Man ngag mdzod (Longchenpa): Section 6 (4)

From Rangjung Yeshe Wiki Texts
Man ngag mdzod (Longchenpa)Man ngag mdzod (Longchenpa): Section 6 (4)
< Man ngag mdzod (Longchenpa)
Revision as of 13:21, 26 November 2026 by Eric (talk | contribs) (Man ngag mdzod study edition: editions, critical edition, translation, bilingual text, outline and quotations (November 2026))
(diff) ← Older revision | Latest revision (diff) | Newer revision → (diff)

Man ngag mdzod (Longchenpa)/Section 6 (4)
Jump to navigation Jump to search
← Section 6 (3)Man ngag mdzod: contents

Section 6 · From Training in the Vast Aim to Manifest Awakening
Pages 593–602 of the corrected base text (W22920 vol. 2), part 4 of 4.

[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD84), gorn05 tibocr 2026: BDRC OCR on 115 pages, Mitra OCR on 44 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 149] གསུམ་དུ་རྟོག་བྲལ་བརྒྱལ་ཐབས་གནས་པ་སྟེ། །དེ་ཉིད་སངས་ནས་ཡེ་ཤེས་འོད་དུ་འཆར། །སྐུ་ཡི་རང་འོད་གསུང་གི་རང་སྒྲ་དང་། །ཐུགས་ཀྱི་ཟེར་གདངས་ཞག་ལྔར་འཆར་དུས་སུ། །སྐུ་གསུང་ཐུགས་སུ་རང་ངོ་ཤེས་པས་གྲོལ། །བཞི་པ་དབང་པོ་འབྲིང་གི་རྟུལ་པོ་ནི། །ཞག་གསུམ་བར་དུ་རིག་པ་བརྒྱལ་ཐབས་གནས། །དེ་སངས་ཡེ་ཤེས་ལྔ་ཡི་འོད་གསལ་ཏེ། །དངངས་སྐྲག་མ་སྐྱེས་འཇིགས་མེད་རང་སྣང་གྲོལ། །ལྔ་པ་དབང་པོ་ཐ་མའི་རྣོན་པོ་ནི། །ཞག་གསུམ་བར་དུ་རིག་པ་བརྒྱལ་ཐབས་གནས། །དེ་སངས་ཡེ་ཤེས་ལྔ་ཡི་འོད་གསལ་ཏེ། །ཞག་ལྔ་

[p. 150] ལོན་ནས་ཡེ་ཤེས་སྣང་བ་ནུབ། །འོད་ལས་ཡུལ་དང་སྒྲ་ལས་ཟེར་དང་ནི། །ཟེར་ལས་རྟོག་པར་ཤར་དང་དེ་ཡི་ཚེ། །སྔོན་གྱི་ཡུལ་དང་ནོར་དང་མི་རྣམས་ཀྱི། །དྲན་པ་སད་དུས་སྔ་མའི་ཆོས་དྲན་ནས། །གཉེན་པོ་སད་དེ་འཛིན་མེད་རང་གསལ་གྱི། །ཡེ་ཤེས་རང་ཤར་བར་དོའི་སྣང་བ་གྲོལ། །ཆོས་དབྱིངས་ངང་དུ་མངོན་པར་བྱང་ཆུབ་ཡིན། །དྲུག་པ་དབང་པོ་ཐ་མའི་རྟུལ་པོ་ནི། །ཞག་གཅིག་རིག་པ་བརྒྱལ་ཐབས་གནས་པ་ལས། །དེ་སངས་ཡེ་ཤེས་སྣང་བ་ཞག་གཅིག་འཆར། །དེ་ནུབ་སྔ་མའི་གཟུགས་སུ་ཡོད་སྙམ་ཞིང་། །དབང་པོ་ཀུན་ཚང་གར་ཡང་ཐོགས་མེད་རྒྱུ། །རྣམ་ཤེས་རྟེན་བྲལ་ཡུལ་དང་འདུག་ས་ཚོལ། །ལས་ཀྱིས་མངལ་སྒོ་ཐ་དད་འཇུག་པ་ལས། །དེ་ཉིད་མི་ལུས་ཡོན་ཏན་བདུན་ཐོབ་ནས། །ཟབ་མོའི་ཆོས་ཕྲད་སྐྱེ་བ་དེས་གྲོལ་འགྱུར། །དེ་ཡང་ཤིན་ཏུ་སྡིག་པ་ཅན་རྣམ་ལ། །བར་དོ་མི་སྣང་ལུས་སེམས་བྲལ་མ་ཐག །རང་སྣང་འཁྲུལ་ནས་དམྱལ་བར་སྣང་བ་ཡིན། །སྡིག་པ་འབྲིང་སྤྱད་བར་དོ་ཡུན་ཐུང་གནས། །དེ་ནས་ངན་སོང་གཞན་གཉིས་མྱོང་བ་ཡིན། །དགེ་སྡིག་ཆ་སྙོམས་བར་དོ་ཡུན་རིང་སྟེ། །ཞག་གྲངས་བཞི་བཅུ་རྩ་དགུ་གནས་པ་ལས། །དེ་ནས་ལས་ཀྱིས་ལུས་ལེན་འགྱུར་བ་ཡིན། །དེ་ཡང་ཆོས་ཉིད་བར་དོ་ནུབ་པ་ལས། །རྟུལ་པོ་གཉིས་ལ་སྲིད་པའི་བར་དོ་འཆར། །དེ་བས་ད་ལྟ་མི་དགེ་རྣམ་སྤངས་ཏེ། །དགེ་སྒྲུབ་སེམས་ཉིད་གཏན་སྲིད་ཟིན་པ་གཅེས། །ཕན་པའི་གདམས་ངག་ཡིན་ནོ་སེམས་ལ་ཞོག །མཐར་ཐུག་འབྲས་བུ་མངོན་དུ་གྱུར་པའི་ཚེ། །མངོན་པར་བྱང་ཆུབ་ཆོས་དྲུག་བསྟན་པ་ནི། །གཟུང་འཛིན་འཁྲུལ་པའི་བག་ཆགས་ཀུན་བྲལ་ནས། །

[p. 151] འཁྲུལ་སྣང་འཁྲུལ་འཛིན་དབྱིངས་སུ་ནུབ་པ་ཡིན། །སྤྲིན་དེངས་ཉི་མཁའ་བཞིན་དུ་དག་པའི་ཚེ། །དང་པོ་ཆོས་སྐུ་དག་པ་གཉིས་ལྡན་ནི། །གསལ་བའི་ཡེ་ཤེས་ཆོས་ཉིད་དབྱིངས་སུ་ཤར། །སྤྲོས་བྲལ་འོད་གསལ་ཁྱབ་གདལ་ཆེན་པོ་ཉིད། །ལྷུན་གྲུབ་ཀ་དག་ཕྱོགས་ལ་གྲོལ་བ་ཡིན། །གཉིས་པ་ཡོངས་སྤྱོད་རྫོགས་སྐུ་དག་པ་ནི། །དེ་ཉིད་ངང་ལས་ས་བཅུའི་སེམས་དཔའ་ལ། །འཇའ་ཚོན་ལྟ་བུ་རིགས་ལྔ་གང་ཆེན་མཚོ། །མཚན་རྫོགས་དཔེ་བྱད་འབར་བ་སྣང་བ་ཡིན། །གསུམ་པ་སྤྲུལ་སྐུའི་དེ་ཉིད་ཟླ་གཟུགས་བཞིན། །གདུལ་བྱའི་ཆུ་སྣོད་གང་ཡོད་དེར་སྣང་སྟེ། །བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་པ་སོགས། །གང་ལ་གང་འདུལ་དེ་ལ་དེར་སྣང་བས། །འགྲོ་དྲུག་གནས་ན་སྲིད་པ་ཇི་སྲིད་པར། །སེམས་ཅན་དོན་མཛད་འཕྲིན་ལས་བསམ་མི་ཁྱབ། །སྐུ་ལ་བརྟེན་པའི་ཡེ་ཤེས་དྲུག་ལྡན་ནི། །ཆོས་དབྱིངས་ཡེ་ཤེས་ཆོས་ཉིད་འཕོ་འགྱུར་མེད། །མེ་ལོང་ཡེ་ཤེས་རང་གསལ་ཀུན་སྣང་གཞི། །མཉམ་ཉིད་ཡེ་ཤེས་རོ་གཅིག་འབྱེད་པ་མེད། །ཀུན་རྟོག་ཡེ་ཤེས་ཇི་སྙེད་ཇི་བཞིན་གཟིགས། །བྱ་གྲུབ་ཡེ་ཤེས་མཛད་པ་བསམ་མི་ཁྱབ། །ལྷུན་གྲུབ་ཡེ་ཤེས་འདུས་མ་བྱས་ཉིད་ནི། །དཔེ་བྲལ་རྒྱལ་བའི་ཡེ་ཤེས་ཀུན་གྱི་བདག །ནོར་བུ་བཞིན་དུ་མི་རྟོག་དོན་ཀུན་འབྱུང་། །བཞི་པ་ཐུགས་རྗེ་འགྲོ་ལ་འབྱུང་ཚུལ་ནི། །སེམས་བསྐྱེད་སྨོན་ལམ་ཚོགས་གཉིས་བསགས་པ་དང་། །ལྷུན་གྲུབ་ངང་ལས་ཡེ་ཤེས་སྟོབས་ཀྱིས་འབྱུང་། །ལྔ་པ་ཐུགས་རྗེ་ཇི་ལྟར་སྐྱེ་ཚུལ་ནི། །རང་བཞིན་ཤུགས་ཀྱིས་ཐུགས་རྗེ་སྐྱེ་བ་དང་། །ཡུལ་དང་ཕྲད་པའི་ཐུགས་རྗེ་སྐྱེ་བ་དང་། བསྐུལ་

[p. 152] ཞིང་གསོལ་བ་གདབ་ལས་སྐྱེ་བའོ། །དྲུག་པ་དེ་ལས་འགྲོ་དོན་མཛད་ཚུལ་ནི། །རྟེན་ཅན་རྟེན་མེད་ངོ་བོ་ཉིད་གསུམ་སྟེ། །ཕྱོགས་ཆར་ཆད་རྣམས་འདི་བཞི་ངེས་བྱ་བ། །ཆོས་སྐུས་གོ་འབྱེད་རྟེན་མེད་དོན་མཛད་ཅིང་། །སྨོན་ལམ་སེམས་བསྐྱེད་ནུས་པས་སྒྲིབ་སྦྱངས་ཏེ། །འགྲོ་ལ་གཟུགས་སྐུ་སྣང་བར་མཛད་པའོ། །ལོངས་སྐུ་ཡེ་ཤེས་ཐུགས་རྗེ་རང་སྣང་བས། །རྟེན་ཅན་དོན་མཛད་ས་བཅུའི་སྒྲིབ་པ་སྦྱོང་། །ངོ་བོ་ཉིད་ཀྱིས་དོན་མཛད་དབྱིངས་ཀྱི་སྐུ། །ཡོད་མེད་སྒྲོ་སྐུར་ཞི་བའི་ངང་ཉིད་ལས། །གདུལ་བྱ་རྣམས་ལ་གང་འདོད་དེར་སྣང་བས། །སྣ་ཚོགས་སྤྲུལ་པས་དོན་ཀུན་མཛད་པ་ཡིན། །གྲུབ་པའི་མཐའ་ལས་རྟེན་ཅན་དོན་མཛད་པ། །མཐར་ཐུག་རྫོགས་པའི་སངས་རྒྱས་ས་དེ་ན། །སྐུ་དང་ཡེ་ཤེས་གྲུབ་པས་དོན་མཛད་འདོད། །རྟེན་མེད་དེ་ལྟར་གྲུབ་པས་འགག་མེད་དེ། །འོན་ཀྱང་དྲང་སྲོང་མཆོད་སྡོང་བསྒྲུབས་པ་བཞིན། །སྨོན་ལམ་དབང་གིས་དེ་ལྟར་སྣང་བར་འདོད། །ངོ་བོ་ཉིད་ཀྱིས་དོན་གཉིས་མཛད་པ་ཡང་། །དེ་དག་གཉིས་ལྟར་ཡོད་མེད་སྒྲོ་སྐུར་གྲོལ། །དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་དེ་ལས། །ཇི་ལྟར་འཚམས་པར་བཞག་ནས་དོན་བྱེད་འདོད། །འདི་དག་གསུམ་ཡང་དོན་ལ་གཅིག་དགོས་པས། །སྔ་མ་ལྟ་བུར་ཁོང་དུ་ཆུད་པར་བྱ། །དེ་ཡིས་ཕྱོགས་འཛིན་ཡོད་མེད་གཟེབ་ལས་གྲོལ། །དེ་ལྟར་བླ་མེད་བྱང་ཆུབ་བརྙེས་པ་ནི། །སོ་སོ་སྐྱེ་བོ་མོས་པ་ཕུན་ཚོགས་ལ། །ཐུན་མོང་ཁྱད་པར་མཆོག་གི་ལམ་གསུམ་ལ། །བརྟེན་ནས་འབད་པས་རིམ་གྱིས་གོང་བགྲོད་དེ། །

[p. 153] ཡོན་ཏན་ཡིད་བཞིན་ལྷུན་གྱིས་གྲུབ་པས་ན། །ཐར་ལམ་བསྒྲུབ་ལ་རང་བཞིན་འབད་པ་གཅེས། །དེང་སང་དུས་ངན་བསམས་ཤིང་སྐྱོ་བ་འཕེལ། །ཚེ་ལ་ལོང་མེད་ཡེང་མའི་ལམ་ལ་མཛད། །ཤེས་བྱ་ཐུག་མེད་སྤྲོས་ལ་ཟད་པ་མེད། །དེ་བས་ཉིན་མཚན་སྙིང་པོའི་ཆོས་སྒྲུབས་ཤིག །ཚེ་འདིའི་བྱ་བ་ཤི་ཤིར་ཟིན་དུས་མེད། །གཅིག་གིས་གཅིག་ཁྲིད་ཆུ་ཡི་གཉེར་མ་འདྲ། །འཆི་དུས་བ་སྟོབས་སམ་ལེགས་པར་སེར་ཐོབ་ལ། །དེ་རིང་ཉིད་ནས་ཐར་པའི་བྱང་ཆུབ་སྒྲུབས། །གར་འགྲོ་ཅིར་འགྱུར་བདག་ལ་ཆ་ཡོད་པ། །སུས་བསྟངས་འདིར་བདེ་མི་འཇིགས་གདེང་ཅི་ཡོད། །དེ་བས་ད་ལྟ་རང་དབང་ཡོད་དུས་སུ། །གཏན་ཡུལ་ཐར་པའི་གནས་སུ་སྙེགས་རེ་རན། །ལུས་དང་ལོངས་སྤྱོད་མཛའ་བཤེས་གཉེན་འདུན་དང་། །ཚེ་འདིའི་སྣང་བ་མ་ལུས་ཀུན་བོར་ནས། །གཅིག་པུ་སུས་ཀྱང་མི་བསྟོངས་འགྲོ་བ་སོམས། །དེ་དུས་སྐྱབས་དང་དཔུང་གཉེན་ཚོལ་རེ་རན། །ད་ལྟའི་འདི་བཞིན་གཏན་དུ་མི་འོང་བས། །གནམ་ས་འདྲེ་ལྡོག་འཆི་བདག་འབྱུང་བའི་ཚེ། །བདག་གིས་ཅི་བྱ་དེ་དུས་སུ་ལ་རེ། །དེ་བས་ད་ལྟ་དམ་པའི་ཆོས་སྒྲུབས་ཤིག །མཛངས་དང་གྲོས་འདུན་མཁས་དང་མི་མཁས་དང་། །འཆི་དུས་རག་སྟེ་དགེ་བའི་དཔུང་ཚོགས་བསྐྱེད། །སྙིང་པོའི་སེམས་ཉིད་གཉུག་མའི་དོན་ལ་སྒོམས། །མཐོ་རིས་བདེ་འགྲོའི་དགའ་བདེ་ལྷུན་གྱིས་གྲུབ། །ཐར་པའི་གནས་བཟང་རིན་ཆེན་ཕོ་བྲང་དུ། །རྒྱལ་བས་སྤུན་བསུ་རང་རིག་ཡེ་ཤེས་མཆོག །བྱང་ཆུབ་འབྱོར་པ་ཤིན་ཏུ་མཐའ་ཡས་ཤིང་། །རྟག་ཏུ་མི་འགྱུར་བདེ་ཆེན་དོན་ལ་སྤྱོད། །ཆོས་མེད་སྤྲང་པོ་བདག་གིས་དེ་སྐད་བསྐུལ། །ཕན་པའི་སྙིང་གཏམ་ལགས་ཀྱིས་སེམས་ལ་ཞོག །དེ་ལྟར་ཆོས་ཚུལ་ཡོན་ཏན་རིན་ཆེན་

[p. 154] མཛོད། །དྲུག་ཚན་རེས་ཀྱང་སྙིང་པོའི་དོན་འགྲུབ་པ། །ཡིད་བཞིན་རིན་ཆེན་གདམས་པའི་སྙིང་པོ་འདི། །དད་ལྡན་ཐར་པ་བསྒྲུབ་རྣམས་དོན་དུ་སྤྲོས། །དགེ་བ་དེ་ཡིས་བདག་དང་འགྲོ་བ་ཀུན། །མ་ལུས་བདེ་གཤེགས་སྙིང་པོའི་སར་གཞོལ་ནས། །སྤངས་དང་རྟོགས་པའི་ཡོན་ཏན་ཕུན་ཚོགས་ཏེ། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །སྲིད་ན་མི་སྐྱོ་སེམས་ཅན་དོན་བསྒྲུབ་ཅིང་། །དམ་པ་རྣམས་ལས་ཆོས་ཀྱི་མཛོད་ཐོས་ཏེ། །ཚུལ་བཞིན་བསྒྲུབས་པས་རྒྱལ་བ་མཉེས་པར་ཤོག །བྱང་ཆུབ་ཐོབ་ཀྱང་སེམས་ཅན་མི་འདོར་ཞིང་། །འཁོར་བར་གནས་ཀྱང་ཉེས་པས་ཀྱང་མི་གོས། །མཐོང་ཐོས་དྲན་རེག་ཐར་པའི་ལམ་འདྲེན་པས། །རྒྱལ་བ་སྲས་བཅས་རབ་ཏུ་མཉེས་པར་ཤོག །སྐལ་ལྡན་རྣམས་ལ་ཟབ་མོའི་ཆོས་སྟོན་ཅིང་། །སྐལ་མེད་རྣམས་ལ་ཆོས་ཀྱི་ས་བོན་འདེབས། །སྒྲུབ་པ་ལྷུར་ལེན་ཉམས་ལེན་

[p. 155] མཐར་ཕྱིན་པས། །དཔལ་མགོན་བླ་མ་དམ་པ་མཉེས་པར་ཤོག །མན་ངག་རིན་པོ་ཆེའི་མཛོད་ཅེས་བྱ་བ། །བདེ་བར་གཤེགས་པའི་གསུང་རབ་ལ་མང་དུ་ཐོས་པའི་ནོར་གྱིས་འབྱོར་ཞིང་། ཟབ་པ་དང་། རྒྱ་ཆེ་བའི་དོན་ལ། ཐོས་པ་དང་། བསམ་པ་དང་། སྒོམ་པའི་ཤེས་རབ་ཀྱིས་ལེགས་པར་སྦྱངས་པ། །ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་སྦྱར་བ་རྫོགས་སོ། །མཚན་དོན་མཐུན

[edit]
BDRC typed e-text UT22920_002_0001 as downloaded (the base text was made from it).

གསུམ་དུ་རྟོག་བྲལ་བརྒྱལ་ཐབས་གནས་པ་སྟེ། །དེ་ཉིད་སངས་ནས་ཡེ་ཤེས་འོད་དུ་འཆར། །སྐུ་ཡི་རང་འོད་གསུང་གི་རང་སྒྲ་དང༌། །ཐུགས་ཀྱི་ཟེར་གདངས་ཞག་སྔར་འཆར་དུས་སུ། །སྐུ་གསུང་ཐུགས་སུ་རང་ངོ་ཤེས་པས་གྲོལ། །བཞི་པ་དབང་པོ་འབྲིང་གི་རྟུལ་པོ་ནི། །ཞག་གསུམ་བར་རམ་ལྔ་རུ་བརྒྱལ་ཐབས་གནས། །དེ་སངས་ཡེ་ཤེས་ལྔ་འཕྲོ་འོད་གསལ་ཏེ། །དངངས་སྐྲག་མ་སྐྱེས་འཇིགས་མེད་རང་སྣང་གྲོལ། །ལྔ་པ་དབང་པོ་ཐ་མའི་རྣོན་པོ་ནི། །ཞག་གསུམ་བར་དུ་ལྔ་རུ་བརྒྱལ་ཐབས་གནས། །དེ་སངས་ཡེ་ཤེས་ལྔ་ཡི་འོད་གསལ་ཏེ། །ཞག་ལྔ་ལོན་ནས་ཡེ་ཤེས་སྣང་བ་ནུབ། །འོད་ལས་ཡུལ་དང་སྒྲ་ལས་ཟེར་དང་ནི། །ཟེར་ལས་རྟོག་པར་ཤར་དང་དེ་ཡི་ཚེ། །སྔོན་གྱི་ཡུལ་དང་ནོར་དང་མི་རྣམས་ཀྱི། །དྲན་པ་སད་དུས་སྔ་མའི་ཆོས་དྲན་ནས། །གཉེན་པོ་སད་དེ་འཛིན་མེད་རང་གསལ་གྱི། །ཡེ་ཤེས་རང་ཤར་བར་དོའི་སྣང་བ་གྲོལ། །ཆོས་དབྱིངས་ངང་དུ་མངོན་པར་བྱང་ཆུབ་ཡིན། །དྲུག་པ་དབང་པོ་ཐ་མའི་རྟུལ་པོ་ནི། །ཞག་གཅིག་རིག་པ་བརྒྱལ་ཐབས་གནས་པ་ལས། །དེ་སངས་ཡེ་ཤེས་སྣང་བ་ཞག་གཅིག་འཆར། །དེ་ནུབ་སྔ་མའི་གཟུགས་སུ་ཡོད་སྙམ་ཞིང༌། །དབང་པོ་ཀུན་ཚང་གར་ཡང་ཐོགས་མེད་རྒྱུ། །རྣམ་ཤེས་རྟེན་བྲལ་ཡུལ་དང་འདུག་ས་ཚོལ། །ལས་ཀྱིས་མངལ་སྒོ་ཐ་དད་འཇུག་པ་ལས། །དེ་ཉིད་མི་ལུས་ཡོན་ཏན་བདུན་ཐོབ་ནས། །ཟབ་མོའི་ཆོས་ཕྲད་སྐྱེ་པ་དེས་གྲོལ་འགྱུར། །དེ་ཡང་ཤིན་ཏུ་སྡིག་པ་ཅན་རྣམས་ལ། །བར་དོ་མི་སྣང་ལུས་སེམས་བྲལ་མ་ཐག །རང་སྣང་འཁྲུལ་ནས་དམྱལ་བར་སྣང་བ་ཡིན། །སྡིག་པ་འབྲིང་སྤྱད་བར་དོ་ཡུན་ཟུང་གནས། །དེ་ནས་ངན་སོང་གཞན་གཉིས་མྱོང་བ་ཡིན། །དགེ་སྡིག་ཆ་སྙོམས་བར་དོ་ཡུན་རིང་སྟེ། །ཞག་གྲངས་བཞི་བཅུ་རྩ་དགུ་གནས་པ་ལས། །དེ་ནས་ལས་ཀྱིས་ལུས་ལེན་འགྱུར་བ་ཡིན། །དེ་ཡང་ཆོས་ཉིད་བར་དོ་ནུབ་པ་ལས། །རྟུལ་པོ་གཉིས་ལ་སྲིད་པའི་བར་དོ་འཆར། །དེ་བས་ང་ལྟ་མི་དགེ་རྣམ་སྤངས་ཏེ། །དགེ་སྒྲུབ་སེམས་ཉིད་གཏན་སྲིད་ཟིན་པ་གཅེས། །ཕན་པའི་གདམས་ངག་ཡིན་ནོ་སེམས་ལ་ཞོག །མཐར་ཐུག་འབྲས་བུ་མངོན་དུ་གྱུར་པའི་ཚེ། །མངོན་པར་བྱང་ཆུབ་ཆོས་དྲུག་བསྟན་པ་ནི། །གཟུང་འཛིན་འཁྲུལ་པའི་བག་ཆགས་ཀུན་བྲལ་ནས། །འཁྲུལ་སྣང་འཁྲུལ་འཛིན་དབྱིངས་སུ་ནུབ་པ་ཡིན། །སྤྲིན་དེངས་ཉི་མཁའ་བཞིན་དུ་དག་པའི་ཚེ། །དང་པོ་ཆོས་སྐུ་དག་པ་གཉིས་ལྡན་ནི། །གསལ་བའི་ཡེ་ཤེས་ཆོས་ཉིད་དབྱིངས་སུ་ཤར། །སྤྲོས་བྲལ་འོད་གསལ་ཁྱབ་གདལ་ཆེན་པོ་ཉིད། །ལྷུན་གྲུབ་ཀ་དག་ཕྱོགས་ལ་གྲོལ་བ་ཡིན། །གཉིས་པ་ལོངས་སྤྱོད་རྫོགས་སྐུ་དག་པ་ནི། །དེ་ཉིད་ངང་ལས་ས་བཅུའི་སེམས་དཔའ་ལ། །འཇའ་ཚོན་ལྟ་བུ་རིགས་ལྔ་གངས་ཆེན་མཚོ། །མཚན་རྫོགས་དཔེ་བྱད་འབར་བ་སྣང་བ་ཡིན། །གསུམ་པ་སྤྲུལ་སྐུའི་དེ་ཉིད་ཟླ་གཟུགས་བཞིན། །གདུལ་བྱའི་ཆུ་སྣོད་གང་ཡོད་དེར་སྣང་སྟེ། །བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་པ་སོགས། །གང་ལ་གང་འདུལ་དེ་ལ་དེར་སྣང་བས། །འགྲོ་དྲུག་གནས་ན་སྲིད་པ་ཇི་སྲིད་བར། །སེམས་ཅན་དོན་མཛད་འཕྲིན་ལས་བསམ་མི་ཁྱབ། །སྐུ་ལ་བརྟེན་པའི་ཡེ་ཤེས་དྲུག་ལྡན་ནི། །ཆོས་དབྱིངས་ཡེ་ཤེས་ཆོས་ཉིད་འཕོ་འགྱུར་མེད། །མེ་ལོང་ཡེ་ཤེས་རང་གསལ་ཀུན་སྣང་གཞི། །མཉམ་ཉིད་ཡེ་ཤེས་རོ་གཅིག་འབྱེད་པ་མེད། །ཀུན་རྟོག་ཡེ་ཤེས་ཇི་སྙེད་ཇི་བཞིན་གཟིགས། །བྱ་གྲུབ་ཡེ་ཤེས་མཛད་པ་བསམ་མི་ཁྱབ། །ལྷུན་གྲུབ་ཡེ་ཤེས་འདུས་མ་བྱས་ཉིད་ནི། །དཔེ་བྲལ་རྒྱལ་བའི་ཡེ་ཤེས་ཀུན་གྱི་བདག །ནོར་བུ་བཞིན་དུ་མི་རྟོག་དོན་ཀུན་འབྱུང༌། །བཞི་པ་ཐུག་རྗེ་འགྲོ་ལ་འབྱུང་ཚུལ་ནི། །སེམས་བསྐྱེད་སྨོན་ལམ་ཚོགས་གཉིས་བསགས་པ་དང༌། །ལྷུན་གྲུབ་ངང་ལས་ཡེ་ཤེས་སྟོབས་ཀྱིས་འབྱུང༌། །ལྔ་པ་ཐུགས་རྗེ་ཇི་ལྟར་སྐྱེ་ཚུལ་ནི། །རང་བཞིན་ཤུགས་ཀྱིས་ཐུགས་རྗེ་སྐྱེ་བ་དང༌། །ཡུལ་དང་ཕྲད་པའི་ཐུགས་རྗེ་སྐྱེ་བ་དང༌། །བསྐུལ་ཞིང་གསོལ་བ་གདབ་པས་སྐྱེ་བའོ། །དྲུག་པ་དེ་ལས་འགྲོ་དོན་མཛད་ཚུལ་ནི། །རྟེན་ཅན་རྟེན་མེད་ངོ་བོ་ཉིད་གསུམ་སྟེ། །ཕྱོགས་ཆར་ཆད་རྣམས་འདི་བཞི་ངེས་བྱ་བ། །ཆོས་སྐུས་གོ་འབྱེད་རྟེན་མེད་དོན་མཛད་ཅིང༌། །སྨོན་ལམ་སེམས་བསྐྱེད་ནུས་པས་སྒྲིབ་སྦྱངས་ཏེ། །འགྲོ་ལ་གཟུགས་སྐུ་སྣང་བར་མཛད་པའོ། །ལོངས་སྐུ་ཡེ་ཤེས་ཐུགས་རྗེ་རང་སྣང་བས། །རྟེན་ཅན་དོན་མཛད་ས་བཅུའི་སྒྲིབ་པ་སྦྱོང༌། །ངོ་བོ་ཉིད་ཀྱིས་དོན་མཛད་དབྱིངས་ཀྱི་སྐུ། །ཡོད་མེད་སྒྲོ་སྐུར་ཞི་བའི་ངང་ཉིད་ལས། །གདུལ་བྱ་རྣམས་ལ་གང་འདོད་དེར་སྣང་བས། །སྣ་ཚོགས་སྤྲུལ་པས་དོན་ཀུན་མཛད་པ་ཡིན། །གྲུབ་པའི་མཐའ་ལས་རྟེན་ཅན་དོན་མཛད་པ། །མཐར་ཐུག་རྫོགས་པའི་སངས་རྒྱས་ས་དེ་ན། །སྐུ་དང་ཡེ་ཤེས་གྲུབ་པས་དོན་མཛད་འདོད། །རྟེན་མེད་དེ་ལྟར་གྲུབ་པས་འགག་མེད་དེ། །འོན་ཀྱང་དྲང་སྲོང་མཆོད་སྡོང་བསྒྲུབས་པ་བཞིན། །སྨོན་ལམ་དབང་གིས་དེ་ལྟར་སྣང་བ་མཛད། །ངོ་བོ་ཉིད་ཀྱིས་དོན་གཉིས་མཛད་པ་ཡང༌། །དེ་དག་གཉིས་ལྟར་ཡོད་མེད་སྒྲོ་སྐུར་གྲོལ། །དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་དེ་ལས། །ཇི་ལྟར་འཚམས་པར་བཞག་ནས་དོན་བྱེད་འདོད། །འདི་དག་གསུམ་ཡང་དོན་ལ་གཅིག་དགོས་པས། །སྔ་མ་ལྟ་བུར་ཁོང་དུ་ཆུད་པར་བྱ། །དེ་ཡིས་ཕྱོགས་འཛིན་ཡོད་མེད་གཟེབ་ལས་གྲོལ། །དེ་ལྟར་བླ་མེད་བྱང་ཆུབ་བརྙེས་པ་ནི། །སོ་སོ་སྐྱེ་བོ་མོས་པ་ཕུན་ཚོགས་ལ། །ཐུན་མོང་ཁྱད་པར་མཆོག་གི་ལམ་གསུམ་ལ། །བརྟེན་ནས་འབད་པས་རིམ་གྱིས་གོང་བགྲོད་དེ། །ཡོན་ཏན་ཡིད་བཞིན་ལྷུན་གྱིས་གྲུབ་པས་ན། །ཐར་ལམ་བསྒྲུབ་པ་རང་བཞིན་འབད་པ་གཅེས། །དེང་སང་དུས་ངན་བསམས་ཤིང་སྐྱོ་བ་འཕེལ། །ཚེ་ལ་ལོང་མེད་ཡེང་མའི་ལམ་ལ་འཛད། །ཤེས་བྱ་ཐུག་མེད་སྤྲོས་ལ་ཟད་པ་མེད། །དེ་བས་ཉིན་མཚན་སྙིང་པོའི་ཆོས་སྒྲུབས་ཤིག །ཚེ་འདིའི་བྱ་བ་ཤི་ཤིར་ཟིན་དུས་མེད། །གཅིག་གིས་གཅིག་ཁྲིད་ཆུ་ཡི་གཉེར་མ་འདྲ། །འཆི་དུས་བསྟོངས་སམ་ལེགས་པར་སེར་ཐོབ་ལ། །དི་རིང་ཉིད་ནས་ཐར་པའི་བྱང་ཆུབ་སྒྲུབས། །གར་འགྲོ་ཅིར་འགྱུར་བདག་ལ་ཆ་ཡོད་པ། །སུས་བསྟོངས་འདིར་བདེ་མི་འཇིགས་གདེང་ཅི་ཡོད། །དེ་བས་ད་ལྟར་རང་དབང་ཡོད་དུས་སུ། །གཏན་ཡུལ་ཐར་པའི་གནས་སུ་སྙེགས་རེ་རན། །ལུས་དང་ལོངས་སྤྱོད་མཛའ་བཤེས་གཉེན་འདུན་དང༌། །ཚེ་འདིའི་སྣང་བ་མ་ལུས་ཀུན་བོར་ནས། །གཅིག་པུ་སུས་ཀྱང་མི་བསྟོངས་འགྲོ་བ་སོམས། །དེ་དུས་སྐྱབས་དང་དཔུང་གཉེན་ཚོལ་རེ་རན། །ད་ལྟའི་འདི་བཞིན་གཏན་དུ་མི་འོང་བས། །གནས་ས་འདྲེ་ལྡོག་འཆི་བདག་འབྱུང་བའི་ཚེ། །བདག་གིས་ཅི་བྱ་དེ་དུས་སུ་ལ་རེ། །དེ་བས་ད་ལྟ་དམ་པའི་ཆོས་སྒྲུབས་ཤིག །མཛངས་དང་གྲོས་འདུན་མཁས་དང་མི་མཁས་དང༌། །འཆི་དུས་རག་སྟེ་དགེ་བའི་དཔུང་ཚོགས་བསྐྱེད། །སྙིང་པོའི་སེམས་ཉིད་གཉུག་མའི་དོན་ལ་སྒོམས། །མཐོ་རིས་བདེ་འགྲོའི་དགའ་བདེ་ལྷུན་གྱིས་གྲུབ། །ཐར་པའི་གནས་བཟང་རིན་ཆེན་ཕོ་བྲང་དུ། །རྒྱལ་བས་སྔུན་བསུ་རང་རིག་ཡེ་ཤེས་མཆོག །བྱང་ཆུབ་འབྱོར་པ་ཤིན་ཏུ་མཐའ་ཡས་ཤིང༌། །རྟག་ཏུ་མི་འགྱུར་བདེ་ཆེན་དོན་ལ་སྤྱོད། །ཆོས་མེད་སྤྲང་པོ་བདག་གིས་དེ་སྐད་བསྐུལ། །ཕན་པའི་སྙིང་གཏམ་ལགས་ཀྱིས་སེམས་ལ་ཞོག །དེ་ལྟར་ཆོས་ཚུལ་ཡོན་ཏན་རིན་ཆེན་མཛོད། །དྲུག་ཚན་རེས་ཀྱང་སྙིང་པོའི་དོན་འགྲུབ་པ། །ཡིད་བཞིན་རིན་ཆེན་གདམས་པའི་སྙིང་པོ་འདི། །དད་ལྡན་ཐར་པ་བསྒྲུབ་རྣམས་དོན་དུ་སྤྲོས། །དགེ་བ་དེ་ཡིས་བདག་དང་འགྲོ་བ་ཀུན། །མ་ལུས་བདེ་གཤེགས་སྙིང་པོའི་སར་གཞོལ་ནས། །སྤངས་དང་རྟོགས་པའི་ཡོན་ཏན་ཕུན་ཚོགས་ཏེ། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །སྲིད་ན་མི་སྐྱོ་སེམས་ཅན་དོན་བསྒྲུབ་ཅིང༌། །དམ་པ་རྣམས་ལས་ཆོས་ཀྱི་མཛོད་ཐོས་ཏེ། །ཚུལ་བཞིན་བསྒྲུབས་པས་རྒྱལ་བ་མཉེས་པར་ཤོག །བྱང་ཆུབ་ཐོབ་ཀྱང་སེམས་ཅན་མི་འདོར་ཞིང༌། །འཁོར་བར་གནས་ཀྱང་ཉེས་པས་ཀྱང་མི་གོས། །མཐོང་ཐོས་དྲན་རེག་ཐར་པའི་ལམ་འདྲེན་པས། །རྒྱལ་བ་སྲས་བཅས་རབ་ཏུ་མཉེས་པར་ཤོག །སྐལ་ལྡན་རྣམས་ལ་ཟབ་མོའི་ཆོས་སྟོན་ཅིང༌། །སྐལ་མེད་རྣམས་ལ་ཆོས་ཀྱི་ས་བོན་འདེབས། །སྒྲུབ་པ་ལྷུར་ལེན་ཉམས་ལེན་མཐར་ཕྱིན་པས། །དཔལ་མགོན་བླ་མ་དམ་པ་མཉེས་པར་ཤོག །མན་ངག་རིན་པོ་ཆེའི་མཛོད་ཅེས་བྱ་བ། བདེ་བར་གཤེགས་པའི་གསུང་རབ་ལ་མང་དུ་ཐོས་པའི་ནོར་གྱིས་འབྱོར་ཞིང༌། ཟབ་པ་དང༌། རྒྱ་ཆེ་བའི་དོན་ལ། ཐོས་པ་དང༌། བསམ་པ་དང༌། སྒོམ་པའི་ཤེས་རབ་ཀྱིས་ལེགས་པར་སྦྱངས་བ། ཐེག་པ་མཆོག་གི་རྣལ་འབྱོར་ཀློང་ཆེན་རབ་འབྱམས་ཀྱིས་སྦྱར་བ་རྫོགས་སོ། །དགེའོ།། དགེའོ།། དགེའོ

[edit]
rywikitexts e-text of the Beijing 2009 edition (vol. 15), with its page numbers ༼N༽.

གསུམ་དུ་རྟོག་བྲལ་བརྒྱལ་ཐབས་གནས་པ་སྟེ། །དེ་ཉིད་སངས་ནས་ཡེ་ཤེས་འོད་དུ་འཆར། །སྐུ་ཡི་རང་འོད་གསུང་གི་རང་སྒྲ་དང༌། །» «ཐུགས་ཀྱི་ཟེར་གདངས་ཞག་ལྔར་འཆར་དུས་སུ། །སྐུ་གསུང་ཐུགས་སུ་རང་ངོ་ཤེས་པས་གྲོལ། །བཞི་པ་དབང་པོ་འབྲིང་གི་རྟུལ་པོ་ནི། །ཞག་གསུམ་པར་རམ་ལྔ་རུ་བརྒྱལ་ཐབས་གནས། །དེ་སངས་ཡེ་ཤེས་ལྔ་འཕྲོ་འོད་གསལ་ཏེ། །དངངས་སྐྲག་མ་སྐྱེས་འཇིགས་མེད་རང་སྣང་གྲོལ། །ལྔ་པ་དབང་པོ་ཐ་མའི་རྣོན་པོ་ནི། །» «ཞག་གསུམ་བར་དུ་རིག་པ་བརྒྱལ་ཐབས་གནས། །དེ་སངས་ཡེ་ཤེས་ལྔ་ཡི་འོདགསལ་ཏེ། །ཞག་ལྔ་ལོན་ནས་ཡེ་ཤེས་སྣང་བ་ནུབ། །འོད་ལས་ཡུལ་དང་སྒྲ་ལས་ཟེར་དང་ནི། །ཟེར་ལས་རྟོག་པར་ཤར་དང་དེ་ཡི་ཚེ། །སྔོན་གྱི་ཡུལ་དང་ནོར་དང་མི་རྣམས་ཀྱི། །དྲན་པ་སད་དུས་སྔ་མའི་ཆོས་དྲན་ནས། །གཉེན་པོ་སད་དེ་འཛིན་མེད་རང་གསལ་གྱི། །ཡེ་ཤེས་རང་ཤར་བར་དོའི་སྣང་བ་གྲོལ། །ཆོས་དབྱིངས་ངང་དུ་མངོན་པར་བྱང་ཆུབ་ཡིན། །དྲུག་པ་དབང་པོ་ཐ་མའི་རྟུལ་པོ་ནི། །» «ཞག་གཅིག་རིག་པ་བརྒྱལ་ཐབས་གནས་པ་ལས། །དེ་སངས་ཡེ་ཤེས་སྣང་བ་ཞག་གཅིག་འཆར། །དེ་ནུབ་སྔ་མའི་གཟུགས་སུ་ཡོད་སྙམ་ཞིང༌། །དབང་པོ་ཀུན་ཚང་གར་ཡང་ཐོགས་མེད་རྒྱུ། །རྣམ་ཤེས་རྟེན་བྲལ་ཡུལ་དང་འདུག་ས་ཚོལ། །» «ལས་ཀྱིས་མངལ་སྒོ་ཐ་དད་འཇུག་པ་ལས། །དེ་ཉིད་མི་ལུས་ཡོན་ཏན་བདུན་ཐོབ་ནས། །ཟབ་མོའི་ཆོས་ཕྲད་སྐྱེ་བ་དེས་གྲོལ་འགྱུར། །དེ་ཡང་ཤིན་ཏུ་སྡིག་པ་ཅན་རྣམས་ལ། །བར་དོ་མི་སྣང་ལུས་སེམས་བྲལ་མ་ཐག» «།རང་སྣང་འཁྲུལ་ནས་དམྱལ་བར་སྣང་བ་ཡིན། །སྡིག་པ་འབྲིང་སྤྱད་བར་དོ་ཡུན་ཐུང་གནས། །དེ་ནས་ངན་སོང་གཞན་གཉིས་མྱོང་བ་ཡིན། །དགེ་སྡིག་ཆ་སྙོམས་བར་དོ་ཡུན་རིང་སྟེ། །» «ཞག་གྲངས་བཞི་བཅུ་རྩ་དགུ་གནས་པ་ལས། །དེ་ནས་ལས་ཀྱི་ལུས་ལེན་འགྱུར་བ་ཡིན། །དེ་ཡང་ཆོས་ཉིད་བར་དོ་ནུབ་པ་ལས། །རྟུལ་པོ་གཉིས་ལ་སྲིད་པའི་བར་དོ་འཆར། །དེ་བས་ད་ལྟ་མི་དགེ་རྣམ་སྤངས་ཏེ། །དགེ་སྒྲུབ་སེམས་ཉིད་གཏན་སྲིད་ཟིན་པ་གཅེས། །ཕན་པའི་གདམས་ངག་ཡིན་ནོ་སེམས་ལ་ཞོག» «།» «མཐར་ཐུག་འབྲས་བུ་མངོན་དུ་གྱུར་པའི་ཚེ། །མངོན་པར་བྱང་ཆུབ་ཆོས་དྲུག་བསྟན་པ་ནི། །གཟུང་འཛིན་འཁྲུལ་པའི་བག་ཆགས་ཀུན་བྲལ་ནས། །འཁྲུལ་སྣང་འཁྲུལ་འཛིན་དབྱིངས་སུ་ནུབ་པ་ཡིན། །སྤྲིན་དེངས་ཉི་མཁའ་བཞིན་དུ་དག་པའི་ཚེ། །དང་པོ་ཆོས་སྐུ་དག་པ་གཉིས་ལྡན་ནི། །གསལ་བའི་ཡེ་ཤེས་ཆོས་ཉིད་དབྱིངས་སུ་ཤར། །སྤྲོས་བྲལ་འོད་གསལ་ཁྱབ་གདལ་ཆེན་པོ་ཉིད། །ལྷུན་གྲུབ་ཀ་དག་ཕྱོགས་ལ་གྲོལ་བ་ཡིན། །གཉིས་པ་ལོངས་སྤྱོད་རྫོགས་སྐུ་དག་པ་ནི། །དེ་ཉིད་ངང་ལས་ས་བཅུའི་སེམས་དཔའ་ལ། །འཇའ་ཚོན་ལྟ་བུ་རིགས་ལྔ་གང་ཆེན་མཚོ། །མཚན་རྫོགས་དཔེ་བྱད་འབར་བ་སྣང་བ་ཡིན། །གསུམ་པ་སྤྲུལ་སྐུའི་དེ་ཉིད་ཟླ་གཟུགས་བཞིན། །གདུལ་བྱའི་ཆུ་སྣོད་གང་ཡོད་དེར་སྣང་སྟེ། །བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་པ་སོགས། །གང་ལ་གང་འདུལ་དེ་ལ་དེར་སྣང་བས། །འགྲོ་དྲུག་གནས་ན་སྲིད་པ་ཇི་སྲིད་བར། །སེམས་ཅན་དོན་མཛད་འཕྲིན་ལས་བསམ་མི་ཁྱབ། །སྐུ་ལ་བརྟེན་པའི་ཡེ་ཤེས་དྲུག་ལྡན་ནི། །ཆོས་དབྱིངས་ཡེ་ཤེས་ཆོས་ཉིད་འཕོ་འགྱུར་མེད། །མེ་ལོང་ཡེ་ཤེས་རང་གསལ་ཀུན་སྣང་གཞི། །མཉམ་ཉིད་ཡེ་ཤེས་རོ་གཅིག་འབྱེད་པ་མེད། །ཀུན་རྟོག་ཡེ་ཤེས་ཇི་སྙེད་ཇི་བཞིན་» «གཟིགས། །བྱ་གྲུབ་ཡེ་ཤེས་མཛད་པ་བསམ་མི་ཁྱབ། །ལྷུན་གྲུབ་ཡེ་ཤེས་འདུས་མ་བྱས་ཉིད་ནི། །དཔེ་བྲལ་རྒྱལ་བའི་ཡེ་ཤེས་ཀུན་གྱི་བདག» «།ནོར་བུ་བཞིན་དུ་མི་རྟོག་དོན་ཀུན་འབྱུང༌། །བཞི་པ་ཐུགས་རྗེ་འགྲོ་ལ་འབྱུང་ཚུལ་ནི། །སེམས་བསྐྱེད་སྨོན་ལམ་ཚོགས་གཉིས་བསགས་པ་དང༌། །ལྷུན་གྲུབ་ངང་ལས་ཡེ་ཤེས་སྟོབས་ཀྱིས་འབྱུང༌། །ལྔ་པ་ཐུགས་རྗེ་ཇི་ལྟར་སྐྱེ་ཚུལ་ནི། །རང་བཞིན་ཤུགས་ཀྱིས་ཐུགས་རྗེ་སྐྱེ་བ་དང༌། །ཡུལ་དང་ཕྲད་པའི་ཐུགས་རྗེ་སྐྱེ་བ་དང༌། །བསྐུལ་ཞིང་གསོལ་བ་གདབ་ལས་སྐྱེ་བའོ། །དྲུག་པ་དེ་ལས་འགྲོ་དོན་མཛད་ཚུལ་ནི། །» «རྟེན་ཅན་རྟེན་མེད་ངོ་བོ་ཉིད་གསུམ་སྟེ། །ཕྱོགས་ཆར་ཆད་རྣམས་འདི་བཞི་ངེས་བྱ་བ། །ཆོས་སྐུས་གོ་འབྱེད་རྟེན་མེད་དོན་མཛད་ཅིང༌། །སྨོན་ལམ་སེམས་བསྐྱེད་ནུས་པས་སྒྲིབ་སྦྱངས་ཏེ། །འགྲོ་ལ་གཟུགས་སྐུ་སྣང་བར་མཛད་པའོ། །ལོངས་སྐུ་ཡེ་ཤེས་ཐུགས་རྗེ་རང་སྣང་བས། །རྟེན་ཅན་དོན་མཛད་ས་བཅུའི་སྒྲིབ་པ་སྦྱོང༌། །» «ངོ་བོ་ཉིད་ཀྱིས་དོན་མཛད་དབྱིངས་ཀྱི་སྐུ། །ཡོད་མེད་སྒྲོ་སྐུར་ཞི་བའི་ངང་ཉིད་ལས། །གདུལ་བྱ་རྣམས་ལ་གང་འདོད་དེར་སྣང་བས། །སྣ་ཚོགས་སྤྲུལ་པས་དོན་ཀུན་མཛད་པ་ཡིན། །གྲུབ་པའི་མཐའ་ལས་རྟེན་ཅན་དོན་མཛད་པ། །མཐར་ཐུག་རྫོགས་པའི་སངས་རྒྱས་ས་དེ་ན། །སྐུ་དང་ཡེ་ཤེས་གྲུབ་པས་དོན་མཛད་» «འདོད། །རྟེན་མེད་དེ་ལྟར་གྲུབ་པས་འགག་མེད་དེ། །འོན་ཀྱང་དྲང་སྲོང་མཆོད་སྡོང་བསྒྲུབས་པ་བཞིན། །སྨོན་ལམ་དབང་གིས་དེ་ལྟར་སྣང་བར་འདོད། །ངོ་བོ་ཉིད་ཀྱིས་དོན་གཉིས་མཛད་པ་ཡང༌། །དེ་དག་གཉིས་ལྟར་ཡོད་མེད་སྒྲོ་སྐུར་» «གྲོལ། །དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་དེ་ལས། །ཇི་ལྟར་འཚམས་པར་བཞག་ནས་དོན་བྱེད་འདོད། །འདི་དག་གསུམ་ཡང་དོན་ལ་གཅིག་དགོས་པས། །སྔ་མ་ལྟ་བུར་ཁོང་དུ་ཆུད་པར་བྱ། །དེ་ཡིས་ཕྱོགས་འཛིན་ཡོད་མེད་གཟེབ་ལས་གྲོལ། །དེ་ལྟར་བླ་མེད་བྱང་ཆུབ་བརྙེས་པ་ནི། །སོ་སོ་སྐྱེ་བོ་མོས་པ་ཕུན་ཚོགས་ལ། །ཐུན་མོང་ཁྱད་པར་མཆོག་གི་ལམ་གསུམ་ལ། །བརྟེན་ནས་འབད་པས་རིམ་གྱིས་གོང་བགྲོད་དེ། །ཡོན་ཏན་ཡིད་བཞིན་ལྷུན་གྱིས་གྲུབ་པས་ན། །ཐར་ལམ་བསྒྲུབ་ལ་རང་བཞིན་འབད་པ་གཅེས། །དེང་སང་དུས་ངན་བསམས་ཤིང་སྐྱོ་བ་འཕེལ། །ཚེ་ལ་ལོང་མེད་ཡེང་མའི་ལམ་ལ་འཛད། །ཤེས་བྱ་ཐུག་མེད་སྤྲོས་ལ་ཟད་པ་མེད། །» «དེ་བས་ཉིན་མཚན་སྙིང་པོའི་ཆོས་སྒྲུབས་ཤིག» «།ཚེ་འདིའི་བྱ་བ་ཤི་ཤིར་ཟིན་དུས་མེད། །གཅིག་གིས་གཅིག་ཁྲིད་ཆུ་ཡི་གཉེར་མ་འདྲ། །འཆི་དུས་བསྟོངས་སམ་ལེགས་པར་སེར་ཐོབ་ལ། །དེ་རིང་ཉིད་ནས་ཐར་པའི་བྱང་ཆུབ་སྒྲུབས། །གར་འགྲོ་ཅིར་འགྱུར་བདག་ལ་ཆ་ཡོད་པ། །སུས་བསྟོངས་འདིར་བདེ་མི་འཇིགས་གདེང་ཅི་ཡོད། །དེ་བས་ད་ལྟ་རང་དབང་ཡོད་དུས་སུ། །གཏན་ཡུལ་ཐར་པའི་གནས་སུ་སྙེགས་རེ་རན། །ལུས་དང་ལོངས་སྤྱོད་མཛའ་བཤེས་གཉེན་འདུན་དང༌། །ཚེ་འདིའི་སྣང་བ་མ་ལུས་ཀུན་བོར་ནས། །གཅིག་པུ་སུས་ཀྱང་མི་བསྟོངས་འགྲོ་བ་སོམས། །དེ་དུས་སྐྱབས་དང་དཔུང་གཉེན་ཚོལ་རེ་རན། །ད་ལྟའི་འདི་བཞིན་གཏན་དུ་མི་འོང་བས། །གནམ་ས་འདྲེ་ལྡོག་འཆི་བདག་འབྱུང་བའི་ཚེ། །» «བདག་གིས་ཅི་བྱ་དེ་དུས་སུ་ལ་རེ། །དེ་བས་ད་ལྟ་དམ་པའི་ཆོས་སྒྲུབས་ཤིག» «།» «མཛངས་དང་གྲོས་འདུན་མཁས་དང་མི་མཁས་དང༌། །འཆི་དུས་རག་སྟེ་དགེ་བའི་དཔུང་ཚོགས་བསྐྱེད། །སྙིང་པོའི་སེམས་ཉིད་གཉུག་མའི་དོན་ལ་སྒོམས། །མཐོ་རིས་བདེ་འགྲོའི་དགའ་བདེ་ལྷུན་གྱིས་གྲུབ། །ཐར་བའི་གནས་བཟང་རིན་ཆེན་ཕོ་བྲང་དུ། །རྒྱལ་བས་སྔུན་བསུ་རང་རིག་ཡེ་ཤེས་མཆོག» «།བྱང་ཆུབ་འབྱོར་པ་ཤིན་ཏུ་མཐའ་ཡས་ཤིང༌། །རྟག་ཏུ་མི་འགྱུར་བདེ་ཆེན་དོན་ལ་སྤྱོད། །ཆོས་མེད་སྤྲང་པོ་བདག་གིས་དེ་སྐད་བསྐུལ། །ཕན་པའི་སྙིང་གཏམ་ལགས་ཀྱིས་སེམས་ལ་ཞོག» «།» «དེ་ལྟར་ཆོས་ཚུལ་ཡོན་ཏན་རིན་ཆེན་མཛོད། །དྲུག་ཚན་རེས་ཀྱང་སྙིང་པོའི་དོན་འགྲུབ་པ། །ཡིད་བཞིན་རིན་ཆེན་གདམས་པའི་སྙིང་པོ་འདི། །དད་ལྡན་ཐར་བ་བསྒྲུབ་རྣམས་དོན་དུ་སྤྲོས། །དགེ་བ་དེ་ཡིས་བདག་དང་འགྲོ་བ་ཀུན། །མ་ལུས་བདེ་གཤེགས་སྙིང་པོའི་སར་གཞོལ་ནས། །སྤངས་དང་རྟོགས་པའི་ཡོན་ཏན་ཕུན་ཚོགས་ཏེ། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག» «།བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །སྲིད་ན་མི་སྐྱོ་སེམས་ཅན་དོན་བསྒྲུབ་ཅིང༌། །དམ་པ་རྣམས་ལས་ཆོས་ཀྱི་མཛོད་ཐོས་ཏེ། །ཚུལ་བཞིན་བསྒྲུབ་པས་རྒྱལ་བ་མཉེས་པར་ཤོག» «།བྱང་ཆུབ་ཐོབ་ཀྱང་སེམས་ཅན་མི་འདོར་ཞིང༌། །འཁོར་བར་གནས་ཀྱང་ཉེས་པས་ཀྱང་མི་གོས། །མཐོང་ཐོས་དྲན་རེག་ཐར་པའི་ལམ་འདྲེན་པས། །རྒྱལ་བ་སྲས་བཅས་རབ་ཏུ་མཉེས་པར་ཤོག» «།སྐལ་ལྡན་རྣམས་ལ་ཟབ་མོའི་ཆོས་སྟོན་ཅིང༌། །སྐལ་མེད་རྣམས་ལ་ཆོས་ཀྱི་ས་བོན་འདེབས། །སྒྲུབ་པ་ལྷུར་ལེན་ཉམས་ལེན་མཐར་ཕྱིན་པས། །དཔལ་མགོན་བླ་མ་དམ་པ་མཉེས་པར་ཤོག» «།«མན་ངག་རིན་པོ་ཆེའི་མཛོད་ཅེས་བྱ་བ། བདེ་བར་གཤེགས་པའི་གསུང་རབ་ལ་མང་དུ་ཐོས་པའི་ནོར་གྱིས་འབྱོར་ཞིང༌། ཟབ་པ་དང་རྒྱ་ཆེ་བའི་དོན་ལ། ཐོས་པ་དང༌། བསམ་པ་དང༌། སྒོམ་པའི་ཤེས་རབ་ཀྱིས་ལེགས་པར་སྦྱངས་པ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་སྦྱར་བ་རྫོགས་སོ།། །།» « « «མན་ངག་རིན

[edit]
OCR of the BDRC scans (I1CZ5001), gorn05 tibocr 2026: BDRC OCR on 83 pages, Mitra OCR on 29 pages (the model with more recognisable syllables on each page).

[p. 1133] གསུམ་དུ་རྟོག་བྲལ་བརྒྱལ་ཐབས་གནས་པ་སྟེ། །དེ་ཉིད་སངས་ནས་ཡེ་ཤེས་འོད་དུ་འཆར། །སྐུ་ཡི་རང་འོད་གསུང་གི་རང་སྒྲ་དང་། །ཐུགས་ཀྱི་ཟེར་གདངས་ཞག་ལྔར་འཆར་དུས་སུ། །སྐུ་གསུང་ཐུགས་སུ་རང་ངོ་ཤེས་པས་གྲོལ། །བཞི་པ་ དབང་པོ་འབྲིང་གི་རྟུལ་པོ་ནི། །ཞག་གསུམ་བར་རམ་ལྔ་རུ་བརྒྱལ་ཐམས་གནས། །དེ་སངས་ཡེ་ཤེས་ལྔ་འགྲོ་འོད་གསལ་ཏེ། །དྭངས་སྐྲག་མ་སྐྱེས་འཇིགས་མེད་རང་སྣང་གྲོལ། །ལྔ་པ་དབང་པོ་ཐ་མའི་རྣོན་པོ་ནི། །ཞག་གསུམ་བར་དུ་རིག་པ་བརྒྱལ་ ཐབས་གནས། །དེ་སངས་ཡེ་ཤེས་ལྔ་ཡི་འོད་གསལ་ཏེ། །ཞག་ལྔ་ལོན་ནས་ཡེ་ཤེས་སྣང་བ་ནུབ། །འོད་ལས་ཡུལ་དང་སྒྲ་ལས་ཟེར་དང་ནི། །ཟེར་ལས་རྟོག་པར་ཤར་དང་དེ་ཡི་ཚེ། །སྔོན་གྱི་ཡུལ་དང་ཞོན་དང་མི་རྣམས་ཀྱི། །དྲན་པ་སད་དུས་ སྔ་མའི་ཆོས་དྲན་ནས། །གཉེན་པོ་སད་དེ་འཛིན་མེད་རང་གསལ་གྱི། །ཡེ་ཤེས་རང་ཤར་བར་དོའི་སྣང་བ་གྲོལ། །ཆོས་དབྱིངས་ངང་དུ་མངོན་པར་བྱང་ཆུབ་ཡིན། །དྲུག་པ་དབང་པོ་ཐ་མའི་རྟུལ་པོ་ནི། །ཞག་གཅིག་རིག་པ་བརྒྱལ་ཐབས་གནས་པ་ ལས། །དེ་སངས་ཡེ་ཤེས་སྣང་བ་ཞག་གཅིག་འཆར། །དེ་ནུབ་སྔ་མའི་གཟུགས་སུ་ཡོད་སྙམ་ཞིང་། །དབང་པོ་ཀུན་ཚར་གར་ཡང་ཐོགས་མེད་རྒྱུ། །རྣམ་ཤེས་རྟེན་བྲལ་ཡུལ་དང་འདུག་མཚོ་ལ། །ལས་ཀྱིས་མངལ་སྒོ་ཐ་དད་འཇུག་པ་ལས། །དེ་ཉིད་

[p. 1134] མེ་ལུས་ཡོན་ཏན་བདུན་ཐོབ་ནས། །ཟབ་མོའི་ཆོས་ཕྲད་སྐྱེ་བ་དེས་གྲོལ་འགྱུར། །དེ་ཡང་ཤིན་ཏུ་སྡིག་པ་ཅན་རྣམས་ལ། །བར་དོ་མི་སྣང་ལུས་སེམས་བྲལ་མ་ཐག །རང་སྣང་འཁྲུལ་ནས་དམྱལ་བར་སྣང་བ་ཡིན། །སྡིག་པ་འབྲིང་སྤྱད་བར་དོ་ཡུན་ཟུང་ གནས། །དེ་ནས་ངན་སོང་གཞན་གཉིས་མྱོང་བ་ཡིན། །དགེ་སྡིག་ཆ་སྙོམས་བར་དོ་ཡུན་རིང་སྟེ། །ཞག་གྲངས་བཞི་བཅུ་རྩ་དགུ་གནས་པ་ལས། །དེ་ནས་ལས་ཀྱིས་ལུས་ལེན་འགྱུར་བ་ཡིན། །དེ་ཡང་ཆོས་ཉིད་བར་དོ་ནུབ་པ་ལས། །རྟུལ་ཕོད་ གཉིས་ལ་སྲིད་པའི་བར་དོ་འཆར། །དེ་བས་ད་ལྟ་མི་དགེ་རྣམ་སྤངས་ཏེ། །དགེ་སྒྲུབ་སེམས་ཉིད་གཏན་སྲིད་ཟིན་པ་གཅེས། །ཕན་པའི་གདམས་ངག་ཡིན་ནོ་སེམས་ལ་ཞོག །མཐར་ཐུག་འབྲས་བུ་མངོན་དུ་གྱུར་པའི་ཚེ། །མངོན་པར་བྱང་ཆུབ་ཆོས་ དྲུག་བསྟན་པ་ནི། །གཟུང་འཛིན་འཁྲུལ་པའི་བག་ཆགས་ཀུན་བྲལ་ནས། །འཁྲུལ་སྣང་འཁྲུལ་འཛིན་དབྱིངས་སུ་ནུབ་པ་ཡིན། །སྤྲིན་དེངས་ཉི་མ་ལུང་བཞིན་དུ་དགུ་པའི་ཚེ། །དང་པོ་ཆོས་སྐུ་དག་པ་གཉིས་ལྡན་ནི། །གསལ་བའི་ཡེ་ཤེས་ཆོས་ཉིད་ དབྱིངས་སུ་ཤར། །སྤྲོས་བྲལ་འོད་གསལ་ཁྱབ་གདལ་ཆེན་པོ་ཉིད། །ལྷུན་གྲུབ་ཀ་དག་ཕྱོགས་ལ་གྲོལ་བ་ཡིན། །གཉིས་པ་ལོངས་སྤྱོད་རྫོགས་སྐུ་དག་པ་ནི། །དེ་ཉིད་ངང་ལས་ས་བཅུའི་སེམས་དཔའ་ལ། །འཇའ་ཚོན་ལྟ་བུ་རིགས་ ལྔ་གང་ཆེན་མཚོ། །མཚན་རྫོགས་དཔེ་བྱད་འབར་བ་སྣང་བ་ཡིན། །གསུམ་པ་སྦྲུལ་སྐུའི་དེ་ཉིད་ཟླ་གཟུགས་བཞིན། །གདུལ་བྱའི་ཆུ་སྣོད་གང་ཡོད་དེར་སྣང་སྟེ། །བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་པ་སོགས། །གང་ལ་གང་འདུལ་དེ་ལ་དེར་སྣང་བས། ། འགྲོ་དྲུག་གནས་ན་སྲིད་པ་ཇི་སྲིད་པར། །སེམས་ཅན་དོན་མཛད་འཕྲིན་ལས་བསམ་མི་ཁྱབ། །སྐུ་ལ་བརྟེན་པའི་ཡེ་ཤེས་དྲུག་ལྡན་ནི། །ཆོས་དབྱིངས་ཡེ་ཤེས་ཆོས་ཉིད་འཕོ་འགྱུར་མེད། །མེ་ལོང་ཡེ་ཤེས་རང་གསལ་ཀུན་སྣང་གཞི། །མཉམ་

[p. 1135] ཉིད་ཡེ་ཤེས་རོ་གཅིག་འབྱེད་པ་མེད། །ཀུན་རྟོག་ཡེ་ཤེས་ཐེ་སྙེ་སྣང་ཇི་བཞིན་གཟིགས། །བྱ་རྒྱུ་ངོ་ཡེ་ཤེས་མཛད་པ་བསམ་མི་ཁྱབ། །ལྷུན་གྲུབ་ཡེ་ཤེས་འདུས་མ་བྱས་ཉིད་ནི། །དཔེ་བྲལ་རྒྱལ་བའི་ཡེ་ཤེས་ཀུན་གྱི་བདག །ནོར་ ལྔ་བཞིན་དུ་མི་རྟོག་དོན་ཀུན་འབྱུང་། །བཞི་པ་ཐུགས་རྗེ་འགྲོ་ལ་འབྱུང་ཚུལ་ནི། །སེམས་བསྐྱེད་སྨོན་ལམ་ཚོགས་གཉིས་བསགས་པ་དང་། །ལྷུན་གྲུབ་འོད་ལས་ཡེ་ཤེས་སྟོབས་ཀྱིས་འབྱུང་། །ལྔ་པ་ཐུགས་རྗེ་ཇི་ལྟར་སྐྱེ་ཚུལ་ནི། །རང་བཞིན་ ཤུགས་ཀྱིས་ཐུགས་རྗེ་སྐྱེ་བ་དང་། །ཡུལ་དང་འཕྲད་པའི་ཐུགས་རྗེ་སྐྱེ་བ་དང་། །བསྐུལ་ཞིང་གསོལ་བ་གདབ་པོས་སྐྱེ་བའོ། །དྲུག་པ་ནི་ལམ་འགྲོ་དོན་མཛད་ཚུལ་ནི། །རྟེན་ཅན་རྟེན་མེད་ངོ་བོ་ཉིད་གསུམ་སྟེ། །ཐུགས་ཆད་ཆད་ནས་མ་འདི་བཞི་ངེས་ བྱ་བ། །ཆོས་སྐུ་ས་གོ་འབྱེད་རྟེན་མེད་དོན་མཛད་ཅིང་། །སྨོན་ལམ་སེམས་བསྐྱེད་ནུས་པས་སྒྲིབ་སྦྱངས་ཏེ། །འགྲོ་ལ་གཟུགས་སྐུ་སྣང་བར་མཛད་པའོ། །ལོངས་སྐུ་ཡེ་ཤེས་ཐུགས་རྗེ་རང་སྣང་བས། །རྟེན་ཅན་དོན་མཛད་ས་བཅུའི་སྒྲིབ་པ་སྦྱོང་། ། ངོ་བོ་ཉིད་ཀྱིས་དོན་མཛད་དབྱིངས་ཀྱི་སྐུ། །ཡོད་མེད་སྒྲོ་སྐུར་ཞི་བའི་ངང་ཉིད་ལས། །གདུལ་བྱ་རྣམས་ལ་གང་འདོད་དེར་སྣང་བས། །སྣ་ཚོགས་སྤྲུལ་པས་འོན་ཀུན་མཛད་པ་ཡིན། །གྲུབ་པའི་མཐའ་ལས་རྟེན་ཅན་དོན་མཛད་པ། །མཐར་ཐུག་རྫོགས་ པའི་སངས་རྒྱས་ས་དེ་ན། །སྐུ་དང་ཡེ་ཤེས་གྲུབ་པས་དོན་མཛད་འདོད། །རྟེན་མེད་དེ་ལྟར་གྲུབ་པས་འགག་མེད་དེ། །འོན་ཀྱང་དྲང་སྲོང་མཆོད་སྡོང་བསྒྲུབས་པ་བཞིན། །སྨོན་ལམ་དབང་གིས་དེ་ལྟར་སྣང་བར་འདོད། །ངོ་བོ་ཉིད་ཀྱིས་ དོན་གཉིས་མཛད་པ་ཡང་། །དེ་དག་གཉིས་ལྟར་ཡོད་མེད་སྒྲོ་སྐུར་གྲོལ། །དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་དེ་ལས། །ཇི་ལྟར་འཚམས་པར་བཞག་ནས་དོན་བྱེད་འདོད། །འདི་དག་གསུམ་ཡང་དོན་ལ་གཅིག་དགོས་པས། །སྔ་མ་གསུམ་ཁོང་དུ་ཆུད་

[p. 1136] པར་བྱ། །དེ་ཡིས་ཕྱོགས་འཛིན་ཡོད་མེད་གཟེབ་ལས་གྲོལ། །དེ་ལྟར་བླ་མེད་བྱང་ཆུབ་བརྙེས་པ་ནི། །སོ་སོ་སྐྱེ་བོ་མོས་འཕུན་ཚོགས་ལ། །ཐུན་མོང་ཁྱད་པར་མཆོག་གི་ལམ་གསུམ་ལ། །བརྟེན་ནས་འབར་བས་རིམ་གྱིས་གོང་བགྲོད་དེ། ། ཡོན་ཏན་ཡིད་བཞིན་ལྷུན་གྱིས་གྲུབ་པས་ན། །ཐར་ལམ་བསྒྲུབ་ལ་རང་བཞིན་དབང་པ་གཅེས། །དེང་སང་དུས་ངན་བསམས་ཤིང་སྐྱོ་བ་འཕེལ། །ཚེ་ལ་ལོང་མེད་ཡེང་མའི་ལམ་ལ་འཛད། །ཤེས་བྱ་ཐུག་མེད་སྤྲོས་ལ་ཟད་པ་མེད། །དེ་བས་ ཉིན་མཚན་སྙིང་པོའི་ཆོས་སྒྲུབས་ཤིག །ཚེ་འདིའི་བྱ་བ་ཤི་ཤིར་ཟིན་དུས་མེད། །གཅིག་གིས་གཅིག་ཁྲིད་ཆུ་ཡི་གཉེར་མ་འདྲ། །འཆི་དུས་བསྟོངས་སམ་ལེགས་པར་སེར་ཐོབ་ལ། །དེ་རིང་ཉིད་ནས་ཐར་པའི་བྱང་ཆུབ་སྒྲུབས། །གང་འགྲོ་ཅིར་ འགྱུར་བདག་ལ་ཆ་ཡོད་པ། །སུས་བསྟོངས་འདིར་བདེ་མི་འཇིགས་གདེང་ཅི་ཡོད། །དེ་བས་ད་ལྟ་རང་དབང་ཡོད་དུ་ལ་སུ། །གཏན་སུ་ལ་ཐར་པའི་གནས་སུ་སྙེགས་རེ་རན། །ལུས་དང་ལོངས་སྤྱོད་མཛའ་བཤེས་གཉེན་འདུན་དང་། །ཚེ་འདིའི་ སྣང་བ་མ་ལུས་ཀུན་བོར་ནས། །གཅིག་པུ་སུས་ཀྱང་མི་བསྟོངས་འགྲོ་བ་སོམས། །དེ་དུས་སྐྱབས་དང་དཔུང་གཉེན་ཚོལ་རེ་རན། །ད་ལྟའི་འདི་བཞིན་གཏན་དུ་མི་འོང་བས། །གནམ་ས་འདྲེ་ལྡོག་འཆི་བདག་འབྱུང་བའི་ཚེ། །བདག་གིས་ཅི་བྱ་དེ་ དུས་སུ་ལ་རེ། །དེ་བས་ད་ལྟ་དམ་པའི་ཆོས་སྒྲུབས་ཤིག །མཛངས་དང་གྲོས་འདུན་མཁས་དང་མི་མཁས་དང་། །འཆི་དུས་རག་སྟེ་དགེ་བའི་དཔུང་ཚོགས་བསྐྱེད། །སྙིང་པོའི་སེམས་ཉིད་གཉུག་མའི་དོན་ལ་སྒོམས། །མཐོ་རིས་བདེ་འགྲོའི་ དགའ་བདེ་ལྷུན་གྱིས་གྲུབ། །ཐར་པའི་གནས་བཟང་རིན་ཆེན་ཕོ་བྲང་དུ། །རྒྱལ་བས་སྔུན་བསུ་རང་རིག་ཡེ་ཤེས་མཆོག །བྱང་ཆུབ་འབྱོར་པ་ཤིན་ཏུ་མཐའ་ཡས་ཤིང་། །རྟག་ཏུ་མི་འགྱུར་བདེ་ཆེན་དོན་ལ་སྤྱོད། །ཆོས་མེད་སྤྲང་པོ་བདག་གིས་དེ་

[p. 1137] སྐད་བསྐུལ། །ཕན་པའི་སྙིང་གཏམ་ལགས་ཀྱིས་སེམས་ལ་ཞོག །དེ་ལྟར་ཆོས་ཚུལ་ཡོན་ཏན་རིན་ཆེན་མཛོད། །དྲུག་ཚན་རེས་ཀྱང་སྙིང་པོའི་དོན་འགྲུབ་པ། །ཡིད་བཞིན་རིན་ཆེན་གདམས་པའི་སྙིང་པོ་འདི། །དད་ ལྡན་ཐར་པ་བསྒྲུབ་རྣམས་དོན་དུ་སྤྲོས། །དགེ་བ་དེ་ཡིས་བདག་དང་འགྲོ་བ་ཀུན། །མ་ལུས་བདེ་གཤེགས་སྙིང་པོའི་སར་གཞོལ་ནས། །སྤངས་དང་རྟོགས་པའི་ཡོན་ཏན་ཕུན་ཚོགས་ཏེ། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག ། བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །སྲིད་ན་མི་སྐྱོ་སེམས་ཅན་དོན་བསྒྲུབ་ཅིང་། །དམ་པ་རྣམས་ལས་ཆོས་ཀྱི་མཛོད་ཐོས་ཏེ། །ཚུལ་བཞིན་བསྒྲུབས་པས་རྒྱལ་བ་མཉེས་པར་ཤོག །བྱང་ཆུབ་ཐོབ་ཀྱང་སེམས་ཅན་མི་འདོར་ཞིང་། ། འཁོར་བར་གནས་ཀྱང་ཉེས་པས་ཀྱང་མི་གོས། །མཐོང་ཐོས་དྲན་རེག་ཐར་པའི་ལམ་འདྲེན་པས། །རྒྱལ་བ་སྲས་བཅས་རབ་ཏུ་མཉེས་པར་ཤོག །སྐལ་ལྡན་རྣམས་ལ་ཟབ་མོའི་ཆོས་སྟོན་ཅིང་། །སྐལ་མེད་རྣམས་ལ་ཆོས་ཀྱི་ས་བོན་འདེབས། ། སྒྲུབ་པ་ལྷུར་ལེན་ཉམས་ལེན་མཐར་ཕྱིན་པས། །དཔལ་མགོན་བླ་མ་དམ་པ་མཉེས་པར་ཤོག །མན་ངག་རིན་པོ་ཆེའི་མཛོད་ཅེས་བྱ་བ། བདེ་བར་གཤེགས་པའི་གསུང་རབ་ལ་མང་དུ་ཐོས་པའི་ནོར་གྱིས་འབྱོར་ཞིང་། ཟབ་པ་དང་། རྒྱ་ཆེ་བའི་དོན་ལ། ཐོས་པ་དང་། བསམ་པ་དང་། སྒོམ་པའི་ཤེས་རབ་ཀྱིས་ལེགས་པར་སྦྱངས་པ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་སྦྱར་བ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ

[edit]
OCR of the BDRC scans (I2PD20603), gorn05 tibocr 2026: BDRC OCR on 80 pages, Mitra OCR on 34 pages (the model with more recognisable syllables on each page).

[p. 129] གསུམ་དུ་རྟོག་བྲལ་བརྒྱལ་ཐབས་གནས་པ་སྟེ། །དེ་ཉིད་སངས་ནས་ཡེ་ཤེས་འོད་དུ་འཆར། །སྐུ་ཡི་རང་འོད་གསུང་གི་རང་སྒྲ་དང་། །ཐུགས་ཀྱི་ཟེར་གདངས་ཞག་ལྔར་འཆར་དུས་སུ། །སྐུ་གསུང་ཐུགས་སུ་རང་ངོ་ཤེས་པས་གྲོལ། །བཞི་པ་དབང་པོ་འབྲིང་གི་རྟུལ་པོ་ནི། །ཞག་གསུམ་བར་རམ་ལྔ་རུ་བརྒྱལ་ཐབས་གནས། །དེ་སངས་ཡེ་ཤེས་ལྔ་འཕྲོ་འོད་གསལ་ཏེ། །དངངས་སྐྲག་མ་སྐྱེས་འཇིགས་མེད་རང་སྣང་གྲོལ། །ལྔ་པ་དབང་པོ་ཐ་མའི་རྣོན་པོ་ནི། །ཞག་གསུམ་བར་དུ་རིག་པ་བརྒྱལ་ཐབས་གནས། །དེ་སངས་ཡེ་ཤེས་ལྔ་ཡི་འོད་གསལ་ཏེ། །ཞག་ལྔ་ལོན་ནས་ཡེ་ཤེས་སྣང་བ་ནུབ། །འོད་ལས་ཡུལ་དང་སྒྲ་ལས་ཟེར་དང་ནི། །ཟེར་ལས་རྟོག་པར་ཤར་དང་དེ་ཡི་ཚེ། །སྔོན་གྱི་ཡུལ་དང་ནོར་དང་མི་རྣམས་ཀྱི། །དྲན་པ་སད་དུས་སྔ་མའི་ཆོས་དྲན་ནས། །གཉེན་པོ་སད་དེ་འཛིན་མེད་རང་གསལ་གྱི། །ཡེ་ཤེས་རང་ཤར་བར་དོའི་སྣང་བ་གྲོལ། །ཆོས་དབྱིངས་དང་དུ་མངོན་པར་བྱང་ཆུབ་ཡིན། །དྲུག་པ་དབང་པོ་ཐ་མའི་རྟུལ་པོ་ནི། །ཞག་གཅིག་རིག་པ་བརྒྱལ་ཐབས་གནས་པ་ལས། །དེ་སངས་ཡེ་ཤེས་སྣང་བ་ཞག་གཅིག་འཆར། །དེ་ནུབ་སྔ་མའི་གཟུགས་སུ་ཡོད་སྙམ་ཞིང་། །དབང་པོ་ཀུན་ཚང་གར་ཡང་ཐོགས་མེད་རྒྱུ། །རྣམ་ཤེས་རྟེན་བྲལ་ཡུལ་དང་འདུག་ས་ཚོལ། །ལས་ཀྱིས་མངལ་སྒོ་ཐ་དད་འཇུག་པ་ལས། །དེ་ཉིད་

[p. 130] མི་ལུས་ཡོན་ཏན་བདུན་ཐོབ་ནས། །ཟབ་མོའི་ཆོས་ཕྲད་སྐྱེ་བ་དེས་གྲོལ་འགྱུར། །དེ་ཡང་ཤིན་ཏུ་སྡིག་པ་ཅན་རྣམས་ལ། །བར་དོ་མི་སྣང་ལུས་སེམས་བྲལ་མ་ཐག །རང་སྣང་འཁྲུལ་ནས་དམྱལ་བར་སྣང་བ་ཡིན། །སྡིག་པ་འབྲིང་སྤྱད་བར་དོ་ཡུན་ཐུང་གནས། །དེ་ནས་ངན་སོང་གཞན་གཉིས་མྱོང་བ་ཡིན། །དགེ་སྡིག་ཆ་སྙོམས་བར་དོ་ཡུན་རིང་སྟེ། །ཞག་གྲངས་བཞི་བཅུ་རྩ་དགུ་གནས་པ་ལས། །དེ་ནས་ལས་ཀྱིས་ལུས་ལེན་འགྱུར་བ་ཡིན། །དེ་ཡང་ཆོས་ཉིད་བར་དོ་ནུབ་པ་ལས། །རྟུལ་པོ་གཉིས་ལ་སྲིད་པའི་བར་དོ་འཆར། །དེ་བས་ད་ལྟ་མི་དགེ་རྣམ་སྤངས་ཏེ། །དགེ་སྒྲུབ་སེམས་ཉིད་གཏན་སྲིད་ཟིན་པ་གཅེས། །ཕན་པའི་གདམས་ངག་ཡིན་ནོ་སེམས་ལ་ཞོག །མཐར་ཐུག་འབྲས་བུ་མངོན་དུ་གྱུར་པའི་ཚེ། །མངོན་པར་བྱང་ཆུབ་ཆོས་དྲུག་བསྟན་པ་ནི། །གཟུང་འཛིན་འཁྲུལ་པའི་བག་ཆགས་ཀུན་བྲལ་ནས། །འཁྲུལ་སྣང་འཁྲུལ་འཛིན་དབྱིངས་སུ་ནུབ་པ་ཡིན། །སྤྲིན་དེངས་ཉི་མཁའ་བཞིན་དུ་དག་པའི་ཚེ། །དང་པོ་ཆོས་སྐུ་དག་པ་གཉིས་ལྡན་ནི། །གསལ་བའི་ཡེ་ཤེས་ཆོས་ཉིད་དབྱིངས་སུ་ཤར། །སྤྲོས་བྲལ་འོད་གསལ་ཁྱབ་གདལ་ཆེན་པོ་ཉིད། །ལྷུན་གྲུབ་ཀ་དག་ཕྱོགས་ལ་གྲོལ་བ་ཡིན། །གཉིས་པ་ལོངས་སྤྱོད་རྫོགས་སྐུ་དག་པ་ནི། །དེ་ཉིད་ངང་ལས་ས་བཅུའི་སེམས་དཔའ་ལ། །འཇའ་ཚོན་ལྟ་བུ་རིགས་ལྔ་གང་ཆེན་མཚོ། །མཚན་རྫོགས་དཔེ་བྱད་འབར་བ་སྣང་བ་ཡིན། །གསུམ་པ་སྤྲུལ་སྐུའི་དེ་ཉིད་ཟླ་གཟུགས་བཞིན། །གདུལ་བྱའི་ཆུ་སྣོད་གང་ཡོད་དེར་སྣང་སྟེ། །བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་པ་སོགས། །གང་ལ་གང་འདུལ་དེ་ལ་དེར་སྣང་བས། །འགྲོ་དྲུག་གནས་ན་སྲིད་པ་ཇི་སྲིད་བར། །སེམས་ཅན་དོན་མཛད་འཕྲིན་ལས་བསམ་མི་ཁྱབ། །སྐུ་ལ་བརྟེན་པའི་ཡེ་ཤེས་དྲུག་ལྡན་ནི། །ཆོས་དབྱིངས་ཡེ་ཤེས་ཆོས་ཉིད་འཕོ་འགྱུར་མེད། །མེ་ལོང་ཡེ་ཤེས་རང་གསལ་ཀུན་སྣང་གཞི། །མཉམ་

[p. 131] ཉིད་ཡེ་ཤེས་ངོ་གཅིག་འབྱེད་པ་མེད། །ཀུན་རྟོག་ཡེ་ཤེས་ཇི་སྙེད་ཇི་བཞིན་གཟིགས། །བྱ་གྲུབ་ཡེ་ཤེས་མཛད་པ་བསམ་མི་ཁྱབ། །ལྷུན་གྲུབ་ཡེ་ཤེས་འདུས་མ་བྱས་ཉིད་ནི། །དཔེ་བྲལ་རྒྱལ་བའི་ཡེ་ཤེས་ཀུན་གྱི་བདག །ནོར་བུ་བཞིན་དུ་མི་རྟོག་དོན་ཀུན་འབྱུང་། །བཞི་པ་ཐུགས་རྗེ་འགྲོ་ལ་འབྱུང་ཚུལ་ནི། །སེམས་བསྐྱེད་སྨོན་ལམ་ཚོགས་གཉིས་བསགས་པ་དང་། །ལྷུན་གྲུབ་ངང་ལས་ཡེ་ཤེས་སྟོབས་ཀྱིས་འབྱུང་། །ལྔ་པ་ཐུགས་རྗེ་ཇི་ལྟར་སྐྱེ་ཚུལ་ནི། །རང་བཞིན་ཤུགས་ཀྱིས་ཐུགས་རྗེ་སྐྱེ་བ་དང་། །ཡུལ་དང་ཕྲད་པའི་ཐུགས་རྗེ་སྐྱེ་བ་དང་། བསྐུལ་ཞིང་གསོལ་བ་གདབ་པས་སྐྱེ་བའོ། །དྲུག་པ་དེ་ལས་འགྲོ་དོན་མཛད་ཚུལ་ནི། །རྟེན་ཅན་རྟེན་མེད་ངོ་བོ་ཉིད་གསུམ་སྟེ། །ཕྱོགས་ཆར་ཆད་རྣམས་འདི་བཞི་ངེས་བྱ་བ། །ཆོས་སྐུས་གོ་འབྱེད་རྟེན་མེད་དོན་མཛད་ཅིང་། །སྨོན་ལམ་སེམས་བསྐྱེད་ནུས་པས་སྒྲིབ་སྦྱངས་ཏེ། །འགྲོ་ལ་གཟུགས་སྐུ་སྣང་བར་མཛད་པའོ། །ལོངས་སྐུ་ཡེ་ཤེས་ཐུགས་རྗེ་རང་སྣང་བས། །རྟེན་ཅན་དོན་མཛད་ས་བཅུའི་སྒྲིབ་པ་སྦྱོང་། །ངོ་བོ་ཉིད་ཀྱིས་དོན་མཛད་དབྱིངས་ཀྱི་སྐུ། །ཡོད་མེད་སྒྲོ་སྐུར་ཞི་བའི་ངང་ཉིད་ལས། །གདུལ་བྱ་རྣམས་ལ་གང་འདོད་དེར་སྣང་བས། །སྣ་ཚོགས་སྤྲུལ་པས་དོན་ཀུན་མཛད་པ་ཡིན། །གྲུབ་པའི་མཐའ་ལས་རྟེན་ཅན་དོན་མཛད་པ། །མཐར་ཐུག་རྫོགས་པའི་སངས་རྒྱས་ས་དེ་ན། །སྐུ་དང་ཡེ་ཤེས་གྲུབ་པས་དོན་མཛད་འདོད། །རྟེན་མེད་དེ་ལྟར་གྲུབ་པས་འགག་མེད་དེ། །འོན་ཀྱང་དྲང་སྲོང་མཆོད་སྡོང་བསྒྲུབས་པ་བཞིན། །སྨོན་ལམ་དབང་གིས་དེ་ལྟར་སྣང་བར་འདོད། །ངོ་བོ་ཉིད་ཀྱིས་དོན་གཉིས་མཛད་པ་ཡང་། །དེ་དག་གཉིས་ལྟར་ཡོད་མེད་སྒྲོ་སྐུར་གྲོལ། །དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་དེ་ལས། །ཇི་ལྟར་འཚམས་པར་བཞག་ནས་དོན་བྱེད་འདོད། །འདི་དག་གསུམ་ཡང་དོན་ལ་གཅིག་དགོས་པས། །སྔ་མ་ལྟ་བུར་ཁོང་དུ་ཆུད་

[p. 132] པར་བྱ། །དེ་ཡིས་ཕྱོགས་འཛིན་ཡོད་མེད་གཟེབ་ལས་གྲོལ། །དེ་ལྟར་བླ་མེད་བྱང་ཆུབ་བརྙེས་པ་ནི། །སོ་སོ་སྐྱེ་བོ་མོས་པ་ཕུན་ཚོགས་ལ། །ཐུན་མོང་ཁྱད་པར་མཆོག་གི་ལམ་གསུམ་ལ། །བརྟེན་ནས་འབད་པས་རིམ་གྱིས་གོང་བགྲོད་དེ། །ཡོན་ཏན་ཡིད་བཞིན་ལྷུན་གྱིས་གྲུབ་པས་ན། །ཐར་ལམ་བསྒྲུབ་ལ་རང་བཞིན་འབད་པ་གཅེས། །དིང་སང་དུས་ངན་བསམས་ཤིང་སྐྱོ་བ་འཕེལ། །ཚེ་ལ་ལོང་མེད་ཡེང་མའི་ལམ་ལ་འཛད། །ཤེས་བྱ་ཐུག་མེད་སྤྲོས་ལ་ཟད་པ་མེད། །དེ་བས་ཉིན་མཚན་སྙིང་པོའི་ཆོས་སྒྲུབས་ཤིག །ཚེ་འདིའི་བྱ་བ་ཤི་ཤར་ཟིན་དུས་མེད། །གཅིག་གིས་གཅིག་ཁྲིད་ཆུ་ཡི་གཉེར་མ་འདྲ། །འཆི་དུས་བསྟོངས་སམ་ལེགས་པར་སེར་ཐོབ་ལ། །དེ་རིང་ཉིད་ནས་ཐར་པའི་བྱང་ཆུབ་སྒྲུབས། །གར་འགྲོ་ཅིར་འགྱུར་བདག་ལ་ཆ་ཡོད་པ། །སུས་བསྟོངས་འདིར་བདེ་མི་འཇིགས་གདེང་ཅི་ཡོད། །དེ་བས་ད་ལྟ་རང་དབང་ཡོད་དུས་སུ། །གཏན་ཡུལ་ཐར་པའི་གནས་སུ་སྙེགས་རེ་རན། །ལུས་དང་ལོངས་སྤྱོད་མཛའ་བཤེས་གཉེན་འདུན་དང་། །ཚེ་འདིའི་སྣང་བ་མ་ལུས་ཀུན་བོར་ནས། །གཅིག་པུ་སུས་ཀྱང་མི་བསྟོངས་འགྲོ་བ་སོམས། །དེ་དུས་སྐྱབས་དང་དཔུང་གཉེན་ཚོལ་རེ་རན། །ད་ལྟའི་འདི་བཞིན་གཏན་དུ་མི་འོང་བས། །གནམ་ས་འདྲེ་ལྡོག་འཆི་བདག་འབྱུང་བའི་ཚེ། །བདག་གིས་ཅི་བྱ་དེ་དུས་སུ་ལ་རེ། །དེ་བས་ད་ལྟ་དམ་པའི་ཆོས་སྒྲུབས་ཤིག །མཛངས་ངང་གྲོས་འདུན་མཁས་དང་མི་མཁས་དང་། །འཆི་དུས་རག་སྟེ་དགེ་བའི་དཔུང་ཚོགས་བསྐྱེད། །སྙིང་པོའི་སེམས་ཉིད་གཉུག་མའི་དོན་ལ་སྒོམས། །མཐོ་རིས་བདེ་འགྲོའི་དགའ་བདེ་ལྷུན་གྱིས་གྲུབ། །ཐར་པའི་གནས་བཟང་རིན་ཆེན་ཕོ་བྲང་དུ། །རྒྱལ་བས་སྔུན་བསུ་རང་རིག་ཡེ་ཤེས་མཆོག །བྱང་ཆུབ་འབྱོར་པ་ཤིན་ཏུ་མཐའ་ཡས་ཤིང་། །རྟག་ཏུ་མི་འགྱུར་བདེ་ཆེན་དོན་ལ་སྤྱོད། །ཆོས་མེད་སྤྲང་པོ་བདག་གིས་དེ་

[p. 133] སྐད་བསྐུལ། །ཕན་པའི་སྙིང་གཏམ་ལགས་ཀྱིས་སེམས་ལ་ཞོག །དེ་ལྟར་ཆོས་ཚུལ་ཡོན་ཏན་རིན་ཆེན་མཛོད། །དྲུག་ཚན་རེས་ཀྱང་སྙིང་པོའི་དོན་འགྲུབ་པ། །ཡིད་བཞིན་རིན་ཆེན་གདམས་པའི་སྙིང་པོ་འདི། །དད་ལྡན་ཐར་པ་བསྒྲུབ་རྣམས་དོན་དུ་སྤྲོས། །དགེ་བ་དེ་ཡིས་བདག་དང་འགྲོ་བ་ཀུན། །མ་ལུས་བདེ་གཤེགས་སྙིང་པོའི་སར་གཞོལ་ནས། །སྤངས་དང་རྟོགས་པའི་ཡོན་ཏན་ཕུན་ཚོགས་ཏེ། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །སྲིད་ན་མི་སྐྱོ་སེམས་ཅན་དོན་བསྒྲུབ་ཅིང་། །དམ་པ་རྣམས་ལས་ཆོས་ཀྱི་མཛོད་ཐོས་ཏེ། །ཚུལ་བཞིན་བསྒྲུབས་པས་རྒྱལ་བ་མཉེས་པར་ཤོག །བྱང་ཆུབ་ཐོབ་ཀྱང་སེམས་ཅན་མི་འདོར་ཞིང་། །འཁོར་བར་གནས་ཀྱང་ཉེས་པས་ཀྱང་མི་གོས། །མཐོང་ཐོས་དྲན་རེག་ཐར་པའི་ལམ་འདྲེན་པས། །རྒྱལ་བ་སྲས་བཅས་རབ་ཏུ་མཉེས་པར་ཤོག །སྐལ་ལྡན་རྣམས་ལ་ཟབ་མོའི་ཆོས་སྟོན་ཅིང་། །སྐལ་མེད་རྣམས་ལ་ཆོས་ཀྱི་ས་བོན་འདེབས། །སྒྲུབ་པ་ལྷུར་ལེན་ཉམས་ལེན་མཐར་ཕྱིན་པས། །དཔལ་མགོན་བླ་མ་དམ་པ་མཉེས་པར་ཤོག །མན་ངག་རིན་པོ་ཆེའི་མཛོད་ཅེས་བྱ་བ། བདེ་བར་གཤེགས་པའི་གསུང་རབ་ལ་མང་དུ་ཐོས་པའི་ནོར་གྱིས་འབྱོར་ཞིང་། ཟབ་པ་དང་། རྒྱ་ཆེ་བའི་དོན་ལ། ཐོས་པ་དང་། བསམ་པ་དང་། སྒོམ་པའི་ཤེས་རབ་ཀྱིས་ལེགས་པར་སྦྱངས་པ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་སྦྱར་བ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ

[edit]
OCR of the BDRC scans (I3CN14368), gorn05 tibocr 2026: BDRC OCR on 113 pages, Mitra OCR on 41 pages (the model with more recognisable syllables on each page).

[p. 147] གསུམ་དུ་རྟོག་བྲལ་བརྒྱལ་ཐབས་གནས་པ་ སྟེ། །དེ་ཉིད་སངས་ནས་ཡེ་ཤེས་འོད་དུ་འཆར། །སྐུ་ཡི་རང་འོད་གསུང་གི་རང་སྒྲ་དང་། །ཐུགས་ཀྱི་ཟེར་གདངས་ཞག་ལྔར་འཆར་དུས་སུ། །སྐུ་གསུང་ཐུགས་སུ་རང་ངོ་ཤེས་པས་གྲོལ། །བཞི་པ་དབང་པོ་འབྲིང་གི་ རྟུལ་པོ་ནི། །ཞག་གསུམ་བར་རམ་ལྔ་རུ་བརྒྱལ་ཐབས་གནས། །དེ་སངས་ཡེ་ཤེས་ལྔ་འཕྲོ་འོད་གསལ་ཏེ། །དངངས་སྐྲག་མ་སྐྱེས་འཇིགས་མེད་རང་སྣང་གྲོལ། །ལྔ་པ་དབང་པོ་ཐ་མའི་རྣོན་པོ་ནི། །ཞག་གསུམ་

[p. 148] བར་དུ་རིག་པ་བརྒྱལ་ཐབས་གནས། །དེ་སངས་ཡེ་ཤེས་ལྔ་ཡི་འོད་གསལ་ཏེ། །ཞག་ལྔ་འོན་ནས་ཡེ་ཤེས་སྣང་བ་ནུབ། །འོད་ལས་ཡུལ་དང་སྒྲ་ལས་ཟེར་དང་ནི། །ཟེར་ལས་རྟོག་པར་ཤར་དང་དེ་ཡི་ཚེ། །སྔོན་གྱི་ཡུལ་དང་ནོར་དང་མ་ རྣམས་ཀྱི། །དྲན་པ་སད་དུས་སྔ་མའི་ཆོས་དྲན་ནས། །གཉེན་པོ་སད་དེ་འཛིན་མེད་རང་གསལ་གྱི། །ཡེ་ཤེས་རང་ཤར་བར་དོའི་སྣང་བ་གྲོལ། །ཆོས་དབྱིངས་ངང་དུ་མངོན་པར་བྱང་ཆུབ་ཡིན། །དྲུག་པ་དབང་པོ་ཐ་མའི་རྟུལ་པོ་ན། ། ཞག་གཅིག་རིག་པ་བརྒྱལ་ཐབས་གནས་པ་ལས། །དེ་སངས་ཡེ་ཤེས་སྣང་བ་ཞག་གཅིག་འཆར། །དེ་ནུབ་སྔ་མའི་གཟུགས་སུ་ཡོད་སྙམ་ཞིང་། །དབང་པོ་ཀུན་འཆིང་གར་ཡང་ཐོགས་མེད་རྒྱུ། །རྣམ་ཤེས་རྟེན་བྲེལ་ ཡུལ་དང་འདུག་ས་ཚོལ། །ལས་ཀྱིས་མངལ་སྒོ་ཐ་དད་འཇུག་པ་ལས། །དེ་ཉིད་མི་ལུས་ཡོན་ཏན་བདུན་ཐོབ་ནས། །ཟབ་མོའི་ཆོས་ཕྲད་སྐྱེ་བ་དེས་གྲོལ་འགྱུར། །དེ་ཡང་ཤིན་ཏུ་སྡིག་པ་ཅན་རྣམས་ལ། །བར་དོ་མི་སྣང་ལུས་ སེམས་བྲལ་མ་ཐག །རང་སྣང་འཁྲུལ་ནས་དམྱལ་བར་སྣང་བ་ཡིན། །སྡིག་པ་འཕྲིན་ལས་སྤྱི་དཔལ་དོ་ཡུན་ཐུབ་གནས། །དེ་ནས་ངན་སོང་གཞན་གཉིས་མྱོང་བ་ཡིན། །དགེ་སྡིག་ཆ་སྙོམས་བར་དོ་ཡུན་རིང་སྟེ། །ཞག་གྲངས་བཞི་ བཅུ་རྩ་དགུ་གནས་པ་ལས། །དེ་ནས་ལས་ཀྱིས་ལུས་ལེན་འགྱུར་བ་ཡིན། །དེ་ཡང་ཆོས་ཉིད་བར་དོ་ནུབ་པ་ལས། །རྟུལ་པོ་གཉིས་ལ་སྲིད་པའི་བར་དོ་འཆར། །དེ་བས་ད་ལྟ་མི་དགེ་རྣམས་སྤངས་ཏེ། །དགེ་སྒྲུབ་སེམས་

[p. 149] ༄༅། །ཉིད་གཏན་སྲིད་ཟིན་པ་གཅེས། །ཕན་པའི་གདམས་ངག་ཡིན་ནོ་སེམས་ལ་ཞོག །མཐར་ཐུག་འབྲས་བུ་མངོན་དུ་གྱུར་པའི་ཚེ། །མངོན་པར་བྱང་ཆུབ་ཆོས་དྲུག་བསྟན་པ་ནི། །གཟུང་འཛིན་འབྱུང་ བའི་བག་ཆགས་ཀུན་བྲལ་ནས། །འཁྲུལ་སྣང་འཁྲུལ་འཛིན་དབྱིངས་སུ་ནུབ་པ་ཡིན། །སྤྲིན་དེ་དུས་ཉི་མཁའ་བཞིན་དུ་དག་པའི་ཚེ། །དང་པོ་ཆོས་སྐུ་དག་པ་གཉིས་ལྡན་ནི། །གསལ་བའི་ཡེ་ཤེས་ཆོས་ཉིད་དབྱིངས་སུ་ཤར། ། སྤྲོས་བྲལ་འོད་གསལ་ཁྱབ་གདལ་ཆེན་པོ་ཉིད། །ལྷུན་གྲུབ་ཀ་དག་ཕྱོགས་ལ་གྲོལ་བ་ཡིན། །གཉིས་པ་ལོངས་སྤྱོད་རྫོགས་སྐུ་དག་པ་ནི། །དེ་ཉིད་ངང་ལས་ས་བཅུའི་སེམས་དཔའ་ལ། །འདའ་ཚོན་ལྟ་བུ་རིགས་ལྔ་གང་ཆེན་ མཚོ། །མཚན་རྫོགས་དཔེ་བྱད་འབར་བ་སྣང་བ་ཡིན། །གསུམ་པ་སྤྲུལ་སྐུའི་དེ་ཉིད་ཟླ་གཟུགས་བཞིན། །གདུལ་བྱའི་ཆུ་སྣོད་གང་ཡོད་དར་སྣང་སྟེ། །བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་པ་སོགས། །གང་ལ་གང་འདུལ་དེ་ལ་ དར་སྣང་བས། །འགྲོ་དྲུག་གནས་ན་སྲིད་པ་ཇི་སྲིད་པར། །སེམས་ཅན་དོན་མཛད་འཕྲིན་ལས་བསམ་མི་ཁྱབ། །སྐུ་ལ་བརྟེན་པའི་ཡེ་ཤེས་དྲུག་ལྡན་ནི། །ཆོས་དབྱིངས་ཡེ་ཤེས་ཆོས་ཉིད་འཕོ་འགྱུར་མེད། །མེ་ལོང་ཡེ་ ཤེས་རང་གསལ་ཀུན་སྣང་གཞི། །མཉམ་ཉིད་ཡེ་ཤེས་རོ་གཅིག་འབྱེད་པ་མེད། །ཀུན་རྟོག་ཡེ་ཤེས་ཇི་སྙེད་ཇི་བཞིན་གཟིགས། །བྱ་གྲུབ་ཡེ་ཤེས་མཛད་པ་བསམ་མི་ཁྱབ། །ལྷུན་གྲུབ་ཡེ་ཤེས་འདུས་མ་བྱས་

[p. 150] ཉིད་ནི། །དཔེ་བྲལ་རྒྱལ་བའི་ཡེ་ཤེས་ཀུན་གྱི་བདག། །ནོར་བུ་བཞིན་དུ་མི་རྟོག་དོན་ཀུན་འབྱུང་། །བཞི་པ་ཐུགས་རྗེ་འགྲོ་ལ་འབྱུང་ཚུལ་ནི། །སེམས་བསྐྱེད་སྨོན་ལམ་ཚོགས་གཉིས་བསགས་པ་དང་། །ལྷུན་གྲུབ་ངང་ལས་ཡེ་ ཤེས་སྟོབས་ཀྱིས་འབྱུང་། །ལྔ་པ་ཐུགས་རྗེ་ཇི་ལྟར་སྐྱེ་ཚུལ་ནི། །རང་བཞིན་ཤུགས་ཀྱིས་ཐུགས་རྗེ་སྐྱེ་བ་དང་། །ཡུལ་དང་ཕྲད་པའི་ཐུགས་རྗེ་སྐྱེ་བ་དང་། བསྐུལ་ཞིང་གསོལ་བ་གདབ་པས་སྐྱེ་བའོ། །དྲུག་པ་དེ་ལས་ འགྲོ་དོན་མཛད་ཚུལ་ནི། །རྟེན་ཅན་རྟེན་མེད་ངོ་བོ་ཉིད་གསུམ་སྟེ། །ཕྱོགས་ཆར་ཆད་རྣམས་འདི་བཞི་ངེས་བྱ་བ། །ཆོས་སྐུས་གོ་འབྱེད་རྟེན་མེད་དོན་མཛད་ཅིང་། །སྨོན་ལམ་སེམས་བསྐྱེད་ནུས་པས་སྒྲིབ་སྦྱངས་ཏེ། །འགྲོ་ ལ་གཟུགས་སྐུ་སྣང་བར་མཛད་པའོ། །ལོངས་སྐུ་ཡེ་ཤེས་ཐུགས་རྗེ་རང་སྣང་བས། །རྟེན་ཅན་དོན་མཛད་ས་བཅུའི་སྒྲིབ་པ་སྦྱོང་། །ངོ་བོ་ཉིད་ཀྱིས་དོན་མཛད་དབྱིངས་ཀྱི་སྐུ། །ཡོད་མེད་སྒྲོ་སྐུར་ཞི་བའི་ངང་ཉིད་ལས། །གདུལ་ བྱ་རྣམས་ལ་གང་འདོད་དེར་སྣང་བས། །སྣ་ཚོགས་སྤྲུལ་པས་དོན་ཀུན་མཛད་པ་ཡིན། །གྲུབ་པའི་མཐའ་ལས་རྟེན་ཅན་དོན་མཛད་པ། །མཐར་ཐུག་རྫོགས་པའི་སངས་རྒྱས་ས་དེ་ན། །སྐུ་དང་ཡེ་ཤེས་གྲུབ་པས་དོན་ མཛད་འདོད། །རྟེན་མེད་དེ་ལྟར་གྲུབ་པས་འགག་མེད་དེ། །འོན་ཀྱང་དྲང་སྲོང་མཆོད་སྡོང་བསྒྲུབས་པ་བཞིན། །སྨོན་ལམ་དབང་གིས་དེ་ལྟར་སྣང་བར་འདོད། །ངོ་བོ་ཉིད་ཀྱིས་དོན་གཉིས་མཛད་པ་ཡང་། །དེ་དག་

[p. 151] ༄༅། །གཉིས་ལྟར་ཡོད་མེད་སྒོ་སྐུར་གྲོལ། །དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་དེ་ལས། །ཇི་ལྟར་མཚམས་པར་བཞག་ནས་དོན་བྱེད་འདོད། །འདི་དག་གསུམ་ཡང་དོན་ལ་གཅིག་དགོས་པས། །སྔ་མ་ལྟ་བུར་ ཁོང་དུ་ཆུད་པར་བྱ། །དེ་ཡིས་ཕྱོགས་འཛིན་ཡོད་མེད་གཟེབ་ལས་གྲོལ། །དེ་ལྟར་བླ་མེད་བྱང་ཆུབ་བརྙེས་པ་ནི། །སོ་སོ་སྐྱེ་བོ་མོས་པ་ཕུན་ཚོགས་ལ། །ཐུན་མོང་ཁྱད་པར་མཆོག་གི་ལམ་གསུམ་ལ། །བརྟེན་ནས་ འབད་པས་རིམ་གྱིས་གོང་འགྲོད་དེ། །ཡོན་ཏན་ཡིད་བཞིན་ལྷུན་གྱིས་གྲུབ་པས་ན། །ཐར་ལམ་བསྒྲུབ་ལ་རང་བཞིན་འབད་པ་གཅེས། །དིང་སང་དུས་ངན་བསམས་ཤིང་སྐྱོ་བ་འཕེལ། །ཚེ་ལ་ལོང་མེད་ཡེང་ མའི་ལམ་ལ་འཛད། །ཤེས་བྱ་ཐུག་མེད་སྤྲོས་ལ་ཟད་པ་མེད། །དེ་བས་ཉིན་མཚན་སྙིང་པོའི་ཆོས་སྒྲུབས་ཤིག །ཚེ་འདིའི་བྱ་བ་ཤི་ཤིར་ཟིན་དུས་མེད། །གཅིག་གིས་གཅིག་ཁྲིད་ཆུ་ཡིས་གཉེར་མ་འདྲ། ། འཆི་དུས་སྟོང་སམ་ལེགས་པར་སེར་ཐོབ་ལ། །དི་རིང་ཉིད་ནས་ཐར་པའི་བྱང་ཆུབ་སྒྲུབས། །གར་འགྲོ་ཅིར་འགྱུར་བདག་ལ་ཆ་ཡོད་པ། །སུས་བསྟོངས་འདིར་བདེ་མི་འཇིགས་གདེང་ཅི་ཡོད། །དེ་བས་ད་ལྟར་རང་ དབང་ཡོད་དུས་སུ། །གཏན་ཡུལ་ཐར་པའི་གནས་སུ་སྙེགས་རེ་རན། །ལུས་དང་ལོངས་སྤྱོད་མཛའ་བཤེས་གཉེན་འདུན་དང་། །ཚེ་འདིའི་སྣང་བ་མ་ལུས་ཀུན་བོར་ནས། །གཅིག་པུ་སུས་ཀྱང་མི་བསྟོངས་འགྲོ་བ་

[p. 152] སོམས། །དེ་དུས་སྐྱབས་དང་དཔུང་གཉེན་ཚོལ་རོ་རན། །ད་ལྟའི་འདི་བཞིན་གཏན་དུ་མི་འོང་བས། །གནམ་ས་འདྲེ་ལོག་འཆི་བདག་འབྱུང་བའི་ཚེ། །བདག་གི་ཅི་བྱ་དེ་དུས་སུ་ལ་རེ། །དེ་བས་ད་ལྟ་དམ་པའི་ཆོས་སྒྲུབས་ ཤིག །མཛངས་དང་གྲོས་མདུན་མཁས་དང་མི་མཁས་དང་། །འཆི་དུས་རག་སྟེ་དགེ་བའི་དཔུང་ཚོགས་བསྐྱེད། །སྙིང་པོའི་སེམས་ཉིད་གཉུག་མའི་དོན་ལ་སྒོམས། །མཐོ་རིས་བདེ་འགྲོའི་དགའ་བདེ་ལྷུན་གྱིས་གྲུབ། ། ཐར་པའི་གནས་བཟང་རིན་ཆེན་ཕོ་བྲང་དུ། །རྒྱལ་བས་སྔུན་བསུ་རང་རིག་ཡེ་ཤེས་མཆོག །བྱང་ཆུབ་འབྱོར་པ་ཤིན་ཏུ་མཐའ་ཡས་ཤིང་། །རྟག་ཏུ་མི་འགྱུར་བདེ་ཆེན་དོན་ལ་སྤྱོད། །ཆོས་མེད་སྤྲང་པོ་བདག་གིས་ དེ་སྐད་བསྐུལ། །ཕན་པའི་སྙིང་གཏམ་ལགས་ཀྱིས་སེམས་ལ་ཞོག །དེ་ལྟར་ཆོས་ཚུལ་ཡོན་ཏན་རིན་ཆེན་མཛོད། །དྲུག་ཚན་རེས་ཀྱང་སྙིང་པོའི་དོན་འགྲུབ་པ། །ཡིད་བཞིན་རིན་ཆེན་གདམས་པའི་སྙིང་པོ་འདི། ། དད་ལྡན་ཐར་པ་བསྒྲུབ་རྣམས་དོན་དུ་སྤྲོས། །དགེ་བ་དེ་ཡིས་བདག་དང་འགྲོ་བ་ཀུན། །མ་ལུས་བདེ་གཤེགས་སྙིང་པོའི་སར་གཞོལ་ནས། །སྤངས་དང་རྟོགས་པའི་ཡོན་ཏན་ཕུན་ཚོགས་ཏེ། །དོན་གཉིས་ ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །སྲིད་ན་མི་སྐྱོ་སེམས་ཅན་དོན་བསྒྲུབ་ཅིང་། །དམ་པ་རྣམས་ལས་ཆོས་ཀྱི་མཛོད་ཐོས་ཏེ། །ཚུལ་བཞིན་བསྒྲུབ་པས་རྒྱལ་བ་

[p. 153] ༄༅། །མཉེས་པར་ཤོག ། བྱང་ཆུབ་ཐོབ་ཀྱང་སེམས་ཅན་མི་འདོར་ཞིང་། །འཁོར་བར་གནས་ཀྱང་ཉེས་བས་ཀྱང་མི་གོས། །མཐོང་ཐོས་དྲན་རེག་ཐར་པའི་ལམ་འདྲེན་པས། །རྒྱལ་བ་སྲས་བཅས་ རབ་ཏུ་མཉེས་པར་ཤོག། སྐལ་ལྡན་རྣམས་ལ་ཟབ་མོའི་ཆོས་སྟོན་ཅིང་། །སྐལ་མེད་རྣམས་ལ་ཆོས་ཀྱི་ས་བོན་འདེབས། །སྒྲུབ་པ་ལྷུར་ལེན་ཉམས་ལེན་མཐར་ཕྱིན་པས། །དཔལ་མགོན་བླ་མ་དམ་པ་མཉེས་ པར་ཤོག །མན་ངག་རིན་པོ་ཆེའི་མཛོད་ཅེས་བྱ་བ། །བདེ་བར་གཤེགས་པའི་གསུང་རབ་ལ་མང་དུ་ཐོས་པའི་ནོར་གྱིས་འབྱོར་ཞིང་། ཟབ་པ་དང་། རྒྱ་བའི་དོན་ལ། ཐོས་པ་དང་། བསམ་པ་དང་། །སྒོམ་པའི་ ཤེས་རབ་ཀྱིས་ལེགས་པར་སྦྱངས་པ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱི་སྦྱར་བ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ

[edit]
OCR of the BDRC scans (I3CN4286), gorn05 tibocr 2026: BDRC OCR on 19 pages, Mitra OCR on 109 pages (the model with more recognisable syllables on each page).

[p. 141] གསུམ་དུ་རྟོག་བྲལ་བརྒྱལ་ཐབས་ གནས་པ་སྟེ། །དེ་ཉིད་སངས་ནས་ཡེ་ཤེས་འོད་དུ་འཆར། །སྐུ་ཡི་རང་འོད་གསུང་ གི་རང་སྒྲ་དང་། །ཐུགས་ཀྱི་ཟེར་གདངས་ཞག་ལྔར་འཆར་དུས་སུ། །སྐུ་གསུང་ ཐུགས་སུ་རང་ངོ་ཤེས་པས་གྲོལ། །བཞི་པ་དབང་པོ་འབྲིང་གི་རྟུལ་པོ་ནི། །ཞག་ གསུམ་པར་རམ་ལྔ་རུ་བརྒྱལ་ཐབས་གནས། །དེ་སངས་ཡེ་ཤེས་ལྔ་འཕྲོ་འོད་ གསལ་ཏེ། །དངངས་སྐྲག་མ་སྐྱེས་འཇིགས་མེད་རང་སྣང་གྲོལ། །ལྔ་པ་དབང་པོ་ཐ་ མའི་རྣོན་པོ་ནི། །ཞག་གསུམ་བར་དུ་རིག་པ་བརྒྱལ་ཐབས་གནས། །དེ་སངས་ཡེ་ ཤེས་ལྔ་ཡི་འོདགསལ་ཏེ། །ཞག་ལྔ་ལོན་ནས་ཡེ་ཤེས་སྣང་བ་ནུབ། །འོད་ལས་ ཡུལ་དང་སྒྲ་ལས་ཟེར་དང་ནི། །ཟེར་ལས་རྟོག་པར་ཤར་དང་དེ་ཡི་ཚེ། །སྔོན་གྱི་ ཡུལ་དང་ནོར་དང་མི་རྣམས་ཀྱི། །དྲན་པ་སད་དུས་སྔ་མའི་ཆོས་དྲན་ནས། །གཉེན་ པོ་སད་དེ་འཛིན་མེད་རང་གསལ་གྱི། །ཡེ་ཤེས་རང་ཤར་བར་དོའི་སྣང་བ་གྲོལ། ། ཆོས་དབྱིངས་ངང་དུ་མངོན་པར་བྱང་ཆུབ་ཡིན། །དྲུག་པ་དབང་པོ་ཐ་མའི་རྟུལ་

[p. 142] པོ་ནི། །ཞག་གཅིག་རིག་པ་བརྒྱལ་ཐབས་གནས་པ་ལས། །དེ་སངས་ཡེ་ཤེས་སྣང་ བ་ཞག་གཅིག་འཆར། །དེ་ནུབ་སྔ་མའི་གཟུགས་སུ་ཡོད་སྙམ་ཞིང་། །དབང་པོ་ ཀུན་ཚང་གར་ཡང་ཐོགས་མེད་རྒྱུ། །རྣམ་ཤེས་རྟེན་བྲལ་ཡུལ་དང་འདུག་ས་ཚོལ། ། ལས་ཀྱིས་མངལ་སྒོ་ཐ་དད་འཇུག་པ་ལས། །དེ་ཉིད་མི་ལུས་ཡོན་ཏན་བདུན་ཐོབ་ ནས། །ཟབ་མོའི་ཆོས་ཕྲད་སྐྱེ་བ་དེས་གྲོལ་འགྱུར། །དེ་ཡང་ཤིན་ཏུ་སྡིག་པ་ཅན་ རྣམས་ལ། །བར་དོ་མི་སྣང་ལུས་སེམས་བྲལ་མ་ཐག །རང་སྣང་འཁྲུལ་ནས་དམྱལ་ བར་སྣང་བ་ཡིན། །སྡིག་པ་འབྲིང་སྤྱད་བར་དོ་ཡུན་ཐུང་གནས། །དེ་ནས་ངན་སོང་ གཞན་གཉིས་མྱོང་བ་ཡིན། །དགེ་སྡིག་ཆ་སྙོམས་བར་དོ་ཡུན་རིང་སྟེ། །ཞག་གྲངས་ བཞི་བཅུ་རྩ་དགུ་གནས་པ་ལས། །དེ་ནས་ལས་ཀྱི་ལུས་ལེན་འགྱུར་བ་ཡིན། །དེ་ ཡང་ཆོས་ཉིད་བར་དོ་ནུབ་པ་ལས། །རྟུལ་པོ་གཉིས་ལ་སྲིད་པའི་བར་དོ་འཆར། ། དེ་བས་ད་ལྟ་མི་དགེ་རྣམ་སྤངས་ཏེ། །དགེ་སྒྲུབ་སེམས་ཉིད་གཏན་སྲིད་ཟིན་པ་ གཅེས། །ཕན་པའི་གདམས་ངག་ཡིན་ནོ་སེམས་ལ་ཞོག །མཐར་ཐུག་འབྲས་བུ་ མངོན་དུ་གྱུར་པའི་ཚེ། །མངོན་པར་བྱང་ཆུབ་ཆོས་དྲུག་བསྟན་པ་ནི། །གཟུང་འཛིན་ འཁྲུལ་པའི་བག་ཆགས་ཀུན་བྲལ་ནས། །འཁྲུལ་སྣང་འཁྲུལ་འཛིན་དབྱིངས་སུ་ ནུབ་པ་ཡིན། །སྤྲིན་དེངས་ཉི་མཁའ་བཞིན་དུ་དག་པའི་ཚེ། །དང་པོ་ཆོས་སྐུ་དག་པ་ གཉིས་ལྡན་ནི། །གསལ་བའི་ཡེ་ཤེས་ཆོས་ཉིད་དབྱིངས་སུ་ཤར། །སྤྲོས་བྲལ་འོད་ གསལ་ཁྱབ་གདལ་ཆེན་པོ་ཉིད། །ལྷུན་གྲུབ་ཀ་དག་ཕྱོགས་ལ་གྲོལ་བ་ཡིན། ། གཉིས་པ་ལོངས་སྤྱོད་རྫོགས་སྐུ་དག་པ་ནི། །དེ་ཉིད་ངང་ལས་ས་བཅུའི་སེམས་ དཔའ་ལ། །འཇའ་ཚོན་ལྟ་བུ་རིགས་ལྔ་གང་ཆེན་མཚོ། །མཚན་རྫོགས་དཔེ་བྱད་ འབར་བ་སྣང་བ་ཡིན། །གསུམ་པ་སྤྲུལ་སྐུའི་དེ་ཉིད་ཟླ་གཟུགས་བཞིན། །གདུལ་

[p. 143] ༈ མན་ངག་མཛོད། བྱའི་ཆུ་སྣོད་གང་ཡོད་དེར་སྣང་སྟེ། །བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་པ་སོགས། །གང་ ལ་གང་འདུལ་དེ་ལ་དེར་སྣང་བས། །འགྲོ་དྲུག་གནས་ན་སྲིད་པ་ཇི་སྲིད་བར། ། སེམས་ཅན་དོན་མཛད་འཕྲིན་ལས་བསམ་མི་ཁྱབ། །སྐུ་ལ་བརྟེན་པའི་ཡེ་ཤེས་དྲུག་ ལྡན་ནི། །ཆོས་དབྱིངས་ཡེ་ཤེས་ཆོས་ཉིད་འཕོ་འགྱུར་མེད། །མེ་ལོང་ཡེ་ཤེས་རང་ གསལ་ཀུན་སྣང་གཞི། །མཉམ་ཉིད་ཡེ་ཤེས་རོ་གཅིག་འབྱེད་པ་མེད། །ཀུན་རྟོག་ཡེ་ ཤེས་ཇི་སྙེད་ཇི་བཞིན་གཟིགས། །བྱ་གྲུབ་ཡེ་ཤེས་མཛད་པ་བསམ་མི་ཁྱབ། །ལྷུན་ གྲུབ་ཡེ་ཤེས་འདུས་མ་བྱས་ཉིད་ནི། །དཔེ་བྲལ་རྒྱལ་བའི་ཡེ་ཤེས་ཀུན་གྱི་བདག ། ནོར་བུ་བཞིན་དུ་མི་རྟོག་དོན་ཀུན་འབྱུང་། །བཞི་པ་ཐུགས་རྗེ་འགྲོ་ལ་འབྱུང་ཚུལ་ནི། ། སེམས་བསྐྱེད་སྨོན་ལམ་ཚོགས་གཉིས་བསགས་པ་དང་། །ལྷུན་གྲུབ་ངང་ལས་ཡེ་ ཤེས་སྟོབས་ཀྱིས་འབྱུང་། །ལྔ་པ་ཐུགས་རྗེ་ཇི་ལྟར་སྐྱེ་ཚུལ་ནི། །རང་བཞིན་ཤུགས་ ཀྱིས་ཐུགས་རྗེ་སྐྱེ་བ་དང་། །ཡུལ་དང་ཕྲད་པའི་ཐུགས་རྗེ་སྐྱེ་བ་དང་། །བསྐུལ་ ཞིང་གསོལ་བ་གདབ་ལས་སྐྱེ་བའོ། །དྲུག་པ་དེ་ལས་འགྲོ་དོན་མཛད་ཚུལ་ནི། ། རྟེན་ཅན་རྟེན་མེད་ངོ་བོ་ཉིད་གསུམ་སྟེ། །ཕྱོགས་ཆར་ཆད་རྣམས་འདི་བཞི་ངེས་བྱ་ བ༑ ༑ཆོས་སྐུས་གོ་འབྱེད་རྟེན་མེད་དོན་མཛད་ཅིང་། །སྨོན་ལམ་སེམས་བསྐྱེད་ ནུས་པས་སྒྲིབ་སྦྱངས་ཏེ། །འགྲོ་ལ་གཟུགས་སྐུ་སྣང་བར་མཛད་པའོ། །ལོངས་སྐུ་ཡེ་ ཤེས་ཐུགས་རྗེ་རང་སྣང་བས། །རྟེན་ཅན་དོན་མཛད་ས་བཅུའི་སྒྲིབ་པ་སྦྱོང་། །ངོ་བོ་ ཉིད་ཀྱིས་དོན་མཛད་དབྱིངས་ཀྱི་སྐུ། །ཡོད་མེད་སྒྲོ་སྐུར་ཞི་བའི་ངང་ཉིད་ལས། ། གདུལ་བྱ་རྣམས་ལ་གང་འདོད་དེར་སྣང་བས། །སྣ་ཚོགས་སྤྲུལ་པས་དོན་ཀུན་ མཛད་པ་ཡིན། །གྲུབ་པའི་མཐའ་ལས་རྟེན་ཅན་དོན་མཛད་པ། །མཐར་ཐུག་ རྫོགས་པའི་སངས་རྒྱས་ས་དེ་ན། །སྐུ་དང་ཡེ་ཤེས་གྲུབ་པས་དོན་མཛད་འདོད། །

[p. 144] ༈ མན་ངག་རིན་པོ་ཆེའི་མཛོད། རྟེན་མེད་དེ་ལྟར་གྲུབ་པས་འགག་མེད་དེ། །འོན་ཀྱང་དྲང་སྲོང་མཆོད་སྡོང་བསྒྲུབས་ པ་བཞིན། །སྨོན་ལམ་དབང་གིས་དེ་ལྟར་སྣང་བར་འདོད། །ངོ་བོ་ཉིད་ཀྱིས་དོན་ གཉིས་མཛད་པ་ཡང་། །དེ་དག་གཉིས་ལྟར་ཡོད་མེད་སྒྲོ་སྐུར་གྲོལ། །དབྱེར་མེད་ ངོ་བོ་ཉིད་ཀྱི་སྐུ་དེ་ལས། །ཇི་ལྟར་འཚམས་པར་བཞག་ནས་དོན་བྱེད་འདོད། །འདི་ དག་གསུམ་ཡང་དོན་ལ་གཅིག་དགོས་པས། །སྔ་མ་ལྟ་བུར་ཁོང་དུ་ཆུད་པར་བྱ། ། དེ་ཡིས་ཕྱོགས་འཛིན་ཡོད་མེད་གཟེབ་ལས་གྲོལ། །དེ་ལྟར་བླ་མེད་བྱང་ཆུབ་བརྙེས་ པ་ནི། །སོ་སོ་སྐྱེ་བོ་མོས་པ་ཕུན་ཚོགས་ལ། །ཐུན་མོང་ཁྱད་པར་མཆོག་གི་ལམ་ གསུམ་ལ། །བརྟེན་ནས་འབད་པས་རིམ་གྱིས་གོང་བགྲོད་དེ། །ཡོན་ཏན་ཡིད་ བཞིན་ལྷུན་གྱིས་གྲུབ་པས་ན། །ཐར་ལམ་བསྒྲུབ་ལ་རང་བཞིན་འབད་པ་གཅེས། ། དེང་སང་དུས་ངན་བསམས་ཤིང་སྐྱོ་བ་འཕེལ། །ཚེ་ལ་ལོང་མེད་ཡེང་མའི་ལམ་ལ་ འཛད། །ཤེས་བྱ་ཐུག་མེད་སྤྲོས་ལ་ཟད་པ་མེད། །དེ་བས་ཉིན་མཚན་སྙིང་པོའི་ཆོས་ སྒྲུབས་ཤིག །ཚེ་འདིའི་བྱ་བ་ཤི་ཤིར་ཟིན་དུས་མེད། །གཅིག་གིས་གཅིག་ཁྲིད་ཆུ་ཡི་ གཉེར་མ་འདྲ། །འཆི་དུས་བསྟོངས་སམ་ལེགས་པར་སེར་ཐོབ་ལ། །དེ་རིང་ཉིད་ ནས་ཐར་པའི་བྱང་ཆུབ་སྒྲུབས། །གར་འགྲོ་ཅིར་འགྱུར་བདག་ལ་ཆ་ཡོད་པ། །སུས་ བསྟོངས་འདིར་བདེ་མི་འཇིགས་གདེང་ཅི་ཡོད། །དེ་བས་ད་ལྟ་རང་དབང་ཡོད་དུས་ སུ༑ ༑གཏན་ཡུལ་ཐར་པའི་གནས་སུ་སྙེགས་རེ་རན། །ལུས་དང་ལོངས་སྤྱོད་མཛའ་ བཤེས་གཉེན་འདུན་དང་། །ཚེ་འདིའི་སྣང་བ་མ་ལུས་ཀུན་བོར་ནས། །གཅིག་པུ་ སུས་ཀྱང་མི་བསྟོངས་འགྲོ་བ་སོམས། །དེ་དུས་སྐྱབས་དང་དཔུང་གཉེན་ཚོལ་རེ་ རན། །ད་ལྟའི་འདི་བཞིན་གཏན་དུ་མི་འོང་བས། །གནམ་ས་འདྲེ་ལྡོག་འཆི་བདག་ འབྱུང་བའི་ཚེ། །བདག་གིས་ཅི་བྱ་དེ་དུས་སུ་ལ་རེ། །དེ་བས་ད་ལྟ་དམ་པའི་ཆོས་

[p. 145] ༈ མན་ངག་མཛོད། སྒྲུབས་ཤིག །མཛངས་དང་གྲོས་འདུན་མཁས་དང་མི་མཁས་དང་། །འཆི་དུས་ རག་སྟེ་དགེ་བའི་དཔུང་ཚོགས་བསྐྱེད། །སྙིང་པོའི་སེམས་ཉིད་གཉུག་མའི་དོན་ལ་ སྒོམས། །མཐོ་རིས་བདེ་འགྲོའི་དགའ་བདེ་ལྷུན་གྱིས་གྲུབ། །ཐར་བའི་གནས་ བཟང་རིན་ཆེན་ཕོ་བྲང་དུ། །རྒྱལ་བས་སྔུན་བསུ་རང་རིག་ཡེ་ཤེས་མཆོག །བྱང་ ཆུབ་འབྱོར་པ་ཤིན་ཏུ་མཐའ་ཡས་ཤིང་། །རྟག་ཏུ་མི་འགྱུར་བདེ་ཆེན་དོན་ལ་སྤྱོད། ། ཆོས་མེད་སྤྲང་པོ་བདག་གིས་དེ་སྐད་བསྐུལ། །ཕན་པའི་སྙིང་གཏམ་ལགས་ཀྱིས་ སེམས་ལ་ཞོག །དེ་ལྟར་ཆོས་ཚུལ་ཡོན་ཏན་རིན་ཆེན་མཛོད། །དྲུག་ཚན་རེས་ཀྱང་ སྙིང་པོའི་དོན་འགྲུབ་པ། །ཡིད་བཞིན་རིན་ཆེན་གདམས་པའི་སྙིང་པོ་འདི། །དད་ ལྡན་ཐར་བ་བསྒྲུབ་རྣམས་དོན་དུ་སྤྲོས། །དགེ་བ་དེ་ཡིས་བདག་དང་འགྲོ་བ་ཀུན། ། མ་ལུས་བདེ་གཤེགས་སྙིང་པོའི་སར་གཞོལ་ནས། །སྤངས་དང་རྟོགས་པའི་ཡོན་ ཏན་ཕུན་ཚོགས་ཏེ། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །བདག་ཀྱང་དེང་ ནས་ཚེ་རབས་ཐམས་ཅད་དུ། །སྲིད་ན་མི་སྐྱོ་སེམས་ཅན་དོན་བསྒྲུབ་ཅིང་། །དམ་ པ་རྣམས་ལས་ཆོས་ཀྱི་མཛོད་ཐོས་ཏེ། །ཚུལ་བཞིན་བསྒྲུབ་པས་རྒྱལ་བ་མཉེས་ པར་ཤོག །བྱང་ཆུབ་ཐོབ་ཀྱང་སེམས་ཅན་མི་འདོར་ཞིང་། །འཁོར་བར་གནས་ ཀྱང་ཉེས་པས་ཀྱང་མི་གོས། །མཐོང་ཐོས་དྲན་རེག་ཐར་པའི་ལམ་འདྲེན་པས། ། རྒྱལ་བ་སྲས་བཅས་རབ་ཏུ་མཉེས་པར་ཤོག །སྐལ་ལྡན་རྣམས་ལ་ཟབ་མོའི་ཆོས་ སྟོན་ཅིང་། །སྐལ་མེད་རྣམས་ལ་ཆོས་ཀྱི་ས་བོན་འདེབས། །སྒྲུབ་པ་ལྷུར་ལེན་ ཉམས་ལེན་མཐར་ཕྱིན་པས། །དཔལ་མགོན་བླ་མ་དམ་པ་མཉེས་པར་ཤོག །མན་ ངག་རིན་པོ་ཆེའི་མཛོད་ཅེས་བྱ་བ། བདེ་བར་གཤེགས་པའི་གསུང་རབ་ལ་མང་དུ་ཐོས་པའི་ནོར་གྱིས་འབྱོར་ ཞིང་། ཟབ་པ་དང་རྒྱ་ཆེ་བའི་དོན་ལ། ཐོས་པ་དང་། བསམ་པ་དང་། སྒོམ་པའི་ཤེས་རབ་ཀྱིས་ལེགས་པར་

[p. 146] མན་ངག་རིན་པོ་ཆེའི་མཛོད། སྦྱངས་པ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་སྦྱར་བ་རྫོགས་སོ།། །།

[p. 147]

[p. 148] ༈ གནས་ལུགས་རིན

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 571 typing errors, November 2026), with the variants of the other editions under each page (23 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; R = Man ngag mdzod MW3CN14366; S = Man ngag mdzod MW3CN4270. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 593] བརྒྱལ་ཐབས་གནས་པ་སྟེ། །དེ་ཉིད་སངས་ནས་ཡེ་ཤེས་འོད་དུ་འཆར། །སྐུ་ཡི་རང་འོད་གསུང་གི་རང་སྒྲ་དང༌། །ཐུགས་ཀྱི་ཟེར་གདངས་ཞག་ལྔར་འཆར་དུས་སུ། །སྐུ་གསུང་ཐུགས་སུ་རང་ངོ་ཤེས་པས་གྲོལ། །བཞི་པ་དབང་པོ་འབྲིང་གི་རྟུལ་པོ་ནི། །ཞག་གསུམ་བར་རམ་ལྔ་རུ་བརྒྱལ་ཐབས་གནས། །དེ་སངས་ཡེ་ཤེས་ལྔ་འཕྲོ་འོད་གསལ་ཏེ། །དངངས་སྐྲག་མ་སྐྱེས་འཇིགས་མེད་རང་སྣང་གྲོལ། །ལྔ་པ་དབང་པོ་ཐ་མའི་རྣོན་པོ་ནི། །ཞག་གསུམ་བར་དུ་རིག་པ་བརྒྱལ་ཐབས་གནས། །དེ་སངས་ཡེ་ཤེས་ལྔ་ཡི་འོད་གསལ་ཏེ། །ཞག་ལྔ་ལོན་ནས་ཡེ་ཤེས་སྣང་བ་ནུབ། །འོད་ལས་ཡུལ་དང་སྒྲ་ལས་ཟེར་དང་ནི། །ཟེར་ལས་རྟོག་པར་ཤར་དང་དེ་ཡི་ཚེ། །སྔོན་གྱི་ཡུལ་དང་ནོར་དང་མི་རྣམས་ཀྱི། །དྲན་པ་སད་དུས་སྔ་མའི་ཆོས་དྲན་ནས། །གཉེན་པོ་སད་དེ་འཛིན་མེད་རང་གསལ་གྱི། །ཡེ་ཤེས་རང་

ཟེར་གདངས་ཞག་ལྔར་འཆར་དུས ] སྔར W · ནི་ཞག་གསུམ་བར་རམ་ལྔ ] པར P S · གསུམ་བར་དུ་རིག་པ་བརྒྱལ་ཐབས ] ལྔ་རུ W · ཤེས་ལྔ་ཡི་འོད་གསལ་ཏེ་ཞག ] འོདགསལ P S

[p. 594] ཤར་བར་དོའི་སྣང་བ་གྲོལ། །ཆོས་དབྱིངས་ངང་དུ་མངོན་པར་བྱང་ཆུབ་ཡིན། །དྲུག་པ་དབང་པོ་ཐ་མའི་རྟུལ་པོ་ནི། །ཞག་གཅིག་རིག་པ་བརྒྱལ་ཐབས་གནས་པ་ལས། །དེ་སངས་ཡེ་ཤེས་སྣང་བ་ཞག་གཅིག་འཆར། །དེ་ནུབ་སྔ་མའི་གཟུགས་སུ་ཡོད་སྙམ་ཞིང༌། །དབང་པོ་ཀུན་ཚང་གར་ཡང་ཐོགས་མེད་རྒྱུ། །རྣམ་ཤེས་རྟེན་བྲལ་ཡུལ་དང་འདུག་ས་ཚོལ། །ལས་ཀྱིས་མངལ་སྒོ་ཐ་དད་འཇུག་པ་ལས། །དེ་ཉིད་མི་ལུས་ཡོན་ཏན་བདུན་ཐོབ་ནས། །ཟབ་མོའི་ཆོས་ཕྲད་སྐྱེ་བ་དེས་གྲོལ་འགྱུར། །དེ་ཡང་ཤིན་ཏུ་སྡིག་པ་ཅན་རྣམས་ལ། །བར་དོ་མི་སྣང་ལུས་སེམས་བྲལ་མ་ཐག །རང་སྣང་འཁྲུལ་ནས་དམྱལ་བར་སྣང་བ་ཡིན། །སྡིག་པ་འབྲིང་སྤྱད་བར་དོ་ཡུན་ཐུང་གནས། །དེ་ནས་ངན་སོང་གཞན་གཉིས་མྱོང་བ་ཡིན། །དགེ་སྡིག་ཆ་སྙོམས་བར་དོ་ཡུན་རིང་སྟེ། །ཞག་གྲངས་བཞི་བཅུ་རྩ་དགུ་གནས་པ་ལས། །

ཆོས་ཕྲད་སྐྱེ་བ་དེས་གྲོལ ] པ W · བར་དོ་ཡུན་ཐུང་གནས་དེ ] ཟུང W D

[p. 595] དེ་ནས་ལས་ཀྱིས་ལུས་ལེན་འགྱུར་བ་ཡིན། །དེ་ཡང་ཆོས་ཉིད་བར་དོ་ནུབ་པ་ལས། །རྟུལ་པོ་གཉིས་ལ་སྲིད་པའི་བར་དོ་འཆར། །དེ་བས་ད་ལྟ་མི་དགེ་རྣམ་སྤངས་ཏེ། །དགེ་སྒྲུབ་སེམས་ཉིད་གཏན་སྲིད་ཟིན་པ་གཅེས། །ཕན་པའི་གདམས་ངག་ཡིན་ནོ་སེམས་ལ་ཞོག །མཐར་ཐུག་འབྲས་བུ་མངོན་དུ་གྱུར་པའི་ཚེ། །མངོན་པར་བྱང་ཆུབ་ཆོས་དྲུག་བསྟན་པ་ནི། །གཟུང་འཛིན་འཁྲུལ་པའི་བག་ཆགས་ཀུན་བྲལ་ནས། །འཁྲུལ་སྣང་འཁྲུལ་འཛིན་དབྱིངས་སུ་ནུབ་པ་ཡིན། །སྤྲིན་དེངས་ཉི་མཁའ་བཞིན་དུ་དག་པའི་ཚེ། །དང་པོ་ཆོས་སྐུ་དག་པ་གཉིས་ལྡན་ནི། །གསལ་བའི་ཡེ་ཤེས་ཆོས་ཉིད་དབྱིངས་སུ་ཤར། །སྤྲོས་བྲལ་འོད་གསལ་ཁྱབ་གདལ་ཆེན་པོ་ཉིད། །ལྷུན་གྲུབ་ཀ་དག་ཕྱོགས་ལ་གྲོལ་བ་ཡིན། །གཉིས་པ་ལོངས་སྤྱོད་རྫོགས་སྐུ་དག་པ་ནི། །དེ་ཉིད་ངང་ལས་ས་བཅུའི་སེམས་དཔའ་ལ། །

དེ་ནས་ལས་ཀྱིས་ལུས་ལེན ] ཀྱི P S · འཆར་དེ་བས་ད་ལྟ་མི ] ང W

[p. 596] འཇའ་ཚོན་ལྟ་བུ་རིགས་ལྔ་གང་ཆེན་མཚོ། །མཚན་རྫོགས་དཔེ་བྱད་འབར་བ་སྣང་བ་ཡིན། །གསུམ་པ་སྤྲུལ་སྐུའི་དེ་ཉིད་ཟླ་གཟུགས་བཞིན། །གདུལ་བྱའི་ཆུ་སྣོད་གང་ཡོད་དེར་སྣང་སྟེ། །བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་པ་སོགས། །གང་ལ་གང་འདུལ་དེ་ལ་དེར་སྣང་བས། །འགྲོ་དྲུག་གནས་ན་སྲིད་པ་ཇི་སྲིད་བར། །སེམས་ཅན་དོན་མཛད་འཕྲིན་ལས་བསམ་མི་ཁྱབ། །སྐུ་ལ་བརྟེན་པའི་ཡེ་ཤེས་དྲུག་ལྡན་ནི། །ཆོས་དབྱིངས་ཡེ་ཤེས་ཆོས་ཉིད་འཕོ་འགྱུར་མེད། །མེ་ལོང་ཡེ་ཤེས་རང་གསལ་ཀུན་སྣང་གཞི། །མཉམ་ཉིད་ཡེ་ཤེས་རོ་གཅིག་འབྱེད་པ་མེད། །ཀུན་རྟོག་ཡེ་ཤེས་ཇི་སྙེད་ཇི་བཞིན་གཟིགས། །བྱ་གྲུབ་ཡེ་ཤེས་མཛད་པ་བསམ་མི་ཁྱབ། །ལྷུན་གྲུབ་ཡེ་ཤེས་འདུས་མ་བྱས་ཉིད་ནི། །དཔེ་བྲལ་རྒྱལ་བའི་ཡེ་ཤེས་ཀུན་གྱི་བདག །ནོར་བུ་བཞིན་དུ་མི་རྟོག་དོན་ཀུན་འབྱུང༌། །བཞི་པ་ཐུགས་རྗེ་འགྲོ་ལ་འབྱུང་

བུ་རིགས་ལྔ་གང་ཆེན་མཚོ ] གངས W · པ་ཇི་སྲིད་བར་སེམས་ཅན ] པར A D R · འབྱུང་བཞི་པ་ཐུགས་རྗེ་འགྲོ ] ཐུག W

[p. 597] ཚུལ་ནི། །སེམས་བསྐྱེད་སྨོན་ལམ་ཚོགས་གཉིས་བསགས་པ་དང༌། །ལྷུན་གྲུབ་ངང་ལས་ཡེ་ཤེས་སྟོབས་ཀྱིས་འབྱུང༌། །ལྔ་པ་ཐུགས་རྗེ་ཇི་ལྟར་སྐྱེ་ཚུལ་ནི། །རང་བཞིན་ཤུགས་ཀྱིས་ཐུགས་རྗེ་སྐྱེ་བ་དང༌། །ཡུལ་དང་ཕྲད་པའི་ཐུགས་རྗེ་སྐྱེ་བ་དང༌། །བསྐུལ་ཞིང་གསོལ་བ་གདབ་ལས་སྐྱེ་བའོ། །དྲུག་པ་དེ་ལས་འགྲོ་དོན་མཛད་ཚུལ་ནི། །རྟེན་ཅན་རྟེན་མེད་ངོ་བོ་ཉིད་གསུམ་སྟེ། །ཕྱོགས་ཆར་ཆད་རྣམས་འདི་བཞི་ངེས་བྱ་བ། །ཆོས་སྐུས་གོ་འབྱེད་རྟེན་མེད་དོན་མཛད་ཅིང༌། །སྨོན་ལམ་སེམས་བསྐྱེད་ནུས་པས་སྒྲིབ་སྦྱངས་ཏེ། །འགྲོ་ལ་གཟུགས་སྐུ་སྣང་བར་མཛད་པའོ། །ལོངས་སྐུ་ཡེ་ཤེས་ཐུགས་རྗེ་རང་སྣང་བས། །རྟེན་ཅན་དོན་མཛད་ས་བཅུའི་སྒྲིབ་པ་སྦྱོང༌། །ངོ་བོ་ཉིད་ཀྱིས་དོན་མཛད་དབྱིངས་ཀྱི་སྐུ། །ཡོད་མེད་སྒྲོ་སྐུར་ཞི་བའི་ངང་ཉིད་ལས། །གདུལ་བྱ་རྣམས་ལ་གང་འདོད་དེར་སྣང་བས། །

གསོལ་བ་གདབ་ལས་སྐྱེ་བའོ ] པས W G R

[p. 598] སྣ་ཚོགས་སྤྲུལ་པས་དོན་ཀུན་མཛད་པ་ཡིན། །གྲུབ་པའི་མཐའ་ལས་རྟེན་ཅན་དོན་མཛད་པ། །མཐར་ཐུག་རྫོགས་པའི་སངས་རྒྱས་ས་དེ་ན། །སྐུ་དང་ཡེ་ཤེས་གྲུབ་པས་དོན་མཛད་འདོད། །རྟེན་མེད་དེ་ལྟར་གྲུབ་པས་འགག་མེད་དེ། །འོན་ཀྱང་དྲང་སྲོང་མཆོད་སྡོང་བསྒྲུབས་པ་བཞིན། །སྨོན་ལམ་དབང་གིས་དེ་ལྟར་སྣང་བར་འདོད། །ངོ་བོ་ཉིད་ཀྱིས་དོན་གཉིས་མཛད་པ་ཡང༌། །དེ་དག་གཉིས་ལྟར་ཡོད་མེད་སྒྲོ་སྐུར་གྲོལ། །དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་དེ་ལས། །ཇི་ལྟར་འཚམས་པར་བཞག་ནས་དོན་བྱེད་འདོད། །འདི་དག་གསུམ་ཡང་དོན་ལ་གཅིག་དགོས་པས། །སྔ་མ་ལྟ་བུར་ཁོང་དུ་ཆུད་པར་བྱ། །དེ་ཡིས་ཕྱོགས་འཛིན་ཡོད་མེད་གཟེབ་ལས་གྲོལ། །དེ་ལྟར་བླ་མེད་བྱང་ཆུབ་བརྙེས་པ་ནི། །སོ་སོ་སྐྱེ་བོ་མོས་པ་ཕུན་ཚོགས་ལ། །ཐུན་མོང་ཁྱད་པར་མཆོག་གི་ལམ་གསུམ་ལ། །བརྟེན་ནས་འབད་པས་རིམ་

དེ་ལྟར་སྣང་བར་འདོད་ངོ་བོ ] བ་མཛད W

[p. 599] གྱིས་གོང་བགྲོད་དེ། །ཡོན་ཏན་ཡིད་བཞིན་ལྷུན་གྱིས་གྲུབ་པས་ན། །ཐར་ལམ་བསྒྲུབ་ལ་རང་བཞིན་འབད་པ་གཅེས། །དེང་སང་དུས་ངན་བསམས་ཤིང་སྐྱོ་བ་འཕེལ། །ཚེ་ལ་ལོང་མེད་ཡེང་མའི་ལམ་ལ་འཛད། །ཤེས་བྱ་ཐུག་མེད་སྤྲོས་ལ་ཟད་པ་མེད། །དེ་བས་ཉིན་མཚན་སྙིང་པོའི་ཆོས་སྒྲུབས་ཤིག །ཚེ་འདིའི་བྱ་བ་ཤི་ཤིར་ཟིན་དུས་མེད། །གཅིག་གིས་གཅིག་ཁྲིད་ཆུ་ཡི་གཉེར་མ་འདྲ། །འཆི་དུས་བསྟོངས་སམ་ལེགས་པར་སེར་ཐོབ་ལ། །དེ་རིང་ཉིད་ནས་ཐར་པའི་བྱང་ཆུབ་སྒྲུབས། །གར་འགྲོ་ཅིར་འགྱུར་བདག་ལ་ཆ་ཡོད་པ། །སུས་བསྟོངས་འདིར་བདེ་མི་འཇིགས་གདེང་ཅི་ཡོད། །དེ་བས་ད་ལྟ་རང་དབང་ཡོད་དུས་སུ། །གཏན་ཡུལ་ཐར་པའི་གནས་སུ་སྙེགས་རེ་རན། །ལུས་དང་ལོངས་སྤྱོད་མཛའ་བཤེས་གཉེན་འདུན་དང༌། །ཚེ་འདིའི་སྣང་བ་མ་ལུས་ཀུན་བོར་ནས། །གཅིག་པུ་སུས་

ཐར་ལམ་བསྒྲུབ་ལ་རང་བཞིན ] པ W · འབད་པ་གཅེས་དེང་སང་དུས ] དིང G R · སེར་ཐོབ་ལ་དེ་རིང་ཉིད ] དི W R · དེ་བས་ད་ལྟ་རང་དབང ] ལྟར W R

[p. 600] ཀྱང་མི་བསྟོངས་འགྲོ་བ་སོམས། །དེ་དུས་སྐྱབས་དང་དཔུང་གཉེན་ཚོལ་རེ་རན། །ད་ལྟའི་འདི་བཞིན་གཏན་དུ་མི་འོང་བས། །གནམ་ས་འདྲེ་ལྡོག་འཆི་བདག་འབྱུང་བའི་ཚེ། །བདག་གིས་ཅི་བྱ་དེ་དུས་སུ་ལ་རེ། །དེ་བས་ད་ལྟ་དམ་པའི་ཆོས་སྒྲུབས་ཤིག །མཛངས་དང་གྲོས་འདུན་མཁས་དང་མི་མཁས་དང༌། །འཆི་དུས་རག་སྟེ་དགེ་བའི་དཔུང་ཚོགས་བསྐྱེད། །སྙིང་པོའི་སེམས་ཉིད་གཉུག་མའི་དོན་ལ་སྒོམས། །མཐོ་རིས་བདེ་འགྲོའི་དགའ་བདེ་ལྷུན་གྱིས་གྲུབ། །ཐར་པའི་གནས་བཟང་རིན་ཆེན་ཕོ་བྲང་དུ། །རྒྱལ་བས་སྔུན་བསུ་རང་རིག་ཡེ་ཤེས་མཆོག །བྱང་ཆུབ་འབྱོར་པ་ཤིན་ཏུ་མཐའ་ཡས་ཤིང༌། །རྟག་ཏུ་མི་འགྱུར་བདེ་ཆེན་དོན་ལ་སྤྱོད། །ཆོས་མེད་སྤྲང་པོ་བདག་གིས་དེ་སྐད་བསྐུལ། །ཕན་པའི་སྙིང་གཏམ་ལགས་ཀྱིས་སེམས་ལ་ཞོག །དེ་ལྟར་ཆོས་ཚུལ་ཡོན་ཏན་རིན་ཆེན་མཛོད། །དྲུག་ཚན་རེས་ཀྱང་སྙིང་

མི་འོང་བས་གནམ་ས་འདྲེ ] གནས W · གྱིས་གྲུབ་ཐར་པའི་གནས་བཟང ] བའི P S

[p. 601] པོའི་དོན་འགྲུབ་པ། །ཡིད་བཞིན་རིན་ཆེན་གདམས་པའི་སྙིང་པོ་འདི། །དད་ལྡན་ཐར་པ་བསྒྲུབ་རྣམས་དོན་དུ་སྤྲོས། །དགེ་བ་དེ་ཡིས་བདག་དང་འགྲོ་བ་ཀུན། །མ་ལུས་བདེ་གཤེགས་སྙིང་པོའི་སར་གཞོལ་ནས། །སྤངས་དང་རྟོགས་པའི་ཡོན་ཏན་ཕུན་ཚོགས་ཏེ། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །སྲིད་ན་མི་སྐྱོ་སེམས་ཅན་དོན་བསྒྲུབ་ཅིང༌། །དམ་པ་རྣམས་ལས་ཆོས་ཀྱི་མཛོད་ཐོས་ཏེ། །ཚུལ་བཞིན་བསྒྲུབས་པས་རྒྱལ་བ་མཉེས་པར་ཤོག །བྱང་ཆུབ་ཐོབ་ཀྱང་སེམས་ཅན་མི་འདོར་ཞིང༌། །འཁོར་བར་གནས་ཀྱང་ཉེས་པས་ཀྱང་མི་གོས། །མཐོང་ཐོས་དྲན་རེག་ཐར་པའི་ལམ་འདྲེན་པས། །རྒྱལ་བ་སྲས་བཅས་རབ་ཏུ་མཉེས་པར་ཤོག །སྐལ་ལྡན་རྣམས་ལ་ཟབ་མོའི་ཆོས་སྟོན་ཅིང༌། །སྐལ་མེད་རྣམས་ལ་ཆོས་ཀྱི་ས་བོན་འདེབས། །

དད་ལྡན་ཐར་པ་བསྒྲུབ་རྣམས ] བ P S · ཏེ་ཚུལ་བཞིན་བསྒྲུབས་པས་རྒྱལ ] བསྒྲུབ P R S

[p. 602] སྒྲུབ་པ་ལྷུར་ལེན་ཉམས་ལེན་མཐར་ཕྱིན་པས། །དཔལ་མགོན་བླ་མ་དམ་པ་མཉེས་པར་ཤོག །མན་ངག་རིན་པོ་ཆེའི་མཛོད་ཅེས་བྱ་བ། བདེ་བར་གཤེགས་པའི་གསུང་རབ་ལ་མང་དུ་ཐོས་པའི་ནོར་གྱིས་འབྱོར་ཞིང༌། ཟབ་པ་དང༌། རྒྱ་ཆེ་བའི་དོན་ལ། ཐོས་པ་དང༌། བསམ་པ་དང༌། སྒོམ་པའི་ཤེས་རབ་ཀྱིས་ལེགས་པར་སྦྱངས་པ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་སྦྱར་བ་རྫོགས་སོ། །དགེའོ།། དགེའོ།། དགེའོ།།

ལེགས་པར་སྦྱངས་པ་ཐེག་པ ] བ W · གི་རྣལ་འབྱོར་པ་ཀློང་ཆེན ] om. W
[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the divisions of each unit; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The first levels of the outline of the whole work are on the contents page.
30 Liberation of the middling in the bardo of the nature of phenomena འབྲིང་རྣམས་ཆོས་ཉིད་བར་དོར་གྲོལ་བ [p. 590]
30.2 Second set: modes of liberation by faculties དྲུག་ཚན་གཉིས་པ་དབང་པོའི་གྲོལ་ཚུལ [p. 592]
30.2.4 The dull among the middling དབང་པོ་འབྲིང་གི་རྟུལ་པོ [p. 593]
After three to five days of swoon, the five wisdoms shine; without terror, self-appearances are liberated.
30.2.5 The sharp among the lowest faculties དབང་པོ་ཐ་མའི་རྣོན་པོ [p. 593]
After three days of swoon and five days of wisdom-light, thoughts arise; remembering the Dharma, the antidote awakens and bardo appearances are liberated as manifest awakening.
30.2.6 The dull among the lowest faculties དབང་པོ་ཐ་མའི་རྟུལ་པོ [p. 594]
After a day of swoon and a day of wisdom-appearances, they wander in a mental body seeking rebirth, obtain a human body with seven qualities, meet the profound Dharma and are liberated in that life.
30.3 The bardo of those with misdeeds སྡིག་པ་ཅན་རྣམས་ཀྱི་བར་དོ [p. 594] topical
Great evildoers go straight to hell, middling ones briefly through the bardo to lower realms, mixed ones stay forty-nine days; the bardo of becoming arises for the dull. Hence abandon nonvirtue now and secure the nature of mind.
31 Six points of manifest awakening མངོན་པར་བྱང་ཆུབ་ཆོས་དྲུག [p. 595]
The ultimate fruition: dharmakāya with twofold purity, the saṃbhogakāya appearing to tenth-level bodhisattvas, the nirmāṇakāya emanations, and the six wisdoms. It also explains how compassion arises and is born, and how activity benefits beings with support, without support and by essential nature.
31.1 Dharmakāya with twofold purity ཆོས་སྐུ་དག་པ་གཉིས་ལྡན [p. 595]
Clear wisdom arises in basic space; all-pervading luminosity free of elaboration is spontaneous presence liberated into primordial purity.
31.2 The pure saṃbhogakāya ལོངས་སྤྱོད་རྫོགས་སྐུ་དག་པ [p. 595]
To tenth-level bodhisattvas the five families appear rainbow-like with the major and minor marks.
31.3 The nirmāṇakāya སྤྲུལ་སྐུ [p. 596]
Like the moon reflected in water, it appears to each being as artistic, birth and supreme emanations; followed by the six wisdoms resting on the kāyas, from dharmadhātu wisdom to spontaneously present wisdom.
31.4 How compassion arises for beings ཐུགས་རྗེ་འགྲོ་ལ་འབྱུང་ཚུལ [p. 596]
Compassion arises from bodhicitta, aspirations and the two accumulations, and by the power of wisdom within spontaneous presence.
31.5 How compassion is born ཐུགས་རྗེ་ཇི་ལྟར་སྐྱེ་ཚུལ [p. 597]
Compassion arises by its own force, on meeting an object, and through being exhorted and supplicated.
31.6 How it acts for beings འགྲོ་དོན་མཛད་ཚུལ [p. 597]
Benefit with support, without support and by essential nature, tied to the kāyas and to tenet positions; the three are ultimately one, freeing from the cage of existence and nonexistence.
32 Attaining unsurpassed awakening བླ་མེད་བྱང་ཆུབ་བརྙེས་པ [p. 598] topical
Ordinary devoted individuals reach awakening gradually by relying on the common, special and supreme paths; hence strive on the path of liberation.
33 Exhortation to practice the essential Dharma སྙིང་པོའི་ཆོས་སྒྲུབས་ཤིག [p. 599] topical
Closing exhortation: life is short, worldly tasks endless, death certain and solitary; practise the Dharma now to reach liberation's palace. The author, a 'beggar without Dharma', offers this as heartfelt advice.
34 Statement on the work ཡིད་བཞིན་རིན་ཆེན་གདམས་པའི་སྙིང་པོ [p. 600] topical
The author states that this treasury, in which each set of six accomplishes the essence, was set forth for the faithful seeking liberation.
35 Dedication and aspirations བསྔོ་བ་དང་སྨོན་ལམ [p. 601] topical
Dedication of merit for all beings to attain sugatagarbha, and aspirations to serve beings tirelessly, please the victorious ones, teach the Dharma and please the guru.
36 Colophon མཇུག་བྱང [p. 602] topical
Colophon: the Precious Treasury of Pith Instructions was composed by Longchen Rabjam, a learned yogin of the supreme vehicle.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 593] Abide as though in a swoon;
When they wake from that, primordial wisdom arises as light.
When the natural light of enlightened body, the natural sound of enlightened speech
And the radiance of the rays of enlightened mind arise for five days,
They are liberated by recognizing their own nature as enlightened body, speech and mind.

30.2.4 The dull among the middling དབང་པོ་འབྲིང་གི་རྟུལ་པོ30.2.4 The dull among the middling
After three to five days of swoon, the five wisdoms shine; without terror, self-appearances are liberated.

Fourth, the dull among those of middling faculties
Abide as though in a swoon for up to three days, or for five.
When they wake from that, the five primordial wisdoms radiate and their light shines clearly;[115]Note 115 · p. 593 · 'od gsal te (fourth and fifth cases): read as "the light shines clearly", since the fifth case has the genitive ye shes lnga yi 'od ("the light of the five primordial wisdoms"); so Claude Fable 5.2. Gemini 4 Neon and Dharmamitra take it as the term luminosity in both lines, GPT-6.2 Astra in the fourth only.
No panic or terror is born, and, fearless, their own appearances are liberated.[116]Note 116 · p. 593 · rang snang grol: there is no case particle. Gemini 4 Neon and Dharmamitra have "liberated into self-appearance/self-display"; with GPT-6.2 Astra and Claude Fable 5.2 I take rang snang as what is liberated, parallel to bar do'i snang ba grol on p. 594.

30.2.5 The sharp among the lowest faculties དབང་པོ་ཐ་མའི་རྣོན་པོ30.2.5 The sharp among the lowest faculties
After three days of swoon and five days of wisdom-light, thoughts arise; remembering the Dharma, the antidote awakens and bardo appearances are liberated as manifest awakening.

Fifth, for the sharp among those of the lowest faculties,
Awareness abides as though in a swoon for three days.
When they wake from that, the light of the five primordial wisdoms shines clearly,
And when five days have passed, the appearances of primordial wisdom fade.
From light, objects arise; from sound, rays;
And from rays, thoughts. At that time,
When memories of their former homeland,[117]Note 117 · p. 593 · dran pa sad: here ordinary memory of the former life, not "mindfulness" as in the glossary. wealth and people
Awaken, they remember the Dharma of before;
The antidote awakens, and the primordial wisdom
Of natural clarity, free of grasping,

[p. 594] Arises of itself, and the appearances of the intermediate state are liberated.
This is manifest awakening (mngon par byang chub) within the state of the basic space of phenomena.

30.2.6 The dull among the lowest faculties དབང་པོ་ཐ་མའི་རྟུལ་པོ30.2.6 The dull among the lowest faculties
After a day of swoon and a day of wisdom-appearances, they wander in a mental body seeking rebirth, obtain a human body with seven qualities, meet the profound Dharma and are liberated in that life.

Sixth, for the dull among those of the lowest faculties,
Awareness abides as though in a swoon for one day;
When they wake from that, the appearances of primordial wisdom arise for one day.
When these fade, they think they exist in their former form;
With all their sense faculties complete, they move anywhere unimpeded.
Consciousness, bereft of support, seeks a land and a place to stay.
Of the various womb doors that are entered through karma,[118]Note 118 · p. 594 · las kyis mngal sgo tha dad 'jug pa las: I read the second las as "from among" the womb doors entered through karma. Gemini 4 Neon and Dharmamitra make this person enter various wombs; GPT-6.2 Astra and Claude Fable 5.2 read a contrast with other beings ("though karma leads beings…"). The sense is the same in each case: this type gains a human birth with the seven qualities.
Such a one obtains a human body with the seven qualities,
Meets the profound Dharma, and will be liberated in that birth.

30.3 The bardo of those with misdeeds སྡིག་པ་ཅན་རྣམས་ཀྱི་བར་དོ30.3 The bardo of those with misdeeds (topical division)
Great evildoers go straight to hell, middling ones briefly through the bardo to lower realms, mixed ones stay forty-nine days; the bardo of becoming arises for the dull. Hence abandon nonvirtue now and secure the nature of mind.

Moreover, for those of very great misdeeds
No intermediate state appears: the instant body and mind have parted,
Their own appearances turn to delusion and appear as hell.
Those who have committed middling misdeeds stay a short while in the intermediate state
And then experience the other two lower realms (ngan song).
For those whose virtue and misdeeds are evenly balanced, the intermediate state is long:
Having stayed for forty-nine days,

[p. 595] They then come to take a body through karma.
Moreover, once the intermediate state of the nature of phenomena has faded,
For the two dull kinds the intermediate state of conditioned existence (srid pa'i bar do)[119]Note 119 · p. 595 · srid pa'i bar do: rendered per the glossary (srid pa, "conditioned existence"); all drafts have the more familiar "intermediate state/bardo of becoming". arises.
Therefore, right now, abandon nonvirtue completely,
Accomplish virtue, and secure the lasting dominion of the nature of mind:[120]Note 120 · p. 595 · gtan srid zin pa: literally to seize the permanent dominion or royal seat. I keep the image, as do Gemini 4 Neon, Claude Fable 5.2 and Dharmamitra ("citadel", "domain", "realm"); GPT-6.2 Astra's "gain a lasting hold" loses it. this is what matters most.
This is beneficial oral instruction (gdams ngag): keep it in mind.

31 Six points of manifest awakening མངོན་པར་བྱང་ཆུབ་ཆོས་དྲུག31 Six points of manifest awakening
The ultimate fruition: dharmakāya with twofold purity, the saṃbhogakāya appearing to tenth-level bodhisattvas, the nirmāṇakāya emanations, and the six wisdoms. It also explains how compassion arises and is born, and how activity benefits beings with support, without support and by essential nature.

When the ultimate fruition has become manifest,
The six points of manifest awakening are taught as follows.
Free of all habitual tendencies of the delusion of perceived and perceiver,
Deluded appearances and deluded grasping have subsided into basic space.
When all is pure, like the sun and sky once the clouds have dispersed,

31.1 Dharmakāya with twofold purity ཆོས་སྐུ་དག་པ་གཉིས་ལྡན31.1 Dharmakāya with twofold purity
Clear wisdom arises in basic space; all-pervading luminosity free of elaboration is spontaneous presence liberated into primordial purity.

First, the dharmakāya endowed with the twofold purity:
Clear primordial wisdom has arisen in the basic space of the nature of phenomena;
Luminosity free of conceptual elaboration (spros bral), the great all-pervading vastness itself,
Is spontaneous presence liberated into primordial purity.

31.2 The pure saṃbhogakāya ལོངས་སྤྱོད་རྫོགས་སྐུ་དག་པ31.2 The pure saṃbhogakāya
To tenth-level bodhisattvas the five families appear rainbow-like with the major and minor marks.

Second, the pure saṃbhogakāya (longs spyod rdzogs sku):
From within that very state, to the bodhisattvas of the ten levels (sa bcu),

[p. 596] Like a rainbow, the five families, the Great Glacial Lake (gangs chen mtsho),[121]Note 121 · p. 596 · gang chen mtsho: read as gangs chen mtsho, the Great Glacial Lake (Himamahāsāgara), the saṃbhogakāya form of the buddhas of the five families. Gemini 4 Neon and Claude Fable 5.2 read it so; GPT-6.2 Astra's "vast ocean of great beings" and Dharmamitra's "Gaṅgāhrada" are misreadings.
Appear, complete with the major marks and blazing with the minor marks.

31.3 The nirmāṇakāya སྤྲུལ་སྐུ31.3 The nirmāṇakāya
Like the moon reflected in water, it appears to each being as artistic, birth and supreme emanations; followed by the six wisdoms resting on the kāyas, from dharmadhātu wisdom to spontaneously present wisdom.

Third, the very nature of the nirmāṇakāya:[122]Note 122 · p. 596 · sprul sku'i de nyid: taken as "the very nature of the nirmāṇakāya" (Gemini 4 Neon, GPT-6.2 Astra, Dharmamitra; Claude Fable 5.2 "reality"). The genitive may stand for ni, in which case de nyid would be the saṃbhogakāya itself appearing like the moon's reflection. like the moon's reflection,
It appears wherever there are water vessels, those to be tamed (gdul bya).
As emanations of artistry, emanations of birth, supreme emanations and so forth,
It appears to each in whatever way will tame them,
And so, in the abodes of the six classes of beings ('gro drug), for as long as conditioned existence lasts,
It acts for the benefit of sentient beings, its enlightened activity inconceivable.
As for the six primordial wisdoms that rest upon the kāyas:
The primordial wisdom of the basic space of phenomena is the nature of phenomena, without transition or change;
Mirror-like primordial wisdom is naturally clear, the ground of all that appears;
The primordial wisdom of equality is one taste, without division;
All-discerning primordial wisdom (kun rtog ye shes)[123]Note 123 · p. 596 · kun rtog ye shes: the context requires the wisdom of discernment (so sor rtog pa'i ye shes), which sees ji snyed and ji bzhin, not the glossary's "conceptual thinking" for kun rtog; all drafts agree. sees all that there is, and just as it is;
All-accomplishing primordial wisdom is inconceivable in its deeds;
Spontaneously present primordial wisdom, the unconditioned ('dus ma byas) itself,
Is beyond compare, the sovereign of all the primordial wisdoms[124]Note 124 · p. 596 · ye shes kun gyi bdag: "sovereign of all the primordial wisdoms" with Gemini 4 Neon, Claude Fable 5.2 and Dharmamitra; GPT-6.2 Astra reads bdag as "essence" (bdag nyid), which is also possible. of the victorious ones;
Like a jewel, nonconceptual, it is the source of every aim.

31.4 How compassion arises for beings ཐུགས་རྗེ་འགྲོ་ལ་འབྱུང་ཚུལ31.4 How compassion arises for beings
Compassion arises from bodhicitta, aspirations and the two accumulations, and by the power of wisdom within spontaneous presence.

Fourth, the way in which compassion arises for beings:[125]Note 125 · p. 596 · The last line runs on to the next page ('byung / tshul ni); English word order requires "the way in which", so tshul ni is already rendered here.

[p. 597] It arises from having aroused bodhicitta, made prayers of aspiration (smon lam) and gathered the two accumulations,
And, from within the state of spontaneous presence, by the power of primordial wisdom.

31.5 How compassion is born ཐུགས་རྗེ་ཇི་ལྟར་སྐྱེ་ཚུལ31.5 How compassion is born
Compassion arises by its own force, on meeting an object, and through being exhorted and supplicated.

Fifth, the way in which compassion arises:
Compassion arises by its own natural force;
Compassion arises on meeting with an object;
And it arises from being exhorted and supplicated.

31.6 How it acts for beings འགྲོ་དོན་མཛད་ཚུལ31.6 How it acts for beings
Benefit with support, without support and by essential nature, tied to the kāyas and to tenet positions; the three are ultimately one, freeing from the cage of existence and nonexistence.

Sixth, the way in which it then acts for the benefit of beings:
There are three ways: with a support, without a support, and by essential nature (ngo bo nyid).
As positions that fall to one side,[127]Note 127 · p. 597 · phyogs char chad rnams: taken, with Claude Fable 5.2, as the three positions themselves, each one-sided when held apart; this matches the conclusion on p. 598, where seeing the three as one frees from "grasping at sides". GPT-6.2 Astra, Dharmamitra and Gemini 4 Neon take it as persons ("those who fall into partiality"), which is also grammatically possible. they are to be ascertained as follows.[126]Note 126 · p. 597 · 'di bzhi nges bya ba: read as 'di bzhin ("as follows"), since only three modes are listed and explained. GPT-6.2 Astra and Dharmamitra translate "these four"; Claude Fable 5.2 and Gemini 4 Neon have "as follows / in this way".
The dharmakāya opens the way and acts for benefit without a support:
Through the power of prayers of aspiration and of arousing bodhicitta, obscurations are purified,
And it makes the rūpakāya (gzugs sku) appear to beings.
The saṃbhogakāya, being the self-appearance of primordial wisdom and compassion,
Acts for benefit with a support, purifying the obscurations of the ten levels.
Acting for benefit by essential nature, the kāya of basic space,
From within the very state in which exaggeration and denigration (sgro skur), as existent or nonexistent, are stilled,
Appears to those to be tamed as whatever they wish,

[p. 598] And so, through manifold emanations, accomplishes every benefit.

Among the philosophical tenets (grub pa'i mtha'), the position of acting for benefit with a support
Holds that on that level of ultimate, perfect buddhahood
The kāyas and primordial wisdoms exist, and so act for benefit.
The position of acting without a support is that nothing whatsoever exists in that way;[128]Note 128 · p. 598 · rten med de ltar grub pas 'gag med de: the text as it stands ("since it is so established, it is unceasing", as Dharmamitra) gives no contrast for the following 'on kyang ("nevertheless") and contradicts the "without support" position. Read as grub pa 'ga' med de, "nothing whatsoever exists in that way", with Gemini 4 Neon. Claude Fable 5.2 ("it having ceased") and GPT-6.2 Astra ("acts as a cause") do not fit the wording.
Nevertheless, as with the shrine-pillar consecrated by the ṛṣi,[129]Note 129 · p. 598 · mchod sdong bsgrubs pa: understood as the consecrated shrine-pillar that goes on working after its maker is gone (cf. Bodhicaryāvatāra 9.36–37). Dharmamitra's "sacrificial pillar" is misleading.
It holds that they appear in that way through the power of prayers of aspiration.
As for accomplishing the two aims by essential nature:
Free of exaggeration and denigration, as existent or nonexistent, in the manner of those two,
It holds that from that inseparable svābhāvikakāya (ngo bo nyid kyi sku)
Benefit is brought about, set forth in whatever way is fitting.[130]Note 130 · p. 598 · ji ltar 'tshams par bzhag nas: rendered "set forth in whatever way is fitting", with Claude Fable 5.2. GPT-6.2 Astra's "establishing beings" supplies an object the Tibetan does not have.
Since these three, too, must in fact be one,
They should be understood in the manner of the foregoing.[131]Note 131 · p. 598 · snga ma lta bur: taken as referring back to the preceding presentation on p. 597 (dharmakāya, saṃbhogakāya, kāya of basic space), where the three modes are aspects of one buddhahood.
Thereby one is freed from the cage of existence and nonexistence, of grasping at sides.

32 Attaining unsurpassed awakening བླ་མེད་བྱང་ཆུབ་བརྙེས་པ32 Attaining unsurpassed awakening (topical division)
Ordinary devoted individuals reach awakening gradually by relying on the common, special and supreme paths; hence strive on the path of liberation.

As for the attainment of unsurpassed awakening in this way:
Ordinary individuals of excellent devotion (mos pa),[132]Note 132 · p. 598 · mos pa: rendered "devotion" per the glossary default; "inclination" (toward the three paths) is also possible. GPT-6.2 Astra's "trust" is not used.
Relying on the three paths, the common, the special and the supreme,
Through their efforts progress

[p. 599] gradually higher and higher,
And the enlightened qualities become spontaneously present,[134]Note 134 · p. 599 · lhun gyis grub (also p. 600): kept as "spontaneously present" per the glossary, since it is said of qualities and of joy, not of the two aims or activity. The drafts have "spontaneously accomplished". just as one wishes;[133]Note 133 · p. 599 · yid bzhin: "just as one wishes", with Claude Fable 5.2, GPT-6.2 Astra and Gemini 4 Neon. Dharmamitra's "like a wish-fulfilling jewel" supplies a noun not in the text.
Therefore it is vital to strive, of one's own accord,[135]Note 135 · p. 599 · rang bzhin 'bad pa: rendered "strive of one's own accord", meaning effort that comes naturally rather than under compulsion. The drafts have "naturally" or "wholeheartedly" (GPT-6.2 Astra). to accomplish the path of liberation.

33 Exhortation to practice the essential Dharma སྙིང་པོའི་ཆོས་སྒྲུབས་ཤིག33 Exhortation to practice the essential Dharma (topical division)
Closing exhortation: life is short, worldly tasks endless, death certain and solitary; practise the Dharma now to reach liberation's palace. The author, a 'beggar without Dharma', offers this as heartfelt advice.

Nowadays, when I think of these evil times, my weariness grows.
Life has no time to spare, and it is used up on the path of distraction.
Things to be known have no limit; conceptual elaboration has no end.
Therefore, day and night, accomplish the essential Dharma![136]Note 136 · p. 599 · sgrubs (and p. 600): rendered "accomplish" per the glossary, bare "practice" being reserved for nyams len. GPT-6.2 Astra and Gemini 4 Neon have "practice".

The activities of this life are never finished, even unto death;
One leading on to another, they are like ripples on water.
Will they stand by you at the time of death? Consider this well,[137]Note 137 · p. 599 · legs par ser thob la: ser thob is unintelligible. Read as soms/sems thob ("consider well"), as all the drafts tacitly do and in parallel with 'gro ba soms on p. 600.
And from this very day accomplish the awakening of liberation (thar pa).

Where I shall go, what I shall become:[139]Note 139 · p. 599 · gar 'gro … gdeng ci yod: the stanza is in the first person (bdag la) and is kept so throughout, as in Claude Fable 5.2. Dharmamitra turns it into the second person; GPT-6.2 Astra and Gemini 4 Neon switch person midway. have I any knowledge of this?
Who will stand by me?[138]Note 138 · p. 599 · sus bstongs: Adzom reads bstangs. The text's bstongs ("stand by, accompany") is kept, as it matches bstongs sam above and mi bstongs on p. 600; bstangs gives no distinct sense here and is probably a spelling variant or slip. What confidence have I, to be at ease here and unafraid?
Therefore now, while I am still my own master,
It is high time to make for the lasting homeland, the abode of liberation.

Body and possessions, friends, loved ones and kin,
And all the appearances of this life without exception: leaving them all behind,

[p. 600] Think how you will go alone, with no one at all to stand by you.
It is high time to seek a refuge and an ally for that hour.[140]Note 140 · p. 600 · de dus skyabs … tshol re ran: "for that hour", i.e. a refuge must be sought now. Dharmamitra's "At that moment, the time has come to seek refuge" reverses the sense.

Things will not always be as they are now;
When heaven and earth are overturned[141]Note 141 · p. 600 · gnam sa 'dre ldog: taken as "heaven and earth overturned"; the spelling 'dre is doubtful (perhaps for 'dres, "mingled"). and the Lord of Death appears,
What shall I do? In whom shall I place my hope at that time?
Therefore accomplish the sacred Dharma (dam pa'i chos) now!

Whether one is wise, whether skilled or unskilled in counsel,
Rests on the time of death;[142]Note 142 · p. 600 · 'chi dus rag ste: "rests on the time of death" (rag las), with Claude Fable 5.2, GPT-6.2 Astra and Gemini 4 Neon. Dharmamitra's "Whether wise … when the hour of death arrives, summon" misses rag. so muster the forces of virtue.
Meditate on what is innate, the nature of mind, the very essence.
The joy and happiness of the higher realms (mtho ris), the happy realms (bde 'gro), will be spontaneously present.
In the jewel palace, the excellent abode of liberation,
Welcomed by the victorious ones, with supreme self-knowing primordial wisdom[143]Note 143 · p. 600 · rang rig ye shes mchog … spyod: construed with Dharmamitra and Gemini 4 Neon as what one possesses and enjoys once welcomed by the victorious ones. Claude Fable 5.2 leaves the phrase in loose apposition.
And the wealth of awakening utterly boundless,
You will forever enjoy the meaning of unchanging great bliss (bde chen).

I, a beggar without Dharma, exhort you in these words.
This is heartfelt advice meant to help, so keep it in mind.

34 Statement on the work ཡིད་བཞིན་རིན་ཆེན་གདམས་པའི་སྙིང་པོ34 Statement on the work (topical division)
The author states that this treasury, in which each set of six accomplishes the essence, was set forth for the faithful seeking liberation.

Thus, this precious treasury of qualities, the ways of the Dharma,
In which even a single set of six accomplishes the essential meaning,[144]Note 144 · p. 600 · The page breaks off mid-word (snying / po'i don 'grub pa). The line has been completed through 'grub pa; the sentence continues in the next part from yid bzhin rin chen gdams pa'i snying po 'di.

[p. 601] This wish-fulfilling jewel, the very essence of instruction,
I have set forth for the sake of the faithful who strive to accomplish liberation.[149]Note 149 · p. 601 · thar pa bsgrub / tshul bzhin bsgrubs pas: rendered "accomplish" per the glossary, where the drafts have "strive for" and "practicing".

35 Dedication and aspirations བསྔོ་བ་དང་སྨོན་ལམ35 Dedication and aspirations (topical division)
Dedication of merit for all beings to attain sugatagarbha, and aspirations to serve beings tirelessly, please the victorious ones, teach the Dharma and please the guru.

By this virtue, may I and all beings,
Without exception, enter the level of sugatagarbha (bde gshegs snying po),[146]Note 146 · p. 601 · bde gshegs snying po'i sar gzhol: all drafts have "ground"; the Tibetan is sa, not gzhi, so "level" per the glossary. For gzhol I follow Gemini 4 Neon/Claude Fable 5.2 "enter" rather than GPT-6.2 Astra/Dharmamitra "turn toward", since the next line assumes the state has been reached. GPT-6.2 Astra, Gemini 4 Neon, Claude Fable 5.2 "sugata essence" is replaced by the glossary's "sugatagarbha".
Perfect in full the qualities of abandonment and realization,
And become kings of Dharma for whom the two aims are spontaneously accomplished.[147]Note 147 · p. 601 · lhun grub with don gnyis: rendered "spontaneously accomplished", as the glossary prescribes for the two aims.

May I too, from this day on, throughout all my lives,
Never weary of conditioned existence (srid pa) as I accomplish the welfare of sentient beings;
And, hearing the treasury of the Dharma from holy beings,[148]Note 148 · p. 601 · dam pa rnams: GPT-6.2 Astra "noble ones" would suggest 'phags pa; I use "holy beings" (cf. Gemini 4 Neon, Claude Fable 5.2, Dharmamitra).
May I please the victorious ones by accomplishing it as it should be done.

Though I attain awakening, may I not forsake sentient beings;
Though I dwell in saṃsāra, may I be unstained by any fault;[150]Note 150 · p. 601 · nyes pas kyang mi gos: the second kyang may be a scribal repetition, though the line scans with it. I render it lightly as "any fault" (as Gemini 4 Neon); the sense is unaffected.
And by leading onto the path of liberation all who see, hear, recall or touch me,
May I utterly delight the victorious ones and their heirs.

Teaching the profound Dharma to the fortunate,
Planting the seeds of Dharma in those who lack such fortune,[145]Note 145 · p. 601 · The first syllables of the page (… po'i don 'grub pa, "accomplishes the essential meaning") were already rendered at the end of the previous part and are not repeated. Dharmamitra alone also begins after them.

[p. 602] Devoting myself wholeheartedly to accomplishment and bringing practice (nyams len)[151]Note 151 · p. 602 · sgrub pa lhur len nyams len mthar phyin: GPT-6.2 Astra renders both sgrub pa and nyams len as "practice", losing the distinction; I keep "accomplishment" and "practice" (as Gemini 4 Neon, Claude Fable 5.2, Dharmamitra). to its consummation,
May I please the glorious protector, the holy guru.[152]Note 152 · p. 602 · dpal mgon bla ma dam pa: Dharmamitra has the plural "holy gurus, glorious protectors". The Tibetan has no plural marker, and I keep the singular (GPT-6.2 Astra, Gemini 4 Neon, Claude Fable 5.2).

36 Colophon མཇུག་བྱང36 Colophon (topical division)
Colophon: the Precious Treasury of Pith Instructions was composed by Longchen Rabjam, a learned yogin of the supreme vehicle.

This work, entitled the Precious Treasury of Pith Instructions, was composed by Longchen Rabjam, a yogin of the supreme vehicle, who is rich in the wealth of great learning in the scriptures of the Sugata and has trained well in the profound and vast meaning through the wisdom (shes rab) of study (thos pa),[153]Note 153 · p. 602 · Colophon, thos pa: all drafts have "hearing" in the triad thos bsam sgom; "study" per the glossary, since no particular act of hearing is meant. reflection (bsam pa) and meditation. It is complete.

Virtue! Virtue! Virtue!

Translation notes
  • 115. [p. 593] 'od gsal te (fourth and fifth cases): read as "the light shines clearly", since the fifth case has the genitive ye shes lnga yi 'od ("the light of the five primordial wisdoms"); so Claude Fable 5.2. Gemini 4 Neon and Dharmamitra take it as the term luminosity in both lines, GPT-6.2 Astra in the fourth only.
  • 116. [p. 593] rang snang grol: there is no case particle. Gemini 4 Neon and Dharmamitra have "liberated into self-appearance/self-display"; with GPT-6.2 Astra and Claude Fable 5.2 I take rang snang as what is liberated, parallel to bar do'i snang ba grol on p. 594.
  • 117. [p. 593] dran pa sad: here ordinary memory of the former life, not "mindfulness" as in the glossary.
  • 118. [p. 594] las kyis mngal sgo tha dad 'jug pa las: I read the second las as "from among" the womb doors entered through karma. Gemini 4 Neon and Dharmamitra make this person enter various wombs; GPT-6.2 Astra and Claude Fable 5.2 read a contrast with other beings ("though karma leads beings…"). The sense is the same in each case: this type gains a human birth with the seven qualities.
  • 119. [p. 595] srid pa'i bar do: rendered per the glossary (srid pa, "conditioned existence"); all drafts have the more familiar "intermediate state/bardo of becoming".
  • 120. [p. 595] gtan srid zin pa: literally to seize the permanent dominion or royal seat. I keep the image, as do Gemini 4 Neon, Claude Fable 5.2 and Dharmamitra ("citadel", "domain", "realm"); GPT-6.2 Astra's "gain a lasting hold" loses it.
  • 121. [p. 596] gang chen mtsho: read as gangs chen mtsho, the Great Glacial Lake (Himamahāsāgara), the saṃbhogakāya form of the buddhas of the five families. Gemini 4 Neon and Claude Fable 5.2 read it so; GPT-6.2 Astra's "vast ocean of great beings" and Dharmamitra's "Gaṅgāhrada" are misreadings.
  • 122. [p. 596] sprul sku'i de nyid: taken as "the very nature of the nirmāṇakāya" (Gemini 4 Neon, GPT-6.2 Astra, Dharmamitra; Claude Fable 5.2 "reality"). The genitive may stand for ni, in which case de nyid would be the saṃbhogakāya itself appearing like the moon's reflection.
  • 123. [p. 596] kun rtog ye shes: the context requires the wisdom of discernment (so sor rtog pa'i ye shes), which sees ji snyed and ji bzhin, not the glossary's "conceptual thinking" for kun rtog; all drafts agree.
  • 124. [p. 596] ye shes kun gyi bdag: "sovereign of all the primordial wisdoms" with Gemini 4 Neon, Claude Fable 5.2 and Dharmamitra; GPT-6.2 Astra reads bdag as "essence" (bdag nyid), which is also possible.
  • 125. [p. 596] The last line runs on to the next page ('byung / tshul ni); English word order requires "the way in which", so tshul ni is already rendered here.
  • 126. [p. 597] 'di bzhi nges bya ba: read as 'di bzhin ("as follows"), since only three modes are listed and explained. GPT-6.2 Astra and Dharmamitra translate "these four"; Claude Fable 5.2 and Gemini 4 Neon have "as follows / in this way".
  • 127. [p. 597] phyogs char chad rnams: taken, with Claude Fable 5.2, as the three positions themselves, each one-sided when held apart; this matches the conclusion on p. 598, where seeing the three as one frees from "grasping at sides". GPT-6.2 Astra, Dharmamitra and Gemini 4 Neon take it as persons ("those who fall into partiality"), which is also grammatically possible.
  • 128. [p. 598] rten med de ltar grub pas 'gag med de: the text as it stands ("since it is so established, it is unceasing", as Dharmamitra) gives no contrast for the following 'on kyang ("nevertheless") and contradicts the "without support" position. Read as grub pa 'ga' med de, "nothing whatsoever exists in that way", with Gemini 4 Neon. Claude Fable 5.2 ("it having ceased") and GPT-6.2 Astra ("acts as a cause") do not fit the wording.
  • 129. [p. 598] mchod sdong bsgrubs pa: understood as the consecrated shrine-pillar that goes on working after its maker is gone (cf. Bodhicaryāvatāra 9.36–37). Dharmamitra's "sacrificial pillar" is misleading.
  • 130. [p. 598] ji ltar 'tshams par bzhag nas: rendered "set forth in whatever way is fitting", with Claude Fable 5.2. GPT-6.2 Astra's "establishing beings" supplies an object the Tibetan does not have.
  • 131. [p. 598] snga ma lta bur: taken as referring back to the preceding presentation on p. 597 (dharmakāya, saṃbhogakāya, kāya of basic space), where the three modes are aspects of one buddhahood.
  • 132. [p. 598] mos pa: rendered "devotion" per the glossary default; "inclination" (toward the three paths) is also possible. GPT-6.2 Astra's "trust" is not used.
  • 133. [p. 599] yid bzhin: "just as one wishes", with Claude Fable 5.2, GPT-6.2 Astra and Gemini 4 Neon. Dharmamitra's "like a wish-fulfilling jewel" supplies a noun not in the text.
  • 134. [p. 599] lhun gyis grub (also p. 600): kept as "spontaneously present" per the glossary, since it is said of qualities and of joy, not of the two aims or activity. The drafts have "spontaneously accomplished".
  • 135. [p. 599] rang bzhin 'bad pa: rendered "strive of one's own accord", meaning effort that comes naturally rather than under compulsion. The drafts have "naturally" or "wholeheartedly" (GPT-6.2 Astra).
  • 136. [p. 599] sgrubs (and p. 600): rendered "accomplish" per the glossary, bare "practice" being reserved for nyams len. GPT-6.2 Astra and Gemini 4 Neon have "practice".
  • 137. [p. 599] legs par ser thob la: ser thob is unintelligible. Read as soms/sems thob ("consider well"), as all the drafts tacitly do and in parallel with 'gro ba soms on p. 600.
  • 138. [p. 599] sus bstongs: Adzom reads bstangs. The text's bstongs ("stand by, accompany") is kept, as it matches bstongs sam above and mi bstongs on p. 600; bstangs gives no distinct sense here and is probably a spelling variant or slip.
  • 139. [p. 599] gar 'gro … gdeng ci yod: the stanza is in the first person (bdag la) and is kept so throughout, as in Claude Fable 5.2. Dharmamitra turns it into the second person; GPT-6.2 Astra and Gemini 4 Neon switch person midway.
  • 140. [p. 600] de dus skyabs … tshol re ran: "for that hour", i.e. a refuge must be sought now. Dharmamitra's "At that moment, the time has come to seek refuge" reverses the sense.
  • 141. [p. 600] gnam sa 'dre ldog: taken as "heaven and earth overturned"; the spelling 'dre is doubtful (perhaps for 'dres, "mingled").
  • 142. [p. 600] 'chi dus rag ste: "rests on the time of death" (rag las), with Claude Fable 5.2, GPT-6.2 Astra and Gemini 4 Neon. Dharmamitra's "Whether wise … when the hour of death arrives, summon" misses rag.
  • 143. [p. 600] rang rig ye shes mchog … spyod: construed with Dharmamitra and Gemini 4 Neon as what one possesses and enjoys once welcomed by the victorious ones. Claude Fable 5.2 leaves the phrase in loose apposition.
  • 144. [p. 600] The page breaks off mid-word (snying / po'i don 'grub pa). The line has been completed through 'grub pa; the sentence continues in the next part from yid bzhin rin chen gdams pa'i snying po 'di.
  • 145. [p. 601] The first syllables of the page (… po'i don 'grub pa, "accomplishes the essential meaning") were already rendered at the end of the previous part and are not repeated. Dharmamitra alone also begins after them.
  • 146. [p. 601] bde gshegs snying po'i sar gzhol: all drafts have "ground"; the Tibetan is sa, not gzhi, so "level" per the glossary. For gzhol I follow Gemini 4 Neon/Claude Fable 5.2 "enter" rather than GPT-6.2 Astra/Dharmamitra "turn toward", since the next line assumes the state has been reached. GPT-6.2 Astra, Gemini 4 Neon, Claude Fable 5.2 "sugata essence" is replaced by the glossary's "sugatagarbha".
  • 147. [p. 601] lhun grub with don gnyis: rendered "spontaneously accomplished", as the glossary prescribes for the two aims.
  • 148. [p. 601] dam pa rnams: GPT-6.2 Astra "noble ones" would suggest 'phags pa; I use "holy beings" (cf. Gemini 4 Neon, Claude Fable 5.2, Dharmamitra).
  • 149. [p. 601] thar pa bsgrub / tshul bzhin bsgrubs pas: rendered "accomplish" per the glossary, where the drafts have "strive for" and "practicing".
  • 150. [p. 601] nyes pas kyang mi gos: the second kyang may be a scribal repetition, though the line scans with it. I render it lightly as "any fault" (as Gemini 4 Neon); the sense is unaffected.
  • 151. [p. 602] sgrub pa lhur len nyams len mthar phyin: GPT-6.2 Astra renders both sgrub pa and nyams len as "practice", losing the distinction; I keep "accomplishment" and "practice" (as Gemini 4 Neon, Claude Fable 5.2, Dharmamitra).
  • 152. [p. 602] dpal mgon bla ma dam pa: Dharmamitra has the plural "holy gurus, glorious protectors". The Tibetan has no plural marker, and I keep the singular (GPT-6.2 Astra, Gemini 4 Neon, Claude Fable 5.2).
  • 153. [p. 602] Colophon, thos pa: all drafts have "hearing" in the triad thos bsam sgom; "study" per the glossary, since no particular act of hearing is meant.
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the text announces and opens), and black the author's own words. Verse is set line by line and indented; prose runs on. Point at a heading, or a note number, or tap it, to read the summary or the note. The outline was found by AI (Claude Opus 5.5, November 2026) and placed by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineAuthor's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 593]
བརྒྱལ་ཐབས་གནས་པ་སྟེ། །དེ་ཉིད་སངས་ནས་ཡེ་ཤེས་འོད་དུ་འཆར།
།སྐུ་ཡི་རང་འོད་གསུང་གི་རང་སྒྲ་དང༌།
།ཐུགས་ཀྱི་ཟེར་གདངས་ཞག་ལྔར་འཆར་དུས་སུ།
།སྐུ་གསུང་ཐུགས་སུ་རང་ངོ་ཤེས་པས་གྲོལ།
།བཞི་པ་དབང་པོ་འབྲིང་གི་རྟུལ་པོ་ནི།
།ཞག་གསུམ་བར་རམ་ལྔ་རུ་བརྒྱལ་ཐབས་གནས།
།དེ་སངས་ཡེ་ཤེས་ལྔ་འཕྲོ་འོད་གསལ་ཏེ།
།དངངས་སྐྲག་མ་སྐྱེས་འཇིགས་མེད་རང་སྣང་གྲོལ།
།ལྔ་པ་དབང་པོ་ཐ་མའི་རྣོན་པོ་ནི།
།ཞག་གསུམ་བར་དུ་རིག་པ་བརྒྱལ་ཐབས་གནས།
།དེ་སངས་ཡེ་ཤེས་ལྔ་ཡི་འོད་གསལ་ཏེ།
།ཞག་ལྔ་ལོན་ནས་ཡེ་ཤེས་སྣང་བ་ནུབ།
།འོད་ལས་ཡུལ་དང་སྒྲ་ལས་ཟེར་དང་ནི།
།ཟེར་ལས་རྟོག་པར་ཤར་དང་དེ་ཡི་ཚེ།
།སྔོན་གྱི་ཡུལ་དང་ནོར་དང་མི་རྣམས་ཀྱི།
།དྲན་པ་སད་དུས་སྔ་མའི་ཆོས་དྲན་ནས།
།གཉེན་པོ་སད་དེ་འཛིན་མེད་རང་གསལ་གྱི།
།ཡེ་ཤེས་རང་

Abide as though in a swoon;
When they wake from that, primordial wisdom arises as light.
When the natural light of enlightened body, the natural sound of enlightened speech
And the radiance of the rays of enlightened mind arise for five days,
They are liberated by recognizing their own nature as enlightened body, speech and mind.

30.2.4 The dull among the middling དབང་པོ་འབྲིང་གི་རྟུལ་པོ30.2.4 The dull among the middling
After three to five days of swoon, the five wisdoms shine; without terror, self-appearances are liberated.

Fourth, the dull among those of middling faculties
Abide as though in a swoon for up to three days, or for five.
When they wake from that, the five primordial wisdoms radiate and their light shines clearly;[115]Note 115 · p. 593 · 'od gsal te (fourth and fifth cases): read as "the light shines clearly", since the fifth case has the genitive ye shes lnga yi 'od ("the light of the five primordial wisdoms"); so Claude Fable 5.2. Gemini 4 Neon and Dharmamitra take it as the term luminosity in both lines, GPT-6.2 Astra in the fourth only.
No panic or terror is born, and, fearless, their own appearances are liberated.[116]Note 116 · p. 593 · rang snang grol: there is no case particle. Gemini 4 Neon and Dharmamitra have "liberated into self-appearance/self-display"; with GPT-6.2 Astra and Claude Fable 5.2 I take rang snang as what is liberated, parallel to bar do'i snang ba grol on p. 594.

30.2.5 The sharp among the lowest faculties དབང་པོ་ཐ་མའི་རྣོན་པོ30.2.5 The sharp among the lowest faculties
After three days of swoon and five days of wisdom-light, thoughts arise; remembering the Dharma, the antidote awakens and bardo appearances are liberated as manifest awakening.

Fifth, for the sharp among those of the lowest faculties,
Awareness abides as though in a swoon for three days.
When they wake from that, the light of the five primordial wisdoms shines clearly,
And when five days have passed, the appearances of primordial wisdom fade.
From light, objects arise; from sound, rays;
And from rays, thoughts. At that time,
When memories of their former homeland,[117]Note 117 · p. 593 · dran pa sad: here ordinary memory of the former life, not "mindfulness" as in the glossary. wealth and people
Awaken, they remember the Dharma of before;
The antidote awakens, and the primordial wisdom
Of natural clarity, free of grasping,

[p. 594]
ཤར་བར་དོའི་སྣང་བ་གྲོལ། །ཆོས་དབྱིངས་ངང་དུ་མངོན་པར་བྱང་ཆུབ་ཡིན།
།དྲུག་པ་དབང་པོ་ཐ་མའི་རྟུལ་པོ་ནི།
།ཞག་གཅིག་རིག་པ་བརྒྱལ་ཐབས་གནས་པ་ལས།
།དེ་སངས་ཡེ་ཤེས་སྣང་བ་ཞག་གཅིག་འཆར།
།དེ་ནུབ་སྔ་མའི་གཟུགས་སུ་ཡོད་སྙམ་ཞིང༌།
།དབང་པོ་ཀུན་ཚང་གར་ཡང་ཐོགས་མེད་རྒྱུ།
།རྣམ་ཤེས་རྟེན་བྲལ་ཡུལ་དང་འདུག་ས་ཚོལ།
།ལས་ཀྱིས་མངལ་སྒོ་ཐ་དད་འཇུག་པ་ལས།
།དེ་ཉིད་མི་ལུས་ཡོན་ཏན་བདུན་ཐོབ་ནས།
།ཟབ་མོའི་ཆོས་ཕྲད་སྐྱེ་བ་དེས་གྲོལ་འགྱུར།
།དེ་ཡང་ཤིན་ཏུ་སྡིག་པ་ཅན་རྣམས་ལ།
།བར་དོ་མི་སྣང་ལུས་སེམས་བྲལ་མ་ཐག །རང་སྣང་འཁྲུལ་ནས་དམྱལ་བར་སྣང་བ་ཡིན། །སྡིག་པ་འབྲིང་སྤྱད་བར་དོ་ཡུན་ཐུང་གནས།
།དེ་ནས་ངན་སོང་གཞན་གཉིས་མྱོང་བ་ཡིན།
།དགེ་སྡིག་ཆ་སྙོམས་བར་དོ་ཡུན་རིང་སྟེ།
།ཞག་གྲངས་བཞི་བཅུ་རྩ་དགུ་གནས་པ་ལས།
།

Arises of itself, and the appearances of the intermediate state are liberated.
This is manifest awakening (mngon par byang chub) within the state of the basic space of phenomena.

30.2.6 The dull among the lowest faculties དབང་པོ་ཐ་མའི་རྟུལ་པོ30.2.6 The dull among the lowest faculties
After a day of swoon and a day of wisdom-appearances, they wander in a mental body seeking rebirth, obtain a human body with seven qualities, meet the profound Dharma and are liberated in that life.

Sixth, for the dull among those of the lowest faculties,
Awareness abides as though in a swoon for one day;
When they wake from that, the appearances of primordial wisdom arise for one day.
When these fade, they think they exist in their former form;
With all their sense faculties complete, they move anywhere unimpeded.
Consciousness, bereft of support, seeks a land and a place to stay.
Of the various womb doors that are entered through karma,[118]Note 118 · p. 594 · las kyis mngal sgo tha dad 'jug pa las: I read the second las as "from among" the womb doors entered through karma. Gemini 4 Neon and Dharmamitra make this person enter various wombs; GPT-6.2 Astra and Claude Fable 5.2 read a contrast with other beings ("though karma leads beings…"). The sense is the same in each case: this type gains a human birth with the seven qualities.
Such a one obtains a human body with the seven qualities,
Meets the profound Dharma, and will be liberated in that birth.

30.3 The bardo of those with misdeeds སྡིག་པ་ཅན་རྣམས་ཀྱི་བར་དོ30.3 The bardo of those with misdeeds (topical division)
Great evildoers go straight to hell, middling ones briefly through the bardo to lower realms, mixed ones stay forty-nine days; the bardo of becoming arises for the dull. Hence abandon nonvirtue now and secure the nature of mind.

Moreover, for those of very great misdeeds
No intermediate state appears: the instant body and mind have parted,
Their own appearances turn to delusion and appear as hell.
Those who have committed middling misdeeds stay a short while in the intermediate state
And then experience the other two lower realms (ngan song).
For those whose virtue and misdeeds are evenly balanced, the intermediate state is long:
Having stayed for forty-nine days,

[p. 595]
དེ་ནས་ལས་ཀྱིས་ལུས་ལེན་འགྱུར་བ་ཡིན། །དེ་ཡང་ཆོས་ཉིད་བར་དོ་ནུབ་པ་ལས།
།རྟུལ་པོ་གཉིས་ལ་སྲིད་པའི་བར་དོ་འཆར།
།དེ་བས་ད་ལྟ་མི་དགེ་རྣམ་སྤངས་ཏེ།
།དགེ་སྒྲུབ་སེམས་ཉིད་གཏན་སྲིད་ཟིན་པ་གཅེས།
།ཕན་པའི་གདམས་ངག་ཡིན་ནོ་སེམས་ལ་ཞོག །མཐར་ཐུག་འབྲས་བུ་མངོན་དུ་གྱུར་པའི་ཚེ། །མངོན་པར་བྱང་ཆུབ་ཆོས་དྲུག་བསྟན་པ་ནི།
།གཟུང་འཛིན་འཁྲུལ་པའི་བག་ཆགས་ཀུན་བྲལ་ནས།
།འཁྲུལ་སྣང་འཁྲུལ་འཛིན་དབྱིངས་སུ་ནུབ་པ་ཡིན།
།སྤྲིན་དེངས་ཉི་མཁའ་བཞིན་དུ་དག་པའི་ཚེ།
།དང་པོ་ཆོས་སྐུ་དག་པ་གཉིས་ལྡན་ནི།
།གསལ་བའི་ཡེ་ཤེས་ཆོས་ཉིད་དབྱིངས་སུ་ཤར།
།སྤྲོས་བྲལ་འོད་གསལ་ཁྱབ་གདལ་ཆེན་པོ་ཉིད།
།ལྷུན་གྲུབ་ཀ་དག་ཕྱོགས་ལ་གྲོལ་བ་ཡིན།
།གཉིས་པ་ལོངས་སྤྱོད་རྫོགས་སྐུ་དག་པ་ནི།
།དེ་ཉིད་ངང་ལས་ས་བཅུའི་སེམས་དཔའ་ལ།
།

They then come to take a body through karma.
Moreover, once the intermediate state of the nature of phenomena has faded,
For the two dull kinds the intermediate state of conditioned existence (srid pa'i bar do)[119]Note 119 · p. 595 · srid pa'i bar do: rendered per the glossary (srid pa, "conditioned existence"); all drafts have the more familiar "intermediate state/bardo of becoming". arises.
Therefore, right now, abandon nonvirtue completely,
Accomplish virtue, and secure the lasting dominion of the nature of mind:[120]Note 120 · p. 595 · gtan srid zin pa: literally to seize the permanent dominion or royal seat. I keep the image, as do Gemini 4 Neon, Claude Fable 5.2 and Dharmamitra ("citadel", "domain", "realm"); GPT-6.2 Astra's "gain a lasting hold" loses it. this is what matters most.
This is beneficial oral instruction (gdams ngag): keep it in mind.

31 Six points of manifest awakening མངོན་པར་བྱང་ཆུབ་ཆོས་དྲུག31 Six points of manifest awakening
The ultimate fruition: dharmakāya with twofold purity, the saṃbhogakāya appearing to tenth-level bodhisattvas, the nirmāṇakāya emanations, and the six wisdoms. It also explains how compassion arises and is born, and how activity benefits beings with support, without support and by essential nature.

When the ultimate fruition has become manifest,
The six points of manifest awakening are taught as follows.
Free of all habitual tendencies of the delusion of perceived and perceiver,
Deluded appearances and deluded grasping have subsided into basic space.
When all is pure, like the sun and sky once the clouds have dispersed,

31.1 Dharmakāya with twofold purity ཆོས་སྐུ་དག་པ་གཉིས་ལྡན31.1 Dharmakāya with twofold purity
Clear wisdom arises in basic space; all-pervading luminosity free of elaboration is spontaneous presence liberated into primordial purity.

First, the dharmakāya endowed with the twofold purity:
Clear primordial wisdom has arisen in the basic space of the nature of phenomena;
Luminosity free of conceptual elaboration (spros bral), the great all-pervading vastness itself,
Is spontaneous presence liberated into primordial purity.

31.2 The pure saṃbhogakāya ལོངས་སྤྱོད་རྫོགས་སྐུ་དག་པ31.2 The pure saṃbhogakāya
To tenth-level bodhisattvas the five families appear rainbow-like with the major and minor marks.

Second, the pure saṃbhogakāya (longs spyod rdzogs sku):
From within that very state, to the bodhisattvas of the ten levels (sa bcu),

[p. 596]
འཇའ་ཚོན་ལྟ་བུ་རིགས་ལྔ་གང་ཆེན་མཚོ། །མཚན་རྫོགས་དཔེ་བྱད་འབར་བ་སྣང་བ་ཡིན།
།གསུམ་པ་སྤྲུལ་སྐུའི་དེ་ཉིད་ཟླ་གཟུགས་བཞིན།
།གདུལ་བྱའི་ཆུ་སྣོད་གང་ཡོད་དེར་སྣང་སྟེ།
།བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་པ་སོགས།
།གང་ལ་གང་འདུལ་དེ་ལ་དེར་སྣང་བས།
།འགྲོ་དྲུག་གནས་ན་སྲིད་པ་ཇི་སྲིད་བར།
།སེམས་ཅན་དོན་མཛད་འཕྲིན་ལས་བསམ་མི་ཁྱབ།
།སྐུ་ལ་བརྟེན་པའི་ཡེ་ཤེས་དྲུག་ལྡན་ནི།
།ཆོས་དབྱིངས་ཡེ་ཤེས་ཆོས་ཉིད་འཕོ་འགྱུར་མེད།
།མེ་ལོང་ཡེ་ཤེས་རང་གསལ་ཀུན་སྣང་གཞི།
།མཉམ་ཉིད་ཡེ་ཤེས་རོ་གཅིག་འབྱེད་པ་མེད།
།ཀུན་རྟོག་ཡེ་ཤེས་ཇི་སྙེད་ཇི་བཞིན་གཟིགས།
།བྱ་གྲུབ་ཡེ་ཤེས་མཛད་པ་བསམ་མི་ཁྱབ།
།ལྷུན་གྲུབ་ཡེ་ཤེས་འདུས་མ་བྱས་ཉིད་ནི།
།དཔེ་བྲལ་རྒྱལ་བའི་ཡེ་ཤེས་ཀུན་གྱི་བདག །ནོར་བུ་བཞིན་དུ་མི་རྟོག་དོན་ཀུན་འབྱུང༌། །བཞི་པ་ཐུགས་རྗེ་འགྲོ་ལ་འབྱུང་

Like a rainbow, the five families, the Great Glacial Lake (gangs chen mtsho),[121]Note 121 · p. 596 · gang chen mtsho: read as gangs chen mtsho, the Great Glacial Lake (Himamahāsāgara), the saṃbhogakāya form of the buddhas of the five families. Gemini 4 Neon and Claude Fable 5.2 read it so; GPT-6.2 Astra's "vast ocean of great beings" and Dharmamitra's "Gaṅgāhrada" are misreadings.
Appear, complete with the major marks and blazing with the minor marks.

31.3 The nirmāṇakāya སྤྲུལ་སྐུ31.3 The nirmāṇakāya
Like the moon reflected in water, it appears to each being as artistic, birth and supreme emanations; followed by the six wisdoms resting on the kāyas, from dharmadhātu wisdom to spontaneously present wisdom.

Third, the very nature of the nirmāṇakāya:[122]Note 122 · p. 596 · sprul sku'i de nyid: taken as "the very nature of the nirmāṇakāya" (Gemini 4 Neon, GPT-6.2 Astra, Dharmamitra; Claude Fable 5.2 "reality"). The genitive may stand for ni, in which case de nyid would be the saṃbhogakāya itself appearing like the moon's reflection. like the moon's reflection,
It appears wherever there are water vessels, those to be tamed (gdul bya).
As emanations of artistry, emanations of birth, supreme emanations and so forth,
It appears to each in whatever way will tame them,
And so, in the abodes of the six classes of beings ('gro drug), for as long as conditioned existence lasts,
It acts for the benefit of sentient beings, its enlightened activity inconceivable.
As for the six primordial wisdoms that rest upon the kāyas:
The primordial wisdom of the basic space of phenomena is the nature of phenomena, without transition or change;
Mirror-like primordial wisdom is naturally clear, the ground of all that appears;
The primordial wisdom of equality is one taste, without division;
All-discerning primordial wisdom (kun rtog ye shes)[123]Note 123 · p. 596 · kun rtog ye shes: the context requires the wisdom of discernment (so sor rtog pa'i ye shes), which sees ji snyed and ji bzhin, not the glossary's "conceptual thinking" for kun rtog; all drafts agree. sees all that there is, and just as it is;
All-accomplishing primordial wisdom is inconceivable in its deeds;
Spontaneously present primordial wisdom, the unconditioned ('dus ma byas) itself,
Is beyond compare, the sovereign of all the primordial wisdoms[124]Note 124 · p. 596 · ye shes kun gyi bdag: "sovereign of all the primordial wisdoms" with Gemini 4 Neon, Claude Fable 5.2 and Dharmamitra; GPT-6.2 Astra reads bdag as "essence" (bdag nyid), which is also possible. of the victorious ones;
Like a jewel, nonconceptual, it is the source of every aim.

31.4 How compassion arises for beings ཐུགས་རྗེ་འགྲོ་ལ་འབྱུང་ཚུལ31.4 How compassion arises for beings
Compassion arises from bodhicitta, aspirations and the two accumulations, and by the power of wisdom within spontaneous presence.

Fourth, the way in which compassion arises for beings:[125]Note 125 · p. 596 · The last line runs on to the next page ('byung / tshul ni); English word order requires "the way in which", so tshul ni is already rendered here.

[p. 597]
ཚུལ་ནི། །སེམས་བསྐྱེད་སྨོན་ལམ་ཚོགས་གཉིས་བསགས་པ་དང༌།
།ལྷུན་གྲུབ་ངང་ལས་ཡེ་ཤེས་སྟོབས་ཀྱིས་འབྱུང༌།
།ལྔ་པ་ཐུགས་རྗེ་ཇི་ལྟར་སྐྱེ་ཚུལ་ནི།
།རང་བཞིན་ཤུགས་ཀྱིས་ཐུགས་རྗེ་སྐྱེ་བ་དང༌།
།ཡུལ་དང་ཕྲད་པའི་ཐུགས་རྗེ་སྐྱེ་བ་དང༌།
།བསྐུལ་ཞིང་གསོལ་བ་གདབ་ལས་སྐྱེ་བའོ། །དྲུག་པ་དེ་ལས་འགྲོ་དོན་མཛད་ཚུལ་ནི།
།རྟེན་ཅན་རྟེན་མེད་ངོ་བོ་ཉིད་གསུམ་སྟེ།
།ཕྱོགས་ཆར་ཆད་རྣམས་འདི་བཞི་ངེས་བྱ་བ།
།ཆོས་སྐུས་གོ་འབྱེད་རྟེན་མེད་དོན་མཛད་ཅིང༌།
།སྨོན་ལམ་སེམས་བསྐྱེད་ནུས་པས་སྒྲིབ་སྦྱངས་ཏེ།
།འགྲོ་ལ་གཟུགས་སྐུ་སྣང་བར་མཛད་པའོ། །ལོངས་སྐུ་ཡེ་ཤེས་ཐུགས་རྗེ་རང་སྣང་བས།
།རྟེན་ཅན་དོན་མཛད་ས་བཅུའི་སྒྲིབ་པ་སྦྱོང༌།
།ངོ་བོ་ཉིད་ཀྱིས་དོན་མཛད་དབྱིངས་ཀྱི་སྐུ།
།ཡོད་མེད་སྒྲོ་སྐུར་ཞི་བའི་ངང་ཉིད་ལས།
།གདུལ་བྱ་རྣམས་ལ་གང་འདོད་དེར་སྣང་བས།
།

It arises from having aroused bodhicitta, made prayers of aspiration (smon lam) and gathered the two accumulations,
And, from within the state of spontaneous presence, by the power of primordial wisdom.

31.5 How compassion is born ཐུགས་རྗེ་ཇི་ལྟར་སྐྱེ་ཚུལ31.5 How compassion is born
Compassion arises by its own force, on meeting an object, and through being exhorted and supplicated.

Fifth, the way in which compassion arises:
Compassion arises by its own natural force;
Compassion arises on meeting with an object;
And it arises from being exhorted and supplicated.

31.6 How it acts for beings འགྲོ་དོན་མཛད་ཚུལ31.6 How it acts for beings
Benefit with support, without support and by essential nature, tied to the kāyas and to tenet positions; the three are ultimately one, freeing from the cage of existence and nonexistence.

Sixth, the way in which it then acts for the benefit of beings:
There are three ways: with a support, without a support, and by essential nature (ngo bo nyid).
As positions that fall to one side,[127]Note 127 · p. 597 · phyogs char chad rnams: taken, with Claude Fable 5.2, as the three positions themselves, each one-sided when held apart; this matches the conclusion on p. 598, where seeing the three as one frees from "grasping at sides". GPT-6.2 Astra, Dharmamitra and Gemini 4 Neon take it as persons ("those who fall into partiality"), which is also grammatically possible. they are to be ascertained as follows.[126]Note 126 · p. 597 · 'di bzhi nges bya ba: read as 'di bzhin ("as follows"), since only three modes are listed and explained. GPT-6.2 Astra and Dharmamitra translate "these four"; Claude Fable 5.2 and Gemini 4 Neon have "as follows / in this way".
The dharmakāya opens the way and acts for benefit without a support:
Through the power of prayers of aspiration and of arousing bodhicitta, obscurations are purified,
And it makes the rūpakāya (gzugs sku) appear to beings.
The saṃbhogakāya, being the self-appearance of primordial wisdom and compassion,
Acts for benefit with a support, purifying the obscurations of the ten levels.
Acting for benefit by essential nature, the kāya of basic space,
From within the very state in which exaggeration and denigration (sgro skur), as existent or nonexistent, are stilled,
Appears to those to be tamed as whatever they wish,

[p. 598]
སྣ་ཚོགས་སྤྲུལ་པས་དོན་ཀུན་མཛད་པ་ཡིན། །གྲུབ་པའི་མཐའ་ལས་རྟེན་ཅན་དོན་མཛད་པ།
།མཐར་ཐུག་རྫོགས་པའི་སངས་རྒྱས་ས་དེ་ན།
།སྐུ་དང་ཡེ་ཤེས་གྲུབ་པས་དོན་མཛད་འདོད།
།རྟེན་མེད་དེ་ལྟར་གྲུབ་པས་འགག་མེད་དེ།
།འོན་ཀྱང་དྲང་སྲོང་མཆོད་སྡོང་བསྒྲུབས་པ་བཞིན།
།སྨོན་ལམ་དབང་གིས་དེ་ལྟར་སྣང་བར་འདོད།
།ངོ་བོ་ཉིད་ཀྱིས་དོན་གཉིས་མཛད་པ་ཡང༌།
།དེ་དག་གཉིས་ལྟར་ཡོད་མེད་སྒྲོ་སྐུར་གྲོལ།
།དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་དེ་ལས།
།ཇི་ལྟར་འཚམས་པར་བཞག་ནས་དོན་བྱེད་འདོད།
།འདི་དག་གསུམ་ཡང་དོན་ལ་གཅིག་དགོས་པས།
།སྔ་མ་ལྟ་བུར་ཁོང་དུ་ཆུད་པར་བྱ།
།དེ་ཡིས་ཕྱོགས་འཛིན་ཡོད་མེད་གཟེབ་ལས་གྲོལ།
།དེ་ལྟར་བླ་མེད་བྱང་ཆུབ་བརྙེས་པ་ནི།
།སོ་སོ་སྐྱེ་བོ་མོས་པ་ཕུན་ཚོགས་ལ།
།ཐུན་མོང་ཁྱད་པར་མཆོག་གི་ལམ་གསུམ་ལ།
།བརྟེན་ནས་འབད་པས་རིམ་

And so, through manifold emanations, accomplishes every benefit.

Among the philosophical tenets (grub pa'i mtha'), the position of acting for benefit with a support
Holds that on that level of ultimate, perfect buddhahood
The kāyas and primordial wisdoms exist, and so act for benefit.
The position of acting without a support is that nothing whatsoever exists in that way;[128]Note 128 · p. 598 · rten med de ltar grub pas 'gag med de: the text as it stands ("since it is so established, it is unceasing", as Dharmamitra) gives no contrast for the following 'on kyang ("nevertheless") and contradicts the "without support" position. Read as grub pa 'ga' med de, "nothing whatsoever exists in that way", with Gemini 4 Neon. Claude Fable 5.2 ("it having ceased") and GPT-6.2 Astra ("acts as a cause") do not fit the wording.
Nevertheless, as with the shrine-pillar consecrated by the ṛṣi,[129]Note 129 · p. 598 · mchod sdong bsgrubs pa: understood as the consecrated shrine-pillar that goes on working after its maker is gone (cf. Bodhicaryāvatāra 9.36–37). Dharmamitra's "sacrificial pillar" is misleading.
It holds that they appear in that way through the power of prayers of aspiration.
As for accomplishing the two aims by essential nature:
Free of exaggeration and denigration, as existent or nonexistent, in the manner of those two,
It holds that from that inseparable svābhāvikakāya (ngo bo nyid kyi sku)
Benefit is brought about, set forth in whatever way is fitting.[130]Note 130 · p. 598 · ji ltar 'tshams par bzhag nas: rendered "set forth in whatever way is fitting", with Claude Fable 5.2. GPT-6.2 Astra's "establishing beings" supplies an object the Tibetan does not have.
Since these three, too, must in fact be one,
They should be understood in the manner of the foregoing.[131]Note 131 · p. 598 · snga ma lta bur: taken as referring back to the preceding presentation on p. 597 (dharmakāya, saṃbhogakāya, kāya of basic space), where the three modes are aspects of one buddhahood.
Thereby one is freed from the cage of existence and nonexistence, of grasping at sides.

32 Attaining unsurpassed awakening བླ་མེད་བྱང་ཆུབ་བརྙེས་པ32 Attaining unsurpassed awakening (topical division)
Ordinary devoted individuals reach awakening gradually by relying on the common, special and supreme paths; hence strive on the path of liberation.

As for the attainment of unsurpassed awakening in this way:
Ordinary individuals of excellent devotion (mos pa),[132]Note 132 · p. 598 · mos pa: rendered "devotion" per the glossary default; "inclination" (toward the three paths) is also possible. GPT-6.2 Astra's "trust" is not used.
Relying on the three paths, the common, the special and the supreme,
Through their efforts progress

[p. 599]
གྱིས་གོང་བགྲོད་དེ། །ཡོན་ཏན་ཡིད་བཞིན་ལྷུན་གྱིས་གྲུབ་པས་ན།
།ཐར་ལམ་བསྒྲུབ་ལ་རང་བཞིན་འབད་པ་གཅེས།
།དེང་སང་དུས་ངན་བསམས་ཤིང་སྐྱོ་བ་འཕེལ།
།ཚེ་ལ་ལོང་མེད་ཡེང་མའི་ལམ་ལ་འཛད།
།ཤེས་བྱ་ཐུག་མེད་སྤྲོས་ལ་ཟད་པ་མེད།
།དེ་བས་ཉིན་མཚན་སྙིང་པོའི་ཆོས་སྒྲུབས་ཤིག །ཚེ་འདིའི་བྱ་བ་ཤི་ཤིར་ཟིན་དུས་མེད། །གཅིག་གིས་གཅིག་ཁྲིད་ཆུ་ཡི་གཉེར་མ་འདྲ།
།འཆི་དུས་བསྟོངས་སམ་ལེགས་པར་སེར་ཐོབ་ལ།
།དེ་རིང་ཉིད་ནས་ཐར་པའི་བྱང་ཆུབ་སྒྲུབས།
།གར་འགྲོ་ཅིར་འགྱུར་བདག་ལ་ཆ་ཡོད་པ།
།སུས་བསྟོངས་འདིར་བདེ་མི་འཇིགས་གདེང་ཅི་ཡོད།
།དེ་བས་ད་ལྟ་རང་དབང་ཡོད་དུས་སུ།
།གཏན་ཡུལ་ཐར་པའི་གནས་སུ་སྙེགས་རེ་རན།
།ལུས་དང་ལོངས་སྤྱོད་མཛའ་བཤེས་གཉེན་འདུན་དང༌།
།ཚེ་འདིའི་སྣང་བ་མ་ལུས་ཀུན་བོར་ནས།
།གཅིག་པུ་སུས་

gradually higher and higher,
And the enlightened qualities become spontaneously present,[134]Note 134 · p. 599 · lhun gyis grub (also p. 600): kept as "spontaneously present" per the glossary, since it is said of qualities and of joy, not of the two aims or activity. The drafts have "spontaneously accomplished". just as one wishes;[133]Note 133 · p. 599 · yid bzhin: "just as one wishes", with Claude Fable 5.2, GPT-6.2 Astra and Gemini 4 Neon. Dharmamitra's "like a wish-fulfilling jewel" supplies a noun not in the text.
Therefore it is vital to strive, of one's own accord,[135]Note 135 · p. 599 · rang bzhin 'bad pa: rendered "strive of one's own accord", meaning effort that comes naturally rather than under compulsion. The drafts have "naturally" or "wholeheartedly" (GPT-6.2 Astra). to accomplish the path of liberation.

33 Exhortation to practice the essential Dharma སྙིང་པོའི་ཆོས་སྒྲུབས་ཤིག33 Exhortation to practice the essential Dharma (topical division)
Closing exhortation: life is short, worldly tasks endless, death certain and solitary; practise the Dharma now to reach liberation's palace. The author, a 'beggar without Dharma', offers this as heartfelt advice.

Nowadays, when I think of these evil times, my weariness grows.
Life has no time to spare, and it is used up on the path of distraction.
Things to be known have no limit; conceptual elaboration has no end.
Therefore, day and night, accomplish the essential Dharma![136]Note 136 · p. 599 · sgrubs (and p. 600): rendered "accomplish" per the glossary, bare "practice" being reserved for nyams len. GPT-6.2 Astra and Gemini 4 Neon have "practice".

The activities of this life are never finished, even unto death;
One leading on to another, they are like ripples on water.
Will they stand by you at the time of death? Consider this well,[137]Note 137 · p. 599 · legs par ser thob la: ser thob is unintelligible. Read as soms/sems thob ("consider well"), as all the drafts tacitly do and in parallel with 'gro ba soms on p. 600.
And from this very day accomplish the awakening of liberation (thar pa).

Where I shall go, what I shall become:[139]Note 139 · p. 599 · gar 'gro … gdeng ci yod: the stanza is in the first person (bdag la) and is kept so throughout, as in Claude Fable 5.2. Dharmamitra turns it into the second person; GPT-6.2 Astra and Gemini 4 Neon switch person midway. have I any knowledge of this?
Who will stand by me?[138]Note 138 · p. 599 · sus bstongs: Adzom reads bstangs. The text's bstongs ("stand by, accompany") is kept, as it matches bstongs sam above and mi bstongs on p. 600; bstangs gives no distinct sense here and is probably a spelling variant or slip. What confidence have I, to be at ease here and unafraid?
Therefore now, while I am still my own master,
It is high time to make for the lasting homeland, the abode of liberation.

Body and possessions, friends, loved ones and kin,
And all the appearances of this life without exception: leaving them all behind,

[p. 600]
ཀྱང་མི་བསྟོངས་འགྲོ་བ་སོམས། །དེ་དུས་སྐྱབས་དང་དཔུང་གཉེན་ཚོལ་རེ་རན།
།ད་ལྟའི་འདི་བཞིན་གཏན་དུ་མི་འོང་བས།
།གནམ་ས་འདྲེ་ལྡོག་འཆི་བདག་འབྱུང་བའི་ཚེ།
།བདག་གིས་ཅི་བྱ་དེ་དུས་སུ་ལ་རེ།
།དེ་བས་ད་ལྟ་དམ་པའི་ཆོས་སྒྲུབས་ཤིག །མཛངས་དང་གྲོས་འདུན་མཁས་དང་མི་མཁས་དང༌། །འཆི་དུས་རག་སྟེ་དགེ་བའི་དཔུང་ཚོགས་བསྐྱེད།
།སྙིང་པོའི་སེམས་ཉིད་གཉུག་མའི་དོན་ལ་སྒོམས།
།མཐོ་རིས་བདེ་འགྲོའི་དགའ་བདེ་ལྷུན་གྱིས་གྲུབ།
།ཐར་པའི་གནས་བཟང་རིན་ཆེན་ཕོ་བྲང་དུ།
།རྒྱལ་བས་སྔུན་བསུ་རང་རིག་ཡེ་ཤེས་མཆོག །བྱང་ཆུབ་འབྱོར་པ་ཤིན་ཏུ་མཐའ་ཡས་ཤིང༌། །རྟག་ཏུ་མི་འགྱུར་བདེ་ཆེན་དོན་ལ་སྤྱོད། །ཆོས་མེད་སྤྲང་པོ་བདག་གིས་དེ་སྐད་བསྐུལ། །ཕན་པའི་སྙིང་གཏམ་ལགས་ཀྱིས་སེམས་ལ་ཞོག །དེ་ལྟར་ཆོས་ཚུལ་ཡོན་ཏན་རིན་ཆེན་མཛོད། །དྲུག་ཚན་རེས་ཀྱང་སྙིང་

Think how you will go alone, with no one at all to stand by you.
It is high time to seek a refuge and an ally for that hour.[140]Note 140 · p. 600 · de dus skyabs … tshol re ran: "for that hour", i.e. a refuge must be sought now. Dharmamitra's "At that moment, the time has come to seek refuge" reverses the sense.

Things will not always be as they are now;
When heaven and earth are overturned[141]Note 141 · p. 600 · gnam sa 'dre ldog: taken as "heaven and earth overturned"; the spelling 'dre is doubtful (perhaps for 'dres, "mingled"). and the Lord of Death appears,
What shall I do? In whom shall I place my hope at that time?
Therefore accomplish the sacred Dharma (dam pa'i chos) now!

Whether one is wise, whether skilled or unskilled in counsel,
Rests on the time of death;[142]Note 142 · p. 600 · 'chi dus rag ste: "rests on the time of death" (rag las), with Claude Fable 5.2, GPT-6.2 Astra and Gemini 4 Neon. Dharmamitra's "Whether wise … when the hour of death arrives, summon" misses rag. so muster the forces of virtue.
Meditate on what is innate, the nature of mind, the very essence.
The joy and happiness of the higher realms (mtho ris), the happy realms (bde 'gro), will be spontaneously present.
In the jewel palace, the excellent abode of liberation,
Welcomed by the victorious ones, with supreme self-knowing primordial wisdom[143]Note 143 · p. 600 · rang rig ye shes mchog … spyod: construed with Dharmamitra and Gemini 4 Neon as what one possesses and enjoys once welcomed by the victorious ones. Claude Fable 5.2 leaves the phrase in loose apposition.
And the wealth of awakening utterly boundless,
You will forever enjoy the meaning of unchanging great bliss (bde chen).

I, a beggar without Dharma, exhort you in these words.
This is heartfelt advice meant to help, so keep it in mind.

34 Statement on the work ཡིད་བཞིན་རིན་ཆེན་གདམས་པའི་སྙིང་པོ34 Statement on the work (topical division)
The author states that this treasury, in which each set of six accomplishes the essence, was set forth for the faithful seeking liberation.

Thus, this precious treasury of qualities, the ways of the Dharma,
In which even a single set of six accomplishes the essential meaning,[144]Note 144 · p. 600 · The page breaks off mid-word (snying / po'i don 'grub pa). The line has been completed through 'grub pa; the sentence continues in the next part from yid bzhin rin chen gdams pa'i snying po 'di.

[p. 601]
པོའི་དོན་འགྲུབ་པ། །ཡིད་བཞིན་རིན་ཆེན་གདམས་པའི་སྙིང་པོ་འདི།
།དད་ལྡན་ཐར་པ་བསྒྲུབ་རྣམས་དོན་དུ་སྤྲོས།
།དགེ་བ་དེ་ཡིས་བདག་དང་འགྲོ་བ་ཀུན།
།མ་ལུས་བདེ་གཤེགས་སྙིང་པོའི་སར་གཞོལ་ནས།
།སྤངས་དང་རྟོགས་པའི་ཡོན་ཏན་ཕུན་ཚོགས་ཏེ།
།དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །སྲིད་ན་མི་སྐྱོ་སེམས་ཅན་དོན་བསྒྲུབ་ཅིང༌། །དམ་པ་རྣམས་ལས་ཆོས་ཀྱི་མཛོད་ཐོས་ཏེ། །ཚུལ་བཞིན་བསྒྲུབས་པས་རྒྱལ་བ་མཉེས་པར་ཤོག །བྱང་ཆུབ་ཐོབ་ཀྱང་སེམས་ཅན་མི་འདོར་ཞིང༌། །འཁོར་བར་གནས་ཀྱང་ཉེས་པས་ཀྱང་མི་གོས། །མཐོང་ཐོས་དྲན་རེག་ཐར་པའི་ལམ་འདྲེན་པས། །རྒྱལ་བ་སྲས་བཅས་རབ་ཏུ་མཉེས་པར་ཤོག །སྐལ་ལྡན་རྣམས་ལ་ཟབ་མོའི་ཆོས་སྟོན་ཅིང༌། །སྐལ་མེད་རྣམས་ལ་ཆོས་ཀྱི་ས་བོན་འདེབས། །

This wish-fulfilling jewel, the very essence of instruction,
I have set forth for the sake of the faithful who strive to accomplish liberation.[149]Note 149 · p. 601 · thar pa bsgrub / tshul bzhin bsgrubs pas: rendered "accomplish" per the glossary, where the drafts have "strive for" and "practicing".

35 Dedication and aspirations བསྔོ་བ་དང་སྨོན་ལམ35 Dedication and aspirations (topical division)
Dedication of merit for all beings to attain sugatagarbha, and aspirations to serve beings tirelessly, please the victorious ones, teach the Dharma and please the guru.

By this virtue, may I and all beings,
Without exception, enter the level of sugatagarbha (bde gshegs snying po),[146]Note 146 · p. 601 · bde gshegs snying po'i sar gzhol: all drafts have "ground"; the Tibetan is sa, not gzhi, so "level" per the glossary. For gzhol I follow Gemini 4 Neon/Claude Fable 5.2 "enter" rather than GPT-6.2 Astra/Dharmamitra "turn toward", since the next line assumes the state has been reached. GPT-6.2 Astra, Gemini 4 Neon, Claude Fable 5.2 "sugata essence" is replaced by the glossary's "sugatagarbha".
Perfect in full the qualities of abandonment and realization,
And become kings of Dharma for whom the two aims are spontaneously accomplished.[147]Note 147 · p. 601 · lhun grub with don gnyis: rendered "spontaneously accomplished", as the glossary prescribes for the two aims.

May I too, from this day on, throughout all my lives,
Never weary of conditioned existence (srid pa) as I accomplish the welfare of sentient beings;
And, hearing the treasury of the Dharma from holy beings,[148]Note 148 · p. 601 · dam pa rnams: GPT-6.2 Astra "noble ones" would suggest 'phags pa; I use "holy beings" (cf. Gemini 4 Neon, Claude Fable 5.2, Dharmamitra).
May I please the victorious ones by accomplishing it as it should be done.

Though I attain awakening, may I not forsake sentient beings;
Though I dwell in saṃsāra, may I be unstained by any fault;[150]Note 150 · p. 601 · nyes pas kyang mi gos: the second kyang may be a scribal repetition, though the line scans with it. I render it lightly as "any fault" (as Gemini 4 Neon); the sense is unaffected.
And by leading onto the path of liberation all who see, hear, recall or touch me,
May I utterly delight the victorious ones and their heirs.

Teaching the profound Dharma to the fortunate,
Planting the seeds of Dharma in those who lack such fortune,[145]Note 145 · p. 601 · The first syllables of the page (… po'i don 'grub pa, "accomplishes the essential meaning") were already rendered at the end of the previous part and are not repeated. Dharmamitra alone also begins after them.

[p. 602]
སྒྲུབ་པ་ལྷུར་ལེན་ཉམས་ལེན་མཐར་ཕྱིན་པས། །དཔལ་མགོན་བླ་མ་དམ་པ་མཉེས་པར་ཤོག །མན་ངག་རིན་པོ་ཆེའི་མཛོད་ཅེས་བྱ་བ། བདེ་བར་གཤེགས་པའི་གསུང་རབ་ལ་མང་དུ་ཐོས་པའི་ནོར་གྱིས་འབྱོར་ཞིང༌། ཟབ་པ་དང༌། རྒྱ་ཆེ་བའི་དོན་ལ། ཐོས་པ་དང༌། བསམ་པ་དང༌། སྒོམ་པའི་ཤེས་རབ་ཀྱིས་ལེགས་པར་སྦྱངས་པ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་སྦྱར་བ་རྫོགས་སོ། །དགེའོ།། དགེའོ།། དགེའོ།།

Devoting myself wholeheartedly to accomplishment and bringing practice (nyams len)[151]Note 151 · p. 602 · sgrub pa lhur len nyams len mthar phyin: GPT-6.2 Astra renders both sgrub pa and nyams len as "practice", losing the distinction; I keep "accomplishment" and "practice" (as Gemini 4 Neon, Claude Fable 5.2, Dharmamitra). to its consummation,