Tshig don mdzod (Longchenpa): Vajra topic 11 (3)

From Rangjung Yeshe Wiki Texts
Tshig don mdzod (Longchenpa)Tshig don mdzod (Longchenpa): Vajra topic 11 (3)
< Tshig don mdzod (Longchenpa)
Revision as of 15:00, 26 November 2026 by Eric (talk | contribs) (Tshig don mdzod study edition: editions, critical edition, translation, bilingual text, outline and quotations (November 2026))
(diff) ← Older revision | Latest revision (diff) | Newer revision → (diff)

Tshig don mdzod (Longchenpa)/Vajra topic 11 (3)
Jump to navigation Jump to search
← Vajra topic 11 (2)Tshig don mdzod: contentsVajra topic 11 (4) →

Vajra topic 11 · The Great Place of Liberation · གྲོལ་ས་ཆེན་པོ
Pages 751–760 of the corrected base text (W22920 vol. 4), part 3 of 5.

[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD85), gorn05 tibocr 2026: BDRC OCR on 338 pages, Mitra OCR on 147 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 466] སྤྲུལ་སྐུའི་ཡེ་ཤེས་ཀྱི་དུས་ན་གཞི་གནས་ཀྱི་ཡེ་ཤེས་ཉི་ཟླའི་སྙིང་པོ་ལྟར་དབྱིངས་ལས་མ་གཡོས། མཚན་ཉིད་འཛིན་པའི་ཡེ་ཤེས་ཟེར་དང་འཇའ་ཚོན་ལྟར་ལོངས་སྐུའི་ཞིང་ན་གནས་ཏེ་དངོས་སུ་མེད་ལ། ཀུན་ཁྱབ་ཀྱི་ཡེ་ཤེས་ཆུ་ཟླ་རང་དོན་ཤར་བ་ལྟར་གདུལ་བྱ་སོ་སོའི་ངོ་ཁ་ལ་སྣང་བ་སྟེ། སྣང་ཚུལ་ཆོས་ཅན་ལ་ལྟོས་ནས་སོ་སོར་ཕྱེ་ལ། རང་བཞིན་ཆོས་ཉིད་ལ་ལྟོས་ནས་གཅིག་དང་ཐ་དད་ལས་འདས་པའི་ངོ་བོ་གཅིག་པ་ཙམ་དུ་བརྗོད་དེ། ཐལ་འགྱུར་ལས། དེ་ཡང་སེམས་ཉིད་སྨིན་པའི་ཚེ། །ཆོས་ཀྱི་སྐུ་ལ་གཞི་གནས་ཏེ། །ཀ་ནས་དག་པས་དྲི་མ་ཟད། །ངོ་བོ་ཡེ་ནས་འཁྲུལ་པ་མེད། །འཆར་བྱེད་མ་འགགས་ལྷུན་གྲུབ་བོ། །རང་བཞིན་འདི་འདྲ་ངེས་པ་མེད། །ཀུན་ལ་ཁྱབ་པས་ཐུགས་རྗེ་སྟེ། །འཁོར་བ་འདས་པ་ཆད་པ་མིན། །ཞེས་སོ། །འདི་དག་ཀྱང་རིག་པ་ཆོས་སྐུ་ལ་ལྷུན་གྲུབ་ཀྱི་སྒོ་ཡོད་པ་ལས་བྱུང་བ་སྟེ། ཆོས་སྐུ་

[p. 467] རང་ངོ་དངོས་པོ་དང་མཚན་མར་མེད་པ་ངོ་བོ་གཉིས་མེད་མཐའ་གྲོལ་དག་པ་ཡེ་ཤེས་ཀྱི་སྒོ་དང་གཞིའི་འཆར་གཞི་རང་ས་ན་གནས་པ་ལས་བྱུང་ལ། ལོངས་སྐུ་མཚན་ཉིད་འཛིན་པའི་ཡེ་ཤེས་ནི་འོད་དང་སྐུ་དང་ཡེ་ཤེས་གསུམ་ལ་ཐུག་ཅིང་། སྤྲུལ་སྐུ་གདུལ་བྱ་ལ་སྣང་ནུས་པ་མ་དག་པ་འཁོར་བའི་སྒོ་ཡི་འབྲེལ་དུ་ཤར་བ་ལས་བྱུང་བ་སྟེ། དབང་རྣམ་པར་ཕྱེ་བ་ལས། འཁོར་བ་ངན་སོང་རོལ་པར་ཡེ་ཤར་ལ། །ཞེས་པ་བཞིན་ནོ། །ཆོས་སྐུའི་དུས་ན་སྒོ་བརྒྱད་དབྱིངས་སུ་ནུབ་པའི་འཆར་གཞིར་ཡོད་པ་ལས་ལོངས་སྤྲུལ་ཕྱིར་སྣང་དུ་འཆར་ནུས་པའི་གནད་དེ་ལས་བྱུང་བ་སྟེ། དབྱིངས་འདི་ལྟ་བུའི་འབྲེལ་བ་རྩི་ལུགས་རྫོགས་པ་ཆེན་པོ་འདི་མ་གཏོགས་པ་ན་གསལ་པོར་མེད་ལ། ལེགས་པར་འཇལ་ཤེས་པ་ནི་དིང་སང་ཁོ་བོ་ཙམ་དུ་ཟད་དོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་གསུམ་སྟེ། ཆོས་སྐུ་གཞི་གནས། ལོངས་སྐུ་མཚན་ཉིད་འཛི་ན་པ། སྤྲུལ་སྐུ་ཀུན་ཁྱབ་ཀྱི་ཡེ་ཤེས་རྒྱས་པར་བཤད་པའོ། །དང་པོ་ནི་གྲོལ་སར་གྲོལ་བའི་ཆོས་སྐུ་ཀ་དག་ནམ་མཁའ་ལྟ་བུར་རོ་གཅིག་པ་སྟེ། འདིའི་དུས་ན་ཡེ་ཤེས་གསུམ་ལྡན་དུ་གནས་པ་ནི་ངོ་བོ་ཀ་དག་གི་ཡེ་ཤེས་སྤྲོས་བརྗོད་ཀྱི་མཐའ་ལས་འདས་པ་ཤེལ་གོང་ཟང་ཐལ་བ་ལྟ་བུ། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་སྣང་ཆའི་ཡོན་ཏན་གྱི་འཆར་གཞི་གཏིང་གསལ་ཕྲ་བ་ཙམ་ལས་དངོས་པོ་རིས་ཅན་དུ་མེད་པ། ཐུགས་རྗེ་ཀུན་ཁྱབ་

[p. 468] ཀྱི་ཡེ་ཤེས་ངོ་བོའི་རྩལ་ལས་འཆར་གཞིར་མ་འགགས་ལ་ཤེས་རིག་ཡུལ་ལ་དངོས་སུ་མི་དཔྱོད་པའི་ཆ་ཙམ་དུ་གནས་པའོ། །དེ་ཡང་ཆོས་སྐུ་ལ་རགས་པར་ཡོད་ན་དངོས་པོ་དང་མཚན་མར་འགྱུར་བས་མཚན་ཉིད་སྤྲོས་བྲལ་ཞི་བར་མི་འཐད་ལ། འཆར་གཞི་གཏིང་གསལ་གྱི་ཆ་ཕྲ་བར་མེད་ན་སྟོང་ཆད་ནམ་མཁའ་བཞིན་དུ་འགྱུར་བས་ན། དེ་གཉིས་ཀ་ལས་ལོག་ནས་སྟོང་གསལ་ཕྲ་བའི་ཡེ་ཤེས་འཆར་གཞིར་གནས་པ་སྟེ། ཀློང་དྲུག་པ་ལས། འདི་ལ་དབང་པོར་སྣང་བ་མེད། །རྡོས་བཅས་མཚན་མ་རང་དག་ཕྱིར། །གཏིང་གསལ་ཆེན་པོའི་གཞི་མར་གནས། །ཁྱབ་དང་ཁྱབ་པ་ཉིད་ཀྱིས་སྟོང་། །ཕྱང་ནས་ཆད་པ་མེད་སྣང་བར། །གསལ་བྱེད་སྣང་བའི་ཆ་མ་འགགས། །སྙིང་པོ་ཐམས་ཅད་བཅུད་བསྡུས་པའི། །དྲི་མ་མེད་ཅིང་རང་སར་དག །སངས་རྒྱས་རྣམས་ཀྱི་གསང་ཆེན་དུ། །རང་བཞིན་གྱི་ནི་ཆ་ལ་བཞུགས། །ཐུགས་རྗེའི་སྣང་ཆ་སྣ་ཚོགས་ལས། །སྟོང་ཆ་འགག་པ་མེད་པ་ཉིད། །ཤེས་བྱ་ཡེ་ཤེས་རྣམ་གཉིས་སུ། །སྣང་བའི་ཆ་ལ་སྣང་བར་བས། །མེད་པའི་སྣང་བ་རང་དག་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ནི། །མཛད་པའི་རྩོལ་བ་ཡེ་མེད་པས། །མ་བྱས་སྣང་བའི་ཚུལ་དག་ཏུ། །ཡེ་ནས་འབྱེད་པ་མེད་པར་སྣང་། །ཉི་མ་ལས་ནི་འོད་བཞིན་དུ། །རང་གི་བྱས་པ་མ་ཡིན་ཏེ། །རང་གི་རང་བཞིན་དེ་ལྟར་སྣང་། །ཤེས་བྱ་ཡེ་ཤེས་གཉིས་མེད་ན། །བེམས་པོ་རྣམས་དང་ཁྱད་ཅི་ཡོད། །ཡང་ན་སྟོང་པ་ཕྱང་

[p. 469] ཆད་དུ། །འདི་ཉིད་འགྱུར་བ་ཁོ་ནའོ། །ཞེས་པ་ནས། །དེ་ཕྱིར་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་ཐུགས་རྗེའི་ཆ་ལ་སྣང་། །ཞེས་པའི་བར་དུ་གསུངས་སོ། །དེ་ལྟར་ན་ཆོས་སྐུའི་རང་དུས་ན་ཡེ་ཤེས་གསུམ་ལྡན་གྱི་ཆ་རྟག་ཆད་སྤྲོས་པ་ལས་འདས་པར་བཞུགས་ཏེ། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མིང་མེད། །གཅིག་དང་གཉིས་ཀྱི་གྲངས་མེད་པའོ། །བརྟགས་པས་ཡོད་མེད་གྲུབ་པ་མེད། །གོང་དུ་མ་ཕྱེའི་མཚན་ཉིད་ལས། །ཡེ་ཤེས་ཙམ་དུའང་གྲུབ་པ་མེད། །ཚིག་མེད་བརྗོད་པར་གྲུབ་པ་མེད། །མཐའ་ལ་མི་གནས་རང་རིག་དག །བརྗོད་འཛིན་མིང་གི་མཐའ་ཟད་པའོ། །རྒྱུ་མེད་རྐྱེན་གི་གྲངས་མེད་ལ། །གཉིས་སྣང་ཡུལ་དང་ཡུལ་ཅན་མེད། །མཚན་ཉིད་གང་དུའང་ཕྱེ་བ་མེད། །ཡུལ་རྐྱེན་རགས་པ་རང་ཟད་པའོ། །ཡེ་ནས་མེད་པས་དག་པས་དག །འཁྲུལ་རྟོག་འགགས་པས་ཅིར་མ་འཛད། །མ་སྐྱེས་པས་ན་འགག་སྟོང་ངོ་། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ཞེས། །མི་སྐྱེ་མི་འགག་ཅིར་མི་དགོངས། །ཡུལ་དག་ངེས་པ་མེད་ཕྱིར་རོ། །རྩལ་དང་ཡོན་ཏན་འགག་མེད་པས། །རོལ་པ་ཙམ་དུ་སྣང་བ་ལས། །སྣ་ཚོགས་རྫོགས་པའི་གཞི་མའོ། །མེད་ཕྱིར་སྣང་ལ་སྣང་ཕྱིར་སྟོང་། །སྣང་སྟོང་འཇུག་པའི་ཡན་ལག་ཅན། །སངས་རྒྱས་སེམས་ཅན་དག་ཡུལ་ལོ། །འདི་ལྟར་གཞི་ཞེས་མངོན་པར་གནས། །རང་བཞིན་ཙམ་དུ་གནས་པ་ལས། །ངོ་བོའི་ཆ་ནས་བཏགས་

[p. 470] པས་སྟོང་། །ཡན་ལག་སྤྲོས་ཕྱིར་མཁྱེན་པ་རྫོགས། །རང་གནས་ལྷུན་གྱིས་གྲུབ་པའི་ཕྱིར། །འདི་ལ་སྤང་བླང་གཉིས་མེད་པའོ། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ལ། །མི་མཛད་སྣ་ཚོགས་འཆར་བའི་སྒོ། །འཛད་པ་ལྟར་སྣང་ངོ་བོར་རྫོགས། །ཆོས་སྐུ་སྟོང་པའི་རང་བཞིན་ལས། །ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ། །ཤུགས་ཀྱིས་སེམས་ཅན་རྣམས་ལ་འཆར། །འདི་མེད་འཁོར་འདས་སྡེ་ཆད་པས། །མཁྱེན་པས་རིག་ཅིང་གསལ་བའོ། །རང་རིག་གསལ་བའི་བདག་ཉིད་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉིད། །མ་འགགས་འགག་པ་མེད་པའོ། །འབྱུང་བ་དག་པའི་ཆ་ལས་ནི། །ལོགས་སུ་མེད་པ་གཅིག་རྫོགས་པའི། །ཉི་མ་ལས་ནི་འོད་བཞིན་དུ། །རང་ཆས་སྒྲིབ་པ་མེད་པའོ་ཞེས་སོ། །དེ་ལྟར་ན་ཆོས་སྐུ་སྟོང་པའི་ཡེ་ཤེས་འཆར་གཞི་རང་མལ་ན་གནས་པ་ཞེས་བྱའོ། །གཉིས་པ་ལོངས་སྐུ་མཚན་ཉིད་འཛིན་པའི་ཡེ་ཤེས་ལ་ལྔ་ལས། དང་པོ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ། ངོ་བོ་དེས་ཚིག་དབྱེ་བ་གསུམ་ལས། ངོ་བོ་ནི་གྲོལ་གཞི་དབྱིངས་ཀ་ནས་དག་པའི་ཆ་སྟོང་པ་དང་། རང་གསལ་ཡེ་ཤེས་ཀྱི་རང་འོད་ཀྱི་གཞི་དང་། །ཤེས་རིག་གི་དབྱིངས་གསུམ་དབྱེར་མེད་པ་སྟེ། །རང་ཤར་ལས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། །སྟོང་པ་ཆེན་པོ་ཡུལ་ཉིད་དང་། །གསལ་བ་འོད་ཀྱི་སྣང་ས་དང་། །ཡེ་ཤེས་རིག་པའི་སྤྱོད་ཡུལ་གསུམ། །དེ་གསུམ་འཛོམ་པས་དབྱིངས་ཞེས་

[p. 471] ༄༅། །ཞེས་པ་དང་། ཐལ་འགྱུར་ལས། ཆོས་ཀྱི་དབྱིངས་ནི་ཡངས་པ་ལ། །མཐའ་དང་དབུས་སུ་མི་དམིགས་པས། །གྲོལ་གཞིའི་ཆོས་ཉིད་དག་པའོ། །ཞེས་སོ། །ངེས་ཚིག་ནི། ཡང་དེ་ཉིད་ལས། ཆོས་ནི་སྤྱོད་པར་བྱེད་པ་ལ། །འདས་དང་འཇིག་རྟེན་བྱ་བ་མེད། །རང་བཞིན་གསལ་ཞིང་དངས་པའོ། །དབྱིངས་ཀྱི་གོ་སྐབས་འབྱེད་པ་ལ། །རང་བྱུང་ཆེན་པོའི་གནས་པའོ། །ཡེ་ནི་རྫོགས་པའི་བདག་ཉིད་ལ། །ཐོག་མ་ནས་ནི་ བཅོས་པ་མེད། །ཤེས་པས་འཁོར་འདས་གཉིས་ལས་གྲོལ། །རང་སྣང་རྫོགས་པའི་དགོངས་པའོ། །ཞེས་སོ། །དབྱེ་ན་ལྔ་སྟེ། རང་ཤར་ལས། དབྱིངས་ཀྱི་ཡེ་ཤེས་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གཉིས། དབྱིངས་རྣམ་ པར་དག་པའི་ཡེ་ཤེས་དང་དབྱིངས་ཆེན་པོའི་ཡེ་ཤེས་གཉིས། དབྱིངས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་དང་ལྔའོ་ཞེས་སོ། །དེ་དག་གི་ངོ་བོ་ནི། རྒྱུད་དེ་ཉིད་ལས། རྣམ་དག་ཆོས་ཉིད་གདལ་པའི་ཀློང་། རྣམ་པར་དག་ པའི་དབྱིངས་སུ་བཤད། །ཆོས་མེད་བསམ་པ་ཀུན་སྤངས་པ། །དབྱིངས་ཆེན་གསལ་བའི་ཡེ་ཤེས་ཡིན། །ཕྱི་ནང་སྟོང་པ་རིས་མེད་ནི། །དབྱིངས་ཆེན་དག་པའི་ཡེ་ཤེས་ཡིན། །ཕྱི་ནང་གསང་བའི་ཆོས་རྣམས་རྫོགས། །ཆོས་ ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། །གཉིས་མེད་དོན་ལྡན་རྡོ་རྗེའི་དོན། །གཉིས་མེད་དབྱིངས་ཀྱི་ངོ་བོར་འདོད། །ཅེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལའང་ངོ་བོ། ངེས་ཚིག །དབྱེ་བ་གསུམ་ལས། ངོ་བོ་ནི་རིག་པ་སྟོང་གསལ་ལ་འཆར་

[p. 472] ཚུལ་གོ་མ་འགགས་པར་གསལ་བར་སྟེ། ཐལ་འགྱུར་ལས། མེ་ལོང་ཡེ་ཤེས་གཟུགས་བརྙན་ལས། །དབྱིངས་དང་ཁ་དོག་སྣང་ཆ་རྫོགས། །དཀར་པོ་དྲི་མ་དག་ཕྱིར་འོད། །རང་འདས་སྣང་སྟེ་འཁོར་འདས་སྦྱོར། །ཆོས་རྣམས་ཀུན་གྱི་གཟུགས་སྣང་བས། །རང་རིག་ཡེ་ཤེས་ཞེས་བྱའོ། །ཞེས་པ་དང་། རང་ཤར་ལས། མེ་ལོང་ལྟ་བུའི་ཡེ་ཤེས་ནི། །དཔེར་ན་མེ་ལོང་དཀྱིལ་འཁོར་ལ། །གང་བསྟན་རྐྱེན་དེ་འོང་བ་བཞིན། །དེ་བཞིན་རིག་པ་དྲི་མེད་ལ། །ཉོད་མོངས་རྐྱེན་གྱིས་འཕྲོགས་པ་མེད། །ཡེ་ཤེས་གཟུགས་བརྙན་རང་གསལ་ལོ། །ཞེས་སོ། །ངེས་ཚིག་ནི་དེ་ཉིད་ལས། དེ་ཡང་ངེས་ཚིག་འདི་ལྟ་སྟེ། །

[edit]
BDRC typed e-text UT22920_004_0001 as downloaded (the base text was made from it).

སྤྲུལ་སྐུའི་ཡེ་ཤེས་ཀྱི་དུས་ན་གཞི་གནས་ཀྱི་ཡེ་ཤེས་ཉི་ཟླའི་སྙིང་པོ་ལྟར་དབྱིངས་ས་མ་གཡོས། མཚན་ཉིད་འཛིན་པའི་ཡེ་ཤེས་ཟེར་དང་འཇའ་ཚོན་ལྟར་ལོངས་སྐུའི་ཞིང་ན་གནས་ཏེ་དངོས་སུ་མེད་ལ། ཀུན་ཁྱབ་ཀྱི་ཡེ་ཤེས་ཆུ་ཟླ་རང་ངོ་ན་ཤར་བ་ལྟར་གདུལ་བྱ་སོ་སོའི་ངོ་ཁ་ལ་སྣང་བ་སྟེ། སྣང་ཚུལ་ཆོས་ཅན་ལ་ལྟོས་ནས་སོ་སོར་ཕྱེ་ལ། རང་བཞིན་ཆོས་ཉིད་ལ་ལྟོས་ནས་གཅིག་དང་ཐ་དད་ལས་འདས་པའི་ངོ་བོ་གཅིག་པ་ཙམ་དུ་བརྗོད་དེ། ཐལ་འགྱུར་ལས། དེ་ཡང་སེམས་ཉི་སྨིན་པའི་ཚེ། ཆོས་ཀྱི་སྐུ་ལ་གཞི་གནས་ཏེ། །ཀ་ནས་དག་པས་དྲི་མ་ཟད། །ངོ་བོ་ཡེ་ནས་འཁྲུལ་པ་མེད། །འཆར་བྱེད་མ་འགགས་ལྷུན་གྲུབ་བོ། །རང་བཞིན་འདི་འདྲ་ངེས་པ་མེད། །ཀུན་ལ་ཁྱབ་པས་ཐུགས་རྗེ་སྟེ། །འཁོར་བ་འདས་པ་ཆད་པ་མིན། །ཞེས་སོ། །འདི་དག་ཀྱང་རིག་པ་ཆོས་སྐུ་ལ་ལྷུན་གྲུབ་ཀྱི་སྒོ་ཡོད་པ་ལས་བྱུང་བ་སྟེ། ཆོས་སྐུ་རང་ངོ་དངོས་པོ་དང་མཚན་མར་མེད་པ་ངོ་བོ་གཉིས་མེད་མཐའ་གྲོལ་དག་པ་ཡེ་ཤེས་ཀྱི་སྒོ་དང་གཞིའི་འཆར་གཞི་རང་ས་ན་གནས་པ་ལས་བྱུང་ལ། ལོངས་སྐུ་མཚན་ཉིད་འཛིན་པའི་ཡེ་ཤེས་ནི་འོད་དང་སྐུ་དང་ཡེ་ཤེས་གསུམ་ལ་ཐུག་ཅིང༌། སྤྲུལ་སྐུ་གདུལ་བྱ་ལ་སྣང་ནུས་པ་མ་དག་པ་འཁོར་བའི་སྒོ་ཡེ་འབྲེལ་དུ་ཤར་བ་ལས་བྱུང་བ་སྟེ། དབང་རྣམ་པར་ཕྱེ་བ་ལས། འཁོར་བ་ངན་སོང་རོལ་པར་ཡེ་ཤར་ལ། ཞེས་བཞིན་ནོ། །ཆོས་སྐུའི་དུས་ན་སྒོ་བརྒྱད་དབྱིངས་སུ་ནུབ་པའི་འཆར་གཞིར་ཡོ་པ་ལས་ལོངས་སྤྲུལ་ཕྱིར་སྣང་དུ་འཆར་ནུས་པའི་གནད་དེ་ལས་བྱུང་བ་སྟེ། དབྱིངས་འདི་ལྟ་བུའི་འབྲེལ་བ་རྩི་ལུགས་རྫོགས་པ་ཆེན་པོ་འདི་མ་གཏོགས་པ་ན་གསལ་པོར་མེད་ལ། ལེགས་པར་འཇལ་ཤེས་པ་ནི་དིང་སང་ཁོ་བོ་ཙམ་དུ་ཟད་དོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་གསུམ་སྟེ། ཆོས་སྐུ་གཞི་གནས། ལོངས་སྐུ་མཚན་ཉིད་འཛིན་པ། སྤྲུལ་སྐུ་ཀུན་ཁྱབ་ཀྱི་ཡེ་ཤེས་རྒྱས་པར་བཤད་པའོ། །དང་པོ་ནི་གྲོལ་སར་གྲོལ་བའི་ཆོས་སྐུ་ཀ་དག་ནམ་མཁའ་ལྟ་བུར་རོ་གཅིག་པ་སྟེ། འདིའི་དུས་ན་ཡེ་ཤེས་གསུམ་ལྡན་དུ་གནས་པ་ནི་ངོ་བོ་ཀ་དག་གི་ཡེ་ཤེས་སྤྲོས་བརྗོད་ཀྱི་མཐའ་ལས་འདས་པ་ཤེལ་གོང་ཟང་ཐལ་བ་ལྟ་བུ། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་སྣང་ཆའི་ཡོན་ཏན་གྱི་འཆར་གཞི་གཏིང་གསལ་ཕྲ་བ་ཙམ་ལས་དངོས་པོ་རིས་ཅན་དུ་མེད་པ། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ངོ་བོའི་རྩལ་ལས་འཆར་གཞིར་མ་འགགས་ལ་རིག་ཡུལ་ལ་དངོས་མི་དཔྱོད་པའི་ཆ་ཙམ་དུ་གནས་པའོ། །དེ་ཡང་ཆོས་སྐུ་ལ་རགས་པར་ཡོད་ན་དངོས་པོ་དང་མཚན་མར་འགྱུར་བས་མཚན་ཉིད་སྤྲོས་བྲལ་ཞི་བར་མི་འཐད་ལ། འཆར་གཞི་གཏིང་གསལ་གྱི་ཆ་ཕྲ་བར་མེད་ན་སྟོང་ཆད་ནམ་མཁའ་བཞིན་དུ་འགྱུར་བས་ན། དེ་གཉིས་ཀ་ལས་ལོག་ནས་སྟོང་གསལ་ཕྲ་བའི་ཡེ་ཤེས་འཆར་གཞིར་གནས་པ་སྟེ། ཀློང་དྲུག་པ་ལས། འདི་ལ་དབང་པོར་སྣང་བ་མེད། །རྡོས་བཅས་མཚན་མ་རང་དག་ཕྱིར། །གཏིང་གསལ་ཆེན་པོའི་གཞི་མར་གནས། །ཁྱབ་དང་ཁྱབ་པ་ཉིད་ཀྱིས་སྟོང༌། །ཕྱང་ནས་ཆད་པ་མེད་སྣང་བར། །གསལ་བྱེད་སྣང་བའི་ཆ་མ་འགགས། །སྙིང་པོ་ཐམས་ཅད་བཅུད་བསྡུས་པའི། །དྲི་མ་མེད་ཅིང་རང་སར་དག །སངས་རྒྱས་རྣམས་ཀྱི་གསང་ཆེན་དུ། །རང་བཞིན་གྱི་ནི་ཆ་ལ་བཞུགས། །ཐུགས་རྗེའི་སྣང་ཆ་སྣ་ཚོགས་ལས། །སྟོང་ཆ་འགག་པ་མེད་པ་ཉིད། །ཤེས་བྱ་ཡེ་ཤེས་རྣམ་གཉིས་སུ། །སྣང་བའི་ཆ་ལ་སྣང་བར་བབས། །མེད་པའི་སྣང་བ་རང་དག་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ནི། །མཛད་པའི་རྩོལ་བ་ཡེ་མེད་པས། །མ་བྱས་སྣང་བའི་ཚུལ་དག་ཏུ། །ཡེ་ནས་འབྱེད་པ་མེད་པར་སྣང༌། །ཉི་མ་ལས་ནི་འོད་བཞིན་དུ། །རང་གིས་བྱ་པ་མ་ཡིན་ཏེ། །རང་གི་རང་བཞིན་དེ་ལྟར་སྣང༌། །ཤེས་བྱ་ཡེ་ཤེས་གཉིས་མེད་ན། །བེམས་པོ་རྣམས་དང་ཁྱད་ཅི་ཡོད། །ཡང་ན་སྟོང་པ་ཕྱང་ཆད་དུ། །འདི་ཉིན་འགྱུར་བ་ཁོ་ནའོ། །ཞེས་པ་ནས། དེ་ཕྱིར་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་ཐུགས་རྗེའི་ཆ་ལ་སྣང༌། །ཞེས་པའི་བར་དུ་གསུངས་སོ། །དེ་ལྟར་ན་ཆོས་སྐུའི་རང་དུས་ན་ཡེ་ཤེས་གསུམ་ལྡན་གྱི་ཆ་རྟག་ཆད་སྤྲོས་པ་ལས་འདས་པར་བཞུགས་ཏེ། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མིང་མེད། གཅིག་དང་གཉིས་ཀྱི་གྲངས་མེད་པའོ། །བརྟགས་པས་ཡོད་མེད་གྲུབ་པ་མེད། །གོང་དུ་མ་ཕྱེའི་མཚན་ཉིད་ལས། ཡེ་ཤེས་ཙམ་དུའང་གྲུབ་པ་མེད། །ཚིག་མེད་བརྗོད་པར་གྲུབ་པ་མེད། །མཐའ་ལ་མི་གནས་རང་རིག་དག །བརྗོད་འཛིན་མིང་གི་མཐའ་ཟད་པའོ། །རྒྱུ་མེ་རྐྱེན་གྱི་གྲངས་མེད་ལ། །གཉིས་སྣང་ཡུལ་དང་ཡུལ་ཅན་མེད། །མཚན་ཉིད་གང་དུའང་ཕྱེ་བ་མེད། །ཡུལ་རྐྱེན་རགས་པ་རང་ཟད་པའོ། །ཡེ་ནས་མེད་པས་དག་པས་དག །འཁྲུལ་རྟོགས་འགགས་པས་ཅིར་མ་འཛད། །མ་སྐྱེས་པས་ན་འགག་སྟོང་ངོ༌། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ཞེས། །མི་སྐྱེ་མི་འགག་ཅིར་མི་དགོངས། །ཡུལ་དག་ངེས་པ་མེད་ཕྱིར་རོ། །རྩལ་དང་ཡོན་ཏན་འགག་མེད་པས། །རོལ་པ་ཙམ་དུ་སྣང་བ་ལས། །སྣ་ཚོགས་རྫོགས་པའི་གཞི་མའོ། །མེད་ཕྱིར་སྣང་ལ་སྣང་ཕྱིར་སྟོང༌། །སྣང་སྟོང་འཇུག་པའི་ཡན་ལག་ཅན། །སངས་རྒྱས་སེམས་ཅན་དག་ཡུལ་ལོ། །འདི་ལྟར་གཞི་ཞེས་མངོན་པར་གནས། །རང་བཞི་ཙམ་དུ་གནས་པ་ལས། །ངོ་བོའི་ཆ་ནས་བཏགས་པས་སྟོང༌། །ཡན་ལག་སྤྲོས་ཕྱིར་མཁྱེན་པ་རྫོགས། །རང་གནས་ལྷུན་གྱིས་གྲུབ་པའི་ཕྱིར། །འདི་ལ་སྤང་བླང་གཉིས་མེད་པའོ། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ལ། །མི་འཛད་སྣ་ཚོགས་འཆར་བའི་སྒོ། །འཛད་པ་ལྟར་སྣང་ངོ་བོར་རྫོགས། །ཆོས་སྐུ་སྟོང་པའི་རང་བཞིན་ལས། །ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ། །ཤུགས་ཀྱིས་སེམས་ཅན་རྣམས་ལ་འཆར། །འདི་མེད་འཁོར་འདས་སྡེ་ཆད་པས། །མཁྱེན་པས་རིག་ཅིང་གསལ་བའོ། །རང་རིག་གསལ་བའི་བདག་ཉིད་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉིད། །མ་འགགས་འགག་པ་མེད་པའོ། །འབྱུང་བ་དག་པའི་ཆ་ལས་ནི། །ལོགས་སུ་མེད་པ་ལ་གཅིག་རྫོགས་པའི། །ཉི་མ་ལས་ནི་འོད་བཞིན་དུ། །རང་ཆས་སྒྲིབ་པ་མེད་པའོ། །ཞེས་སོ། །དེ་ལྟར་ན་ཆོས་སྐུ་སྟོང་པའི་ཡེ་ཤེས་འཆར་གཞི་རང་མལ་ན་གནས་པ་ཞེས་བྱའོ། །གཉིས་པ་ལོངས་སྐུ་མཚན་ཉིད་འཛིན་པའི་ཡེ་ཤེས་ལ་ལྔ་ལས། དང་པོ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ། ངོ་བོ། ངེས་ཚིག་དབྱེ་བ་གསུམ་ལས། ངོ་བོ་ནི་གྲོལ་གཞི་དབྱིངས་ཀ་དག་པའི་ཆ་སྟོང་པ་དང༌། རང་གསལ་ཡེ་ཤེས་ཀྱི་རང་འོད་ཀྱི་གཞི་དང༌། ཤེས་རིག་གི་དབྱིངས་གསུམ་དབྱེར་མེད་པ་སྟེ། རང་ཤར་ལས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། །སྟོང་པ་ཆེན་པོ་ཡུལ་ཉིད་དང༌། །གསལ་བ་འོད་ཀྱི་སྣང་བ་དང༌། །ཡེ་ཤེས་རིག་པའི་སྤྱོད་ཡུལ་གསུམ། །དེ་གསུམ་འཛོམ་པས་དབྱིངས་ཞེས་བྱ། །ཞེས་པ་དང༌། ཐལ་འགྱུར་ལས། ཆོས་ཀྱི་དབྱིངས་ནི་ཡངས་པ་ལ། །མཐའ་དང་དབུས་སུ་མི་དམིགས་པས། །གྲོལ་གཞིའི་ཆོས་ཉིད་དག་པའོ། །ཞེས་སོ། །ངེས་ཚིག་ནི། ཡང་དེ་ཉིད་ལས། ཆོས་ནི་སྤྱོད་པར་བྱེད་པ་ལ། འདས་དང་འཇིག་རྟེན་བྱ་བ་མེད། །རང་བཞིན་གསལ་ཞིང་དངས་པའོ། །དབྱིངས་ཀྱི་སྒོ་སྐབས་འབྱེད་པ་ལ། །རང་བྱུང་ཆེན་པོའི་གནས་པའོ། །ཡེ་ནི་རྫོགས་པའི་བདག་ཉིད་ལ། །ཐོག་མ་ནས་ནི་བཅོས་པ་མེད། །ཤེས་པས་འཁོར་འདས་གཉིས་ལས་གྲོལ། །རང་སྣང་རྫོགས་པའི་དགོངས་པའོ། །ཞེས་སོ། དབྱེ་ན་ལྔ་སྟེ། རང་ཤར་ལས། དབྱིངས་ཀྱི་ཡེ་ཤེས་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གཉིས། །དབྱིངས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་དང་ལྔའོ་ཞེས་སོ། །དེ་དག་གི་ངོ་བོ་ནི། རྒྱུད་དེ་ཉིད་ལས། རྣམ་དག་ཆོས་ཉིད་གདལ་བའི་ཀློང༌། །རྣམ་པར་དག་པའི་དབྱིངས་སུ་བཤད། །རྟོག་མེད་བསམ་པ་ཀུན་སྤངས་པ། །དབྱིངས་ཆེན་གསལ་བའི་ཡེ་ཤེས་ཡིན། །ཕྱི་ནང་གསང་པའི་ཆོས་རྣམས་རྫོགས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། །གཉིས་མེད་དོན་ལྡན་རྡོ་རྗེའི་དོན། །གཉིས་མེད་དབྱིངས་ཀྱི་ངོ་བོར་འདོད། །ཅེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལའང་ངོ་བོ། ངེས་ཚིག དབྱེ་བ་གསུམ་ལས། ངོ་བོ་རིག་པ་སྟོང་གསལ་ལ་འཆར་ཚུལ་གོ་མ་འགགས་པར་གསལ་བ་སྟེ། ཐལ་འགྱུར་ལས མེ་ལོང་ཡེ་ཤེས་གཟུགས་བརྙན་ལས། དབྱིངས་དང་ཁ་དོག་སྣང་ཆ་རྫོགས། །དཀར་པོ་ད་མ་དག་ཕྱིར་འོད། །རང་འདས་སྣང་སྟེ་འཁོར་འདས་སྦྱོར། །ཆོས་རྣམས་ཀུན་ག་གཟུགས་སྣང་བས། །རང་རིག་ཡེ་ཤེས་ཞེས་བྱའོ། །ཞེས་པ་དང༌། རང་ཤར་ལས། མེ་ལོང་ལྟ་བུའི་ཡེ་ཤེས་ནི། །དཔེར་ན་མེ་ལོང་དཀྱིལ་འཁོར་ལ། །གང་བསྟན་རྐྱེན་དེ་འོང་བ་བཞིན། །དེ་བཞིན་རིག་པ་དྲི་མེད་ལ། །ཉོན་མོངས་རྐྱེན་གྱི་འཕྲོག་པ་མེད། །ཡེ་ཤེས་གཟུགས་བརྙན་རང་གསལ་ལོ། །ཞེས་སོ། །ངེས་ཚིག་ནི་དེ་ཉིད་ལས། དེ་ཡང་ངེས་ཚིག་འདི་ལྟ་སྟེ། །

[edit]
rywikitexts e-text of the Beijing 2009 edition (vol. 19), with its page numbers ༼N༽.

སྤྲུལ་སྐུའི་ཡེ་ཤེས་ཀྱི་དུས་ན་གཞི་གནས་ཀྱི་ཡེ་ཤེས་ཉི་ཟླའི་སྙིང་པོ་ལྟར་དབྱིངས་ལས་མ་གཡོས། མཚན་ཉིད་འཛིན་པའི་ཡེ་ཤེས་ཟེར་དང་འཇའ་ཚོན་ལྟར་ལོངས་སྐུའི་ཞིང་ན་གནས་ཏེ་དངོས་སུ་མེད་ལ། ཀུན་ཁྱབ་ཀྱི་ཡེ་ཤེས་ཆུ་ཟླ་རང་ངོ་ན་ཤར་བ་ལྟར་གདུལ་བྱ་སོ་སོའི་ངོ་ཁ་ལ་སྣང་བ་སྟེ། སྣང་ཚུལ་ཆོས་ཅན་ལ་ལྟོས་ནས་སོ་སོར་ཕྱེ་ལ། རང་བཞིན་ཆོས་ཉིད་ལ་ལྟོས་ནས་གཅིག་དང་ཐ་དད་ལས་འདས་པའི་ངོ་བོ་གཅིག་པ་ཙམ་དུ་བརྗོད་དེ། ཐལ་འགྱུར་ལས། དེ་ཡང་སེམས་ཉིད་སྨིན་པའི་ཚེ། །ཆོས་ཀྱི་སྐུ་ལ་གཞི་གནས་ཏེ། །ཀ་ནས་དག་པས་དྲི་མ་ཟད། །ངོ་བོ་ཡེ་ནས་འཁྲུལ་པ་» «མེད། །འཆར་བྱེད་མ་འགགས་ལྷུན་གྲུབ་བོ། །རང་བཞིན་འདི་འདྲ་ངེས་པ་མེད། །ཀུན་ལ་ཁྱབ་པས་ཐུགས་རྗེ་སྟེ། །འཁོར་བ་འདས་པ་ཆད་པ་མིན། །» «ཞེས་སོ། །འདི་དག་ཀྱང་རིག་པ་ཆོས་སྐུ་ལ་ལྷུན་གྲུབ་ཀྱི་སྒོ་ཡོད་པ་ལས་བྱུང་བ་སྟེ། ཆོས་སྐུ་རང་ངོ་དངོས་པོ་དང་མཚན་མར་མེད་པ་ངོ་བོ་གཉིས་མེད་མཐའ་གྲོལ་དག་པ་ཡེ་ཤེས་ཀྱི་སྒོ་དང་གཞིའི་འཆར་གཞི་རང་ས་ན་གནས་པ་ལས་བྱུང་ལ། ལོངས་སྐུ་མཚན་ཉིད་འཛིན་པའི་ཡེ་ཤེས་ནི་འོད་དང་སྐུ་དང་ཡེ་ཤེས་གསུམ་ལ་ཐུག་ཅིང༌། སྤྲུལ་སྐུ་གདུལ་བྱ་ལ་སྣང་ནུས་པ་མ་དག་པ་འཁོར་བའི་སྒོ་ཡི་«༼༡༽«འབྲེལ་དུ་ཤར་བ་ལས་བྱུང་བ་སྟེ། དབང་རྣམ་པར་ཕྱེ་བ་ལས། འཁོར་བ་ངན་སོང་རོལ་པར་ཡེ་ཤར་ལ། །ཞེས་པ་བཞིན་ནོ། ། ཆོས་སྐུའི་དུས་ན་སྒོ་བརྒྱད་དབྱིངས་སུ་ནུབ་པའི་འཆར་གཞིར་ཡོད་པ་ལས་ལོངས་སྤྲུལ་ཕྱིར་སྣང་དུ་འཆར་ནུས་པའི་གནད་དེ་ལས་བྱུང་བ་སྟེ། དབྱིངས་འདི་ལྟ་བུའི་འབྲེལ་བ་རྩི་«༼༢༽«ལུགས་རྫོགས་པ་ཆེན་པོ་འདི་མ་གཏོགས་པ་ན་གསལ་པོར་མེད་ལ། ལེགས་པར་འཇལ་ཤེས་པ་ནི་དེང་སང་ཁོ་བོ་ཙམ་དུ་ཟད་དོ། །» «གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་གསུམ་སྟེ། ཆོས་སྐུ་གཞི་གནས། ལོངས་སྐུ་མཚན་ཉིད་འཛིན་པ། སྤྲུལ་སྐུ་ཀུན་ཁྱབ་ཀྱི་ཡེ་ཤེས་རྒྱས་པར་བཤད་པའོ། །དང་པོ་ནི་གྲོལ་སར་གྲོལ་བའི་ཆོས་སྐུ་ཀ་དག་ནམ་མཁའ་ལྟ་བུར་རོ་གཅིག་པ་སྟེ། འདིའི་དུས་ན་ཡེ་ཤེས་གསུམ་ལྡན་དུ་གནས་པ་ནི་ངོ་བོ་ཀ་དག་གི་ཡེ་ཤེས་སྤྲོས་བརྗོད་ཀྱི་མཐའ་ལས་འདས་པ་ཤེལ་གོང་ཟང་ཐལ་བ་ལྟ་བུ། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་སྣང་ཆའི་ཡོན་ཏན་གྱི་འཆར་གཞི་གཏིང་གསལ་ཕྲ་བ་ཙམ་ལས་དངོས་པོ་རིས་ཅན་དུ་མེད་པ། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ངོ་བོའི་རྩལ་ལས་འཆར་གཞིར་མ་འགགས་ལ་ཤེས་རིག་ཡུལ་ལ་དངོས་སུ་མི་དཔྱོད་པའི་ཆ་ཙམ་དུ་གནས་པའོ། །དེ་ཡང་ཆོས་སྐུ་ལ་རགས་པར་ཡོད་ན་དངོས་པོ་དང་མཚན་མར་འགྱུར་བས་མཚན་ཉིད་སྤྲོས་བྲལ་ཞི་བར་མི་འཐད་ལ། འཆར་གཞི་གཏིང་གསལ་གྱི་ཆ་ཕྲ་བར་མེད་ན་སྟོང་ཆད་ནམ་མཁའ་བཞིན་དུ་འགྱུར་བས་ན། དེ་གཉིས་ཀ་ལས་ལོག་ནས་སྟོང་གསལ་ཕྲ་བའི་ཡེ་ཤེས་འཆར་གཞི་གནས་པ་སྟེ། ཀློང་དྲུག་པ་ལས། འདི་ལ་དབང་པོར་སྣང་བ་མེད། །རྡོས་བཅས་མཚན་མ་རང་དག་ཕྱིར། །གཏིང་གསལ་ཆེན་པོའི་གཞི་མར་གནས། །ཁྱབ་དང་ཁྱབ་པ་ཉིད་ཀྱིས་སྟོང༌། །ཕྱང་ནས་ཆད་པ་མེད་སྣང་བར། །གསལ་བྱེད་སྣང་བའི་ཆ་མ་འགགས། །སྙིང་པོ་ཐམས་ཅད་བཅུད་བསྡུས་པའི། །དྲི་མ་མེད་ཅིང་རང་སར་དག» «།སངས་རྒྱས་རྣམས་ཀྱི་གསང་ཆེན་དུ། །རང་བཞིན་གྱི་ནི་ཆ་ལ་བཞུགས། །ཐུགས་རྗེའི་སྣང་ཆ་སྣ་ཚོགས་ལས། །སྟོང་ཆ་འགགས་པ་མེད་པ་ཉིད། །ཤེས་བྱ་ཡེ་ཤེས་རྣམ་གཉིས་སུ། །སྣང་བའི་ཆ་ལ་སྣང་བར་བས། །མེད་པའི་སྣང་བ་རང་དག་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ནི། །མཛད་པའི་རྩོལ་བ་ཡེ་མེད་པས། །མ་བྱས་སྣང་བའི་ཚུལ་དག་ཏུ། །ཡེ་ནས་འབྱེད་པ་མེད་པར་སྣང༌། །ཉི་མ་ལས་ནི་འོད་བཞིན་དུ། །རང་གི་«༼༡༽«བྱས་པ་མ་ཡིན་ཏེ། །རང་གི་རང་བཞིན་དེ་ལྟར་» «སྣང༌། །ཤེས་བྱ་ཡེ་ཤེས་གཉིས་མེད་ན། །བེམས་པོ་རྣམས་དང་ཁྱད་ཅི་» «ཡོད། །ཡང་ན་སྟོང་པ་ཕྱང་ཆད་དུ། །འདི་ཉིད་འགྱུར་བ་ཁོ་ནའོ། །ཞེས་པ་ནས། དེ་ཕྱིར་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་ཐུགས་རྗེའི་ཆ་ལ་སྣང༌། །ཞེས་པའི་བར་དུ་གསུངས་སོ། །དེ་ལྟར་ན་ཆོས་སྐུའི་རང་དུས་ན་ཡེ་ཤེས་གསུམ་ལྡན་གྱི་ཆ་རྟག་ཆད་སྤྲོས་པ་ལས་འདས་པར་བཞུགས་ཏེ། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མིང་མེད། །གཅིག་དང་གཉིས་ཀྱི་གྲངས་མེད་པའོ། །བརྟགས་པས་ཡོད་མེད་གྲུབ་པ་མེད། །གོང་དུ་མ་ཕྱེའི་མཚན་ཉིད་ལས། །ཡེ་ཤེས་ཙམ་དུའང་གྲུབ་པ་མེད། །ཚིག་མེད་བརྗོད་པར་གྲུབ་པ་མེད། །མཐའ་ལ་མི་གནས་རང་རིག་དག» «།བརྗོད་འཛིན་མིང་གི་མཐའ་ཟད་པའོ། །རྒྱུ་མེད་རྐྱེན་གྱི་གྲངས་མེད་ལ། །གཉིས་སྣང་ཡུལ་དང་ཡུལ་ཅན་མེད། །མཚན་ཉིད་གང་དུའང་ཕྱེ་བ་མེད། །ཡུལ་རྐྱེན་རགས་པ་རང་ཟད་» «པའོ། །ཡེ་ནས་མེད་པས་དག་པས་དག» «།འཁྲུལ་རྟོག་འགགས་པས་ཅིར་མ་འཛད། །མ་སྐྱེས་པས་ན་འགག་སྟོང་ངོ༌། །རང་བཞིན་ལྷུན་གྲུབ་ཡེ་ཤེས་» «ཞེས། །མི་སྐྱེ་མི་འགག་ཅིར་མི་དགོངས། །ཡུལ་དག་ངེས་པ་མེད་ཕྱིར་རོ། །» «རྩལ་དང་ཡོན་ཏན་འགག་མེད་པས། །རོལ་པ་ཙམ་དུ་སྣང་བ་ལས། །སྣ་ཚོགས་རྫོགས་པའི་གཞི་མའོ། །མེད་ཕྱིར་སྣང་ལ་སྣང་ཕྱིར་སྟོང༌། །སྣང་སྟོང་འཇུག་པའི་ཡན་ལག་ཅན། །སངས་རྒྱས་སེམས་ཅན་དག་ཡུལ་ལོ། །འདི་ལྟར་གཞི་ཞེས་མངོན་པར་གནས། །རང་བཞིན་ཙམ་དུ་གནས་པ་ལས། །ངོ་བོའི་ཆ་ནས་བཏགས་པས་སྟོང༌། །ཡན་ལག་སྤྲོས་ཕྱིར་མཁྱེན་པ་རྫོགས། །རང་གནས་ལྷུན་གྱིས་གྲུབ་པའི་ཕྱིར། །འདི་ལ་སྤང་བླང་གཉིས་མེད་པའོ། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ལ། །མི་མཛད་«༼༡༽«སྣ་ཚོགས་འཆར་བའི་སྒོ། །འཛད་པ་ལྟར་སྣང་ངོ་བོར་རྫོགས། །ཆོས་སྐུ་སྟོང་པའི་རང་བཞིན་ལས། །ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ། །ཤུགས་ཀྱིས་སེམས་ཅན་རྣམས་ལ་འཆར། །འདི་མེད་འཁོར་འདས་སྡེ་ཆད་པས། །མཁྱེན་པས་རིག་ཅིང་གསལ་བའོ། །རང་རིག་གསལ་བའི་བདག་ཉིད་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉིད། །མ་འགགས་འགག་པ་མེད་པའོ། །འབྱུང་བ་དག་པའི་ཆ་ལས་ནི། །ལོགས་སུ་མེད་པ་«༼༡༽«གཅིག་རྫོགས་པའི། །ཉི་མ་ལས་ནི་འོད་བཞིན་དུ། །རང་ཆས་སྒྲིབ་པ་མེད་པའོ། །» «ཞེས་སོ། །དེ་ལྟར་ན་ཆོས་སྐུ་སྟོང་པའི་ཡེ་ཤེས་འཆར་གཞི་རང་མལ་ན་གནས་པ་ཞེས་བྱའོ། །» «གཉིས་པ་ལོངས་སྐུ་མཚན་ཉིད་འཛིན་པའི་ཡེ་ཤེས་ལ་ལྔ་ལས། དང་པོ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ། ངོ་བོ། ངེས་ཚིག་དབྱེ་བ་གསུམ་ལས། ངོ་བོ་ནི་གྲོལ་གཞི་དབྱིངས་ཀ་ནས་དག་པའི་ཆ་སྟོང་པ་དང༌། རང་གསལ་ཡེ་ཤེས་ཀྱི་རང་འོད་ཀྱི་གཞི་དང༌། ཤེས་རིག་གི་དབྱིངས་གསུམ་དབྱེར་མེད་པ་སྟེ། རང་ཤར་ལས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། །སྟོང་པ་ཆེན་པོ་ཡུལ་ཉིད་» «དང༌། །གསལ་བ་འོད་ཀྱི་སྣང་བ་དང༌། །ཡེ་ཤེས་རིག་པའི་སྤྱོད་ཡུལ་» «གསུམ། །དེ་གསུམ་འཛོམ་པས་དབྱིངས་ཞེས་བྱ། །ཞེས་པ་དང༌། ཐལ་འགྱུར་ལས། ཆོས་ཀྱི་དབྱིངས་ནི་ཡངས་པ་ལ། །མཐའ་དང་དབུས་སུ་མི་དམིགས་པས། །གྲོལ་གཞིའི་ཆོས་ཉིད་དག་པའོ། །ཞེས་སོ། །ངེས་ཚིག་ནི། ཡང་དེ་ཉིད་ལས། ཆོས་ནི་སྤྱོད་པར་བྱེད་པ་ལ། །འདས་དང་འཇིག་རྟེན་བྱ་བ་མེད། །རང་བཞིན་གསལ་ཞིང་དངས་པའོ། །དབྱིངས་ཀྱི་གོ་སྐབས་འབྱེད་པ་ལ། །རང་བྱུང་ཆེན་པོའི་གནས་པའོ། །ཡེ་ནི་རྫོགས་པའི་བདག་ཉིད་ལ། །ཐོག་མ་ནས་ནི་བཅོས་པ་མེད། །ཤེས་པས་འཁོར་འདས་གཉིས་ལས་གྲོལ། །རང་སྣང་རྫོགས་པའི་དགོངས་པའོ། །ཞེས་སོ། །དབྱེ་ན་ལྔ་སྟེ། རང་ཤར་ལས། དབྱིངས་ཀྱི་ཡེ་ཤེས་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གཉིས། དབྱིངས་རྣམ་པར་དག་པའི་ཡེ་ཤེས་དང་དབྱིངས་ཆེན་པོའི་ཡེ་ཤེས་གཉིས། དབྱིངས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་དང་ལྔའོ་ཞེས་སོ། །དེ་དག་གི་ངོ་བོ་ནི། རྒྱུད་དེ་ཉིད་ལས། རྣམ་དག་ཆོས་ཉིད་གདལ་པའི་ཀློང༌། །རྣམ་པར་དག་པའི་དབྱིངས་སུ་» «བཤད། །རྟོག་མེད་བསམ་པ་ཀུན་སྤངས་པ། །དབྱིངས་ཆེན་གསལ་བའི་ཡེ་ཤེས་ཡིན། །ཕྱི་ནང་སྟོང་པ་རིས་མེད་ནི། །དབྱིངས་ཆེན་དག་པའི་ཡེ་ཤེས་» «ཡིན། །ཕྱི་ནང་གསང་པའི་ཆོས་རྣམས་རྫོགས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། །གཉིས་མེད་དོན་ལྡན་རྡོ་རྗེའི་དོན། །གཉིས་མེད་དབྱིངས་ཀྱི་ངོ་བོར་འདོད། །ཅེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལའང་ངོ་བོ། ངེས་ཚིག» «དབྱེ་བ་གསུམ་ལས། ངོ་བོ་ནི་རིག་པ་སྟོང་གསལ་ལ་འཆར་ཚུལ་གོ་མ་འགགས་པར་གསལ་བར་«༼༡༽«སྟེ། ཐལ་འགྱུར་ལས། མེ་ལོང་ཡེ་ཤེས་གཟུགས་བརྙན་» «ལས། །དབྱིངས་དང་ཁ་དོག་སྣང་ཆ་རྫོགས། །དཀར་པོ་དྲི་མ་དག་ཕྱིར་» «འོད། །རང་འདས་སྣང་སྟེ་འཁོར་འདས་སྦྱོར། །ཆོས་རྣམས་ཀུན་གྱི་གཟུགས་སྣང་བས། །རང་རིག་ཡེ་ཤེས་ཞེས་བྱའོ། །ཞེས་པ་དང༌། རང་ཤར་ལས། མེ་ལོང་ལྟ་བུའི་ཡེ་ཤེས་ནི། །དཔེར་ན་མེ་ལོང་དཀྱིལ་འཁོར་ལ། །གང་བསྟན་རྐྱེན་དེ་འོང་བ་བཞིན། །དེ་བཞིན་རིག་པ་དྲི་མེད་ལ། །ཉོན་མོངས་རྐྱེན་ཀྱིས་འཕྲོགས་པ་མེད། །ཡེ་ཤེས་གཟུགས་བརྙན་རང་གསལ་ལོ། །ཞེས་སོ། །ངེས་ཚིག་ནི་དེ་ཉིད་ལས། དེ་ཡང་ངེས་ཚིག་འདི་ལྟ་སྟེ། །

[edit]
OCR of the BDRC scans (I1CZ5003), gorn05 tibocr 2026: BDRC OCR on 239 pages, Mitra OCR on 125 pages (the model with more recognisable syllables on each page).

[p. 504] སྤྲུལ་སྐུའི་ཡེ་ཤེས་ཀྱི་དུས་ན་གཞི་གནས་ཀྱི་ཡེ་ ཤེས་ཉི་ཟླའི་སྙིང་པོ་ལྟར་དབྱིངས་ལས་མ་གཡོས། མཚན་ཉིད་འཛིན་པའི་ཡེ་ཤེགས་ཟེར་དང་འཇའ་ཚོན་ལྟར་ལོངས་སྐུའི་ཞིང་ན་གནས་ཏེ་དངོས་སུ་མེད་ལ། ཀུན་ཁྱབ་ཀྱི་ཡེ་ཤེས་ ཆུ་ཟླ་རང་ངོ་ན་ཤར་བ་ལྟར་གདུལ་བྱ་སོ་སོའི་ངོ་ཁ་ལ་སྣང་བ་སྟེ། སྣང་ཚུལ་ཆོས་ཅན་ལ་ལྟོས་ནས་སོ་སོར་ཕྱེ་ལ། རང་བཞིན་ཆོས་ཉིད་ལ་ལྟོས་ནས་གཅིག་དང་ཐ་དད་ལས་འདས་པའི་ངོ་བོ་གཅིག་པ་ཙམ་དུ་བརྗོད་དེ། ཐལ་འགྱུར་ལས། དེ་ཡང་སེམས་ཉིད་སྨིན་

[p. 505] ༄༅། །པའི་ཚེ། །ཆོས་ཀྱི་སྐུ་ལ་གཞི་གནས་ཏེ། །ཀ་ནས་དག་པས་དྲི་མ་ཟད། །ངོ་བོ་ཡེ་ནས་འཁྲུལ་པ་མེད། །འཆར་བྱེད་མ་འགགས་ལྷུན་གྲུབ་པོ། །རང་བཞིན་འདི་འདྲ་ངེས་པ་མེད། །ཀུན་ལ་ཁྱབ་པས་ཐུགས་རྗེ་སྟེ། །འཁོར་བ་འདས་པ་ ཆད་པ་མིན། །ཞེས་སོ། །འདི་དག་ཀྱང་རིག་པ་ཆོས་སྐུ་ལ་ལྷུན་གྲུབ་ཀྱི་སྒོ་ཡོད་པ་ལས་བྱུང་བ་སྟེ། ཆོས་སྐུ་རང་ངོ་དངོས་པོ་དང་མཚན་མར་མེད་པ་ངོ་བོ་གཉིས་མེད་མཐའ་གྲོལ་དག་པ་ཡེ་ཤེས་ཀྱི་སྒོ་དང་གཞིའི་འཆར་གཞི་རང་ས་ན་གནས་པ་ལས་བྱུང་ལ། ལོངས་སྐུ་ མཚན་ཉིད་འཛིན་པའི་ཡེ་ཤེས་ནི་འོད་དང་སྐུ་དང་ཡེ་ཤེས་གསུམ་ལ་ཐུག་ཅིང་། སྤྲུལ་སྐུ་གདུལ་བྱ་ལ་སྣང་ནུས་པ་མ་དག་པ་འཁོར་བའི་སྒོ་ཡེ་འབྲེལ་དུ་ཤར་བ་ལས་བྱུང་བ་སྟེ། དབང་རྣམ་པར་ཕྱེ་བ་ལས། འཁོར་བ་ངན་སོང་རོལ་པར་ཡེ་ཤར་ལ། །ཞེས་པ་བཞིན་ ནོ། །ཆོས་སྐུའི་དུས་ན་སྒོ་བརྒྱད་དབྱིངས་སུ་ནུབ་པའི་འཆར་གཞིར་ཡོད་པ་ལས་ལོངས་སྤྲུལ་ཕྱིར་སྣང་དུ་འཆར་ནུས་པའི་གནད་དེ་ལས་བྱུང་བ་སྟེ། དབྱིངས་འདི་ལྟ་བུའི་འབྲེལ་བརྩི་ལུགས་རྫོགས་པ་ཆེན་པོ་འདི་མ་གཏོགས་པ་ན་གསལ་པོར་མེད་ལ། ལེགས་པར་ འཇལ་ཤེས་པ་ནི་དེང་སང་ཁོ་བོ་ཙམ་དུ་ཟད་དོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་གསུམ་སྟེ། ཆོས་སྐུ་གཞི་གནས། ལོངས་སྐུ་མཚན་ཉིད་འཛིན་པ། སྤྲུལ་སྐུ་ཀུན་ཁྱབ་ཀྱི་ཡེ་ཤེས་རྒྱས་པར་བཤད་པའོ། །དང་པོ་ནི་གྲོལ་སར་གྲོལ་བའི་ཆོས་སྐུ་ཀ་ དག་ནམ་མཁའ་ལྟ་བུར་རོ་གཅིག་པ་སྟེ། འདིའི་དུས་ན་ཡེ་ཤེས་གསུམ་ལྡན་དུ་གནས་པ་ནི་ངོ་བོ་ཀ་དག་གི་ཡེ་ཤེས་སྤྲོས་བརྗོད་ཀྱི་མཐའ་ལས་འདས་པ་ཤེལ་གོང་ཟང་ཐལ་བ་ལྟ་བུ། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་སྣང་ཆའི་ཡོན་ཏན་གྱི་འཆར་གཞི་གཏིང་གསལ་ཕྲ་བ་ ཙམ་ལས་དངོས་པོ་རིས་ཅན་དུ་མེད་པ། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ངོ་བོའི་རྩལ་ལས་འཆར་གཞིར་མ་འགགས་ལ་ཤེས་རིག་ཡུལ་ལ་དངོས་སུ་མི་དཔྱོད་པའི་ཆ་ཙམ་དུ་གནས་པའོ། །དེ་ཡང་ཆོས་སྐུ་ལ་རགས་པར་ཡོད་ན་དངོས་པོ་དང་མཚན་མར་འགྱུར་བས་

[p. 506] མཚན་ཉིད་སྤྲོས་བྲལ་ཞི་བར་མི་འཐད་ལ། འཆར་གཞི་གཏིང་གསལ་གྱི་ཆ་ཕྲ་བར་མེད་ན་སྟོང་ཆད་ནམ་མཁའ་བཞིན་དུ་འགྱུར་བས་ན། དེ་གཉིས་ཀ་ལས་ལོག་ནས་སྟོང་གསལ་ཕྲ་བའི་ཡེ་ཤེས་འཆར་གཞིར་གནས་པ་སྟེ། ཀློང་དྲུག་པ་ལས། འདི་ལ་དབང་པོར་སྣང་བ་མེད། །རྡོས་བཅས་མཚན་མ་རང་དག་ཕྱིར། །གཏིང་གསལ་ཆེན་པོའི་གཞི་མར་གནས། །ཁྱབ་དང་ཁྱབ་པ་ཉིད་ཀྱིས་སྟོང་། །ཕྱང་ནས་ཆད་པ་མེད་སྣང་བར། །གསལ་བྱེད་སྣང་བའི་ཆ་མ་འགགས། །སྙིང་པོ་ཐམས་ ཅད་བཅུད་བསྡུས་པའི། །དྲི་མ་མེད་ཅིང་རང་སར་དག །སངས་རྒྱས་རྣམས་ཀྱི་གསང་ཆེན་དུ། །རང་བཞིན་གྱི་ནི་ཆ་ལ་བཞུགས། །ཐུགས་རྗེའི་སྣང་ཆ་སྣ་ཚོགས་ལས། །སྟོང་ཆ་འགག་པ་མེད་པ་ཉིད། །ཤེས་བྱ་ཡེ་ཤེས་རྣམ་གཉིས་སུ། ། སྣང་བའི་ཆ་ལ་སྣང་བར་བས། །མེད་པའི་སྣང་བ་རང་དག་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ནི། །མཛད་པའི་རྩོལ་བ་ཡེ་མེད་པས། །མ་བྱས་སྣང་བའི་ཚུལ་དག་ཏུ། །ཡེ་ནས་འབྱེད་པ་མེད་པར་སྣང་། །ཉི་མ་ལས་ནི་འོད་བཞིན་དུ། །རང་གིས་ བྱས་པ་མ་ཡིན་ཏེ། །རང་གི་རང་བཞིན་དེ་ལྟར་སྣང་། །ཤེས་བྱ་ཡེ་ཤེས་གཉིས་མེད་ན། །བེམས་པོ་རྣམས་དང་ཁྱད་ཅི་ཡོད། །ཡང་ན་སྟོང་པ་ཕྱང་ཆད་དུ། །འདི་ཉིད་འགྱུར་བ་ཁོ་ནའོ། །ཞེས་པ་ནས། དེ་ཕྱིར་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་ཐུགས་ རྗེའི་ཆ་ལ་སྣང་། །ཞེས་པའི་བར་དུ་གསུངས་སོ། །དེ་ལྟར་ན་ཆོས་སྐུའི་རང་དུས་ན་ཡེ་ཤེས་གསུམ་ལྡན་གྱི་ཆ་རྟག་ཆད་སྤྲོས་པ་ལས་འདས་པར་བཞུགས་ཏེ། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མིང་མེད། །གཅིག་དང་གཉིས་ ཀྱི་གྲངས་མེད་པའོ། །བརྟགས་པས་ཡོད་མེད་གྲུབ་པ་མེད། །གོང་དུ་མ་ཕྱེའི་མཚན་ཉིད་ལས། །ཡེ་ཤེས་ཙམ་དུའང་གྲུབ་པ་མེད། །ཚིག་མེད་བརྗོད་པར་གྲུབ་པ་མེད། །མཐའ་ལ་མི་གནས་རང་རིག་དག །བརྗོད་འཛིན་མིང་གི་མཐའ་ཟད་པའོ། །རྒྱུ་མེད་རྐྱེན་

[p. 507] ༄༅། །གྱི་གྲངས་མེད་ལ། །གཉིས་སྣང་ཡུལ་དང་ཡུལ་ཅན་མེད། །མཚན་ཉིད་གང་དུའང་ཕྱེ་བ་མེད། །ཡུལ་རྐྱེན་རགས་པ་རང་ཟད་པའོ། །ཡེ་ནས་མེད་པས་དག་པས་དག །འཁྲུལ་རྟོག་འགགས་པས་ཅིར་མ་འཛད། །མ་སྐྱེས་པས་ན་འགག་ སྟོང་ངོ་། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ཞེས། །མི་སྐྱེ་མི་འགག་ཅིར་མི་དགོངས། །ཡུལ་དག་ངེས་པ་མེད་ཕྱིར་རོ། །རྩལ་དང་ཡོན་ཏན་འགག་མེད་པས། །རོལ་པ་ཙམ་དུ་སྣང་བ་ལས། །སྣ་ཚོགས་རྫོགས་པའི་གཞི་མའོ། །མེད་ཕྱིར་སྣང་ལ་སྣང་ ཕྱིར་སྟོང་། །སྣང་སྟོང་འཇུག་པའི་ཡན་ལག་ཅན། །སངས་རྒྱས་སེམས་ཅན་དག་ཡུལ་ལོ། །འདི་ལྟར་གཞི་ཞེས་མངོན་པར་གནས། །རང་བཞིན་ཙམ་དུ་གནས་པ་ལས། །ངོ་བོའི་ཆ་ནས་བཏགས་པས་སྟོང་། །ཡན་ལག་སྤྲོས་ཕྱིར་མཁྱེན་པ་རྫོགས།། རང་གནས་ལྷུན་གྱིས་གྲུབ་པའི་ཕྱིར། །འདི་ལ་སྤང་བླང་གཉིས་མེད་པའོ། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ལ། །མི་འཛད་སྣ་ཚོགས་འཆར་བའི་སྒོ། །འཛད་པ་ལྟར་སྣང་ངོ་བོར་རྫོགས། །ཆོས་སྐུ་སྟོང་པའི་རང་བཞིན་ལས། །ཡེ་ཤེས་མཁྱེན་པ་རྫོགས་པའི་ ཆ། །ཤུགས་ཀྱིས་སེམས་ཅན་རྣམས་ལ་འཆར། །འདི་མེད་འཁོར་འདས་སྡེ་ཆད་པས། །མཁྱེན་པས་རིག་ཅིང་གསལ་བའོ། །རང་རིག་གསལ་བའི་བདག་ཉིད་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉིད། །མ་འགགས་འགག་པ་མེད་པའོ། ། འབྱུང་བ་དག་པའི་ཆ་ལས་ནི། །ལོགས་སུ་མེད་ལ་གཅིག་རྫོགས་པའི། །ཉི་མ་ལས་ནི་འོད་བཞིན་དུ། །རང་ཆས་སྒྲིབ་པ་མེད་པའོ། །ཞེས་སོ། །དེ་ལྟར་ན་ཆོས་སྐུ་སྟོང་པའི་ཡེ་ཤེས་འཆར་གཞི་རང་མལ་ན་གནས་པ་ཞེས་བྱའོ། །གཉིས་པ་ལོངས་སྐུ་ མཚན་ཉིད་འཛིན་པའི་ཡེ་ཤེས་ལ་ལྔ་ལས། དང་པོ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ། ངོ་བོ། དེས་ཚིག་དབྱེ་བ་གསུམ་ལས། ངོ་བོ་ནི་གྲོལ་གཞི་དབྱིངས་ཀ་ནས་དག་པའི་ཆ་སྟོང་པ་དང་། རང་གསལ་ཡེ་ཤེས་ཀྱི་རང་འོད་ཀྱི་གཞི་དང་། ཤེས་རིག་གི་དབྱིངས་

[p. 508] གསུམ་དབྱེར་མེད་པ་སྟེ། རང་ཤར་ལས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། །སྟོང་པ་ཆེན་པོ་ཡུལ་ཉིད་དང་། །གསལ་བ་འོད་ཀྱི་སྣང་བ་དང་། །ཡེ་ཤེས་རིག་པའི་སྤྱོད་ཡུལ་གསུམ། །དེ་གསུམ་འཛོམ་པས་དབྱིངས་ཞེས་བྱ། །ཞེས་པ་དང་། ཐལ་འགྱུར་ལས། ཆོས་ཀྱི་དབྱིངས་ནི་ཡངས་པ་ལ། །མཐའ་དང་དབུས་སུ་མི་དམིགས་པས། །གྲོལ་གཞིའི་ཆོས་ཉིད་དག་པའོ། །ཞེས་སོ། །ངེས་ཚིག་ནི། ཡང་དེ་ཉིད་ལས། ཆོས་ནི་སྤྱོད་པར་བྱེད་པ་ལ། །འདས་དང་འཇིག་རྟེན་བྱ་བ་མེད། །རང་བཞིན་གསལ་ཞིང་དྭངས་པའོ། ། སྒྲ་བྱིངས་ཀྱི་གོ་སྐབས་འབྱེད་པ་ལ། །རང་བྱུང་ཆེན་པོའི་གནས་པའོ། །ཡེ་ནི་རྫོགས་པའི་བདག་ཉིད་ལ། །ཐོག་མ་ནས་ནི་བཅོས་པ་མེད། །ཤེས་པས་འཁོར་འདས་གཉིས་ལས་གྲོལ། །རང་སྣང་རྫོགས་པའི་དགོངས་པའོ། །ཞེས་སོ། །དབྱེ་ན་ལྔ་སྟེ། རང་ཤར་ ལས༑ དབྱིངས་ཀྱི་ཡེ་ཤེས་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གཉིས། དབྱིངས་རྣམ་པར་དག་པའི་ཡེ་ཤེས་དང་དབྱིངས་ཆེན་པོའི་ཡེ་ཤེས་གཉིས། དབྱིངས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་དང་ལྔ་ལྔ་ཞེས་སོ། །དེ་དག་གི་ངོ་བོ་ནི། རྒྱུ་དེ་དེ་ཉིད་ལས། རྣམ་དག་ཆོས་ཉིད་ གདལ་བའི་ཀློང་། །རྣམ་པར་དག་པའི་དབྱིངས་སུ་བཤད། །རྟོག་མེད་བསམ་པ་ཀུན་སྤངས་པ། །དབྱིངས་ཆེན་གསལ་བའི་ཡེ་ཤེས་ཡིན། །ཕྱི་ནང་སྟོང་པ་རིས་མེད་ནི། །དབྱིངས་ཆེན་དག་པའི་ཡེ་ཤེས་ཡིན། །ཕྱི་ནང་གསང་བའི་ཆོས་རྣམས་རྫོགས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ ཤེས་ཡིན། །གཉིས་མེད་དོན་ལྡན་རྡོ་རྗེའི་དོན། །གཉིས་མེད་དབྱིངས་ཀྱི་ངོ་བོར་འདོད། །ཅེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལའང་ངོ་བོ། ངེས་ཚིག །དབྱེ་བ་གསུམ་ལས། ངོ་བོ་ནི་རིག་པ་སྟོང་གསལ་ལ་འཆར་ཚུལ་གོ་མ་འགགས་པར་གསལ་བ་སྟེ། ཐལ་འགྱུར་ལས། མེ་ལོང་ ཡེ་ཤེས་གཟུགས་བརྙན་ལས། །དབྱིངས་དང་ཁ་དོག་སྣང་ཆ་རྫོགས། །དཀར་པོ་དྲི་མ་དག་ཕྱིར་འོང་། །རང་འདས་སྣང་སྟེ་འཁོར་འདས་སྦྱོར། །ཆོས་རྣམས་ཀུན་གྱི་གཟུགས་སྣང་བས། །རང་རིག་ཡེ་ཤེས་ཞེས་བྱའོ། །ཞེས་པ་དང་། རང་ཤར་ལས། མེ་ལོང་ལྟ་བུའི་ཡེ་ཤེས་ནི། །

[p. 509] ༄༅། །དཔེར་ན་མེ་ལོང་དཀྱིལ་འཁོར་ལ། །གང་བསྟན་རྐྱེན་དེ་འོང་བ་བཞིན། །དེ་བཞིན་རིག་པ་དྲི་མེད་ལ། །ཉོན་མོངས་རྐྱེན་གྱིས་འཕྲོགས་པ་མེད། །ཡེ་ཤེས་གཟུགས་བརྙན་རང་གསལ་ལོ། །ཞེས་སོ། །ངེས་ཚིག་ནི་དེ་ཉིད་ལས། དེ་ཡང་ངེས་ཚིག་འདི་ལྟ་སྟེ། །

[edit]
OCR of the BDRC scans (I2PD20603), gorn05 tibocr 2026: BDRC OCR on 248 pages, Mitra OCR on 119 pages (the model with more recognisable syllables on each page).

[p. 728] སྤྲུལ་སྐུའི་ཡེ་ཤེས་ཀྱི་དུས་ན་གཞི་གནས་ཀྱི་ཡེ་ ཤེས་ཉི་ཟླའི་སྙིང་པོ་ལྟར་དབྱིངས་ལས་མ་གཡོས། མཚན་ཉིད་འཛིན་པའི་ཡེ་ཤེད་ཟེར་དང་འཇའ་ཚོན་ལྟར་ལོངས་སྐུའི་ཞིང་ན་གནས་ཏེ་དངོས་སུ་མེད་ལ། ཀུན་ཁྱབ་ཀྱི་ཡེ་ཤེས་ ཆུ་ཟླ་རང་ངོ་ན་ཤར་བ་ལྟར་གདུལ་བྱ་སོ་སོའི་ངོ་ཁ་ལ་སྣང་བ་སྟེ། སྣང་ཚུལ་ཆོས་ཅན་ལ་ལྟོས་ནས་སོ་སོར་ཕྱེ་ལ། རང་བཞིན་ཆོས་ཉིད་ལ་ལྟོས་ནས་གཅིག་དང་ཐ་དད་ལས་འདས་པའི་ངོ་བོ་གཅིག་པ་ཙམ་དུ་བརྗོད་དེ། ཐལ་འགྱུར་ལས། དེ་ཡང་སེམས་ཉིད་སྨིན་

[p. 729] པའི་ཚེ། །ཆོས་ཀྱི་སྐུ་ལ་གཞི་གནས་ཏེ། །ཀ་ནས་དག་པས་དྲི་མ་ཟད། །ངོ་བོ་ཡེ་ནས་འཁྲུལ་པ་མེད། །འཆར་བྱེད་མ་འགགས་ལྷུན་གྲུབ་པོ། །རང་བཞིན་འདི་འདྲ་ངེས་པ་མེད། །ཀུན་ལ་ཁྱབ་པས་ཐུགས་རྗེ་སྟེ། །འཁོར་བ་འདས་པ་ཆད་པ་མིན། །ཞེས་སོ། །འདི་དག་ཀྱང་རིག་པ་ཆོས་སྐུ་ལ་ལྷུན་གྲུབ་ཀྱི་སྒོ་ཡོད་པ་ལས་བྱུང་བ་སྟེ། ཆོས་སྐུ་རང་ངོ་དངོས་པོ་དང་མཚན་མར་མེད་པ་ངོ་བོ་གཉིས་མེད་མཐའ་གྲོལ་དག་པ་ཡེ་ཤེས་ཀྱི་སྒོ་དང་གཞིའི་འཆར་གཞི་རང་ས་ན་གནས་པ་ལས་བྱུང་ལ། ལོངས་སྐུ་མཚན་ཉིད་འཛིན་པའི་ཡེ་ཤེས་ནི་འོད་དང་སྐུ་དང་ཡེ་ཤེས་གསུམ་ལ་ཐུག་ཅིང་། སྤྲུལ་སྐུ་གདུལ་བྱ་ལ་སྣང་ནུས་པ་མ་དག་པ་འཁོར་བའི་སྒོ་ཡེ་འབྲེལ་དུ་ཤར་བ་ལས་བྱུང་བ་སྟེ། དབང་རྣམ་པར་ཕྱེ་བ་ལས། འཁོར་བ་ངན་སོང་རོལ་པར་ཡེ་ཤར་ལ། །ཞེས་པ་བཞིན་ནོ། །ཆོས་སྐུའི་དུས་ན་སྒོ་བརྒྱད་དབྱིངས་སུ་ནུབ་པའི་འཆར་གཞིར་ཡོད་པ་ལས་ལོངས་སྤྲུལ་ཕྱིར་སྣང་དུ་འཆར་ནུས་པའི་གནད་དེ་ལས་བྱུང་བ་སྟེ། དབྱིངས་འདི་ལྟ་བུའི་འབྲེལ་བརྩི་ལུགས་རྫོགས་པ་ཆེན་པོ་འདི་མ་གཏོགས་པ་ན་གསལ་པོར་མེད་ལ། ལེགས་པར་འཇལ་ཤེས་པ་ནི་དེང་སང་ཁོ་བོ་ཙམ་དུ་ཟད་དོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་གསུམ་སྟེ། ཆོས་སྐུ་གཞི་གནས། ལོངས་སྐུ་མཚན་ཉིད་འཛིན་པ། སྤྲུལ་སྐུ་ཀུན་ཁྱབ་ཀྱི་ཡེ་ཤེས་རྒྱས་པར་བཤད་པའོ། །དང་པོ་ནི་གྲོལ་སར་གྲོལ་བའི་ཆོས་སྐུ་ཀ་དག་ནམ་མཁའ་ལྟ་བུར་རོ་གཅིག་པ་སྟེ། འདིའི་དུས་ན་ཡེ་ཤེས་གསུམ་ལྡན་དུ་གནས་པ་ནི་ངོ་བོ་ཀ་དག་གི་ཡེ་ཤེས་སྤྲོས་བརྗོད་ཀྱི་མཐའ་ལས་འདས་པ་ཤེལ་གོང་ཟང་ཐལ་བ་ལྟ་བུ། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་སྣང་ཆའི་ཡོན་ཏན་གྱི་འཆར་གཞི་གཏིང་གསལ་ཕྲ་བ་ཙམ་ལས་དངོས་པོ་རིས་ཅན་དུ་མེད་པ། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ངོ་བོའི་རྩལ་ལས་འཆར་གཞིར་མ་འགགས་ལ་ཤེས་རིག་ཡུལ་ལ་དངོས་སུ་མི་དཔྱོད་པའི་ཆ་ཙམ་དུ་གནས་པའོ། །དེ་ཡང་ཆོས་སྐུ་ལ་རགས་པར་ཡོད་ན་དངོས་པོ་དང་མཚན་མར་འགྱུར་བས་

[p. 730] མཚན་ཉིད་སྤྲོས་བྲལ་ཞི་བར་མི་འཐད་ལ། འཆར་གཞི་གཏིང་གསལ་གྱི་ཆ་ཕྲ་བར་མེད་ན་སྟོང་ཆང་ནམ་མཁའ་བཞིན་དུ་འགྱུར་བས་ན། དེ་གཉིས་ཀ་ལས་ལོག་ནས་སྟོང་གསལ་ཕྲ་བའི་ཡེ་ཤེས་འཆར་གཞིར་གནས་པ་སྟེ། ཀློང་དྲུག་པ་ལས། འདི་ལ་དབང་པོར་སྣང་བ་མེད། །རྡོས་བཅས་མཚན་མ་རང་དག་ཕྱིར། །གཏིང་གསལ་ཆེན་པོའི་གཞི་མར་གནས། །ཁྱབ་དང་ཁྱབ་པ་ཉིད་ཀྱིས་སྟོང་། །ཕྱང་ནས་ཆད་པ་མེད་སྣང་བར། །གསལ་བྱེད་སྣང་བའི་ཆ་མ་འགགས། །སྙིང་པོ་ཐམས་ ཅད་བཅུད་བསྡུས་པའི། །དྲི་མ་མེད་ཅིང་རང་སར་དག །སངས་རྒྱས་རྣམས་ཀྱི་གསང་ཆེན་དུ། །རང་བཞིན་གྱི་ནི་ཆ་ལ་བཞུགས། །ཐུགས་རྗེའི་སྣང་ཆ་སྣ་ཚོགས་ལས། །སྟོང་ཆ་འགག་པ་མེད་པ་ཉིད། །ཤེས་བྱ་ཡེ་ཤེས་རྣམ་གཉིས་སུ། ། སྣང་བའི་ཆ་ལ་སྣང་བར་བས། །མེད་པའི་སྣང་བ་རང་དག་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ནི། །མཛད་པའི་རྩོལ་བ་ཡེ་མེད་པས། །མ་བྱས་སྣང་བའི་ཚུལ་དག་ཏུ། །ཡེ་ནས་འབྱེད་པ་མེད་པར་སྣང་། །ཉི་མ་ལས་ནི་འོད་བཞིན་དུ། །རང་གིས་ བྱས་པ་མ་ཡིན་ཏེ། །རང་གི་རང་བཞིན་དེ་ལྟར་སྣང་། །ཤེས་བྱ་ཡེ་ཤེས་གཉིས་མེད་ན། །བེམས་པོ་རྣམས་དང་ཁྱད་ཅི་ཡོད། །ཡང་ན་སྟོང་པ་ཕྱང་ཆད་དུ། །འདི་ཉིད་འགྱུར་བ་ཁོ་ནའོ། །ཞེས་པ་ནས། དེ་ཕྱིར་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་ཐུགས་ རྗེའི་ཆ་ལ་སྣང་། །ཞེས་པའི་བར་དུ་གསུངས་སོ། །དེ་ལྟར་ན་ཆོས་སྐུའི་རང་དུས་ན་ཡེ་ཤེས་གསུམ་ལྡན་གྱི་ཆ་རྟག་ཆད་སྤྲོས་པ་ལས་འདས་པར་བཞུགས་ཏེ། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མིང་མེད། །གཅིག་དང་གཉིས་ ཀྱི་གྲངས་མེད་པའོ། །བརྟགས་པས་ཡོད་མེད་གྲུབ་པ་མེད། །གོང་དུ་མ་ཕྱེའི་མཚན་ཉིད་ལས། །ཡེ་ཤེས་ཙམ་དུའང་གྲུབ་པ་མེད། །ཚིག་མེད་བརྗོད་པར་གྲུབ་པ་མེད། །མཐའ་ལ་མི་གནས་རང་རིག་དག །བརྗོད་འཛིན་མིང་གི་མཐའ་ཟད་པའོ། །རྒྱུ་མེད་རྐྱེན་

[p. 731] གྱི་གྲངས་མེད་ལ། །གཉིས་སྣང་ཡུལ་དང་ཡུལ་ཅན་མེད། །མཚན་ཉིད་གང་དུའང་ཕྱེ་བ་མེད། །ཡུལ་རྐྱེན་རགས་པ་རང་ཟད་པའོ། །ཡེ་ནས་མེད་པས་དག་པས་དག །འཁྲུལ་རྟོག་འགགས་པས་ཅིར་མ་འཛད། །མ་སྐྱེས་པས་ན་འགག་སྟོང་ངོ་། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ཞེས། །མི་སྐྱེ་མི་འགག་ཅིར་མི་དགོངས། །ཡུལ་དྲག་ངེས་པ་མེད་ཕྱིར་རོ། །རྩལ་དང་ཡོན་ཏན་འགག་མེད་པས། །རོལ་པ་ཙམ་དུ་སྣང་བ་ལས། །སྣ་ཚོགས་རྫོགས་པའི་གཞི་མའོ། །མེད་ཕྱིར་སྣང་ལ་སྣང་ཕྱིར་སྟོང་། །སྣང་སྟོང་འཇུག་པའི་ཡན་ལག་ཅན། །སངས་རྒྱས་སེམས་ཅན་དག་ཡུལ་ལོ། །འདི་ལྟར་གཞི་ཞེས་མངོན་པར་གནས། །རང་བཞིན་ཙམ་དུ་གནས་པ་ལས། །ངོ་བོའི་ཆ་ནས་བཏགས་པས་སྟོང་། །ཡན་ལག་སྤྲོས་ཕྱིར་མཁྱེན་པ་རྫོགས། །རང་གནས་ལྷུན་གྱིས་གྲུབ་པའི་ཕྱིར། །འདི་ལ་སྤང་བླང་གཉིས་མེད་པའོ། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ལ། །མི་འཛད་སྣ་ཚོགས་འཆར་བའི་སྒོ། །འཛད་པ་ལྟར་སྣང་ངོ་བོར་རྫོགས། །ཆོས་སྐུ་སྟོང་པའི་རང་བཞིན་ལས། །ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ། །ཤུགས་ཀྱིས་སེམས་ཅན་རྣམས་ལ་འཆར། །འདི་མེད་འཁོར་འདས་སྡེ་ཆད་པས། །མཁྱེན་པས་རིག་ཅིང་གསལ་བའོ། །རང་རིག་གསལ་བའི་བདག་ཉིད་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉིད། །མ་འགགས་འགག་པ་མེད་པའོ། །འབྱུང་བ་དག་པའི་ཆ་ལས་ནི། །ལོགས་སུ་མེད་ལ་གཅིག་རྫོགས་པའི། །ཉི་མ་ལས་ནི་འོད་བཞིན་དུ། །རང་ཆས་སྒྲིབ་པ་མེད་པའོ། །ཞེས་སོ། །དེ་ལྟར་ན་ཆོས་སྐུ་སྟོང་པའི་ཡེ་ཤེས་འཆར་གཞི་རང་མལ་ན་གནས་པ་ཞེས་བྱའོ། །གཉིས་པ་ལོངས་སྐུ་མཚན་ཉིད་འཛིན་པའི་ཡེ་ཤེས་ལ་ལྔ་ལས། དང་པོ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ། ངོ་བོ། ངེས་ཚིག་དབྱེ་བ་གསུམ་ལས། ངོ་བོ་ནི་གྲོལ་གཞི་དབྱིངས་ཀ་ནས་དག་པའི་ཆ་སྟོང་པ་དང་། རང་གསལ་ཡེ་ཤེས་ཀྱི་རང་འོད་ཀྱི་གཞི་དང་། ཤེས་རིག་གི་དབྱིངས་

[p. 732] གསུམ་དབྱེར་མེད་པ་སྟེ། རང་ཤར་ལས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། །སྟོང་པ་ཆེན་པོ་ཡུལ་ཉིད་དང་། །གསལ་བ་འོད་ཀྱི་སྣང་བ་དང་། །ཡེ་ཤེས་རིག་པའི་སྤྱོད་ཡུལ་གསུམ། །དེ་གསུམ་འཛོམ་པས་དབྱིངས་ཞེས་བྱ། །ཞེས་པ་དང་། ཐལ་འགྱུར་ལས། ཆོས་ཀྱི་དབྱིངས་ནི་ཡངས་པ་ལ། །མཐའ་དང་དབུས་སུ་མི་དམིགས་པས། །གྲོལ་གཞིའི་ཆོས་ཉིད་དག་པའོ། །ཞེས་སོ། །ངེས་ཚིག་ནི། ཡང་དེ་ཉིད་ལས། ཆོས་ནི་སྤྱོད་པར་བྱེད་པ་ལ། །འདས་དང་འཇིག་རྟེན་བྱ་བ་མེད། །རང་བཞིན་གསལ་ཞིང་དྭངས་པའོ། ། དབྱིངས་ཀྱི་གོ་སྐབས་འབྱེད་པ་ལ། །རང་བྱུང་ཆེན་པོའི་གནས་པའོ། །ཡེ་ནི་རྫོགས་པའི་བདག་ཉིད་ལ། །ཐོག་མ་ནས་ནི་བཅོས་པ་མེད། །ཤེས་པས་འཁོར་འདས་གཉིས་ལས་གྲོལ། །རང་སྣང་རྫོགས་པའི་དགོངས་པའོ། །ཞེས་སོ། །དབྱེ་ན་ལྔ་སྟེ། རང་ཤར་ ལས། དབྱིངས་ཀྱི་ཡེ་ཤེས་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གཉིས། དབྱིངས་རྣམ་པར་དག་པའི་ཡེ་ཤེས་དང་དབྱིངས་ཆེན་པོའི་ཡེ་ཤེས་གཉིས། དབྱིངས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་དང་ལྔའོ་ཞེས་སོ། །དེ་དག་གི་ངོ་བོ་ནི། རྒྱུད་དེ་ཉིད་ལས། རྣམ་དག་ཆོས་ཉིད་ གདལ་བའི་ཀློང་། །རྣམ་པར་དག་པའི་དབྱིངས་སུ་བཤད། །རྟོག་མེད་བསམ་པ་ཀུན་སྤངས་པ། །དབྱིངས་ཆེན་གསལ་བའི་ཡེ་ཤེས་ཡིན། །ཕྱི་ནང་སྟོང་པ་རིས་མེད་ནི། །དབྱིངས་ཆེན་དག་པའི་ཡེ་ཤེས་ཡིན། །ཕྱི་ནང་གསང་བའི་ཆོས་རྣམས་རྫོགས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ ཤེས་ཡིན། །གཉིས་མེད་དོན་ལྡན་རྡོ་རྗེའི་དོན། །གཉིས་མེད་དབྱིངས་ཀྱི་ངོ་བོར་འདོད། །ཅེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལའང་ངོ་བོ། ངེས་ཚིག །དབྱེ་བ་གསུམ་ལས། ངོ་བོ་ནི་རིག་པ་སྟོང་གསལ་ལ་འཆར་ཚུལ་གོ་མ་འགགས་པར་གསལ་བ་སྟེ། ཐལ་འགྱུར་ལས། མེ་ལོང་ ཡེ་ཤེས་གཟུགས་བརྙན་ལས། །དབྱིངས་དང་ཁ་དོག་སྣང་ཆ་རྫོགས། །དཀར་པོ་དྲི་མ་དག་ཕྱིར་འོད། །རང་འདས་སྣང་སྟེ་འཁོར་འདས་སྦྱོར། །ཆོས་རྣམས་ཀུན་གྱི་གཟུགས་སྣང་བས། །རང་རིག་ཡེ་ཤེས་ཞེས་བྱའོ། །ཞེས་པ་དང་། རང་ཤར་ལས། མེ་ལོང་ལྟ་བུའི་ཡེ་ཤེས་ནི། །

[p. 733] ༄༅། །དཔེར་ན་མེ་ལོང་དཀྱིལ་འཁོར་ལ། །གང་བསྟན་རྐྱེན་དེ་འོང་བ་བཞིན། །དེ་བཞིན་རིག་པ་དྲི་མེད་ལ། །ཉོན་མོངས་རྐྱེན་གྱིས་འཕྲོགས་པ་མེད། །ཡེ་ཤེས་གཟུགས་བརྙན་རང་གསལ་ལོ། །ཞེས་སོ། །ངེས་ཚིག་ནི་དེ་ཉིད་ལས། དེ་ཡང་ངེས་ཚིག་འདི་ལྟ་སྟེ། །

[edit]
OCR of the BDRC scans (I3CN4959), gorn05 tibocr 2026: BDRC OCR on 159 pages, Mitra OCR on 256 pages (the model with more recognisable syllables on each page).

[p. 411] ཤེས་ཀྱི་དུས་ན་གཞི་གནས་ཀྱི་ཡེ་ཤེས་ཉི་ཟླའི་སྙིང་པོ་ལྟར་དབྱིངས་ལས་མ་གཡོས། མཚན་ཉིད་འཛིན་པའི་ཡེ་ཤེས་ཟེར་དང་འཇའ་ཚོན་ལྟར་ལོངས་སྐུའི་ཞིང་ན་གནས་ ཏེ་དངོས་སུ་མེད་ལ། ཀུན་ཁྱབ་ཀྱི་ཡེ་ཤེས་ཆུ་ཟླ་རང་ངོ་ན་ཤར་བ་ལྟར་གདུལ་བྱ་ སོ་སོའི་ངོ་ཁ་ལ་སྣང་བ་སྟེ། སྣང་ཚུལ་ཆོས་ཅན་ལ་ལྟོས་ནས་སོ་སོར་ཕྱེ་ལ། རང་ བཞིན་ཆོས་ཉིད་ལ་ལྟོས་ནས་གཅིག་དང་ཐ་དད་ལས་འདས་པའི་ངོ་བོ་གཅིག་པ་ ཙམ་དུ་བརྗོད་དེ། ཐལ་འགྱུར་ལས། དེ་ཡང་སེམས་ཉིད་སྨིན་པའི་ཚེ། །ཆོས་ཀྱི་སྐུ་ ལ་གཞི་གནས་ཏེ། །ཀ་ནས་དག་པས་དྲི་མ་ཟད། །ངོ་བོ་ཡེ་ནས་འཁྲུལ་པ་མེད། ། འཆར་བྱེད་མ་འགགས་ལྷུན་གྲུབ་བོ། །རང་བཞིན་འདི་འདྲ་ངེས་པ་མེད། །ཀུན་ལ་ ཁྱབ་པས་ཐུགས་རྗེ་སྟེ། །འཁོར་བ་འདས་པ་ཆད་པ་མིན། །ཞེས་སོ། །འདི་དག་ ཀྱང་རིག་པ་ཆོས་སྐུ་ལ་ལྷུན་གྲུབ་ཀྱི་སྒོ་ཡོད་པ་ལས་བྱུང་བ་སྟེ། ཆོས་སྐུ་རང་ངོ་ དངོས་པོ་དང་མཚན་མར་མེད་པ་ངོ་བོ་གཉིས་མེད་མཐའ་གྲོལ་དག་པ་ཡེ་ཤེས་ཀྱི་ སྒོ་དང་གཞིའི་འཆར་གཞི་རང་ས་ན་གནས་པ་ལས་བྱུང་ལ། ལོངས་སྐུ་མཚན་ཉིད་ འཛིན་པའི་ཡེ་ཤེས་ནི་འོད་དང་སྐུ་དང་ཡེ་ཤེས་གསུམ་ལ་ཐུག་ཅིང་། སྤྲུལ་སྐུ་ གདུལ་བྱ་ལ་སྣང་ནུས་པ་མ་དག་པ་འཁོར་བའི་སྒོ་ཡི་འབྲེལ་དུ་ཤར་བ་ལས་ བྱུང་བ་སྟེ། དབང་རྣམ་པར་ཕྱེ་བ་ལས། འཁོར་བ་ངན་སོང་རོལ་པར་ཡེ་ཤར་ལ། ། ཞེས་པ་བཞིན་ནོ། །ཆོས་སྐུའི་དུས་ན་སྒོ་བརྒྱད་དབྱིངས་སུ་ནུབ་པའི་འཆར་གཞིར་

[p. 412] ། རྡོ་རྗེའི་གནས་བཅུ་གཅིག་པ་མཐར་ཕྱིན་པ་འབྲས་བུའི་རིམ་པ་རྒྱ་ཆེར་བཤད་པ། ཡོད་པ་ལས་ལོངས་སྤྲུལ་ཕྱིར་སྣང་དུ་འཆར་ནུས་པའི་གནད་དེ་ལས་བྱུང་བ་སྟེ། དབྱིངས་འདི་ལྟ་བུའི་འབྲེལ་བ་རྩི་ལུགས་རྫོགས་པ་ཆེན་པོ་འདི་མ་གཏོགས་པ་ ན་གསལ་པོར་མེད་ལ། ལེགས་པར་འཇལ་ཤེས་པ་ནི་དེང་སང་ཁོ་བོ་ཙམ་དུ་ཟད་ དོ༑ ༑གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་གསུམ་སྟེ། ཆོས་སྐུ་གཞི་ གནས། ལོངས་སྐུ་མཚན་ཉིད་འཛིན་པ། སྤྲུལ་སྐུ་ཀུན་ཁྱབ་ཀྱི་ཡེ་ཤེས་རྒྱས་པར་ བཤད་པའོ། །དང་པོ་ནི་གྲོལ་སར་གྲོལ་བའི་ཆོས་སྐུ་ཀ་དག་ནམ་མཁའ་ལྟ་བུར་རོ་ གཅིག་པ་སྟེ། འདིའི་དུས་ན་ཡེ་ཤེས་གསུམ་ལྡན་དུ་གནས་པ་ནི་ངོ་བོ་ཀ་དག་གི་ཡེ་ ཤེས་སྤྲོས་བརྗོད་ཀྱི་མཐའ་ལས་འདས་པ་ཤེལ་གོང་ཟང་ཐལ་བ་ལྟ་བུ། རང་ བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་སྣང་ཆའི་ཡོན་ཏན་གྱི་འཆར་གཞི་གཏིང་གསལ་ཕྲ་བ་ ཙམ་ལས་དངོས་པོ་རིས་ཅན་དུ་མེད་པ། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ངོ་བོའི་ རྩལ་ལས་འཆར་གཞིར་མ་འགགས་ལ་ཤེས་རིག་ཡུལ་ལ་དངོས་སུ་མི་དཔྱོད་པའི་་ ཆ་ཙམ་དུ་གནས་པའོ། །དེ་ཡང་ཆོས་སྐུ་ལ་རགས་པར་ཡོད་ན་དངོས་པོ་དང་མཚན་ མར་འགྱུར་བས་མཚན་ཉིད་སྤྲོས་བྲལ་ཞི་བར་མི་འཐད་ལ། འཆར་གཞི་གཏིང་ གསལ་གྱི་ཆ་ཕྲ་བར་མེད་ན་སྟོང་ཆད་ནམ་མཁའ་བཞིན་དུ་འགྱུར་བས་ན། དེ་ གཉིས་ཀ་ལས་ལོག་ནས་སྟོང་གསལ་ཕྲ་བའི་ཡེ་ཤེས་འཆར་གཞི་གནས་པ་སྟེ། ཀློང་དྲུག་པ་ལས། འདི་ལ་དབང་པོར་སྣང་བ་མེད། །རྡོས་བཅས་མཚན་མ་རང་ དག་ཕྱིར། །གཏིང་གསལ་ཆེན་པོའི་གཞི་མར་གནས། །ཁྱབ་དང་ཁྱབ་པ་ཉིད་ཀྱིས་ སྟོང་། །ཕྱང་ནས་ཆད་པ་མེད་སྣང་བར། །གསལ་བྱེད་སྣང་བའི་ཆ་མ་འགགས། ། སྙིང་པོ་ཐམས་ཅད་བཅུད་བསྡུས་པའི། །དྲི་མ་མེད་ཅིང་རང་སར་དག །སངས་རྒྱས་ རྣམས་ཀྱི་གསང་ཆེན་དུ། །རང་བཞིན་གྱི་ནི་ཆ་ལ་བཞུགས། །ཐུགས་རྗེའི་སྣང་ཆ་

[p. 413] ། ཚིག་དོན་རིན་པོ་ཆེའི་མཛོད། སྣ་ཚོགས་ལས། །སྟོང་ཆ་འགགས་པ་མེད་པ་ཉིད། །ཤེས་བྱ་ཡེ་ཤེས་རྣམ་གཉིས་སུ། ། སྣང་བའི་ཆ་ལ་སྣང་བར་བས། །མེད་པའི་སྣང་བ་རང་དག་ལས། །རང་བཞིན་ ཤུགས་ཀྱི་ཐུགས་རྗེ་ནི། །མཛད་པའི་རྩོལ་བ་ཡེ་མེད་པས། །མ་བྱས་སྣང་བའི་ཚུལ་ དག་ཏུ། །ཡེ་ནས་འབྱེད་པ་མེད་པར་སྣང་། །ཉི་མ་ལས་ནི་འོད་བཞིན་དུ། །རང་གི་ བྱས་པ་མ་ཡིན་ཏེ། །རང་གི་རང་བཞིན་དེ་ལྟར་སྣང་། །ཤེས་བྱ་ཡེ་ཤེས་གཉིས་ མེད་ན། །བེམས་པོ་རྣམས་དང་ཁྱད་ཅི་ཡོད། །ཡང་ན་སྟོང་པ་ཕྱང་ཆད་དུ། །འདི་ ཉིད་འགྱུར་བ་ཁོ་ནའོ། །ཞེས་པ་ནས། དེ་ཕྱིར་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་ ཐུགས་རྗེའི་ཆ་ལ་སྣང་། །ཞེས་པའི་བར་དུ་གསུངས་སོ། །དེ་ལྟར་ན་ཆོས་སྐུའི་རང་ དུས་ན་ཡེ་ཤེས་གསུམ་ལྡན་གྱི་ཆ་རྟག་ཆད་སྤྲོས་པ་ལས་འདས་པར་བཞུགས་ཏེ། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མིང་མེད། ། གཅིག་དང་གཉིས་ཀྱི་གྲངས་མེད་པའོ། །བརྟགས་པས་ཡོད་མེད་གྲུབ་པ་མེད། ། གོང་དུ་མ་ཕྱེའི་མཚན་ཉིད་ལས། །ཡེ་ཤེས་ཙམ་དུའང་གྲུབ་པ་མེད། །ཚིག་མེད་ བརྗོད་པར་གྲུབ་པ་མེད། །མཐའ་ལ་མི་གནས་རང་རིག་དག །བརྗོད་འཛིན་མིང་ གི་མཐའ་ཟད་པའོ། །རྒྱུ་མེད་རྐྱེན་གྱི་གྲངས་མེད་ལ། །གཉིས་སྣང་ཡུལ་དང་ཡུལ་ ཅན་མེད། །མཚན་ཉིད་གང་དུའང་ཕྱེ་བ་མེད། །ཡུལ་རྐྱེན་རགས་པ་རང་ཟད་པའོ། ། ཡེ་ནས་མེད་པས་དག་པས་དག །འཁྲུལ་རྟོག་འགགས་པས་ཅིར་མ་འཛད། །མ་ སྐྱེས་པས་ན་འགག་སྟོང་ངོ་། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ཞེས། །མི་སྐྱེ་མི་ འགག་ཅིར་མི་དགོངས། །ཡུལ་དག་ངེས་པ་མེད་ཕྱིར་རོ། །རྩལ་དང་ཡོན་ཏན་ འགག་མེད་པས། །རོལ་པ་ཙམ་དུ་སྣང་བ་ལས། །སྣ་ཚོགས་རྫོགས་པའི་གཞི་མའོ། ། མེད་ཕྱིར་སྣང་ལ་སྣང་ཕྱིར་སྟོང་། །སྣང་སྟོང་འཇུག་པའི་ཡན་ལག་ཅན། །སངས་

[p. 414] ། རྡོ་རྗེའི་གནས་བཅུ་གཅིག་པ་མཐར་ཕྱིན་པ་འབྲས་བུའི་རིམ་པ་རྒྱ་ཆེར་བཤད་པ། རྒྱས་སེམས་ཅན་དག་ཡུལ་ལོ། །འདི་ལྟར་གཞི་ཞེས་མངོན་པར་གནས། །རང་ བཞིན་ཙམ་དུ་གནས་པ་ལས། །ངོ་བོའི་ཆ་ནས་བཏགས་པས་སྟོང་། །ཡན་ལག་ སྤྲོས་ཕྱིར་མཁྱེན་པ་རྫོགས། །རང་གནས་ལྷུན་གྱིས་གྲུབ་པའི་ཕྱིར། །འདི་ལ་སྤང་ བླང་གཉིས་མེད་པའོ། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ལ། །མི་མཛད་྾སྣ་ཚོགས་ འཆར་བའི་སྒོ། །འཛད་པ་ལྟར་སྣང་ངོ་བོར་རྫོགས། །ཆོས་སྐུ་སྟོང་པའི་རང་བཞིན་ ལས། །ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ། །ཤུགས་ཀྱིས་སེམས་ཅན་རྣམས་ལ་ འཆར། །འདི་མེད་འཁོར་འདས་སྡེ་ཆད་པས། །མཁྱེན་པས་རིག་ཅིང་གསལ་བའོ། ། རང་རིག་གསལ་བའི་བདག་ཉིད་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉིད། །མ་ འགགས་འགག་པ་མེད་པའོ། །འབྱུང་བ་དག་པའི་ཆ་ལས་ནི། །ལོགས་སུ་མེད་པ་ ྾གཅིག་རྫོགས་པའི། །ཉི་མ་ལས་ནི་འོད་བཞིན་དུ། །རང་ཆས་སྒྲིབ་པ་མེད་པའོ། ། ཞེས་སོ། །དེ་ལྟར་ན་ཆོས་སྐུ་སྟོང་པའི་ཡེ་ཤེས་འཆར་གཞི་རང་མལ་ན་གནས་པ་ ཞེས་བྱའོ། ། གཉིས་པ་ལོངས་སྐུ་མཚན་ཉིད་འཛིན་པའི་ཡེ་ཤེས་ལ་ལྔ་ལས། དང་པོ་ནི་ཆོས་ཀྱི་ དབྱིངས་ཀྱི་ཡེ་ཤེས་ལ། ངོ་བོ། ངེས་ཚིག་དབྱེ་བ་གསུམ་ལས། ངོ་བོ་ནི་གྲོལ་གཞི་ དབྱིངས་ཀ་ནས་དག་པའི་ཆ་སྟོང་པ་དང་། རང་གསལ་ཡེ་ཤེས་ཀྱི་རང་འོད་ཀྱི་གཞི་ དང་། ཤེས་རིག་གི་དབྱིངས་གསུམ་དབྱེར་མེད་པ་སྟེ། རང་ཤར་ལས། ཆོས་ཀྱི་ དབྱིངས་ཀྱི་ཡེ་ཤེས་ནི། །སྟོང་པ་ཆེན་པོ་ཡུལ་ཉིད་དང་། །གསལ་བ་འོད་ཀྱི་སྣང་བ་ དང་། །ཡེ་ཤེས་རིག་པའི་སྤྱོད་ཡུལ་གསུམ། །དེ་གསུམ་འཛོམ་པས་དབྱིངས་ཞེས་ བྱ༑ ༑ཞེས་པ་དང་། ཐལ་འགྱུར་ལས། ཆོས་ཀྱི་དབྱིངས་ནི་ཡངས་པ་ལ། །མཐའ་ དང་དབུས་སུ་མི་དམིགས་པས། །གྲོལ་གཞིའི་ཆོས་ཉིད་དག་པའོ། །ཞེས་སོ། །

[p. 415] ༈ ཚིག་དོན་རིན་པོ་ཆེའི་མཛོད། ངེས་ཚིག་ནི། ཡང་དེ་ཉིད་ལས། ཆོས་ནི་སྤྱོད་པར་བྱེད་པ་ལ། །འདས་དང་འཇིག་ རྟེན་བྱ་བ་མེད། །རང་བཞིན་གསལ་ཞིང་དངས་པའོ། །དབྱིངས་ཀྱི་གོ་སྐབས་ འབྱེད་པ་ལ། །རང་བྱུང་ཆེན་པོའི་གནས་པའོ། །ཡེ་ནི་རྫོགས་པའི་བདག་ཉིད་ལ། ། ཐོག་མ་ནས་ནི་བཅོས་པ་མེད། །ཤེས་པས་འཁོར་འདས་གཉིས་ལས་གྲོལ། །རང་ སྣང་རྫོགས་པའི་དགོངས་པའོ། །ཞེས་སོ། །དབྱེ་ན་ལྔ་སྟེ། རང་ཤར་ལས། དབྱིངས་ཀྱི་ཡེ་ཤེས་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གཉིས། དབྱིངས་རྣམ་པར་ དག་པའི་ཡེ་ཤེས་དང་དབྱིངས་ཆེན་པོའི་ཡེ་ཤེས་གཉིས། དབྱིངས་ཐམས་ཅད་ གཉིས་སུ་མེད་པའི་ཡེ་ཤེས་དང་ལྔའོ་ཞེས་སོ། །དེ་དག་གི་ངོ་བོ་ནི། རྒྱུད་དེ་ཉིད་ ལས། རྣམ་དག་ཆོས་ཉིད་གདལ་པའི་ཀློང་། །རྣམ་པར་དག་པའི་དབྱིངས་སུ་ བཤད། །རྟོག་མེད་བསམ་པ་ཀུན་སྤངས་པ། །དབྱིངས་ཆེན་གསལ་བའི་ཡེ་ཤེས་ ཡིན། །ཕྱི་ནང་སྟོང་པ་རིས་མེད་ནི། །དབྱིངས་ཆེན་དག་པའི་ཡེ་ཤེས་ཡིན། །ཕྱི་ ནང་གསང་པའི་ཆོས་རྣམས་རྫོགས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། །གཉིས་ མེད་དོན་ལྡན་རྡོ་རྗེའི་དོན། །གཉིས་མེད་དབྱིངས་ཀྱི་ངོ་བོར་འདོད། །ཅེས་སོ། །མེ་ ལོང་ལྟ་བུའི་ཡེ་ཤེས་ལའང་ངོ་བོ། ངེས་ཚིག དབྱེ་བ་གསུམ་ལས། ངོ་བོ་ནི་རིག་པ་ སྟོང་གསལ་ལ་འཆར་ཚུལ་གོ་མ་འགགས་པར་གསལ་བར་༧སྟེ། ཐལ་འགྱུར་ལས། མེ་ལོང་ཡེ་ཤེས་གཟུགས་བརྙན་ལས། །དབྱིངས་དང་ཁ་དོག་སྣང་ཆ་རྫོགས། ། དཀར་པོ་དྲི་མ་དག་ཕྱིར་འོད། །རང་འདས་སྣང་སྟེ་འཁོར་འདས་སྦྱོར། །ཆོས་ རྣམས་ཀུན་གྱི་གཟུགས་སྣང་བས། །རང་རིག་ཡེ་ཤེས་ཞེས་བྱའོ། །ཞེས་པ་དང་། རང་ཤར་ལས། མེ་ལོང་ལྟ་བུའི་ཡེ་ཤེས་ནི། །དཔེར་ན་མེ་ལོང་དཀྱིལ་འཁོར་ལ། ། གང་བསྟན་རྐྱེན་དེ་འོང་བ་བཞིན། །དེ་བཞིན་རིག་པ་དྲི་མེད་ལ། །ཉོན་མོངས་རྐྱེན་

[p. 416] ༈ རྡོ་རྗེའི་གནས་བཅུ་གཅིག་པ་མཐར་ཕྱིན་པ་འབྲས་བུའི་རིམ་པ་རྒྱ་ཆེར་བཤད་པ། ཀྱིས་འཕྲོགས་པ་མེད། །ཡེ་ཤེས་གཟུགས་བརྙན་རང་གསལ་ལོ། །ཞེས་སོ། །ངེས་ ཚིག་ནི་དེ་ཉིད་ལས། དེ་ཡང་ངེས་ཚིག་འདི་ལྟ་སྟེ། །

[edit]
OCR of the BDRC scans (I8LS32911), gorn05 tibocr 2026: BDRC OCR on 307 pages, Mitra OCR on 201 pages (the model with more recognisable syllables on each page).

[p. 488] སྤྲུལ་སྐུའི་ཡེ་ཤེས་ཀྱི་དུས་ན་གཞི་གནས་ཀྱི་ཡེ་ཤས་ཉི་ཟླའི་སྙིང་པོ་ལྟར་དབྱིངས་ལས་མ་ གཡོས། མཚན་ཉིད་འཛིན་པའི་ཡེ་ཤས་ཟེར་དང་འཇའ་ཚོན་ལྟར་ལོངས་སྐུའི་ཞིང་ན་གནས་ཏེ་དངོས་སུ་མེད་ལ། ཀུན་ཁྱབ་ཀྱི་ཡེ་ཤེས་ཆུ་ཟླ་རང་ངོ་ན་ཤར་བ་ལྟར་གདུལ་བྱ་སོ་སོའི་ངོ་ཁ་ལ་སྣང་བ་སྟེ། སྣང་ཚུལ་

[p. 489] རང་ཤར་ལས། རང་བྱུང་ཡེ་ཤེས་དགོངས་པ་ནི། །ལྷུན་གྲུབ་དྲི་མེད་རང་གསལ་ལོ། །ཞེས་སོ། །ངེས་ཚིག་ནི། ཡེ་ནས་མཁྱེན་རིག་ཏུ་གསལ་བའི་ཆ་ལྷུན་གྲུབ་དེ་ཉིད་རྟོགས་པ་མངོན་གྱུར་དུ་ཤེས་པས་སྒྲིབ་པ་ ཀུན་ལས་རང་གྲོལ་ཏེ་ཡོན་ཏན་མ་ལུས་པའི་དཀྱིལ་འཁོར་དུ་བྱས་པས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བདེ་ཀློང་དུ་འཁྱིལ་པ་སྟེ། ཐལ་འགྱུར་ལས། ཡི་ནི་གསལ་ཞིང་མཁྱེན་རིག་ཆ། །ཤེས་པ་རང་གྲོལ་ དཀྱིལ་འཁོར་གཅིག །ཅེས་པ་དང་། རང་ཤར་ལས། ཡེ་ནས་རང་བཞིན་ལྷུན་གྱིས་གྲུབ། །དེ་ནས་རྟོགས་པ་མངོན་དུ་གྱུར། །ཡེ་ཤེས་ངེས་ཚིག་དེ་བཞིན་ནོ། །ཞེས་སོ། །དེ་ཡང་སྐུའི་སྙིང་པོར་གནས་པས་ སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡང་ངོ་བོ་བདག་གཅིག་གི་འབྲེལ་པ་གྲུབ་པའི་དོན་ཏེ། རྒྱུད་དེ་ཉིད་ལས། ཐ་དད་རང་བཞིན་འགྱུར་བ་མེད། །དེ་ཕྱིར་སྐུ་ལྔའི་ཡེ་ཤེས་ཏེ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །དོན་ ལ་དེ་བཞིན་གནས་པའོ། །ཞེས་སོ། །རབ་ཏུ་དབྱེ་བ་ལ་གཉིས་ཏེ། ཐུན་མོང་གི་རབ་ཏུ་དབྱེ་བ་དང་། སོ་སོའི་རང་བཞིན་རྒྱས་པ་བཤད་པའོ། །དང་པོ་ལ་གསུམ་སྟེ། ཆོས་སྐུ་གཞི་གནས་ཀྱི་ཡེ་ཤེས། ལོངས་སྐུ་མཚན་ ཉིད་འཛིན་པའི་ཡེ་ཤེས། སྤྲུལ་སྐུ་ཀུན་ཁྱབ་ཀྱི་ཡེ་ཤེས་སོ། །དེའང་ཆོས་སྐུའི་ཡེ་ཤེས་ཉི་མའི་སྙིང་པོ་ལྟར། ལོངས་སྤྲུལ་གཉིས་ཀྱི་ཡེ་ཤེས་ཉི་ཟེར་དང་འདྲ་བའི་འཆར་གཞི་བྱེད། ལོངས་སྐུའི་ཡེ་ཤེས་མེ་ལོང་དང་འདྲ་བས་ཡེ་ཤེས་རྫོགས་པའི་

[p. 490] ༄༅། །མཚན་ཉིད་འཛིན་པ། སྤྲུལ་སྐུ་ཀུན་ཁྱབ་ཀྱི་ཡེ་ཤེས་རྒྱས་པར་བཤད་པའོ། །དང་པོ་ནི་གྲོལ་སར་གྲོལ་བའི་ཆོས་སྐུ་ཀ་དག་ནི་མ་མཁའ་ལྟ་བུར་རོ་གཅིག་པ་སྟེ། འདིའི་དུས་ན་ཡེ་ཤེས་གསུམ་ལྔ་མ་ དུ་གནས་པ་ནི་ངོ་བོ་ཀ་དག་གི་ཡེ་ཤེས་སྤྲོས་བརྗོད་ཀྱི་མཐའ་ལས་འདས་པ་ཤེལ་གོང་ཟང་ཐལ་བ་ལྟ་བུ། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་སྣང་ཆའི་ཡོན་ཏན་གྱི་འཆར་གཞི་གཏིང་གསལ་ཕྲ་བ་ཙམ་ལས་དངོས་པོ་རིས་ཅན་དུ་མེད་ པ། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ངོ་བོའི་རྩལ་ལས་འཆར་གཞིར་མ་འགགས་ལ་ཤེས་རིག་ཡུལ་ལ་དངོས་སུ་མི་དཔྱོད་པའི་ཆ་ཙམ་དུ་གནས་པའོ། །དེ་ཡང་ཆོས་སྐུ་ལ་རིགས་པར་ཡོད་ན་དངོས་པོ་དང་མཚན་མར་འགྱུར་བས་ མཚན་ཉིད་སྤྲོས་བྲལ་ཞི་བར་མི་འཐད་ལ། འཆར་གཞི་གཏིང་གསལ་གྱི་ཆ་ཕྲ་བར་མེད་ན་སྟོང་ཆད་ནམ་མཁའ་བཞིན་དུ་འགྱུར་བས་ན། དེ་གཉིས་ཀ་ལས་ལོག་ནས་སྟོང་གསལ་ཕྲ་བའི་ཡེ་ཤེས་འཆར་གཞིར་གནས་པ་ སྟེ། ཀློང་དྲུག་པ་ལས། འདི་ལ་དབང་པོར་སྣང་བ་མེད། །རྡོས་བཅས་མཚན་མ་རང་དག་ཕྱིར། །གཏིང་གསལ་ཆེན་པོའི་གཞི་མར་གནས། །ཁྱབ་དང་ཁྱབ་པ་ཉིད་ཀྱིས་སྟོང་། །ཕྱུང་ནས་ཆད་པ་མེད་སྣང་བར། །གསལ་ བྱེད་སྣང་བའི་ཆ་མ་འགགས། །སྙིང་པོ་ཐམས་ཅད་བཅུད་བསྡུས་པའི། །དྲི་མ་མེད་ཅིང་རང་སར་དག །སངས་རྒྱས་རྣམས་ཀྱི་གསང་ཆེན་དུ། །རང་བཞིན་གྱི་ནི་ཆ་ལ་བཞུགས། །ཐུགས་རྗེའི་སྣང་ཆ་སྣ་ཚོགས་ལས། །སྟོད་

[p. 491] ཆོས་ཅན་ལ་ལྟོས་ནས་སོ་སོར་ཕྱེ་ལ། རང་བཞིན་ཆོས་ཉིད་ལ་ལྟོས་ནས་གཅིག་དང་ཐ་དད་ལས་འདས་པའི་ངོ་བོ་གཅིག་པ་ཙམ་དུ་བརྗོད་དེ། ཐལ་འགྱུར་ལས། དེ་ཡང་སེམས་ཉིད་སྨིན་པའི་ཚེ། །ཆོས་ཀྱི་སྐུ་ལ་གཞི་ གནས་ཏེ། །ཀ་ནས་དག་པས་དྲི་མ་ཟད། །ངོ་བོ་ཡེ་ནས་འཁྲུལ་པ་མེད། །འཆར་བྱེད་མ་འགགས་ལྷུན་གྲུབ་པོ། །རང་བཞིན་འདི་འདྲ་ངེས་པ་མེད། །ཀུན་ལ་ཁྱབ་པས་ཐུགས་རྗེ་སྟེ། །འཁོར་བ་འདས་པ་ཆད་པ་མིན། །ཞེས་ སོ༑ ༑འདི་དག་ཀྱང་རིག་པ་ཆོས་སྐུ་ལ་ལྷུན་གྲུབ་ཀྱི་སྒོ་ཡོད་པ་ལས་བྱུང་བ་སྟེ། ཆོས་སྐུ་རང་ངོ་དངོས་པོ་དང་མཚན་མར་མེད་པ་ངོ་བོ་གཉིས་མེད་མཐའ་གྲོལ་དག་པ་ཡེ་ཤེས་ཀྱི་སྒོ་དང་གཞིའི་འཆར་གཞི་རང་ས་ན་གནས་པ་ལས་ བྱུང་ལ། ལོངས་སྐུ་མཚན་ཉིད་འཛིན་པའི་ཡེ་ཤེས་ནི་འོད་དང་སྐུ་དང་ཡེ་ཤེས་གསུམ་ལ་ཐུག་ཅིང་། སྤྲུལ་སྐུ་གདུལ་བྱ་ལ་སྣང་ནུས་པ་མ་དག་པ་འཁོར་བའི་སྒོ་ཡེ་འབྲེལ་དུ་ཤར་བ་ལས་བྱུང་བ་སྟེ། དབང་རྣམ་པར་ཕྱེ་བ་ལས། འཁོར་བ་ ངན་སོང་རོལ་པར་ཡེ་ཤར་ལ། །ཞེས་པ་བཞིན་ནོ། །ཆོས་སྐུའི་དུས་ན་སྒོ་བརྒྱད་དབྱིངས་སུ་ནུབ་པའི་འཆར་གཞིར་ཡོད་པ་ལས་ལོངས་སྤྲུལ་ཕྱིར་སྣང་དུ་འཆར་ནུས་པའི་གནད་དེ་ལས་བྱུང་བ་སྟེ། དབྱིངས་འདི་ལྟ་བུའི་འབྲེལ་བརྩི་ ལུགས་རྫོགས་པ་ཆེན་པོ་འདི་མ་གཏོགས་པ་ན་གསལ་པོར་མེད་ལ། ལེགས་པར་འཇལ་ཤེས་པ་ནི་དིང་སང་ཁོ་བོ་ཙམ་དུ་ཟད་དོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་གསུམ་སྟེ། ཆོས་སྐུ་གཞི་གནས། ལོངས་སྐུ་

[p. 492] ༄༅། །འཁྲུལ་རྟོག་འགགས་པས་ཅིར་མ་མཛད། །མ་སྐྱེས་པས་ན་འགག་སྟོང་ངོ་། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ཞེས། །མི་སྐྱེ་མི་འགག་ཅིང་མི་དགོངས། །ཡུལ་དག་ངེས པ་མེད་ཕྱིར་རོ། །རྩལ་དང་ཡོན་ཏན་འགག་མེད་པས། །རོལ་པ་ཙམ་དུ་སྣང་བ་ལས། །སྣ་ཚོགས་རྫོགས་པའི་གཞི་མའོ། །མེད་ཕྱིར་སྣང་ལ་སྣང་ཕྱིར་སྟོང་། །སྣང་སྟོང་འཇུག་པའི་ཡན་ལག་ཅན། ། སངས་རྒྱས་སེམས་ཅན་དག་ཡུལ་ལོ། །འདི་ལྟར་གཞི་ཞེས་མངོན་པར་གནས། །རང་བཞིན་ཙམ་དུ་གནས་པ་ལས། །ངོ་བོའི་ཆ་ནས་བཏགས་པས་སྟོང་། །ཡན་ལག་སྤྲོས་ཕྱིར་མཁྱེན་པ་རྫོགས། །རང གནས་ལྷུན་གྱིས་གྲུབ་པའི་ཕྱིར། །འདི་ལ་སྤང་བླང་གཉིས་མེད་པའོ། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ལ། །མི་འཛད་སྣ་ཚོགས་འཆར་བའི་སྒོ། །འཛད་པ་ལྟར་སྣང་ངོ་བོར་རྫོགས། །ཆོས་སྐུ་སྟོང་པའི་རང བཞིན་ལས། །ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ། །ཤུགས་ཀྱིས་སེམས་ཅན་རྣམས་ལ་འཆར། །འདི་མེད་འཁོར་འདས་སྡེ་ཆད་པས། །མཁྱེན་པས་རིག་ཅིང་གསལ་བའོ། །རང་རིག་གསལ་བའི བདག་ཉིད་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉིད། །མ་འགགས་འགག་པ་མེད་པའོ། །འབྱུང་བ་དག་པའི་ཆ་ལས་ནི། །ལོགས་སུ་མེད་ལ་གཅིག་རྫོགས་པའི། །ཉི་མ་ལས་ནི་འོད་བཞིན་དུ། །

[p. 493] ཆ་འགག་པ་མེད་པ་ཉིད། །ཤེས་བྱ་ཡེ་ཤེས་རྣམ་གཉིས་སུ། །སྣང་བའི་ཆ་ལ་སྣང་བར་བས། །མེད་པའི་སྣང་བ་རང་དག་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ནི། །མཛད་པའི་རྩོལ་བ་ཡེ་མེད་པས། །མ་བྱས་ སྣང་བའི་ཚུལ་དག་ཏུ། །ཡེ་ནས་འབྱེད་པ་མེད་པར་སྣང་། །ཉི་མ་ལས་ནི་འོད་བཞིན་དུ། །རང་གིས་བྱས་པ་མ་ཡིན་ཏེ། །རང་གི་རང་བཞིན་དེ་ལྟར་སྣང་། །ཤེས་བྱ་ཡེ་ཤེས་གཉིས་མེད་ན། །བེམས་པོ་རྣམས་ དང་ཁྱད་ཅི་ཡོད། །ཡང་ན་སྟོང་པ་ཕྱང་ཆད་དུ། །འདི་ཉིད་འགྱུར་བ་ཁོ་ནའོ། །ཞེས་པ་ནས། དེ་ཕྱིར་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་ཐུགས་རྗེའི་ཆ་ལ་སྣང་། །ཞེས་པའི་བར་དུ་གསུངས་སོ། །དེ་ལྟར་ན་ ཆོས་སྐུའི་རང་དུས་ན་ཡེ་ཤེས་གསུམ་ལྡན་གྱི་ཆ་རྟག་ཆད་སྤྲོས་པ་ལས་འདས་པར་བཞུགས་ཏེ། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མིང་མེད། །གཅིག་དང་གཉིས་ཀྱི་གྲངས་མེད་ པའོ། །བརྟགས་པས་ཡོད་མེད་གྲུབ་པ་མེད། །གོང་དུ་མ་ཕྱེའི་མཚན་ཉིད་ལས། །ཡེ་ཤེས་ཙམ་དུའང་གྲུབ་པ་མེད། །ཚིག་མེད་བརྗོད་པར་གྲུབ་པ་མེད། །མཐའ་ལ་མི་གནས་རང་རིག་དག །བརྗོད་འཛིན་ མིང་གི་མཐའ་ཟད་པའོ། །རྒྱུ་མེད་རྐྱེན་གྱི་གྲངས་མེད་ལ། །གཉིས་སྣང་ཡུལ་དང་ཡུལ་ཅན་མེད། །མཚན་ཉིད་གང་དུའང་ཕྱེ་བ་མེད། །ཡུལ་རྐྱེན་རགས་པ་རང་ཟད་པའོ། །ཡེ་ནས་མེད་པས་དག་པས་དག །

[p. 494] ༄༅། །པའི་ཡེ་ཤེས་དང་དབྱིངས་ཆེན་པོའི་ཡེ་ཤེས་གཉིས། དབྱིངས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་དང་ལྔའོ་ཞེས་སོ། །དེ་དག་གི་ངོ་བོ་ནི། རྒྱུད་དེ་ཉིད་ལས། རྣམ་དག་ཆོས་ཉིད་ གདལ་བའི་ཀློང་། །རྣམ་པར་དག་པའི་དབྱིངས་སུ་བཤད། །རྟོག་མེད་བསམ་པ་ཀུན་སྤངས་པ། །དབྱིངས་ཆེན་གསལ་བའི་ཡེ་ཤེས་ཡིན། །ཕྱི་ནང་སྟོང་པ་རིས་མེད་ནི། །དབྱིངས་ཆེན་དག་པའི་ཡེ་ཤེས་ཡིན།། ཕྱི་ནང་གསང་བའི་ཆོས་རྣམས་རྫོགས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། །གཉིས་མེད་དོན་ལྡན་རྡོ་རྗེའི་དོན། །གཉིས་མེད་དབྱིངས་ཀྱི་ངོ་བོར་འདོད། །ཅེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལའང་ངོ་བོ། །ངེས་ཚིག། དབྱེ་བ་གསུམ་ལས། ངོ་བོ་ནི་རིག་པ་སྟོང་གསལ་ལ་འཆར་ཚུལ་གོ་མ་འགགས་པར་གསལ་བ་སྟེ། ཐལ་འགྱུར་ལས། མེ་ལོང་ཡེ་ཤེས་གཟུགས་བརྙན་ལས། །དབྱིངས་དང་ཁ་དོག་སྣང་ཆ་རྫོགས། །དཀར་པོ་དྲི་མ་དག་ ཕྱིར་རོ། །རང་འདས་སྣང་སྟེ་འཁོར་འདས་སྦྱོར། །ཆོས་རྣམས་ཀུན་གྱི་གཟུགས་སྣང་བས། །རང་རིག་ཡེ་ཤེས་ཞེས་བྱའོ། །ཞེས་པ་དང་། རང་ཤར་ལས། མེ་ལོང་ལྟ་བུའི་ཡེ་ཤེས་ནི། །དཔེར་ན་མེ་ལོང་དཀྱིལ་ འཁོར་ལ། །གང་བསྟན་རྐྱེན་དེ་འོང་བ་བཞིན། །དེ་བཞིན་རིག་པ་དྲི་མེད་ལ། །ཉོན་མོངས་རྐྱེན་གྱིས་འཕྲོགས་པ་མེད། །ཡེ་ཤེས་གཟུགས་བརྙན་རང་གསལ་ལོ། །ཞེས་སོ། །ངེས་ཚིག་ནི་དེ་ཉིད་ལས། དེ་ཡང་ངེས་

[p. 495] རང་ཆས་སྒྲིབ་པ་མེད་པའོ། །ཞེས་སོ། །དེ་ལྟར་ན་ཆོས་སྐུ་སྟོང་པའི་ཡེ་ཤེས་འཆར་གཞི་རང་མལ་ན་གནས་པ་ཞེས་བྱའོ། །གཉིས་པ་ལོངས་སྐུ་མཚན་ཉིད་འཛིན་པའི་ཡེ་ཤེས་ལ་ལྔ་ལས། དང་པོ་ནི་ཆོས་ཀྱི་ དབྱིངས་ཀྱི་ཡེ་ཤེས་ལ། ངོ་བོ། ངེས་ཚིག་དབྱེ་བ་གསུམ་ལས། ངོ་བོ་ནི་གྲོལ་གཞི་དབྱིངས་ཀ་ནས་དག་པའི་ཆ་སྟོང་པ་དང་། རང་གསལ་ཡེ་ཤེས་ཀྱི་རང་འོད་ཀྱི་གཞི་དང་། ཤེས་རིག་གི་དབྱིངས་གསུམ་དབྱེར་མེད་པ་ སྟེ། རང་ཤར་ལས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། །སྟོང་པ་ཆེན་པོ་ཡུལ་ཉིད་དང་། །གསལ་བ་འོད་ཀྱི་སྣང་བ་དང་། །ཡེ་ཤེས་རིག་པའི་སྤྱོད་ཡུལ་གསུམ། །དེ་གསུམ་འཇོམ་པས་དབྱིངས་ཞེས་བྱ། །ཞེས་པ་དང་། ཐལ་འགྱུར་ལས། ཆོས་ཀྱི་དབྱིངས་ནི་ཡངས་པ་ལ། །མཐའ་དང་དབུས་སུ་མི་དམིགས་པས། །གྲོལ་གཞིའི་ཆོས་ཉིད་དག་པའོ། །ཞེས་སོ། །ངེས་ཚིག་ནི། ཡང་དེ་ཉིད་ལས། ཆོས་ནི་སྤྱོད་པར་བྱེད་པ་ལ། ། འདས་དང་འཇིག་རྟེན་བྱ་བ་མེད། །རང་བཞིན་གསལ་ཞིང་དྭངས་པའོ། །དབྱིངས་ཀྱི་གོ་སྐབས་འབྱེད་པ་ལ། །རང་བྱུང་ཆེན་པོའི་གནས་པའོ། །ཡེ་ནི་རྫོགས་པའི་བདག་ཉིད་ལ། །ཐོག་མ་ནས་ནི་བཅོས་པ་མེད། ། ཤེས་པས་འཁོར་འདས་གཉིས་ལས་གྲོལ། །རང་སྣང་རྫོགས་པའི་དགོངས་པའོ། །ཞེས་སོ། །དབྱེ་ན་ལྔ་སྟེ། རང་ཤར་ལས། དབྱིངས་ཀྱི་ཡེ་ཤེས་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གཉིས། དབྱིངས་རྣམ་པར་དག་

[p. 496] ༄༅། །ཚིག་ནི་དེ་ཉིད་ལས། ཆོས་ཉིད་རྒྱ་ཆད་མེད་པ་མཉམ། །རིག་པའི་དོན་དང་ལྡན་པས་ཉིད། །མཉམ་ཉིད་ཡེ་ཤེས་དེ་བཞིན་ནོ། །ཞེས་པ་དང་། ཐལ་འགྱུར་ལས། མཉམ་པ་ཤེས་ བྱ་ཆོས་ཉིད་ལ། །ཟུག་རྔུའི་སྤྲོས་དང་བྲལ་བའོ། །ཉིད་ཅེས་བཅོས་ཤིང་རྩོལ་སྒྲུབ་མེད། །རང་བཞིན་གནས་པ་ངོ་བོས་སྟོང་། །སེམས་ཉིད་རྟོག་པ་ཀུན་ཟད་པའོ། །ཡེ་ཤེས་ཞེས་བྱ་གནས་པ་ལ། །དེ་ཡི་མཚན་ ཉིད་རྟོགས་པ་ཡིས། །འཁོར་འདས་གཉིས་ལ་མི་གནས་པའོ། །ཞེས་སོ། །དབྱེ་ན་ལྔ་སྟེ། རང་ཤར་ལས། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་མཉམ་པ་ཉིད་མ་འགགས་པའི་ཡེ་ཤེས་གཉིས། མི་གཡོ་བ་མཉམ་པ་ ཉིད་ཀྱི་ཡེ་ཤེས་དང་མི་འགག་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་གཉིས། ཅི་ལ་ཡང་ཡོད་ནས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ལྔའོ་ཞེས་སོ། །དེ་དག་གི་ངོ་བོ་ནི། ཡང་རྒྱུད་དེ་ཉིད་ལས། ཆོས་ཉིད་མཉམ་ལ་མ་འདྲེས་པ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། །མ་འགགས་སོ་སོའི་མཚན་ཉིད་འཛིན། །མཉམ་ཉིད་མ་འགགས་ཡེ་ཤེས་ཡིན། །མི་གཡོ་བ་ནི་སྐུ་ཡི་རྒྱ། །རྒྱ་ཆད་ཕྱོགས་ལྷུང་མེད་པ་ནི། །མི་གཡོ་མཉམ་ཉིད་ཡེ་ཤེས་ ཡིན། །མི་འགག་གསལ་གདངས་ཆེན་པོ་ལ། །ཡིད་ཀྱི་རྟོག་པ་དག་པ་ནི། །མཉམ་ཉིད་མི་འགག་ཡེ་ཤེས་ཡིན། །ཅིར་ཡང་མི་གནས་ཀུན་གྱི་རྩེ། །མཚན་མའི་དངོས་པོ་གྲོལ་བ་ནི། །མི་གནས་མཉམ་

[p. 497] ཚིག་འདི་ལྟ་སྟེ།

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 1009 typing errors, November 2026), with the variants of the other editions under each page (35 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = Tshig don mdzod MW3CN4957; X = Tshig don mdzod MW8LS32779. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 751] ཤེས་ཀྱི་དུས་ན་གཞི་གནས་ཀྱི་ཡེ་ཤེས་ཉི་ཟླའི་སྙིང་པོ་ལྟར་དབྱིངས་ལས་མ་གཡོས། མཚན་ཉིད་འཛིན་པའི་ཡེ་ཤེས་ཟེར་དང་འཇའ་ཚོན་ལྟར་ལོངས་སྐུའི་ཞིང་ན་གནས་ཏེ་དངོས་སུ་མེད་ལ། ཀུན་ཁྱབ་ཀྱི་ཡེ་ཤེས་ཆུ་ཟླ་རང་ངོ་ན་ཤར་བ་ལྟར་གདུལ་བྱ་སོ་སོའི་ངོ་ཁ་ལ་སྣང་བ་སྟེ། སྣང་ཚུལ་ཆོས་ཅན་ལ་ལྟོས་ནས་སོ་སོར་ཕྱེ་ལ། རང་བཞིན་ཆོས་ཉིད་ལ་ལྟོས་ནས་གཅིག་དང་ཐ་དད་ལས་འདས་པའི་ངོ་བོ་གཅིག་པ་ཙམ་དུ་བརྗོད་དེ། ཐལ་འགྱུར་ལས། དེ་ཡང་སེམས་ཉིད་སྨིན་པའི་ཚེ། ཆོས་ཀྱི་སྐུ་ལ་གཞི་གནས་ཏེ། །ཀ་ནས་དག་པས་དྲི་མ་ཟད། །ངོ་བོ་ཡེ་ནས་འཁྲུལ་པ་མེད། །འཆར་བྱེད་མ་འགགས་ལྷུན་གྲུབ་བོ། །རང་བཞིན་འདི་འདྲ་ངེས་པ་མེད། །ཀུན་ལ་ཁྱབ་པས་ཐུགས་རྗེ་སྟེ། །འཁོར་བ་འདས་པ་ཆད་པ་མིན། །ཞེས་སོ། །འདི་དག་ཀྱང་རིག་པ་ཆོས་སྐུ་ལ་ལྷུན་གྲུབ་ཀྱི་སྒོ་ཡོད་པ་ལས་བྱུང་བ་སྟེ།

པོ་ལྟར་དབྱིངས་ལས་མ་གཡོས ] ས W · དེ་ཡང་སེམས་ཉིད་སྨིན་པའི ] ཉི W · འགགས་ལྷུན་གྲུབ་བོ་རང་བཞིན ] པོ D G X

[p. 752] ཆོས་སྐུ་རང་ངོ་དངོས་པོ་དང་མཚན་མར་མེད་པ་ངོ་བོ་གཉིས་མེད་མཐའ་གྲོལ་དག་པ་ཡེ་ཤེས་ཀྱི་སྒོ་དང་གཞིའི་འཆར་གཞི་རང་ས་ན་གནས་པ་ལས་བྱུང་ལ། ལོངས་སྐུ་མཚན་ཉིད་འཛིན་པའི་ཡེ་ཤེས་ནི་འོད་དང་སྐུ་དང་ཡེ་ཤེས་གསུམ་ལ་ཐུག་ཅིང༌། སྤྲུལ་སྐུ་གདུལ་བྱ་ལ་སྣང་ནུས་པ་མ་དག་པ་འཁོར་བའི་སྒོ་ཡེ་འབྲེལ་དུ་ཤར་བ་ལས་བྱུང་བ་སྟེ། དབང་རྣམ་པར་ཕྱེ་བ་ལས། འཁོར་བ་ངན་སོང་རོལ་པར་ཡེ་ཤར་ལ། ཞེས་པ་བཞིན་ནོ། །ཆོས་སྐུའི་དུས་ན་སྒོ་བརྒྱད་དབྱིངས་སུ་ནུབ་པའི་འཆར་གཞིར་ཡོད་པ་ལས་ལོངས་སྤྲུལ་ཕྱིར་སྣང་དུ་འཆར་ནུས་པའི་གནད་དེ་ལས་བྱུང་བ་སྟེ། དབྱིངས་འདི་ལྟ་བུའི་འབྲེལ་བ་རྩི་ལུགས་རྫོགས་པ་ཆེན་པོ་འདི་མ་གཏོགས་པ་ན་གསལ་པོར་མེད་ལ། ལེགས་པར་འཇལ་ཤེས་པ་ནི་དིང་སང་ཁོ་བོ་ཙམ་དུ་ཟད་དོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་གསུམ་སྟེ། ཆོས་སྐུ་གཞི་

འཁོར་བའི་སྒོ་ཡེ་འབྲེལ་དུ ] ཡི A P S · ཤར་ལ་ཞེས་པ་བཞིན་ནོ ] om. W · པའི་འཆར་གཞིར་ཡོད་པ་ལས ] ཡོ W · ལྟ་བུའི་འབྲེལ་བ་རྩི་ལུགས་རྫོགས ] བརྩི D G X · ཤེས་པ་ནི་དིང་སང་ཁོ ] དེང P D G S

[p. 753] གནས། ལོངས་སྐུ་མཚན་ཉིད་འཛིན་པ། སྤྲུལ་སྐུ་ཀུན་ཁྱབ་ཀྱི་ཡེ་ཤེས་རྒྱས་པར་བཤད་པའོ། །དང་པོ་ནི་གྲོལ་སར་གྲོལ་བའི་ཆོས་སྐུ་ཀ་དག་ནམ་མཁའ་ལྟ་བུར་རོ་གཅིག་པ་སྟེ། འདིའི་དུས་ན་ཡེ་ཤེས་གསུམ་ལྡན་དུ་གནས་པ་ནི་ངོ་བོ་ཀ་དག་གི་ཡེ་ཤེས་སྤྲོས་བརྗོད་ཀྱི་མཐའ་ལས་འདས་པ་ཤེལ་གོང་ཟང་ཐལ་བ་ལྟ་བུ། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་སྣང་ཆའི་ཡོན་ཏན་གྱི་འཆར་གཞི་གཏིང་གསལ་ཕྲ་བ་ཙམ་ལས་དངོས་པོ་རིས་ཅན་དུ་མེད་པ། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ངོ་བོའི་རྩལ་ལས་འཆར་གཞིར་མ་འགགས་ལ་ཤེས་རིག་ཡུལ་ལ་དངོས་སུ་མི་དཔྱོད་པའི་ཆ་ཙམ་དུ་གནས་པའོ། །དེ་ཡང་ཆོས་སྐུ་ལ་རགས་པར་ཡོད་ན་དངོས་པོ་དང་མཚན་མར་འགྱུར་བས་མཚན་ཉིད་སྤྲོས་བྲལ་ཞི་བར་མི་འཐད་ལ། འཆར་གཞི་གཏིང་གསལ་གྱི་ཆ་ཕྲ་བར་མེད་ན་སྟོང་ཆད་ནམ་མཁའ་བཞིན་དུ་འགྱུར་བས་ན། དེ་

མ་འགགས་ལ་ཤེས་རིག་ཡུལ ] om. W · ཡུལ་ལ་དངོས་སུ་མི་དཔྱོད ] om. W

[p. 754] གཉིས་ཀ་ལས་ལོག་ནས་སྟོང་གསལ་ཕྲ་བའི་ཡེ་ཤེས་འཆར་གཞིར་གནས་པ་སྟེ། ཀློང་དྲུག་པ་ལས། འདི་ལ་དབང་པོར་སྣང་བ་མེད། །རྡོས་བཅས་མཚན་མ་རང་དག་ཕྱིར། །གཏིང་གསལ་ཆེན་པོའི་གཞི་མར་གནས། །ཁྱབ་དང་ཁྱབ་པ་ཉིད་ཀྱིས་སྟོང༌། །ཕྱང་ནས་ཆད་པ་མེད་སྣང་བར། །གསལ་བྱེད་སྣང་བའི་ཆ་མ་འགགས། །སྙིང་པོ་ཐམས་ཅད་བཅུད་བསྡུས་པའི། །དྲི་མ་མེད་ཅིང་རང་སར་དག །སངས་རྒྱས་རྣམས་ཀྱི་གསང་ཆེན་དུ། །རང་བཞིན་གྱི་ནི་ཆ་ལ་བཞུགས། །ཐུགས་རྗེའི་སྣང་ཆ་སྣ་ཚོགས་ལས། །སྟོང་ཆ་འགག་པ་མེད་པ་ཉིད། །ཤེས་བྱ་ཡེ་ཤེས་རྣམ་གཉིས་སུ། །སྣང་བའི་ཆ་ལ་སྣང་བར་བས། །མེད་པའི་སྣང་བ་རང་དག་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ནི། །མཛད་པའི་རྩོལ་བ་ཡེ་མེད་པས། །མ་བྱས་སྣང་བའི་ཚུལ་དག་ཏུ། །ཡེ་ནས་འབྱེད་པ་མེད་པར་སྣང༌། །ཉི་མ་

ཡེ་ཤེས་འཆར་གཞིར་གནས་པ ] གཞི P S · ལས་སྟོང་ཆ་འགག་པ་མེད ] འགགས P S · ལ་སྣང་བར་བས་མེད་པའི ] བབས W

[p. 755] ལས་ནི་འོད་བཞིན་དུ། །རང་གིས་བྱས་པ་མ་ཡིན་ཏེ། །རང་གི་རང་བཞིན་དེ་ལྟར་སྣང༌། །ཤེས་བྱ་ཡེ་ཤེས་གཉིས་མེད་ན། །བེམས་པོ་རྣམས་དང་ཁྱད་ཅི་ཡོད། །ཡང་ན་སྟོང་པ་ཕྱང་ཆད་དུ། །འདི་ཉིད་འགྱུར་བ་ཁོ་ནའོ། །ཞེས་པ་ནས། དེ་ཕྱིར་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་ཐུགས་རྗེའི་ཆ་ལ་སྣང༌། །ཞེས་པའི་བར་དུ་གསུངས་སོ། །དེ་ལྟར་ན་ཆོས་སྐུའི་རང་དུས་ན་ཡེ་ཤེས་གསུམ་ལྡན་གྱི་ཆ་རྟག་ཆད་སྤྲོས་པ་ལས་འདས་པར་བཞུགས་ཏེ། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མིང་མེད། གཅིག་དང་གཉིས་ཀྱི་གྲངས་མེད་པའོ། །བརྟགས་པས་ཡོད་མེད་གྲུབ་པ་མེད། །གོང་དུ་མ་ཕྱེའི་མཚན་ཉིད་ལས། ཡེ་ཤེས་ཙམ་དུའང་གྲུབ་པ་མེད། །ཚིག་མེད་བརྗོད་པར་གྲུབ་པ་མེད། །མཐའ་ལ་མི་གནས་རང་རིག་དག །བརྗོད་འཛིན་མིང་གི་

བཞིན་དུ་རང་གིས་བྱས་པ ] གི A P S · དུ་རང་གིས་བྱས་པ་མ ] བྱ W · ཆད་དུ་འདི་ཉིད་འགྱུར་བ ] ཉིན W

[p. 756] མཐའ་ཟད་པའོ། །རྒྱུ་མེད་རྐྱེན་གྱི་གྲངས་མེད་ལ། །གཉིས་སྣང་ཡུལ་དང་ཡུལ་ཅན་མེད། །མཚན་ཉིད་གང་དུའང་ཕྱེ་བ་མེད། །ཡུལ་རྐྱེན་རགས་པ་རང་ཟད་པའོ། །ཡེ་ནས་མེད་པས་དག་པས་དག །འཁྲུལ་རྟོག་འགགས་པས་ཅིར་མ་འཛད། །མ་སྐྱེས་པས་ན་འགག་སྟོང་ངོ༌། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ཞེས། །མི་སྐྱེ་མི་འགག་ཅིར་མི་དགོངས། །ཡུལ་དག་ངེས་པ་མེད་ཕྱིར་རོ། །རྩལ་དང་ཡོན་ཏན་འགག་མེད་པས། །རོལ་པ་ཙམ་དུ་སྣང་བ་ལས། །སྣ་ཚོགས་རྫོགས་པའི་གཞི་མའོ། །མེད་ཕྱིར་སྣང་ལ་སྣང་ཕྱིར་སྟོང༌། །སྣང་སྟོང་འཇུག་པའི་ཡན་ལག་ཅན། །སངས་རྒྱས་སེམས་ཅན་དག་ཡུལ་ལོ། །འདི་ལྟར་གཞི་ཞེས་མངོན་པར་གནས། །རང་བཞིན་ཙམ་དུ་གནས་པ་ལས། །ངོ་བོའི་ཆ་ནས་བཏགས་པས་སྟོང༌། །ཡན་ལག་སྤྲོས་ཕྱིར་མཁྱེན་པ་རྫོགས། །རང་གནས་ལྷུན་གྱིས་གྲུབ་པའི་

ཟད་པའོ་རྒྱུ་མེད་རྐྱེན་གྱི ] མེ W · པས་དག་འཁྲུལ་རྟོག་འགགས་པས ] རྟོགས W · པར་གནས་རང་བཞིན་ཙམ་དུ ] བཞི W

[p. 757] ཕྱིར། །འདི་ལ་སྤང་བླང་གཉིས་མེད་པའོ། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ལ། །མི་འཛད་སྣ་ཚོགས་འཆར་བའི་སྒོ། །འཛད་པ་ལྟར་སྣང་ངོ་བོར་རྫོགས། །ཆོས་སྐུ་སྟོང་པའི་རང་བཞིན་ལས། །ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ། །ཤུགས་ཀྱིས་སེམས་ཅན་རྣམས་ལ་འཆར། །འདི་མེད་འཁོར་འདས་སྡེ་ཆད་པས། །མཁྱེན་པས་རིག་ཅིང་གསལ་བའོ། །རང་རིག་གསལ་བའི་བདག་ཉིད་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉིད། །མ་འགགས་འགག་པ་མེད་པའོ། །འབྱུང་བ་དག་པའི་ཆ་ལས་ནི། །ལོགས་སུ་མེད་པ་ལ་གཅིག་རྫོགས་པའི། །ཉི་མ་ལས་ནི་འོད་བཞིན་དུ། །རང་ཆས་སྒྲིབ་པ་མེད་པའོ། །ཞེས་སོ། །དེ་ལྟར་ན་ཆོས་སྐུ་སྟོང་པའི་ཡེ་ཤེས་འཆར་གཞི་རང་མལ་ན་གནས་པ་ཞེས་བྱའོ། །གཉིས་པ་ལོངས་སྐུ་མཚན་ཉིད་འཛིན་པའི་ཡེ་ཤེས་ལ་ལྔ་ལས། དང་པོ་ནི་ཆོས་ཀྱི་

ཤེས་ལ་མི་འཛད་སྣ་ཚོགས ] མཛད A P S · ལོགས་སུ་མེད་པ་ལ་གཅིག ] om. D G X · སུ་མེད་པ་ལ་གཅིག་རྫོགས ] om. A P S

[p. 758] དབྱིངས་ཀྱི་ཡེ་ཤེས་ལ། ངོ་བོ། ངེས་ཚིག་དབྱེ་བ་གསུམ་ལས། ངོ་བོ་ནི་གྲོལ་གཞི་དབྱིངས་ཀ་ནས་དག་པའི་ཆ་སྟོང་པ་དང༌། རང་གསལ་ཡེ་ཤེས་ཀྱི་རང་འོད་ཀྱི་གཞི་དང༌། ཤེས་རིག་གི་དབྱིངས་གསུམ་དབྱེར་མེད་པ་སྟེ། རང་ཤར་ལས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། །སྟོང་པ་ཆེན་པོ་ཡུལ་ཉིད་དང༌། །གསལ་བ་འོད་ཀྱི་སྣང་བ་དང༌། །ཡེ་ཤེས་རིག་པའི་སྤྱོད་ཡུལ་གསུམ། །དེ་གསུམ་འཛོམ་པས་དབྱིངས་ཞེས་བྱ། །ཞེས་པ་དང༌། ཐལ་འགྱུར་ལས། ཆོས་ཀྱི་དབྱིངས་ནི་ཡངས་པ་ལ། །མཐའ་དང་དབུས་སུ་མི་དམིགས་པས། །གྲོལ་གཞིའི་ཆོས་ཉིད་དག་པའོ། །ཞེས་སོ། །ངེས་ཚིག་ནི། ཡང་དེ་ཉིད་ལས། ཆོས་ནི་སྤྱོད་པར་བྱེད་པ་ལ། འདས་དང་འཇིག་རྟེན་བྱ་བ་མེད། །རང་བཞིན་གསལ་ཞིང་དངས་པའོ། །དབྱིངས་ཀྱི་གོ་སྐབས་འབྱེད་པ་ལ། །རང་བྱུང་ཆེན་པོའི་གནས་པའོ། །

ལ་ངོ་བོ་ངེས་ཚིག་དབྱེ ] དེས A D · གཞི་དབྱིངས་ཀ་ནས་དག་པའི ] om. W · བཞིན་གསལ་ཞིང་དངས་པའོ་དབྱིངས ] དྭངས D G X · པའོ་དབྱིངས་ཀྱི་གོ་སྐབས་འབྱེད ] སྒོ W

[p. 759] ཡེ་ནི་རྫོགས་པའི་བདག་ཉིད་ལ། །ཐོག་མ་ནས་ནི་བཅོས་པ་མེད། །ཤེས་པས་འཁོར་འདས་གཉིས་ལས་གྲོལ། །རང་སྣང་རྫོགས་པའི་དགོངས་པའོ། །ཞེས་སོ། དབྱེ་ན་ལྔ་སྟེ། རང་ཤར་ལས། དབྱིངས་ཀྱི་ཡེ་ཤེས་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གཉིས། །དབྱིངས་རྣམ་པར་དག་པའི་ཡེ་ཤེས་དང་དབྱིངས་ཆེན་པོའི་ཡེ་ཤེས་གཉིས། དབྱིངས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་དང་ལྔའོ་ཞེས་སོ། །དེ་དག་གི་ངོ་བོ་ནི། རྒྱུད་དེ་ཉིད་ལས། རྣམ་དག་ཆོས་ཉིད་གདལ་བའི་ཀློང༌། །རྣམ་པར་དག་པའི་དབྱིངས་སུ་བཤད། །རྟོག་མེད་བསམ་པ་ཀུན་སྤངས་པ། །དབྱིངས་ཆེན་གསལ་བའི་ཡེ་ཤེས་ཡིན། །ཕྱི་ནང་སྟོང་པ་རིས་མེད་ནི། །དབྱིངས་ཆེན་དག་པའི་ཡེ་ཤེས་ཡིན། །ཕྱི་ནང་གསང་བའི་ཆོས་རྣམས་རྫོགས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། །གཉིས་མེད་དོན་ལྡན་

ཤེས་གཉིས་དབྱིངས་རྣམ་པར་དག་པའི་ཡེ་ཤེས་དང་དབྱིངས་ཆེན་པོའི་ཡེ་ཤེས ] om. W · ཆོས་ཉིད་གདལ་བའི་ཀློང་རྣམ ] པའི A P S · ཕྱི་ནང་གསང་བའི་ཆོས་རྣམས ] པའི W P S

[p. 760] རྡོ་རྗེའི་དོན། །གཉིས་མེད་དབྱིངས་ཀྱི་ངོ་བོར་འདོད། །ཅེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལའང་ངོ་བོ། ངེས་ཚིག དབྱེ་བ་གསུམ་ལས། ངོ་བོ་ནི་རིག་པ་སྟོང་གསལ་ལ་འཆར་ཚུལ་གོ་མ་འགགས་པར་གསལ་བ་སྟེ། ཐལ་འགྱུར་ལས མེ་ལོང་ཡེ་ཤེས་གཟུགས་བརྙན་ལས། དབྱིངས་དང་ཁ་དོག་སྣང་ཆ་རྫོགས། །དཀར་པོ་དྲི་མ་དག་ཕྱིར་འོད། །རང་འདས་སྣང་སྟེ་འཁོར་འདས་སྦྱོར། །ཆོས་རྣམས་ཀུན་གྱི་གཟུགས་སྣང་བས། །རང་རིག་ཡེ་ཤེས་ཞེས་བྱའོ། །ཞེས་པ་དང༌། རང་ཤར་ལས། མེ་ལོང་ལྟ་བུའི་ཡེ་ཤེས་ནི། །དཔེར་ན་མེ་ལོང་དཀྱིལ་འཁོར་ལ། །གང་བསྟན་རྐྱེན་དེ་འོང་བ་བཞིན། །དེ་བཞིན་རིག་པ་དྲི་མེད་ལ། །ཉོན་མོངས་རྐྱེན་གྱིས་འཕྲོགས་པ་མེད། །ཡེ་ཤེས་གཟུགས་བརྙན་རང་གསལ་ལོ། །ཞེས་སོ། །ངེས་ཚིག་ནི་དེ་ཉིད་ལས། དེ་ཡང་ངེས་ཚིག་འདི་ལྟ་སྟེ། །སྣ་ཚོགས་

ལས་ངོ་བོ་ནི་རིག་པ ] om. W · འགགས་པར་གསལ་བ་སྟེ་ཐལ ] བར A P S · རྫོགས་དཀར་པོ་དྲི་མ་དག ] ད W · ཆོས་རྣམས་ཀུན་གྱི་གཟུགས་སྣང ] ག W · ཉོན་མོངས་རྐྱེན་གྱིས་འཕྲོགས་པ ] ཀྱིས P · ཉོན་མོངས་རྐྱེན་གྱིས་འཕྲོགས་པ་མེད ] གྱི་འཕྲོག W
[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the divisions of each unit; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The first levels of the outline of the whole work are on the contents page.
3 Extensive explanation of the victory banner of the wish-fulfilling jewel, the nature of awareness, primordial wisdom རིག་པ་ཡེ་ཤེས་ཀྱི་རང་བཞིན་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་རྒྱ་ཆེར་བཤད་པ [p. 747]
3.3 Divisions རབ་ཏུ་དབྱེ་བ [p. 749]
3.3.1 General divisions ཐུན་མོང་གི་རབ་ཏུ་དབྱེ་བ [p. 749]
3.3.1.3 Origin from the doors of spontaneous presence ལྷུན་གྲུབ་ཀྱི་སྒོ་ལས་བྱུང་ཚུལ [p. 751] topical
The three wisdoms derive from the doors of spontaneous presence; the eight doors subside into the expanse as the dharmakāya's ground of arising, enabling the form kāyas to appear. Longchenpa claims this reckoning is unique to the Great Perfection and understood today only by himself.
3.3.2 Extensive explanation of the nature of each སོ་སོའི་རང་བཞིན་རྒྱས་པར་བཤད་པ [p. 752]
Details the dharmakāya's ground-abiding wisdom as a subtle, empty-clear ground of arising, then the saṃbhogakāya's five wisdoms, each by essence, etymology and fivefold division. Last come the nirmāṇakāya's wisdoms of knowing things as they are and all that there is, which accomplish beings' aims.
3.3.2.1 The dharmakāya's primordial wisdom abiding as the ground ཆོས་སྐུ་གཞི་གནས་ཀྱི་ཡེ་ཤེས [p. 753]
The liberated dharmakāya, one taste like space, holds three wisdoms—essence, nature and compassion—present subtly as an empty, clear ground of arising, neither coarse entity nor blank void; supported by the Six Vast Expanses and Reverberation of Sound.
3.3.2.2 The saṃbhogakāya's primordial wisdom that holds characteristics ལོངས་སྐུ་མཚན་ཉིད་འཛིན་པའི་ཡེ་ཤེས [p. 757]
Explains the saṃbhogakāya's five wisdoms (dharmadhātu, mirror-like, equality, individual discernment and all-accomplishing), giving for each its essence, a syllable-by-syllable etymology and a fivefold division, drawn from the Reverberation of Sound and the Self-Arising Awareness.
3.3.2.2.1 Primordial wisdom of the dharmadhātu ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས [p. 757]
Dharmadhātu wisdom is the inseparability of the primordially pure expanse, self-clear wisdom's light and cognizant awareness. Its name is glossed syllable by syllable, and it is divided into five kinds of expanse wisdom, ending with the nondual expanse.
3.3.2.2.1.1 Essence ངོ་བོ [p. 758]
Its essence is the inseparability of the empty, primordially pure expanse that is the ground of liberation, the ground of self-clear wisdom's own light, and the expanse of cognizant awareness.
3.3.2.2.1.2 Etymology ངེས་ཚིག [p. 758]
Glosses chos, dbyings, ye and shes syllable by syllable from the Reverberation of Sound.
3.3.2.2.1.3 Divisions དབྱེ་བ [p. 759]
Lists five kinds of expanse wisdom from the Self-Arising Awareness and gives the essence of each, ending with the nondual expanse.
3.3.2.2.2 Mirror-like primordial wisdom མེ་ལོང་ལྟ་བུའི་ཡེ་ཤེས [p. 760]
Mirror-like wisdom is the unceasing clarity arising within empty-clear awareness, like reflections in a mirror. Its name means engaging, realizing and becoming familiar with manifold objects, and it has five divisions defined by clarity, non-conceptuality and absence of grasping.
3.3.2.2.2.1 Essence ངོ་བོ [p. 760]
Its essence is the unceasing clarity of arising within empty-clear awareness, like reflections in a mirror unaffected by the afflictions.
3.3.2.2.2.2 Etymology ངེས་ཚིག [p. 760]
Explains me as engaging manifold objects and long as realizing and being familiarized with them.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 751] the primordial wisdom abiding as the ground, like the heart of the sun or moon, has not stirred from the expanse; the primordial wisdom that holds characteristics, like rays and rainbow colours, abides in the field of the saṃbhogakāya and is not actually present; and the all-pervading primordial wisdom, like the moon in water arising in its own face, appears in the perception of each of those to be trained. Thus, with regard to the manner of appearing (snang tshul), the phenomena (chos can), they are distinguished individually; with regard to the nature, dharmatā, they are spoken of as merely one in essence, beyond being one or distinct. From the Reverberation of Sound:

Moreover, when mind itself has ripened,
In the dharmakāya it abides as the ground:[74]Note 74 · p. 751 · chos kyi sku la gzhi gnas te: taken as referring to the primordial wisdom "abiding as the ground", since the verse is cited as the source for the three primordial wisdoms. Claude Fable 5.2's "the ground abides in the dharmakāya" inverts this.
Being primordially pure (ka nas dag pa), its stains are exhausted;
The essence is primordially without delusion.
What makes things arise is unceasing: spontaneous presence;
The nature is not determinate as "like this."
Because it pervades all, it is compassion;
Saṃsāra and nirvāṇa are not cut off.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (The root tantra of the Seventeen Tantras; the name 'gsang ba sgra rgyud' appears to refer to it as well.)
The quoted words are in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 100 % of the words.
[73]Note 73 · p. 751 · 'khor ba 'das pa chad pa min: Gemini 4 Neon and GPT-6.2 Astra read "transcending saṃsāra, it is not cut off / not annihilation"; Dharmamitra and Claude Fable 5.2 read "saṃsāra and nirvāṇa are not cut off". I follow the latter, taking 'khor ba 'das pa as the verse form of 'khor 'das: because compassion pervades all, the arising of both is uninterrupted. The other reading is grammatically possible.

3.3.1.3 Origin from the doors of spontaneous presence ལྷུན་གྲུབ་ཀྱི་སྒོ་ལས་བྱུང་ཚུལ3.3.1.3 Origin from the doors of spontaneous presence (topical division)
The three wisdoms derive from the doors of spontaneous presence; the eight doors subside into the expanse as the dharmakāya's ground of arising, enabling the form kāyas to appear. Longchenpa claims this reckoning is unique to the Great Perfection and understood today only by himself.

These, too, come from the presence of the doors (sgo) of spontaneous presence in awareness, the dharmakāya:

[p. 752] the dharmakāya, whose own face does not exist as a concrete entity (dngos po) or a mark, comes from the essence—the doors of nonduality (gnyis med),[75]Note 75 · p. 752 · ngo bo gnyis med mtha' grol dag pa ye shes kyi sgo: read with Gemini 4 Neon and Claude Fable 5.2 as three of the eight doors of spontaneous presence (nonduality, liberation from extremes, pure primordial wisdom). Dharmamitra and GPT-6.2 Astra collapse them into one "gateway of pure wisdom whose essence is nondual and free from extremes". The three-door reading matches the next clauses, which assign light, kāya and primordial wisdom to the saṃbhogakāya and the door of impure saṃsāra to the nirmāṇakāya. liberation from extremes (mtha' grol) and pure primordial wisdom—and from the ground of arising of the ground abiding in its own place; the saṃbhogakāya's primordial wisdom that holds characteristics comes down to the three of light, kāya and primordial wisdom; and the nirmāṇakāya's ability to appear to those to be trained comes from the door of impure saṃsāra having arisen as a primordial connection.[76]Note 76 · p. 752 · sgo ye 'brel du shar ba: Adzom reads sgo yi 'brel du ("arisen in connection with the door of impure saṃsāra"). I follow the e-text's ye 'brel ("primordial connection"), which is supported by ye shar in the line quoted immediately afterwards. This accords with the statement in the Analysis of Empowerment (Dbang rnam par phye ba):

Saṃsāra and the lower realms (ngan song) have primordially arisen as play (rol pa), andDbang rnam par phye baQuotation (named in the text: དབང་རྣམ་པར་ཕྱེ་བ་ལས)
དབང་རྣམ་པར་ཕྱེ་བ, dbang rnam par phye ba, The Analysis of Empowerment · upadesha
Identification: low confidence (Not identified.)
The quoted words are in Klong chen rab byams gsung 'bum/volume 009 286 (a parallel), 100 % of the words.
[77]Note 77 · p. 752 · The quoted line ends in the continuative la, so the citation breaks off mid-sentence; rendered "and…" with Claude Fable 5.2. The title Dbang rnam par phye ba is translated provisionally and should be harmonised with any earlier occurrence.…

At the time of the dharmakāya, the eight doors are present as the ground of arising, having subsided into the expanse; and it is from that key point (gnad) that the saṃbhogakāya and nirmāṇakāya are able to arise as outward appearances. Such a way of reckoning the connections of the expanse is not clearly found anywhere apart from this Great Perfection (rdzogs pa chen po), and nowadays those who know how to take its measure well amount to no one but myself.

3.3.2 Extensive explanation of the nature of each སོ་སོའི་རང་བཞིན་རྒྱས་པར་བཤད་པ3.3.2 Extensive explanation of the nature of each
Details the dharmakāya's ground-abiding wisdom as a subtle, empty-clear ground of arising, then the saṃbhogakāya's five wisdoms, each by essence, etymology and fivefold division. Last come the nirmāṇakāya's wisdoms of knowing things as they are and all that there is, which accomplish beings' aims.

Second, the extensive explanation of the nature of each has three: the extensive explanations of the primordial wisdom of the dharmakāya, abiding as the ground;

[p. 753] of the saṃbhogakāya, which holds characteristics; and of the nirmāṇakāya, all-pervading.

3.3.2.1 The dharmakāya's primordial wisdom abiding as the ground ཆོས་སྐུ་གཞི་གནས་ཀྱི་ཡེ་ཤེས3.3.2.1 The dharmakāya's primordial wisdom abiding as the ground
The liberated dharmakāya, one taste like space, holds three wisdoms—essence, nature and compassion—present subtly as an empty, clear ground of arising, neither coarse entity nor blank void; supported by the Six Vast Expanses and Reverberation of Sound.

First: the dharmakāya liberated in the place of liberation (grol sa) is primordial purity, of one taste like space. At this time it abides endowed with three primordial wisdoms. The primordial wisdom of the essence, primordial purity, is beyond the extremes of elaboration and expression, like an unimpededly transparent (zang thal ba) crystal sphere. The primordial wisdom of the nature, spontaneous presence, is no more than a subtle deep clarity (gting gsal), the ground of arising of the qualities of the appearing aspect, and does not exist as a delimited concrete entity. The primordial wisdom of compassion, all-pervading, is unceasing as a ground of arising from the dynamic energy of the essence, yet abides as merely the aspect of cognizant awareness (shes rig) that does not actually examine objects.

Moreover, if these were present in the dharmakāya in a coarse way, it would become a concrete entity and a mark, and so it would be untenable for its defining characteristic to be peace, free from elaboration (spros bral); and if the aspect of deep clarity, the ground of arising, were not subtly present,[78]Note 78 · p. 753 · cha phra bar med na: read with Claude Fable 5.2 as "if the aspect were not subtly present", parallel to rags par yod na ("if present in a coarse way"). Dharmamitra, Gemini 4 Neon and GPT-6.2 Astra read "if the subtle aspect were absent". it would become a blank emptiness like space. Therefore,[79]Note 79 · p. 753 · The part ends mid-sentence at de; I stop at "Therefore," and the next part continues with "turning away from both of these…". Dharmamitra ran on into the next page's text and its quotation, which is not included here.

[p. 754] having turned away from both,[80]Note 80 · p. 754 · Dharmamitra omits the opening prose sentence, the citation formula and the first verse line; these are supplied from the Tibetan. it abides as the ground of arising, a subtle primordial wisdom that is empty and clear. As the Six Vast Expanses (Klong drug pa) says:

"In this there is no appearance to the sense faculties.
Because solid marks are naturally pure,
It abides as the ground of great deep clarity.[81]Note 81 · p. 754 · gting gsal, gsal ba: Gemini 4 Neon and GPT-6.2 Astra have "luminosity/luminous", which the glossary reserves for 'od gsal; rendered "deep clarity" and "clear" as in the previous part.
It is empty of pervaded and pervader themselves.
As an appearance that is not blankly cut off,[83]Note 83 · p. 754 · phyang nas chad pa med snang bar: GPT-6.2 Astra's "Though it appears as nothing, it is not utterly cut off" inverts the syntax. I take it with Claude Fable 5.2, Gemini 4 Neon and Dharmamitra as an appearing that does not lapse into blankness, which matches Longchenpa's preceding prose argument.
The illuminating aspect of appearance has not ceased.
The distilled quintessence of every heart,
Stainless and pure in its own place,
As the great secret of the buddhas
It abides in the aspect of the nature.
From the manifold appearing aspects of compassion,
The empty aspect is itself without cessation.
Since, as the two, the knowable and primordial wisdom,
It appears in the aspect of appearance,[82]Note 82 · p. 754 · snang bar bas: the text is doubtful. I read it as snang ba pas ("since it appears"), as GPT-6.2 Astra does. Dharmamitra's "descends" presupposes bab and makes the empty aspect the subject of the following lines, which I do not follow.
From the natural purity of appearance that does not exist,
Compassion, the force of the nature,
Being primordially without the effort of acting,
In the manner of unmade appearance
Appears primordially without division.

[p. 755] Like light from the sun,
It is not something made by itself;
Its own nature appears in that way.
If the two, the knowable and primordial wisdom, were absent,[84]Note 84 · p. 755 · shes bya ye shes gnyis med na: here gnyis med is "if the two were absent", not "nondual". The consequence drawn (no different from inert matter, or a blank emptiness) requires this. Dharmamitra's "were not non-dual" reverses the sense.
What difference would there be from inert matter (bems po)?
Or else this itself could only turn
Into a blank emptiness."Klong drug paQuotation (named in the text: ཀློང་དྲུག་པ་ལས)
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Spaces of Samantabhadra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Klong chen rab byams gsung 'bum/volume 016 432 (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 56 % of the words.

From this up to:

"Therefore the primordial wisdom of omniscience
Appears in the aspect of compassion."Klong drug paQuotation (the text says: the same source)
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Spaces of Samantabhadra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 100 % of the words.

So it is taught.

Thus, at the dharmakāya's own time, the aspect endowed with the three primordial wisdoms abides beyond the elaborations of permanence and annihilation. As the Reverberation of Sound says:[86]Note 86 · p. 755 · Thal 'gyur: Dharmamitra's "Consequence Tantra" is replaced by the fixed title Reverberation of Sound.

"In the primordial wisdom of the essence, primordial purity,
Not even the name 'ignorance' (ma rig pa) is possible.[85]Note 85 · p. 755 · ma rig pa zhes srid ming med: I take srid as "possible" (with Claude Fable 5.2). Dharmamitra reads "worldly name", taking srid as existence; Gemini 4 Neon and GPT-6.2 Astra leave srid untranslated.
There is no enumeration as one or two.
When examined, neither existence nor nonexistence is established.
Since its defining characteristic is never to have been differentiated,
It is not established even as mere primordial wisdom.
Without words, it is not established as something expressible.
Abiding in no extreme, self-awareness is pure;
The extremes of expression, grasping and name

[p. 756] Are exhausted.
Without cause (rgyu) and with no enumeration of conditions (rkyen),
It has no dualistic appearance, no object (yul) and no subject.
It is not differentiated into any defining characteristic whatsoever.
Coarse objects and conditions are exhausted of themselves.
Primordially nonexistent, hence pure—pure by purity.
Since deluded conceptual thought has ceased, it is not exhausted into anything.[87]Note 87 · p. 756 · cir ma 'dzad: I keep the text's 'dzad, "not exhausted into anything" (Claude Fable 5.2; GPT-6.2 Astra "nothing is depleted"). Gemini 4 Neon "nothing is fashioned" and Dharmamitra "nothing is enacted" presuppose mdzad, for which no variant is recorded at this place.
Since it is unborn, it is empty of ceasing.

What is called the primordial wisdom of the nature, spontaneous presence,
Is unborn and unceasing, and has nothing whatever in mind,
Because objects have no determinacy.[88]Note 88 · p. 756 · yul dag nges pa med: I take dag as the plural marker, "objects have no determinacy" (Claude Fable 5.2, Gemini 4 Neon). GPT-6.2 Astra and Dharmamitra read "pure objects". Likewise sangs rgyas sems can dag yul is "the object of buddhas and sentient beings", not Dharmamitra's "pure domain".
Since its dynamic energy and qualities are unceasing,
From its appearing as mere play
It is the ground in which the manifold is complete.
Because it does not exist it appears, and because it appears it is empty.
Endowed with the branches that enter appearance and emptiness,
It is the object of buddhas and sentient beings alike.
In this way it manifestly abides as what is called the 'ground' (gzhi).
While it abides as mere nature,
From the aspect of the essence it is empty of imputation.
Because its branches unfold, knowledge is complete.
Because it abides of itself, spontaneously present,Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (The root tantra of the Seventeen Tantras; the name 'gsang ba sgra rgyud' appears to refer to it as well.)
The quoted words are in Ngb-pt-0056-vol-01-text (the text itself), 81 % of the words.

[p. 757] In this there is neither of the two, rejecting and accepting.

In the primordial wisdom of compassion, all-pervading,
Is the door through which the inexhaustible manifold arises.[89]Note 89 · p. 757 · mi 'dzad sna tshogs: Adzom reads mi mdzad ("not acting"). I follow the e-text's mi 'dzad ("inexhaustible"), which the next line ('dzad pa ltar snang, "though it appears to be exhausted") confirms.
Though it appears to be exhausted, it is complete in the essence.
From the nature of the empty dharmakāya,
The aspect in which the knowledge of primordial wisdom is complete
Arises by its force for sentient beings.
Since without this the classes of saṃsāra and nirvāṇa[91]Note 91 · p. 757 · 'khor 'das sde chad pas: Dharmamitra drops sde ("classes"). ('khor 'das) would be cut off,
By knowledge it is aware and clear.
From the very being of clear self-awareness,
Compassion itself, the force of the nature,
Has not ceased and is without ceasing.
From the pure aspect of the elements[90]Note 90 · p. 757 · 'byung ba dag pa'i cha: rendered "the pure aspect of the elements", as in all drafts. 'byung ba could instead mean "arising" ("the pure aspect of arising"), which the sun-and-light simile would also suit. ('byung ba)
It is not apart, but complete as one;
Like light from the sun,
It is inherent and without obscuration."

Thus it is said.

Accordingly, this is called "the primordial wisdom of the empty dharmakāya, the ground of arising, abiding in its own resting place."

3.3.2.2 The saṃbhogakāya's primordial wisdom that holds characteristics ལོངས་སྐུ་མཚན་ཉིད་འཛིན་པའི་ཡེ་ཤེས3.3.2.2 The saṃbhogakāya's primordial wisdom that holds characteristics
Explains the saṃbhogakāya's five wisdoms (dharmadhātu, mirror-like, equality, individual discernment and all-accomplishing), giving for each its essence, a syllable-by-syllable etymology and a fivefold division, drawn from the Reverberation of Sound and the Self-Arising Awareness.

Second, the primordial wisdom of the saṃbhogakāya, which holds characteristics, has five parts.

3.3.2.2.1 Primordial wisdom of the dharmadhātu ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས3.3.2.2.1 Primordial wisdom of the dharmadhātu
Dharmadhātu wisdom is the inseparability of the primordially pure expanse, self-clear wisdom's light and cognizant awareness. Its name is glossed syllable by syllable, and it is divided into five kinds of expanse wisdom, ending with the nondual expanse.

First, as for the primordial wisdom of the dharmadhātu[92]Note 92 · p. 757 · The part ends mid-phrase at chos kyi. I complete only the noun phrase "primordial wisdom of the dharmadhātu" from the next page and stop there; the threefold enumeration (essence, etymology, divisions), which Dharmamitra begins, belongs to the next part. (chos kyi dbyings kyi ye shes),

[p. 758] there are three: essence, etymology and divisions.[93]Note 93 · p. 758 · The part opens mid-sentence; "the primordial wisdom of the dharmadhātu" was already rendered at the end of the previous part and is not repeated.

3.3.2.2.1.1 Essence ངོ་བོ3.3.2.2.1.1 Essence
Its essence is the inseparability of the empty, primordially pure expanse that is the ground of liberation, the ground of self-clear wisdom's own light, and the expanse of cognizant awareness.

As for the essence, it is the inseparability of three:[94]Note 94 · p. 758 · ngo bo ni … gsum dbyer med pa: Claude Fable 5.2 reads "three expanses"; I read gsum as counting the three items listed (the empty, the ground of light, the expanse of cognizant awareness), as the Rang shar citation confirms ("because these three come together, it is called 'expanse'"). Dharmamitra's "primordially pure from the very ground of liberation" misconstrues grol gzhi dbyings, which is in apposition (the expanse that is the ground of liberation). the empty, which is the primordially pure aspect of the expanse, the ground of liberation (grol gzhi); the ground of the own light (rang 'od) of self-clear primordial wisdom;[95]Note 95 · p. 758 · gsal ba / rang gsal: all drafts have "luminous/luminosity"; the house glossary reserves that for 'od gsal, so "clarity/clear" and "self-clear" are used throughout. and the expanse of cognizant awareness. The Self-Arising Awareness says:

"As for the primordial wisdom of the dharmadhātu:
Great emptiness, the object itself,
Clarity, the appearance of light,
And the domain (spyod yul) of primordial wisdom, awareness, these three:
Because these three come together, it is called 'expanse.'"Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 81 % of the words.

Thus it is said, and the Reverberation of Sound says:

"In the dharmadhātu (chos kyi dbyings), which is vast,
Since there is no reference point as edge or centre,
It is the pure dharmatā of the ground of liberation."Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (The root tantra of the Seventeen Tantras; the name 'gsang ba sgra rgyud' appears to refer to it as well.)
The quoted words are in Ngb-pt-0056-vol-01-text (the text itself), 69 % of the words.

Thus it is said.

3.3.2.2.1.2 Etymology ངེས་ཚིག3.3.2.2.1.2 Etymology
Glosses chos, dbyings, ye and shes syllable by syllable from the Reverberation of Sound.

As for the etymology, that same tantra further says:

"Chos (dharma): in that which is engaged,[97]Note 97 · p. 758 · The etymology glosses the syllables chos, dbyings, ye and shes; they are kept in Wylie with an English gloss, since the house rendering "dharmadhātu" would otherwise hide the structure. Dharmamitra leaves ye and shes unmarked.
There is nothing called 'transcendent' or 'worldly';[96]Note 96 · p. 758 · 'das dang 'jig rten bya ba med: GPT-6.2 Astra, Dharmamitra and Gemini 4 Neon take bya ba as "action/activity"; with Claude Fable 5.2 I read it as (zhes) bya ba, "nothing called transcendent or worldly", which parallels "liberation from both saṃsāra and nirvāṇa" in the gloss on shes. The other reading remains possible.
By nature it is clear and limpid.
Dbyings (expanse): in its opening up of room,
It is the abiding of the great self-arisen.

[p. 759] Ye (primordial): in the very being of completeness,
From the very beginning there is no contrivance.
Shes (wisdom): by knowing, there is liberation from both saṃsāra and nirvāṇa;
It is the enlightened intent[98]Note 98 · p. 759 · dgongs pa: GPT-6.2 Astra and Dharmamitra have "realization"; the glossary's "enlightened intent" is used. in which self-appearance is complete."Thal 'gyurQuotation (the text says: the same source: ཡང་དེ་ཉིད་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (The root tantra of the Seventeen Tantras; the name 'gsang ba sgra rgyud' appears to refer to it as well.)
The quoted words are in Klong chen rab byams gsung 'bum/volume 016 432 (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 91 % of the words.

Thus it is said.

3.3.2.2.1.3 Divisions དབྱེ་བ3.3.2.2.1.3 Divisions
Lists five kinds of expanse wisdom from the Self-Arising Awareness and gives the essence of each, ending with the nondual expanse.

When divided, there are five. The Self-Arising Awareness says: "The primordial wisdom of the expanse and the primordial wisdom of the dharmadhātu, these two; the primordial wisdom of the utterly pure expanse and the primordial wisdom of the great expanse, these two; and the primordial wisdom in which all expanses are nondual: these are the five."Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 100 % of the words.
Thus it is said.

As for their essence, that same tantra says:

"The all-pervading vast expanse (klong) of utterly pure dharmatā
Is explained as the utterly pure expanse.
The non-conceptual, with all reflection abandoned,
Is the clear primordial wisdom of the great expanse.
The emptiness of outer and inner, without partiality,
Is the pure primordial wisdom of the great expanse.
The completeness of outer, inner and secret phenomena
Is the primordial wisdom of the dharmadhātu.
That which is endowed with the nondual meaning,[99]Note 99 · p. 759 · The Tibetan page break falls inside the verse line gnyis med don ldan / rdo rje'i don; the English line is split to place the marker.

[p. 760] The vajra meaning,
Is held to be the essence of the nondual expanse."Rang sharQuotation (the text says: the same source: རྒྱུད་དེ་ཉིད་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 65 % of the words.

Thus it is said.

3.3.2.2.2 Mirror-like primordial wisdom མེ་ལོང་ལྟ་བུའི་ཡེ་ཤེས3.3.2.2.2 Mirror-like primordial wisdom
Mirror-like wisdom is the unceasing clarity arising within empty-clear awareness, like reflections in a mirror. Its name means engaging, realizing and becoming familiar with manifold objects, and it has five divisions defined by clarity, non-conceptuality and absence of grasping.

For mirror-like primordial wisdom (me long lta bu'i ye shes) too there are three: essence, etymology and divisions.

3.3.2.2.2.1 Essence ངོ་བོ3.3.2.2.2.1 Essence
Its essence is the unceasing clarity of arising within empty-clear awareness, like reflections in a mirror unaffected by the afflictions.

As for the essence, it is the clarity, in awareness that is empty and clear, of the manner of arising, its avenue unceasing. The Reverberation of Sound says:

"From the reflections of mirror primordial wisdom,
The expanse, the colours and the aspect of appearance are complete.
It is white; because stains are purified, it is light.
It appears while itself transcending,[100]Note 100 · p. 760 · rang 'das snang ste 'khor 'das sbyor: the line is obscure and rang 'das may be corrupt. Gemini 4 Neon's "its natural radiance appears" presupposes an emendation (rang gdangs/mdangs) with no support in the editions; Dharmamitra's "appearances transcend the ordinary" strains the syntax. I translate the text as it stands, close to Claude Fable 5.2 and GPT-6.2 Astra: the mirror appears while itself transcending what appears in it. and joins saṃsāra and nirvāṇa.
Because the forms of all phenomena appear,
It is called self-aware primordial wisdom (rang rig ye shes)."Thal 'gyurQuotation (named in the text: ཐལ་འགྱུར་ལས)

The quoted words are in Klong chen rab byams gsung 'bum/volume 016 432 (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 73 % of the words.

Thus it is said, and the Self-Arising Awareness says:

"As for mirror-like primordial wisdom:
Just as, for example, in the disc of a mirror,[101]Note 101 · p. 760 · dkyil 'khor in me long dkyil 'khor is rendered "disc" (of a mirror), not the glossary's "maṇḍala", as the context requires.
Whatever is shown, that condition comes forth,[102]Note 102 · p. 760 · gang bstan rkyen de 'ong ba: Dharmamitra ("whatever conditions are presented") and Gemini 4 Neon ("whatever condition is shown") make rkyen the object of bstan; with Claude Fable 5.2 I take rkyen de as the subject of 'ong ba ("that condition comes forth").
So in stainless awareness
There is no being carried off by the condition of the afflictions (nyon mongs);
The reflections of primordial wisdom are self-clear."Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 68 % of the words.

Thus it is said.

3.3.2.2.2.2 Etymology ངེས་ཚིག3.3.2.2.2.2 Etymology
Explains me as engaging manifold objects and long as realizing and being familiarized with them.

As for the etymology, that same tantra says:

"Its etymology, moreover, is this:
Because it engages with the manifold

Translation notes
  • 73. [p. 751] 'khor ba 'das pa chad pa min: Gemini 4 Neon and GPT-6.2 Astra read "transcending saṃsāra, it is not cut off / not annihilation"; Dharmamitra and Claude Fable 5.2 read "saṃsāra and nirvāṇa are not cut off". I follow the latter, taking 'khor ba 'das pa as the verse form of 'khor 'das: because compassion pervades all, the arising of both is uninterrupted. The other reading is grammatically possible.
  • 74. [p. 751] chos kyi sku la gzhi gnas te: taken as referring to the primordial wisdom "abiding as the ground", since the verse is cited as the source for the three primordial wisdoms. Claude Fable 5.2's "the ground abides in the dharmakāya" inverts this.
  • 75. [p. 752] ngo bo gnyis med mtha' grol dag pa ye shes kyi sgo: read with Gemini 4 Neon and Claude Fable 5.2 as three of the eight doors of spontaneous presence (nonduality, liberation from extremes, pure primordial wisdom). Dharmamitra and GPT-6.2 Astra collapse them into one "gateway of pure wisdom whose essence is nondual and free from extremes". The three-door reading matches the next clauses, which assign light, kāya and primordial wisdom to the saṃbhogakāya and the door of impure saṃsāra to the nirmāṇakāya.
  • 76. [p. 752] sgo ye 'brel du shar ba: Adzom reads sgo yi 'brel du ("arisen in connection with the door of impure saṃsāra"). I follow the e-text's ye 'brel ("primordial connection"), which is supported by ye shar in the line quoted immediately afterwards.
  • 77. [p. 752] The quoted line ends in the continuative la, so the citation breaks off mid-sentence; rendered "and…" with Claude Fable 5.2. The title Dbang rnam par phye ba is translated provisionally and should be harmonised with any earlier occurrence.
  • 78. [p. 753] cha phra bar med na: read with Claude Fable 5.2 as "if the aspect were not subtly present", parallel to rags par yod na ("if present in a coarse way"). Dharmamitra, Gemini 4 Neon and GPT-6.2 Astra read "if the subtle aspect were absent".
  • 79. [p. 753] The part ends mid-sentence at de; I stop at "Therefore," and the next part continues with "turning away from both of these…". Dharmamitra ran on into the next page's text and its quotation, which is not included here.
  • 80. [p. 754] Dharmamitra omits the opening prose sentence, the citation formula and the first verse line; these are supplied from the Tibetan.
  • 81. [p. 754] gting gsal, gsal ba: Gemini 4 Neon and GPT-6.2 Astra have "luminosity/luminous", which the glossary reserves for 'od gsal; rendered "deep clarity" and "clear" as in the previous part.
  • 82. [p. 754] snang bar bas: the text is doubtful. I read it as snang ba pas ("since it appears"), as GPT-6.2 Astra does. Dharmamitra's "descends" presupposes bab and makes the empty aspect the subject of the following lines, which I do not follow.
  • 83. [p. 754] phyang nas chad pa med snang bar: GPT-6.2 Astra's "Though it appears as nothing, it is not utterly cut off" inverts the syntax. I take it with Claude Fable 5.2, Gemini 4 Neon and Dharmamitra as an appearing that does not lapse into blankness, which matches Longchenpa's preceding prose argument.
  • 84. [p. 755] shes bya ye shes gnyis med na: here gnyis med is "if the two were absent", not "nondual". The consequence drawn (no different from inert matter, or a blank emptiness) requires this. Dharmamitra's "were not non-dual" reverses the sense.
  • 85. [p. 755] ma rig pa zhes srid ming med: I take srid as "possible" (with Claude Fable 5.2). Dharmamitra reads "worldly name", taking srid as existence; Gemini 4 Neon and GPT-6.2 Astra leave srid untranslated.
  • 86. [p. 755] Thal 'gyur: Dharmamitra's "Consequence Tantra" is replaced by the fixed title Reverberation of Sound.
  • 87. [p. 756] cir ma 'dzad: I keep the text's 'dzad, "not exhausted into anything" (Claude Fable 5.2; GPT-6.2 Astra "nothing is depleted"). Gemini 4 Neon "nothing is fashioned" and Dharmamitra "nothing is enacted" presuppose mdzad, for which no variant is recorded at this place.
  • 88. [p. 756] yul dag nges pa med: I take dag as the plural marker, "objects have no determinacy" (Claude Fable 5.2, Gemini 4 Neon). GPT-6.2 Astra and Dharmamitra read "pure objects". Likewise sangs rgyas sems can dag yul is "the object of buddhas and sentient beings", not Dharmamitra's "pure domain".
  • 89. [p. 757] mi 'dzad sna tshogs: Adzom reads mi mdzad ("not acting"). I follow the e-text's mi 'dzad ("inexhaustible"), which the next line ('dzad pa ltar snang, "though it appears to be exhausted") confirms.
  • 90. [p. 757] 'byung ba dag pa'i cha: rendered "the pure aspect of the elements", as in all drafts. 'byung ba could instead mean "arising" ("the pure aspect of arising"), which the sun-and-light simile would also suit.
  • 91. [p. 757] 'khor 'das sde chad pas: Dharmamitra drops sde ("classes").
  • 92. [p. 757] The part ends mid-phrase at chos kyi. I complete only the noun phrase "primordial wisdom of the dharmadhātu" from the next page and stop there; the threefold enumeration (essence, etymology, divisions), which Dharmamitra begins, belongs to the next part.
  • 93. [p. 758] The part opens mid-sentence; "the primordial wisdom of the dharmadhātu" was already rendered at the end of the previous part and is not repeated.
  • 94. [p. 758] ngo bo ni … gsum dbyer med pa: Claude Fable 5.2 reads "three expanses"; I read gsum as counting the three items listed (the empty, the ground of light, the expanse of cognizant awareness), as the Rang shar citation confirms ("because these three come together, it is called 'expanse'"). Dharmamitra's "primordially pure from the very ground of liberation" misconstrues grol gzhi dbyings, which is in apposition (the expanse that is the ground of liberation).
  • 95. [p. 758] gsal ba / rang gsal: all drafts have "luminous/luminosity"; the house glossary reserves that for 'od gsal, so "clarity/clear" and "self-clear" are used throughout.
  • 96. [p. 758] 'das dang 'jig rten bya ba med: GPT-6.2 Astra, Dharmamitra and Gemini 4 Neon take bya ba as "action/activity"; with Claude Fable 5.2 I read it as (zhes) bya ba, "nothing called transcendent or worldly", which parallels "liberation from both saṃsāra and nirvāṇa" in the gloss on shes. The other reading remains possible.
  • 97. [p. 758] The etymology glosses the syllables chos, dbyings, ye and shes; they are kept in Wylie with an English gloss, since the house rendering "dharmadhātu" would otherwise hide the structure. Dharmamitra leaves ye and shes unmarked.
  • 98. [p. 759] dgongs pa: GPT-6.2 Astra and Dharmamitra have "realization"; the glossary's "enlightened intent" is used.
  • 99. [p. 759] The Tibetan page break falls inside the verse line gnyis med don ldan / rdo rje'i don; the English line is split to place the marker.
  • 100. [p. 760] rang 'das snang ste 'khor 'das sbyor: the line is obscure and rang 'das may be corrupt. Gemini 4 Neon's "its natural radiance appears" presupposes an emendation (rang gdangs/mdangs) with no support in the editions; Dharmamitra's "appearances transcend the ordinary" strains the syntax. I translate the text as it stands, close to Claude Fable 5.2 and GPT-6.2 Astra: the mirror appears while itself transcending what appears in it.
  • 101. [p. 760] dkyil 'khor in me long dkyil 'khor is rendered "disc" (of a mirror), not the glossary's "maṇḍala", as the context requires.
  • 102. [p. 760] gang bstan rkyen de 'ong ba: Dharmamitra ("whatever conditions are presented") and Gemini 4 Neon ("whatever condition is shown") make rkyen the object of bstan; with Claude Fable 5.2 I take rkyen de as the subject of 'ong ba ("that condition comes forth").
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the text announces and opens), gold the quotations, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Author's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 751]
ཤེས་ཀྱི་དུས་ན་གཞི་གནས་ཀྱི་ཡེ་ཤེས་ཉི་ཟླའི་སྙིང་པོ་ལྟར་དབྱིངས་ལས་མ་གཡོས། མཚན་ཉིད་འཛིན་པའི་ཡེ་ཤེས་ཟེར་དང་འཇའ་ཚོན་ལྟར་ལོངས་སྐུའི་ཞིང་ན་གནས་ཏེ་དངོས་སུ་མེད་ལ། ཀུན་ཁྱབ་ཀྱི་ཡེ་ཤེས་ཆུ་ཟླ་རང་ངོ་ན་ཤར་བ་ལྟར་གདུལ་བྱ་སོ་སོའི་ངོ་ཁ་ལ་སྣང་བ་སྟེ། སྣང་ཚུལ་ཆོས་ཅན་ལ་ལྟོས་ནས་སོ་སོར་ཕྱེ་ལ། རང་བཞིན་ཆོས་ཉིད་ལ་ལྟོས་ནས་གཅིག་དང་ཐ་དད་ལས་འདས་པའི་ངོ་བོ་གཅིག་པ་ཙམ་དུ་བརྗོད་དེ། ཐལ་འགྱུར་ལས། དེ་ཡང་སེམས་ཉིད་སྨིན་པའི་ཚེ།
ཆོས་ཀྱི་སྐུ་ལ་གཞི་གནས་ཏེ།
།ཀ་ནས་དག་པས་དྲི་མ་ཟད།
།ངོ་བོ་ཡེ་ནས་འཁྲུལ་པ་མེད།
།འཆར་བྱེད་མ་འགགས་ལྷུན་གྲུབ་བོ།
།རང་བཞིན་འདི་འདྲ་ངེས་པ་མེད།
།ཀུན་ལ་ཁྱབ་པས་ཐུགས་རྗེ་སྟེ།
།འཁོར་བ་འདས་པ་ཆད་པ་མིན།
།ཞེས་སོ། །འདི་དག་ཀྱང་རིག་པ་ཆོས་སྐུ་ལ་ལྷུན་གྲུབ་ཀྱི་སྒོ་ཡོད་པ་ལས་བྱུང་བ་སྟེ།

the primordial wisdom abiding as the ground, like the heart of the sun or moon, has not stirred from the expanse; the primordial wisdom that holds characteristics, like rays and rainbow colours, abides in the field of the saṃbhogakāya and is not actually present; and the all-pervading primordial wisdom, like the moon in water arising in its own face, appears in the perception of each of those to be trained. Thus, with regard to the manner of appearing (snang tshul), the phenomena (chos can), they are distinguished individually; with regard to the nature, dharmatā, they are spoken of as merely one in essence, beyond being one or distinct. From the Reverberation of Sound:

Moreover, when mind itself has ripened,
In the dharmakāya it abides as the ground:[74]Note 74 · p. 751 · chos kyi sku la gzhi gnas te: taken as referring to the primordial wisdom "abiding as the ground", since the verse is cited as the source for the three primordial wisdoms. Claude Fable 5.2's "the ground abides in the dharmakāya" inverts this.
Being primordially pure (ka nas dag pa), its stains are exhausted;
The essence is primordially without delusion.
What makes things arise is unceasing: spontaneous presence;
The nature is not determinate as "like this."
Because it pervades all, it is compassion;
Saṃsāra and nirvāṇa are not cut off.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (The root tantra of the Seventeen Tantras; the name 'gsang ba sgra rgyud' appears to refer to it as well.)
The quoted words are in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 100 % of the words.
[73]Note 73 · p. 751 · 'khor ba 'das pa chad pa min: Gemini 4 Neon and GPT-6.2 Astra read "transcending saṃsāra, it is not cut off / not annihilation"; Dharmamitra and Claude Fable 5.2 read "saṃsāra and nirvāṇa are not cut off". I follow the latter, taking 'khor ba 'das pa as the verse form of 'khor 'das: because compassion pervades all, the arising of both is uninterrupted. The other reading is grammatically possible.

3.3.1.3 Origin from the doors of spontaneous presence ལྷུན་གྲུབ་ཀྱི་སྒོ་ལས་བྱུང་ཚུལ3.3.1.3 Origin from the doors of spontaneous presence (topical division)
The three wisdoms derive from the doors of spontaneous presence; the eight doors subside into the expanse as the dharmakāya's ground of arising, enabling the form kāyas to appear. Longchenpa claims this reckoning is unique to the Great Perfection and understood today only by himself.

These, too, come from the presence of the doors (sgo) of spontaneous presence in awareness, the dharmakāya:

[p. 752]
ཆོས་སྐུ་རང་ངོ་དངོས་པོ་དང་མཚན་མར་མེད་པ་ངོ་བོ་གཉིས་མེད་མཐའ་གྲོལ་དག་པ་ཡེ་ཤེས་ཀྱི་སྒོ་དང་གཞིའི་འཆར་གཞི་རང་ས་ན་གནས་པ་ལས་བྱུང་ལ། ལོངས་སྐུ་མཚན་ཉིད་འཛིན་པའི་ཡེ་ཤེས་ནི་འོད་དང་སྐུ་དང་ཡེ་ཤེས་གསུམ་ལ་ཐུག་ཅིང༌། སྤྲུལ་སྐུ་གདུལ་བྱ་ལ་སྣང་ནུས་པ་མ་དག་པ་འཁོར་བའི་སྒོ་ཡེ་འབྲེལ་དུ་ཤར་བ་ལས་བྱུང་བ་སྟེ། དབང་རྣམ་པར་ཕྱེ་བ་ལས། འཁོར་བ་ངན་སོང་རོལ་པར་ཡེ་ཤར་ལ། ཞེས་པ་བཞིན་ནོ། །ཆོས་སྐུའི་དུས་ན་སྒོ་བརྒྱད་དབྱིངས་སུ་ནུབ་པའི་འཆར་གཞིར་ཡོད་པ་ལས་ལོངས་སྤྲུལ་ཕྱིར་སྣང་དུ་འཆར་ནུས་པའི་གནད་དེ་ལས་བྱུང་བ་སྟེ། དབྱིངས་འདི་ལྟ་བུའི་འབྲེལ་བ་རྩི་ལུགས་རྫོགས་པ་ཆེན་པོ་འདི་མ་གཏོགས་པ་ན་གསལ་པོར་མེད་ལ། ལེགས་པར་འཇལ་ཤེས་པ་ནི་དིང་སང་ཁོ་བོ་ཙམ་དུ་ཟད་དོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་གསུམ་སྟེ། ཆོས་སྐུ་གཞི་

the dharmakāya, whose own face does not exist as a concrete entity (dngos po) or a mark, comes from the essence—the doors of nonduality (gnyis med),[75]Note 75 · p. 752 · ngo bo gnyis med mtha' grol dag pa ye shes kyi sgo: read with Gemini 4 Neon and Claude Fable 5.2 as three of the eight doors of spontaneous presence (nonduality, liberation from extremes, pure primordial wisdom). Dharmamitra and GPT-6.2 Astra collapse them into one "gateway of pure wisdom whose essence is nondual and free from extremes". The three-door reading matches the next clauses, which assign light, kāya and primordial wisdom to the saṃbhogakāya and the door of impure saṃsāra to the nirmāṇakāya. liberation from extremes (mtha' grol) and pure primordial wisdom—and from the ground of arising of the ground abiding in its own place; the saṃbhogakāya's primordial wisdom that holds characteristics comes down to the three of light, kāya and primordial wisdom; and the nirmāṇakāya's ability to appear to those to be trained comes from the door of impure saṃsāra having arisen as a primordial connection.[76]Note 76 · p. 752 · sgo ye 'brel du shar ba: Adzom reads sgo yi 'brel du ("arisen in connection with the door of impure saṃsāra"). I follow the e-text's ye 'brel ("primordial connection"), which is supported by ye shar in the line quoted immediately afterwards. This accords with the statement in the Analysis of Empowerment (Dbang rnam par phye ba):

Saṃsāra and the lower realms (ngan song) have primordially arisen as play (rol pa), andDbang rnam par phye baQuotation (named in the text: དབང་རྣམ་པར་ཕྱེ་བ་ལས)
དབང་རྣམ་པར་ཕྱེ་བ, dbang rnam par phye ba, The Analysis of Empowerment · upadesha
Identification: low confidence (Not identified.)
The quoted words are in Klong chen rab byams gsung 'bum/volume 009 286 (a parallel), 100 % of the words.
[77]Note 77 · p. 752 · The quoted line ends in the continuative la, so the citation breaks off mid-sentence; rendered "and…" with Claude Fable 5.2. The title Dbang rnam par phye ba is translated provisionally and should be harmonised with any earlier occurrence.
…

At the time of the dharmakāya, the eight doors are present as the ground of arising, having subsided into the expanse; and it is from that key point (gnad) that the saṃbhogakāya and nirmāṇakāya are able to arise as outward appearances. Such a way of reckoning the connections of the expanse is not clearly found anywhere apart from this Great Perfection (rdzogs pa chen po), and nowadays those who know how to take its measure well amount to no one but myself.

3.3.2 Extensive explanation of the nature of each སོ་སོའི་རང་བཞིན་རྒྱས་པར་བཤད་པ3.3.2 Extensive explanation of the nature of each
Details the dharmakāya's ground-abiding wisdom as a subtle, empty-clear ground of arising, then the saṃbhogakāya's five wisdoms, each by essence, etymology and fivefold division. Last come the nirmāṇakāya's wisdoms of knowing things as they are and all that there is, which accomplish beings' aims.

Second, the extensive explanation of the nature of each has three: the extensive explanations of the primordial wisdom of the dharmakāya, abiding as the ground;

[p. 753]
གནས། ལོངས་སྐུ་མཚན་ཉིད་འཛིན་པ། སྤྲུལ་སྐུ་ཀུན་ཁྱབ་ཀྱི་ཡེ་ཤེས་རྒྱས་པར་བཤད་པའོ། །དང་པོ་ནི་གྲོལ་སར་གྲོལ་བའི་ཆོས་སྐུ་ཀ་དག་ནམ་མཁའ་ལྟ་བུར་རོ་གཅིག་པ་སྟེ། འདིའི་དུས་ན་ཡེ་ཤེས་གསུམ་ལྡན་དུ་གནས་པ་ནི་ངོ་བོ་ཀ་དག་གི་ཡེ་ཤེས་སྤྲོས་བརྗོད་ཀྱི་མཐའ་ལས་འདས་པ་ཤེལ་གོང་ཟང་ཐལ་བ་ལྟ་བུ། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་སྣང་ཆའི་ཡོན་ཏན་གྱི་འཆར་གཞི་གཏིང་གསལ་ཕྲ་བ་ཙམ་ལས་དངོས་པོ་རིས་ཅན་དུ་མེད་པ། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ངོ་བོའི་རྩལ་ལས་འཆར་གཞིར་མ་འགགས་ལ་ཤེས་རིག་ཡུལ་ལ་དངོས་སུ་མི་དཔྱོད་པའི་ཆ་ཙམ་དུ་གནས་པའོ། །དེ་ཡང་ཆོས་སྐུ་ལ་རགས་པར་ཡོད་ན་དངོས་པོ་དང་མཚན་མར་འགྱུར་བས་མཚན་ཉིད་སྤྲོས་བྲལ་ཞི་བར་མི་འཐད་ལ། འཆར་གཞི་གཏིང་གསལ་གྱི་ཆ་ཕྲ་བར་མེད་ན་སྟོང་ཆད་ནམ་མཁའ་བཞིན་དུ་འགྱུར་བས་ན། དེ་

of the saṃbhogakāya, which holds characteristics; and of the nirmāṇakāya, all-pervading.

3.3.2.1 The dharmakāya's primordial wisdom abiding as the ground ཆོས་སྐུ་གཞི་གནས་ཀྱི་ཡེ་ཤེས3.3.2.1 The dharmakāya's primordial wisdom abiding as the ground
The liberated dharmakāya, one taste like space, holds three wisdoms—essence, nature and compassion—present subtly as an empty, clear ground of arising, neither coarse entity nor blank void; supported by the Six Vast Expanses and Reverberation of Sound.

First: the dharmakāya liberated in the place of liberation (grol sa) is primordial purity, of one taste like space. At this time it abides endowed with three primordial wisdoms. The primordial wisdom of the essence, primordial purity, is beyond the extremes of elaboration and expression, like an unimpededly transparent (zang thal ba) crystal sphere. The primordial wisdom of the nature, spontaneous presence, is no more than a subtle deep clarity (gting gsal), the ground of arising of the qualities of the appearing aspect, and does not exist as a delimited concrete entity. The primordial wisdom of compassion, all-pervading, is unceasing as a ground of arising from the dynamic energy of the essence, yet abides as merely the aspect of cognizant awareness (shes rig) that does not actually examine objects.

Moreover, if these were present in the dharmakāya in a coarse way, it would become a concrete entity and a mark, and so it would be untenable for its defining characteristic to be peace, free from elaboration (spros bral); and if the aspect of deep clarity, the ground of arising, were not subtly present,[78]Note 78 · p. 753 · cha phra bar med na: read with Claude Fable 5.2 as "if the aspect were not subtly present", parallel to rags par yod na ("if present in a coarse way"). Dharmamitra, Gemini 4 Neon and GPT-6.2 Astra read "if the subtle aspect were absent". it would become a blank emptiness like space. Therefore,[79]Note 79 · p. 753 · The part ends mid-sentence at de; I stop at "Therefore," and the next part continues with "turning away from both of these…". Dharmamitra ran on into the next page's text and its quotation, which is not included here.

[p. 754]
གཉིས་ཀ་ལས་ལོག་ནས་སྟོང་གསལ་ཕྲ་བའི་ཡེ་ཤེས་འཆར་གཞིར་གནས་པ་སྟེ། ཀློང་དྲུག་པ་ལས། འདི་ལ་དབང་པོར་སྣང་བ་མེད།
།རྡོས་བཅས་མཚན་མ་རང་དག་ཕྱིར།
།གཏིང་གསལ་ཆེན་པོའི་གཞི་མར་གནས།
།ཁྱབ་དང་ཁྱབ་པ་ཉིད་ཀྱིས་སྟོང༌།
།ཕྱང་ནས་ཆད་པ་མེད་སྣང་བར།
།གསལ་བྱེད་སྣང་བའི་ཆ་མ་འགགས།
།སྙིང་པོ་ཐམས་ཅད་བཅུད་བསྡུས་པའི།
།དྲི་མ་མེད་ཅིང་རང་སར་དག །སངས་རྒྱས་རྣམས་ཀྱི་གསང་ཆེན་དུ།
།རང་བཞིན་གྱི་ནི་ཆ་ལ་བཞུགས།
།ཐུགས་རྗེའི་སྣང་ཆ་སྣ་ཚོགས་ལས།
།སྟོང་ཆ་འགག་པ་མེད་པ་ཉིད།
།ཤེས་བྱ་ཡེ་ཤེས་རྣམ་གཉིས་སུ།
།སྣང་བའི་ཆ་ལ་སྣང་བར་བས།
།མེད་པའི་སྣང་བ་རང་དག་ལས།
།རང་བཞིན་ཤུགས་ཀྱི་ཐུགས་རྗེ་ནི།
།མཛད་པའི་རྩོལ་བ་ཡེ་མེད་པས།
།མ་བྱས་སྣང་བའི་ཚུལ་དག་ཏུ།
།ཡེ་ནས་འབྱེད་པ་མེད་པར་སྣང༌།
།ཉི་མ་

having turned away from both,[80]Note 80 · p. 754 · Dharmamitra omits the opening prose sentence, the citation formula and the first verse line; these are supplied from the Tibetan. it abides as the ground of arising, a subtle primordial wisdom that is empty and clear. As the Six Vast Expanses (Klong drug pa) says:

"In this there is no appearance to the sense faculties.
Because solid marks are naturally pure,
It abides as the ground of great deep clarity.[81]Note 81 · p. 754 · gting gsal, gsal ba: Gemini 4 Neon and GPT-6.2 Astra have "luminosity/luminous", which the glossary reserves for 'od gsal; rendered "deep clarity" and "clear" as in the previous part.
It is empty of pervaded and pervader themselves.
As an appearance that is not blankly cut off,[83]Note 83 · p. 754 · phyang nas chad pa med snang bar: GPT-6.2 Astra's "Though it appears as nothing, it is not utterly cut off" inverts the syntax. I take it with Claude Fable 5.2, Gemini 4 Neon and Dharmamitra as an appearing that does not lapse into blankness, which matches Longchenpa's preceding prose argument.
The illuminating aspect of appearance has not ceased.
The distilled quintessence of every heart,
Stainless and pure in its own place,
As the great secret of the buddhas
It abides in the aspect of the nature.
From the manifold appearing aspects of compassion,
The empty aspect is itself without cessation.
Since, as the two, the knowable and primordial wisdom,
It appears in the aspect of appearance,[82]Note 82 · p. 754 · snang bar bas: the text is doubtful. I read it as snang ba pas ("since it appears"), as GPT-6.2 Astra does. Dharmamitra's "descends" presupposes bab and makes the empty aspect the subject of the following lines, which I do not follow.
From the natural purity of appearance that does not exist,
Compassion, the force of the nature,
Being primordially without the effort of acting,
In the manner of unmade appearance
Appears primordially without division.

[p. 755]
ལས་ནི་འོད་བཞིན་དུ།
།རང་གིས་བྱས་པ་མ་ཡིན་ཏེ།
།རང་གི་རང་བཞིན་དེ་ལྟར་སྣང༌།
།ཤེས་བྱ་ཡེ་ཤེས་གཉིས་མེད་ན།
།བེམས་པོ་རྣམས་དང་ཁྱད་ཅི་ཡོད།
།ཡང་ན་སྟོང་པ་ཕྱང་ཆད་དུ།
།འདི་ཉིད་འགྱུར་བ་ཁོ་ནའོ།
།ཞེས་པ་ནས། དེ་ཕྱིར་ཐམས་ཅད་མཁྱེན་པ་ཡི།
།ཡེ་ཤེས་ཐུགས་རྗེའི་ཆ་ལ་སྣང༌།
།ཞེས་པའི་བར་དུ་གསུངས་སོ། །དེ་ལྟར་ན་ཆོས་སྐུའི་རང་དུས་ན་ཡེ་ཤེས་གསུམ་ལྡན་གྱི་ཆ་རྟག་ཆད་སྤྲོས་པ་ལས་འདས་པར་བཞུགས་ཏེ། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ།
།མ་རིག་པ་ཞེས་སྲིད་མིང་མེད།
གཅིག་དང་གཉིས་ཀྱི་གྲངས་མེད་པའོ།
།བརྟགས་པས་ཡོད་མེད་གྲུབ་པ་མེད།
།གོང་དུ་མ་ཕྱེའི་མཚན་ཉིད་ལས།
ཡེ་ཤེས་ཙམ་དུའང་གྲུབ་པ་མེད།
།ཚིག་མེད་བརྗོད་པར་གྲུབ་པ་མེད།
།མཐའ་ལ་མི་གནས་རང་རིག་དག །བརྗོད་འཛིན་མིང་གི་

Like light from the sun,
It is not something made by itself;
Its own nature appears in that way.
If the two, the knowable and primordial wisdom, were absent,[84]Note 84 · p. 755 · shes bya ye shes gnyis med na: here gnyis med is "if the two were absent", not "nondual". The consequence drawn (no different from inert matter, or a blank emptiness) requires this. Dharmamitra's "were not non-dual" reverses the sense.
What difference would there be from inert matter (bems po)?
Or else this itself could only turn
Into a blank emptiness."Klong drug paQuotation (named in the text: ཀློང་དྲུག་པ་ལས)
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Spaces of Samantabhadra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Klong chen rab byams gsung 'bum/volume 016 432 (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 56 % of the words.

From this up to:

"Therefore the primordial wisdom of omniscience
Appears in the aspect of compassion."Klong drug paQuotation (the text says: the same source)
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Spaces of Samantabhadra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 100 % of the words.

So it is taught.

Thus, at the dharmakāya's own time, the aspect endowed with the three primordial wisdoms abides beyond the elaborations of permanence and annihilation. As the Reverberation of Sound says:[86]Note 86 · p. 755 · Thal 'gyur: Dharmamitra's "Consequence Tantra" is replaced by the fixed title Reverberation of Sound.

"In the primordial wisdom of the essence, primordial purity,
Not even the name 'ignorance' (ma rig pa) is possible.[85]Note 85 · p. 755 · ma rig pa zhes srid ming med: I take srid as "possible" (with Claude Fable 5.2). Dharmamitra reads "worldly name", taking srid as existence; Gemini 4 Neon and GPT-6.2 Astra leave srid untranslated.
There is no enumeration as one or two.
When examined, neither existence nor nonexistence is established.
Since its defining characteristic is never to have been differentiated,
It is not established even as mere primordial wisdom.
Without words, it is not established as something expressible.
Abiding in no extreme, self-awareness is pure;
The extremes of expression, grasping and name

[p. 756]
མཐའ་ཟད་པའོ།
།རྒྱུ་མེད་རྐྱེན་གྱི་གྲངས་མེད་ལ།
།གཉིས་སྣང་ཡུལ་དང་ཡུལ་ཅན་མེད།
།མཚན་ཉིད་གང་དུའང་ཕྱེ་བ་མེད།
།ཡུལ་རྐྱེན་རགས་པ་རང་ཟད་པའོ།
།ཡེ་ནས་མེད་པས་དག་པས་དག །འཁྲུལ་རྟོག་འགགས་པས་ཅིར་མ་འཛད།
།མ་སྐྱེས་པས་ན་འགག་སྟོང་ངོ༌།
།རང་བཞིན་ལྷུན་གྲུབ་ཡེ་ཤེས་ཞེས།
།མི་སྐྱེ་མི་འགག་ཅིར་མི་དགོངས།
།ཡུལ་དག་ངེས་པ་མེད་ཕྱིར་རོ།
།རྩལ་དང་ཡོན་ཏན་འགག་མེད་པས།
།རོལ་པ་ཙམ་དུ་སྣང་བ་ལས།
།སྣ་ཚོགས་རྫོགས་པའི་གཞི་མའོ།
།མེད་ཕྱིར་སྣང་ལ་སྣང་ཕྱིར་སྟོང༌།
།སྣང་སྟོང་འཇུག་པའི་ཡན་ལག་ཅན།
།སངས་རྒྱས་སེམས་ཅན་དག་ཡུལ་ལོ།
།འདི་ལྟར་གཞི་ཞེས་མངོན་པར་གནས།
།རང་བཞིན་ཙམ་དུ་གནས་པ་ལས།
།ངོ་བོའི་ཆ་ནས་བཏགས་པས་སྟོང༌།
།ཡན་ལག་སྤྲོས་ཕྱིར་མཁྱེན་པ་རྫོགས།
།རང་གནས་ལྷུན་གྱིས་གྲུབ་པའི་

Are exhausted.
Without cause (rgyu) and with no enumeration of conditions (rkyen),
It has no dualistic appearance, no object (yul) and no subject.
It is not differentiated into any defining characteristic whatsoever.
Coarse objects and conditions are exhausted of themselves.
Primordially nonexistent, hence pure—pure by purity.
Since deluded conceptual thought has ceased, it is not exhausted into anything.[87]Note 87 · p. 756 · cir ma 'dzad: I keep the text's 'dzad, "not exhausted into anything" (Claude Fable 5.2; GPT-6.2 Astra "nothing is depleted"). Gemini 4 Neon "nothing is fashioned" and Dharmamitra "nothing is enacted" presuppose mdzad, for which no variant is recorded at this place.
Since it is unborn, it is empty of ceasing.

What is called the primordial wisdom of the nature, spontaneous presence,
Is unborn and unceasing, and has nothing whatever in mind,
Because objects have no determinacy.[88]Note 88 · p. 756 · yul dag nges pa med: I take dag as the plural marker, "objects have no determinacy" (Claude Fable 5.2, Gemini 4 Neon). GPT-6.2 Astra and Dharmamitra read "pure objects". Likewise sangs rgyas sems can dag yul is "the object of buddhas and sentient beings", not Dharmamitra's "pure domain".
Since its dynamic energy and qualities are unceasing,
From its appearing as mere play
It is the ground in which the manifold is complete.
Because it does not exist it appears, and because it appears it is empty.
Endowed with the branches that enter appearance and emptiness,
It is the object of buddhas and sentient beings alike.
In this way it manifestly abides as what is called the 'ground' (gzhi).
While it abides as mere nature,
From the aspect of the essence it is empty of imputation.
Because its branches unfold, knowledge is complete.
Because it abides of itself, spontaneously present,Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (The root tantra of the Seventeen Tantras; the name 'gsang ba sgra rgyud' appears to refer to it as well.)
The quoted words are in Ngb-pt-0056-vol-01-text (the text itself), 81 % of the words.

[p. 757]
ཕྱིར། །འདི་ལ་སྤང་བླང་གཉིས་མེད་པའོ།
།ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ལ།
།མི་འཛད་སྣ་ཚོགས་འཆར་བའི་སྒོ།
།འཛད་པ་ལྟར་སྣང་ངོ་བོར་རྫོགས།
།ཆོས་སྐུ་སྟོང་པའི་རང་བཞིན་ལས།
།ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ།
།ཤུགས་ཀྱིས་སེམས་ཅན་རྣམས་ལ་འཆར།
།འདི་མེད་འཁོར་འདས་སྡེ་ཆད་པས།
།མཁྱེན་པས་རིག་ཅིང་གསལ་བའོ། །རང་རིག་གསལ་བའི་བདག་ཉིད་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉིད། །མ་འགགས་འགག་པ་མེད་པའོ། །འབྱུང་བ་དག་པའི་ཆ་ལས་ནི། །ལོགས་སུ་མེད་པ་ལ་གཅིག་རྫོགས་པའི། །ཉི་མ་ལས་ནི་འོད་བཞིན་དུ། །རང་ཆས་སྒྲིབ་པ་མེད་པའོ། །ཞེས་སོ། །དེ་ལྟར་ན་ཆོས་སྐུ་སྟོང་པའི་ཡེ་ཤེས་འཆར་གཞི་རང་མལ་ན་གནས་པ་ཞེས་བྱའོ། །གཉིས་པ་ལོངས་སྐུ་མཚན་ཉིད་འཛིན་པའི་ཡེ་ཤེས་ལ་ལྔ་ལས། དང་པོ་ནི་ཆོས་ཀྱི་

In this there is neither of the two, rejecting and accepting.

In the primordial wisdom of compassion, all-pervading,
Is the door through which the inexhaustible manifold arises.[89]Note 89 · p. 757 · mi 'dzad sna tshogs: Adzom reads mi mdzad ("not acting"). I follow the e-text's mi 'dzad ("inexhaustible"), which the next line ('dzad pa ltar snang, "though it appears to be exhausted") confirms.
Though it appears to be exhausted, it is complete in the essence.
From the nature of the empty dharmakāya,
The aspect in which the knowledge of primordial wisdom is complete
Arises by its force for sentient beings.
Since without this the classes of saṃsāra and nirvāṇa[91]Note 91 · p. 757 · 'khor 'das sde chad pas: Dharmamitra drops sde ("classes"). ('khor 'das) would be cut off,
By knowledge it is aware and clear.
From the very being of clear self-awareness,
Compassion itself, the force of the nature,
Has not ceased and is without ceasing.
From the pure aspect of the elements[90]Note 90 · p. 757 · 'byung ba dag pa'i cha: rendered "the pure aspect of the elements", as in all drafts. 'byung ba could instead mean "arising" ("the pure aspect of arising"), which the sun-and-light simile would also suit. ('byung ba)
It is not apart, but complete as one;
Like light from the sun,
It is inherent and without obscuration."

Thus it is said.

Accordingly, this is called "the primordial wisdom of the empty dharmakāya, the ground of arising, abiding in its own resting place."

3.3.2.2 The saṃbhogakāya's primordial wisdom that holds characteristics ལོངས་སྐུ་མཚན་ཉིད་འཛིན་པའི་ཡེ་ཤེས3.3.2.2 The saṃbhogakāya's primordial wisdom that holds characteristics
Explains the saṃbhogakāya's five wisdoms (dharmadhātu, mirror-like, equality, individual discernment and all-accomplishing), giving for each its essence, a syllable-by-syllable etymology and a fivefold division, drawn from the Reverberation of Sound and the Self-Arising Awareness.

Second, the primordial wisdom of the saṃbhogakāya, which holds characteristics, has five parts.

3.3.2.2.1 Primordial wisdom of the dharmadhātu ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས3.3.2.2.1 Primordial wisdom of the dharmadhātu
Dharmadhātu wisdom is the inseparability of the primordially pure expanse, self-clear wisdom's light and cognizant awareness. Its name is glossed syllable by syllable, and it is divided into five kinds of expanse wisdom, ending with the nondual expanse.

First, as for the primordial wisdom of the dharmadhātu[92]Note 92 · p. 757 · The part ends mid-phrase at chos kyi. I complete only the noun phrase "primordial wisdom of the dharmadhātu" from the next page and stop there; the threefold enumeration (essence, etymology, divisions), which Dharmamitra begins, belongs to the next part. (chos kyi dbyings kyi ye shes),

[p. 758]
དབྱིངས་ཀྱི་ཡེ་ཤེས་ལ། ངོ་བོ། ངེས་ཚིག་དབྱེ་བ་གསུམ་ལས། ངོ་བོ་ནི་གྲོལ་གཞི་དབྱིངས་ཀ་ནས་དག་པའི་ཆ་སྟོང་པ་དང༌། རང་གསལ་ཡེ་ཤེས་ཀྱི་རང་འོད་ཀྱི་གཞི་དང༌། ཤེས་རིག་གི་དབྱིངས་གསུམ་དབྱེར་མེད་པ་སྟེ། རང་ཤར་ལས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི།
།སྟོང་པ་ཆེན་པོ་ཡུལ་ཉིད་དང༌།
།གསལ་བ་འོད་ཀྱི་སྣང་བ་དང༌།
།ཡེ་ཤེས་རིག་པའི་སྤྱོད་ཡུལ་གསུམ།
།དེ་གསུམ་འཛོམ་པས་དབྱིངས་ཞེས་བྱ།
།ཞེས་པ་དང༌། ཐལ་འགྱུར་ལས། ཆོས་ཀྱི་དབྱིངས་ནི་ཡངས་པ་ལ།
།མཐའ་དང་དབུས་སུ་མི་དམིགས་པས།
།གྲོལ་གཞིའི་ཆོས་ཉིད་དག་པའོ།
།ཞེས་སོ། །ངེས་ཚིག་ནི། ཡང་དེ་ཉིད་ལས། ཆོས་ནི་སྤྱོད་པར་བྱེད་པ་ལ།
འདས་དང་འཇིག་རྟེན་བྱ་བ་མེད།
།རང་བཞིན་གསལ་ཞིང་དངས་པའོ།
།དབྱིངས་ཀྱི་གོ་སྐབས་འབྱེད་པ་ལ།
།རང་བྱུང་ཆེན་པོའི་གནས་པའོ།
།

there are three: essence, etymology and divisions.[93]Note 93 · p. 758 · The part opens mid-sentence; "the primordial wisdom of the dharmadhātu" was already rendered at the end of the previous part and is not repeated.

3.3.2.2.1.1 Essence ངོ་བོ3.3.2.2.1.1 Essence
Its essence is the inseparability of the empty, primordially pure expanse that is the ground of liberation, the ground of self-clear wisdom's own light, and the expanse of cognizant awareness.

As for the essence, it is the inseparability of three:[94]Note 94 · p. 758 · ngo bo ni … gsum dbyer med pa: Claude Fable 5.2 reads "three expanses"; I read gsum as counting the three items listed (the empty, the ground of light, the expanse of cognizant awareness), as the Rang shar citation confirms ("because these three come together, it is called 'expanse'"). Dharmamitra's "primordially pure from the very ground of liberation" misconstrues grol gzhi dbyings, which is in apposition (the expanse that is the ground of liberation). the empty, which is the primordially pure aspect of the expanse, the ground of liberation (grol gzhi); the ground of the own light (rang 'od) of self-clear primordial wisdom;[95]Note 95 · p. 758 · gsal ba / rang gsal: all drafts have "luminous/luminosity"; the house glossary reserves that for 'od gsal, so "clarity/clear" and "self-clear" are used throughout. and the expanse of cognizant awareness. The Self-Arising Awareness says:

"As for the primordial wisdom of the dharmadhātu:
Great emptiness, the object itself,
Clarity, the appearance of light,
And the domain (spyod yul) of primordial wisdom, awareness, these three:
Because these three come together, it is called 'expanse.'"Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 81 % of the words.

Thus it is said, and the Reverberation of Sound says:

"In the dharmadhātu (chos kyi dbyings), which is vast,
Since there is no reference point as edge or centre,
It is the pure dharmatā of the ground of liberation."Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (The root tantra of the Seventeen Tantras; the name 'gsang ba sgra rgyud' appears to refer to it as well.)
The quoted words are in Ngb-pt-0056-vol-01-text (the text itself), 69 % of the words.

Thus it is said.

3.3.2.2.1.2 Etymology ངེས་ཚིག3.3.2.2.1.2 Etymology
Glosses chos, dbyings, ye and shes syllable by syllable from the Reverberation of Sound.

As for the etymology, that same tantra further says:

"Chos (dharma): in that which is engaged,[97]Note 97 · p. 758 · The etymology glosses the syllables chos, dbyings, ye and shes; they are kept in Wylie with an English gloss, since the house rendering "dharmadhātu" would otherwise hide the structure. Dharmamitra leaves ye and shes unmarked.
There is nothing called 'transcendent' or 'worldly';[96]Note 96 · p. 758 · 'das dang 'jig rten bya ba med: GPT-6.2 Astra, Dharmamitra and Gemini 4 Neon take bya ba as "action/activity"; with Claude Fable 5.2 I read it as (zhes) bya ba, "nothing called transcendent or worldly", which parallels "liberation from both saṃsāra and nirvāṇa" in the gloss on shes. The other reading remains possible.
By nature it is clear and limpid.
Dbyings (expanse): in its opening up of room,
It is the abiding of the great self-arisen.

[p. 759]
ཡེ་ནི་རྫོགས་པའི་བདག་ཉིད་ལ།
།ཐོག་མ་ནས་ནི་བཅོས་པ་མེད།
།ཤེས་པས་འཁོར་འདས་གཉིས་ལས་གྲོལ།
།རང་སྣང་རྫོགས་པའི་དགོངས་པའོ།
།ཞེས་སོ། དབྱེ་ན་ལྔ་སྟེ། རང་ཤར་ལས། དབྱིངས་ཀྱི་ཡེ་ཤེས་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གཉིས། །དབྱིངས་རྣམ་པར་དག་པའི་ཡེ་ཤེས་དང་དབྱིངས་ཆེན་པོའི་ཡེ་ཤེས་གཉིས། དབྱིངས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་དང་ལྔའོ་ཞེས་སོ། །དེ་དག་གི་ངོ་བོ་ནི། རྒྱུད་དེ་ཉིད་ལས། རྣམ་དག་ཆོས་ཉིད་གདལ་བའི་ཀློང༌།
།རྣམ་པར་དག་པའི་དབྱིངས་སུ་བཤད།
།རྟོག་མེད་བསམ་པ་ཀུན་སྤངས་པ།
།དབྱིངས་ཆེན་གསལ་བའི་ཡེ་ཤེས་ཡིན།
།ཕྱི་ནང་སྟོང་པ་རིས་མེད་ནི།
།དབྱིངས་ཆེན་དག་པའི་ཡེ་ཤེས་ཡིན།
།ཕྱི་ནང་གསང་བའི་ཆོས་རྣམས་རྫོགས།
།ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན།
།གཉིས་མེད་དོན་ལྡན་

Ye (primordial): in the very being of completeness,
From the very beginning there is no contrivance.
Shes (wisdom): by knowing, there is liberation from both saṃsāra and nirvāṇa;
It is the enlightened intent[98]Note 98 · p. 759 · dgongs pa: GPT-6.2 Astra and Dharmamitra have "realization"; the glossary's "enlightened intent" is used. in which self-appearance is complete."Thal 'gyurQuotation (the text says: the same source: ཡང་དེ་ཉིད་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (The root tantra of the Seventeen Tantras; the name 'gsang ba sgra rgyud' appears to refer to it as well.)
The quoted words are in Klong chen rab byams gsung 'bum/volume 016 432 (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 91 % of the words.

Thus it is said.

3.3.2.2.1.3 Divisions དབྱེ་བ3.3.2.2.1.3 Divisions
Lists five kinds of expanse wisdom from the Self-Arising Awareness and gives the essence of each, ending with the nondual expanse.

When divided, there are five. The Self-Arising Awareness says: "The primordial wisdom of the expanse and the primordial wisdom of the dharmadhātu, these two; the primordial wisdom of the utterly pure expanse and the primordial wisdom of the great expanse, these two; and the primordial wisdom in which all expanses are nondual: these are the five."Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 100 % of the words.
Thus it is said.

As for their essence, that same tantra says:

"The all-pervading vast expanse (klong) of utterly pure dharmatā
Is explained as the utterly pure expanse.
The non-conceptual, with all reflection abandoned,
Is the clear primordial wisdom of the great expanse.
The emptiness of outer and inner, without partiality,
Is the pure primordial wisdom of the great expanse.
The completeness of outer, inner and secret phenomena
Is the primordial wisdom of the dharmadhātu.
That which is endowed with the nondual meaning,[99]Note 99 · p. 759 · The Tibetan page break falls inside the verse line gnyis med don ldan / rdo rje'i don; the English line is split to place the marker.

[p. 760]
རྡོ་རྗེའི་དོན།
།གཉིས་མེད་དབྱིངས་ཀྱི་ངོ་བོར་འདོད།
།ཅེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལའང་ངོ་བོ། ངེས་ཚིག དབྱེ་བ་གསུམ་ལས། ངོ་བོ་ནི་རིག་པ་སྟོང་གསལ་ལ་འཆར་ཚུལ་གོ་མ་འགགས་པར་གསལ་བ་སྟེ། ཐལ་འགྱུར་ལས མེ་ལོང་ཡེ་ཤེས་གཟུགས་བརྙན་ལས།
དབྱིངས་དང་ཁ་དོག་སྣང་ཆ་རྫོགས།
།དཀར་པོ་དྲི་མ་དག་ཕྱིར་འོད།
།རང་འདས་སྣང་སྟེ་འཁོར་འདས་སྦྱོར།
།ཆོས་རྣམས་ཀུན་གྱི་གཟུགས་སྣང་བས།
།རང་རིག་ཡེ་ཤེས་ཞེས་བྱའོ།
།ཞེས་པ་དང༌། རང་ཤར་ལས། མེ་ལོང་ལྟ་བུའི་ཡེ་ཤེས་ནི།
།དཔེར་ན་མེ་ལོང་དཀྱིལ་འཁོར་ལ།
།གང་བསྟན་རྐྱེན་དེ་འོང་བ་བཞིན།
།དེ་བཞིན་རིག་པ་དྲི་མེད་ལ།
།ཉོན་མོངས་རྐྱེན་གྱིས་འཕྲོགས་པ་མེད།
།ཡེ་ཤེས་གཟུགས་བརྙན་རང་གསལ་ལོ།
།ཞེས་སོ། །ངེས་ཚིག་ནི་དེ་ཉིད་ལས། དེ་ཡང་ངེས་ཚིག་འདི་ལྟ་སྟེ།
།སྣ་ཚོགས་

The vajra meaning,
Is held to be the essence of the nondual expanse."Rang sharQuotation (the text says: the same source: རྒྱུད་དེ་ཉིད་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 65 % of the words.

Thus it is said.

3.3.2.2.2 Mirror-like primordial wisdom མེ་ལོང་ལྟ་བུའི་ཡེ་ཤེས3.3.2.2.2 Mirror-like primordial wisdom
Mirror-like wisdom is the unceasing clarity arising within empty-clear awareness, like reflections in a mirror. Its name means engaging, realizing and becoming familiar with manifold objects, and it has five divisions defined by clarity, non-conceptuality and absence of grasping.

For mirror-like primordial wisdom (me long lta bu'i ye shes) too there are three: essence, etymology and divisions.

3.3.2.2.2.1 Essence ངོ་བོ3.3.2.2.2.1 Essence
Its essence is the unceasing clarity of arising within empty-clear awareness, like reflections in a mirror unaffected by the afflictions.

As for the essence, it is the clarity, in awareness that is empty and clear, of the manner of arising, its avenue unceasing. The Reverberation of Sound says:

"From the reflections of mirror primordial wisdom,
The expanse, the colours and the aspect of appearance are complete.
It is white; because stains are purified, it is light.
It appears while itself transcending,[100]Note 100 · p. 760 · rang 'das snang ste 'khor 'das sbyor: the line is obscure and rang 'das may be corrupt. Gemini 4 Neon's "its natural radiance appears" presupposes an emendation (rang gdangs/mdangs) with no support in the editions; Dharmamitra's "appearances transcend the ordinary" strains the syntax. I translate the text as it stands, close to Claude Fable 5.2 and GPT-6.2 Astra: the mirror appears while itself transcending what appears in it. and joins saṃsāra and nirvāṇa.
Because the forms of all phenomena appear,
It is called self-aware primordial wisdom (rang rig ye shes)."Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras
Identification: high confidence (The root tantra of the Seventeen Tantras; the name 'gsang ba sgra rgyud' appears to refer to it as well.)
The quoted words are in Klong chen rab byams gsung 'bum/volume 016 432 (a parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད), 73 % of the words.

Thus it is said, and the Self-Arising Awareness says:

"As for mirror-like primordial wisdom:
Just as, for example, in the disc of a mirror,[101]Note 101 · p. 760 · dkyil 'khor in me long dkyil 'khor is rendered "disc" (of a mirror), not the glossary's "maṇḍala", as the context requires.
Whatever is shown, that condition comes forth,[102]Note 102 · p. 760 · gang bstan rkyen de 'ong ba: Dharmamitra ("whatever conditions are presented") and Gemini 4 Neon ("whatever condition is shown") make rkyen the object of bstan; with Claude Fable 5.2 I take rkyen de as the subject of 'ong ba ("that condition comes forth").
So in stainless awareness
There is no being carried off by the condition of the afflictions (nyon mongs);
The reflections of primordial wisdom are self-clear."Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 68 % of the words.

Thus it is said.

3.3.2.2.2.2 Etymology ངེས་ཚིག3.3.2.2.2.2 Etymology
Explains me as engaging manifold objects and long as realizing and being familiarized with them.

As for the etymology, that same tantra says:

"Its etymology, moreover, is this:
Because it engages with the manifold

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 13 quotations, 13 found on this wiki.
# p. Tibetan English Source On this wiki
1 751 དེ་ཡང་སེམས་ཉིད་སྨིན་པའི་ཚེ། ཆོས་ཀྱི་ … རྗེ་སྟེ། །འཁོར་བ་འདས་པ་ཆད་པ་མིན། Moreover, when mind itself has ripened, In the dharmakāya … is compassion; Saṃsāra and nirvāṇa are not cut off. named: ཐལ་འགྱུར་ལས
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras high
parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད, 100 %
2 752 འཁོར་བ་ངན་སོང་རོལ་པར་ཡེ་ཤར་ལ། Saṃsāra and the lower realms (ngan song) have primordially arisen as play (rol pa), and named: དབང་རྣམ་པར་ཕྱེ་བ་ལས
དབང་རྣམ་པར་ཕྱེ་བ, dbang rnam par phye ba, The Analysis of Empowerment · upadesha low
parallel: Klong chen rab byams gsung 'bum/volume 009 286, 100 %
3 754 འདི་ལ་དབང་པོར་སྣང་བ་མེད། །རྡོས་བཅས་ … ཕྱང་ཆད་དུ། །འདི་ཉིད་འགྱུར་བ་ཁོ་ནའོ། In this there is no appearance to the sense … this itself could only turn Into a blank emptiness." named: ཀློང་དྲུག་པ་ལས
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Spaces of Samantabhadra · tantra; Nyingma Gyubum, one of the Seventeen Tantras high
parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད, 56 %
4 755 དེ་ཕྱིར་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་ཐུགས་རྗེའི་ཆ་ལ་སྣང༌། Therefore the primordial wisdom of omniscience Appears in the aspect of compassion." “the same”:
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Spaces of Samantabhadra · tantra; Nyingma Gyubum, one of the Seventeen Tantras high
parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད, 100 %
5 755 ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་ … མཁྱེན་པ་རྫོགས། །རང་གནས་ལྷུན་གྱིས་གྲུབ་པའི་ In the primordial wisdom of the essence, primordial purity, … is complete. Because it abides of itself, spontaneously present, named: ཐལ་འགྱུར་ལས
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0056-vol-01-text (the text itself), 81 %
6 758 ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། །སྟོང་པ་ … ཡུལ་གསུམ། །དེ་གསུམ་འཛོམ་པས་དབྱིངས་ཞེས་བྱ། as for the primordial wisdom of the dharmadhātu (chos … Because these three come together, it is called 'expanse.'" named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0052-vol-01-text (the text itself), 81 %
7 758 ཆོས་ཀྱི་དབྱིངས་ནི་ཡངས་པ་ལ། །མཐའ་དང་དབུས་སུ་མི་དམིགས་པས། །གྲོལ་གཞིའི་ཆོས་ཉིད་དག་པའོ། In the dharmadhātu (chos kyi dbyings), which is vast, … is the pure dharmatā of the ground of liberation." named: ཐལ་འགྱུར་ལས
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0056-vol-01-text (the text itself), 69 %
8 758 ཆོས་ནི་སྤྱོད་པར་བྱེད་པ་ལ། འདས་དང་ … གཉིས་ལས་གྲོལ། །རང་སྣང་རྫོགས་པའི་དགོངས་པའོ། Chos (dharma): in that which is engaged, There is … is the enlightened intent in which self-appearance is complete." “the same”: ཡང་དེ་ཉིད་ལས
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras high
parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད, 91 %
9 759 དབྱིངས་ཀྱི་ཡེ་ཤེས་དང་ཆོས་ཀྱི་དབྱིངས་ཀྱི་ … ཅད་གཉིས་སུ་མེད་པའི་ཡེ་ཤེས་དང་ལྔའོ་ The primordial wisdom of the expanse and the primordial … which all expanses are nondual: these are the five." named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0052-vol-01-text (the text itself), 100 %
10 759 རྣམ་དག་ཆོས་ཉིད་གདལ་བའི་ཀློང༌། །རྣམ་པར་ … རྗེའི་དོན། །གཉིས་མེད་དབྱིངས་ཀྱི་ངོ་བོར་འདོད། The all-pervading vast expanse (klong) of utterly pure dharmatā … held to be the essence of the nondual expanse." “the same”: རྒྱུད་དེ་ཉིད་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0052-vol-01-text (the text itself), 65 %
11 760 མེ་ལོང་ཡེ་ཤེས་གཟུགས་བརྙན་ལས། དབྱིངས་དང་ … གཟུགས་སྣང་བས། །རང་རིག་ཡེ་ཤེས་ཞེས་བྱའོ། From the reflections of mirror primordial wisdom, The expanse, … is called self-aware primordial wisdom (rang rig ye shes)." named: ཐལ་འགྱུར་ལས
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras high
parallel: ཆོས་དབྱིངས་རིན་པོ་ཆེའི་མཛོད, 73 %
12 760 མེ་ལོང་ལྟ་བུའི་ཡེ་ཤེས་ནི། །དཔེར་ན་ … པ་མེད། །ཡེ་ཤེས་གཟུགས་བརྙན་རང་གསལ་ལོ། As for mirror-like primordial wisdom: Just as, for example, … (nyon mongs); The reflections of primordial wisdom are self-clear." named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0052-vol-01-text (the text itself), 68 %
13 760 དེ་ཡང་ངེས་ཚིག་འདི་ལྟ་སྟེ། །སྣ་ཚོགས་ … པས་ལོང༌། །མེ་ལོང་ཡེ་ཤེས་དེ་བཞིན་ནོ། Its etymology, moreover, is this: Because it engages with … long; Mirror (me long) primordial wisdom is just so." “the same”: དེ་ཉིད་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, Self-Arising Awareness · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0052-vol-01-text (the text itself), 83 %