པ་ལྔ་ནི་ཡེ་ཤེས་ལྔ་རང་ངོ་མ་ཤེས་པའི་ཆ་ལས་བྱུང་། སྣ་ཚོགས་སྡུད་ པའི་ལུས་སེམས་ལ་སོགས་པ་ལྔ་ནི་ཆོས་ཉིད་ཀྱི་རང་གདངས་མ་དག་པ་ལས་བྱུང་། ཀུན་ནས་འཚོལ་བའི་ཡིད་ལ་སོགས་པ་ལྔ་ནི་རླུང་ལྔ་རྣམ་པར་མ་དག་པ་ལས་བྱུང་། བསམ་པ་དྲན་པས་འཛིན་པའི་བདག་ཏུ་རྟོག་པ་དང་། ཡུལ་དུ་མ་ལ་བདག་ཏུ་རྟོག་ པ་དང་། འགྱུ་བ་ཐ་དད་པ་ལ་བདག་ཏུ་རྟོག་པ་དང་། ཤེས་པའི་རྣམ་པ་ཙམ་ལ་ བདག་ཏུ་རྟོག་པ་དང་། ཆོས་རྣམ་པར་སེམས་པ་དང་བཅས་པ་ལ་བདག་ཏུ་རྟོག་པ་ དང་ལྔ་ནི་འགྱུ་བ་རང་ཐོག་ཏུ་མ་ཆོད་པ་ལས་བྱུང་བའོ། །དེ་ལྟར་མ་དག་པ་འཁོར་ བའི་ཆོས་རྣམས་རིག་པའི་ངང་ལས་བྱུང་ངང་ལ་གནས་ངང་ལ་རོལ་པ་ཙམ་ལས་ གཞན་དུ་གཡོས་པ་ཅུང་ཟད་ཀྱང་མེད་པ་ནི་རྨི་ལམ་གཉིད་ཀྱི་ངང་ལས་མ་གཡོས་ པ་ལྟ་བུ་སྟེ། དོན་ལ་སྟོང་གཟུགས་མེད་པ་གསལ་སྣང་གི་ཆོ་འཕྲུལ་ཙམ་དུ་བསྟན་ པ་ནི་འཁོར་བའི་རྣམ་དག་སྟེ། འདི་ལ་སྤྱིའི་རྣམ་དག་དང་བྱེ་བྲག་གི་རྣམ་དག་ ལེགས་པར་བཤད་པ་གཉིས་ལས། དང་པོ་བསྟན་ན་ཡེ་སྟོང་རང་སྣང་རོལ་པ་ཙམ་ དུ་སྣང་བ་ནི་དཔེར་ན་ཐག་པ་རགས་པ་ལྟར་སྣང་ཡང་རང་དོན་ལ་སྤུ་རེ་རེ་བ། དེ་

[p. 76] ༈ རྡོ་རྗེའི་གནས་གཉིས་པ་སྲིད་པར་འཁྲུལ་ཚུལ་གྱི་རིམ་པ་རྒྱ་ཆེར་བཤད་པ། ཡང་རྡུལ་ཕྲན་ཆ་མེད་སྟོང་པ་ལྟར་འཁྲུལ་སྣང་རགས་པ་ལྟར་སྣང་ཡང་དོན་ལ་སྐྱེ་ འགག་གནས་གསུམ་དང་བྲལ་བའི་རང་སྣང་སྟོང་པ་སྟེ། མུ་ཏིག་ཕྲེང་བ་ལས། དེ་ ལྟར་སྣང་བ་སྣ་ཚོགས་རྣམས། །ཐག་པ་ལ་ནི་སྦྲུལ་མཐོང་བཞིན། །དེ་མ་ཡིན་ལ་ དེར་བཟུང་བས། །ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །དེ་ཡང་བརྟགས་ན་ཐག་ པ་ཉིད། །སྣོད་བཅུད་ཡེ་ནས་སྟོང་པ་སྟེ། །དོན་དམ་ཀུན་རྫོབ་གཟུགས་ཅན་ནོ། ། སྦྲུལ་མཐོང་དེ་ཉིད་མཐོང་བས་བདེན། །ཐག་མཐོང་ཡང་དག་ཉིད་དུ་བདེན། ། དཔེར་ན་མཐོ་ལ་བྱར་སྣང་བཞིན། །བདེན་པ་གཉིས་ཀྱི་རང་བཞིན་ནི། །འཇིག་ རྟེན་ཀུན་རྫོབ་ཙམ་དུ་སྟེ། །ཡང་དག་ཉིད་ལ་འབྲེལ་བ་མེད། །སྟོང་པ་ཉིད་ཀྱི་ དབྱིངས་ལ་ནི། །དེ་ཡི་ངོ་བོ་ཐམས་ཅད་གྲོལ། །ཞེས་སོ། །དེའང་ཕུང་པོ་ལ་སོགས་ པའི་ཆོས་རྣམས་རིག་པའི་ངང་ན་ནམ་མཁའ་ལ་སྤྲིན་ལྟར་རིག་པ་ལ་སྣང་ཡང་རིག་ པ་ལ་མ་གོས་པར་སྟོང་གཟུགས་སུ་ལིང་ངེ་གནས་པ་ནི་སྒྱུ་མ་དང་སྤྲུལ་པ་ལྟ་བུ་སྟེ། རྒྱུད་བླ་མ་ལས། ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན། །ཞེས་སོ། །དེ་དག་གང་ལ་གནས་ ན་སྣོད་བཅུད་ནམ་མཁའ་ལ་གནས་པ་ལྟར་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ ལས་དང་ཉོན་མོངས། དེ་རྣམ་རྟོག་རང་སྣང་ཙམ་ལ། དེ་སེམས་ཉིད་སྟོང་པའི་ངང་ དུ་གནས་པས། དང་པོ་ཡང་སྟོང་པ། ད་ལྟ་ཡང་སྟོང་པ། མཐར་ཡང་སྟོང་པ། སྐྱེ་ འགག་གནས་གསུམ་དང་བྲལ་བར་གནས་ཏེ། དེ་ཉིད་ལས། ས་ནི་ཆུ་ལ་ཆུ་རླུང་ལ། ། རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་ དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཚུལ་བཞིན་མ་ཡིན་ཡིད་ བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །

[p. 77] ༈ ཚིག་དོན་རིན་པོ་ཆེའི་མཛོད། ཐམས་ཅད་ལ་ཡང་གནས་མ་ཡིན། །ཞེས་སོ། །སྐྱེ་འགག་གནས་པར་སྣང་ཡང་ གནས་པའི་དུས་ན་དེ་དག་ཏུ་མ་གྲུབ་པ་སྟེ། སྒྱུ་འཕྲུལ་གསང་སྙིང་ལས། ཨེ་མ་ངོ་ མཚར་རྨད་ཀྱི་ཆོས། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། ། ཨེ་མ། གནས་པ་ཉིད་ན་གནས་པ་མེད། །ཨེ་མ། འགག་པ་ཉིད་ན་འགག་པ་མེད། ། ཅེས་པ་དང་། རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ཡང་འཇིག་ པར་གསུངས། །ཞེས་པ་དང་། སྣང་སྲིད་ཀྱི་ཆོས་སོ་ཅོག་སྣང་དུས་ཉིད་ནས་སྐྱེ་ འགག་སྤྲོས་པའི་མཐའ་དང་བྲལ་བར་དེ་ཉིད་ལས། གང་གིས་རྟེན་ཅིང་འབྲེལ་ བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་ མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་ བརྟེན་པ། །ཞེས་སོ། །བྱེ་བྲག་རྣམ་རྟོག་ནི་ཁམས་གསུམ་འཁོར་བའི་སྣང་བ་ ཐམས་ཅད་དང་པོ་ཡང་དབྱིངས་ཀྱི་ཆ་ལ་བཟུང་བས་དེའི་ཆ་རེ་སྦྱར་དུ་ཡོད་པས་ ཀྱང་གཟུགས་བརྙན་ལྟར་དོན་ལ་ཆོས་ཉིད་སྟོང་པར་གནས་ལ་ད་ལྟར་སྣང་དུས་ ཕུང་པོ་དང་འབྱུང་བ་ལ་སོགས་པ་སྐུ་དང་ཡེ་ཤེས་ཀྱི་ཆར་སྦྱར་ཏེ། སྒོ་གསུམ་སྐུ་

[edit]
OCR of the BDRC scans (I8LS32911), gorn05 tibocr 2026: BDRC OCR on 307 pages, Mitra OCR on 201 pages (the model with more recognisable syllables on each page).

[p. 47] རང་བཞིན་གསལ་

[p. 48] ༄༅། །གཉིས་འགྱུར། །ལས་ཀྱིས་འདོད་དང་གཟུགས་ཀྱི་ཁམས། །གཟུགས་མེད་རྣམས་ཏེ་རྣམ་གསུམ་བྱེད། །མ་སྨིན་པས་ནི་རིགས་དྲུག་གཟུགས། །མིང་དང་བྱེད་ ལས་ཐ་དད་འགྱུར། །རྣམ་རྟོག་བག་ལ་ཉལ་བ་དང་། །ཀུན་ནས་ལྡང་དང་ཁྱབ་ཚུལ་ལོ། །འཁོར་བ་ཞེས་པ་མཚུངས་པ་དང་། །ཚོགས་པའི་ལས་ཏེ་སྡུད་དང་མཆེད། །རྫོགས་དང་བྱེ་བྲག་སྣ་ཚོགས་ པའོ༑ ༑ཞེས་སོ། །དེ་ཡང་རིག་པ་གཞི་ནས་འཕགས་ཏེ་མ་སྨིན་པས་ཁམས་གསུམ་རིགས་དྲུག་ཏུ་སོ་སོའི་ལས་ཀྱིས་འཁོར་བ་དེ་ཡང་དང་པོ་རྟེན་འབྲེལ་བཅུ་གཉིས་ལས་འཁྲུལ་ཏེ་ཕྱིར་ལོ་བཅུ་གཉིས་དང་ ཟླ་བའི་ཆ་བཅུ་གཉིས་ནང་དུ་ཉོན་མོངས་པ་བཅུ་གཉིས་རྣམས་ཚོགས་པས་སྐྱེ་མཆེད་བཅུ་གཉིས་སུ་སྲིད་པར་བྱས་པ་ནི་རྟེན་འབྲེལ་ལུགས་སུ་འཇུག་པ་བཅུ་གཉིས་མ་དག་པ་ལས་འབྱུང་བ་སྟེ། གཞི་ལས་ གཞི་སྣང་དུ་ཤར་དུས་རིག་པའི་རྩལ་ལས་ཡིད་ཀྱི་ཤེས་པ་བྱང་སྟེ་རང་ངོ་མ་ཤེས་པ་དང་ལྷན་ཅིག་པས་མ་རིག་པའོ། །དེ་ལས་འཁྲུལ་པས་འདུ་བྱེད་དོ། །དེ་ལས་ཡུལ་གྱི་རྣམ་པ་ལ་དཔྱོད་པས་རྣམ་ པར་ཤེས་པའོ། །དེ་ལས་འདི་ནི་ཡུལ་ལོ་སྣང་བའོ་ཞེས་པ་ལ་སོགས་པའི་མིང་དུ་འབྱེད་པའོ། །དེ་ལས་མིང་ཅན་དོན་གྱི་རང་བཞིན་གཟུགས་སུ་འཛིན་པས་སྲིད་པའི་འཁྲུལ་པ་དང་པོ་མིང་དང་གཟུགས་

[p. 49] སྐུའི་སྣང་བ་མ་འགྱུར་ཡང་འཁྲུལ་པའི་སྣང་བ་ལ་འགྱུར་འགྱུར་ལྟར་བྱུང་བའོ། །རྡོ་རྗེ་སེམས་དཔའ་ལ་འཁྲུལ་པ་མི་མངའ་ཡང་སེམས་ཅན་ལ་འཁྲུལ་པའི་ཚུལ་བསྟན་པའོ། །ཐ་མ་རང་གི་སྣང་བ་རང་ རྐྱེན་གྱི་གཞི་ལ་བཟློག་པའོ། །གཉིས་སུ་མེད་པའི་སྣང་བ་རང་ཤར་བར་མ་ཤེས་ཏེ་འཁྲུལ་པ་ལ་བདག་པོར་བཟུང་བས་བདག་པོའི་རྐྱེན་ནོ། །རང་རིག་པའི་འབྲས་བུར་ཕལ་བར་བར་མ་ཤེས་ཏེ་རྒྱུ་ཉིད་ལྟོས་ ཅན་དུ་བཟུང་བས་རྒྱུའི་རྐྱེན་ནོ། །ཡུལ་དང་ཤེས་པ་སྟོང་པར་ནི་མ་ཤེས་ཏེ་དམིགས་པ་ལ་ཡུལ་དུ་བཟུང་བས་རང་ངོའི་རྐྱེན་ནོ། །དུས་ལ་ལྟོས་ནས་འོད་རང་བྱུང་བར་མ་ཤེས་ཏེ་དེ་མ་ཡིན་ལ་དེར་འཛིན་ པའི་ཤེས་པ་བྱུང་བས་མཚུངས་པ་དེ་མ་ཐག་པའི་རྐྱེན་ནོ་ཞེས་དང་། ཐལ་འགྱུར་ལས། དེ་ལ་འཁྲུལ་པའི་ཕྱིར་དེ་རྐྱེན། །ཆ་དང་ཡན་ལག་ཉིད་དང་ཡང་། །མ་སྨིན་རྣམ་རྟོག་འཁོར་བའོ། །མ་རིག་པ་ནི་རྣམ་པ་ གསུམ། །བདག་ཉིད་གཅིག་པས་འཁྲུལ་རྩ་བྱས། །ལྷན་ཅིག་སྐྱེས་པས་རྟོག་པ་གཉིས། །ཀུན་དུ་བརྟགས་པས་ཡུལ་དུ་གྱུར། །རྐྱེན་ནི་རྣམ་པ་བཞི་དག་གིས། །འདུས་ཤིང་བཟུང་བས་འཁྲུལ་ཞེས་བྱ། ། ཆེ་ནི་འདུ་བྱེད་ལ་སོགས་པས། །འཁྲུལ་ཡུལ་ཆེ་ལས་བརྩིག་ཉིས་ཕྱེད། །སྨིན་པས་ལོ་དང་བྱེད་ལས་སོ། །ཡན་ལག་སྤྲོས་པ་ཐ་དད་ལས། །ཐམས་ཅད་མིང་གི་བྱེ་བྲག་ཏུ། །འཁྲུལ་པའི་ཡུལ་ལ་རྣམ་

[p. 50] ༄༅། །བ་ནི། རང་ཤར་ལས། དེ་ཡང་མ་རིག་པ་ལས་བྱུང་། །མ་རིག་པ་ལས་འདུ་བྱེད་དོ། །འདུ་བྱེད་རྣམ་པར་ཤེས་པའོ། །རྣམ་པར་ཤེས་ལས་མིང་འབྱུང་ཞིང་། ། མིང་ལས་གཟུགས་ཀྱི་རང་བཞིན་འབྱུང་། །གཟུགས་ལས་སྐྱེ་མཆེད་རྣམ་དྲུག་འབྱུང་། །སྐྱེ་མཆེད་དྲུག་ལས་རེག་པ་འབྱུང་། །རེག་ལས་ཚོར་བ་འབྱུང་བར་འགྱུར། །ཚོར་ལས་སྲེད་པ་འབྱུང་ བར་འགྱུར། །སྲེད་པ་ལས་ནི་ལེན་པ་འབྱུང་། །ལེན་པ་ལས་ནི་སྲིད་པ་འབྱུང་། །སྲིད་པ་ལས་ནི་སྐྱེ་བ་འབྱུང་། །སྐྱེ་བ་ལས་ནི་རྒས་པ་འབྱུང་། །རྒས་པ་ལས་ནི་ན་བ་འབྱུང་། །ན་བ་ལས་ནི་འཆི་བ་ འབྱུང་། །ཞེས་སོ། །དེ་ལྟར་འཁྲུལ་སྣང་འཁོར་བར་སྣང་བ་ཡང་རང་མ་རིག་པས་མེད་པ་ལ་བདག་ཏུ་བཟུང་བའི་བག་ཆགས་མཐུ་བརྟས་པ་ལས་འབྱུང་སྟེ། སོ་སོའི་ལུས་ཀྱི་ཕུང་པོ་དང་ཁམས་དང་ སྐྱེ་མཆེད་ལ་སོགས་པར་གྲུབ་ནས་གཅིག་ནས་གཅིག་ཏུ་འཁོར་ཞིང་གཏན་དུ་སྲིད་པ་ན་གནས་པ་ནི། མུ་ཏིག་ཕྲེང་བ་ལས། དེ་ལྟར་འཇིག་རྟེན་གསུམ་པོ་ནི། །ཕུང་པོ་ལྔ་དང་དབང་པོ་ལྔ། །ཡ་ན་ ལག་ལྔ་དང་དོན་སྙིང་ལྔ། །ཡུལ་ལྔ་དང་ནི་ཉོན་མོངས་ལྔ། །སེམས་ལྔ་ཡོད་ལྔ་རྟོག་པ་ལྔ། །གཟུང་འཛིན་འཁོར་བ་ཉིད་དུ་གྲུབ། །འཁྲུལ་པ་གཉིས་སྣང་དེ་ལྟ་བུ། །དཔེར་ན་མྱུར་འགྲོ་

[p. 51] ཞེས་བྱའོ། །དེ་ལས་ཡུལ་གྱི་རྣམ་པ་དྲུག་ལ་ཤེས་པ་སྐྱེ་ཞིང་མཆེད་པའི་སྐྱེ་མཆེད་དྲུག་ཏུ་བྱུང་ངོ་། །དེ་ལས་ཡུལ་འཛིན་པའི་རིག་པའོ། །དེ་ལས་ཆགས་སྡང་བར་མའི་ཆའི་ཚོར་བའོ། །དེ་ལས་ཡུལ་ལ་ ཞེན་པའི་སྲེད་པའོ། །དེ་ལས་ཕྱིས་ཀྱི་ལེན་པ་པོ་དང་དེ་ལྟར་ཡུལ་དང་དུ་ལེན་པའི་ལེན་པའོ། །དེ་ལས་འཁྲུལ་པ་དུ་མར་སྣང་བ་དང་བྱེད་པ་མྱོང་བའི་ཆ་ཅི་འབྱུང་མ་ངེས་པ་བསྐྱེད་པས་སྲིད་པའོ། །དེ་ལས་ གཟུགས་མེད་གཟུགས་དང་འདོད་པར་སྐྱེ་བས་སྐྱེ་བའོ། །དེ་ལས་རྒས་པ་དང་ན་བ་དང་ཤི་བའི་བར་དུ་འབྱུང་སྟེ་ཡང་དང་ཡང་དུ་དེ་ལྟར་འཁོར་བས་འཁོར་བའི་རྒྱུ་རྟེན་འབྲེལ་ལུགས་སུ་འཇུག་པ་བཅུ་གཉིས་གཞི་སྣང་ ལས་དང་པོར་མཆེད་པའོ། །དེ་ལས་སྲིད་པ་སོ་སོར་འཁྲུལ་དུས་ཀྱི་རྟེན་འབྲེལ་བཅུ་གཉིས་ཀྱང་ཞར་ལ་ཤེས་པར་བྱ་སྟེ། ཆོས་ཉིད་ནུབ་ནས་རང་མ་རིག་པ་ལས་ཕྱི་མའི་འདུ་བྱེད་དང་། རྣམ་ཤེས་ཀྱི་ཆས་ལུས་ འཚོལ་བ་དང་། མངལ་དུ་ཚུད་དེ་མིར་མེར་པོ་ལ་སོགས་པ་ནས་མིང་དང་གཟུགས་སུ་གྲུབ་པ་དང་། དེའི་སྐྱེ་མཆེད་དྲུག་དང་། རྐྱེན་འདུས་པས་རེག་པ་དང་། བདེ་སྡུག་གི་ཚོར་བ་དང་། མྱོང་བ་ལ་སྲིད་པ་དང་། ཡུལ་དང་ལས་ཀྱི་ལེན་པ་དང་། ཡང་སྲིད་པའི་ཉེ་བར་ལེན་པ་དང་། མངལ་ནས་སྐྱེ་བ་དང་། དང་ལ་བབས་པའི་ཚོགས་པ་གཞན་དུ་འགྱུར་བའི་བརྒྱུད་པ་ནི་རྒས་པ་དང་མཐར་འཆི་བ་སྟེ་འབྲེལ་ཚོགས་སུ་འབྱུང་

[p. 52] ༄༅། །པ་ལྟར་སྣང་ཡང་རང་དོན་ལ་སྤུ་རེ་རེ་བ། དེ་ཡང་རྡུལ་ཕྲན་ཆ་མེད་སྟོང་པ་ལྟར་འཁྲུལ་སྣང་རགས་པ་ལྟར་སྣང་ཡང་དོན་ལ་སྐྱེ་འགག་གནས་གསུམ་དང་བྲལ་བའི་རང་ སྣང་སྟོང་པ་སྟེ། མུ་ཏིག་ཕྲེང་བ་ལས། དེ་ལྟར་སྣང་བ་སྣ་ཚོགས་རྣམས། །ཐག་པ་ལ་ནི་སྦྲུལ་མཐོང་བཞིན། །དེ་མ་ཡིན་ལ་དེར་བཟུང་བས། །ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །དེ་ཡང་བརྟགས་ ན་ཐག་པ་ཉིད། །སྣང་བཅུད་ཡེ་ནས་སྟོང་པ་སྟེ། །དོན་དམ་ཀུན་རྫོབ་གཟུགས་ཅན་ནོ། །སྦྲུལ་མཐོང་དེ་ཉིད་མཐོང་བས་བདེན། །ཐག་མཐོང་ཡང་དག་ཉིད་དུ་བདེན། །དཔེར་ན་མཐོ་ལ་བྱར་སྣང་ བཞིན། །བདེན་པ་གཉིས་ཀྱི་རང་བཞིན་ནི། །འཇིག་རྟེན་ཀུན་རྫོབ་ཙམ་དུ་སྟེ། །ཡང་དག་ཉིད་ལ་འབྲེལ་བ་མེད། །སྟོང་པ་ཉིད་ཀྱི་དབྱིངས་ལ་ནི། །དེ་ཡི་ངོ་བོར་ཐམས་ཅད་གྲོལ། །ཞེས་སོ། ། དེའང་ཕུང་པོ་ལ་སོགས་པའི་ཆོས་རྣམས་རིག་པའི་ངང་ན་ནམ་མཁའ་ལ་སྤྲིན་ལྟར་རིག་པ་ལ་སྣང་ཡང་རིག་པ་ལ་མ་གོས་པར་སྟོང་གཟུགས་སུ་ལིང་ངེ་གནས་པ་ནི་སྒྱུ་མ་དང་སྤྲུལ་པ་ལྟ་བུ་སྟེ། རྒྱུད་ བླ་མ་ལས། ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན། །ཞེས་སོ། །དེ་དག་གང་ལ་གནས་ན་སྣོད་བཅུད་ནམ་མཁའ་ལ་གནས་པ་ལྟར་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལས་དང་ཉོན་མོངས། དེ་རྣམ་རྟོག་

[p. 53] འཁོར་ལོ་བཞིན། །རྒྱུན་ཆགས་འཁོར་ལ་ཡུན་རིང་གནས། །ཞེས་སོ། །དེ་ཡང་གཟུགས་ལ་སོགས་པའི་ཡུལ་ལྔ་ནི་འོད་ལྔ་རང་སྣང་དུ་མ་ཤེས་པར་བཟུང་བའི་ཆ་ལས་བྱུང་ཞིང་། ཉོན་མོངས་པ་ལྔ་ནི་ཡེ་ ཤེས་ལྔ་རང་ངོ་མ་ཤེས་པའི་ཆ་ལས་བྱུང་། སྣ་ཚོགས་སྡུད་པའི་ལུས་སེམས་ལ་སོགས་པ་ལྔ་ནི་ཆོས་ཉིད་ཀྱི་རང་གདངས་མ་དག་པ་ལས་བྱུང་། ཀུན་ནས་འཚོལ་བའི་ཡིད་ལ་སོགས་པ་ལྔ་ནི་རླུང་ལྔ་རྣམ་ པར་མ་དག་པ་ལས་བྱུང་། བསམ་པ་དྲན་པས་འཛིན་པའི་བདག་ཏུ་རྟོག་པ་དང་། ཡུལ་དུ་མ་ལ་བདག་ཏུ་རྟོག་པ་དང་།འགྱུ་བ་ཐ་དད་པ་ལ་བདག་ཏུ་རྟོག་པ་དང། ཤེས་པའི་རྣམ་པ་ཙམ་ལ་བདག་ཏུ་རྟོག་ པ་དང་། ཆོས་རྣམ་པར་སེམས་པ་དང་བཅས་པ་ལ་བདག་ཏུ་རྟོག་པ་དག་ལྔ་ནི་འགྱུ་བ་རང་ཐོག་ཏུ་མཆོད་པ་ལས་བྱུང་བའོ། །དེ་ལྟར་མ་དག་པ་འཁོར་བའི་ཆོས་རྣམས་རིག་པའི་ངང་ལས་བྱུང་དང་ལ་ གནས་དང་ལ་རོལ་པ་ཙམ་ལས་གཞན་དུ་གཡོས་པ་ཅུང་ཟད་ཀྱང་མེད་པ་ནི་རྨི་ལམ་གཉིད་ཀྱི་ངང་ལས་མ་གཡོས་པ་ལྟ་བུ་སྟེ། དོན་ལ་སྟོང་གཟུགས་མེད་པ་གསལ་སྣང་གི་ཆོ་འཕྲུལ་ཙམ་དུ་བསྟན་ པ་ནི་འཁོར་བའི་རྣམ་དག་སྟེ། འདི་ལ་སྤྱིའི་རྣམ་དག་དང་བྱེ་བྲག་གི་རྣམ་དག་ལེགས་པར་བཤད་པ་གཉིས་ལས། དང་པོ་བསྟན་ན་ཡེ་སྟོང་རང་སྣང་རོལ་པ་ཙམ་དུ་སྣང་བ་ནི་དཔེར་ན་ཐག་པ་རགས་

[p. 54] ༄༅། །ཅིང་འབྲེལ་པར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ ཞིར་བསྟེན་པ། །ཞེས་སོ། །བྱེ་བྲག་རྣམ་དག་ནི་ཁམས་གསུམ་འཁོར་བའི་སྣང་བ་ཐམས་ཅད་དང་པོ་ཡང་དབྱིངས་ཀྱི་ཆ་ལ་བཟུང་བས་དེའི་ཆ་རེ་སྦྱར་དུ་ཡོད་པས་ཀྱང་གཟུགས་བརྙན་ལྟར་དོན་ལ་ ཆོས་ཉིད་སྟོང་པར་གནས་ལ་ད་ལྟར་སྣང་དུས་ཕུང་པོ་དང་འབྱུང་བ་ལ་སོགས་པ་སྐུ་དང་ཡེ་ཤེས་ཀྱི་ཆར་སྦྱར་ཏེ། སྒོ་གསུམ་སྐུ་གསུང་ཐུགས་སུ་གྲོལ་བའི་རང་བཞིན་ནི་སྐྱེ་རྒ་ན་འཆིའི་སྣང་བ་ཆོས་དབྱིངས་ ཡེ་ཤེས་ཀྱི་སྣང་བར་ཤར་ཞིང་། བྱ་བྱེད་དང་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་ལྟ་སྒོམ་རང་ཤར་ཆེན་པོར་སྣང་བའི་རྣམ་དག་བཤད་པ་ནི། ཐལ་འགྱུར་ལས། གཞན་ཡང་རབ་ཏུ་བཤད་བྱ་བ། །སྣང་བ་ འཁྲུལ་པའི་རང་བཞིན་ནི། །ཡེ་ཤེས་ཡིན་པར་སྔར་མ་མཐོང་། །རྟོག་བཅས་འཁྲུལ་པའི་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་པའི་རང་རྟོག་རྒྱུན་ཆད་དོ། །དེ་ལྟར་ འཁྲུལ་མེད་སྣང་བ་ནི། །ཡེ་ནས་གྲོལ་བའི་གནད་ལས་བྱུང་། །འགྲོ་བའི་ཕུང་པོ་སངས་རྒྱས་སྐུ། །ཡེ་ནས་ཡིན་པར་སུས་མ་རིག །ཕུང་པོ་སངས་རྒྱས་མངའ་བདག་ཏུ། །རྩ་གནས་ཡི་གེར་གྲུབ་

[p. 55] རང་སྣང་ཙམ་ལ། དེ་སེམས་ཉིད་སྟོང་པའི་ངང་དུ་གནས་པས། དང་པོ་ཡང་སྟོང་པ། ད་ལྟ་ཡང་སྟོང་པ། མཐར་ཡང་སྟོང་པ། སྐྱེ་འགག་གནས་གསུམ་དང་བྲལ་བར་གནས་ཏེ། དེ་ཉིད་ལས། ས་ནི་ ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་ གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་མ་ཡིན། ། ཞེས་སོ། །སྐྱེ་འགག་གནས་པར་སྣང་ཡང་གནས་པའི་དུས་ན་དེ་དག་ཏུ་མ་གྲུབ་པ་སྟེ། སྒྱུ་འཕྲུལ་གསང་སྙིང་ལས། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་ མེད༑ ༑ཨེ་མ། གནས་པ་ཉིད་ན་གནས་པ་མེད། །ཨེ་མ། འགག་པ་ཉིད་ན་འགག་པ་མེད། །ཅེས་པ་དང་། རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་ བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ཡང་འཇིག་པར་གསུངས། །ཞེས་པ་དང་། སྣང་སྲིད་ཀྱི་ཆོས་སོ་ཅོག་སྣང་དུས་ཉིད་ནས་སྐྱེ་འགག་སྤྲོས་པའི་མཐའ་དང་བྲལ་བར་དེ་ཉིད་ལས། གང་གིས་རྟེན་

[p. 56] ༄༅། །རང་བྱུང་རང་ལ་རྫོགས་པས་ཞི། །ཆོས་ཉིད་མངོན་སུམ་ཁྱད་པར་གྱིས། །དབང་པོ་རྣོ་དང་རྟུལ་མེད་པས། །སེམས་ཅན་ཐམས་ཅད་སངས་རྒྱས་ལས། །གཞན་དུ་ གནས་པ་མ་ཡིན་ནོ། །ལུས་ཅན་སེམས་ཀྱིས་ཁྱབ་པའི་ཕྱིར། །སངས་རྒྱས་མ་ཡིན་སེམས་ཅན་མེད། །ས་བོན་ལས་ནི་འབྲས་བུ་བཞིན། །རང་གི་རང་བཞིན་གཤིས་ཀྱི་གནད། །བརྗོད་པའི་ ཚིག་གིས་མ་ཡིན་པར། །དབང་པོའི་ཡུལ་ལ་གསལ་སྣང་བས། །ཅིར་མ་ཐོང་གྲོལ་བའི་བདག་ཉིད་དོ། །གཞན་ཡང་རྐྱེན་གྱིས་སེམས་ཅན་རྣམས། །སངས་མ་རྒྱས་པ་གཅིག་ཀྱང་མེད། ། རང་སྣང་ཡེ་ཤེས་ཆོས་མཐུན་ཕྱིར། །

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 1009 typing errors, November 2026), with the variants of the other editions under each page (20 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = Tshig don mdzod MW3CN4957; X = Tshig don mdzod MW8LS32779. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 72] བ་འགྱུར་ཏེ་ཡུལ་དུ་མའི་རྗེས་སུ་འབྲེངས་ཏེ་ཐམས་ཅད་ལ་རྟོག་པའོ། །ཆོས་ཀྱི་སྐུའི་སྣང་བ་མ་འགྱུར་ཡང་འཁྲུལ་པའི་སྣང་བ་ལ་འགྱུར་འགྱུར་ལྟར་བྱུང་བའོ། །རྡོ་རྗེ་སེམས་དཔའ་ལ་འཁྲུལ་པ་མི་མངའ་ཡང་སེམས་ཅན་ལ་འཁྲུལ་པའི་ཚུལ་བསྟན་པའོ། །ཐ་མ་རང་གི་སྣང་བ་རང་རྐྱེན་གྱི་གཞི་ལ་བཟློག་པའོ། །གཉིས་སུ་མེད་པའི་སྣང་བ་རང་ཤར་བར་མ་ཤེས་ཏེ་འཁྲུལ་པ་ལ་བདག་པོར་བཟུང་བས་བདག་པོའི་རྐྱེན་ནོ། །རང་རིག་པའི་འབྲས་བུ་རང་ཤར་བར་མ་ཤེས་ཏེ་རྒྱུ་ཉིད་ལྟོས་ཅན་དུ་བཟུང་བས་རྒྱུའི་རྐྱེན་ནོ། །ཡུལ་དང་ཤེས་པ་སྟོང་པར་ནི་མ་ཤེས་ཏེ་དམིགས་པ་ལ་ཡུལ་དུ་བཟུང་བས་རང་ངོའི་རྐྱེན་ནོ། །དུས་ལ་ལྟོས་ནས་འོད་རང་བྱུང་བར་མ་ཤེས་ཏེ་དེ་མ་ཡིན་ལ་དེར་འཛིན་པའི་ཤེས་པ་བྱུང་བས་མཚུངས་པ་དེ་མ་ཐག་པའི་རྐྱེན་ནོ་ཞེས་དང༌། ཐལ་འགྱུར་ལས། དེ་ལ་འཁྲུལ་པའི་རྒྱུ་དང་རྐྱེན། །ཆ་དང་ཡན་ལག་ཉིད་དང་

མའི་རྗེས་སུ་འབྲེངས་ཏེ་ཐམས ] འབྲངས P S

[p. 73] ཡང༌། །མ་སྨིན་རྣམ་རྟོག་འཁོར་བའོ། །མ་རིག་པ་ནི་རྣམ་པ་གསུམ། །བདག་ཉིད་གཅིག་པས་འཁྲུལ་རྩ་བྱས། །ལྷན་ཅིག་སྐྱེས་པས་རྟོག་པ་གཉིས། །ཀུན་ཏུ་བརྟགས་པས་ཡུལ་དུ་གྱུར། །རྐྱེན་ནི་རྣམ་པ་བཞི་དག་གིས། །འདུས་ཤིང་བཟུང་བས་འཁྲུལ་ཞེས་བྱ། །ཆ་ནི་འདུ་བྱེད་ལ་སོགས་པས། །འཁྲུལ་ཡུལ་ཆ་ལས་བཅུ་གཉིས་ཕྱེད། །སྨིན་པས་ལོ་དང་བྱེད་ལས་སོ། །ཡན་ལག་སྤྲོས་པ་ཐ་དད་ལས། །ཐམས་ཅད་མིང་གི་བྱེ་བྲག་ཏུ། །འཁྲུལ་པའི་ཡུལ་ལ་རྣམ་གཉིས་འགྱུར། །ལས་ཀྱིས་འདོད་དང་གཟུགས་ཀྱི་ཁམས། །གཟུགས་མེད་རྣམས་ཏེ་རྣམ་གསུམ་བྱེད། །མ་སྨིན་པས་ནི་རིགས་དྲུག་གཟུགས། །མིང་དང་བྱེད་ལས་ཐ་དད་འགྱུར། །རྣམ་རྟོག་བག་ལ་ཉལ་བ་དང༌། །ཀུན་ནས་ལྡང་དང་ཁྱབ་ཚུལ་ལོ། །འཁོར་བ་ཞེས་པ་མཚུངས་པ་དང༌། །ཚོགས་པའི་ལས་ཏེ་སྡུད་དང་

རྩ་བྱས་ལྷན་ཅིག་སྐྱེས་པས ] གཅིག P S · པ་གཉིས་ཀུན་ཏུ་བརྟགས་པས ] དུ A D G · སོ་ཡན་ལག་སྤྲོས་པ་ཐ ] སྤྲས W

[p. 74] མཆེད། །རྫོགས་དང་བྱེ་བྲག་སྣ་ཚོགས་པའོ། །ཞེས་སོ། །དེ་ཡང་རིག་པ་གཞི་ནས་འཕགས་ཏེ་མ་སྨིན་པས་ཁམས་གསུམ་རིགས་དྲུག་ཏུ་སོ་སོའི་ལས་ཀྱིས་འཁོར་བ་དེ་ཡང་དང་པོ་རྟེན་འབྲེལ་བཅུ་གཉིས་ལས་འཁྲུལ་ཏེ་ཕྱིར་ལོ་བཅུ་གཉིས་དང་ཟླ་བའི་ཆ་བཅུ་གཉིས་ནང་དུ་ཉོན་མོངས་པ་བཅུ་གཉིས་རྣམས་ཚོགས་པས་སྐྱེ་མཆེད་བཅུ་གཉིས་སུ་སྲིད་པར་བྱས་པ་ནི་རྟེན་འབྲེལ་ལུགས་སུ་འཇུག་པ་བཅུ་གཉིས་མ་དག་པ་ལས་འབྱུང་བ་སྟེ། གཞི་ལས་གཞི་སྣང་དུ་ཤར་དུས་རིག་པའི་རྩལ་ལས་ཡིད་ཀྱི་ཤེས་པ་བྱུང་སྟེ་རང་ངོ་མ་ཤེས་པ་དང་ལྷན་ཅིག་པས་མ་རིག་པའོ། །དེ་ལས་འཁྲུལ་པས་འདུ་བྱེད་དོ། །དེ་ལས་ཡུལ་གྱི་རྣམ་པ་ལ་དཔྱོད་པས་རྣམ་པར་ཤེས་པའོ། །དེ་ལས་འདི་ནི་ཡུལ་ལོ་སྣང་བའོ་ཞེས་པ་ལ་སོགས་པའི་མིང་དུ་འབྱེད་པའོ། །དེ་ལས་མིང་ཅན་དོན་གྱི་རང་བཞིན་གཟུགས་སུ་འཛིན་པས་སྲིད་པའི་འཁྲུལ་པ་དང་པོ་མིང་

སོ་སོའི་ལས་ཀྱིས་འཁོར་བ ] ཀྱི P S · དག་པ་ལས་འབྱུང་བ་སྟེ ] བྱུང W

[p. 75] དང་གཟུགས་ཞེས་བྱའོ། །དེ་ལས་ཡུལ་གྱི་རྣམ་པ་དྲུག་ལ་ཤེས་པ་སྐྱེ་ཞིང་མཆེད་པའི་སྐྱེ་མཆེད་དྲུག་ཏུ་བྱུང་ངོ༌། །དེ་ལས་ཡུལ་འཛིན་པའི་རེག་པའོ། །དེ་ལས་ཆགས་སྡང་བར་མའི་ཆའི་ཚོར་བའོ། །དེ་ལས་ཡུལ་ལ་ཞེན་པའི་སྲེད་པའོ། །དེ་ལས་ཕྱིས་ཀྱི་ལེན་པ་པོ་དང་དེ་ལྟར་ཡུལ་དང་དུ་ལེན་པའི་ལེན་པའོ། །དེ་ལས་འཁྲུལ་པ་དུ་མར་སྣང་བ་དང་བྱེད་པ་མྱོང་བའི་ཆ་ཅི་འབྱུང་མ་ངེས་པ་བསྐྱེད་པས་སྲིད་པའོ། །དེ་ལས་གཟུགས་མེད་གཟུགས་དང་འདོད་པར་སྐྱེ་བས་སྐྱེ་བའོ། །དེ་ལས་རྒས་པ་དང་ན་བ་དང་ཤི་བའི་བར་དུ་འབྱུང་སྟེ་ཡང་དང་ཡང་དུ་དེ་ལྟར་འཁོར་བས་འཁོར་བའི་རྒྱུ་རྟེན་འབྲེལ་ལུགས་སུ་འཇུག་པ་བཅུ་གཉིས་གཞི་སྣང་ལས་དང་པོར་མཆེད་པའོ། །དེ་ལས་སྲིད་པ་སོ་སོར་འཁྲུལ་དུས་ཀྱི་རྟེན་འབྲེལ་བཅུ་གཉིས་ཀྱང་ཞར་ལ་ཤེས་པར་བྱ་སྟེ། ཆོས་ཉིད་ནུབ་ནས་རང་མ་རིག་པ་ལས་ཕྱི་མའི་འདུ་བྱེད་དང༌།

ཡུལ་གྱི་རྣམ་པ་དྲུག་ལ ] པར A D G · ཡུལ་འཛིན་པའི་རེག་པའོ་དེ ] རིག W X

[p. 76] རྣམ་ཤེས་ཀྱི་ཆས་ལུས་འཚོལ་བ་དང༌། མངལ་དུ་ཚུད་དེ་མེར་མེར་པོ་ལ་སོགས་པ་ནས་མིང་དང་གཟུགས་སུ་གྲུབ་པ་དང༌། དེའི་སྐྱེ་མཆེད་དྲུག་དང༌། རྐྱེན་འདུས་པས་རེག་པ་དང༌། བདེ་སྡུག་གི་ཚོར་བ་དང༌། མྱོང་བ་ལ་སྲེད་པ་དང༌། ཡུལ་དང་ལས་ཀྱི་ལེན་པ་དང༌། ཡང་སྲིད་པའི་ཉེ་བར་ལེན་པ་དང༌། མངལ་ནས་སྐྱེ་བ་དང༌། དར་ལ་བབ་པའི་ཚོགས་པ་གཞན་དུ་འགྱུར་བའི་བརྒྱུད་པ་ནི་རྒས་པ་དང་མཐར་འཆི་བ་སྟེ་འབྲེལ་ཆགས་སུ་འབྱུང་བ་ནི། རང་ཤར་ལས། དེ་ཡང་མ་རིག་པ་ལས་བྱུང༌། །མ་རིག་པ་ལས་འདུ་བྱེད་དོ། །འདུ་བྱེད་རྣམ་པར་ཤེས་པའོ། །རྣམ་པར་ཤེས་ལས་མིང་འབྱུང་ཞིང༌། །མིང་ལས་གཟུགས་ཀྱི་རང་བཞིན་འབྱུང༌། །གཟུགས་ལས་སྐྱེ་མཆེད་རྣམ་དྲུག་འབྱུང༌། །སྐྱེ་མཆེད་དྲུག་ལས་རེག་པ་འབྱུང༌། །རེག་ལས་ཚོར་བ་འབྱུང་བར་འགྱུར། །ཚོར་ལས་སྲེད་པ་འབྱུང་བར་འགྱུར། །

མཆེད་དྲུག་ལས་རེག་པ་འབྱུང ] རིག W

[p. 77] སྲེད་པ་ལས་ནི་ལེན་པ་འབྱུང༌། །ལེན་པ་ལས་ནི་སྲིད་པ་འབྱུང༌། །སྲིད་པ་ལས་ནི་སྐྱེ་བ་འབྱུང༌། །སྐྱེ་བ་ལས་ནི་རྒས་པ་འབྱུང༌། །རྒས་པ་ལས་ནི་ན་བ་འབྱུང༌། །ན་བ་ལས་ནི་འཆི་བ་འབྱུང༌། །ཞེས་སོ། །དེ་ལྟར་འཁྲུལ་སྣང་འཁོར་བར་སྣང་བ་ཡང་རང་མ་རིག་པས་མེད་པ་ལ་བདག་ཏུ་བཟུང་བའི་བག་ཆགས་མཐུ་བརྟས་པ་ལས་འབྱུང་སྟེ། སོ་སོའི་ལུས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པར་གྲུབ་ནས་གཅིག་ནས་གཅིག་ཏུ་འཁོར་ཞིང་གཏན་དུ་སྲིད་པ་ན་གནས་པ་ནི། མུ་ཏིག་ཕྲེང་བ་ལས། དེ་ལྟར་འཇིག་རྟེན་གསུམ་པོ་ནི། །ཕུང་པོ་ལྔ་དང་དབང་པོ་ལྔ། །ཡན་ལག་ལྔ་དང་དོན་སྙིང་ལྔ། །ཡུལ་ལྔ་དང་ནི་ཉོན་མོངས་ལྔ། །སེམས་ལྔ་ཡིད་ལྔ་རྟོག་པ་ལྔ། །གཟུང་འཛིན་འཁོར་བ་ཉིད་དུ་གྲུབ། །འཁྲུལ་པ་གཉིས་སྣང་དེ་ལྟ་བུ། །དཔེར་ན་མྱུར་འགྲོ་འཁོར་ལོ་བཞིན། །རྒྱུན་ཆགས་འཁོར་ལ་

[p. 78] ཡུན་རིང་གནས། ཞེས་སོ། །དེ་ཡང་གཟུགས་ལ་སོགས་པའི་ཡུལ་ལྔ་ནི་འོད་ལྔ་རང་སྣང་དུ་མ་ཤེས་པར་བཟུང་བའི་ཆ་ལས་བྱུང་ཞིང༌། ཉོན་མོངས་པ་ལྔ་ནི་ཡེ་་ཤེས་ལྔ་རང་ངོ་མ་ཤེས་པའི་ཆ་ལས་བྱུང༌། སྣ་ཚོགས་སྡུད་པའི་ལུས་སེམས་ལ་སོགས་པ་ལྔ་ནི་ཆོས་ཉིད་ཀྱི་རང་གདངས་མ་དག་པ་ལས་བྱུང༌། ཀུན་ནས་འཚོལ་བའི་ཡིད་ལ་སོགས་པ་ལྔ་ནི་རླུང་ལྔ་རྣམ་པར་མ་དག་པ་ལས་བྱུང༌། བསམ་པ་དྲན་པས་འཛིན་པའི་བདག་ཏུ་་རྟོག་་པ་དང༌། ཡུལ་དུ་མ་ལ་བདག་ཏུ་རྟོག་པ་དང༌། འགྱུ་བ་ཐ་དད་པ་ལ་བདག་ཏུ་རྟོག་པ་དང༌། ཤེས་པའི་རྣམ་པ་ཙམ་ལ་བདག་ཏུ་རྟོག་པ་དང༌། ཆོས་རྣམ་པར་སེམས་པ་དང་བཅས་པ་ལ་བདག་ཏུ་རྟོག་པ་དང་ལྔ་ནི་འགྱུ་བ་རང་ཐོག་ཏུ་མ་ཆོད་པ་ལས་བྱུང་བའོ། །དེ་ལྟར་མ་དག་པ་འཁོར་བའི་ཆོས་རྣམས་རིག་པའི་ངང་ལས་བྱུང་ངང་ལ་གནས་ངང་ལ་རོལ་པ་ཙམ་ལས་གཞན་དུ་གཡོས་པ་ཅུང་ཟད་ཀྱང་མེད་

ཏུ་རྟོག་པ་དང་ལྔ་ནི ] དག A D G X · རང་ཐོག་ཏུ་མ་ཆོད་པ་ལས ] མཆོད D G X · ངང་ལས་བྱུང་ངང་ལ་གནས ] དང A X · ངང་ལ་གནས་ངང་ལ་རོལ ] དང A X

[p. 79] པ་ནི་རྨི་ལམ་གཉིད་ཀྱི་ངང་ལས་མ་གཡོས་པ་ལྟ་བུ་སྟེ། དོན་ལ་སྟོང་གཟུགས་མེད་པ་གསལ་སྣང་གི་ཆོ་འཕྲུལ་ཙམ་དུ་བསྟན་པ་ནི་འཁོར་བའི་རྣམ་དག་སྟེ། འདི་ལ་སྤྱིའི་རྣམ་དག་དང་བྱེ་བྲག་གི་རྣམ་དག་ལེགས་པར་བཤད་པ་གཉིས་ལས། དང་པོ་བསྟན་ན་ཡེ་སྟོང་རང་སྣང་རོལ་པ་ཙམ་དུ་སྣང་བ་ནི་དཔེར་ན་ཐག་པ་རགས་པ་ལྟར་སྣང་ཡང་རང་དོན་ལ་སྤུ་རེ་རེ་བ། དེ་ཡང་རྡུལ་ཕྲན་ཆ་མེད་སྟོང་པ་ལྟར་འཁྲུལ་སྣང་རགས་པ་ལྟར་སྣང་ཡང་དོན་ལ་སྐྱེ་འགག་གནས་གསུམ་དང་བྲལ་བའི་རང་སྣང་སྟོང་པ་སྟེ། མུ་ཏིག་ཕྲེང་བ་ལས། དེ་ལྟར་སྣང་བ་སྣ་ཚོགས་རྣམས། །ཐག་པ་ལ་ནི་སྦྲུལ་མཐོང་བཞིན། །དེ་མ་ཡིན་ལ་དེར་བཟུང་བས། །ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །དེ་ཡང་བརྟགས་ན་ཐག་པ་ཉིད། །སྣོད་བཅུད་ཡེ་ནས་སྟོང་པ་སྟེ། །དོན་དམ་ཀུན་རྫོབ་གཟུགས་ཅན་ནོ། །སྦྲུལ་མཐོང་དེ་ཉིད་

ལམ་གཉིད་ཀྱི་ངང་ལས་མ ] om. W · ཀྱི་ངང་ལས་མ་གཡོས་པ ] om. W

[p. 80] མཐོང་བས་བདེན། །ཐག་མཐོང་ཡང་དག་ཉིད་དུ་བདེན། །དཔེར་ན་མཐོ་ལ་བྱར་སྣང་བཞིན། །བདེན་པ་གཉིས་ཀྱི་རང་བཞིན་ནི། །འཇིག་རྟེན་ཀུན་རྫོབ་ཙམ་དུ་སྟེ། །ཡང་དག་ཉིད་ལ་འབྲེལ་པ་མེད། །སྟོང་པ་ཉིད་ཀྱི་དབྱིངས་ལ་ནི། །དེ་ཡི་ངོ་བོར་ཐམས་ཅད་གྲོལ། །ཞེས་སོ། །དེའང་ཕུང་པོ་ལ་སོགས་པའི་ཆོས་རྣམས་རིག་པའི་ངང་ན་ནམ་མཁའ་ལ་སྤྲིན་ལྟར་རིག་པ་ལ་སྣང་ཡང་རིག་པ་ལ་མ་གོས་པར་སྟོང་གཟུགས་སུ་ལིང་དེ་གནས་པ་ནི་སྒྱུ་མ་དང་སྤྲུལ་པ་ལྟ་བུ་སྟེ། རྒྱུད་བླ་མ་ལས། ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན། །ཞེས་སོ། །དེ་དག་གང་ལ་གནས་ན་སྣོད་བཅུད་ནམ་མཁའ་ལ་གནས་པ་ལྟར་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལས་དང་ཉོན་མོངས། དེ་རྣམ་རྟོག་རང་སྣང་ཙམ་ལ། དེ་སེམས་ཉིད་སྟོང་པའི་ངང་དུ་གནས་པས། དང་པོ་ཡང་སྟོང་པ། ད་ལྟ་ཡང་སྟོང་པ། མཐར་ཡང་སྟོང་པ། སྐྱེ་འགག་གནས་གསུམ་དང་

ཉིད་ལ་འབྲེལ་པ་མེད་སྟོང ] བ A P S · དེ་ཡི་ངོ་བོར་ཐམས་ཅད ] བོ P S · གཟུགས་སུ་ལིང་དེ་གནས་པ ] ངེ A P D G S

[p. 81] བྲལ་བར་གནས་ཏེ། དེ་ཉིད་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང༌། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་མ་ཡིན། །ཞེས་སོ། །སྐྱེ་འགག་གནས་པར་སྣང་ཡང་གནས་པའི་དུས་ན་དེ་དག་ཏུ་མ་གྲུབ་པ་སྟེ། སྒྱུ་འཕྲུལ་གསང་སྙིང་ལས། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མ། གནས་པ་ཉིད་ན་གནས་པ་མེད། །ཨེ་མ། འགག་པ་ཉིད་ན་འགག་པ་མེད། །ཅེས་པ་དང༌། རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་

[p. 82] མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ཡང་འཇིག་པར་གསུངས། །ཞེས་པ་དང༌། སྣང་སྲིད་ཀྱི་ཆོས་སོ་ཅོག་སྣང་དུས་ཉིད་ནས་སྐྱེ་འགག་སྤྲོས་པའི་མཐའ་དང་བྲལ་བར་དེ་ཉིད་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བརྟེན་པ། །ཞེས་སོ། །བྱེ་བྲག་རྣམ་རྟོག་ནི་ཁམས་གསུམ་འཁོར་བའི་སྣང་བ་ཐམས་ཅད་དང་པོ་ཡང་དབྱིངས་ཀྱི་ཆ་ལ་བཟུང་བས་དེའི་ཆ་རེ་སྦྱར་དུ་ཡོད་པས་ཀྱང་གཟུགས་བརྙན་ལྟར་དོན་ལ་ཆོས་ཉིད་སྟོང་པར་གནས་ལ་ད་ལྟར་སྣང་དུས་ཕུང་པོ་དང་འབྱུང་བ་ལ་སོགས་པ་སྐུ་དང་ཡེ་ཤེས་ཀྱི་ཆར་སྦྱར་ཏེ། སྒོ་གསུམ་སྐུ་གསུང་ཐུགས་སུ་གྲོལ་བའི་རང་བཞིན་ནི་སྐྱེ་རྒ་ན་འཆིའི་སྣང་བ་ཆོས་དབྱིངས་

ཐམས་ཅད་དང་པོ་ཡང་དབྱིངས ] ཡོ W · ལ་བཟུང་བས་དེའི་ཆ་རེ ] om. W
[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the divisions of each unit; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The first levels of the outline of the whole work are on the contents page.
1 General presentation of the manner of delusion འཁྲུལ་པའི་ཚུལ་སྤྱིར་བསྟན་པ [p. 62]
1.2 Detailed explanation of the nature རང་བཞིན་རྒྱས་པར་བཤད་པ [p. 66]
1.2.2 Detailed explanation of its aspects in terms of conditions རྣམ་པ་རྐྱེན་གྱི་ཆ་རྒྱས་པར་བཤད་པ [p. 69]
1.2.2.2 The twelve links of dependent origination རྟེན་འབྲེལ་བཅུ་གཉིས [p. 74] topical
Explains the twelve links in forward order as they first spread from the ground-appearances, then, in passing, as they operate in each individual rebirth from ignorance to death, citing the Self-Arising.
1.2.2.3 Establishment as aggregates and circling in saṃsāra ཕུང་པོ་ཁམས་སྐྱེ་མཆེད་དུ་གྲུབ་ནས་འཁོར་ཚུལ [p. 77] topical
Habitual tendencies of self-grasping establish beings as aggregates, constituents and sense fields who circle perpetually; citing the Pearl Garland, the sets of five (objects, afflictions, minds, mentations, conceptual thoughts) are traced to non-recognition of the five lights, wisdoms, dharmatā's radiance and winds.
1.2.2.4 The utter purity of saṃsāra འཁོར་བའི་རྣམ་དག [p. 78] topical
Impure appearances never stir from awareness, like dreams from sleep. In general they are empty self-appearance free of arising, abiding and ceasing; in particular the aggregates, elements and three doors are matched to the kāyas and wisdoms as empty dharmatā.
1.2.2.4.1 The general utter purity སྤྱིའི་རྣམ་དག [p. 79]
Deluded appearances, like a rope seen as a snake, are empty self-appearance free of arising, abiding and ceasing, like clouds in the sky or illusions. Cites the Pearl Garland, Uttaratantra, Secret Heart of the Magical Net and Root Verses on Insight.
1.2.2.4.2 The particular utter purity བྱེ་བྲག་གི་རྣམ་དག [p. 82]
All appearances of the three realms were grasped from aspects of the expanse and so abide as empty dharmatā like reflections; the aggregates, elements and so forth are matched to the kāyas and wisdoms, and the three doors are liberated as body, speech and mind.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 72] appearances change: following after manifold objects, there is conceptual thought about everything. Although the appearance of the dharmakāya (chos kyi sku) does not change, in deluded appearances it came to be as though changing and changing again. Although Vajrasattva has no delusion, the manner of delusion in sentient beings is shown.[40]Note 40 · p. 72 · སེམས་ཅན་ལ་འཁྲུལ་པའི་ཚུལ་བསྟན་པ: taken as parallel to rdo rje sems dpa' la, "the manner of delusion in sentient beings is shown" (close to GPT-6.2 Astra). Claude Fable 5.2, Dharmamitra and Gemini 4 Neon read "shown for/to sentient beings", which is also possible. In the end, one's own appearances are turned back upon the ground of their own conditions. Not knowing nondual appearance to be self-arising (rang shar),[43]Note 43 · p. 72 · rang shar and rang byung are kept apart as "self-arising" and "self-arisen" per the glossary; GPT-6.2 Astra uses "self-arisen" for both. one takes delusion to be the master,[41]Note 41 · p. 72 · འཁྲུལ་པ་ལ་བདག་པོར་བཟུང་བས: "takes delusion to be the master" (Dharmamitra, Gemini 4 Neon), by the construction X la Y-r bzung. Claude Fable 5.2's "taking hold of it, in delusion, as the master" and GPT-6.2 Astra's "in delusion apprehends a master" strain the la. and so there is the dominant condition. Not knowing the result of self-awareness (rang rig pa) to be self-arising, one takes the cause itself to be something dependent, and so there is the causal condition. Not knowing object and cognition to be empty, one takes what is referred to as an object, and so there is the condition of own face.[42]Note 42 · p. 72 · རང་ངོའི་རྐྱེན: the text has "condition of own face" where the objective condition (dmigs pa'i rkyen) is expected. No variant is recorded, so the reading is kept (Claude Fable 5.2, GPT-6.2 Astra, Gemini 4 Neon); Dharmamitra silently writes "objective condition". With regard to time, not knowing the light to be self-arisen (rang byung), there arises a cognition that holds what is not that to be that, and so there is the concurrent immediately preceding condition.Bkra shis mdzes ldanQuotation (named in the text: བཀྲ་ཤིས་མཛེས་ལྡན་ལས)
བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད, bkra shis mdzes ldan chen po'i rgyud, Auspicious Beauty · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0057-vol-01-text (the text itself), 63 % of the words.

And the Reverberation of Sound says:

As to that: the cause and conditions of delusion,[44]Note 44 · p. 72 · The opening verse lists the topics that the following lines explain, so ma smin, rnam rtog and 'khor ba are three separate items (Claude Fable 5.2, GPT-6.2 Astra, Gemini 4 Neon), not "the saṃsāra of unripened conceptualization" (Dharmamitra). Dharmamitra's "[…]" is unwarranted, as the text is legible. The third line is one syllable short, and karma, explained below, is absent from the list, so a word such as las dang may have dropped out.
The parts and the limbs themselves, and also

[p. 73] The unripened, discursive thought and saṃsāra.
Ignorance is of three kinds:
That of single identity made the root of delusion;[45]Note 45 · p. 73 · འཁྲུལ་རྩ་བྱས: Adzom reads འཁྲུལ་རྩེ ("summit of delusion"). I follow the e-text's rtsa, "root of delusion", which fits ignorance as the cause.
Through the coemergent, conceptual thought is twofold;
Through the imputational, there came to be objects.
As for the conditions: because the four kinds
Come together and take hold, it is called delusion.
As for the parts: through formations ('du byed) and the rest,
By the parts of the objects of delusion, twelve are distinguished;
Through ripening there are the years and the functions[46]Note 46 · p. 73 · ལོ: "years" (Claude Fable 5.2, Gemini 4 Neon), confirmed by the commentary on the next page (lo bcu gnyis, twelve years); not "time" (Dharmamitra) or "years of life" (GPT-6.2 Astra). (byed las).
As for the limbs: from distinct elaborations (spros pa),
Everything, as particulars of names,
Becomes twofold in the objects of delusion.
Karma makes the realms of desire and of form
And the formless ones, these three kinds.
Through being unripened, the forms of the six classes of beings (rigs drug),
Their names and their functions, become distinct.
Discursive thought (rnam rtog): the latent tendencies,
The fully arisen, and the manner of pervading.
What is called saṃsāra: the concurrent
And the action of assembling,[47]Note 47 · p. 73 · མཚུངས་པ་དང་ཚོགས་པའི་ལས: las is rendered "action" (cf. GPT-6.2 Astra "activity"), as the working by which things gather and spread, rather than "karma" (Claude Fable 5.2, Dharmamitra, Gemini 4 Neon). The sentence continues on the next page (mched, "spreading"). namely gathering and

[p. 74] spreading,
Completion, and the manifold particulars.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (The root tantra of the Seventeen Tantras; the name 'gsang ba sgra rgyud' appears to refer to it as well.)
The quoted words are in Ngb-pt-0056-vol-01-text (the text itself), 75 % of the words.

Thus it is said.

1.2.2.2 The twelve links of dependent origination རྟེན་འབྲེལ་བཅུ་གཉིས1.2.2.2 The twelve links of dependent origination (topical division)
Explains the twelve links in forward order as they first spread from the ground-appearances, then, in passing, as they operate in each individual rebirth from ignorance to death, citing the Self-Arising.

Now, awareness having risen up from the ground and being unripened, there is circling in the three realms and among the six classes of beings through the karma of each; and that, too, is at first delusion arising from the twelve links of dependent origination (rten 'brel). Outwardly the twelve years and the twelve parts of the months,[49]Note 49 · p. 74 · zla ba'i cha bcu gnyis: read as the twelve parts of the months (Gemini 4 Neon, Claude Fable 5.2, GPT-6.2 Astra), not "phases of the moon" (Dharmamitra), since the pairing is with the twelve years and the number is twelve. and inwardly the twelve afflictions, come together,[48]Note 48 · p. 74 · phyir … nang du … rnams tshogs pas: I take the plural rnams and tshogs pas to cover the outer twelves (years, months) together with the inner twelve afflictions, as Dharmamitra does. Gemini 4 Neon, Claude Fable 5.2 and GPT-6.2 Astra restrict the "gathering" to the afflictions, which is also possible. whereby existence (srid pa) is brought about as the twelve sense fields (skye mched); and this arises from the impure twelve links of dependent origination in forward order (lugs su 'jug pa). When the ground-appearances arose from the ground,[50]Note 50 · p. 74 · gzhi las gzhi snang du shar dus: "when the ground-appearances arose from the ground" (Gemini 4 Neon, Dharmamitra, Claude Fable 5.2). GPT-6.2 Astra's "when the ground dawns as the appearance of the ground" ignores the ablative las. a mental cognition (yid kyi shes pa) came forth from the dynamic energy of awareness, and since it is accompanied by not recognizing its own face, this is ignorance. From that, through delusion, there are formations. From that, through examining the aspects of objects, there is consciousness. From that, there is the differentiating into names, such as "this is an object" and "this is an appearance." From that, through grasping as form the nature of the referent that bears the name, there is the first delusion of existence, which is called name

[p. 75] and form (ming dang gzugs). From that there came about the six sense fields, in which cognition arises and spreads toward the six aspects of objects. From that there is contact (reg pa), which grasps objects. From that there is feeling (tshor ba), in its parts of attachment, aversion and indifference.[52]Note 52 · p. 75 · chags sdang bar ma: bar ma is rendered "indifference", since the glossary reserves "neutral" for lung ma bstan (drafts: "neutrality"). From that there is craving (sred pa), which clings (zhen pa) to objects. From that there is appropriation (len pa):[51]Note 51 · p. 75 · len pa (ninth link) is rendered "appropriation", following the glossary's note for nyer len as the ninth link and because "grasping" (all drafts) is reserved for 'dzin pa. Srid pa is "becoming" as the tenth link and "existence" elsewhere. the subsequent appropriator and, in that way, the taking on of objects. From that there is becoming, since it generates delusion's appearing as manifold and the parts of acting and experiencing, in which whatever will occur is indeterminate[53]Note 53 · p. 75 · ci 'byung ma nges pa: rendered with the glossary's "indeterminate" (Dharmamitra), rather than "indefinite" (Gemini 4 Neon), "uncertain" (Claude Fable 5.2) or GPT-6.2 Astra's paraphrase. (ma nges pa). From that there is birth (skye ba), since one is born in the formless, form and desire realms. From that there occur aging, sickness and so on up to death; and since one circles in that way again and again, this is the first spreading, from the ground-appearances, of the twelve links of dependent origination in forward order, the cause of saṃsāra. Following from that, the twelve links of dependent origination at the time of being deluded into each individual existence should also be understood in passing.

When dharmatā has set, from ignorance of oneself there come the formations of the next life;

[p. 76] the seeking of a body by the part that is consciousness; entering the womb and becoming established as name and form from the creamy stage (mer mer po)[54]Note 54 · p. 76 · mer mer po: glossary "creamy stage". GPT-6.2 Astra's "gelatinous stage" is the glossary's rendering of nur nur po; Gemini 4 Neon, Dharmamitra, Claude Fable 5.2 have "oval". and so forth onward; its six sense fields; contact, through the coming together of conditions; the feeling of pleasure and pain; craving for what is experienced; the appropriation of objects and karma; the appropriation (nye bar len pa) of a renewed existence;[55]Note 55 · p. 76 · yang srid pa'i nye bar len pa stands in the place of the tenth link (becoming) in this second sequence. It is rendered "appropriation", as is the ninth link (yul dang las kyi len pa), with the Wylie given to mark the difference. birth from the womb; and the succession in which the assemblage that has reached its prime changes into something else, which is aging, and at the end death. That these occur in unbroken connection is stated in the Self-Arising:

That, too, came from ignorance.
From ignorance, formations;
From formations, consciousness.
From consciousness name arises,
And from name the nature of form arises.
From form the six kinds of sense fields arise.
From the six sense fields contact arises.
From contact feeling comes to arise.
From feeling craving comes to arise.

[p. 77] From craving, appropriation arises.
From appropriation, becoming arises.
From becoming, birth arises.
From birth, aging arises.
From aging, sickness arises.
From sickness, death arises.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

Thus it is said.

1.2.2.3 Establishment as aggregates and circling in saṃsāra ཕུང་པོ་ཁམས་སྐྱེ་མཆེད་དུ་གྲུབ་ནས་འཁོར་ཚུལ1.2.2.3 Establishment as aggregates and circling in saṃsāra (topical division)
Habitual tendencies of self-grasping establish beings as aggregates, constituents and sense fields who circle perpetually; citing the Pearl Garland, the sets of five (objects, afflictions, minds, mentations, conceptual thoughts) are traced to non-recognition of the five lights, wisdoms, dharmatā's radiance and winds.

In that way, the appearing of deluded appearances ('khrul snang) as saṃsāra also arises from the growth in strength of the habitual tendencies (bag chags) of having held, through ignorance of oneself, to a self where there is none. Having become established as the aggregates (phung po), constituents (khams),[56]Note 56 · p. 77 · khams with aggregates and sense fields is "constituents" per the glossary (all drafts: "elements"); skye mched is "sense fields" (drafts: "sense sources/bases"). sense fields and so forth of their individual bodies, beings circle from one to another and abide perpetually in existence. As the Pearl Garland (Mu tig phreng ba) says:

Thus the three worlds—
The five aggregates and the five sense faculties (dbang po),
The five limbs and the five vital organs (don snying),
The five objects and the five afflictions,
The five minds, five mentations and five conceptual thoughts—
Are established as saṃsāra itself, apprehended and apprehender.
Such is delusion, dualistic appearance:
For example, like a swiftly moving wheel,
It circles continuously and[57]Note 57 · p. 77 · The last verse line (rgyun chags 'khor la / yun ring gnas) runs on to the next page; the translation stops at "and", as GPT-6.2 Astra does. Dharmamitra anticipated the next page's words.

[p. 78] abides for a long time.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Klong chen rab byams gsung 'bum/volume 007 198 (a parallel: མཁའ་འགྲོ་སྙིང་ཏིག་གི་མན་ངག་ཟབ་དོན་རྒྱ་མཚོའི་སྤྲིན), 61 % of the words.

Thus it is said. Moreover, the five objects, form and so forth, arise from the aspect of grasping the five lights ('od lnga) without knowing them to be self-appearance.

The five afflictions arise from the aspect of not recognizing the own face of the five primordial wisdoms (ye shes lnga). The five minds, the body-mind that gathers the manifold[58]Note 58 · p. 78 · sna tshogs sdud pa'i lus sems la sogs pa lnga / kun nas 'tshol ba'i yid la sogs pa lnga: the Tibetan says only "the five, … and so forth"; "minds" and "mentations" are supplied from the "five minds, five mentations" of the Pearl Garland verse just cited. Gemini 4 Neon's "intellect" for yid is against the glossary (mentation). and so forth, arise from the natural radiance (rang gdangs) of dharmatā being impure. The five mentations, the mentation that searches everywhere and so forth, arise from the five winds (rlung lnga) not being utterly pure. Conceiving of a self that holds thoughts[59]Note 59 · p. 78 · bsam pa dran pas 'dzin pa'i bdag tu rtog pa: the genitive makes this differ from the other four (X la bdag tu rtog pa). I read "conceiving of a self that holds thoughts by recollection", close to Dharmamitra; Claude Fable 5.2 has "conceiving as a self that which holds…" and GPT-6.2 Astra/Gemini 4 Neon "a self in thoughts retained by recollection". bsam pa is rendered "thoughts" rather than the glossary's "reflection", since it is not the bsam pa of hearing and reflection. by means of recollection (dran pa); conceiving the many objects to be a self; conceiving the distinct movements to be a self; conceiving the mere aspect of cognition to be a self; and conceiving phenomena (chos), together with the thinking about them, to be a self—these five conceptual thoughts arise from movement not having been cut through in its own place.[60]Note 60 · p. 78 · 'gyu ba rang thog tu ma chod pa: "not cut through in its own place" (GPT-6.2 Astra, Claude Fable 5.2, Dharmamitra) rather than Gemini 4 Neon's "not resolved". Dharmamitra renders ngang as "expanse"; the glossary's "state" is kept.

1.2.2.4 The utter purity of saṃsāra འཁོར་བའི་རྣམ་དག1.2.2.4 The utter purity of saṃsāra (topical division)
Impure appearances never stir from awareness, like dreams from sleep. In general they are empty self-appearance free of arising, abiding and ceasing; in particular the aggregates, elements and three doors are matched to the kāyas and wisdoms as empty dharmatā.

Thus the impure phenomena of saṃsāra arise from the state of awareness, abide in that state, and merely play (rol pa) in that state; apart from this, they have not stirred elsewhere even in the slightest,

[p. 79] which is like a dream not stirring from the state of sleep. To show that they are in fact empty forms (stong gzugs), the mere magical display of what does not exist yet clearly appears,[61]Note 61 · p. 79 · med pa gsal snang: read as "what does not exist yet clearly appears" (GPT-6.2 Astra, Claude Fable 5.2, Gemini 4 Neon). Dharmamitra's "luminous appearances … devoid of substantial existence" is rejected ("luminous" is reserved for 'od gsal). is the utter purity of saṃsāra. In this there are two parts: the general utter purity, and the thorough explanation of the particular utter purity.[62]Note 62 · p. 79 · legs par bshad pa is taken with the second member only (general utter purity; thorough explanation of the particular), as in Claude Fable 5.2 and Gemini 4 Neon. GPT-6.2 Astra and Dharmamitra apply it to the whole division.

1.2.2.4.1 The general utter purity སྤྱིའི་རྣམ་དག1.2.2.4.1 The general utter purity
Deluded appearances, like a rope seen as a snake, are empty self-appearance free of arising, abiding and ceasing, like clouds in the sky or illusions. Cites the Pearl Garland, Uttaratantra, Secret Heart of the Magical Net and Root Verses on Insight.

To show the first: what appears as the mere play of primordially empty self-appearance is as follows. A rope, for example, appears to be something coarse,[63]Note 63 · p. 79 · thag pa rags pa ltar snang … rdul phran cha med stong pa ltar: one continuous simile (coarse rope → single hairs → partless particles, empty), as in GPT-6.2 Astra, Claude Fable 5.2, Gemini 4 Neon. Dharmamitra breaks it in two and renders rags pa as "a single whole". yet in itself it is single hairs, strand by strand, and these in turn are partless particles, empty. In the same way, deluded appearances appear to be coarse, yet they are in fact empty self-appearance, free from the three: arising, ceasing and abiding. As the Pearl Garland says:

Thus the manifold appearances
Are like seeing a snake in a rope:[64]Note 64 · p. 79 · sbrul mthong (twice): Adzom reads sprul ("emanation"). I follow the e-text's sbrul ("snake"), which the rope example requires.
Through grasping as that what is not that,
They form as two, the outer world and its inner inhabitants (snod bcud).
Yet when examined, it is just the rope:
The world and its inhabitants are primordially empty,
The ultimate (don dam) bearing the form of the relative[65]Note 65 · p. 79 · don dam kun rdzob gzugs can no: read as "the ultimate bearing the form of the relative" (Claude Fable 5.2, Gemini 4 Neon). GPT-6.2 Astra has "ultimately empty, conventionally possessed of form" and Dharmamitra "the ultimate and the relative possess form". The line is terse and the other construals are possible. (kun rdzob).
That very seeing of the snake

[p. 80] Is true in that it is seen;
The seeing of the rope is true as the genuine itself.
It is, for example, as a cairn appears to be a bird.[66]Note 66 · p. 80 · mtho la byar snang: taken, with all the drafts, as a cairn (mtho = tho) appearing as a bird; the reading is not certain.
The nature of the two truths
Is merely the relative of the world;
With the genuine itself it has no connection.
In the expanse (dbyings) of emptiness (stong pa nyid),
All is liberated as its very essence.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 78 % of the words.

Thus it is said. Moreover, phenomena such as the aggregates, within the state of awareness, are like clouds in the sky (nam mkha'): though they appear to awareness, they do not stain awareness, and they abide suspended there as empty forms.[67]Note 67 · p. 80 · ling de gnas pa: I follow Adzom's ling nge ("suspended, hovering"); the e-text's ling de is not a word. Dharmamitra's "abiding distinct" misses the sense. This is like an illusion and an emanation (sprul pa).

As the Uttaratantra (rGyud bla ma) says:

The aggregates are like illusions and emanations.Rgyud bla maQuotation (named in the text: རྒྱུད་བླ་མ་ལས)
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས, theg pa chen po rgyud bla ma'i bstan bcos, The Sublime Continuum (Mahāyānottaratantraśāstra (Ratnagotravibhāga)), by Maitreya/Asaṅga · shastra; Tengyur; Toh 4024
Identification: high confidence
The quoted words were not found among the texts on this wiki.

Thus it is said. If one asks on what these abide: just as the world and its inhabitants abide in space, the aggregates, constituents and sense fields abide[68]Note 68 · p. 80 · khams with aggregates and sense fields is "constituents" per the glossary (GPT-6.2 Astra, Claude Fable 5.2, Dharmamitra, Gemini 4 Neon have "elements"); sems nyid is "mind itself" (Dharmamitra, Gemini 4 Neon have "nature of mind"). on karma and afflictions; those, on the mere self-appearance of discursive thought; and that abides in the state of empty mind itself (sems nyid). Therefore they are empty at first, empty now, and empty in the end; of the three—arising, ceasing and abiding—

[p. 81] they abide free. As that same text says:

Earth rests on water, water on wind,
And wind rests fully on space;
Space does not rest on the elements
Of wind, of water, or of earth.
Likewise the aggregates, constituents and sense faculties
Rest on karma and afflictions;
Karma and afflictions, on what is improper;[69]Note 69 · p. 81 · Uttaratantra citation: Longchenpa's text lacks the line yid la byed la rtag tu gnas found in the canonical verse, between "tshul bzhin min" and "tshul bzhin ma yin yid byed ni". It is translated as it stands ("on what is improper"); GPT-6.2 Astra silently supplies "improper attention".
Improper mental engagement
Rests fully on the purity of mind.
The nature of mind does not rest
On any phenomena at all.Rgyud bla maQuotation (the text says: the same source: དེ་ཉིད་ལས)
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས, theg pa chen po rgyud bla ma'i bstan bcos, The Sublime Continuum (Mahāyānottaratantraśāstra (Ratnagotravibhāga)), by Maitreya/Asaṅga · shastra; Tengyur; Toh 4024
Identification: high confidence
The quoted words are in Klong chen rab byams gsung 'bum/volume 025 566 (a parallel), 95 % of the words.

Thus it is said. Though they appear to arise, cease and abide, at the very time they are present they are not established as such. As the Secret Heart of the Magical Net (sGyu 'phrul gsang snying) says:

Ema! This wondrous, marvellous Dharma:[70]Note 70 · p. 81 · gSang snying citation: the stanzas are abbreviated in the Tibetan (isolated "Ema!"), and are kept so. chos in ngo mtshar rmad kyi chos is rendered "Dharma". skye ba is "arises/arising" to match the prose's arising, ceasing and abiding (Claude Fable 5.2 has "born/birth").
From the unborn, everything arises;
In the very arising, there is no arising.
Ema! In the very abiding, there is no abiding.
Ema! In the very ceasing, there is no ceasing.Gsang snyingQuotation (named in the text: སྒྱུ་འཕྲུལ་གསང་སྙིང་ལས)
གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ, gsang ba'i snying po de kho na nyid nges pa, The Secret Essence Tantra (Guhyagarbha) · tantra; Nyingma Gyubum; Toh 832
Identification: high confidence
The quoted words are in Ngb-pt-0183-vol-02-text (the text itself), 56 % of the words.

And as the Root Verses on Insight (rTsa ba shes rab) says:

Like a dream, like an illusion,[71]Note 71 · p. 81 · The part ends mid-word (sgyu | ma bzhin); the first verse line of the Root Verses is completed here ("like an illusion,"), and the next part should continue from the second line.

[p. 82] Like a city of gandharvas,[72]Note 72 · p. 82 · The part opens mid-verse (Mūlamadhyamakakārikā 7.34); "like an illusion" (sgyu ma bzhin) was already rendered at the end of the previous part and is not repeated, though GPT-6.2 Astra, Gemini 4 Neon, Claude Fable 5.2 repeat it.
So is arising, so is abiding,
And so too is destruction taught to be.Rtsa ba shes rabQuotation (named in the text: རྩ་བ་ཤེས་རབ་ལས)
དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ, dbu ma rtsa ba'i tshig le'ur byas pa shes rab, Root Verses on the Middle Way (Mūlamadhyamakakārikā), by Nāgārjuna · shastra; Tengyur; Toh 3824
Identification: high confidence
The quoted words are in Klong chen rab byams gsung 'bum/volume 016 432 (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 100 % of the words.

And that all the phenomena of appearance and existence (snang srid), whatever they may be, are free from the extremes of elaboration, such as arising and ceasing, from the very time they appear is stated in that same text:

He who taught dependent origination—
Without ceasing, without arising,
Without annihilation, without permanence,
Without coming, without going,
Neither different in meaning nor one in meaning—
The complete pacification of elaboration, peaceRtsa ba shes rabQuotation (the text says: the same source: དེ་ཉིད་ལས)

The quoted words are in དཔལ་དགྱེས་པ་རྡོ་རྗེའི་རྣམ་པར་བཤད་པ་དྲང་བ་དང་ངེས་པའི་དོན་གསལ་བར་བྱེད་པ་་་ (a parallel), 95 % of the words.
[73]Note 73 · p. 82 · spros pa nyer zhi zhir brten pa: the homage of the Mūlamadhyamakakārikā reads zhi bstan pa ("taught … peace"). I take zhir brten pa as a corruption and follow the standard reading, as GPT-6.2 Astra, Gemini 4 Neon, Claude Fable 5.2 do in supplying "taught". The citation breaks off before the homage's closing lines, so the sentence is left open.—

Thus it is said.

1.2.2.4.2 The particular utter purity བྱེ་བྲག་གི་རྣམ་དག1.2.2.4.2 The particular utter purity
All appearances of the three realms were grasped from aspects of the expanse and so abide as empty dharmatā like reflections; the aggregates, elements and so forth are matched to the kāyas and wisdoms, and the three doors are liberated as body, speech and mind.

Considered in particular:[74]Note 74 · p. 82 · bye brag rnam rtog ni: Dharmamitra and GPT-6.2 Astra take rnam rtog as "conceptual thought(s)", which does not fit what follows, since the passage matches saṃsāric appearances to kāyas and primordial wisdoms. Gemini 4 Neon silently emends to rnam dag ("specific purity"), which is attractive given the sentence's close (rnam dag bshad pa ni) but is not supported by any variant. I keep the text and read it, with Claude Fable 5.2, as "considered in particular". all the appearances (snang ba) of saṃsāra in the three realms were, at the very first too, grasped upon aspects of the expanse, and so each can be matched to an aspect of it. For this reason too they abide in fact, like reflections, as empty dharmatā. And now, at the time they appear, the aggregates, the elements ('byung ba) and so forth are matched to the aspects of the kāyas (sku) and primordial wisdoms (ye shes).

As for the nature in which the three doors (sgo gsum) are liberated (grol ba) as enlightened body, speech and mind (sku gsung thugs), the appearances of birth, aging, sickness and death

Translation notes
  • 40. [p. 72] སེམས་ཅན་ལ་འཁྲུལ་པའི་ཚུལ་བསྟན་པ: taken as parallel to rdo rje sems dpa' la, "the manner of delusion in sentient beings is shown" (close to GPT-6.2 Astra). Claude Fable 5.2, Dharmamitra and Gemini 4 Neon read "shown for/to sentient beings", which is also possible.
  • 41. [p. 72] འཁྲུལ་པ་ལ་བདག་པོར་བཟུང་བས: "takes delusion to be the master" (Dharmamitra, Gemini 4 Neon), by the construction X la Y-r bzung. Claude Fable 5.2's "taking hold of it, in delusion, as the master" and GPT-6.2 Astra's "in delusion apprehends a master" strain the la.
  • 42. [p. 72] རང་ངོའི་རྐྱེན: the text has "condition of own face" where the objective condition (dmigs pa'i rkyen) is expected. No variant is recorded, so the reading is kept (Claude Fable 5.2, GPT-6.2 Astra, Gemini 4 Neon); Dharmamitra silently writes "objective condition".
  • 43. [p. 72] rang shar and rang byung are kept apart as "self-arising" and "self-arisen" per the glossary; GPT-6.2 Astra uses "self-arisen" for both.
  • 44. [p. 72] The opening verse lists the topics that the following lines explain, so ma smin, rnam rtog and 'khor ba are three separate items (Claude Fable 5.2, GPT-6.2 Astra, Gemini 4 Neon), not "the saṃsāra of unripened conceptualization" (Dharmamitra). Dharmamitra's "[…]" is unwarranted, as the text is legible. The third line is one syllable short, and karma, explained below, is absent from the list, so a word such as las dang may have dropped out.
  • 45. [p. 73] འཁྲུལ་རྩ་བྱས: Adzom reads འཁྲུལ་རྩེ ("summit of delusion"). I follow the e-text's rtsa, "root of delusion", which fits ignorance as the cause.
  • 46. [p. 73] ལོ: "years" (Claude Fable 5.2, Gemini 4 Neon), confirmed by the commentary on the next page (lo bcu gnyis, twelve years); not "time" (Dharmamitra) or "years of life" (GPT-6.2 Astra).
  • 47. [p. 73] མཚུངས་པ་དང་ཚོགས་པའི་ལས: las is rendered "action" (cf. GPT-6.2 Astra "activity"), as the working by which things gather and spread, rather than "karma" (Claude Fable 5.2, Dharmamitra, Gemini 4 Neon). The sentence continues on the next page (mched, "spreading").
  • 48. [p. 74] phyir … nang du … rnams tshogs pas: I take the plural rnams and tshogs pas to cover the outer twelves (years, months) together with the inner twelve afflictions, as Dharmamitra does. Gemini 4 Neon, Claude Fable 5.2 and GPT-6.2 Astra restrict the "gathering" to the afflictions, which is also possible.
  • 49. [p. 74] zla ba'i cha bcu gnyis: read as the twelve parts of the months (Gemini 4 Neon, Claude Fable 5.2, GPT-6.2 Astra), not "phases of the moon" (Dharmamitra), since the pairing is with the twelve years and the number is twelve.
  • 50. [p. 74] gzhi las gzhi snang du shar dus: "when the ground-appearances arose from the ground" (Gemini 4 Neon, Dharmamitra, Claude Fable 5.2). GPT-6.2 Astra's "when the ground dawns as the appearance of the ground" ignores the ablative las.
  • 51. [p. 75] len pa (ninth link) is rendered "appropriation", following the glossary's note for nyer len as the ninth link and because "grasping" (all drafts) is reserved for 'dzin pa. Srid pa is "becoming" as the tenth link and "existence" elsewhere.
  • 52. [p. 75] chags sdang bar ma: bar ma is rendered "indifference", since the glossary reserves "neutral" for lung ma bstan (drafts: "neutrality").
  • 53. [p. 75] ci 'byung ma nges pa: rendered with the glossary's "indeterminate" (Dharmamitra), rather than "indefinite" (Gemini 4 Neon), "uncertain" (Claude Fable 5.2) or GPT-6.2 Astra's paraphrase.
  • 54. [p. 76] mer mer po: glossary "creamy stage". GPT-6.2 Astra's "gelatinous stage" is the glossary's rendering of nur nur po; Gemini 4 Neon, Dharmamitra, Claude Fable 5.2 have "oval".
  • 55. [p. 76] yang srid pa'i nye bar len pa stands in the place of the tenth link (becoming) in this second sequence. It is rendered "appropriation", as is the ninth link (yul dang las kyi len pa), with the Wylie given to mark the difference.
  • 56. [p. 77] khams with aggregates and sense fields is "constituents" per the glossary (all drafts: "elements"); skye mched is "sense fields" (drafts: "sense sources/bases").
  • 57. [p. 77] The last verse line (rgyun chags 'khor la / yun ring gnas) runs on to the next page; the translation stops at "and", as GPT-6.2 Astra does. Dharmamitra anticipated the next page's words.
  • 58. [p. 78] sna tshogs sdud pa'i lus sems la sogs pa lnga / kun nas 'tshol ba'i yid la sogs pa lnga: the Tibetan says only "the five, … and so forth"; "minds" and "mentations" are supplied from the "five minds, five mentations" of the Pearl Garland verse just cited. Gemini 4 Neon's "intellect" for yid is against the glossary (mentation).
  • 59. [p. 78] bsam pa dran pas 'dzin pa'i bdag tu rtog pa: the genitive makes this differ from the other four (X la bdag tu rtog pa). I read "conceiving of a self that holds thoughts by recollection", close to Dharmamitra; Claude Fable 5.2 has "conceiving as a self that which holds…" and GPT-6.2 Astra/Gemini 4 Neon "a self in thoughts retained by recollection". bsam pa is rendered "thoughts" rather than the glossary's "reflection", since it is not the bsam pa of hearing and reflection.
  • 60. [p. 78] 'gyu ba rang thog tu ma chod pa: "not cut through in its own place" (GPT-6.2 Astra, Claude Fable 5.2, Dharmamitra) rather than Gemini 4 Neon's "not resolved". Dharmamitra renders ngang as "expanse"; the glossary's "state" is kept.
  • 61. [p. 79] med pa gsal snang: read as "what does not exist yet clearly appears" (GPT-6.2 Astra, Claude Fable 5.2, Gemini 4 Neon). Dharmamitra's "luminous appearances … devoid of substantial existence" is rejected ("luminous" is reserved for 'od gsal).
  • 62. [p. 79] legs par bshad pa is taken with the second member only (general utter purity; thorough explanation of the particular), as in Claude Fable 5.2 and Gemini 4 Neon. GPT-6.2 Astra and Dharmamitra apply it to the whole division.
  • 63. [p. 79] thag pa rags pa ltar snang … rdul phran cha med stong pa ltar: one continuous simile (coarse rope → single hairs → partless particles, empty), as in GPT-6.2 Astra, Claude Fable 5.2, Gemini 4 Neon. Dharmamitra breaks it in two and renders rags pa as "a single whole".
  • 64. [p. 79] sbrul mthong (twice): Adzom reads sprul ("emanation"). I follow the e-text's sbrul ("snake"), which the rope example requires.
  • 65. [p. 79] don dam kun rdzob gzugs can no: read as "the ultimate bearing the form of the relative" (Claude Fable 5.2, Gemini 4 Neon). GPT-6.2 Astra has "ultimately empty, conventionally possessed of form" and Dharmamitra "the ultimate and the relative possess form". The line is terse and the other construals are possible.
  • 66. [p. 80] mtho la byar snang: taken, with all the drafts, as a cairn (mtho = tho) appearing as a bird; the reading is not certain.
  • 67. [p. 80] ling de gnas pa: I follow Adzom's ling nge ("suspended, hovering"); the e-text's ling de is not a word. Dharmamitra's "abiding distinct" misses the sense.
  • 68. [p. 80] khams with aggregates and sense fields is "constituents" per the glossary (GPT-6.2 Astra, Claude Fable 5.2, Dharmamitra, Gemini 4 Neon have "elements"); sems nyid is "mind itself" (Dharmamitra, Gemini 4 Neon have "nature of mind").
  • 69. [p. 81] Uttaratantra citation: Longchenpa's text lacks the line yid la byed la rtag tu gnas found in the canonical verse, between "tshul bzhin min" and "tshul bzhin ma yin yid byed ni". It is translated as it stands ("on what is improper"); GPT-6.2 Astra silently supplies "improper attention".
  • 70. [p. 81] gSang snying citation: the stanzas are abbreviated in the Tibetan (isolated "Ema!"), and are kept so. chos in ngo mtshar rmad kyi chos is rendered "Dharma". skye ba is "arises/arising" to match the prose's arising, ceasing and abiding (Claude Fable 5.2 has "born/birth").
  • 71. [p. 81] The part ends mid-word (sgyu | ma bzhin); the first verse line of the Root Verses is completed here ("like an illusion,"), and the next part should continue from the second line.
  • 72. [p. 82] The part opens mid-verse (Mūlamadhyamakakārikā 7.34); "like an illusion" (sgyu ma bzhin) was already rendered at the end of the previous part and is not repeated, though GPT-6.2 Astra, Gemini 4 Neon, Claude Fable 5.2 repeat it.
  • 73. [p. 82] spros pa nyer zhi zhir brten pa: the homage of the Mūlamadhyamakakārikā reads zhi bstan pa ("taught … peace"). I take zhir brten pa as a corruption and follow the standard reading, as GPT-6.2 Astra, Gemini 4 Neon, Claude Fable 5.2 do in supplying "taught". The citation breaks off before the homage's closing lines, so the sentence is left open.
  • 74. [p. 82] bye brag rnam rtog ni: Dharmamitra and GPT-6.2 Astra take rnam rtog as "conceptual thought(s)", which does not fit what follows, since the passage matches saṃsāric appearances to kāyas and primordial wisdoms. Gemini 4 Neon silently emends to rnam dag ("specific purity"), which is attractive given the sentence's close (rnam dag bshad pa ni) but is not supported by any variant. I keep the text and read it, with Claude Fable 5.2, as "considered in particular".
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the text announces and opens), gold the quotations, red the words of a quotation that Longchenpa repeats in order to explain them, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Words of a quotation being explainedAuthor's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 72]
བ་འགྱུར་ཏེ་ཡུལ་དུ་མའི་རྗེས་སུ་འབྲེངས་ཏེ་ཐམས་ཅད་ལ་རྟོག་པའོ། །ཆོས་ཀྱི་སྐུའི་སྣང་བ་མ་འགྱུར་ཡང་འཁྲུལ་པའི་སྣང་བ་ལ་འགྱུར་འགྱུར་ལྟར་བྱུང་བའོ། །རྡོ་རྗེ་སེམས་དཔའ་ལ་འཁྲུལ་པ་མི་མངའ་ཡང་སེམས་ཅན་ལ་འཁྲུལ་པའི་ཚུལ་བསྟན་པའོ། །ཐ་མ་རང་གི་སྣང་བ་རང་རྐྱེན་གྱི་གཞི་ལ་བཟློག་པའོ། །གཉིས་སུ་མེད་པའི་སྣང་བ་རང་ཤར་བར་མ་ཤེས་ཏེ་འཁྲུལ་པ་ལ་བདག་པོར་བཟུང་བས་བདག་པོའི་རྐྱེན་ནོ། །རང་རིག་པའི་འབྲས་བུ་རང་ཤར་བར་མ་ཤེས་ཏེ་རྒྱུ་ཉིད་ལྟོས་ཅན་དུ་བཟུང་བས་རྒྱུའི་རྐྱེན་ནོ། །ཡུལ་དང་ཤེས་པ་སྟོང་པར་ནི་མ་ཤེས་ཏེ་དམིགས་པ་ལ་ཡུལ་དུ་བཟུང་བས་རང་ངོའི་རྐྱེན་ནོ། །དུས་ལ་ལྟོས་ནས་འོད་རང་བྱུང་བར་མ་ཤེས་ཏེ་དེ་མ་ཡིན་ལ་དེར་འཛིན་པའི་ཤེས་པ་བྱུང་བས་མཚུངས་པ་དེ་མ་ཐག་པའི་རྐྱེན་ནོ་ཞེས་དང༌། ཐལ་འགྱུར་ལས། དེ་ལ་འཁྲུལ་པའི་རྒྱུ་དང་རྐྱེན།
།ཆ་དང་ཡན་ལག་ཉིད་དང་

appearances change: following after manifold objects, there is conceptual thought about everything. Although the appearance of the dharmakāya (chos kyi sku) does not change, in deluded appearances it came to be as though changing and changing again. Although Vajrasattva has no delusion, the manner of delusion in sentient beings is shown.[40]Note 40 · p. 72 · སེམས་ཅན་ལ་འཁྲུལ་པའི་ཚུལ་བསྟན་པ: taken as parallel to rdo rje sems dpa' la, "the manner of delusion in sentient beings is shown" (close to GPT-6.2 Astra). Claude Fable 5.2, Dharmamitra and Gemini 4 Neon read "shown for/to sentient beings", which is also possible. In the end, one's own appearances are turned back upon the ground of their own conditions. Not knowing nondual appearance to be self-arising (rang shar),[43]Note 43 · p. 72 · rang shar and rang byung are kept apart as "self-arising" and "self-arisen" per the glossary; GPT-6.2 Astra uses "self-arisen" for both. one takes delusion to be the master,[41]Note 41 · p. 72 · འཁྲུལ་པ་ལ་བདག་པོར་བཟུང་བས: "takes delusion to be the master" (Dharmamitra, Gemini 4 Neon), by the construction X la Y-r bzung. Claude Fable 5.2's "taking hold of it, in delusion, as the master" and GPT-6.2 Astra's "in delusion apprehends a master" strain the la. and so there is the dominant condition. Not knowing the result of self-awareness (rang rig pa) to be self-arising, one takes the cause itself to be something dependent, and so there is the causal condition. Not knowing object and cognition to be empty, one takes what is referred to as an object, and so there is the condition of own face.[42]Note 42 · p. 72 · རང་ངོའི་རྐྱེན: the text has "condition of own face" where the objective condition (dmigs pa'i rkyen) is expected. No variant is recorded, so the reading is kept (Claude Fable 5.2, GPT-6.2 Astra, Gemini 4 Neon); Dharmamitra silently writes "objective condition". With regard to time, not knowing the light to be self-arisen (rang byung), there arises a cognition that holds what is not that to be that, and so there is the concurrent immediately preceding condition.Bkra shis mdzes ldanQuotation (named in the text: བཀྲ་ཤིས་མཛེས་ལྡན་ལས)
བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད, bkra shis mdzes ldan chen po'i rgyud, Auspicious Beauty · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0057-vol-01-text (the text itself), 63 % of the words.

And the Reverberation of Sound says:

As to that: the cause and conditions of delusion,[44]Note 44 · p. 72 · The opening verse lists the topics that the following lines explain, so ma smin, rnam rtog and 'khor ba are three separate items (Claude Fable 5.2, GPT-6.2 Astra, Gemini 4 Neon), not "the saṃsāra of unripened conceptualization" (Dharmamitra). Dharmamitra's "[…]" is unwarranted, as the text is legible. The third line is one syllable short, and karma, explained below, is absent from the list, so a word such as las dang may have dropped out.
The parts and the limbs themselves, and also

[p. 73]
ཡང༌།
།མ་སྨིན་རྣམ་རྟོག་འཁོར་བའོ།
།མ་རིག་པ་ནི་རྣམ་པ་གསུམ།
།བདག་ཉིད་གཅིག་པས་འཁྲུལ་རྩ་བྱས།
།ལྷན་ཅིག་སྐྱེས་པས་རྟོག་པ་གཉིས།
།ཀུན་ཏུ་བརྟགས་པས་ཡུལ་དུ་གྱུར།
།རྐྱེན་ནི་རྣམ་པ་བཞི་དག་གིས།
།འདུས་ཤིང་བཟུང་བས་འཁྲུལ་ཞེས་བྱ།
།ཆ་ནི་འདུ་བྱེད་ལ་སོགས་པས།
།འཁྲུལ་ཡུལ་ཆ་ལས་བཅུ་གཉིས་ཕྱེད།
།སྨིན་པས་ལོ་དང་བྱེད་ལས་སོ།
།ཡན་ལག་སྤྲོས་པ་ཐ་དད་ལས།
།ཐམས་ཅད་མིང་གི་བྱེ་བྲག་ཏུ།
།འཁྲུལ་པའི་ཡུལ་ལ་རྣམ་གཉིས་འགྱུར།
།ལས་ཀྱིས་འདོད་དང་གཟུགས་ཀྱི་ཁམས།
།གཟུགས་མེད་རྣམས་ཏེ་རྣམ་གསུམ་བྱེད།
།མ་སྨིན་པས་ནི་རིགས་དྲུག་གཟུགས།
།མིང་དང་བྱེད་ལས་ཐ་དད་འགྱུར།
།རྣམ་རྟོག་བག་ལ་ཉལ་བ་དང༌།
།ཀུན་ནས་ལྡང་དང་ཁྱབ་ཚུལ་ལོ།
།འཁོར་བ་ཞེས་པ་མཚུངས་པ་དང༌།
།ཚོགས་པའི་ལས་ཏེ་སྡུད་དང་

The unripened, discursive thought and saṃsāra.
Ignorance is of three kinds:
That of single identity made the root of delusion;[45]Note 45 · p. 73 · འཁྲུལ་རྩ་བྱས: Adzom reads འཁྲུལ་རྩེ ("summit of delusion"). I follow the e-text's rtsa, "root of delusion", which fits ignorance as the cause.
Through the coemergent, conceptual thought is twofold;
Through the imputational, there came to be objects.
As for the conditions: because the four kinds
Come together and take hold, it is called delusion.
As for the parts: through formations ('du byed) and the rest,
By the parts of the objects of delusion, twelve are distinguished;
Through ripening there are the years and the functions[46]Note 46 · p. 73 · ལོ: "years" (Claude Fable 5.2, Gemini 4 Neon), confirmed by the commentary on the next page (lo bcu gnyis, twelve years); not "time" (Dharmamitra) or "years of life" (GPT-6.2 Astra). (byed las).
As for the limbs: from distinct elaborations (spros pa),
Everything, as particulars of names,
Becomes twofold in the objects of delusion.
Karma makes the realms of desire and of form
And the formless ones, these three kinds.
Through being unripened, the forms of the six classes of beings (rigs drug),
Their names and their functions, become distinct.
Discursive thought (rnam rtog): the latent tendencies,
The fully arisen, and the manner of pervading.
What is called saṃsāra: the concurrent
And the action of assembling,[47]Note 47 · p. 73 · མཚུངས་པ་དང་ཚོགས་པའི་ལས: las is rendered "action" (cf. GPT-6.2 Astra "activity"), as the working by which things gather and spread, rather than "karma" (Claude Fable 5.2, Dharmamitra, Gemini 4 Neon). The sentence continues on the next page (mched, "spreading"). namely gathering and

[p. 74]
མཆེད།
།རྫོགས་དང་བྱེ་བྲག་སྣ་ཚོགས་པའོ།
།ཞེས་སོ། །དེ་ཡང་རིག་པ་གཞི་ནས་འཕགས་ཏེ་མ་སྨིན་པས་ཁམས་གསུམ་རིགས་དྲུག་ཏུ་སོ་སོའི་ལས་ཀྱིས་འཁོར་བ་དེ་ཡང་དང་པོ་རྟེན་འབྲེལ་བཅུ་གཉིས་ལས་འཁྲུལ་ཏེ་ཕྱིར་ལོ་བཅུ་གཉིས་དང་ཟླ་བའི་ཆ་བཅུ་གཉིས་ནང་དུ་ཉོན་མོངས་པ་བཅུ་གཉིས་རྣམས་ཚོགས་པས་སྐྱེ་མཆེད་བཅུ་གཉིས་སུ་སྲིད་པར་བྱས་པ་ནི་རྟེན་འབྲེལ་ལུགས་སུ་འཇུག་པ་བཅུ་གཉིས་མ་དག་པ་ལས་འབྱུང་བ་སྟེ། གཞི་ལས་གཞི་སྣང་དུ་ཤར་དུས་རིག་པའི་རྩལ་ལས་ཡིད་ཀྱི་ཤེས་པ་བྱུང་སྟེ་རང་ངོ་མ་ཤེས་པ་དང་ལྷན་ཅིག་པས་མ་རིག་པའོ། །དེ་ལས་འཁྲུལ་པས་འདུ་བྱེད་དོ། །དེ་ལས་ཡུལ་གྱི་རྣམ་པ་ལ་དཔྱོད་པས་རྣམ་པར་ཤེས་པའོ། །དེ་ལས་འདི་ནི་ཡུལ་ལོ་སྣང་བའོ་ཞེས་པ་ལ་སོགས་པའི་མིང་དུ་འབྱེད་པའོ། །དེ་ལས་མིང་ཅན་དོན་གྱི་རང་བཞིན་གཟུགས་སུ་འཛིན་པས་སྲིད་པའི་འཁྲུལ་པ་དང་པོ་མིང་

spreading,
Completion, and the manifold particulars.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (The root tantra of the Seventeen Tantras; the name 'gsang ba sgra rgyud' appears to refer to it as well.)
The quoted words are in Ngb-pt-0056-vol-01-text (the text itself), 75 % of the words.

Thus it is said.

1.2.2.2 The twelve links of dependent origination རྟེན་འབྲེལ་བཅུ་གཉིས1.2.2.2 The twelve links of dependent origination (topical division)
Explains the twelve links in forward order as they first spread from the ground-appearances, then, in passing, as they operate in each individual rebirth from ignorance to death, citing the Self-Arising.

Now, awareness having risen up from the ground and being unripened, there is circling in the three realms and among the six classes of beings through the karma of each; and that, too, is at first delusion arising from the twelve links of dependent origination (rten 'brel). Outwardly the twelve years and the twelve parts of the months,[49]Note 49 · p. 74 · zla ba'i cha bcu gnyis: read as the twelve parts of the months (Gemini 4 Neon, Claude Fable 5.2, GPT-6.2 Astra), not "phases of the moon" (Dharmamitra), since the pairing is with the twelve years and the number is twelve. and inwardly the twelve afflictions, come together,[48]Note 48 · p. 74 · phyir … nang du … rnams tshogs pas: I take the plural rnams and tshogs pas to cover the outer twelves (years, months) together with the inner twelve afflictions, as Dharmamitra does. Gemini 4 Neon, Claude Fable 5.2 and GPT-6.2 Astra restrict the "gathering" to the afflictions, which is also possible. whereby existence (srid pa) is brought about as the twelve sense fields (skye mched); and this arises from the impure twelve links of dependent origination in forward order (lugs su 'jug pa). When the ground-appearances arose from the ground,[50]Note 50 · p. 74 · gzhi las gzhi snang du shar dus: "when the ground-appearances arose from the ground" (Gemini 4 Neon, Dharmamitra, Claude Fable 5.2). GPT-6.2 Astra's "when the ground dawns as the appearance of the ground" ignores the ablative las. a mental cognition (yid kyi shes pa) came forth from the dynamic energy of awareness, and since it is accompanied by not recognizing its own face, this is ignorance. From that, through delusion, there are formations. From that, through examining the aspects of objects, there is consciousness. From that, there is the differentiating into names, such as "this is an object" and "this is an appearance." From that, through grasping as form the nature of the referent that bears the name, there is the first delusion of existence, which is called name

[p. 75]
དང་གཟུགས་ཞེས་བྱའོ། །དེ་ལས་ཡུལ་གྱི་རྣམ་པ་དྲུག་ལ་ཤེས་པ་སྐྱེ་ཞིང་མཆེད་པའི་སྐྱེ་མཆེད་དྲུག་ཏུ་བྱུང་ངོ༌། །དེ་ལས་ཡུལ་འཛིན་པའི་རེག་པའོ། །དེ་ལས་ཆགས་སྡང་བར་མའི་ཆའི་ཚོར་བའོ། །དེ་ལས་ཡུལ་ལ་ཞེན་པའི་སྲེད་པའོ། །དེ་ལས་ཕྱིས་ཀྱི་ལེན་པ་པོ་དང་དེ་ལྟར་ཡུལ་དང་དུ་ལེན་པའི་ལེན་པའོ། །དེ་ལས་འཁྲུལ་པ་དུ་མར་སྣང་བ་དང་བྱེད་པ་མྱོང་བའི་ཆ་ཅི་འབྱུང་མ་ངེས་པ་བསྐྱེད་པས་སྲིད་པའོ། །དེ་ལས་གཟུགས་མེད་གཟུགས་དང་འདོད་པར་སྐྱེ་བས་སྐྱེ་བའོ། །དེ་ལས་རྒས་པ་དང་ན་བ་དང་ཤི་བའི་བར་དུ་འབྱུང་སྟེ་ཡང་དང་ཡང་དུ་དེ་ལྟར་འཁོར་བས་འཁོར་བའི་རྒྱུ་རྟེན་འབྲེལ་ལུགས་སུ་འཇུག་པ་བཅུ་གཉིས་གཞི་སྣང་ལས་དང་པོར་མཆེད་པའོ། །དེ་ལས་སྲིད་པ་སོ་སོར་འཁྲུལ་དུས་ཀྱི་རྟེན་འབྲེལ་བཅུ་གཉིས་ཀྱང་ཞར་ལ་ཤེས་པར་བྱ་སྟེ། ཆོས་ཉིད་ནུབ་ནས་རང་མ་རིག་པ་ལས་ཕྱི་མའི་འདུ་བྱེད་དང༌།

and form (ming dang gzugs). From that there came about the six sense fields, in which cognition arises and spreads toward the six aspects of objects. From that there is contact (reg pa), which grasps objects. From that there is feeling (tshor ba), in its parts of attachment, aversion and indifference.[52]Note 52 · p. 75 · chags sdang bar ma: bar ma is rendered "indifference", since the glossary reserves "neutral" for lung ma bstan (drafts: "neutrality"). From that there is craving (sred pa), which clings (zhen pa) to objects. From that there is appropriation (len pa):[51]Note 51 · p. 75 · len pa (ninth link) is rendered "appropriation", following the glossary's note for nyer len as the ninth link and because "grasping" (all drafts) is reserved for 'dzin pa. Srid pa is "becoming" as the tenth link and "existence" elsewhere. the subsequent appropriator and, in that way, the taking on of objects. From that there is becoming, since it generates delusion's appearing as manifold and the parts of acting and experiencing, in which whatever will occur is indeterminate[53]Note 53 · p. 75 · ci 'byung ma nges pa: rendered with the glossary's "indeterminate" (Dharmamitra), rather than "indefinite" (Gemini 4 Neon), "uncertain" (Claude Fable 5.2) or GPT-6.2 Astra's paraphrase. (ma nges pa). From that there is birth (skye ba), since one is born in the formless, form and desire realms. From that there occur aging, sickness and so on up to death; and since one circles in that way again and again, this is the first spreading, from the ground-appearances, of the twelve links of dependent origination in forward order, the cause of saṃsāra. Following from that, the twelve links of dependent origination at the time of being deluded into each individual existence should also be understood in passing.

When dharmatā has set, from ignorance of oneself there come the formations of the next life;

[p. 76]
རྣམ་ཤེས་ཀྱི་ཆས་ལུས་འཚོལ་བ་དང༌། མངལ་དུ་ཚུད་དེ་མེར་མེར་པོ་ལ་སོགས་པ་ནས་མིང་དང་གཟུགས་སུ་གྲུབ་པ་དང༌། དེའི་སྐྱེ་མཆེད་དྲུག་དང༌། རྐྱེན་འདུས་པས་རེག་པ་དང༌། བདེ་སྡུག་གི་ཚོར་བ་དང༌། མྱོང་བ་ལ་སྲེད་པ་དང༌། ཡུལ་དང་ལས་ཀྱི་ལེན་པ་དང༌། ཡང་སྲིད་པའི་ཉེ་བར་ལེན་པ་དང༌། མངལ་ནས་སྐྱེ་བ་དང༌། དར་ལ་བབ་པའི་ཚོགས་པ་གཞན་དུ་འགྱུར་བའི་བརྒྱུད་པ་ནི་རྒས་པ་དང་མཐར་འཆི་བ་སྟེ་འབྲེལ་ཆགས་སུ་འབྱུང་བ་ནི། རང་ཤར་ལས། དེ་ཡང་མ་རིག་པ་ལས་བྱུང༌།
།མ་རིག་པ་ལས་འདུ་བྱེད་དོ།
།འདུ་བྱེད་རྣམ་པར་ཤེས་པའོ།
།རྣམ་པར་ཤེས་ལས་མིང་འབྱུང་ཞིང༌།
།མིང་ལས་གཟུགས་ཀྱི་རང་བཞིན་འབྱུང༌།
།གཟུགས་ལས་སྐྱེ་མཆེད་རྣམ་དྲུག་འབྱུང༌།
།སྐྱེ་མཆེད་དྲུག་ལས་རེག་པ་འབྱུང༌།
།རེག་ལས་ཚོར་བ་འབྱུང་བར་འགྱུར།
།ཚོར་ལས་སྲེད་པ་འབྱུང་བར་འགྱུར།
།

the seeking of a body by the part that is consciousness; entering the womb and becoming established as name and form from the creamy stage (mer mer po)[54]Note 54 · p. 76 · mer mer po: glossary "creamy stage". GPT-6.2 Astra's "gelatinous stage" is the glossary's rendering of nur nur po; Gemini 4 Neon, Dharmamitra, Claude Fable 5.2 have "oval". and so forth onward; its six sense fields; contact, through the coming together of conditions; the feeling of pleasure and pain; craving for what is experienced; the appropriation of objects and karma; the appropriation (nye bar len pa) of a renewed existence;[55]Note 55 · p. 76 · yang srid pa'i nye bar len pa stands in the place of the tenth link (becoming) in this second sequence. It is rendered "appropriation", as is the ninth link (yul dang las kyi len pa), with the Wylie given to mark the difference. birth from the womb; and the succession in which the assemblage that has reached its prime changes into something else, which is aging, and at the end death. That these occur in unbroken connection is stated in the Self-Arising:

That, too, came from ignorance.
From ignorance, formations;
From formations, consciousness.
From consciousness name arises,
And from name the nature of form arises.
From form the six kinds of sense fields arise.
From the six sense fields contact arises.
From contact feeling comes to arise.
From feeling craving comes to arise.

[p. 77]
སྲེད་པ་ལས་ནི་ལེན་པ་འབྱུང༌།
།ལེན་པ་ལས་ནི་སྲིད་པ་འབྱུང༌།
།སྲིད་པ་ལས་ནི་སྐྱེ་བ་འབྱུང༌།
།སྐྱེ་བ་ལས་ནི་རྒས་པ་འབྱུང༌།
།རྒས་པ་ལས་ནི་ན་བ་འབྱུང༌།
།ན་བ་ལས་ནི་འཆི་བ་འབྱུང༌།
།ཞེས་སོ། །དེ་ལྟར་འཁྲུལ་སྣང་འཁོར་བར་སྣང་བ་ཡང་རང་མ་རིག་པས་མེད་པ་ལ་བདག་ཏུ་བཟུང་བའི་བག་ཆགས་མཐུ་བརྟས་པ་ལས་འབྱུང་སྟེ། སོ་སོའི་ལུས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པར་གྲུབ་ནས་གཅིག་ནས་གཅིག་ཏུ་འཁོར་ཞིང་གཏན་དུ་སྲིད་པ་ན་གནས་པ་ནི། མུ་ཏིག་ཕྲེང་བ་ལས། དེ་ལྟར་འཇིག་རྟེན་གསུམ་པོ་ནི།
།ཕུང་པོ་ལྔ་དང་དབང་པོ་ལྔ།
།ཡན་ལག་ལྔ་དང་དོན་སྙིང་ལྔ།
།ཡུལ་ལྔ་དང་ནི་ཉོན་མོངས་ལྔ།
།སེམས་ལྔ་ཡིད་ལྔ་རྟོག་པ་ལྔ།
།གཟུང་འཛིན་འཁོར་བ་ཉིད་དུ་གྲུབ།
།འཁྲུལ་པ་གཉིས་སྣང་དེ་ལྟ་བུ།
།དཔེར་ན་མྱུར་འགྲོ་འཁོར་ལོ་བཞིན།
།རྒྱུན་ཆགས་འཁོར་ལ་

From craving, appropriation arises.
From appropriation, becoming arises.
From becoming, birth arises.
From birth, aging arises.
From aging, sickness arises.
From sickness, death arises.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

Thus it is said.

1.2.2.3 Establishment as aggregates and circling in saṃsāra ཕུང་པོ་ཁམས་སྐྱེ་མཆེད་དུ་གྲུབ་ནས་འཁོར་ཚུལ1.2.2.3 Establishment as aggregates and circling in saṃsāra (topical division)
Habitual tendencies of self-grasping establish beings as aggregates, constituents and sense fields who circle perpetually; citing the Pearl Garland, the sets of five (objects, afflictions, minds, mentations, conceptual thoughts) are traced to non-recognition of the five lights, wisdoms, dharmatā's radiance and winds.

In that way, the appearing of deluded appearances ('khrul snang) as saṃsāra also arises from the growth in strength of the habitual tendencies (bag chags) of having held, through ignorance of oneself, to a self where there is none. Having become established as the aggregates (phung po), constituents (khams),[56]Note 56 · p. 77 · khams with aggregates and sense fields is "constituents" per the glossary (all drafts: "elements"); skye mched is "sense fields" (drafts: "sense sources/bases"). sense fields and so forth of their individual bodies, beings circle from one to another and abide perpetually in existence. As the Pearl Garland (Mu tig phreng ba) says:

Thus the three worlds—
The five aggregates and the five sense faculties (dbang po),
The five limbs and the five vital organs (don snying),
The five objects and the five afflictions,
The five minds, five mentations and five conceptual thoughts—
Are established as saṃsāra itself, apprehended and apprehender.
Such is delusion, dualistic appearance:
For example, like a swiftly moving wheel,
It circles continuously and[57]Note 57 · p. 77 · The last verse line (rgyun chags 'khor la / yun ring gnas) runs on to the next page; the translation stops at "and", as GPT-6.2 Astra does. Dharmamitra anticipated the next page's words.

[p. 78]
ཡུན་རིང་གནས། ཞེས་སོ། །དེ་ཡང་གཟུགས་ལ་སོགས་པའི་ཡུལ་ལྔ་ནི་འོད་ལྔ་རང་སྣང་དུ་མ་ཤེས་པར་བཟུང་བའི་ཆ་ལས་བྱུང་ཞིང༌། ཉོན་མོངས་པ་ལྔ་ནི་ཡེ་་ཤེས་ལྔ་རང་ངོ་མ་ཤེས་པའི་ཆ་ལས་བྱུང༌། སྣ་ཚོགས་སྡུད་པའི་ལུས་སེམས་ལ་སོགས་པ་ལྔ་ནི་ཆོས་ཉིད་ཀྱི་རང་གདངས་མ་དག་པ་ལས་བྱུང༌། ཀུན་ནས་འཚོལ་བའི་ཡིད་ལ་སོགས་པ་ལྔ་ནི་རླུང་ལྔ་རྣམ་པར་མ་དག་པ་ལས་བྱུང༌། བསམ་པ་དྲན་པས་འཛིན་པའི་བདག་ཏུ་་རྟོག་་པ་དང༌། ཡུལ་དུ་མ་ལ་བདག་ཏུ་རྟོག་པ་དང༌། འགྱུ་བ་ཐ་དད་པ་ལ་བདག་ཏུ་རྟོག་པ་དང༌། ཤེས་པའི་རྣམ་པ་ཙམ་ལ་བདག་ཏུ་རྟོག་པ་དང༌། ཆོས་རྣམ་པར་སེམས་པ་དང་བཅས་པ་ལ་བདག་ཏུ་རྟོག་པ་དང་ལྔ་ནི་འགྱུ་བ་རང་ཐོག་ཏུ་མ་ཆོད་པ་ལས་བྱུང་བའོ། །དེ་ལྟར་མ་དག་པ་འཁོར་བའི་ཆོས་རྣམས་རིག་པའི་ངང་ལས་བྱུང་ངང་ལ་གནས་ངང་ལ་རོལ་པ་ཙམ་ལས་གཞན་དུ་གཡོས་པ་ཅུང་ཟད་ཀྱང་མེད་

abides for a long time.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Klong chen rab byams gsung 'bum/volume 007 198 (a parallel: མཁའ་འགྲོ་སྙིང་ཏིག་གི་མན་ངག་ཟབ་དོན་རྒྱ་མཚོའི་སྤྲིན), 61 % of the words.

Thus it is said. Moreover, the five objects, form and so forth, arise from the aspect of grasping the five lights ('od lnga) without knowing them to be self-appearance.

The five afflictions arise from the aspect of not recognizing the own face of the five primordial wisdoms (ye shes lnga). The five minds, the body-mind that gathers the manifold[58]Note 58 · p. 78 · sna tshogs sdud pa'i lus sems la sogs pa lnga / kun nas 'tshol ba'i yid la sogs pa lnga: the Tibetan says only "the five, … and so forth"; "minds" and "mentations" are supplied from the "five minds, five mentations" of the Pearl Garland verse just cited. Gemini 4 Neon's "intellect" for yid is against the glossary (mentation). and so forth, arise from the natural radiance (rang gdangs) of dharmatā being impure. The five mentations, the mentation that searches everywhere and so forth, arise from the five winds (rlung lnga) not being utterly pure. Conceiving of a self that holds thoughts[59]Note 59 · p. 78 · bsam pa dran pas 'dzin pa'i bdag tu rtog pa: the genitive makes this differ from the other four (X la bdag tu rtog pa). I read "conceiving of a self that holds thoughts by recollection", close to Dharmamitra; Claude Fable 5.2 has "conceiving as a self that which holds…" and GPT-6.2 Astra/Gemini 4 Neon "a self in thoughts retained by recollection". bsam pa is rendered "thoughts" rather than the glossary's "reflection", since it is not the bsam pa of hearing and reflection. by means of recollection (dran pa); conceiving the many objects to be a self; conceiving the distinct movements to be a self; conceiving the mere aspect of cognition to be a self; and conceiving phenomena (chos), together with the thinking about them, to be a self—these five conceptual thoughts arise from movement not having been cut through in its own place.[60]Note 60 · p. 78 · 'gyu ba rang thog tu ma chod pa: "not cut through in its own place" (GPT-6.2 Astra, Claude Fable 5.2, Dharmamitra) rather than Gemini 4 Neon's "not resolved". Dharmamitra renders ngang as "expanse"; the glossary's "state" is kept.

1.2.2.4 The utter purity of saṃsāra འཁོར་བའི་རྣམ་དག1.2.2.4 The utter purity of saṃsāra (topical division)
Impure appearances never stir from awareness, like dreams from sleep. In general they are empty self-appearance free of arising, abiding and ceasing; in particular the aggregates, elements and three doors are matched to the kāyas and wisdoms as empty dharmatā.

Thus the impure phenomena of saṃsāra arise from the state of awareness, abide in that state, and merely play (rol pa) in that state; apart from this, they have not stirred elsewhere even in the slightest,

[p. 79]
པ་ནི་རྨི་ལམ་གཉིད་ཀྱི་ངང་ལས་མ་གཡོས་པ་ལྟ་བུ་སྟེ། དོན་ལ་སྟོང་གཟུགས་མེད་པ་གསལ་སྣང་གི་ཆོ་འཕྲུལ་ཙམ་དུ་བསྟན་པ་ནི་འཁོར་བའི་རྣམ་དག་སྟེ། འདི་ལ་སྤྱིའི་རྣམ་དག་དང་བྱེ་བྲག་གི་རྣམ་དག་ལེགས་པར་བཤད་པ་གཉིས་ལས། དང་པོ་བསྟན་ན་ཡེ་སྟོང་རང་སྣང་རོལ་པ་ཙམ་དུ་སྣང་བ་ནི་དཔེར་ན་ཐག་པ་རགས་པ་ལྟར་སྣང་ཡང་རང་དོན་ལ་སྤུ་རེ་རེ་བ། དེ་ཡང་རྡུལ་ཕྲན་ཆ་མེད་སྟོང་པ་ལྟར་འཁྲུལ་སྣང་རགས་པ་ལྟར་སྣང་ཡང་དོན་ལ་སྐྱེ་འགག་གནས་གསུམ་དང་བྲལ་བའི་རང་སྣང་སྟོང་པ་སྟེ། མུ་ཏིག་ཕྲེང་བ་ལས། དེ་ལྟར་སྣང་བ་སྣ་ཚོགས་རྣམས།
།ཐག་པ་ལ་ནི་སྦྲུལ་མཐོང་བཞིན།
།དེ་མ་ཡིན་ལ་དེར་བཟུང་བས།
།ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས།
།དེ་ཡང་བརྟགས་ན་ཐག་པ་ཉིད།
།སྣོད་བཅུད་ཡེ་ནས་སྟོང་པ་སྟེ།
།དོན་དམ་ཀུན་རྫོབ་གཟུགས་ཅན་ནོ།
།སྦྲུལ་མཐོང་དེ་ཉིད་

which is like a dream not stirring from the state of sleep. To show that they are in fact empty forms (stong gzugs), the mere magical display of what does not exist yet clearly appears,[61]Note 61 · p. 79 · med pa gsal snang: read as "what does not exist yet clearly appears" (GPT-6.2 Astra, Claude Fable 5.2, Gemini 4 Neon). Dharmamitra's "luminous appearances … devoid of substantial existence" is rejected ("luminous" is reserved for 'od gsal). is the utter purity of saṃsāra. In this there are two parts: the general utter purity, and the thorough explanation of the particular utter purity.[62]Note 62 · p. 79 · legs par bshad pa is taken with the second member only (general utter purity; thorough explanation of the particular), as in Claude Fable 5.2 and Gemini 4 Neon. GPT-6.2 Astra and Dharmamitra apply it to the whole division.

1.2.2.4.1 The general utter purity སྤྱིའི་རྣམ་དག1.2.2.4.1 The general utter purity
Deluded appearances, like a rope seen as a snake, are empty self-appearance free of arising, abiding and ceasing, like clouds in the sky or illusions. Cites the Pearl Garland, Uttaratantra, Secret Heart of the Magical Net and Root Verses on Insight.

To show the first: what appears as the mere play of primordially empty self-appearance is as follows. A rope, for example, appears to be something coarse,[63]Note 63 · p. 79 · thag pa rags pa ltar snang … rdul phran cha med stong pa ltar: one continuous simile (coarse rope → single hairs → partless particles, empty), as in GPT-6.2 Astra, Claude Fable 5.2, Gemini 4 Neon. Dharmamitra breaks it in two and renders rags pa as "a single whole". yet in itself it is single hairs, strand by strand, and these in turn are partless particles, empty. In the same way, deluded appearances appear to be coarse, yet they are in fact empty self-appearance, free from the three: arising, ceasing and abiding. As the Pearl Garland says:

Thus the manifold appearances
Are like seeing a snake in a rope:[64]Note 64 · p. 79 · sbrul mthong (twice): Adzom reads sprul ("emanation"). I follow the e-text's sbrul ("snake"), which the rope example requires.
Through grasping as that what is not that,
They form as two, the outer world and its inner inhabitants (snod bcud).
Yet when examined, it is just the rope:
The world and its inhabitants are primordially empty,
The ultimate (don dam) bearing the form of the relative[65]Note 65 · p. 79 · don dam kun rdzob gzugs can no: read as "the ultimate bearing the form of the relative" (Claude Fable 5.2, Gemini 4 Neon). GPT-6.2 Astra has "ultimately empty, conventionally possessed of form" and Dharmamitra "the ultimate and the relative possess form". The line is terse and the other construals are possible. (kun rdzob).
That very seeing of the snake

[p. 80]
མཐོང་བས་བདེན།
།ཐག་མཐོང་ཡང་དག་ཉིད་དུ་བདེན།
།དཔེར་ན་མཐོ་ལ་བྱར་སྣང་བཞིན།
།བདེན་པ་གཉིས་ཀྱི་རང་བཞིན་ནི།
།འཇིག་རྟེན་ཀུན་རྫོབ་ཙམ་དུ་སྟེ།
།ཡང་དག་ཉིད་ལ་འབྲེལ་པ་མེད།
།སྟོང་པ་ཉིད་ཀྱི་དབྱིངས་ལ་ནི།
།དེ་ཡི་ངོ་བོར་ཐམས་ཅད་གྲོལ།
།ཞེས་སོ། །དེའང་ཕུང་པོ་ལ་སོགས་པའི་ཆོས་རྣམས་རིག་པའི་ངང་ན་ནམ་མཁའ་ལ་སྤྲིན་ལྟར་རིག་པ་ལ་སྣང་ཡང་རིག་པ་ལ་མ་གོས་པར་སྟོང་གཟུགས་སུ་ལིང་དེ་གནས་པ་ནི་སྒྱུ་མ་དང་སྤྲུལ་པ་ལྟ་བུ་སྟེ། རྒྱུད་བླ་མ་ལས། ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན། །ཞེས་སོ། །དེ་དག་གང་ལ་གནས་ན་སྣོད་བཅུད་ནམ་མཁའ་ལ་གནས་པ་ལྟར་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལས་དང་ཉོན་མོངས། དེ་རྣམ་རྟོག་རང་སྣང་ཙམ་ལ། དེ་སེམས་ཉིད་སྟོང་པའི་ངང་དུ་གནས་པས། དང་པོ་ཡང་སྟོང་པ། ད་ལྟ་ཡང་སྟོང་པ། མཐར་ཡང་སྟོང་པ། སྐྱེ་འགག་གནས་གསུམ་དང་

Is true in that it is seen;
The seeing of the rope is true as the genuine itself.
It is, for example, as a cairn appears to be a bird.[66]Note 66 · p. 80 · mtho la byar snang: taken, with all the drafts, as a cairn (mtho = tho) appearing as a bird; the reading is not certain.
The nature of the two truths
Is merely the relative of the world;
With the genuine itself it has no connection.
In the expanse (dbyings) of emptiness (stong pa nyid),
All is liberated as its very essence.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 78 % of the words.

Thus it is said. Moreover, phenomena such as the aggregates, within the state of awareness, are like clouds in the sky (nam mkha'): though they appear to awareness, they do not stain awareness, and they abide suspended there as empty forms.[67]Note 67 · p. 80 · ling de gnas pa: I follow Adzom's ling nge ("suspended, hovering"); the e-text's ling de is not a word. Dharmamitra's "abiding distinct" misses the sense. This is like an illusion and an emanation (sprul pa).

As the Uttaratantra (rGyud bla ma) says:

The aggregates are like illusions and emanations.Rgyud bla maQuotation (named in the text: རྒྱུད་བླ་མ་ལས)
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས, theg pa chen po rgyud bla ma'i bstan bcos, The Sublime Continuum (Mahāyānottaratantraśāstra (Ratnagotravibhāga)), by Maitreya/Asaṅga · shastra; Tengyur; Toh 4024
Identification: high confidence
The quoted words were not found among the texts on this wiki.

Thus it is said. If one asks on what these abide: just as the world and its inhabitants abide in space, the aggregates, constituents and sense fields abide[68]Note 68 · p. 80 · khams with aggregates and sense fields is "constituents" per the glossary (GPT-6.2 Astra, Claude Fable 5.2, Dharmamitra, Gemini 4 Neon have "elements"); sems nyid is "mind itself" (Dharmamitra, Gemini 4 Neon have "nature of mind"). on karma and afflictions; those, on the mere self-appearance of discursive thought; and that abides in the state of empty mind itself (sems nyid). Therefore they are empty at first, empty now, and empty in the end; of the three—arising, ceasing and abiding—

[p. 81]
བྲལ་བར་གནས་ཏེ། དེ་ཉིད་ལས། ས་ནི་ཆུ་ལ་ཆུ་རླུང་ལ།
།རླུང་ནི་མཁའ་ལ་རབ་ཏུ་གནས།
།མཁའ་ནི་རླུང་དང་ཆུ་དག་དང༌།
།ས་ཡི་ཁམས་ལ་གནས་མ་ཡིན།
།དེ་བཞིན་ཕུང་པོ་ཁམས་དབང་རྣམས།
།ལས་དང་ཉོན་མོངས་དག་ལ་གནས།
།ལས་དང་ཉོན་མོངས་ཚུལ་བཞིན་མིན།
།ཚུལ་བཞིན་མ་ཡིན་ཡིད་བྱེད་ནི།
།སེམས་ཀྱི་དག་པ་ལ་རབ་གནས།
།སེམས་ཀྱི་རང་བཞིན་ཆོས་རྣམས་ནི།
།ཐམས་ཅད་ལ་ཡང་གནས་མ་ཡིན།
།ཞེས་སོ། །སྐྱེ་འགག་གནས་པར་སྣང་ཡང་གནས་པའི་དུས་ན་དེ་དག་ཏུ་མ་གྲུབ་པ་སྟེ། སྒྱུ་འཕྲུལ་གསང་སྙིང་ལས། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མ། གནས་པ་ཉིད་ན་གནས་པ་མེད། །ཨེ་མ། འགག་པ་ཉིད་ན་འགག་པ་མེད། །ཅེས་པ་དང༌། རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་

they abide free. As that same text says:

Earth rests on water, water on wind,
And wind rests fully on space;
Space does not rest on the elements
Of wind, of water, or of earth.
Likewise the aggregates, constituents and sense faculties
Rest on karma and afflictions;
Karma and afflictions, on what is improper;[69]Note 69 · p. 81 · Uttaratantra citation: Longchenpa's text lacks the line yid la byed la rtag tu gnas found in the canonical verse, between "tshul bzhin min" and "tshul bzhin ma yin yid byed ni". It is translated as it stands ("on what is improper"); GPT-6.2 Astra silently supplies "improper attention".
Improper mental engagement
Rests fully on the purity of mind.
The nature of mind does not rest
On any phenomena at all.Rgyud bla maQuotation (the text says: the same source: དེ་ཉིད་ལས)
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས, theg pa chen po rgyud bla ma'i bstan bcos, The Sublime Continuum (Mahāyānottaratantraśāstra (Ratnagotravibhāga)), by Maitreya/Asaṅga · shastra; Tengyur; Toh 4024
Identification: high confidence
The quoted words are in Klong chen rab byams gsung 'bum/volume 025 566 (a parallel), 95 % of the words.

Thus it is said. Though they appear to arise, cease and abide, at the very time they are present they are not established as such. As the Secret Heart of the Magical Net (sGyu 'phrul gsang snying) says:

Ema! This wondrous, marvellous Dharma:[70]Note 70 · p. 81 · gSang snying citation: the stanzas are abbreviated in the Tibetan (isolated "Ema!"), and are kept so. chos in ngo mtshar rmad kyi chos is rendered "Dharma". skye ba is "arises/arising" to match the prose's arising, ceasing and abiding (Claude Fable 5.2 has "born/birth").
From the unborn, everything arises;
In the very arising, there is no arising.
Ema! In the very abiding, there is no abiding.
Ema! In the very ceasing, there is no ceasing.Gsang snyingQuotation (named in the text: སྒྱུ་འཕྲུལ་གསང་སྙིང་ལས)
གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ, gsang ba'i snying po de kho na nyid nges pa, The Secret Essence Tantra (Guhyagarbha) · tantra; Nyingma Gyubum; Toh 832
Identification: high confidence
The quoted words are in Ngb-pt-0183-vol-02-text (the text itself), 56 % of the words.

And as the Root Verses on Insight (rTsa ba shes rab) says:

Like a dream, like an illusion,[71]Note 71 · p. 81 · The part ends mid-word (sgyu | ma bzhin); the first verse line of the Root Verses is completed here ("like an illusion,"), and the next part should continue from the second line.

[p. 82]
མ་བཞིན།
།དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ།
།དེ་བཞིན་སྐྱེ་དང་དེ་བཞིན་གནས།
།དེ་བཞིན་དུ་ཡང་འཇིག་པར་གསུངས།
།ཞེས་པ་དང༌། སྣང་སྲིད་ཀྱི་ཆོས་སོ་ཅོག་སྣང་དུས་ཉིད་ནས་སྐྱེ་འགག་སྤྲོས་པའི་མཐའ་དང་བྲལ་བར་དེ་ཉིད་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌།
།འགག་པ་མེད་པ་སྐྱེ་མེད་པ།
།ཆད་པ་མེད་པ་རྟག་མེད་པ།
།འོང་བ་མེད་པ་འགྲོ་མེད་པ།
།ཐ་དད་དོན་མིན་དོན་གཅིག་མིན།
།སྤྲོས་པ་ཉེར་ཞི་ཞིར་བརྟེན་པ།
།ཞེས་སོ། །བྱེ་བྲག་རྣམ་རྟོག་ནི་ཁམས་གསུམ་འཁོར་བའི་སྣང་བ་ཐམས་ཅད་དང་པོ་ཡང་དབྱིངས་ཀྱི་ཆ་ལ་བཟུང་བས་དེའི་ཆ་རེ་སྦྱར་དུ་ཡོད་པས་ཀྱང་གཟུགས་བརྙན་ལྟར་དོན་ལ་ཆོས་ཉིད་སྟོང་པར་གནས་ལ་ད་ལྟར་སྣང་དུས་ཕུང་པོ་དང་འབྱུང་བ་ལ་སོགས་པ་སྐུ་དང་ཡེ་ཤེས་ཀྱི་ཆར་སྦྱར་ཏེ། སྒོ་གསུམ་སྐུ་གསུང་ཐུགས་སུ་གྲོལ་བའི་རང་བཞིན་ནི་སྐྱེ་རྒ་ན་འཆིའི་སྣང་བ་ཆོས་དབྱིངས་

Like a city of gandharvas,[72]Note 72 · p. 82 · The part opens mid-verse (Mūlamadhyamakakārikā 7.34); "like an illusion" (sgyu ma bzhin) was already rendered at the end of the previous part and is not repeated, though GPT-6.2 Astra, Gemini 4 Neon, Claude Fable 5.2 repeat it.
So is arising, so is abiding,
And so too is destruction taught to be.Rtsa ba shes rabQuotation (named in the text: རྩ་བ་ཤེས་རབ་ལས)
དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ, dbu ma rtsa ba'i tshig le'ur byas pa shes rab, Root Verses on the Middle Way (Mūlamadhyamakakārikā), by Nāgārjuna · shastra; Tengyur; Toh 3824
Identification: high confidence
The quoted words are in Klong chen rab byams gsung 'bum/volume 016 432 (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 100 % of the words.

And that all the phenomena of appearance and existence (snang srid), whatever they may be, are free from the extremes of elaboration, such as arising and ceasing, from the very time they appear is stated in that same text:

He who taught dependent origination—
Without ceasing, without arising,
Without annihilation, without permanence,
Without coming, without going,
Neither different in meaning nor one in meaning—
The complete pacification of elaboration, peaceRtsa ba shes rabQuotation (the text says: the same source: དེ་ཉིད་ལས)
དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ, dbu ma rtsa ba'i tshig le'ur byas pa shes rab, Root Verses on the Middle Way (Mūlamadhyamakakārikā), by Nāgārjuna · shastra; Tengyur; Toh 3824
Identification: high confidence
The quoted words are in དཔལ་དགྱེས་པ་རྡོ་རྗེའི་རྣམ་པར་བཤད་པ་དྲང་བ་དང་ངེས་པའི་དོན་གསལ་བར་བྱེད་པ་་་ (a parallel), 95 % of the words.
[73]Note 73 · p. 82 · spros pa nyer zhi zhir brten pa: the homage of the Mūlamadhyamakakārikā reads zhi bstan pa ("taught … peace"). I take zhir brten pa as a corruption and follow the standard reading, as GPT-6.2 Astra, Gemini 4 Neon, Claude Fable 5.2 do in supplying "taught". The citation breaks off before the homage's closing lines, so the sentence is left open.
—

Thus it is said.

1.2.2.4.2 The particular utter purity བྱེ་བྲག་གི་རྣམ་དག1.2.2.4.2 The particular utter purity
All appearances of the three realms were grasped from aspects of the expanse and so abide as empty dharmatā like reflections; the aggregates, elements and so forth are matched to the kāyas and wisdoms, and the three doors are liberated as body, speech and mind.

Considered in particular:[74]Note 74 · p. 82 · bye brag rnam rtog ni: Dharmamitra and GPT-6.2 Astra take rnam rtog as "conceptual thought(s)", which does not fit what follows, since the passage matches saṃsāric appearances to kāyas and primordial wisdoms. Gemini 4 Neon silently emends to rnam dag ("specific purity"), which is attractive given the sentence's close (rnam dag bshad pa ni) but is not supported by any variant. I keep the text and read it, with Claude Fable 5.2, as "considered in particular". all the appearances (snang ba) of saṃsāra in the three realms were, at the very first too, grasped upon aspects of the expanse, and so each can be matched to an aspect of it. For this reason too they abide in fact, like reflections, as empty dharmatā. And now, at the time they appear, the aggregates, the elements ('byung ba) and so forth are matched to the aspects of the kāyas (sku) and primordial wisdoms (ye shes).

As for the nature in which the three doors (sgo gsum) are liberated (grol ba) as enlightened body, speech and mind (sku gsung thugs), the appearances of birth, aging, sickness and death

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 9 quotations, 7 found on this wiki.
# p. Tibetan English Source On this wiki
1 72 དེ་ལ་འཁྲུལ་པའི་རྒྱུ་དང་རྐྱེན། །ཆ་དང་ … དང་ མཆེད། །རྫོགས་དང་བྱེ་བྲག་སྣ་ཚོགས་པའོ། As to that: the cause and conditions of delusion, … namely gathering and spreading, Completion, and the manifold particulars. named: ཐལ་འགྱུར་ལས
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0056-vol-01-text (the text itself), 75 %
2 76 དེ་ཡང་མ་རིག་པ་ལས་བྱུང༌། །མ་རིག་ … བ་འབྱུང༌། །ན་བ་ལས་ནི་འཆི་བ་འབྱུང༌། That, too, came from ignorance. From ignorance, formations; From … arises. From aging, sickness arises. From sickness, death arises. named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras high
not found
3 77 དེ་ལྟར་འཇིག་རྟེན་གསུམ་པོ་ནི། །ཕུང་པོ་ … ལོ་བཞིན། །རྒྱུན་ཆགས་འཁོར་ལ་ ཡུན་རིང་གནས། Thus the three worlds— The five aggregates and the … It circles continuously and abides for a long time. named: མུ་ཏིག་ཕྲེང་བ་ལས
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras high
parallel: མཁའ་འགྲོ་སྙིང་ཏིག་གི་མན་ངག་ཟབ་དོན་རྒྱ་མཚོའི་སྤྲིན, 61 %
4 79 དེ་ལྟར་སྣང་བ་སྣ་ཚོགས་རྣམས། །ཐག་པ་ … ལ་ནི། །དེ་ཡི་ངོ་བོར་ཐམས་ཅད་གྲོལ། Thus the manifold appearances Are like seeing a snake … pa nyid), All is liberated as its very essence. named: མུ་ཏིག་ཕྲེང་བ་ལས
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras high
parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད, 78 %
5 80 ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན། The aggregates are like illusions and emanations. named: རྒྱུད་བླ་མ་ལས
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས, theg pa chen po rgyud bla ma'i bstan bcos, The Sublime Continuum (Mahāyānottaratantraśāstra (Ratnagotravibhāga)), by Maitreya/Asaṅga · shastra; Tengyur; Toh 4024 high
not found
6 81 ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་ … རྣམས་ནི། །ཐམས་ཅད་ལ་ཡང་གནས་མ་ཡིན། Earth rests on water, water on wind, And wind … mind does not rest On any phenomena at all. “the same”: དེ་ཉིད་ལས
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས, theg pa chen po rgyud bla ma'i bstan bcos, The Sublime Continuum (Mahāyānottaratantraśāstra (Ratnagotravibhāga)), by Maitreya/Asaṅga · shastra; Tengyur; Toh 4024 high
parallel: Klong chen rab byams gsung 'bum/volume 025 566, 95 %
7 81 ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །སྐྱེ་བ་ … ཨེ་མ། འགག་པ་ཉིད་ན་འགག་པ་མེད། Ema! This wondrous, marvellous Dharma: From the unborn, everything … Ema! In the very ceasing, there is no ceasing. named: སྒྱུ་འཕྲུལ་གསང་སྙིང་ལས
གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ, gsang ba'i snying po de kho na nyid nges pa, The Secret Essence Tantra (Guhyagarbha) · tantra; Nyingma Gyubum; Toh 832 high
Ngb-pt-0183-vol-02-text (the text itself), 56 %
8 81 རྨི་ལམ་ཇི་བཞིན་སྒྱུ་ མ་བཞིན། །དྲི་ཟའི་ … བཞིན་གནས། །དེ་བཞིན་དུ་ཡང་འཇིག་པར་གསུངས། Like a dream, like an illusion, Like a city … abiding, And so too is destruction taught to be. named: རྩ་བ་ཤེས་རབ་ལས
དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ, dbu ma rtsa ba'i tshig le'ur byas pa shes rab, Root Verses on the Middle Way (Mūlamadhyamakakārikā), by Nāgārjuna · shastra; Tengyur; Toh 3824 high
parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད, 100 %
9 82 གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་ … གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བརྟེན་པ། He who taught dependent origination— Without ceasing, without arising, … one in meaning— The complete pacification of elaboration, peace “the same”: དེ་ཉིད་ལས
དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ, dbu ma rtsa ba'i tshig le'ur byas pa shes rab, Root Verses on the Middle Way (Mūlamadhyamakakārikā), by Nāgārjuna · shastra; Tengyur; Toh 3824 high
parallel: དཔལ་དགྱེས་པ་རྡོ་རྗེའི་རྣམ་པར་བཤད་པ་དྲང་བ་དང་ངེས་པའི་དོན་གསལ་བར་བྱེད་པ་་་, 95 %