Chos dbyings mdzod (Longchenpa): Closing commentary (2)

From Rangjung Yeshe Wiki Texts
Chos dbyings mdzod (Longchenpa)Chos dbyings mdzod (Longchenpa): Closing commentary (2)
< Chos dbyings mdzod (Longchenpa)
Revision as of 10:49, 24 November 2026 by Eric (talk | contribs) (Chos dbyings mdzod study edition (root verses and Lung gi gter mdzod): ten editions, critical edition, translation, bilingual text, outline and quotations)
(diff) ← Older revision | Latest revision (diff) | Newer revision → (diff)

Chos dbyings mdzod (Longchenpa)/Closing commentary (2)
Jump to navigation Jump to search
← Closing commentary (1)Chos dbyings mdzod: contents

Closing, commentary · closing verses and colophon
Pages 756–767 of the corrected base text (W22920 vol. 3), part 2 of 2.

[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD84), gorn05 tibocr 2026: BDRC OCR on 338 pages, Mitra OCR on 144 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 623] ཐམས་ཅད་ཀུན་ཏུ་བཀྲ་ཤིས་སུ་བྱེད་པས་བདེ་ལེགས་རླབས་པོ་ཆེ་རྒྱས་པར་བསྔོ་བ་ནི། །ཕྱོགས་རྣམས་ཀུན་ཏུ་བདེ་དཔལ་འབྱོར་བ་ནི། །དག་པའི་ཞིང་བཞིན་འདོད་དགུ་ལྷུན་གྲུབ་ཅིང་། །ཆོས་རྔ་སྒྲོགས་པས་ཐར་བའི་རྒྱལ་མཚན་འཛུགས། །དམ་ཆོས་མི་ནུབ་བསྟན་པ་དར་རྒྱས་ཤོག །ལེགས་པར་སྦྱར་བའི་བསོད་ནམས་བརྒྱའི་འོད་ཟེར་ས་དང་ལྷའི་ཡུལ་ཀུན་ཏུ་འཕྲོ་བའི་དཔལ་འབར་བའི་གཟི་བརྗིད་བཟང་པོ་དེས། སེམས་ཅན་གྱི་འཇིག་རྟེན་ཇི་སྙེད་པ་ཐམས་ཅད་བདེ་བ་དང་ལྡན་ཞིང་། རྨི་ལམ་ན་ཡང་སྡུག་བསྔལ་མེད་ལ། ཐར་པའི་ཆོས་ཀྱི་དགའ་བ་རྨད་དུ་བྱུང་བས་ཉིན་མཚན་ཀུན་ཏུ་བཀྲ་ཤིས་དང་ལྡན་པ་ནི། བདེ་བ་ཅན་དང་མངོན་པར་དགའ་བ་དང་པདྨོ་ཅན་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཁམས་དག་པའི་ཡུལ་ན་འཁོད་པ་བཞིན། འདོད་དགུའི་དཔལ་ཕུན་

[p. 624] སུམ་ཚོགས་པ་ལྷུན་གྱིས་གྲུབ་པ་ལ་སྤྱོད་པར་ཤོག་ཤིག །ཐམས་ཅད་ཀུན་ཏུ་དཀོན་མཆོག་གསུམ་གྱི་སྒྲ་རྒྱུན་མི་འཆད་པར་སྒྲོགས་ཤིག །བླ་ན་མེད་པའི་བསྟན་པ་ལྷའི་དཔག་བསམ་གྱི་ཤིང་དང་ནོར་བུའི་རྒྱལ་མཚན་བསྒྲེངས་པས། བསྟན་པ་དམ་པའི་ཆོས་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་ཞིང་གི་ཁྱོན་ནམ་མཁའི་མཐའ་ཀླས་པ་ཀུན་ཏུ་དར་ཞིང་རྒྱས་པར་ཤོག་ཅིག་ཅེས་ཤིས་པ་བརྗོད་པའི་རྒྱན་གྱིས་མཐའ་བསྡུ་བར་བསྟན་པ་ཡིན་ནོ། །ཡོངས་སུ་རྫོགས་པ་མཚན་གྱི་རྣམ་གྲངས་བརྗོད་པ་ནི། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བ་ནི། སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་དབྱིངས་ཏེ། རང་བཞིན་གྱིས་ལྷུན་གྱིས་གྲུབ་པས་ནོར་བུ་རིན་པོ་ཆེ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་འབྱུང་བའི་གནས་སུ་གྱུར་པས་མཛོད་ཅེས་བརྗོད་པ་ནི་བསྟན་བཅོས་འདིའི་བརྗོད་པར་བྱ་བའི་དོན་ཕུན་སུམ་ཚོགས་པ་གཞི་དང་ལམ་དང་འབྲས་བུའི་བདག་ཉིད་ཡིན་ལ། དེའི་གནས་གསལ་བར་སྟོན་པའི་ཚུལ་ལེའུ་བཅུ་གསུམ་གྱི་རང་བཞིན་ནི་ཟབ་པ་དང་རྒྱ་ཆེ་བའི་གཞུང་གི་ཚོགས་ཏེ། ཚིག་དོན་གྱི་རྣམ་གྲངས་དུ་མ་འབྱུང་བའི་དབྱིངས་ལ། ཚིག་དང་དོན་གྱི་སྐལ་པ་བཟང་པོ་ལྷུན་གྱིས་གྲུབ་པ་ནི་རིན་པོ་ཆེ་དང་མཚུངས་ཏེ། གང་མངོན་པར་འདོད་པའི་དོན་གཉིས་འགྲུབ་པའི་གཞི་གྱུར་པའི་ཕྱིར་དང་། མིང་ཚིག་ཡི་གེའི་ཚོགས་པ་འབྱུང་བའི་གནས་ཡིན་པས་

[p. 625] མཛོད་ཀྱི་སྒྲས་ཉེ་བར་བརྗོད་པ་ཉིད་དང་། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་དབྱིངས་གཞི་དང་ལམ་དང་འབྲས་བུའི་རང་བཞིན་བཀོད་ལེགས་པའི་རིན་པོ་ཆེ་འབྱུང་བའི་མཛོད་ཡིན་པའི་ཕྱིར་ཡང་། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བརྗོད་དེ། རྗོད་པར་བྱེད་པའི་གཞུང་ཕུན་སུམ་ཚོགས་པ་ཉིད་དང་། བརྗོད་པར་བྱ་བའི་དོན་ཕུན་སུམ་ཚོགས་པ་གཉིས་བསྟན་བཅོས་འདིའི་རང་བཞིན་ཕུན་སུམ་ཚོགས་པ་ཡིན་པའི་ཕྱིར་རོ། །ཐེག་པ་མཆོག་གི་རྣལ་འབྱོར་པ་ཞེས་བྱ་བ་ནི། འབྲས་བུ་རྡོ་རྗེའི་ཐེག་པ་ནི་ཐེག་པ་ཀུན་གྱི་རྩེ་མོ་ཡིན་ལ། དེའི་ཡང་སྙིང་པོ་དང་རྩེ་མོར་གྱུར་པ་ནི་རང་བཞིན་རྫོགས་པ་ཆེན་པོ་སྟེ། དེ་ལས་ཀྱང་འོད་གསལ་རྡོ་རྗེ་སྙིང་པོའི་གནས་འདི་མཆོག་ཏུ་གྱུར་པའི་ཕྱིར་ཐེག་པའི་མཆོག་ཅེས་བྱའོ། །དེའི་དོན་ལེགས་པར་རྟོགས་ནས་གོམས་པར་བྱེད་པ་ནི་དོན་རྣལ་འབྱོར་དུ་བྱེད་པ་ཡིན་ལ། ཚིག་དོན་གྱི་གནས་ལེགས་པར་རྟོགས་ནས་གཞུང་རྩོམ་པ་ལ་རྣལ་འབྱོར་དུ་བྱེད་པ་ནི་ཚིག་རྣལ་འབྱོར་དུ་བྱེད་པས་ཏེ། ཆོས་ཀྱི་རྒྱུན་གྱི་རྣལ་འབྱོར་བ་ཞེས་བརྗོད་པ་གང་ཡིན་པ་ཉིད་དོ། །ཀློང་ཆེན་རབ་འབྱམས་ཀྱིས་ཞེས་བྱ་བ་ནི། རྩོམ་པ་པོའི་མིང་སྟེ། རྟོགས་པ་མཁའ་ལྟར་ཡངས་པའི་ཀློང་ཆེན་པོ་ན་རིག་པ་ཆོས་ཉིད་ཀྱི་འཁོར་ལོ་བྱིང་རྒོད་རེ་དོགས་དང་བྲལ་བ་ཉིན་མཚན་ཕྱེད་པར་འབྱམས་ཀླས་པས་ན་ཀློང་

[p. 626] ཆེན་རབ་འབྱམས་ཏེ། མིང་འདིས་བསྟན་བཅོས་འདིའི་བརྗོད་བྱ་ཉེ་བར་སྟོན་པ་ཡིན་ནོ། །གང་དུ་ཁོ་བོས་སྦྱར་བའི་བསྟན་བཅོས་དག་ལ་མིང་གི་རྣམ་གྲངས་ཐ་དད་པར་འབྱུང་བ་སྟེ་དེ་ཡང་དེ་དག་གི་བརྗོད་བྱ་ཉེ་བར་སྟོན་པ་སྟེ། སྙན་ངག་དང་། སྡེབ་སྦྱོར་དང་། མིང་གི་མངོན་བརྗོད་ལ་སོགས་པ་འཇིག་རྟེན་པའི་གཙུག་ལག་དང་མཐུན་པས་དྲང་བའི་དོན་གཙོ་ཆེར་སྟོན་པ་དག་ཏུ་ནི། བསམ་ཡས་བདག་གི་དབང་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྦྱར་བ་ཞེས་འབྱུང་ངོ་། །གང་དུ་གསང་སྔགས་ཕྱི་ནང་གི་གནས་ཐུན་མོང་དུ་མཐུན་པར་སྟོན་པ་རྣམས་སུ་ནི། རྡོ་རྗེ་གཟི་བརྗིད་ཀྱིས་ཞེས་འབྱུང་ངོ་། །ཟབ་མོའི་གནས་གང་ཞིག་ཐེག་པའི་རིམ་པས་སྟོན་པ་དང་། དོན་དང་ཚིག་གི་གནས་ཏིང་ངེ་འཛིན་གྱི་ཚོམས་གཙོ་བོར་སྟོན་པ་དག་ཏུ་ནི། དྲི་མེད་འོད་ཟེར་གྱིས་ཞེས་འབྱུང་ངོ་། །གནས་ལུགས་བསམ་གྱིས་མི་ཁྱབ་པའི་ཀློང་ཡངས་པར་སྟོན་པ་དག་ཏུ་ནི་ཀློང་ཆེན་རབ་འབྱམས་ཀྱིས་ཞེས་འབྱུང་ངོ་། །ཐེག་པ་དང་། གྲུབ་པ་དང་། དེ་ཁོ་ན་ཉིད་ལ་སོགས་པ་རྒྱ་ཆེར་འབྱུང་བ་རྣམས་སུ་ནི། ཀུན་མཁྱེན་ངག་གི་དབང་པོས་ཞེས་འབྱུང་བ་ཡིན་ནོ། །འདི་ནི་མིང་གི་རིགས་འབྱེད་ཀྱིས་བསྟན་བཅོས་ཀྱི་བརྗོད་བྱ་ཉེ་བར་སྟོན་པ་ཞེས་བྱའོ། །བཀོད་པ་རྫོགས་སོ་ཞེས་བྱ་བ་ནི། ས་མ་ཡ་

[p. 627] ལྔ་སྟེ། ཚིག་དོན་གྱི་རིམ་པ་རྫོགས་པར་བསྟན་ཟིན་ཏོ། །བརྩམས་པ་མཐར་ཕྱིན་ཏོ། །ལེགས་པར་བཀོད་ཟིན་ཏོ་ཞེས་བྱ་བའི་དོན་ཏེ། དེ་ལྟར་རབ་གསང་རྡོ་རྗེ་སྙིང་པོའི་དོན། །སྙིང་ཐིག་ངེས་པའི་བཀའ་གསང་རྒྱ་ཆེ་ལས། །ཟབ་མོའི་གནད་རྣམས་ཕྱོགས་གཅིག་འདིར་བསྡུས་ཏེ། །ཞི་བ་ཐར་ལམ་འབྱོར་བ་མཐའ་ཡས་བྱས། །ཆོས་དབྱིངས་མཛོད་འགྲེལ་ཆོས་ཀྱི་མཆོག་འདི་ནི། །རྟོགས་དོན་མཐར་ཐུག་རྟོགས་པའི་སྣང་བ་དང་། །ཐེག་མཆོག་རྩེ་མོ་ཐེག་པའི་རྒྱལ་པོ་དང་། །ལུང་དོན་ལེགས་སྤྲས་ལུང་གི་གཏེར་ཞེས་བྱ། །ཚིག་ཙམ་མ་ཡིན་སྙིང་པོའི་དོན་མཐོང་ཞིང་། །ཇི་བཞིན་ལེགས་བསྒོམས་ཉམས་མྱོང་ངེས་པའི་གནད། །ཡང་ཟབ་མཐར་ཐུག་ཕྱོགས་གཅིག་བསྡེབ་པའི་ཕྱིར། །ཆོས་དབྱིངས་འགྲེལ་འདི་རྟོགས་པའི་སྣང་བ་ཡིན། །ཚེ་འདིར་བྱང་ཆུབ་རྡོ་རྗེ་སྙིང་པོའི་དོན། །ཀུན་གྱི་རྩེ་མོ་འོད་གསལ་མཆོག་མི་འགྱུར། །གླིང་བཞིའི་དབུས་ན་རི་རྒྱལ་འཕགས་པ་བཞིན། །ཆོས་དབྱིངས་འགྲེལ་འདེ་ཐེག་པའི་རྒྱལ་པོ་ཡིན། །ཟབ་མོའི་གནད་རྣམས་རྡོ་རྗེའི་གླུར་བླངས་པ། །བཀའ་ལུང་གཙོར་བྱས་ལུང་གི་ཕྲེང་བས་སྤྲས། །ངེས་དོན་སྙིང་པོའི་མདོ་རྒྱུད་ཀུན་དང་མཐུན། །ཆོས་དབྱིངས་འགྲེལ་བའི་ལུང་གི་གཏེར་ཞེས་བྱ། སྐྱེ་བ་སྐྱེ་བ་

[p. 628] རྣམས་སུ་སྔོན་སྦྱངས་ཤིང་། །དམ་པ་དམ་པ་རྣམས་ཀྱིས་འདིར་བཟུང་བས། །ཡང་ཟབ་ཡང་ཟབ་སྙིང་པོའི་དོན་རྟོགས་ཤིང་། །ཐེག་མཆོག་ཐེག་མཆོག་རྒྱ་མཚོའི་ཕ་རོལ་སོན། །དེ་ཕྱིར་བློ་གྲོས་ཡངས་པའི་ནམ་མཁའ་ལ། །ཐོས་བསམ་སྤྲིན་ཆེན་ཕན་བདེའི་གློག་ཕྲེང་ཅན། །རྟོགས་པའི་འབྲུག་སྒྲ་ཏིང་འཛིན་རྣམ་འགྲོས་ལས། །ལེགས་བཤད་ཆར་ཆེན་ཀུན་དུ་འབབ་པ་ཡིན། །ཁོ་བོ་རྣམ་དཔྱོད་ཐོས་བསམ་རྒྱ་ཆེ་བས། །མ་ལུས་ཐེག་པའི་དོན་ཀུན་ཁོང་དུ་ཆུད། །རྡོ་རྗེ་སྙིང་པོའི་ལམ་བཟངས་འདིར་མཁས་པས། །ཟབ་དང་རྒྱ་ཆེའི་ཆོས་དབྱིངས་འགྲེལ་འདི་བྱས། །གང་ཞིག་མོས་དགེ་ཕུན་ཚོགས་དང་ལྡན་པ། །ཐེག་མཆོག་རྒྱལ་པོའི་རྣལ་འབྱོར་དེ་དག་གིས། །ཞི་བ་བྱང་ཆུབ་ནོར་བཟངས་འབྱོར་བའི་ནོར། །ཆོས་དབྱིངས་མཛོད་འདིར་ཡོངས་ཀྱིས་འགྲེལ་འདི་ཟུང་། །འདི་ནི་གསང་ཆེན་ངེས་པའི་རྒྱུད་རྣམས་དང་། །དེ་ཡི་མན་ངག་ཡི་གེ་གྲངས་མང་ལས། །འབད་མེད་གྲོལ་བའི་གནད་རྣམས་ངེས་བསྡུས་ནས། །གངས་རི་ཐོད་དཀར་མ་ཧུལ་དུ་ལེགས་པར་སྦྱར། །དགེ་བ་འདི་ཡིས་ཕན་བདེ་འབྱུང་བའི་གནས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །བསྟན་པའི་རྩ་ལག་སྐྱེས་བུ་དམ་པ་རྣམས། །སྐུ་ཚེ་འཕྲིན་ལས་འབྱོར་པ་མཐའ་ཡས་ཤོག །འཇིག་རྟེན་ཁམས་ཀུན་བདེ་ཞིང་སྐྱིད་པ་དང་། །ངན་སོང་རྣམ་ཚད་མཐོ་རིས་ཐོབ་པར་ཤོག །དག་པའི་ཞིང་བཞིན་ཉིན་མཚན་ཆོས་སྤྱོད་ཅིང་། །ཐམས་ཅད་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཇི་བཞིན་ལེགས་བཤད་བསོད་ནམས་གྲུ་ཆེན་དེས། །འགྲོ་ཀུན་སྲིད་པའི་རྒྱ་མཚོ་རྒལ་བར་ཤོག །ཐར་པའི་གནས་བཟངས་རིན་ཆེན་

[p. 629] གླིང་བགྲོད་ནས། །སྐུ་གསུམ་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །མ་སྐྱེས་སྙིང་པོ་བྱང་ཆུབ་སེམས་ཀྱི་ལུང་། །མ་ནོར་ཇི་བཞིན་ཡོངས་བཤད་བསོད་ནམས་དེས། །མ་ལུས་འགྲོ་ཀུན་དོན་གཉིས་ཕུན་ཚོགས་ཤིང་། །མ་འབད་བཞིན་དུ་དགེ་བ་འཕེལ་བར་ཤོག །བདག་ཀྱང་དེང་ནས་སྲིད་པ་ཇི་སྲིད་པར། །དཔལ་མགོན་བླ་མའི་ཕྲིན་ལས་སྒྲུབ་བྱེད་ཅིང་། །རླབས་ཆེན་གཞན་དོན་སྤྱོད་པ་ཕུན་ཚོགས་ཀྱིས། །མཐོང་ཐོས་དྲན་རེག་འཁོར་བ་ཕྱིར་བསྙིལ་ཤོག །བདག་ལ་བརྟེན་ནས་འགྲོ་བ་གང་ཞིག་རྣམས། །ཁྲོ་འམ་དད་དམ་གནོད་པ་བྱེད་གྱུར་ཏམ། །བསྟོད་དམ་རྗེས་སུ་ཞུགས་པར་གྱུར་ཀྱང་རུང་། །ཐམས་ཅད་མྱུར་དུ་བདག་གིས་འདྲེན་པར་ཤོག །ཆོས་ཀྱི་དབྱིངས་དང་ནམ་མཁའི་དབྱིངས་ཀུན་དང་། །སེམས་ཅན་དབྱིངས་ཀུན་མཐའ་ཡང་ཇི་ཙམ་དང་། །བདག་གི་ཞིང་དང་ཕྲིན་ལས་དབྱིངས་ཁྱབ་སྟེ། །སེམས་ཅན་ཐམས་ཅད་བདག་གིས་འདྲེན་པར་ཤོད། །ཆོས་ཚུལ་འདི་ཡང་སྲིད་པ་ཇི་སྲིད་པ། །ས་སྟེང་རྒྱན་གྱུར་འཇིག་རྟེན་འདིར་གནས་ཏེ། །བསྟན་པའི་སྲོག་ཤིང་ཡལ་འདབ་ཕྱོགས་བཅུར་རྒྱས། །གཞན་ཕན་མེ་ཏོག་འབྲས་བུ་མཐའ་ཡས་ཤོག །ཉི་ཟླ་ནོར་བུ་དཔག་བསམ་ཤིང་ཆེན་དང་། །ས་གཞི་རྒྱ་མཚོ་གྲུ་ཆེན་རྒྱལ་བ་ལྟར། །སྐྱེ་དགུའི་རེ་སྒྲུབ་ཕན་བདེའི་འོད་སྟོང་འཕྲོ། །གཞན་དོན་ལྷུན་གྲུབ་ཕྲིན་ལས་མཐའ་ཡས་ཤོག །ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་འགྲེལ་པ། རྟོགས་པའི་སྣང་བ། ཐེག་པའི་རྒྱལ་པོ། ལུང་གི་གཏེར་མཛོད་ཅེས་བྱ་བ་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་ཅིག །

[p. 630] བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་རྨད་དུ་བྱུང་བ་ལ་བློ་གྲོས་ཀྱི་སྣང་བ་ལེགས་པར་རྒྱས་པ། ཐེག་པ་མཆོག་གི་རྣལ་འབྱོར་བ་ཀུན་མཁྱེན་ངག་གི་དབང་པོ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། དགེའོ།། དགེའོ།། ༈ ཀུན་མཁྱེན་ཆེན་པོའི་གསུང་རབ་ནམ་མཁའི་མཛོད། །འཕྲུལ་པར་སྒོ་བརྒྱ་འབྱེད་པ་བསྟན་འགྲོའི་དོན། །ཕྲུལ་དབང་ཡབ་སྲས་ཐུགས་བསྐྱེད་ཕན་བདེའི་དཔྱིད། །དུས་ངན་ཆུད་པས་བཅོམ་པ་སླར

[edit]
BDRC typed e-text UT22920_003_0001/0002 as downloaded (the base text was made from it).

ཐམས་ཅད་ཀུན་ཏུ་བཀྲ་ཤིས་སུ་བྱེད་པས་བདེ་ལེགས་རླབས་པོ་ཆེ་རྒྱས་པར་བསྔོ་བ་ནི། ཕྱོགས་རྣམས་ཀུན་ཏུ་བདེ་དཔལ་འབྱོར་པ་ནི། །དག་པའི་ཞིང་བཞིན་འདོད་དགུ་ལྷུན་གྲུབ་ཅིང༌། །ཆོས་རྔ་སྒྲོགས་པས་ཐར་པའི་རྒྱལ་མཚན་འཛུགས། །དམ་ཆོས་མི་ནུབ་བསྟན་པ་དར་རྒྱས་ཤོག །ལེགས་པར་སྦྱར་བའི་བསོད་ནམས་བརྒྱའི་འོད་ཟེར་ས་དང་ལྷའི་ཡུལ་ཀུན་ཏུ་འཕྲོ་བའི་དཔལ་འབར་བའི་གཟི་བརྗིད་བཟང་པོ་དེས། སེམས་ཅན་གྱི་འཇིག་རྟེན་ཇི་སྙེད་པ་ཐམས་ཅད་བདེ་བ་དང་ལྡན་ཞིང༌། རྨི་ལམ་ན་ཡང་སྡུག་བསྔལ་མེད་ལ། ཐར་པའི་ཆོས་ཀྱི་དགའ་བ་རྨད་དུ་བྱུང་བས་ཉིན་མཚན་ཀུན་ཏུ་བཀྲ་ཤིས་ལྡན་པ་ནི། བདེ་བ་ཅན་དང་མངོན་པར་དགའ་བ་དང་པདྨོ་ཅན་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཁམས་དག་པའི་ཡུལ་ན་འཁོད་པ་བཞིན། འདོད་དགུའི་དཔལ་ཕུན་སུམ་ཚོགས་པ་ལྷུན་གྱིས་གྲུབ་པ་ལ་སྤྱོད་པར་ཤོག་ཅིག །ཐམས་ཅད་ཀུན་ཏུ་དཀོན་མཆོག་གསུམ་གྱི་སྒྲ་རྒྱུན་མི་འཆད་པར་སྒྲོགས་ཤིག །བླ་ན་མེད་པའི་བསྟན་པ་ལྷའི་དཔག་བསམ་གྱི་ཤིང་དང་ནོར་བུའི་རྒྱལ་མཚན་བསྒྲེངས་པས། བསྟན་པ་དམ་པའི་ཆོས་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་ཞིང་གི་ཁྱོན་ནམ་མཁའི་མཐའ་ཀླད་པ་ཀུན་ཏུ་དར་ཞིང་རྒྱས་པར་ཤོག་ཅིག་ཅེས་ཤིས་པ་བརྗོད་པའི་རྒྱན་གྱིས་མཐའ་བསྡུ་བར་བསྟན་པ་ཡིན་ནོ། །ཡོངས་སུ་རྫོགས་པ་མཚན་གྱི་རྣམ་གྲངས་བརྗོད་པ་ནི། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བ་ནི། སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་སྤྲོས་པའི་མཐའ་ཐམས་ཅད་བྲལ་བ་ཆོས་ཀྱི་དབྱིངས་ཏེ། རང་བཞིན་གྱིས་ལྷུན་གྱིས་གྲུབ་པས་ནོར་བུ་རིན་པོ་ཆེ་དང༌། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་འབྱུང་བའི་གནས་སུ་གྱུར་པས་མཛོད་ཅེས་བརྗོད་པ་ནི་བསྟན་བཅོས་འདིའི་བརྗོད་པར་བྱ་བའི་དོན་ཕུན་སུམ་ཚོགས་པ་གཞི་དང་ལམ་དང་འབྲས་བུའི་བདག་ཉིད་ཡིན་ལ། དེའི་གནས་གསལ་བར་སྟོན་པའི་ཚུལ་ལེའུ་བཅུ་གསུམ་གྱི་རང་བཞིན་ནི་ཟབ་པ་དང་རྒྱ་ཆེ་བའི་གཞུང་གི་ཚོགས་ཏེ། ཚིག་དོན་གྱི་རྣམ་གྲངས་དུ་མ་འབྱུང་བའི་དབྱིངས་ལ། ཚིག་དང་དོན་གྱི་སྐལ་བ་བཟང་པོ་ལྷུན་གྱིས་གྲུབ་པ་ནི་རིན་པོ་ཆེ་དང་མཚུངས་ཏེ། གང་མངོན་པར་འདོད་པའི་དོན་གཉིས་འགྲུབ་པའི་གཞི་གྱུར་པའི་ཕྱིར་དང༌། མིང་ཚིག་ཡི་གེའི་ཚོགས་པ་འབྱུང་བའི་གནས་ཡིན་པས་མཛོད་ཀྱི་སྒྲས་ཉེ་བར་བརྗོད་པ་ཉིད་དང༌། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་དབྱིངས་གཞི་དང་ལམ་དང་འབྲས་བུའི་རང་བཞིན་བཀོད་ལེགས་པའི་རིན་པོ་ཆེ་འབྱུང་བའི་མཛོད་ཡིན་པའི་ཕྱིར་ཡང༌། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བརྗོད་དེ། རྗོད་པར་བྱེད་པའི་གཞུང་ཕུན་སུམ་ཚོགས་པ་ཉིད་དང༌། བརྗོད་པར་བྱ་བའི་དོན་ཕུན་སུམ་ཚོགས་པ་གཉིས་བསྟན་བཅོས་འདིའི་རང་བཞིན་ཕུན་སུམ་ཚོགས་པ་ཡིན་པའི་ཕྱིར་རོ། །ཐེག་པ་མཆོག་གི་རྣལ་འབྱོར་པ་ཞེས་བྱ་བ་ནི། འབྲས་བུ་རྡོ་རྗེ་ཐེག་པ་ནི་ཐེག་པ་ཀུན་གྱི་རྩེ་མོ་ཡིན་ལ། དེའི་ཡང་སྙིང་པོ་དང་རྩེ་མོར་གྱུར་པ་ནི་རང་བཞིན་རྫོགས་པ་ཆེན་པོ་སྟེ། དེ་ལས་ཀྱང་འོད་གསལ་རྡོ་རྗེ་སྙིང་པོའི་གནས་འདི་མཆོག་ཏུ་གྱུར་པའི་ཕྱིར་ཐེག་པའི་མཆོག་ཅེས་བྱའོ། །དེའི་དོན་ལེགས་པར་རྟོགས་ནས་གོམས་པར་བྱེད་པ་ནི་དོན་རྣལ་འབྱོར་དུ་བྱེད་པ་ཡིན་ལ། ཚིག་དོན་གྱི་གནས་ལེགས་པར་རྟོགས་ནས་གཞུང་རྩོམ་པ་ལ་རྣལ་འབྱོར་དུ་བྱེད་པ་ནི་ཚིག་རྣལ་འབྱོར་དུ་བྱེད་པས་ཏེ། ཆོས་ཀྱི་རྒྱུན་གྱི་རྣལ་འབྱོར་པ་ཞེས་བརྗོད་པ་གང་ཡིན་པ་ཉིད་དོ། །ཀློང་ཆེན་རབ་འབྱམས་ཀྱིས་ཞེས་བྱ་བ་ནི། རྩོམ་པ་པོའི་མིང་སྟེ། རྟོགས་པ་མཁའ་ལྟར་ཡངས་པའི་ཀློང་ཆེན་པོ་ན་རིག་པ་ཆོས་ཉིད་ཀྱི་འཁོར་ལོ་བྱིང་རྒོད་རེ་དོགས་དང་བྲལ་བ་ཉིན་མཚན་ཕྱད་པར་འབྱམས་ཀླས་པས་ན་ཀློང་ཆེན་རབ་འབྱམས་ཏེ། མིང་འདིའི་བསྟན་བཅོས་འདིའི་བརྗོད་བྱ་ཉེ་བར་སྟོན་པ་ཡིན་ནོ། །གོང་དུ་ཁོ་བོས་སྦྱར་བའི་བསྟན་བཅོས་དག་ལ་མིང་གི་རྣམ་གྲངས་ཐ་དད་པར་འབྱུང་བ་སྟེ་དེ་ཡང་དེ་དག་གི་བརྗོད་བྱ་ཉེ་བར་སྟོན་པ་སྟེ། སྙན་ངག་དང༌། སྡེབ་སྦྱོར་དང༌། མིང་གི་མངོན་བརྗོད་ལ་སོགས་པ་འཇིག་རྟེན་པའི་གཙུག་ལག་ཁང་དང་མཐུན་པས་དྲང་བའི་དོན་གཙོ་ཆེར་སྟོན་པ་དག་ཏུ་ནི། བསམ་ཡས་པ་ངག་གི་དབང་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྦྱར་བ་ཞེས་འབྱུང་ངོ༌། །གང་དུ་གསང་སྔགས་ཕྱི་ནང་གི་གནས་ཐུན་མོང་དུ་མཐུན་པར་སྟོན་པ་རྣམས་སུ་ནི། རྡོ་རྗེ་གཟི་བརྗིད་ཀྱིས་ཞེས་འབྱུང་ངོ༌། །ཟབ་མོའི་གནས་གང་ཞིག་ཐེག་པའི་རིམ་པས་སྟོན་པ་དང༌། དོན་དང་ཚིག་གི་གནས་ཏིང་ངེ་འཛིན་གྱི་ཚོམས་གཙོ་བོར་སྟོན་པ་དག་ཏུ་ནི། དྲི་མེད་འོད་ཟེར་གྱིས་ཞེས་འབྱུང་ངོ༌། །གནས་ལུགས་ཐེག་པའི་རིམ་པས་སྟོན་པ་དང༌། དོན་དང་ཚིག་གི་གནས་ཏིང་ངེ་འཛིན་གྱི་ཚོམས་གཙོ་བོར་སྟོན་པ་དག་ཏུ་ནི། དྲི་མེད་འོད་ཟེར་གྱིས་ཞེས་འབྱུང་ངོ༌། །གནས་ལུགས་བསམ་གྱིས་མི་ཁྱབ་པའི་ཀློང་ཡངས་པར་སྟོན་པ་དག་ཏུ་ནི་ཀློང་ཆེན་རབ་འབྱམས་ཀྱིས་ཞེས་འབྱུང་ངོ༌། །ཐེག་པ་དང༌། གྲུབ་པ་དང༌། དེ་ཁོ་ན་ཉིད་ལ་སོགས་པ་རྒྱ་ཆེར་འགྱུར་འབྱུང་བ་རྣམས་སུ་ནི། ཀུན་མཁྱེན་ངག་གི་དབང་པོས་ཞེས་འབྱུང་བ་ཡིན་ནོ། །འདི་ནི་མིང་གི་རིགས་འབྱེད་ཀྱིས་བསྟན་བཅོས་ཀྱི་བརྗོད་བྱ་ཉེ་བར་སྟོན་པ་ཞེས་བྱའོ། །བཀོད་པ་རྫོགས་སོ་ཞེས་བྱ་བ་ནི། ས་མ་ཡ་ཐཱ་སྟེ། ཚིག་དོན་གྱི་རིམ་པ་རྫོགས་པར་བསྟན་ཟིན་ཏོ། །བརྩམས་པ་མཐར་ཕྱིན་ཏོ། །ལེགས་པར་བཀོད་ཟིན་ཏོ་ཞེས་བྱ་བའི་དོན་ཏེ། དེ་ལྟར་རབ་གསང་རྡོ་རྗེ་སྙིང་པོའི་དོན། །སྙིང་ཐིག་ངེས་པའི་བཀའ་གསང་རྒྱ་ཆེ་ལས། །ཟབ་མོའི་གནད་རྣམས་ཕྱོགས་གཅིག་འདིར་བསྡུས་ཏེ། ཞི་བ་ཐར་ལམ་འབྱོར་པ་མཐའ་ཡས་བྱས། །ཆོས་དབྱིངས་མཛོད་འགྲེལ་ཆོས་ཀྱི་མཆོག་འདི་ནི། །རྟོགས་དོན་མཐར་ཐུག་རྟོགས་པའི་སྣང་བ་དང༌། །ཐེག་མཆོག་རྩེ་མོ་ཐེག་པའི་རྒྱལ་པོ་དང༌། །ལུང་དོན་ལེགས་སྤྲས་ལུང་གི་གཏེར་ཞེས་བྱ། །ཚིག་ཙམ་མ་ཡིན་སྙིང་པོའི་དོན་མཐོང་ཞིང༌། །ཇི་བཞིན་ལེགས་བསྒོམས་ཉམས་མྱོང་ངེས་པའི་གནད། །ཡང་ཟབ་མཐར་ཐུག་ཕྱོགས་གཅིག་བསྡེབ་པའི་ཕྱིར། །ཆོས་དབྱིངས་འགྲེལ་འདི་རྟོགས་པའི་སྣང་བ་ཡིན། །ཚེ་འདིར་བྱང་ཆུབ་རྡོ་རྗེ་སྙིང་པོའི་དོན། །ཀུན་གྱི་རྩེ་མོ་འོད་གསལ་མཆོག་མི་འགྱུར། །གླིང་བཞིའི་དབུས་ན་རི་རྒྱལ་འཕགས་པ་བཞིན། །ཆོས་དབྱིངས་འགྲེལ་འདི་ཐེག་པའི་རྒྱལ་པོ་ཡིན། །ཟབ་མོའི་གནད་རྣམས་རྡོ་རྗེའི་གླུར་བླངས་པ། །བཀའ་ལུང་གཙོར་བྱས་ལུང་གི་ཕྲེང་བས་སྤྲས། །ངེས་དོན་སྙིང་པོའི་མདོ་རྒྱུད་ཀུན་དང་མཐུན། །ཆོས་དབྱིངས་འགྲེལ་འདི་ལུང་གི་གཏེར་ཞེས་བྱ། །སྐྱེ་བ་སྐྱེ་བ་རྣམས་སུ་སྔོན་སྦྱངས་ཤིང༌། །དམ་པ་དམ་པ་རྣམས་ཀྱིས་འདིར་བཟུང་བས། །ཡང་ཟབ་ཡང་ཟབ་སྙིང་པོའི་དོན་རྟོགས་ཤིང༌། །ཐེག་མཆོག་ཐེག་མཆོག་རྒྱལ་མཚོའི་ཕ་རོལ་སོན། །དེ་ཕྱིར་བློ་གྲོས་ཡངས་པའི་ནམ་མཁའ་ལ། །ཐོས་བསམ་སྤྲིན་ཆེན་ཕན་བདེའི་གློག་ཕྲེང་ཅན། །རྟོགས་པའི་འབྲུག་སྒྲ་ཏིང་འཛིན་རྣམ་འགྲོས་ལས། །ལེགས་བཤད་ཆར་ཆེན་ཀུན་དུ་འབབ་པ་ཡིན། །ཁོ་བོ་རྣམ་དཔྱོད་ཐོས་བསམ་རྒྱ་ཆེ་བས། །མ་ལུས་ཐེག་པའི་དོན་ཀུན་ཁོང་དུ་ཆུད། །རྡོ་རྗེ་སྙིང་པོའི་ལམ་བཟངས་འདིར་མཁས་པས། །ཟབ་དང་རྒྱ་ཆེའི་ཆོས་དབྱིངས་འགྲེལ་འདི་བྱས། །གང་ཞིག་མོས་དགེ་ཕུན་ཚོགས་དང་ལྡན་པ། །ཐག་མཆོག་རྒྱལ་པོའི་རྣལ་འབྱོར་དེ་དག་གིས། །ཞི་བ་བྱང་ཆུབ་ནོར་བཟངས་འབྱོར་བའི་ནོར། །ཆོས་དབྱིངས་མཛོད་འདིར་ཡོངས་ཀྱིས་འགྲེལ་འདི་ཟུང༌། །འདི་ནི་གསང་ཆེན་ངེས་པའི་རྒྱུད་རྣམས་དང༌། །དེ་ཡི་མན་ངག་ཡི་གེ་གྲངས་མང་ལས། །འབད་མེད་གྲོལ་བའི་གནད་རྣམས་ངེས་བསྡུས་ནས། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་སྦྱར། །དགེ་བ་འདི་ཡིས་ཕན་བདེ་འབྱུང་བའི་གནས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །བསྟན་པའི་རྩ་ལག་སྐྱེས་བུ་དམ་པ་རྣམས། །སྐུ་ཚེ་འཕྲིན་ལས་འབྱོར་པ་མཐའ་ཡས་ཤོག །འཇིག་རྟེན་ཁམས་ཀུན་བདེ་ཞིང་སྐྱིད་པ་དང༌། །ངན་སོང་རྣམ་ཆད་མཐོ་རིས་ཐོབ་པར་ཤོག །དག་པའི་ཞིང་བཞིན་ཉིན་མཚན་ཆོས་སྤྱོད་ཅིང༌། །ཐམས་ཅད་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཇི་བཞིན་ལེགས་བཤད་བསོད་ནམས་གྲུ་ཆེན་དེས། །འགྲོ་ཀུན་སྲིད་པའི་རྒྱ་མཚོ་རྒལ་བར་ཤོག །ཐར་པའི་གནས་བཟངས་རིན་ཆེན་གླིང་བགྲོད་ནས། །སྐུ་གསུམ་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །མ་སྐྱེས་སྙིང་པོ་བྱང་ཆུབ་སེམས་ཀྱི་ལུང༌། །མ་ནོར་ཇི་བཞིན་ཡོངས་བཤད་བསོད་ནམས་དེས། །མ་ལུས་འགྲོ་ཀུན་དོན་གཉིས་ཕུན་ཚོགས་ཤིང༌། །མ་འབད་བཞིན་དུ་དགེ་བ་འཕེལ་བར་ཤོག །བདག་ཀྱང་དེང་ནས་སྲིད་པ་ཇི་སྲིད་པར། །དཔལ་མགོན་བླ་མའི་ཕྲིན་ལས་སྒྲུབ་བྱེད་ཅིང༌། །རླབས་ཆེན་གཞན་དོན་སྤྱོད་པ་ཕུན་ཚོགས་ཀྱིས། །མཐོང་ཐོས་དྲན་རེག་འཁོར་བ་ཕྱིར་བསྙིལ་ཤོག །བདག་ལ་བརྟེན་ནས་འགྲོ་བ་གང་ཞིག་རྣམས། །ཁྲོའམ་དད་དམ་གནོད་པ་བྱེད་གྱུར་ཏམ། །བསྟོད་དམ་རྗེས་སུ་ཞུགས་པར་གྱུར་ཀྱང་རུང༌། །ཐམས་ཅད་མྱུར་དུ་བདག་གིས་འདྲེན་པར་ཤོག །ཆོས་ཀྱི་དབྱིངས་དང་ནམ་མཁའི་དབྱིངས་ཀུན་དང༌། །སེམས་ཅན་དབྱིངས་ཀུན་མཐའ་ཡང་ཇི་ཙམ་པར། །བདག་གི་ཞིང་དང་ཕྲིན་ལས་དབྱིངས་ཁྱབ་སྟེ། །སེམས་ཅན་ཐམས་ཅད་བདག་གིས་འདྲེན་པར་ཤོག །ཆོས་ཚུལ་འདི་ཡང་སྲིད་པ་ཇི་སྲིད་པ། །ས་སྟེང་རྒྱན་གྱུར་འཇིག་རྟེན་འདིར་གནས་ཏེ། །བསྟན་པའི་སྲོག་ཤིང་ཡལ་འདབ་ཕྱོགས་བཅུར་རྒྱས། །གཞན་ཕན་མེ་ཏོག་འབྲས་བུ་མཐའ་ཡས་ཤོག །ཉི་ཟླ་ནོར་བུ་དཔག་བསམ་ཤིང་ཆེན་དང༌། །ས་གཞི་རྒྱ་མཚོ་གྲུ་ཆེན་རྒྱལ་བ་ལྟར། །སྐྱེ་དགུའི་རེ་སྒྲུབ་ཕན་བདེའི་འོད་སྟོང་འཕྲོ། །གཞན་དོན་ལྷུན་གྲུབ་ཕྲིན་ལས་མཐའ་ཡས་ཤོག །ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་འགྲེལ་པ། རྟོག་པའི་སྣང་བ། ཐེག་པའི་རྒྱལ་པོ། ལུང་གི་གཏེར་མཛོད་ཅེས་བྱ་བ། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་ཅིང༌། བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་རྨད་དུ་བྱུང་བ་ལ་བློ་གྲོས་ཀྱི་སྣང་བ་ལེགས་པར་རྒྱས་པ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀུན་མཁྱེན་ངག་གི་དབང་པོ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ། །ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏནྟུ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཡེ་སྭཱཧཱ

[edit]
rywikitexts e-text of the Beijing 2009 edition (vol. 16), with its page numbers ༼N༽.

ཐམས་ཅད་ཀུན་ཏུ་བཀྲ་ཤིས་སུ་བྱེད་པས་བདེ་ལེགས་རླབས་པོ་ཆེ་རྒྱས་པར་བསྔོ་བ་ནི། ཕྱོགས་རྣམས་ཀུན་ཏུ་བདེ་དཔལ་འབྱོར་པ་ནི། །དག་པའི་ཞིང་བཞིན་འདོད་དགུ་ལྷུན་གྲུབ་» «ཅིང༌། །ཆོས་རྔ་སྒྲོགས་པས་ཐར་པའི་རྒྱལ་མཚན་འཛུགས། །དམ་ཆོས་མི་ནུབ་བསྟན་པ་རྒྱས་པར་ཤོག» «།ལེགས་པར་སྦྱར་བའི་བསོད་ནམས་བརྒྱའི་འོད་ཟེར་ས་དང་ལྷའི་ཡུལ་ཀུན་ཏུ་འཕྲོ་བའི་དཔལ་འབར་བའི་གཟི་བརྗིད་བཟང་པོ་དེས། སེམས་ཅན་གྱི་འཇིག་རྟེན་ཇི་སྙེད་པ་ཐམས་ཅད་བདེ་བ་དང་ལྡན་ཞིང༌། རྨི་ལམ་ན་ཡང་སྔུག་བསྔལ་མེད་ལ། ཐར་པའི་ཆོས་ཀྱི་དགའ་བ་རྨད་དུ་བྱུང་བས་ཉིན་མཚན་ཀུན་ཏུ་བཀྲ་ཤིས་དང་ལྡན་པ་ནི། བདེ་བ་ཅན་དང་མངོན་པར་དགའ་བ་དང་པདྨོ་ཅན་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཁམས་དག་པའི་ཡུལ་ན་འཁོད་པ་བཞིན། འདོད་དགུའི་དཔལ་ཕུན་སུམ་ཚོགས་པ་ལྷུན་གྱིས་གྲུབ་པ་ལ་སྤྱོད་པར་ཤོག་ཅིག» «ཐམས་ཅད་ཀུན་ཏུ་དཀོན་མཆོག་གསུམ་གྱི་སྒྲ་རྒྱུན་མི་འཆད་པར་སྒྲོགས་ཤིག«༼༡༽« བླ་ན་མེད་པའི་བསྟན་པ་ལྷའི་དཔག་བསམ་གྱི་ཤིང་དང་ནོར་བུའི་རྒྱལ་མཚན་བསྒྲེངས་པས། བསྟན་པ་དམ་པའི་ཆོས་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་ཞིང་གི་ཁྱོན་ནམ་མཁའི་མཐའ་ཀླས་པ་ཀུན་ཏུ་དར་ཞིང་རྒྱས་པར་ཤོག་ཅིག་ཅེས་ཤིས་པ་བརྗོད་པའི་རྒྱན་གྱིས་མཐའ་བསྡུ་བར་བསྟན་པ་ཡིན་» «ནོ། །ཡོངས་སུ་རྫོགས་པ་མཚན་གྱི་རྣམ་གྲངས་བརྗོད་པ་ནི། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བ་ནི། སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་དབྱིངས་ཏེ། རང་བཞིན་གྱི་ལྷུན་གྱིས་གྲུབ་པས་ནོར་བུ་རིན་པོ་ཆེ་དང༌། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་འབྱུང་བའི་གནས་སུ་གྱུར་པས་མཛོད་ཅེས་བརྗོད་པ་ནི་བསྟན་བཅོས་འདིའི་བརྗོད་པར་བྱ་བའི་དོན་ཕུན་སུམ་ཚོགས་པ་གཞི་དང་ལམ་དང་འབྲས་བུའི་བདག་ཉིད་ཡིན་ལ། དེའི་གནས་གསལ་བར་སྟོན་པའི་ཚུལ་ལེའུ་བཅུ་གསུམ་གྱི་རང་བཞིན་ནི་ཟབ་པ་དང་རྒྱ་ཆེ་བའི་གཞུང་གི་ཚོགས་ཏེ། ཚིག་དོན་གྱི་རྣམ་གྲངས་དུ་མ་འབྱུང་བའི་དབྱིངས་ལ། ཚིག་དང་དོན་གྱི་སྐལ་བ་བཟང་པོ་ལྷུན་གྱིས་གྲུབ་པ་ནི་རིན་པོ་ཆེ་དང་མཚུངས་ཏེ། གང་མངོན་པར་འདོད་པའི་དོན་གཉིས་འགྲུབ་པའི་གཞིར་གྱུར་པའི་ཕྱིར་དང༌། མིང་ཚིག་ཡི་གེའི་ཚོགས་པ་འབྱུང་བའི་གནས་ཡིན་པས་མཛོད་ཀྱི་སྒྲས་ཉེ་བར་བརྗོད་པ་ཉིད་དང༌། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་དབྱིངས་གཞི་དང་ལམ་དང་འབྲས་བུའི་རང་བཞིན་བཀོད་ལེགས་པའི་རིན་པོ་ཆེ་འབྱུང་བའི་མཛོད་ཡིན་པའི་ཕྱིར་ཡང༌། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བརྗོད་དེ། རྗོད་པར་བྱེད་པའི་གཞུང་ཕུན་སུམ་ཚོགས་པ་ཉིད་དང༌། བརྗོད་པར་བྱ་བའི་དོན་ཕུན་སུམ་ཚོགས་པ་གཉིས་བསྟན་བཅོས་འདིའི་རང་བཞིན་ཕུན་སུམ་ཚོགས་པ་ཡིན་པའི་ཕྱིར་རོ། །ཐེག་པ་མཆོག་གི་རྣལ་འབྱོར་པ་ཞེས་བྱ་བ་ནི། འབྲས་བུ་རྡོ་རྗེའི་ཐེག་པ་ནི་ཐེག་པ་ཀུན་གྱི་རྩེ་མོ་ཡིན་ལ། དེའི་ཡང་སྙིང་པོ་དང་རྩེ་མོར་གྱུར་པ་ནི་རང་བཞིན་རྫོགས་པ་ཆེན་པོ་སྟེ། དེ་ལས་ཀྱང་འོད་གསལ་རྡོ་རྗེ་སྙིང་པོའི་གནས་འདི་མཆོག་ཏུ་གྱུར་པའི་ཕྱིར་ཐེག་པའི་མཆོག་ཅེས་བྱའོ། །དེའི་དོན་ལེགས་པར་རྟོགས་ནས་གོམས་པར་བྱེད་པ་ནི་དོན་རྣལ་འབྱོར་དུ་བྱེད་པ་ཡིན་ལ། ཚིག་དོན་གྱི་གནས་ལེགས་པར་རྟོགས་ནས་གཞུང་རྩོམ་པ་ལ་རྣལ་འབྱོར་དུ་བྱེད་པ་ནི་ཚིག་རྣལ་འབྱོར་དུ་བྱེད་པས་ཏེ། ཆོས་ཀྱི་རྒྱུན་གྱི་རྣལ་འབྱོར་པ་ཞེས་བརྗོད་པ་གང་ཡིན་པ་ཉིད་དོ། །ཀློང་ཆེན་རབ་འབྱམས་ཀྱིས་ཞེས་བྱ་བ་ནི། རྩོམ་པ་པོའི་མིང་སྟེ། རྟོགས་པ་མཁའ་ལྟར་ཡངས་པའི་ཀློང་ཆེན་པོ་ན་རིག་པ་ཆོས་ཉིད་ཀྱི་འཁོར་ལོ་བྱིང་རྒོད་རེ་དོགས་དང་བྲལ་བ་ཉིན་མཚན་ཕྱད་པར་འབྱམས་ཀླས་པས་ན་ཀློང་ཆེན་རབ་འབྱམས་ཏེ། མིང་འདིས་བསྟན་བཅོས་འདིའི་བརྗོད་བྱ་ཉེ་བར་སྟོན་པ་ཡིན་ནོ། །གང་དུ་ཁོ་བོས་སྦྱར་བའི་བསྟན་བཅོས་དག་ལ་མིང་གི་རྣམ་གྲངས་ཐ་དད་པར་འབྱུང་བ་སྟེ་དེ་ཡང་དེ་དག་གི་བརྗོད་བྱ་ཉེ་བར་སྟོན་པ་སྟེ། སྙན་ངག་དང༌། སྡེབ་སྦྱོར་དང༌། མིང་གི་མངོན་བརྗོད་ལ་སོགས་པ་འཇིག་རྟེན་པའི་གཙུག་ལག་དང་མཐུན་པས་དྲང་བའི་དོན་གཙོ་ཆེར་སྟོན་པ་དག་ཏུ་ནི། བསམ་ཡས་པ་ངག་གི་དབང་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྦྱར་བ་ཞེས་འབྱུང་ངོ༌། །གང་དུ་གསང་སྔགས་ཕྱི་ནང་གི་གནས་ཐུན་མོང་དུ་མཐུན་པར་སྟོན་པ་རྣམས་སུ་ནི། རྡོ་རྗེ་གཟི་བརྗིད་ཀྱིས་ཞེས་འབྱུང་ངོ༌། །ཟབ་མོའི་གནས་གང་ཞིག་ཐེག་པའི་རིམ་པས་སྟོན་པ་དང༌། དོན་དང་ཚིག་གི་གནས་ཏིང་ངེ་འཛིན་གྱི་ཚོམས་གཙོ་བོར་སྟོན་པ་དག་ཏུ་ནི། དྲི་མེད་འོད་ཟེར་གྱིས་ཞེས་འབྱུང་ངོ༌། །» «གནས་ལུགས་བསམ་གྱིས་མི་ཁྱབ་པའི་ཀློང་ཡངས་པར་སྟོན་པ་དག་ཏུ་ནི་ཀློང་ཆེན་རབ་འབྱམས་ཀྱིས་ཞེས་འབྱུང་ངོ༌། ། ཐེག་པ་དང༌། གྲུབ་པ་དང༌། དེ་ཁོ་ན་ཉིད་ལ་སོགས་པ་རྒྱ་ཆེར་འབྱུང་བ་རྣམས་སུ་ནི། ཀུན་མཁྱེན་ངག་གི་དབང་པོས་ཞེས་འབྱུང་བ་ཡིན་ནོ། །འདི་ནི་མིང་གི་རིགས་འབྱེད་ཀྱིས་བསྟན་བཅོས་ཀྱི་བརྗོད་བྱ་ཉེ་བར་སྟོན་པ་ཞེས་བྱའོ། །བཀོད་པ་རྫོགས་སོ་ཞེས་བྱ་བ་ནི། ས་མ་ཡ་ཐཱ་སྟེ། ཚིག་དོན་གྱི་རིམ་པ་རྫོགས་པར་བསྟན་ཟིན་ཏོ། །བརྩམས་པ་མཐར་ཕྱིན་ཏོ། །ལེགས་པར་བཀོད་ཟིན་ཏོ་ཞེས་བྱ་བའི་དོན་ཏེ། དེ་ལྟར་རབ་གསང་རྡོ་རྗེ་སྙིང་པོའི་དོན། །སྙིང་ཐིག་ངེས་པའི་བཀའ་གསང་རྒྱ་ཆེ་ལས། །ཟབ་མོའི་གནད་རྣམས་ཕྱོགས་གཅིག་འདིར་བསྡུས་ཏེ། །ཞི་བ་ཐར་ལམ་འབྱོར་པ་མཐའ་ཡས་བྱས། །ཆོས་དབྱིངས་མཛོད་འགྲེལ་ཆོས་ཀྱི་མཆོག་འདི་ནི། །རྟོགས་དོན་མཐར་ཐུག་རྟོགས་པའི་སྣང་བ་དང༌། །ཐེག་མཆོག་རྩེ་མོ་ཐེག་པའི་རྒྱལ་པོ་དང༌། །ལུང་དོན་ལེགས་སྤྲས་ལུང་གི་གཏེར་ཞེས་བྱ། །ཚིག་ཙམ་མ་ཡིན་སྙིང་པོའི་དོན་མཐོང་ཞིང༌། །ཇི་བཞིན་ལེགས་བསྒོམས་ཉམས་མྱོང་ངེས་པའི་གནད། །ཡང་ཟབ་མཐར་ཐུག་ཕྱོགས་གཅིག་བསྡེབས་པའི་ཕྱིར། །ཆོས་དབྱིངས་འགྲེལ་འདི་རྟོགས་པའི་སྣང་བ་ཡིན། །ཚེ་འདིར་བྱང་ཆུབ་རྡོ་རྗེ་སྙིང་པོའི་དོན། །ཀུན་གྱི་རྩེ་མོ་འོད་གསལ་མཆོག་མི་འགྱུར། །གླིང་བཞིའི་དབུས་ན་རི་རྒྱལ་འཕགས་པ་བཞིན། །ཆོས་དབྱིངས་འགྲེལ་འདི་ཐེག་པའི་རྒྱལ་པོ་ཡིན། །ཟབ་མོའི་གནད་རྣམས་རྡོ་རྗེའི་གླུར་བླངས་པ། །བཀའ་ལུང་གཙོར་བྱས་ལུང་གི་ཕྲེང་བས་སྤྲས། །ངེས་དོན་སྙིང་པོའི་མདོ་རྒྱུད་ཀུན་དང་མཐུན། །ཆོས་དབྱིངས་འགྲེལ་འདི་ལུང་གི་གཏེར་ཞེས་བྱ། །སྐྱེ་བ་སྐྱེ་བ་རྣམས་སུ་སྔོན་སྦྱངས་ཤིང༌། །དམ་པ་དམ་པ་རྣམས་ཀྱིས་འདིར་བཟུང་བས། །ཡང་ཟབ་ཡང་ཟབ་སྙིང་པོའི་དོན་རྟོགས་ཤིང༌། །ཐེག་མཆོག་ཐེག་མཆོག་རྒྱ་མཚོའི་ཕ་རོལ་སོན། །དེ་ཕྱིར་བློ་གྲོས་ཡངས་པའི་ནམ་མཁའ་ལ། །ཐོས་བསམ་སྤྲིན་ཆེན་ཕན་བདེའི་གློག་ཕྲེང་ཅན། །རྟོགས་པའི་འབྲུག་སྒྲ་ཏིང་འཛིན་རྣམ་འགྲོས་ལས། །ལེགས་བཤད་ཆར་ཆེན་ཀུན་ཏུ་འབབ་པ་ཡིན། །ཁོ་བོ་རྣམ་དཔྱོད་ཐོས་བསམ་རྒྱ་ཆེ་བས། །མ་ལུས་ཐེག་པའི་དོན་ཀུན་ཁོང་དུ་ཆུད། །རྡོ་རྗེ་སྙིང་པོའི་ལམ་བཟང་འདིར་མཁས་པས། །ཟབ་དང་རྒྱ་ཆེའི་ཆོས་དབྱིངས་འགྲེལ་འདི་བྱས། །གང་ཞིག་མོས་དགེ་ཕུན་ཚོགས་དང་ལྡན་པ། །ཐེག་མཆོག་རྒྱལ་པོའི་རྣལ་འབྱོར་དེ་དག་གིས། །ཞི་བ་བྱང་ཆུབ་ནོར་བཟང་འབྱོར་པའི་ནོར། །ཆོས་དབྱིངས་མཛོད་འདིར་ཡོངས་ཀྱིས་འགྲེལ་འདི་ཟུང༌། །» «འདི་ནི་གསང་ཆེན་ངེས་པའི་རྒྱུད་རྣམས་དང༌། །དེ་ཡི་མན་ངག་ཡི་གེ་གྲངས་མང་ལས། །འབད་མེད་གྲོལ་བའི་གནད་རྣམས་ངེས་བསྡུས་ནས། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་སྦྱར། །དགེ་བ་འདི་ཡིས་ཕན་བདེ་འབྱུང་བའི་གནས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག» «།བསྟན་པའི་རྩ་ལག་སྐྱེས་བུ་དམ་པ་རྣམས། །སྐུ་ཚེ་འཕྲིན་ལས་འབྱོར་པ་མཐའ་ཡས་ཤོག» «།འཇིག་རྟེན་ཁམས་ཀུན་བདེ་ཞིང་སྐྱིད་པ་དང༌། །ངན་སོང་རྣམ་ཆད་མཐོ་རིས་ཐོབ་པར་ཤོག» «།དག་པའི་ཞིང་བཞིན་ཉིན་མཚན་ཆོས་སྤྱོད་ཅིང༌། །» «ཐམས་ཅད་བླ་མེད་བྱང་ཆུབ་ཐོབ་པར་ཤོག» «།ཇི་བཞིན་ལེགས་བཤད་བསོད་ནམས་གྲུ་ཆེན་དེས། །» «འགྲོ་ཀུན་སྲིད་པའི་རྒྱ་མཚོ་རྒལ་བར་ཤོག» «།ཐར་པའི་གནས་བཟང་རིན་ཆེན་གླིང་བགྲོད་ནས། །སྐུ་གསུམ་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག» «།མ་སྐྱེས་སྙིང་པོ་བྱང་ཆུབ་སེམས་ཀྱི་ལུང༌། །མ་ནོར་ཇི་བཞིན་ཡོངས་བཤད་བསོད་ནམས་དེས། །མ་ལུས་འགྲོ་ཀུན་དོན་གཉིས་ཕུན་ཚོགས་ཤིང༌། །མ་འབད་བཞིན་དུ་དགེ་བ་འཕེལ་བར་ཤོག» «།བདག་ཀྱང་དེང་ནས་སྲིད་པ་ཇི་སྲིད་བར། །» «དཔལ་མགོན་བླ་མའི་ཕྲིན་ལས་སྒྲུབ་བྱེད་ཅིང༌། །རླབས་ཆེན་གཞན་དོན་སྤྱོད་པ་ཕུན་ཚོགས་ཀྱིས། །» «མཐོང་ཐོས་དྲན་རེག་འཁོར་བ་ཕྱིར་བསྙིལ་ཤོག» «།བདག་ལ་བརྟེན་ནས་འགྲོ་བ་གང་ཞིག་རྣམས། །ཁྲོའམ་དད་དམ་གནོད་པ་བྱེད་གྱུར་ཏམ། །» «བསྟོད་དམ་རྗེས་སུ་ཞུགས་པར་གྱུར་ཀྱང་རུང༌། །ཐམས་ཅད་མྱུར་དུ་བདག་གིས་འདྲེན་པར་» «ཤོག» «།ཆོས་ཀྱི་དབྱིངས་དང་ནམ་མཁའི་དབྱིངས་ཀུན་དང༌། །སེམས་ཅན་དབྱིངས་ཀུན་མཐའ་ཡང་ཇི་ཙམ་པར། །བདག་གི་ཞིང་དང་ཕྲིན་ལས་དབྱིངས་ཁྱབ་སྟེ། །སེམས་ཅན་ཐམས་ཅད་བདག་གིས་འདྲེན་པར་ཤོག།ཆོས་ཚུལ་འདི་ཡང་སྲིད་པ་ཇི་སྲིད་པ། །ས་སྟེང་རྒྱན་གྱུར་འཇིག་རྟེན་འདིར་གནས་ཏེ། །བསྟན་པའི་སྲོག་ཤིང་ཡལ་འདབ་ཕྱོགས་བཅུར་རྒྱས། །གཞན་ཕན་མེ་ཏོག་འབྲས་བུ་མཐའ་ཡས་ཤོག» «།ཉི་ཟླ་ནོར་བུ་དཔག་བསམ་ཤིང་ཆེན་དང༌། །» «ས་གཞི་རྒྱ་མཚོ་གྲུ་ཆེན་རྒྱལ་བ་ལྟར། །སྐྱེ་དགུའི་རེ་སྒྲུབ་ཕན་བདེའི་འོད་སྟོང་འཕྲོ། །གཞན་དོན་ལྷུན་གྲུབ་ཕྲིན་ལས་མཐའ་ཡས་ཤོག» «།«ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་འགྲེལ་པ། རྟོགས་པའི་སྣང་བ། ཐེག་པའི་རྒྱལ་པོ། ལུང་གི་གཏེར་མཛོད་ཅེས་བྱ་བ། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང༌། བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་རྨད་དུ་བྱུང་བ་ལ་བློ་གྲོས་ཀྱི་སྣང་བ་ལེགས་པར་རྒྱས་པ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀུན་མཁྱེན་ངག་གི་དབང་པོ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ། །«མེས་པོའི་ཤུལ་བཞག་ལས། ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ། ༼༡༦༽ ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད

[edit]
OCR of the BDRC scans (I1CZ5001), gorn05 tibocr 2026: BDRC OCR on 236 pages, Mitra OCR on 78 pages (the model with more recognisable syllables on each page).

[p. 1019] ཐམས་ཅད་ཀུན་དུ་བཀྲ་ཤིས་སུ་བྱེད་པས་བདེ་ལེགས་རླབས་པོ་ཆེ་རྒྱས་པར་བསྔོ་བ་ནི། ཕྱོགས་ རྣམས་ཀུན་དུ་བདེ་དཔལ་འབྱོར་བ་ནི། །དག་པའི་ཞིང་བཞིན་འདོད་དགུ་ལྷུན་གྲུབ་ཅིང་། །ཆོས་རྔ་སྒྲོགས་པས་ཐར་པའི་རྒྱལ་མཚན་འཛུགས། །དམ་ཆོས་མི་ནུབ་བསྟན་པ་རྒྱས་པར་ཤོག །ལེགས་ པར་སྦྱར་བའི་བསོད་ནམས་བརྒྱའི་འོད་ཟེར་ས་དང་ལྷའི་ཡུལ་ཀུན་དུ་འཕྲོ་བའི་དཔལ་འབར་བའི་གཟི་བརྗིད་བཟང་པོ་དེས། སེམས་ཅན་གྱི་འཇིག་རྟེན་ཇི་སྙེད་པ་ཐམས་ཅད་བདེ་བ་དང་ལྡན་ཞིང་། རྨི་ལམ་ན་ཡང་

[p. 1020] སྡུག་བསྔལ་མེད་ལ། ཐར་པའི་ཆོས་ཀྱི་དགའ་བ་རྨད་དུ་བྱུང་བས་ཉིན་མཚན་ཀུན་དུ་བཀྲ་ཤིས་དང་ལྡན་པ་ནི། བདེ་བ་ཅན་དང་མངོན་པར་དགའ་བ་དང་བརྩོན་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཁམས་ དག་པའི་ཡུལ་ན་འཁོད་པ་བཞིན། འདོད་དགུའི་དཔལ་ཕུན་སུམ་ཚོགས་པ་ལྷུན་གྱིས་གྲུབ་པ་ལ་སྤྱོད་པར་ཤོག་ཤིག །ཐམས་ཅད་ཀུན་དུ་དཀོན་མཆོག་གསུམ་གྱི་སྒྲ་རྒྱུན་མི་འཆད་པར་སྒྲོགས་ཤིང་ བླ་ན་མེད་པའི་བསྟན་པ་ལྷའི་དཔག་བསམ་གྱི་ཤིང་དང་ནོར་བུའི་རྒྱལ་མཚན་བསྒྲེངས་པས། བསྟན་པ་དམ་པའི་ཆོས་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་ཞིང་གི་ཁྱོན་ནམ་མཁའི་མཐས་ཀླས་ པ་ཀུན་དུ་དར་ཞིང་རྒྱས་པར་ཤོག་ཅིག་ཅེས་ཤིས་པ་བརྗོད་པའི་རྒྱུན་གྱིས་མཐའ་བསྡུ་བར་བསྟན་པ་ཡིན་ནོ། །ཡོངས་སུ་རྫོགས་པ་མཚན་གྱི་རྣམ་གྲངས་བརྗོད་པ་ནི། ཆོས་དབྱིངས་རིན་པོ་ཆེའི་ མཛོད་ཅེས་བྱ་བ་ནི། སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་དབྱིངས་ཏེ། རང་བཞིན་གྱི་ལྷུན་གྱིས་གྲུབ་པས་ནོར་བུ་རིན་པོ་ཆེ་དང་། འཁོར་བ་དང་མྱ་ངན་ ལས་འདས་པའི་ཆོས་ཐམས་ཅད་འབྱུང་བའི་གནས་སུ་གྱུར་པས་མཛོད་ཅེས་བརྗོད་པ་ནི་བསྟན་བཅོས་འདིའི་བརྗོད་པར་བྱ་བའི་དོན་ཕུན་སུམ་ཚོགས་པ་གཞི་དང་ལམ་དང་འབྲས་བུའི་བདག་ཉིད་ཡིན་ལ། དེའི་

[p. 1021] ༄༅། །གནས་གསལ་བར་སྟོན་པའི་ཚུལ་ལེའུ་བཅུ་གསུམ་གྱི་རང་བཞིན་ནི་ཟབ་པ་དང་རྒྱ་ཆེ་བའི་གཞུང་གི་ཚོགས་ཏེ། ཚིག་དོན་གྱི་རྣམ་གྲངས་དུ་མ་འབྱུང་བའི་དབྱིངས་ལ། ཚིག་དང་དོན་གྱིས་སྐལ་བ་བཟང་པོ་ལྷུན་གྱིས་གྲུབ་པ་ནི་ རིན་པོ་ཆེ་དང་མཚུངས་ཏེ། གང་མངོན་པར་འདོད་པའི་དོན་གཉིས་འགྲུབ་པའི་གཞིར་གྱུར་པའི་ཕྱིར་དང་། མིང་ཚིག་ཡི་གེའི་ཚོགས་པ་འབྱུང་བའི་གནས་ཡིན་པས་མཛོད་ཀྱི་སྒྲས་ཉེ་བར་བརྗོད་པ་ཉིད་དང་། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་དབྱིངས་ གཞི་དང་ལམ་དང་འབྲས་བུའི་རང་བཞིན་བཀོད་ལེགས་པའི་རིན་པོ་ཆེ་འབྱུང་བའི་མཛོད་ཡིན་པའི་ཕྱིར་ཡང་། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བརྗོད་དེ། རྗོད་པར་བྱེད་པའི་གཞུང་ཕུན་སུམ་ཚོགས་པ་ཉིད་དང་། བརྗོད་པར་བྱ་བའི་དོན་ཕུན་ སུམ་ཚོགས་པ་གཉིས་བསྟན་བཅོས་འདིའི་རང་བཞིན་ཕུན་སུམ་ཚོགས་པ་ཡིན་པའི་ཕྱིར་རོ། །ཐེག་པ་མཆོག་གི་རྣལ་འབྱོར་པ་ཞེས་བྱ་བ་ནི། འབྲས་བུ་རྡོ་རྗེའི་ཐེག་པ་ནི་ཐེག་པ་ཀུན་གྱི་རྩེ་མོ་ཡིན་ལ། དེའི་ཡང་སྙིང་པོ་དང་རྩེ་མོར་གྱུར་པ་ ནི་རང་བཞིན་རྫོགས་པ་ཆེན་པོ་སྟེ། དེ་ལས་ཀྱང་འོད་གསལ་རྡོ་རྗེ་སྙིང་པོའི་གནས་འདི་མཆོག་ཏུ་གྱུར་པའི་ཕྱིར་ཐེག་པའི་མཆོག་ཅེས་བྱའོ། །དེའི་དོན་ལེགས་པར་རྟོགས་གླེགས་བམ་པར་བྱེད་པ་ནི་དོན་རྣལ་འབྱོར་དུ་བྱེད་པ་ཡིན་ལ། ཚིག་དོན་ གྱི་གནས་ལེགས་པར་རྟོགས་ནས་གཞུང་རྩོམ་པ་ན་རྣལ་འབྱོར་དུ་བྱེད་པ་ནི་ཚིག་རྣལ་འབྱོར་དུ་བྱེད་པས་ཏེ། ཆོས་ཀྱི་རྒྱུན་གྱི་རྣལ་འབྱོར་པ་ཞེས་བརྗོད་པ་གང་ཡིན་པ་ཉིད་དོ། །ཀློང་ཆེན་རབ་འབྱམས་ཀྱིས་ཞེས་བྱ་བ་ནི། རྩོམ་པ་པོའི་

[p. 1022] མིང་སྟེ། རྟོགས་པ་མཁའ་ལྟར་ཡངས་པའི་ཀློང་ཆེན་པོ་ན་རིག་པ་ཆོས་ཉིད་ཀྱི་འཁོར་ལོ་བྱིང་རྒོད་རེ་དོགས་དང་བྲལ་བ་ཉིན་མཚན་ཕྱེད་པར་འབྱམས་ཀླས་པས་ན་ཀློང་ཆེན་རབ་འབྱམས་ཏེ། མིང་འདིས་བསྟན་བཅོས་འདིའི་བརྗོད་བྱ་ཉེ་བར་སྟོན་ པ་ཡིན་ནོ། །གང་དུ་ཁོ་བོས་སྦྱར་བའི་བསྟན་བཅོས་དག་ལ་མིང་གི་རྣམ་གྲངས་ཐ་དད་པར་འབྱུང་བ་སྟེ་ཡང་དེ་དག་གི་བརྗོད་བྱ་ཉེ་བར་སྟོན་པ་སྟེ། སྙན་ངག་དང་། སྡེབ་སྦྱོར་དང་། མིང་གི་མངོན་བརྗོད་ལ་སོགས་པ་འཛིན་རྟེན་པའི་གཙུག་ལག་ དང་མཐུན་པས་དྲང་བའི་དོན་གཙོ་ཆེར་སྟོན་པ་དག་ཏུ་ནི། བསམ་ཡས་པ་དག་གི་དབང་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྦྱར་བ་ཞེས་འབྱུང་ངོ། །གང་དུ་གསང་སྔགས་ཕྱི་ནང་གི་གནས་ཐུན་མོང་དུ་མཐུན་པར་སྟོན་པ་རྣམས་སུ་ནི། རྡོ་རྗེ་གཟི་ བརྗིད་ཀྱིས་ཞེས་འབྱུང་ངོ། །ཟབ་མོའི་གནས་གང་ཞིག་ཐེག་པའི་རིམ་པས་སྟོན་པ་དང་། དོན་དང་ཚིག་གི་གནས་ཏིང་ངེ་འཛིན་གྱི་ཚོམས་གཙོ་བོར་སྟོན་པ་དག་ཏུ་ནི། དྲི་མེད་འོད་ཟེར་གྱིས་ཞེས་འབྱུང་ངོ། །གནས་ལུགས་བསམ་གྱིས་མི་ཁྱབ་ པའི་ཀློང་ཡངས་པར་སྟོན་པ་དག་ཏུ་ནི་ཀློང་ཆེན་རབ་འབྱམས་ཀྱིས་ཞེས་འབྱུང་ངོ། །ཐེག་པ་དང་། གྲུབ་པ་དང་། དེ་ཁོ་ན་ཉིད་ལ་སོགས་པ་རྒྱ་ཆེར་འབྱུང་བ་རྣམས་སུ་ནི། ཀུན་མཁྱེན་ངག་གི་དབང་པོས་ཞེས་འབྱུང་བ་ཡིན་ནོ། །འདི་ནི་མིང་གི་རིགས་ འབྱེད་ཀྱི་བསྟན་བཅོས་ཀྱི་བརྗོད་བྱ་ཉེ་བར་སྟོན་པ་ཞེས་བྱའོ། །བཀོད་པ་རྫོགས་སོ་ཞེས་བྱ་བ་ནི། ས་མ་ཡ་ཐཱ་སྟེ། ཚིག་དོན་གྱི་རིམ་པ་རྫོགས་པར་བསྟན་ཟིན་ཏོ། །བརྩམས་པ་མཐར་ཕྱིན་ཏོ། །ལེགས་པར་བཀོད་ཟིན་ཏོ་ཞེས་བྱ་བའི་དོན་ཏེ། དེ་ལྟར་

[p. 1023] ༄༅། །རབ་གསང་རྡོ་རྗེ་སྙིང་པོའི་དོན། །སྙིང་ཐིག་ངེས་པའི་བཀའ་གསང་རྒྱ་ཆེ་ལས། །ཟབ་མོའི་གནས་རྣམས་ཕྱོགས་གཅིག་འདིར་བསྡུས་ཏེ། །ཞི་བ་ཐར་ལམ་འབྱོར་པ་མཐའ་ཡས་བྱས། །ཆོས་དབྱིངས་མཛོད་འགྲེལ་ཆོས་ ཀྱི་མཆོག་འདི་ནི། །རྟོགས་དོན་མཐར་ཐུག་རྟོགས་པའི་སྣང་བ་དང་། །ཐེག་མཆོག་རྩེ་མོ་ཐེག་པའི་རྒྱལ་པོ་དང་། །ལུང་དོན་ལེགས་སྤྲས་ལུང་གི་གཏེར་ཞེས་བྱ། །ཚིག་ཙམ་མ་ཡིན་སྙིང་པོའི་དོན་མཐོང་ཞིང་། །ཇི་བཞིན་ལེགས་བསྒོམ་ཉམས་མྱོང་ ངེས་པའི་གནད། །ཡང་ཟབ་མཐར་ཐུག་ཕྱོགས་གཅིག་སྡེབ་པའི་ཕྱིར། །ཆོས་དབྱིངས་འགྲེལ་འདི་རྟོགས་པའི་སྣང་བ་ཡིན། །ཚེ་འདིར་བྱང་ཆུབ་རྡོ་རྗེ་སྙིང་པོའི་དོན། །ཀུན་གྱི་རྩེ་མོ་འོད་གསལ་མཆོག་མི་འགྱུར། །གླིང་བཞིའི་དབུས་ན་རི་རྒྱལ་འཕགས་ པ་བཞིན། །ཆོས་དབྱིངས་འགྲེལ་འདེ་ཐེག་པའི་རྒྱལ་པོ་ཡིན། །ཟབ་མོའི་གནད་རྣམས་རྡོ་རྗེའི་གླུར་བླངས་པ། །བཀའ་ལུང་གཙོར་བྱས་ལུང་གི་ཕྲེང་བས་སྤྲས། །ངེས་དོན་སྙིང་པོའི་མདོ་རྒྱུད་ཀུན་དང་མཐུན། །ཆོས་དབྱིངས་འགྲེལ་བ་འདི་ལུང་གི་ གཏེར་ཞེས་བྱ། །སྐྱེ་བ་སྐྱེ་བ་རྣམས་སུ་སྔོན་སྦྱངས་ཤིང་། །དམ་པ་དམ་པ་རྣམས་ཀྱིས་འདིར་བཟུང་བས། །ཡང་ཟབ་ཡང་ཟབ་སྙིང་པོའི་དོན་རྟོགས་ཤིང་། །ཐེག་མཆོག་ཐེག་མཆོག་རྒྱ་མཚོའི་ཕ་རོལ་སོན། །དེ་ཕྱིར་བློ་གྲོས་ཡངས་པའི་ནམ་མཁའ་ ལ༑ ༑ཐོས་བསམ་སྤྲིན་ཆེན་ཕན་བདེའི་གློག་ཕྲེང་ཅན། །རྟོགས་པའི་འབྲུག་སྒྲ་ཏིང་འཛིན་རྣམ་འགྲོས་ལས། །ལེགས་བཤད་ཆར་ཆེན་ཀུན་དུ་འབབ་པ་ཡིན། །ཁོ་བོ་རྣམ་དཔྱོད་ཐོས་བསམ་རྒྱ་ཆེ་བས། །མ་ལུས་ཐེག་པའི་དོན་ཀུན་ཁོང་དུ་

[p. 1024] ཆུད༑ ༑རྡོ་རྗེ་སྙིང་པོའི་ལམ་བཟངས་འདིར་མཁས་པས། །ཟབ་ཅིང་རྒྱ་ཆེའི་ཆོས་དབྱིངས་འགྲེལ་འདི་བྱས། །གང་ཞིག་མོས་དགེ་ཕུན་ཚོགས་དང་ལྡན་པ། །ཐེག་མཆོག་རྒྱལ་པོའི་རྣལ་འབྱོར་དེ་དག་གིས། །ཞི་བ་བྱང་ཆུབ་ནོར་བཟངས་འབྱོར་ པའི་ནོར། །ཆོས་དབྱིངས་མཛོད་འདིར་ཡོད་ཀྱིས་འགྲེལ་འདི་ཟུང་། །འདི་ནི་གསང་ཆེན་ངེས་པའི་རྒྱུད་རྣམས་དང་། །དེ་ཡིས་མན་ངག་ཡི་གེ་གྲངས་མང་ལས། །འབད་མེད་གྲོལ་བའི་གནད་རྣམས་ངེས་བསྡུས་ནས། །གངས་རི་ཐོད་ དཀར་མགུལ་དུ་ལེགས་པར་སྦྱར། །དགེ་བ་དེ་ཡིས་ཕན་བདེ་འབྱུང་བའི་གནས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །བསྟན་པའི་རྩ་ལག་སྐྱེས་བུ་དམ་པ་རྣམས། །སྐུ་ཚེ་འཕྲིན་ལས་འབྱོར་པ་མཐའ་ཡས་ཤོག །འཇིག་རྟེན་ ཁམས་ཀུན་བདེ་ཞིང་སྐྱིད་པ་དང་། །ངན་སོང་རྣམ་ཆད་མཐོ་རིས་ཐོབ་པར་ཤོག །དག་པའི་ཞིང་བཞིན་ཉིན་མཚན་ཆོས་སྤྱོད་ཅིང་། །ཐམས་ཅད་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཇི་བཞིན་ལེགས་བཤད་བསོད་ནམས་གྲུ་ཆེན་དེས། །འགྲོ་ ཀུན་སྲིད་པའི་རྒྱ་མཚོ་རྒལ་བར་ཤོག །ཐར་པའི་གནས་བཟངས་རིན་ཆེན་གླིང་བགྲོད་ནས། །སྐུ་གསུམ་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །མ་སྐྱེས་སྙིང་པོ་བྱང་ཆུབ་སེམས་ཀྱི་ལུང་། །མ་ནོར་ཇི་བཞིན་ཡོངས་བཤད་བསོད་ནམས་ དེས༑ ༑མ་ལུས་འགྲོ་ཀུན་དོན་གཉིས་ཕུན་ཚོགས་ཤིག །མ་འབད་བཞིན་དུ་དགེ་བ་འཕེལ་བར་ཤོག །བདག་ཀྱང་དེང་ནས་སྲིད་པ་ཇི་སྲིད་པར། །དཔལ་མགོན་བླ་མའི་འཕྲིན་ལས་སྒྲུབ་བྱེད་ཅིང་། །རླབས་ཆེན་གཞན་དོན་སྤྱོད་པ་ཕུན་

[p. 1025] ༄༅། །ཚོགས་ཀྱིས། །མཐོང་ཐོས་དྲན་རེག་འཁོར་བ་ཕྱིར་བསྙིལ་ཤོག །བདག་ལ་བརྟེན་ནས་འགྲོ་བ་གང་ཞིག་རྣམས། །ཁྲོ་འམ་དད་དམ་གནོད་བ་བྱེད་གྱུར་ཏམ། །བསྟོད་དམ་རྗེས་སུ་ཞུགས་པར་གྱུར་ཀྱང་ རུང༑ ༑ཐམས་ཅད་མྱུར་དུ་བདག་གིས་འདྲེན་པར་ཤོག །ཆོས་ཀྱི་དབྱིངས་དང་ནམ་མཁའི་དབྱིངས་ཀུན་དང་། །སེམས་ཅན་དབྱིངས་ཀུན་མཐའ་ཡང་ཇི་ཙམ་པར། །བདག་གི་ཞིང་དང་འཕྲིན་ལས་དབྱིངས་ཁྱབ་སྟེ། །སེམས་ཅན་ ཐམས་ཅད་བདག་གིས་འདྲེན་པར་ཤོག །ཆོས་ཚུལ་འདི་ཡང་སྲིད་པ་ཇི་སྲིད་པ། །ས་སྟེངས་རྒྱན་གྱུར་འཇིག་རྟེན་འདིར་གནས་ཏེ། །བསྟན་པའི་སྲོག་ཤིང་ཡལ་འདབ་ཕྱོགས་བཅུར་རྒྱས། །གཞན་ཕན་མེ་ཏོག་འབྲས་བུ་མཐའ་ཡས་ ཤོག ༑ཉི་ཟླ་ནོར་བུ་དཔག་བསམ་ཤིང་ཆེན་དང་། །ས་གཞི་རྒྱ་མཚོ་གྲུ་ཆེན་རྒྱལ་བ་ལྟར། །སྐྱེ་དགུའི་རེ་སྒྲུབ་ཕན་བདེའི་འོད་སྟོང་འཕྲོ། །གཞན་དོན་ལྷུན་གྲུབ་འཕྲིན་ལས་མཐའ་ཡས་ཤོག །ཆོས་དབྱིངས་རིན་པོ་ཆེའི་མཛོད་ ཅེས་བྱ་བའི་འགྲེལ་པ། །རྟོགས་པའི་སྣང་བ། ཐེག་པའི་རྒྱལ་པོ། ལུང་གི་གཏེར་མཛོད་ཅེས་བྱ་བ། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་ཅིང་། བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་ རྨད་དུ་བྱུང་བ་ལ་བློ་གྲོས་ཀྱི་སྣང་བ་ལེགས་པར་རྒྱས་པ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀུན་མཁྱེན་ངག་གི་དབང་པོ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།དགེའོ།། །།

[p. 1026]

[p. 1027] ༄༅། །ཨུ་འདི་ཤར་ཏ་ཀྲོ་ཥ་ན་མ་བི་ཛ་ཧ་ར་མུ། །མན་ངག་རིན་པོ་ཆེའི་མཛོད་ཅེས་བྱ་བ་བཞུགས། །

[p. 1028] ༄༅༅། །རྒྱ་གར་སྐད་དུ། ཨུ་པ་དེ་ཤ་རཏྣ་ཀོ་ཥ་ནཱ

[edit]
OCR of the BDRC scans (I2PD20601, I2PD20602), gorn05 tibocr 2026: BDRC OCR on 244 pages, Mitra OCR on 127 pages (the model with more recognisable syllables on each page).

[p. 314] ཐམས་ཅད་ཀུན་དུ་བཀྲ་ཤིས་སུ་བྱེད་པས་བདེ་ལེགས་རླབས་པོ་ཆེ་རྒྱས་པར་བསྔོ་བ་ནི། ཕྱོགས་རྣམས་ཀུན་དུ་བདེ་དཔལ་འབྱོར་པ་ནི། །དག་པའི་ཞིང་བཞིན་འདོད་དགུ་ལྷུན་གྲུབ་ཅིང་། །ཆོས་རྔ་སྒྲོགས་པས་ཐར་པའི་རྒྱལ་མཚན་འཛུགས། །དམ་ཆོས་མི་ནུབ་བསྟན་པ་རྒྱས་པར་ཤོག །ལེགས་པར་སྦྱར་བའི་བསོད་ནམས་བརྒྱའི་འོད་ཟེར་ས་དང་ལྷའི་ཡུལ་ཀུན་དུ་འཕྲོ་བའི་དཔལ་འབར་བའི་གཟི་བརྗིད་བཟང་པོ་དེས། སེམས་ཅན་གྱི་འཇིག་རྟེན་ཇི་སྙེད་པ་ཐམས་ཅད་བདེ་བ་དང་ལྡན་ཞིང་། རྨི་ལམ་ན་ཡང་སྡུག་བསྔལ་མེད་ལ། ཐར་པའི་ཆོས་ཀྱི་དགའ་བ་རྨད་དུ་བྱུང་བས་ཉིན་མཚན་ཀུན་དུ་བཀྲ་ཤིས་དང་ལྡན་པ་ནི། བདེ་བ་ཅན་དང་མངོན་པར་དགའ་བ་དང་པདྨོ་ཅན་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཁམས་དག་པའི་ཡུལ་ན་འཁོད་པ་བཞིན། འདོད་དགུའི་དཔལ་ཕུན་སུམ་ཚོགས་པ་ལྷུན་གྱིས་གྲུབ་པ་ལ་སྤྱོད་པར་ཤོག་ཤིག །ཐམས་ཅད་ཀུན་དུ་དཀོན་མཆོག་གསུམ་གྱི་སྒྲ་རྒྱུན་མི་འཆད་པར་སྒྲོགས་ཤིག །བླ་ན་མེད་པའི་བསྟན་པ་ལྷའི་དཔག་བསམ་གྱི་ཤིང་དང་ནོར་བུའི་རྒྱལ་མཚན་བསྒྲེངས་པས། བསྟན་པ་དམ་པའི་ཆོས་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་ཞིང་གི་ཁྱོན་ནམ་མཁའི་མཐས་ཀླས་པ་ཀུན་དུ་དར་ཞིང་རྒྱས་པར་ཤོག་ཅིག་ཅེས་ཤིས་པ་བརྗོད་པའི་

[p. 315] རྒྱན་གྱིས་མཐའ་བསྡུ་བར་བསྟན་པ་ཡིན་ནོ། །ཡོངས་སུ་རྫོགས་པ་མཚན་གྱི་རྣམ་གྲངས་བརྗོད་པ་ནི། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བ་ནི། སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་དབྱིངས་ཏེ། རང་བཞིན་གྱི་ལྷུན་གྱིས་གྲུབ་པས་ནོར་བུ་རིན་པོ་ཆེ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་འབྱུང་བའི་གནས་སུ་གྱུར་པས་མཛོད་ཅེས་བརྗོད་པ་ནི་བསྟན་བཅོས་འདིའི་བརྗོད་པར་བྱ་བའི་དོན་ཕུན་སུམ་ཚོགས་པ་གཞི་དང་ལམ་དང་འབྲས་བུའི་བདག་ཉིད་ཡིན་ལ། དེའི་གནས་གསལ་བར་སྟོན་པའི་ཚུལ་ལེའུ་བཅུ་གསུམ་གྱི་རང་བཞིན་ནི་ཟབ་པ་དང་རྒྱ་ཆེ་བའི་གཞུང་གི་ཚོགས་ཏེ། ཚིག་དོན་གྱི་རྣམ་གྲངས་དུ་མ་འབྱུང་བའི་དབྱིངས་ལ། ཚིག་དང་དོན་གྱི་སྐལ་བ་བཟང་པོ་ལྷུན་གྱིས་གྲུབ་པ་ནི་རིན་པོ་ཆེ་དང་མཚུངས་ཏེ། གང་མངོན་པར་འདོད་པའི་དོན་གཉིས་འགྲུབ་པའི་གཞིར་གྱུར་པའི་ཕྱིར་དང་། མིང་ཚིག་ཡི་གེའི་ཚོགས་པ་འབྱུང་བའི་གནས་ཡིན་པས་མཛོད་ཀྱི་སྒྲས་ཉེ་བར་བརྗོད་པ་ཉིད་དང་། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་དབྱིངས་གཞི་དང་ལམ་དང་འབྲས་བའི་རང་བཞིན་བཀོད་ལེགས་པའི་རིན་པོ་ཆེ་འབྱུང་བའི་མཛོད་ཡིན་པའི་ཕྱིར་ཡང་། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བརྗོད་དེ། རྗོད་པར་བྱེད་པའི་གཞུང་ཕུན་སུམ་ཚོགས་པ་ཉིད་དང་། བརྗོད་པར་བྱ་བའི་དོན་ཕུན། སུམ་ཚོགས་པ་གཉིས་བསྟན་བཅོས་འདིའི་རང་བཞིན་ཕུན་སུམ་ཚོགས་པ་ཡིན་པའི་ཕྱིར་རོ། །ཐེག་པ་མཆོག་གི་རྣལ་འབྱོར་པ་ཞེས་བྱ་བ་ནི། འབྲས་བུ་རྡོ་རྗེའི་ཐེག་པ་ནི་ཐེག་པ་ཀུན་གྱི་རྩེ་མོ་ཡིན་ལ། དེའི་ཡང་སྙིང་པོ་དང་རྩེ་མོར་གྱུར་པ་ནི་རང་བཞིན་

[p. 316] རྫོགས་པ་ཆེན་པོ་སྟེ། དེ་ལས་ཀྱང་འོད་གསལ་རྡོ་རྗེ་སྙིང་པོའི་གནས་འདི་མཆོག་ཏུ་གྱུར་པའི་ཕྱིར་ཐེག་པའི་མཆོག་ཅེས་བྱའོ། །དེའི་དོན་ལེགས་པར་རྟོགས་ནས་གོམས་པར་བྱེད་པ་ནི་དོན་རྣལ་འབྱོར་དུ་བྱེད་པ་ཡིན་ལ། ཚིག་ དོན་གྱི་གནས་ལེགས་པར་རྟོགས་ནས་གཞུང་རྩོམ་པ་ལ་རྣལ་འབྱོར་དུ་བྱེད་པ་ནི་ཚིག་རྣལ་འབྱོར་དུ་བྱེད་པས་ཏེ། ཆོས་ཀྱི་རྒྱུན་གྱི་རྣལ་འབྱོར་པ་ཞེས་བརྗོད་པ་གང་ཡིན་པ་ཉིད་དོ། །ཀློང་ཆེན་རབ་འབྱམས་ཀྱིས་ཞེས་བྱ་བ་ནི། རྩོམ་པ་པོའི་མིང་སྟེ། རྟོགས་པ་མཁའ་ལྟར་ཡངས་པའི་ཀློང་ཆེན་པོ་ན་རིག་པ་ཆོས་ཉིད་ཀྱི་འཁོར་ལོ་བྱིང་རྒོད་རེ་དོགས་དང་བྲལ་བ་ཉིན་མཚན་ཕྱད་པར་འབྱམས་ཀླས་པས་ན་ཀློང་ཆེན་རབ་འབྱམས་ཏེ། མིང་འདིས་བསྟན་བཅོས་འདིའི་ བརྗོད་བྱ་ཉེ་བར་སྟོན་པ་ཡིན་ནོ། །གང་དུ་ཁོ་བོས་སྦྱར་བའི་བསྟན་བཅོས་དག་ལ་མིང་གི་རྣམ་གྲངས་ཐ་དད་པར་འབྱུང་བ་སྟེ་ཡང་དེ་དག་གི་བརྗོད་བྱ་ཉེ་བར་སྟོན་པ་སྟེ། སྙན་ངག་དང་། སྡེ་བ་སྦྱོར་དང་། མིང་གི་མངོན་བརྗོད་ལ་སོགས་པ་ འཇིག་རྟེན་པའི་གཙུག་ལག་ཁང་དང་མཐུན་པས་དྲང་བའི་དོན་གཙོ་ཆེར་སྟོན་པ་དག་ཏུ་ནི། བསམ་ཡས་པ་ངག་གི་དབང་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྦྱར་བ་ཞེས་འབྱུང་ངོ། །གང་དུ་གསང་སྔགས་ཕྱི་ནང་གི་གནས་ཐུན་མོང་དུ་མཐུན་ པར་སྟོན་པ་རྣམས་སུ་ནི། རྡོ་རྗེ་གཟི་བརྗིད་ཀྱིས་ཞེས་འབྱུང་ངོ། །ཟབ་མོའི་གནས་གང་ཞིག་ཐེག་པའི་རིམ་པས་སྟོན་པ་དང་། དོན་དང་ཚིག་གི་གནས་ཏིང་ངེ་འཛིན་གྱི་ཚོམས་གཙོ་བོར་སྟོན་པ་དག་ཏུ་ནི། དྲི་མེད་འོད་ཟེར་གྱིས་ཞེས་ འབྱུང་ངོ། །གནས་ལུགས་བསམ་གྱིས་མི་ཁྱབ་པའི་ཀློང་ཡངས་པར་སྟོན་པ་དག་ཏུ་ནི་ཀློང་ཆེན་རབ་འབྱམས་ཀྱིས་ཞེས་འབྱུང་ངོ། །ཐེག་པ་དང་། གྲུབ་པ་དང་། དེ་ཁོ་ན་ཉིད་ལ་སོགས་པ་རྒྱ་ཆེར་འབྱུང་བ་རྣམས་སུ་ནི། ཀུན་

[p. 317] མཁྱེན་ངག་གི་དབང་པོས་ཞེས་འབྱུང་བ་ཡིན་ནོ། །འདི་ནི་མིང་གི་རིགས་འབྱེད་ཀྱི་བསྟན་བཅོས་ཀྱི་བརྗོད་བྱ་ཉེ་བར་སྟོན་པ་ཞེས་བྱའོ། །བཀོད་པ་རྫོགས་སོ་ཞེས་བྱ་བ་ནི། ས་མ་ཡ་ཐཱ་སྟེ། ཚིག་དོན་གྱི་རིམ་པ་རྫོགས་པར་བསྟན་ཟིན་ཏོ། །བརྩམས་པ་མཐར་ཕྱིན་ཏོ། །ལེགས་པར་བཀོད་ཟིན་ཏོ་ཞེས་བྱ་བའི་དོན་ཏེ། དེ་ལྟར་རབ་གསང་རྡོ་རྗེ་སྙིང་པོའི་དོན། །སྙིང་ཐིག་ངེས་པའི་བཀའ་གསང་རྒྱ་ཆེ་ལས། །ཟབ་མོའི་གནད་རྣམས་ཕྱོགས་གཅིག་འདིར་བསྡུས་ཏེ། ཞི་བ་ཐར་ལམ་འབྱོར་པ་མཐའ་ཡས་བྱས། །ཆོས་དབྱིངས་མཛོད་འགྲེལ་ཆོས་ཀྱི་མཆོག་འདི་ནི། །རྟོགས་དོན་མཐར་ཐུག་རྟོགས་པའི་སྣང་བ་དང་། །ཁྲེག་མཆོག་རྩེ་མོ་ཐེག་པའི་རྒྱལ་པོ་དང་། །ལུང་དོན་ལེགས་སྤྲས་ལུང་གི་གཏེར་ཞེས་བྱ། །ཚིག་ཙམ་མ་ཡིན་སྙིང་པོའི་དོན་མཐོང་ཞིང་། །ཇི་བཞིན་ལེགས་བསྒོམ་ཉམས་མྱོང་ངེས་པའི་གནད། །ཡང་ཟབ་མཐར་ཐུག་ཕྱོགས་གཅིག་སྡེབ་པའི་ཕྱིར། །ཆོས་དབྱིངས་འགྲེལ་འདི་རྟོགས་པའི་སྣང་བ་ཡིན། །ཚེ་འདིར་བྱང་ཆུབ་རྡོ་རྗེ་སྙིང་པོའི་དོན། །ཀུན་གྱི་རྩེ་མོ་འོད་གསལ་མཆོག་མི་འགྱུར། །གླིང་བཞིའི་དབུས་ན་རི་རྒྱལ་འཕགས་པ་བཞིན། །ཆོས་དབྱིངས་འགྲེལ་འདྲི་ཐེག་པའི་རྒྱལ་པོ་ཡིན། །ཟབ་མོའི་གནད་རྣམས་རྡོ་རྗེའི་གླུར་བླངས་པ། །བཀའ་ལུང་གཙོར་བྱས་ལུང་གི་ཕྲེང་བས་སྤྲས། །ངེས་དོན་སྙིང་པོའི་མདོ་རྒྱུད་ཀུན་དང་མཐུན། །ཆོས་དབྱིངས་འགྲེལ་བ་འདི་ལུང་གི་གཏེར་ཞེས་བྱ། སྐྱེ་བ་སྐྱེ་བ་རྣམས་སུ་སྔོན་སྦྱངས་ཤིང་། །དམ་པ་དམ་པ་རྣམས་ཀྱིས་འདིར་བཟུང་བས། །ཡང་ཟབ་ཡང་ཟབ་སྙིང་པོའི་དོན་རྟོགས་ཤིང་། །ཐེག་མཆོག་ཐེག་མཆོག་རྒྱ་མཚོའི་ཕ་རོལ་སོན། །དེ་ཕྱིར་བློ་གྲོས་ཡངས་པའི་ནམ་

[p. 318] མཁའ་ལ། །ཐོས་བསམ་སྤྲིན་ཆེན་ཕན་བདེའི་གློག་ཕྲེང་ཅན། །རྟོགས་པའི་འབྲུག་སྒྲ་ཏིང་འཛིན་རྣམ་འགྲོས་ལས། །ལེགས་བཤད་ཆར་ཆེན་ཀུན་ཏུ་འབབ་པ་ཡིན། །ཁོ་བོ་རྣམ་དཔྱོད་ཐོས་བསམ་རྒྱ་ཆེ་བས། །མ་ལུས་ཐེག་པའི་དོན་ཀུན་ཁོང་དུ་ཆུད། །རྡོ་རྗེ་སྙིང་པོའི་ལམ་བཟངས་འདིར་མཁས་པས། །ཟབ་ཅིང་རྒྱ་ཆེའི་ཆོས་དབྱིངས་འགྲེལ་འདི་བྱས། །གང་ཞིག་མོས་དགེ་ཕུན་ཚོགས་དང་ལྡན་པ། །ཐག་མཆོག་རྒྱལ་པོའི་རྣལ་འབྱོར་དུ་དག་གིས། །ཞི་བ་བྱང་ཆུབ་ནོར་བཟངས་འབྱོར་པའི་ནོར། །ཆོས་དབྱིངས་མཛོད་འདིར་ཡོད་ཀྱིས་འགྲེལ་འདི་ཟུང་། །འདི་ནི་གསང་ཆེན་ངེས་པའི་རྒྱུད་རྣམས་དང་། །དེ་ཡི་མན་ངག་ཡི་གེ་གྲངས་མང་ལས། །འབད་མེད་གྲོལ་བའི་གནད་རྣམས་ངེས་བསྡུས་ནས། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་སྦྱར། །དགེ་བ་དེ་ཡིས་ཕན་བདེ་འབྱུང་བའི་གནས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །བསྟན་པའི་རྩ་ལག་སྐྱེས་བུ་དམ་པ་རྣམས། །སྐུ་ཚེ་འཕྲིན་ལས་འབྱོར་པ་མཐའ་ཡས་ཤོག །འཇིག་རྟེན་ཁམས་ཀུན་བདེ་ཞིང་སྐྱིད་པ་དང་། །ངན་སོང་རྣམ་ཆད་མཐོ་རིས་ཐོབ་པར་ཤོག །དག་པའི་ཞིང་བཞིན་ཉིན་མཚན་ཆོས་སྤྱོད་ཅིང་། །ཐམས་ཅད་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཇི་བཞིན་ལེགས་བཤད་བསོད་ནམས་གྲུ་ཆེན་དེས། །འགྲོ་ཀུན་སྲིད་པའི་རྒྱ་མཚོ་རྒལ་བར་ཤོག །ཐར་པའི་གནས་བཟངས་རིན་ཆེན་གླིང་བགྲོད་ནས། །སྐུ་གསུམ་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །མ་སྐྱེས་སྙིང་པོ་བྱང་ཆུབ་སེམས་ཀྱི་ལུང་། །མ་ནོར་ཇི་བཞིན་ཡོངས་བཤད་བསོད་ནམས་དེས། །མ་ལུས་འགྲོ་ཀུན་དོན་གཉིས་ཕུན་ཚོགས་ཤིང་། །མ་འབད་བཞིན་དུ་དགེ་བ་འཕེལ་བར་ཤོག །བདག་ཀྱང་དང་ནས་སྲིད་པ་ཇི་

[p. 319] སྲིད་པར། །དཔལ་མགོན་བླ་མའི་འཕྲིན་ལས་སྒྲུབ་བྱེད་ཅིང་། །རླབས་ཆེན་གཞན་དོན་སྤྱོད་པ་ཕུན་ཚོགས་ཀྱིས། །མཐོང་ཐོས་དྲན་རེག་འཁོར་བ་ཕྱིར་བསྙིལ་ཤོག །བདག་ལ་བརྟེན་ནས་འགྲོ་བ་གང་ཞིག་རྣམས། །ཁྲོའམ་དད་དམ་གནོད་པ་བྱེད་གྱུར་ཏམ། །བསྟོད་དམ་རྗེས་སུ་ཞུགས་པར་གྱུར་ཀྱང་རུང་། །ཐམས་ཅད་མྱུར་དུ་བདག་གིས་འདྲེན་པར་ཤོག །ཆོས་ཀྱི་དབྱིངས་དང་ནམ་མཁའི་དབྱིངས་ཀུན་དང་། །སེམས་ཅན་དབྱིངས་ཀུན་མཐའ་ཡང་ཇི་ཙམ་པར། །བདག་གི་ཞིང་དང་འཕྲིན་ལས་དབྱིངས་ཁྱབ་སྟེ། །སེམས་ཅན་ཐམས་ཅད་བདག་གིས་འདྲེན་པར་ཤོིག །ཆོས་ཚུལ་འདི་ཡང་སྲིད་པ་ཇི་སྲིད་པ། །ས་སྟེངས་རྒྱན་གྱུར་འཇིག་རྟེན་འདིར་གནས་ཏེ། །བསྟན་པའི་སྲོག་ཤིང་ཡལ་འདབ་ཕྱོགས་བཅུར་རྒྱས། །གཞན་ཕན་མེ་ཏོག་འབྲས་བུ་མཐའ་ཡས་ཤོག །ཉི་ཟླ་ནོར་བུ་དཔག་བསམ་ཤིང་ཆེན་དང་། །ས་གཞི་རྒྱ་མཚོ་གྲུ་ཆེན་རྒྱལ་བ་ལྟར། །སྐྱེ་དགུའི་རེ་སྒྲུབ་ཕན་བདེའི་འོད་སྟོང་འཕྲོ། །གཞན་དོན་ལྷུན་གྲུབ་འཕྲིན་ལས་མཐའ་ཡས་ཤོག །ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་འགྲེལ་པ། རྟོགས་པའི་སྣང་བ། ཐེག་པའི་རྒྱལ་པོ། ལུང་གི་གཏེར་མཛོད་ཅེས་བྱ་བ། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་ཅིང་། བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་རྨད་དུ་བྱུང་བ་ལ་བློ་གྲོས་ཀྱི་སྣང་བ་ལེགས་པར་རྒྱས་པ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀུན་མཁྱེན

[edit]
OCR of the BDRC scans (I3CN4267), gorn05 tibocr 2026: BDRC OCR on 226 pages, Mitra OCR on 175 pages (the model with more recognisable syllables on each page).

[p. 394] ཐམས་ཅད་ཀུན་ཏུ་བཀྲ་ཤིས་སུ་བྱེད་པས་བདེ་ལེགས་ རླབས་པོ་ཆེ་རྒྱས་པར་བསྔོ་བ་ནི། ཕྱོགས་རྣམས་ཀུན་ཏུ་བདེ་དཔལ་འབྱོར་པ་ནི། ། དག་པའི་ཞིང་བཞིན་འདོད་དགུ་ལྷུན་གྲུབ་ཅིང་། །ཆོས་རྔ་སྒྲོགས་པས་ཐར་པའི་ རྒྱལ་མཚན་འཛུགས། །དམ་ཆོས་མི་ནུབ་བསྟན་པ་རྒྱས་པར་ཤོག །ལེགས་པར་ སྦྱར་བའི་བསོད་ནམས་བརྒྱའི་འོད་ཟེར་ས་དང་ལྷའི་ཡུལ་ཀུན་ཏུ་འཕྲོ་བའི་དཔལ་ འབར་བའི་གཟི་བརྗིད་བཟང་པོ་དེས། སེམས་ཅན་གྱི་འཇིག་རྟེན་ཇི་སྙེད་པ་ ཐམས་ཅད་བདེ་བ་དང་ལྡན་ཞིང་། རྨི་ལམ་ན་ཡང་སྡུག་བསྔལ་མེད་ལ། ཐར་པའི་ ཆོས་ཀྱི་དགའ་བ་རྨད་དུ་བྱུང་བས་ཉིན་མཚན་ཀུན་ཏུ་བཀྲ་ཤིས་དང་ལྡན་པ་ནི། བདེ་བ་ཅན་དང་མངོན་པར་དགའ་བ་དང་པདམོ་ཅན་ལ་སོགས་པ་སངས་རྒྱས་ཀྱི་

[p. 395] ༈ ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། ཞིང་ཁམས་དག་པའི་ཡུལ་ན་འཁོད་པ་བཞིན། འདོད་དགུའི་དཔལ་ཕུན་སུམ་ ཚོགས་པ་ལྷུན་གྱིས་གྲུབ་པ་ལ་སྤྱོད་པར་ཤོག་ཅིག ཐམས་ཅད་ཀུན་ཏུ་དཀོན་ མཆོག་གསུམ་གྱི་སྒྲ་རྒྱུན་མི་འཆད་པར་སྒྲོགས་ཤིག ༧ བླ་ན་མེད་པའི་བསྟན་པ་ ལྷའི་དཔག་བསམ་གྱི་ཤིང་དང་ནོར་བུའི་རྒྱལ་མཚན་བསྒྲེངས་པས། བསྟན་པ་དམ་ པའི་ཆོས་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་ཞིང་གི་ཁྱོན་ནམ་མཁའི་མཐའ་ཀླས་ པ་ཀུན་ཏུ་དར་ཞིང་རྒྱས་པར་ཤོག་ཅིག་ཅེས་ཤིས་པ་བརྗོད་པའི་རྒྱན་གྱིས་མཐའ་ བསྡུ་བར་བསྟན་པ་ཡིན་ནོ། །ཡོངས་སུ་རྫོགས་པ་མཚན་གྱི་རྣམ་གྲངས་བརྗོད་པ་ ནི༑ ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བ་ནི། སེམས་ཉིད་རང་བཞིན་གྱིས་ འོད་གསལ་བ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་དབྱིངས་ཏེ། རང་ བཞིན་གྱི་ལྷུན་གྱིས་གྲུབ་པས་ནོར་བུ་རིན་པོ་ཆེ་དང་། འཁོར་བ་དང་མྱ་ངན་ལས་ འདས་པའི་ཆོས་ཐམས་ཅད་འབྱུང་བའི་གནས་སུ་གྱུར་པས་མཛོད་ཅེས་བརྗོད་པ་ ནི་བསྟན་བཅོས་འདིའི་བརྗོད་པར་བྱ་བའི་དོན་ཕུན་སུམ་ཚོགས་པ་གཞི་དང་ལམ་ དང་འབྲས་བུའི་བདག་ཉིད་ཡིན་ལ། དེའི་གནས་གསལ་བར་སྟོན་པའི་ཚུལ་ལེའུ་ བཅུ་གསུམ་གྱི་རང་བཞིན་ནི་ཟབ་པ་དང་རྒྱ་ཆེ་བའི་གཞུང་གི་ཚོགས་ཏེ། ཚིག་དོན་ གྱི་རྣམ་གྲངས་དུ་མ་འབྱུང་བའི་དབྱིངས་ལ། ཚིག་དང་དོན་གྱི་སྐལ་བ་བཟང་པོ་ ལྷུན་གྱིས་གྲུབ་པ་ནི་རིན་པོ་ཆེ་དང་མཚུངས་ཏེ། གང་མངོན་པར་འདོད་པའི་དོན་ གཉིས་འགྲུབ་པའི་གཞིར་གྱུར་པའི་ཕྱིར་དང་། མིང་ཚིག་ཡི་གེའི་ཚོགས་པ་འབྱུང་ བའི་གནས་ཡིན་པས་མཛོད་ཀྱི་སྒྲས་ཉེ་བར་བརྗོད་པ་ཉིད་དང་། ཟབ་ཅིང་རྒྱ་ཆེ་ བའི་ཆོས་ཀྱི་དབྱིངས་གཞི་དང་ལམ་དང་འབྲས་བུའི་རང་བཞིན་བཀོད་ལེགས་ པའི་རིན་པོ་ཆེ་འབྱུང་བའི་མཛོད་ཡིན་པའི་ཕྱིར་ཡང་། ཆོས་དབྱིངས་རིན་པོ་ཆེའི་

[p. 396] ༈ བསྟན་བཅོས་ཡོངས་སུ་རྫོགས་པ་མཇུག་གི་དོན། མཛོད་ཅེས་བརྗོད་དེ། རྗོད་པར་བྱེད་པའི་གཞུང་ཕུན་སུམ་ཚོགས་པ་ཉིད་དང་། བརྗོད་པར་བྱ་བའི་དོན་ཕུན་སུམ་ཚོགས་པ་གཉིས་བསྟན་བཅོས་འདིའི་རང་བཞིན་ ཕུན་སུམ་ཚོགས་པ་ཡིན་པའི་ཕྱིར་རོ། །ཐེག་པ་མཆོག་གི་རྣལ་འབྱོར་པ་ཞེས་བྱ་བ་ ནི༑ འབྲས་བུ་རྡོ་རྗེའི་ཐེག་པ་ནི་ཐེག་པ་ཀུན་གྱི་རྩེ་མོ་ཡིན་ལ། དེའི་ཡང་སྙིང་པོ་ དང་རྩེ་མོར་གྱུར་པ་ནི་རང་བཞིན་རྫོགས་པ་ཆེན་པོ་སྟེ། དེ་ལས་ཀྱང་འོད་གསལ་ རྡོ་རྗེ་སྙིང་པོའི་གནས་འདི་མཆོག་ཏུ་གྱུར་པའི་ཕྱིར་ཐེག་པའི་མཆོག་ཅེས་བྱའོ། ། དེའི་དོན་ལེགས་པར་རྟོགས་ནས་གོམས་པར་བྱེད་པ་ནི་དོན་རྣལ་འབྱོར་དུ་བྱེད་པ་ ཡིན་ལ། ཚིག་དོན་གྱི་གནས་ལེགས་པར་རྟོགས་ནས་གཞུང་རྩོམ་པ་ལ་རྣལ་འབྱོར་ དུ་བྱེད་པ་ནི་ཚིག་རྣལ་འབྱོར་དུ་བྱེད་པས་ཏེ། ཆོས་ཀྱི་རྒྱུན་གྱི་རྣལ་འབྱོར་པ་ཞེས་ བརྗོད་པ་གང་ཡིན་པ་ཉིད་དོ། །ཀློང་ཆེན་རབ་འབྱམས་ཀྱིས་ཞེས་བྱ་བ་ནི། རྩོམ་ པ་པོའི་མིང་སྟེ། རྟོགས་པ་མཁའ་ལྟར་ཡངས་པའི་ཀློང་ཆེན་པོ་ན་རིག་པ་ཆོས་ཉིད་ ཀྱི་འཁོར་ལོ་བྱིང་རྒོད་རེ་དོགས་དང་བྲལ་བ་ཉིན་མཚན་ཕྱད་པར་འབྱམས་ཀླས་ པས་ན་ཀློང་ཆེན་རབ་འབྱམས་ཏེ། མིང་འདིས་བསྟན་བཅོས་འདིའི་བརྗོད་བྱ་ཉེ་ བར་སྟོན་པ་ཡིན་ནོ། །གང་དུ་ཁོ་བོས་སྦྱར་བའི་བསྟན་བཅོས་དག་ལ་མིང་གི་རྣམ་ གྲངས་ཐ་དད་པར་འབྱུང་བ་སྟེ་དེ་ཡང་དེ་དག་གི་བརྗོད་བྱ་ཉེ་བར་སྟོན་པ་སྟེ། སྙན་ ངག་དང་། སྡེབ་སྦྱོར་དང་། མིང་གི་མངོན་བརྗོད་ལ་སོགས་པ་འཇིག་རྟེན་པའི་ གཙུག་ལག་དང་མཐུན་པས་དྲང་བའི་དོན་གཙོ་ཆེར་སྟོན་པ་དག་ཏུ་ནི། བསམ་ ཡས་པ་ངག་གི་དབང་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྦྱར་བ་ཞེས་འབྱུང་ངོ་། །གང་དུ་ གསང་སྔགས་ཕྱི་ནང་གི་གནས་ཐུན་མོང་དུ་མཐུན་པར་སྟོན་པ་རྣམས་སུ་ནི། རྡོ་རྗེ་ གཟི་བརྗིད་ཀྱིས་ཞེས་འབྱུང་ངོ་། །ཟབ་མོའི་གནས་གང་ཞིག་ཐེག་པའི་རིམ་པས་

[p. 397] ༈ ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། སྟོན་པ་དང་། དོན་དང་ཚིག་གི་གནས་ཏིང་ངེ་འཛིན་གྱི་ཚོམས་གཙོ་བོར་སྟོན་པ་ དག་ཏུ་ནི། དྲི་མེད་འོད་ཟེར་གྱིས་ཞེས་འབྱུང་ངོ་། །གནས་ལུགས་བསམ་གྱིས་མི་ ཁྱབ་པའི་ཀློང་ཡངས་པར་སྟོན་པ་དག་ཏུ་ནི་ཀློང་ཆེན་རབ་འབྱམས་ཀྱིས་ཞེས་ འབྱུང་ངོ་། །ཐེག་པ་དང་། གྲུབ་པ་དང་། དེ་ཁོ་ན་ཉིད་ལ་སོགས་པ་རྒྱ་ཆེར་འབྱུང་ བ་རྣམས་སུ་ནི། ཀུན་མཁྱེན་ངག་གི་དབང་པོས་ཞེས་འབྱུང་བ་ཡིན་ནོ། །འདི་ནི་ མིང་གི་རིགས་འབྱེད་ཀྱིས་བསྟན་བཅོས་ཀྱི་བརྗོད་བྱ་ཉེ་བར་སྟོན་པ་ཞེས་བྱའོ། ། བཀོད་པ་རྫོགས་སོ་ཞེས་བྱ་བ་ནི། ས་མ་ཡ་ཐཱ་སྟེ། ཚིག་དོན་གྱི་རིམ་པ་རྫོགས་ པར་བསྟན་ཟིན་ཏོ། །བརྩམས་པ་མཐར་ཕྱིན་ཏོ། །ལེགས་པར་བཀོད་ཟིན་ཏོ་ཞེས་ བྱ་བའི་དོན་ཏེ། དེ་ལྟར་རབ་གསང་རྡོ་རྗེ་སྙིང་པོའི་དོན། །སྙིང་ཐིག་ངེས་པའི་བཀའ་ གསང་རྒྱ་ཆེ་ལས། །ཟབ་མོའི་གནད་རྣམས་ཕྱོགས་གཅིག་འདིར་བསྡུས་ཏེ། ། ཞི་བ་ཐར་ལམ་འབྱོར་པ་མཐའ་ཡས་བྱས། །ཆོས་དབྱིངས་མཛོད་འགྲེལ་ཆོས་ཀྱི་ མཆོག་འདི་ནི། །རྟོགས་དོན་མཐར་ཐུག་རྟོགས་པའི་སྣང་བ་དང་། །ཐེག་མཆོག་རྩེ་ མོ་ཐེག་པའི་རྒྱལ་པོ་དང་། །ལུང་དོན་ལེགས་སྤྲས་ལུང་གི་གཏེར་ཞེས་བྱ། །ཚིག་ ཙམ་མ་ཡིན་སྙིང་པོའི་དོན་མཐོང་ཞིང་། །ཇི་བཞིན་ལེགས་བསྒོམས་ཉམས་མྱོང་ ངེས་པའི་གནད། །ཡང་ཟབ་མཐར་ཐུག་ཕྱོགས་གཅིག་བསྡེབས་པའི་ཕྱིར། །ཆོས་ དབྱིངས་འགྲེལ་འདི་རྟོགས་པའི་སྣང་བ་ཡིན། །ཚེ་འདིར་བྱང་ཆུབ་རྡོ་རྗེ་སྙིང་པོའི་ དོན། །ཀུན་གྱི་རྩེ་མོ་འོད་གསལ་མཆོག་མི་འགྱུར། །གླིང་བཞིའི་དབུས་ན་རི་རྒྱལ་ འཕགས་པ་བཞིན། །ཆོས་དབྱིངས་འགྲེལ་འདི་ཐེག་པའི་རྒྱལ་པོ་ཡིན། །ཟབ་མོའི་ གནད་རྣམས་རྡོ་རྗེའི་གླུར་བླངས་པ། །བཀའ་ལུང་གཙོར་བྱས་ལུང་གི་ཕྲེང་བས་ སྤྲས། །ངེས་དོན་སྙིང་པོའི་མདོ་རྒྱུད་ཀུན་དང་མཐུན། །ཆོས་དབྱིངས་འགྲེལ་འདི་

[p. 398] ༈ བསྟན་བཅོས་ཡོངས་སུ་རྫོགས་པ་མཇུག་གི་དོན། ལུང་གི་གཏེར་ཞེས་བྱ། །སྐྱེ་བ་སྐྱེ་བ་རྣམས་སུ་སྔོན་སྦྱངས་ཤིང་། །དམ་པ་དམ་པ་ རྣམས་ཀྱིས་འདིར་བཟུང་བས། །ཡང་ཟབ་ཡང་ཟབ་སྙིང་པོའི་དོན་རྟོགས་ཤིང་། ། ཐེག་མཆོག་ཐེག་མཆོག་རྒྱ་མཚོའི་ཕ་རོལ་སོན། །དེ་ཕྱིར་བློ་གྲོས་ཡངས་པའི་ནམ་ མཁའ་ལ། །ཐོས་བསམ་སྤྲིན་ཆེན་ཕན་བདེའི་གློག་ཕྲེང་ཅན། །རྟོགས་པའི་འབྲུག་ སྒྲ་ཏིང་འཛིན་རྣམ་འགྲོས་ལས། །ལེགས་བཤད་ཆར་ཆེན་ཀུན་ཏུ་འབབ་པ་ཡིན། ། ཁོ་བོ་རྣམ་དཔྱོད་ཐོས་བསམ་རྒྱ་ཆེ་བས། །མ་ལུས་ཐེག་པའི་དོན་ཀུན་ཁོང་དུ་ཆུད། ། རྡོ་རྗེ་སྙིང་པོའི་ལམ་བཟང་འདིར་མཁས་པས། །ཟབ་དང་རྒྱ་ཆེའི་ཆོས་དབྱིངས་ འགྲེལ་འདི་བྱས། །གང་ཞིག་མོས་དགེ་ཕུན་ཚོགས་དང་ལྡན་པ། །ཐེག་མཆོག་ རྒྱལ་པོའི་རྣལ་འབྱོར་དེ་དག་གིས། །ཞི་བ་བྱང་ཆུབ་ནོར་བཟང་འབྱོར་པའི་ནོར། ། ཆོས་དབྱིངས་མཛོད་འདིར་ཡོངས་ཀྱིས་འགྲེལ་འདི་ཟུང་། །འདི་ནི་གསང་ཆེན་ངེས་ པའི་རྒྱུད་རྣམས་དང་། །དེ་ཡི་མན་ངག་ཡི་གེ་གྲངས་མང་ལས། །འབད་མེད་གྲོལ་ བའི་གནད་རྣམས་ངེས་བསྡུས་ནས། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་ སྦྱར། །དགེ་བ་འདི་ཡིས་ཕན་བདེ་འབྱུང་བའི་གནས། །སངས་རྒྱས་བསྟན་པ་དར་ ཞིང་རྒྱས་པར་ཤོག །བསྟན་པའི་རྩ་ལག་སྐྱེས་བུ་དམ་པ་རྣམས། །སྐུ་ཚེ་འཕྲིན་ ལས་འབྱོར་པ་མཐའ་ཡས་ཤོག །འཇིག་རྟེན་ཁམས་ཀུན་བདེ་ཞིང་སྐྱིད་པ་དང་། ། ངན་སོང་རྣམ་ཆད་མཐོ་རིས་ཐོབ་པར་ཤོག །དག་པའི་ཞིང་བཞིན་ཉིན་མཚན་ཆོས་ སྤྱོད་ཅིང་། །ཐམས་ཅད་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཇི་བཞིན་ལེགས་བཤད་ བསོད་ནམས་གྲུ་ཆེན་དེས། །འགྲོ་ཀུན་སྲིད་པའི་རྒྱ་མཚོ་རྒལ་བར་ཤོག །ཐར་པའི་ གནས་བཟང་རིན་ཆེན་གླིང་བགྲོད་ནས། །སྐུ་གསུམ་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ ཤོག །མ་སྐྱེས་སྙིང་པོ་བྱང་ཆུབ་སེམས་ཀྱི་ལུང་། །མ་ནོར་ཇི་བཞིན་ཡོངས་བཤད་

[p. 399] ། ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། བསོད་ནམས་དེས། །མ་ལུས་འགྲོ་ཀུན་དོན་གཉིས་ཕུན་ཚོགས་ཤིང་། །མ་འབད་ བཞིན་དུ་དགེ་བ་འཕེལ་བར་ཤོག །བདག་ཀྱང་དེང་ནས་སྲིད་པ་ཇི་སྲིད་བར། ། དཔལ་མགོན་བླ་མའི་ཕྲིན་ལས་སྒྲུབ་བྱེད་ཅིང་། །རླབས་ཆེན་གཞན་དོན་སྤྱོད་པ་ ཕུན་ཚོགས་ཀྱིས། །མཐོང་ཐོས་དྲན་རེག་འཁོར་བ་ཕྱིར་བསྙིལ་ཤོག །བདག་ལ་ བརྟེན་ནས་འགྲོ་བ་གང་ཞིག་རྣམས། །ཁྲོའམ་དད་དམ་གནོད་པ་བྱེད་གྱུར་ཏམ། ། བསྟོད་དམ་རྗེས་སུ་ཞུགས་པར་གྱུར་ཀྱང་རུང་། །ཐམས་ཅད་མྱུར་དུ་བདག་གིས་ འདྲེན་པར་ཤོག །ཆོས་ཀྱི་དབྱིངས་དང་ནམ་མཁའི་དབྱིངས་ཀུན་དང་། །སེམས་ ཅན་དབྱིངས་ཀུན་མཐའ་ཡང་ཇི་ཙམ་པར། །བདག་གི་ཞིང་དང་ཕྲིན་ལས་དབྱིངས་ ཁྱབ་སྟེ། །སེམས་ཅན་ཐམས་ཅད་བདག་གིས་འདྲེན་པར་ཤོག །ཆོས་ཚུལ་འདི་ ཡང་སྲིད་པ་ཇི་སྲིད་པ། །ས་སྟེང་རྒྱན་གྱུར་འཇིག་རྟེན་འདིར་གནས་ཏེ། །བསྟན་ པའི་སྲོག་ཤིང་ཡལ་འདབ་ཕྱོགས་བཅུར་རྒྱས། །གཞན་ཕན་མེ་ཏོག་འབྲས་བུ་ མཐའ་ཡས་ཤོག །ཉི་ཟླ་ནོར་བུ་དཔག་བསམ་ཤིང་ཆེན་དང་། །ས་གཞི་རྒྱ་མཚོ་གྲུ་ ཆེན་རྒྱལ་བ་ལྟར། །སྐྱེ་དགུའི་རེ་སྒྲུབ་ཕན་བདེའི་འོད་སྟོང་འཕྲོ། །གཞན་དོན་ལྷུན་ གྲུབ་ཕྲིན་ལས་མཐའ་ཡས་ཤོག །ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་འགྲེལ་པ། རྟོགས་ པའི་སྣང་བ། ཐེག་པའི་རྒྱལ་པོ། ལུང་གི་གཏེར་མཛོད་ཅེས་བྱ་བ༑ རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་ མཚོའི་ཕ་རོལ་ཏུ་སོན་ཅིང་། བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་རྨད་དུ་བྱུང་བ་ལ་བློ་གྲོས་ཀྱི་སྣང་ བ་ལེགས་པར་རྒྱས་པ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀུན་མཁྱེན་ངག་གི་དབང་པོ་ཀློང་ཆེན་རབ་འབྱམས་ ཀྱིས་བཀོད་པ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ། །

[p. 400] ༈ ཆོས་དབྱིངས་མཛོད་དཔེ་བསྡུར་གསལ་བཤད། གཞུང་འདི། ཨ་འཛོམ་གྱི་མ་དཔེ་གཞིར་བཟུང་། རྫོགས་ཆེན་དང་། སྡེ་དགེ རིག་ འཛིན་ཀུན་བཟང་ཤེས་རབ་ཀྱི་ཕྱག་བྲིས་དབུ་མེད་ཅིག

[edit]
OCR of the BDRC scans (I3CN14273), gorn05 tibocr 2026: BDRC OCR on 317 pages, Mitra OCR on 187 pages (the model with more recognisable syllables on each page).

[p. 497] ཐམས་ཅད་ཀུན་དུ་བཀྲ་ཤིས་སུ་བྱེད་པས་བདེ་ལེགས་རླབས་པོ་ཆེ་རྒྱས་པར་བསྔོ་བ་ནི། ཕྱོགས་ རྣམས་ཀུན་དུ་བདེ་དཔལ་འབྱོར་པ་ནི། །དག་པའི་ཞིང་བཞིན་འདོད་དགུ་ལྷུན་གྲུབ་ཅིང་། །ཆོས་རྔ་སྒྲོགས་པས་ཐར་པའི་རྒྱལ་མཚན་འཛུགས། །དམ་ཆོས་མི་ནུབ་བསྟན་པ་རྒྱས་པར་ཤོག །ལེགས་ པར་སྦྱར་བའི་བསོད་ནམས་བརྒྱའི་འོད་ཟེར་ས་དང་ལྷའི་ཡུལ་ཀུན་དུ་འཕྲོ་བའི་དཔལ་འབར་བའི་གཟི་བརྗིད་བཟང་པོ་དེས། སེམས་ཅན་གྱི་འཇིག་རྟེན་ཇི་སྙེད་པ་ཐམས་ཅད་བདེ་བ་དང་ལྡན་ཞིང་། རྨི་ལམ་ན་ཡང་

[p. 498] སྡུག་བསྔལ་མེད་ལ། ཐར་པའི་ཆོས་ཀྱི་དགའ་བ་རྨད་དུ་བྱུང་བས་ཉིན་མཚན་ཀུན་དུ་བཀྲ་ཤིས་དང་ལྡན་པ་ནི། བདེ་བ་ཅན་དང་མངོན་པར་དགའ་བ་དང་པདྨོ་ཅན་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཁམས་ དག་པའི་ཡུལ་ན་འཁོད་པ་བཞིན། འདོད་དགུའི་དཔལ་ཕུན་སུམ་ཚོགས་པ་ལྷུན་གྱིས་གྲུབ་པ་ལ་སྤྱོད་པར་ཤོག་ཤིག །ཐམས་ཅད་ཀུན་དུ་དཀོན་མཆོག་གསུམ་གྱི་སྒྲ་རྒྱུན་མི་འཆད་པར་སྒྲོགས་ཤིང་ བླ་ན་མེད་པའི་བསྟན་པ་(པ)ལྷའི་དཔག་བསམ་གྱི་ཤིང་དང་ནོར་བུའི་རྒྱལ་མཚན་བསྒྲེངས་པས། བསྟན་པ་དམ་པའི་ཆོས་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་ཞིང་གི་ཁྱོན་ནམ་མཁའི་མཐས་ལས་ པ་ཀུན་དུ་དར་ཞིང་རྒྱས་པར་ཤོག་ཅིག་ཅེས་ཤིས་པ་བརྗོད་པའི་རྒྱན་གྱིས་མཐའ་བསྡུ་བར་བསྟན་པ་ཡིན་ནོ། །ཡོངས་སུ་རྫོགས་པ་མཚན་གྱི་རྣམ་གྲངས་བརྗོད་པ་ནི། ཆོས་དབྱིངས་རིན་པོ་ཆེའི་ མཛོད་ཅེས་བྱ་བ་ནི། སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་དབྱིངས་ཏེ། རང་བཞིན་གྱི་ལྷུན་གྱིས་གྲུབ་པས་ནོར་བུ་རིན་པོ་ཆེ་དང་། འཁོར་བ་དང་མྱ་ངན་ ལས་འདས་པའི་ཆོས་ཐམས་ཅད་འབྱུང་བའི་གནས་སུ་གྱུར་པས་མཛོད་ཅེས་བརྗོད་པ་ནི་བསྟན་བཅོས་འདིའི་བརྗོད་པར་བྱ་བའི་དོན་ཕུན་སུམ་ཚོགས་པ་གཞི་དང་ལམ་དང་འབྲས་བུའི་བདག་ཉིད་ཡིན་ལ། དེའི་

[p. 499] ༄༅། །གནས་གསལ་བར་སྟོན་པའི་ཚུལ་ལེའུ་བཅུ་གསུམ་གྱི་རང་བཞིན་ནི་ཟབ་པ་དང་རྒྱ་ཆེ་བའི་གཞུང་གི་ཚོགས་ཏེ། ཚིག་དོན་གྱི་རྣམ་གྲངས་དུ་མ་འབྱུང་བའི་དབྱིངས་ལ། ཚིག་དང་དོན་གྱིས་སྐལ་པ་བཟང་པོ་ལྷུན་གྱིས་གྲུབ་པ་ནི་ རིན་པོ་ཆེ་དང་མཚུངས་ཏེ། གང་མངོན་པར་འདོད་པའི་དོན་གཉིས་འགྲུབ་པའི་གཞིར་གྱུར་པའི་ཕྱིར་དང་། མིང་ཚིག་ཡི་གེའི་ཚོགས་པ་འབྱུང་བའི་གནས་ཡིན་པས་མཛོད་ཀྱི་སྒྲས་ཉེ་བར་བརྗོད་པ་ཉིད་དང་། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་དབྱིངས་ གཞི་དང་ལམ་དང་འབྲས་བུའི་རང་བཞིན་བཀོད་ལེགས་པའི་རིན་པོ་ཆེ་འབྱུང་བའི་མཛོད་ཡིན་པའི་ཕྱིར་ཡང་། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བརྗོད་དེ། རྗོད་པར་བྱེད་པའི་གཞུང་ཕུན་སུམ་ཚོགས་པ་ཉིད་དང་། བརྗོད་པར་བྱ་བའི་དོན་ཕུན་ སུམ་ཚོགས་པ་གཉིས་བསྟན་བཅོས་འདིའི་རང་བཞིན་ཕུན་སུམ་ཚོགས་པ་ཡིན་པའི་ཕྱིར་རོ། །ཐེག་པ་མཆོག་གི་རྣལ་འབྱོར་པ་ཞེས་བྱ་བ་ནི། འབྲས་བུ་རྡོ་རྗེའི་ཐེག་པ་ནི་ཐེག་པ་ཀུན་གྱི་རྩེ་མོ་ཡིན་ལ། དེའི་ཡང་སྙིང་པོ་དང་རྩེ་མོར་གྱུར་པ་ ནི་རང་བཞིན་རྫོགས་པ་ཆེན་པོ་སྟེ། དེ་ལས་འོད་གསལ་རྡོ་རྗེ་སྙིང་པོའི་གནས་འདི་མཆོག་ཏུ་གྱུར་པའི་ཕྱིར་ཐེག་པའི་མཆོག་ཅེས་བྱའོ། །དེའི་དོན་ལེགས་པར་རྟོགས་ནས་གོམས་པར་བྱེད་པ་ནི་དོན་རྣལ་འབྱོར་དུ་བྱེད་པ་ཡིན་ལ། ཚིག་དོན་ གྱི་གནས་ལེགས་པར་རྟོགས་ནས་གཞུང་རྩོམ་པ་ན་རྣལ་འབྱོར་དུ་བྱེད་པ་ནི་ཚིག་རྣལ་འབྱོར་དུ་བྱེད་པས་ཏེ། ཆོས་ཀྱི་རྒྱུན་གྱི་རྣལ་འབྱོར་པ་ཞེས་བརྗོད་པ་གང་ཡིན་པ་ཉིད་དོ། །ཀློང་ཆེན་རབ་འབྱམས་ཀྱིས་ཞེས་བྱ་བ་ནི། རྩོམ་པ་པོའི་

[p. 500] མིང་སྟེ། རྟོགས་པ་མཁའ་ལྟར་ཡངས་པའི་ཀློང་ཆེན་པོ་ན་རིག་པ་ཆོས་ཉིད་ཀྱི་འཁོར་ལོ་ཕྱིང་རྒོད་རེ་དོགས་དང་བྲལ་བ་ཉིན་མཚན་ཕྱེད་པར་འབྱམས་ཀླས་པས་ན་ཀློང་ཆེན་རབ་འབྱམས་ཏེ། མིང་འདིས་བསྟན་བཅོས་འདིའི་བརྗོད་བྱ་ཉེ་བར་སྙོམ་ པ་ཡིན་ནོ། །གང་དུ་ཁོ་བོས་སྦྱར་བའི་བསྟན་བཅོས་དག་ལ་མིང་གི་རྣམ་གྲངས་ཐ་དད་པར་འབྱུང་བ་སྟེ་ཡང་དེ་དག་གི་བརྗོད་བྱ་ཉེ་བར་སྟོན་པ་སྟེ། སྙན་ངག་དང་། སྡེབ་སྦྱོར་དང་། མིང་གི་མངོན་བརྗོད་ལ་སོགས་པ་འཛིན་རྟེན་པའི་གཙུག་ལག་ གང་དང་མཐུན་པས་དྲང་བའི་དོན་གཙོ་ཆེར་སྟོན་པ་དག་ཏུ་ནི། བསམ་ཡས་པ་ངག་གི་དབང་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྦྱར་བ་ཞེས་འབྱུང་ངོ་། །གང་དུ་གསང་སྔགས་ཕྱི་ནང་གི་གནས་ཐུན་མོང་དུ་མཐུན་པར་སྟོན་པ་རྣམས་སུ་ནི། རྡོ་རྗེ་གཟི་ བརྗིད་ཀྱིས་ཞེས་འབྱུང་ངོ་། །ཟབ་མོའི་གནས་གང་ཞིག་ཐེག་པའི་རིམ་པས་སྟོན་པ་དང་། དོན་དང་ཚིག་གི་གནས་ཏིང་ངེ་འཛིན་གྱི་ཚོམས་གཙོ་བོར་སྟོན་པ་དག་ཏུ་ནི། དྲི་མེད་འོད་ཟེར་གྱིས་ཞེས་འབྱུང་ངོ་། །གནས་ལུགས་བསམ་གྱིས་མི་ཁྱབ་ པའི་ཀློང་ཡངས་པར་སྟོན་པ་དག་ཏུ་ནི་ཀློང་ཆེན་རབ་འབྱམས་ཀྱིས་ཞེས་འབྱུང་ངོ་། །ཐེག་པ་དང་། གྲུབ་པ་དང་། དེ་ཁོ་ན་ཉིད་ལ་སོགས་པ་རྒྱ་ཆེར་འབྱུང་བ་རྣམས་སུ་ནི། ཀུན་མཁྱེན་ངག་གི་དབང་པོས་ཞེས་འབྱུང་བ་ཡིན་ནོ། །འདི་ནི་མིང་གི་རིགས་ འབྱེད་ཀྱི་བསྟན་བཅོས་ཀྱི་བརྗོད་བྱ་ཉེ་བར་སྟོན་པ་ཞེས་བྱའོ། །བཀོད་པ་རྫོགས་སོ་ཞེས་བྱ་བ་ནི། ས་མ་ཡ་ཐཱ་སྟེ། ཚིག་དོན་གྱི་རིམ་པ་རྫོགས་པར་བསྟན་ཟིན་ཏོ། །བརྩམས་པ་མཐར་ཕྱིན་ཏོ། །ལེགས་པར་བཀོད་ཟིན་ཏོ་ཞེས་བྱ་བའི་དོན་ཏེ། དེ་ལྟར་

[p. 501] ༄༅། །རབ་གསང་རྡོ་རྗེ་སྙིང་པོའི་དོན། །སྙིང་ཐིག་ངེས་པའི་བཀའ་གསང་རྒྱ་ཆེ་ལས། །ཟབ་མོའི་གནས་རྣམས་ཕྱོགས་གཅིག་འདིར་བསྡུས་ཏེ། །ཞི་བ་ཐར་ལམ་འབྱོར་པ་མཐའ་ཡས་བྱས། །ཆོས་དབྱིངས་མཛོད་འགྲེལ་ཆོས ཀྱི་མཆོག་འདི་ནི། །རྟོགས་དོན་མཐར་ཐུག་རྟོགས་པའི་སྣང་བ་དང་། །ཐེག་མཆོག་རྩེ་མོ་ཐེག་པའི་རྒྱལ་པོ་དང་། །ལུང་དོན་ལེགས་སྤྲས་ལུང་གི་གཏེར་ཞེས་བྱ། །ཚིག་ཙམ་མ་ཡིན་སྙིང་པོའི་དོན་མཐོང་ཞིང་། །ཇི་བཞིན་ལེགས་བསྒོམ་ཉམས་མྱོང་ ངེས་པའི་གནད། །ཡང་ཟབ་མཐར་ཐུག་ཕྱོགས་གཅིག་སྡེབ་པའི་ཕྱིར། །ཆོས་དབྱིངས་འགྲེལ་འདི་རྟོགས་པའི་སྣང་བ་ཡིན། །ཚེ་འདིར་བྱང་ཆུབ་རྡོ་རྗེ་སྙིང་པོའི་དོན། །ཀུན་གྱི་རྩེ་མོ་འོད་གསལ་མཆོག་མི་འགྱུར། །གླིང་བཞིའི་དབུས་ན་རི་རྒྱལ་འཕགས པ་བཞིན། །ཆོས་དབྱིངས་འགྲེལ་བའི་ཐེག་པའི་རྒྱལ་པོ་ཡིན། །ཟབ་མོའི་གནད་རྣམས་རྡོ་རྗེའི་གླུར་བླངས་པ། །བཀའ་ལུང་གཙོར་བྱས་ལུང་གི་ཕྲེང་བས་སྤྲས། །ངེས་དོན་སྙིང་པོའི་མདོ་རྒྱུད་ཀུན་དང་མཐུན། །ཆོས་དབྱིངས་འགྲེལ་པའི་ལུང་གི་་་ གཏེར་ཞེས་བྱ། །སྐྱེ་བ་སྐྱེ་བ་རྣམས་སུ་སྔོན་སྦྱངས་ཤིང་། །དམ་པ་དམ་པ་རྣམས་ཀྱིས་འདིར་བཟུང་བས། །ཡང་ཟབ་ཡང་བྲབ་སྙིང་པོའི་དོན་རྟོགས་ཤིང་། །ཐེག་མཆོག་ཐེག་མཆོག་རྒྱ་མཚོའི་ཕ་རོལ་སོན། །དེ་ཕྱིར་བློ་གྲོས་ཡངས་པའི་ནམ་མཁའ་ ལ༑ ༑ཐོས་བསམ་སྤྲིན་ཆེན་ཕན་བདེའི་གློག་ཕྲེང་ཅན། །རྟོགས་པའི་འབྲུག་སྦྲ་ཏིང་འཛིན་རྣམ་འགྲོས་ལས། །ལེགས་བཤད་ཆར་ཆེན་ཀུན་དུ་འབབ་པ་ཡིན། །ཁོ་བོ་རྣམ་དཔྱོད་ཐོས་བསམ་རྒྱ་ཆེ་བས། །མ་ལུས་ཐེག་པའི་དོན་ཀུན་ཁོང་དུ་

[p. 502] ཚུད། །རྡོ་རྗེ་སྙིང་པོའི་ལིམ་བཟངས་འདིར་མཁས་པས། །ཟབ་ཅིང་རྒྱ་ཆེའི་ཆོས་དབྱིངས་འགྲེལ་འདི་བྱས། །གང་ཞིག་མོས་དགེ་ཕུན་ཚོགས་དང་ལྡན་པ། །ཐེག་མཆོག་རྒྱལ་པོའི་རྣལ་འབྱོར་དེ་དག་གིས། །ཞི་བ་བྱང་ཆུབ་ནོར་དུ་མཁས་འབྱོར་ པའི་ནོར། །ཆོས་དབྱིངས་མཛོད་འདིར་ཡོད་ཀྱིས་འགྲེལ་འདི་ཟུང་ག །འདི་ནི་གསང་ཆེན་ངེས་པའི་རྒྱུད་རྣམས་དང་། །དེ་ཡིས་མན་ངག་ཡི་གེ་གྲངས་མང་ལས། །འབད་མེད་གྲོལ་བའི་གནད་རྣམས་ངེས་བསྡུས་ནས། །གངས་རི་ཐོད་ དཀར་མགུལ་དུ་ལེགས་པར་སྦྱར། །དགེ་བ་དེ་ཡིས་ཕན་བདེ་འབྱུང་བའི་གནས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །བསྟན་པའི་རྩ་ལག་སྐྱེས་བུ་དམ་པ་རྣམས། །སྐུ་ཚེ་འཕྲིན་ལས་འབྱོར་པ་མཐའ་ཡས་ཤོག །འཇིག་རྟེན་ ཁམས་ཀུན་བདེ་ཞིང་སྐྱིད་པ་དང་། །ངན་སོང་རྣམ་ཆད་མཐོ་རིས་ཐོབ་པར་ཤོག །དག་པའི་ཞིང་བཞིན་ཉིན་མཚན་ཆོས་སྤྱོད་ཅིང་། །ཐམས་ཅད་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཇི་བཞིན་ལེགས་བཤད་བསོད་ནམས་གྲུ་ཆེན་དེས། །འགྲོ་ ཀུན་སྲིད་པའི་རྒྱ་མཚོ་རྒལ་བར་ཤོག །ཐར་པའི་གནས་བཟངས་རིན་ཆེན་གླིང་བགྲོད་ནས། །སྐུ་གསུམ་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །མ་སྐྱེས་སྙིང་པོ་བྱང་ཆུབ་སེམས་ཀྱི་ལུང་། །མ་ནོར་ཇི་བཞིན་ཡོངས་བཤད་བསོད་ནམས་ དེས༑ ༑མ་ལུས་འགྲོ་ཀུན་དོན་གཉིས་ཕུན་ཚོགས་ཤིག །མ་འབད་བཞིན་དུ་དགེ་བ་འཕེལ་བར་ཤོག །བདག་ཀྱང་དེང་ནས་སྲིད་པ་ཇི་སྲིད་པར། །དཔལ་མགོན་བླ་མའི་འཕྲིན་ལས་སྒྲུབ་བྱེད་ཅིང་། །རླབས་ཆེན་གཞན་དོན་སྤྱོད་པ་ཕུན་

[p. 503] ༄༅། །ཚོགས་ཀྱིས། །མཐོང་ཐོས་དྲན་རེག་འཁོར་བ་ཕྱིར་བསྙིལ་ཤོག །བདག་ལ་བརྟེན་ནས་འགྲོ་བ་གང་ཞིག་རྣམས། །ཁྲོ་འམ་དད་དམ་གནོད་པ་བྱེད་གྱུར་ཏམ། །བསྟོད་དམ་རྗེས་སུ་ཞུགས་པར་གྱུར་ཀྱང་ རུང༑ ༑ཐམས་ཅད་མྱུར་དུ་བདག་གིས་འདྲེན་པར་ཤོག །ཆོས་ཀྱི་དབྱིངས་དང་ནམ་མཁའི་དབྱིངས་ཀུན་དང་། །སེམས་ཅན་དབྱིངས་ཀུན་མཐའ་ཡང་ཇི་ཙམ་པར། །བདག་གི་ཞིང་དང་འཕྲིན་ལས་དབྱིངས་ཁྱབ་སྟེ། །སེམས་ཅན་ ཐམས་ཅད་བདག་གིས་འདྲེན་པར་ཤོག །ཆོས་ཚུལ་འདི་ཡང་སྲིད་པ་ཇི་སྲིད་པ། །ས་སྟེངས་རྒྱན་གྱུར་འཇིག་རྟེན་འདིར་གནས་ཏེ། །བསྟན་པའི་སྲོག་ཤིང་ཡལ་འདབ་ཕྱོགས་བཅུར་རྒྱས། །གཞན་ཕན་མེ་ཏོག་འབྲས་བུ་མཐའ་ཡས་ ཤོག༑ ༑ཉི་ཟླ་ནོར་བུ་དཔག་བསམ་ཤིང་ཆེན་དང་། །ས་གཞི་རྒྱ་མཚོ་གྲུ་ཆེན་རྒྱལ་བ་ལྟར། །སྐྱེ་དགུའི་རེ་སྒྲུབ་ཕན་བདེའི་འོད་སྟོང་འཕྲོ། །གཞན་དོན་ལྷུན་གྲུབ་འཕྲིན་ལས་མཐའ་ཡས་ཤོག །ཆོས་དབྱིངས་རིན་པོ་ཆེའི་མཛོད་ ཅེས་བྱ་བའི་འགྲེལ་པ། །རྟོགས་པའི་སྣང་བ། ཐེག་པའི་རྒྱལ་པོ། ལུང་གི་གཏེར་མཛོད་ཅེས་བྱ་བ། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་ཅིང་། བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་ རྨད་དུ་བྱུང་བ་ལ་བློ་གྲོས་ཀྱི་སྣང་བ་ལེགས་པར་རྒྱས་པ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀུན་མཁྱེན་ངག་གི་དབང་པོ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།དགེའོ

[edit]
OCR of the BDRC scans (I1CZ2729), gorn05 tibocr 2026: BDRC OCR on 290 pages, Mitra OCR on 133 pages (the model with more recognisable syllables on each page).

[p. 415] ཐམས་ཅད་ཀུན་ཏུ་བཀྲ་ཤིས་སུ་བྱེད་པས་བདེ་ལེགས་རླབས་པོ་ཆེ་རྒྱས་པར་བསྔོ་བ་ནི། །ཕྱོགས་རྣམས་ཀུན་ཏུ་བདེ་དཔལ་འབྱོར་བ་ནི། །དག་པའི་ཞིང་བཞིན་འདོད་དགུ་ལྷུན་གྲུབ་ཅིང་། །ཆོས་རྔ་སྒྲོགས་པས་ཐར་བའི་རྒྱལ་མཚན་འཛུགས། །དམ་ཆོས་མི་ནུབ་བསྟན་པ་དར་རྒྱས་ཤོག །ལེགས་པར་སྦྱར་བའི་བསོད་ནམས་བརྒྱའི་འོད་ཟེར་ས་དང་ལྷའི་ཡུལ་ཀུན་ཏུ་འཕྲོ་བའི་དཔལ་འབར་བའི་གཟི་བརྗིད་བཟང་པོ་དེས། སེམས་ཅན་གྱི་འཇིག་རྟེན་ཇི་སྙེད་པ་ཐམས་ཅད་བདེ་བ་དང་ལྡན་ཞིང་། རྨི་ལམ་ན་ཡང་སྡུག་བསྔལ་མེད་ལ། ཐར་པའི་ཆོས་ཀྱི་དགའ་བ་རྨད་དུ་བྱུང་བས་ཉིན་མཚན་ཀུན་ཏུ་བཀྲ་ཤིས་དང་ལྡན་པ་ནི། བདེ་བ་ཅན་དང་མངོན་པར་དགའ་བ་དང་པདྨོ་ཅན་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཁམས་དག་པའི་ཡུལ་ན་འཁོད་པ་བཞིན། འདོད་དགུའི་དཔལ་ཕུན་

[p. 416] སུམ་ཚོགས་པ་ལྷུན་གྱིས་གྲུབ་པ་ལ་སྤྱོད་པར་ཤོག་ཤིག །ཐམས་ཅད་ཀུན་ཏུ་དཀོན་མཆོག་གསུམ་གྱི་སྒྲ་རྒྱུན་མི་འཆད་པར་སྒྲོགས་ཤིག །བླ་ན་མེད་པའི་བསྟན་པ་ལྷའི་དཔག་བསམ་གྱི་ཤིང་དང་ནོར་བུའི་རྒྱལ་མཚན་བསྒྲེངས་པས། བསྟན་པ་དམ་པའི་ཆོས་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་ཞིང་གི་ཁྱོན་ནམ་མཁའི་མཐའ་ཀླས་པ་ཀུན་ཏུ་དར་ཞིང་རྒྱས་པར་ཤོག་ཅིག་ཅེས་ཤིས་པ་བརྗོད་པའི་རྒྱན་གྱིས་མཐའ་བསྡུ་བར་བསྟན་པ་ཡིན་ནོ། །ཡོངས་སུ་རྫོགས་པ་མཚན་གྱི་རྣམ་གྲངས་བརྗོད་པ་ནི། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བ་ནི། སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་དབྱིངས་ཏེ། རང་བཞིན་གྱིས་ལྷུན་གྱིས་གྲུབ་པས་ནོར་བུ་རིན་པོ་ཆེ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་འབྱུང་བའི་གནས་སུ་གྱུར་པས་མཛོད་ཅེས་བརྗོད་པ་ནི་བསྟན་བཅོས་འདིའི་བརྗོད་པར་བྱ་བའི་དོན་ཕུན་སུམ་ཚོགས་པ་གཞི་དང་ལམ་དང་འབྲས་བུའི་བདག་ཉིད་ཡིན་ལ། དེའི་གནས་གསལ་བར་སྟོན་པའི་ཚུལ་ལེའུ་བཅུ་གསུམ་གྱི་རང་བཞིན་ནི་ཟབ་པ་དང་རྒྱ་ཆེ་བའི་གཞུང་གི་ཚོགས་ཏེ། ཚིག་དོན་གྱི་རྣམ་གྲངས་དུ་མ་འབྱུང་བའི་དབྱིངས་ལ། ཚིག་དང་དོན་གྱི་སྐལ་པ་བཟང་པོ་ལྷུན་གྱིས་གྲུབ་པ་ནི་རིན་པོ་ཆེ་དང་མཚུངས་ཏེ། གང་མངོན་པར་འདོད་པའི་དོན་གཉིས་འགྲུབ་པའི་གཞི་གྱུར་པའི་ཕྱིར་དང་། མིང་ཚིག་ཡི་གེའི་ཚོགས་པ་འབྱུང་བའི་གནས་ཡིན་པས་

[p. 417] མཛོད་ཀྱི་སྒྲས་ཉེ་བར་བརྗོད་པ་ཉིད་དང་། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་དབྱིངས་གཞི་དང་ལམ་དང་འབྲས་བུའི་རང་བཞིན་བཀོད་ལེགས་པའི་རིན་པོ་ཆེ་འབྱུང་བའི་མཛོད་ཡིན་པའི་ཕྱིར་ཡང་། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བརྗོད་དེ། རྗོད་པར་བྱེད་པའི་གཞུང་ཕུན་སུམ་ཚོགས་པ་ཉིད་དང་། བརྗོད་པར་བྱ་བའི་དོན་ཕུན་སུམ་ཚོགས་པ་གཉིས་བསྟན་བཅོས་འདིའི་རང་བཞིན་ཕུན་སུམ་ཚོགས་པ་ཡིན་པའི་ཕྱིར་རོ། །ཐེག་པ་མཆོག་གི་རྣལ་འབྱོར་པ་ཞེས་བྱ་བ་ནི། འབྲས་བུ་རྡོ་རྗེའི་ཐེག་པ་ནི་ཐེག་པ་ཀུན་གྱི་རྩེ་མོ་ཡིན་ལ། དེའི་ཡང་སྙིང་པོ་དང་རྩེ་མོར་གྱུར་པ་ནི་རང་བཞིན་རྫོགས་པ་ཆེན་པོ་སྟེ། དེ་ལས་ཀྱང་འོད་གསལ་རྡོ་རྗེ་སྙིང་པོའི་གནས་འདི་མཆོག་ཏུ་གྱུར་པའི་ཕྱིར་ཐེག་པའི་མཆོག་ཅེས་བྱའོ། །དེའི་དོན་ལེགས་པར་རྟོགས་ནས་གོམས་པར་བྱེད་པ་ནི་དོན་རྣལ་འབྱོར་དུ་བྱེད་པ་ཡིན་ལ། ཚིག་དོན་གྱི་གནས་ལེགས་པར་རྟོགས་ནས་གཞུང་རྩོམ་པ་ལ་རྣལ་འབྱོར་དུ་བྱེད་པ་ནི་ཚིག་རྣལ་འབྱོར་དུ་བྱེད་པས་ཏེ། ཆོས་ཀྱི་རྒྱུན་གྱི་རྣལ་འབྱོར་བ་ཞེས་བརྗོད་པ་གང་ཡིན་པ་ཉིད་དོ། །ཀློང་ཆེན་རབ་འབྱམས་ཀྱིས་ཞེས་བྱ་བ་ནི། རྩོམ་པ་པོའི་མིང་སྟེ། རྟོགས་པ་མཁའ་ལྟར་ཡངས་པའི་ཀློང་ཆེན་པོ་ན་རིག་པ་ཆོས་ཉིད་ཀྱི་འཁོར་ལོ་བྱིང་རྒོད་རེ་དོགས་དང་བྲལ་བ་ཉིན་མཚན་ཕྱེད་པར་འབྱམས་ཀླས་པས་ན་ཀློང་

[p. 418] ཆེན་རབ་འབྱམས་ཏེ། མིང་འདིས་བསྟན་བཅོས་འདིའི་བརྗོད་བྱ་ཉེ་བར་སྟོན་པ་ཡིན་ནོ། །གང་དུ་ཁོ་བོས་སྦྱར་བའི་བསྟན་བཅོས་དག་ལ་མིང་གི་རྣམ་གྲངས་ཐ་དད་པར་འབྱུང་བ་སྟེ་དེ་ཡང་དེ་དག་གི་བརྗོད་བྱ་ཉེ་བར་སྟོན་པ་སྟེ། སྙན་ངག་དང་། སྡེབ་སྦྱོར་དང་། མིང་གི་མངོན་བརྗོད་ལ་སོགས་པ་འཇིག་རྟེན་པའི་གཙུག་ལག་དང་མཐུན་པས་དྲང་བའི་དོན་གཙོ་ཆེར་སྟོན་པ་དག་ཏུ་ནི། བསམ་ཡས་པ་ངག་གི་དབང་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྦྱར་བ་ཞེས་འབྱུང་ངོ་། །གང་དུ་གསང་སྔགས་ཕྱི་ནང་གི་གནས་ཐུན་མོང་དུ་མཐུན་པར་སྟོན་པ་རྣམས་སུ་ནི། རྡོ་རྗེ་གཟི་བརྗིད་ཀྱིས་ཞེས་འབྱུང་ངོ་། །ཟབ་མོའི་གནས་གང་ཞིག་ཐེག་པའི་རིམ་པས་སྟོན་པ་དང་། དོན་དང་ཚིག་གི་གནས་ཏིང་ངེ་འཛིན་གྱི་ཚོམས་གཙོ་བོར་སྟོན་པ་དག་ཏུ་ནི། དྲི་མེད་འོད་ཟེར་གྱིས་ཞེས་འབྱུང་ངོ་། །གནས་ལུགས་བསམ་གྱིས་མི་ཁྱབ་པའི་ཀློང་ཡངས་པར་སྟོན་པ་དག་ཏུ་ནི་ཀློང་ཆེན་རབ་འབྱམས་ཀྱིས་ཞེས་འབྱུང་ངོ་། །ཐེག་པ་དང་། གྲུབ་པ་དང་། དེ་ཁོ་ན་ཉིད་ལ་སོགས་པ་རྒྱ་ཆེར་འབྱུང་བ་རྣམས་སུ་ནི། ཀུན་མཁྱེན་ངག་གི་དབང་པོས་ཞེས་འབྱུང་བ་ཡིན་ནོ། །འདི་ནི་མིང་གི་རིགས་འབྱེད་ཀྱིས་བསྟན་བཅོས་ཀྱི་བརྗོད་བྱ་ཉེ་བར་སྟོན་པ་ཞེས་བྱའོ། །བཀོད་པ་རྫོགས་སོ་ཞེས་བྱ་བ་ནི། ས་མ་ཡ་

[p. 419] བཱ་སྟེ། ཚིག་དོན་གྱི་རིམ་པ་རྫོགས་པར་བསྟན་ཟིན་ཏོ། །བརྩམས་པ་མཐར་ཕྱིན་ཏོ། །ལེགས་པར་བཀོད་ཟིན་ཏོ་ཞེས་བྱ་བའི་དོན་ཏེ། དེ་ལྟར་རབ་གསང་རྡོ་རྗེ་སྙིང་པོའི་དོན། །སྙིང་ཐིག་ངེས་པའི་བཀའ་གསང་རྒྱ་ཆེ་ལས། །ཟབ་མོའི་གནད་རྣམས་ཕྱོགས་གཅིག་འདིར་བསྡུས་ཏེ། །ཞི་བ་ཐར་ལམ་འབྱོར་བ་མཐའ་ཡས་བྱས། །ཆོས་དབྱིངས་མཛོད་འགྲེལ་ཆོས་ཀྱི་མཆོག་འདི་ནི། །རྟོགས་དོན་མཐར་ཐུག་རྟོགས་པའི་སྣང་བ་དང་། །ཐེག་མཆོག་རྩེ་མོ་ཐེག་པའི་རྒྱལ་པོ་དང་། །ལུང་དོན་ལེགས་སྤྲས་ལུང་གི་གཏེར་ཞེས་བྱ། །ཚིག་ཙམ་མ་ཡིན་སྙིང་པོའི་དོན་མཐོང་ཞིང་། །ཇི་བཞིན་ལེགས་བསྒོམས་ཉམས་མྱོང་ངེས་པའི་གནད། །ཡང་ཟབ་མཐར་ཐུག་ཕྱོགས་གཅིག་བསྡེབ་པའི་ཕྱིར། །ཆོས་དབྱིངས་འགྲེལ་འདི་རྟོགས་པའི་སྣང་བ་ཡིན། །ཚེ་འདིར་བྱང་ཆུབ་རྡོ་རྗེ་སྙིང་པོའི་དོན། །ཀུན་གྱི་རྩེ་མོ་འོད་གསལ་མཆོག་མི་འགྱུར། །གླིང་བཞིའི་དབུས་ན་རི་རྒྱལ་འཕགས་པ་བཞིན། །ཆོས་དབྱིངས་འབྲེལ་འདི་ཐེག་པའི་རྒྱལ་པོ་ཡིན། །ཟབ་མོའི་གནད་རྣམས་རྡོ་རྗེའི་གླུར་བླངས་པ། །བཀའ་ལུང་གཙེར་བྱས་ལུང་གི་ཕྲེང་བས་སྤྲས། །ངེས་དོན་སྙིང་པོའི་མདོ་རྒྱུད་ཀུན་དང་མཐུན། །ཆོས་དབྱིངས་འགྲེལ་འདྀ་ལུང་གི་གཏེར་ཞེས་བྱ། སྐྱེ་བ་སྐྱེ་བ་

[p. 420] རྣམས་སུ་སྔོན་སྦྱངས་ཤིང་། །དམ་པ་དམ་པ་རྣམས་ཀྱིས་འདིར་བཟུང་བས། །ཡང་ཟབ་ཡང་ཟབ་སྙིང་པོའི་དོན་རྟོགས་ཤིང་། །ཐེག་མཆོག་ཐེག་མཆོག་རྒྱ་མཚོའི་ཕ་རོལ་སོན། །དེ་ཕྱིར་བློ་གྲོས་ཡངས་པའི་ནམ་མཁའ་ལ། ། ཐོས་བསམ་སྤྲིན་ཆེན་ཕན་བདེའི་གློག་ཕྲེང་ཅན། །རྟོགས་པའི་འབྲུག་སྒྲ་ཏིང་འཛིན་རྣམ་འགྲོས་ལས། །ལེགས་བཤད་ཆར་ཆེན་ཀུན་དུ་འབབ་པ་ཡིན། །ཁོ་བོ་རྣམ་དཔྱོད་ཐོས་བསམ་རྒྱ་ཆེ་བས། །མ་ལུས་ཐེག་པའི་དོན་ཀུན་ ཁོང་དུ་ཆུད། །རྡོ་རྗེ་སྙིང་པོའི་ལམ་བཟངས་འདིར་མཁས་པས། །ཟབ་དང་རྒྱ་ཆེའི་ཆོས་དབྱིངས་འགྲེལ་འདི་བྱས། །གང་ཞིག་མོས་དགེ་ཕུན་ཚོགས་དང་ལྡན་པ། །ཐེག་མཆོག་རྒྱལ་པོའི་རྣལ་འབྱོར་དེ་དག་གིས། །ཞི་བ་བྱང་ཆུབ་ནོར་བཟངས་འབྱོར་ བའི་ནོར། །ཆོས་དབྱིངས་མཛོད་འདིར་ཡོངས་ཀྱིས་འགྲེལ་འདི་ཟུང་། །འདི་ནི་གསང་ཆེན་ངེས་པའི་རྒྱུད་རྣམས་དང་། །དེ་ཡི་མན་ངག་ཡི་གེ་གྲངས་མང་ལས། །འབད་མེད་གྲོལ་བའི་གནད་རྣམས་ངེས་བསྡུས་ནས། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་ སྦྱར། །དགེ་བ་འདི་ཡིས་ཕན་བདེ་འབྱུང་བའི་གནས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །བསྟན་པའི་རྩ་ལག་སྐྱེས་བུ་དམ་པ་རྣམས། །སྐུ་ཚེ་འཕྲིན་ལས་འབྱོར་པ་མཐའ་ཡས་ཤོག །འཇིག་རྟེན་ཁམས་ཀུན་བདེ་ཞིང་སྐྱིད་པ་དང་། །ངན་སོང་ རྣམ་ཆད་མཐོ་རིས་ཐོབ་པར་ཤོག །དག་པའི་ཞིང་བཞིན་ཉིན་མཚན་ཆོས་སྤྱོད་ཅིང་། །ཐམས་ཅད་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཇི་བཞིན་ལེགས་བཤད་བསོད་ནམས་གྲུ་ཆེན་དེས། །འགྲོ་ཀུན་སྲིད་པའི་རྒྱ་མཚོ་རྒལ་བར་ཤོག །ཐར་པའི་གནས་བཟངས་རིན་ཆེན་

[p. 421] གླིང་བགྲོད་ནས། །སྐུ་གསུམ་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །མ་སྐྱེས་སྙིང་པོ་བྱང་ཆུབ་སེམས་ཀྱི་ལུང་། །མ་ནོར་ཇི་བཞིན་ཡོངས་བཤད་བསོད་ནམས་དེས། །མ་ལུས་འགྲོ་ཀུན་དོན་གཉིས་ཕུན་ཚོགས་ཤིང་། །མ་འབད་བཞིན་དུ་དགེ་བ་འཕེལ་བར་ཤོག །བདག་ཀྱང་དེང་ནས་སྲིད་པ་ཇི་སྲིད་པར། །དཔལ་མགོན་བླ་མའི་ཕྲིན་ལས་སྒྲུབ་བྱེད་ཅིང་། །རླབས་ཆེན་གཞན་དོན་སྤྱོད་པ་ཕུན་ཚོགས་ཀྱིས། །མཐོང་ཐོས་དྲན་རེག་འཁོར་བ་ཕྱིར་བསྙིལ་ཤོག །བདག་ལ་བརྟེན་ནས་འགྲོ་བ་གང་ཞིག་རྣམས། །ཁྲོ་འམ་དད་དམ་གནོད་པ་བྱེད་གྱུར་ཏམ། །བསྟོད་དམ་རྗེས་སུ་ཞུགས་པར་གྱུར་ཀྱང་རུང་། །ཐམས་ཅད་མྱུར་དུ་བདག་གིས་འདྲེན་པར་ཤོག །ཆོས་ཀྱི་དབྱིངས་དང་ནམ་མཁའི་དབྱིངས་ཀུན་དང་། །སེམས་ཅན་དབྱིངས་ཀུན་མཐའ་ཡང་ཇི་ཙམ་དང་། །བདག་གི་ཞིང་དང་ཕྲིན་ལས་དབྱིངས་ཁྱབ་སྟེ། །སེམས་ཅན་ཐམས་ཅད་བདག་གིས་འདྲེན་པར་ཤོད། །ཆོས་ཚུལ་འདི་ཡང་སྲིད་པ་ཇི་སྲིད་པ། །ས་སྟེང་རྒྱན་གྱུར་འཇིག་རྟེན་འདིར་གནས་ཏེ། །བསྟན་པའི་སྲོག་ཤིང་ཡལ་འདབ་ཕྱོགས་བཅུར་རྒྱས། །གཞན་ཕན་མེ་ཏོག་འབྲས་བུ་མཐའ་ཡས་ཤོག །ཉི་ཟླ་ནོར་བུ་དཔག་བསམ་ཤིང་ཆེན་དང་། །ས་གཞི་རྒྱ་མཚོ་གྲུ་ཆེན་རྒྱལ་བ་ལྟར། །སྐྱེ་དགུའི་རེ་སྒྲུབ་ཕན་བདེའི་འོད་སྟོང་འཕྲོ། །གཞན་དོན་ལྷུན་གྲུབ་ཕྲིན་ལས་མཐའ་ཡས་ཤོག །ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་འགྲེལ་པ། རྟོགས་པའི་སྣང་བ། ཐེག་པའི་རྒྱལ་པོ། ལུང་གི་གཏེར་མཛོད་ཅེས་བྱ་བ་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་ཅིག །

[p. 422] བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་རྨད་དུ་བྱུང་བ་ལ་བློ་གྲོས་ཀྱི་སྣང་བ་ལེགས་པར་རྒྱས་པ། ཐེག་པ་མཆོག་གི་རྣལ་འབྱོར་བ་ཀུན་མཁྱེན་ངག་གི་དབང་པོ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། དགེའོ།། །།དགེའོ།། །།༈ ཀུན་མཁྱེན་ཆེན་པོའི་གསུང་རབ་ནམ་མཁའི་མཛོད། །འཕྲུལ་བར་སྒོ་བརྒྱ་འབྱེད་པ་བསྟན་འགྲོའི་དོན། །གྲུབ་དབང་ཡབ་སྲས་ཐུགས་བསྐྱེད་ཕན་བདེའི་དཔྱིད། །དུས་ངན་ཆུད་པས་བཅོམ་པ་སླར

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 783 typing errors, November 2026), with the variants of the other editions under each page (62 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = root and commentary MW3CN3400; R = root and commentary MW3CN14271; C = commentary MW1CZ2550. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 756] ཐམས་ཅད་ཀུན་ཏུ་བཀྲ་ཤིས་སུ་བྱེད་པས་བདེ་ལེགས་རླབས་པོ་ཆེ་རྒྱས་པར་བསྔོ་བ་ནི། ཕྱོགས་རྣམས་ཀུན་ཏུ་བདེ་དཔལ་འབྱོར་པ་ནི། །དག་པའི་ཞིང་བཞིན་འདོད་དགུ་ལྷུན་གྲུབ་ཅིང༌། །ཆོས་རྔ་སྒྲོགས་པས་ཐར་པའི་རྒྱལ་མཚན་འཛུགས། །དམ་ཆོས་མི་ནུབ་བསྟན་པ་དར་རྒྱས་ཤོག །ལེགས་པར་སྦྱར་བའི་བསོད་ནམས་བརྒྱའི་འོད་ཟེར་ས་དང་ལྷའི་ཡུལ་ཀུན་ཏུ་འཕྲོ་བའི་དཔལ་འབར་བའི་གཟི་བརྗིད་བཟང་པོ་དེས། སེམས་ཅན་གྱི་འཇིག་རྟེན་ཇི་སྙེད་པ་ཐམས་ཅད་བདེ་བ་དང་ལྡན་ཞིང༌། རྨི་ལམ་ན་ཡང་སྡུག་བསྔལ་མེད་ལ། ཐར་པའི་ཆོས་ཀྱི་དགའ་བ་རྨད་དུ་བྱུང་བས་ཉིན་མཚན་ཀུན་ཏུ་བཀྲ་ཤིས་དང་ལྡན་པ་ནི། བདེ་བ་ཅན་དང་མངོན་པར་དགའ་བ་དང་པདྨོ་ཅན་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཁམས་དག་པའི་ཡུལ་ན་འཁོད་པ་བཞིན། འདོད་དགུའི་དཔལ་ཕུན་སུམ་ཚོགས་པ་ལྷུན་གྱིས་གྲུབ་པ་ལ་སྤྱོད་པར་ཤོག་ཤིག །

ཕྱོགས་རྣམས་ཀུན་ཏུ་བདེ་དཔལ ] དུ D G R · བདེ་དཔལ་འབྱོར་པ་ནི་དག ] བ A D C · སྒྲོགས་པས་ཐར་པའི་རྒྱལ་མཚན ] བའི A C · ནུབ་བསྟན་པ་དར་རྒྱས་ཤོག ] om. P D G S R · པ་དར་རྒྱས་⁁་ཤོག་ལེགས ] པར P D G S R · ལྷའི་ཡུལ་ཀུན་ཏུ་འཕྲོ་བའི ] དུ D G R · ལམ་ན་ཡང་སྡུག་བསྔལ་མེད ] སྔུག P · ཉིན་མཚན་ཀུན་ཏུ་བཀྲ་ཤིས ] དུ D G R · ཏུ་བཀྲ་ཤིས་དང་ལྡན་པ ] om. W · སྤྱོད་པར་ཤོག་ཤིག་ཐམས་ཅད ] ཅིག W P S

[p. 757] ཐམས་ཅད་ཀུན་ཏུ་དཀོན་མཆོག་གསུམ་གྱི་སྒྲ་རྒྱུན་མི་འཆད་པར་སྒྲོགས་ཤིག །བླ་ན་མེད་པའི་བསྟན་པ་ལྷའི་དཔག་བསམ་གྱི་ཤིང་དང་ནོར་བུའི་རྒྱལ་མཚན་བསྒྲེངས་པས། བསྟན་པ་དམ་པའི་ཆོས་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་ཞིང་གི་ཁྱོན་ནམ་མཁའི་མཐའ་ཀླས་པ་ཀུན་ཏུ་དར་ཞིང་རྒྱས་པར་ཤོག་ཅིག་ཅེས་ཤིས་པ་བརྗོད་པའི་རྒྱན་གྱིས་མཐའ་བསྡུ་བར་བསྟན་པ་ཡིན་ནོ། །ཡོངས་སུ་རྫོགས་པ་མཚན་གྱི་རྣམ་གྲངས་བརྗོད་པ་ནི། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བ་ནི། སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་དབྱིངས་ཏེ། རང་བཞིན་གྱིས་ལྷུན་གྱིས་གྲུབ་པས་ནོར་བུ་རིན་པོ་ཆེ་དང༌། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་འབྱུང་བའི་གནས་སུ་གྱུར་པས་མཛོད་ཅེས་བརྗོད་པ་ནི་བསྟན་བཅོས་འདིའི་བརྗོད་པར་བྱ་བའི་

ཐམས་ཅད་ཀུན་ཏུ་དཀོན་མཆོག ] དུ D G R · འཆད་པར་སྒྲོགས་ཤིག་བླ་ན ] ཤིང D R · ཁྱོན་ནམ་མཁའི་མཐའ་ཀླས་པ ] མཐས D G · ནམ་མཁའི་མཐའ་ཀླས་པ་ཀུན ] ཀླད W · ཀླས་པ་ཀུན་ཏུ་དར་ཞིང ] དུ D G R · མཐའ་ཐམས་ཅད་དང་བྲལ་བ ] om. W · ཏེ་རང་བཞིན་གྱིས་ལྷུན་གྱིས ] གྱི P D G S R

[p. 758] དོན་ཕུན་སུམ་ཚོགས་པ་གཞི་དང་ལམ་དང་འབྲས་བུའི་བདག་ཉིད་ཡིན་ལ། དེའི་གནས་གསལ་བར་སྟོན་པའི་ཚུལ་ལེའུ་བཅུ་གསུམ་གྱི་རང་བཞིན་ནི་ཟབ་པ་དང་རྒྱ་ཆེ་བའི་གཞུང་གི་ཚོགས་ཏེ། ཚིག་དོན་གྱི་རྣམ་གྲངས་དུ་མ་འབྱུང་བའི་དབྱིངས་ལ། ཚིག་དང་དོན་གྱི་སྐལ་བ་བཟང་པོ་ལྷུན་གྱིས་གྲུབ་པ་ནི་རིན་པོ་ཆེ་དང་མཚུངས་ཏེ། གང་མངོན་པར་འདོད་པའི་དོན་གཉིས་འགྲུབ་པའི་གཞི་གྱུར་པའི་ཕྱིར་དང༌། མིང་ཚིག་ཡི་གེའི་ཚོགས་པ་འབྱུང་བའི་གནས་ཡིན་པས་མཛོད་ཀྱི་སྒྲས་ཉེ་བར་བརྗོད་པ་ཉིད་དང༌། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་དབྱིངས་གཞི་དང་ལམ་དང་འབྲས་བུའི་རང་བཞིན་བཀོད་ལེགས་པའི་རིན་པོ་ཆེ་འབྱུང་བའི་མཛོད་ཡིན་པའི་ཕྱིར་ཡང༌། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བརྗོད་དེ། རྗོད་པར་བྱེད་པའི་གཞུང་ཕུན་སུམ་ཚོགས་པ་ཉིད་དང༌། བརྗོད་པར་བྱ་བའི་དོན་ཕུན་སུམ་ཚོགས་པ་གཉིས་བསྟན་བཅོས་

ཚིག་དང་དོན་གྱི་སྐལ་བ ] གྱིས D R · དོན་གྱི་སྐལ་བ་བཟང་པོ ] པ A R C · གཉིས་འགྲུབ་པའི་གཞི་གྱུར་པའི ] གཞིར P D G S R

[p. 759] འདིའི་རང་བཞིན་ཕུན་སུམ་ཚོགས་པ་ཡིན་པའི་ཕྱིར་རོ། །ཐེག་པ་མཆོག་གི་རྣལ་འབྱོར་པ་ཞེས་བྱ་བ་ནི། འབྲས་བུ་རྡོ་རྗེའི་ཐེག་པ་ནི་ཐེག་པ་ཀུན་གྱི་རྩེ་མོ་ཡིན་ལ། དེའི་ཡང་སྙིང་པོ་དང་རྩེ་མོར་གྱུར་པ་ནི་རང་བཞིན་རྫོགས་པ་ཆེན་པོ་སྟེ། དེ་ལས་ཀྱང་འོད་གསལ་རྡོ་རྗེ་སྙིང་པོའི་གནས་འདི་མཆོག་ཏུ་གྱུར་པའི་ཕྱིར་ཐེག་པའི་མཆོག་ཅེས་བྱའོ། །དེའི་དོན་ལེགས་པར་རྟོགས་ནས་གོམས་པར་བྱེད་པ་ནི་དོན་རྣལ་འབྱོར་དུ་བྱེད་པ་ཡིན་ལ། ཚིག་དོན་གྱི་གནས་ལེགས་པར་རྟོགས་ནས་གཞུང་རྩོམ་པ་ལ་རྣལ་འབྱོར་དུ་བྱེད་པ་ནི་ཚིག་རྣལ་འབྱོར་དུ་བྱེད་པས་ཏེ། ཆོས་ཀྱི་རྒྱུན་གྱི་རྣལ་འབྱོར་པ་ཞེས་བརྗོད་པ་གང་ཡིན་པ་ཉིད་དོ། །ཀློང་ཆེན་རབ་འབྱམས་ཀྱིས་ཞེས་བྱ་བ་ནི། རྩོམ་པ་པོའི་མིང་སྟེ། རྟོགས་པ་མཁའ་ལྟར་ཡངས་པའི་ཀློང་ཆེན་པོ་ན་རིག་པ་ཆོས་ཉིད་ཀྱི་འཁོར་ལོ་བྱིང་རྒོད་རེ་དོགས་དང་བྲལ་བ་ཉིན་མཚན་

འབྲས་བུ་རྡོ་རྗེའི་ཐེག་པ ] རྗེ W · གཞུང་རྩོམ་པ་ལ་རྣལ་འབྱོར ] ན D R · གྱི་རྣལ་འབྱོར་པ་ཞེས་བརྗོད ] བ A C

[p. 760] ཕྱད་པར་འབྱམས་ཀླས་པས་ན་ཀློང་ཆེན་རབ་འབྱམས་ཏེ། མིང་འདིའི་བསྟན་བཅོས་འདིའི་བརྗོད་བྱ་ཉེ་བར་སྟོན་པ་ཡིན་ནོ། །གོང་དུ་ཁོ་བོས་སྦྱར་བའི་བསྟན་བཅོས་དག་ལ་མིང་གི་རྣམ་གྲངས་ཐ་དད་པར་འབྱུང་བ་སྟེ་དེ་ཡང་དེ་དག་གི་བརྗོད་བྱ་ཉེ་བར་སྟོན་པ་སྟེ། སྙན་ངག་དང༌། སྡེབ་སྦྱོར་དང༌། མིང་གི་མངོན་བརྗོད་ལ་སོགས་པ་འཇིག་རྟེན་པའི་གཙུག་ལག་ཁང་དང་མཐུན་པས་དྲང་བའི་དོན་གཙོ་ཆེར་སྟོན་པ་དག་ཏུ་ནི། བསམ་ཡས་པ་ངག་གི་དབང་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྦྱར་བ་ཞེས་འབྱུང་ངོ༌། །གང་དུ་གསང་སྔགས་ཕྱི་ནང་གི་གནས་ཐུན་མོང་དུ་མཐུན་པར་སྟོན་པ་རྣམས་སུ་ནི། རྡོ་རྗེ་གཟི་བརྗིད་ཀྱིས་ཞེས་འབྱུང་ངོ༌། །ཟབ་མོའི་གནས་གང་ཞིག་ཐེག་པའི་རིམ་པས་སྟོན་པ་དང༌། དོན་དང་ཚིག་གི་གནས་ཏིང་ངེ་འཛིན་གྱི་ཚོམས་གཙོ་བོར་སྟོན་པ་དག་ཏུ་ནི། དྲི་མེད་འོད་ཟེར་གྱིས་ཞེས་འབྱུང་ངོ༌། །གནས་ལུགས་

བ་ཉིན་མཚན་ཕྱད་པར་འབྱམས ] ཕྱེད A D R C · འབྱམས་ཏེ་མིང་འདིའི་བསྟན་བཅོས ] འདིས A P D G S R C · པ་ཡིན་ནོ་གོང་དུ་ཁོ ] གང A P D G S R C · འབྱུང་བ་སྟེ་དེ་ཡང་དེ ] om. D G R · ལ་སོགས་པ་འཇིག་རྟེན་པའི ] འཛིན D R · པའི་གཙུག་ལག་ཁང་དང་མཐུན ] om. A P D S C

[p. 761] བསམ་གྱིས་མི་ཁྱབ་པའི་ཀློང་ཡངས་པར་སྟོན་པ་དག་ཏུ་ནི་ཀློང་ཆེན་རབ་འབྱམས་ཀྱིས་ཞེས་འབྱུང་ངོ༌། །ཐེག་པ་དང༌། གྲུབ་པ་དང༌། དེ་ཁོ་ན་ཉིད་ལ་སོགས་པ་རྒྱ་ཆེར་འབྱུང་བ་རྣམས་སུ་ནི། ཀུན་མཁྱེན་ངག་གི་དབང་པོས་ཞེས་འབྱུང་བ་ཡིན་ནོ། །འདི་ནི་མིང་གི་རིགས་འབྱེད་ཀྱིས་བསྟན་བཅོས་ཀྱི་བརྗོད་བྱ་ཉེ་བར་སྟོན་པ་ཞེས་བྱའོ། །བཀོད་པ་རྫོགས་སོ་ཞེས་བྱ་བ་ནི། ས་མ་ཡ་ཐཱ་སྟེ། ཚིག་དོན་གྱི་རིམ་པ་རྫོགས་པར་བསྟན་ཟིན་ཏོ། །བརྩམས་པ་མཐར་ཕྱིན་ཏོ། །ལེགས་པར་བཀོད་ཟིན་ཏོ་ཞེས་བྱ་བའི་དོན་ཏེ། དེ་ལྟར་རབ་གསང་རྡོ་རྗེ་སྙིང་པོའི་དོན། །སྙིང་ཐིག་ངེས་པའི་བཀའ་གསང་རྒྱ་ཆེ་ལས། །ཟབ་མོའི་གནད་རྣམས་ཕྱོགས་གཅིག་འདིར་བསྡུས་ཏེ། ཞི་བ་ཐར་ལམ་འབྱོར་པ་མཐའ་ཡས་བྱས། །ཆོས་དབྱིངས་མཛོད་འགྲེལ་ཆོས་ཀྱི་མཆོག་འདི་ནི། །རྟོགས་དོན་མཐར་ཐུག་རྟོགས་

པ་རྒྱ་ཆེར་⁁་འབྱུང་བ ] འགྱུར W · གི་རིགས་འབྱེད་ཀྱིས་བསྟན་བཅོས ] ཀྱི D G R · ལས་ཟབ་མོའི་གནད་རྣམས་ཕྱོགས ] གནས D R · ཐར་ལམ་འབྱོར་པ་མཐའ་ཡས ] བ A C

[p. 762] པའི་སྣང་བ་དང༌། །ཐེག་མཆོག་རྩེ་མོ་ཐེག་པའི་རྒྱལ་པོ་དང༌། །ལུང་དོན་ལེགས་སྤྲས་ལུང་གི་གཏེར་ཞེས་བྱ། །ཚིག་ཙམ་མ་ཡིན་སྙིང་པོའི་དོན་མཐོང་ཞིང༌། །ཇི་བཞིན་ལེགས་བསྒོམས་ཉམས་མྱོང་ངེས་པའི་གནད། །ཡང་ཟབ་མཐར་ཐུག་ཕྱོགས་གཅིག་བསྡེབ་པའི་ཕྱིར། །ཆོས་དབྱིངས་འགྲེལ་འདི་རྟོགས་པའི་སྣང་བ་ཡིན། །ཚེ་འདིར་བྱང་ཆུབ་རྡོ་རྗེ་སྙིང་པོའི་དོན། །ཀུན་གྱི་རྩེ་མོ་འོད་གསལ་མཆོག་མི་འགྱུར། །གླིང་བཞིའི་དབུས་ན་རི་རྒྱལ་འཕགས་པ་བཞིན། །ཆོས་དབྱིངས་འགྲེལ་འདི་ཐེག་པའི་རྒྱལ་པོ་ཡིན། །ཟབ་མོའི་གནད་རྣམས་རྡོ་རྗེའི་གླུར་བླངས་པ། །བཀའ་ལུང་གཙོར་བྱས་ལུང་གི་ཕྲེང་བས་སྤྲས། །ངེས་དོན་སྙིང་པོའི་མདོ་རྒྱུད་ཀུན་དང་མཐུན། །ཆོས་དབྱིངས་འགྲེལ་འདི་ལུང་གི་གཏེར་ཞེས་བྱ། །སྐྱེ་བ་སྐྱེ་བ་རྣམས་སུ་སྔོན་སྦྱངས་ཤིང༌། །དམ་པ་དམ་པ་རྣམས་ཀྱིས་འདིར་བཟུང་བས། །ཡང་ཟབ་

ཇི་བཞིན་ལེགས་བསྒོམས་ཉམས་མྱོང ] བསྒོམ D G R · ཐུག་ཕྱོགས་གཅིག་བསྡེབ་པའི་ཕྱིར ] བསྡེབས P S · ཐུག་ཕྱོགས་གཅིག་བསྡེབ་པའི་ཕྱིར ] སྡེབ D G R · ཆོས་དབྱིངས་འགྲེལ་འདི་ཐེག་པའི ] འདེ A D · ཆོས་དབྱིངས་འགྲེལ་⁁་འདི་ལུང ] བ D G

[p. 763] ཡང་ཟབ་སྙིང་པོའི་དོན་རྟོགས་ཤིང༌། །ཐེག་མཆོག་ཐེག་མཆོག་རྒྱ་མཚོའི་ཕ་རོལ་སོན། །དེ་ཕྱིར་བློ་གྲོས་ཡངས་པའི་ནམ་མཁའ་ལ། །ཐོས་བསམ་སྤྲིན་ཆེན་ཕན་བདེའི་གློག་ཕྲེང་ཅན། །རྟོགས་པའི་འབྲུག་སྒྲ་ཏིང་འཛིན་རྣམ་འགྲོས་ལས། །ལེགས་བཤད་ཆར་ཆེན་ཀུན་དུ་འབབ་པ་ཡིན། །ཁོ་བོ་རྣམ་དཔྱོད་ཐོས་བསམ་རྒྱ་ཆེ་བས། །མ་ལུས་ཐེག་པའི་དོན་ཀུན་ཁོང་དུ་ཆུད། །རྡོ་རྗེ་སྙིང་པོའི་ལམ་བཟངས་འདིར་མཁས་པས། །ཟབ་དང་རྒྱ་ཆེའི་ཆོས་དབྱིངས་འགྲེལ་འདི་བྱས། །གང་ཞིག་མོས་དགེ་ཕུན་ཚོགས་དང་ལྡན་པ། །ཐེག་མཆོག་རྒྱལ་པོའི་རྣལ་འབྱོར་དེ་དག་གིས། །ཞི་བ་བྱང་ཆུབ་ནོར་བཟངས་འབྱོར་བའི་ནོར། །ཆོས་དབྱིངས་མཛོད་འདིར་ཡོངས་ཀྱིས་འགྲེལ་འདི་ཟུང༌། །འདི་ནི་གསང་ཆེན་ངེས་པའི་རྒྱུད་རྣམས་དང༌། །དེ་ཡི་མན་ངག་ཡི་གེ་གྲངས་མང་ལས། །འབད་མེད་གྲོལ་བའི་གནད་

མཆོག་ཐེག་མཆོག་རྒྱ་མཚོའི་ཕ ] རྒྱལ W · ཆར་ཆེན་ཀུན་དུ་འབབ་པ ] ཏུ P G S · སྙིང་པོའི་ལམ་བཟངས་འདིར་མཁས ] བཟང P S · མཁས་པས་ཟབ་དང་རྒྱ་ཆེའི ] ཅིང D G R · དང་ལྡན་པ་ཐེག་མཆོག་རྒྱལ ] ཐག W G · བྱང་ཆུབ་ནོར་བཟངས་འབྱོར་བའི ] བཟང P S · ནོར་བཟངས་འབྱོར་བའི་ནོར་ཆོས ] པའི P D G S R · དབྱིངས་མཛོད་འདིར་ཡོངས་ཀྱིས་འགྲེལ ] ཡོད D G R · རྣམས་དང་དེ་ཡི་མན་ངག ] ཡིས D R

[p. 764] རྣམས་ངེས་བསྡུས་ནས། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་སྦྱར། །དགེ་བ་འདི་ཡིས་ཕན་བདེ་འབྱུང་བའི་གནས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །བསྟན་པའི་རྩ་ལག་སྐྱེས་བུ་དམ་པ་རྣམས། །སྐུ་ཚེ་འཕྲིན་ལས་འབྱོར་པ་མཐའ་ཡས་ཤོག །འཇིག་རྟེན་ཁམས་ཀུན་བདེ་ཞིང་སྐྱིད་པ་དང༌། །ངན་སོང་རྣམ་ཆད་མཐོ་རིས་ཐོབ་པར་ཤོག །དག་པའི་ཞིང་བཞིན་ཉིན་མཚན་ཆོས་སྤྱོད་ཅིང༌། །ཐམས་ཅད་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཇི་བཞིན་ལེགས་བཤད་བསོད་ནམས་གྲུ་ཆེན་དེས། །འགྲོ་ཀུན་སྲིད་པའི་རྒྱ་མཚོ་རྒལ་བར་ཤོག །ཐར་པའི་གནས་བཟངས་རིན་ཆེན་གླིང་བགྲོད་ནས། །སྐུ་གསུམ་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །མ་སྐྱེས་སྙིང་པོ་བྱང་ཆུབ་སེམས་ཀྱི་ལུང༌། །མ་ནོར་ཇི་བཞིན་ཡོངས་བཤད་བསོད་ནམས་དེས། །མ་ལུས་འགྲོ་ཀུན་དོན་གཉིས་ཕུན་ཚོགས་ཤིང༌། །མ་

སྦྱར་དགེ་བ་འདི་ཡིས་ཕན ] དེ D G R · ཐར་པའི་གནས་བཟངས་རིན་ཆེན ] བཟང P S · གཉིས་ཕུན་ཚོགས་ཤིང་མ་འབད ] ཤིག D R

[p. 765] འབད་བཞིན་དུ་དགེ་བ་འཕེལ་བར་ཤོག །བདག་ཀྱང་དེང་ནས་སྲིད་པ་ཇི་སྲིད་པར། །དཔལ་མགོན་བླ་མའི་ཕྲིན་ལས་སྒྲུབ་བྱེད་ཅིང༌། །རླབས་ཆེན་གཞན་དོན་སྤྱོད་པ་ཕུན་ཚོགས་ཀྱིས། །མཐོང་ཐོས་དྲན་རེག་འཁོར་བ་ཕྱིར་བསྙིལ་ཤོག །བདག་ལ་བརྟེན་ནས་འགྲོ་བ་གང་ཞིག་རྣམས། །ཁྲོའམ་དད་དམ་གནོད་པ་བྱེད་གྱུར་ཏམ། །བསྟོད་དམ་རྗེས་སུ་ཞུགས་པར་གྱུར་ཀྱང་རུང༌། །ཐམས་ཅད་མྱུར་དུ་བདག་གིས་འདྲེན་པར་ཤོག །ཆོས་ཀྱི་དབྱིངས་དང་ནམ་མཁའི་དབྱིངས་ཀུན་དང༌། །སེམས་ཅན་དབྱིངས་ཀུན་མཐའ་ཡང་ཇི་ཙམ་པར། །བདག་གི་ཞིང་དང་ཕྲིན་ལས་དབྱིངས་ཁྱབ་སྟེ། །སེམས་ཅན་ཐམས་ཅད་བདག་གིས་འདྲེན་པར་ཤོག །ཆོས་ཚུལ་འདི་ཡང་སྲིད་པ་ཇི་སྲིད་པ། །ས་སྟེང་རྒྱན་གྱུར་འཇིག་རྟེན་འདིར་གནས་ཏེ། །བསྟན་པའི་སྲོག་ཤིང་ཡལ་འདབ་ཕྱོགས་བཅུར་

པ་ཇི་སྲིད་པར་དཔལ་མགོན ] བར P S · མགོན་བླ་མའི་ཕྲིན་ལས་སྒྲུབ ] འཕྲིན D G R · གང་ཞིག་རྣམས་ཁྲོའམ་དད་དམ ] ཁྲོ་འམ A D R C · ཡང་ཇི་ཙམ་པར་བདག་གི ] དང A C · གི་ཞིང་དང་ཕྲིན་ལས་དབྱིངས ] འཕྲིན D G R · གིས་འདྲེན་པར་ཤོག་ཆོས་ཚུལ ] ཤོད A C · སྲིད་པ་ས་སྟེང་རྒྱན་གྱུར ] སྟེངས D G R

[p. 766] རྒྱས། །གཞན་ཕན་མེ་ཏོག་འབྲས་བུ་མཐའ་ཡས་ཤོག །ཉི་ཟླ་ནོར་བུ་དཔག་བསམ་ཤིང་ཆེན་དང༌། །ས་གཞི་རྒྱ་མཚོ་གྲུ་ཆེན་རྒྱལ་བ་ལྟར། །སྐྱེ་དགུའི་རེ་སྒྲུབ་ཕན་བདེའི་འོད་སྟོང་འཕྲོ། །གཞན་དོན་ལྷུན་གྲུབ་ཕྲིན་ལས་མཐའ་ཡས་ཤོག །ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་འགྲེལ་པ། རྟོགས་པའི་སྣང་བ། ཐེག་པའི་རྒྱལ་པོ། ལུང་གི་གཏེར་མཛོད་ཅེས་བྱ་བ། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་ཅིང༌། བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་རྨད་དུ་བྱུང་བ་ལ་བློ་གྲོས་ཀྱི་སྣང་བ་ལེགས་པར་རྒྱས་པ།

དོན་ལྷུན་གྲུབ་ཕྲིན་ལས་མཐའ ] འཕྲིན D G R · བའི་འགྲེལ་པ་རྟོགས་པའི་སྣང ] རྟོག W · མཚོའི་ཕ་རོལ་དུ་སོན་ཅིང ] ཏུ P S · རོལ་དུ་སོན་ཅིང་བདེ་བར ] ཅིག A C

[p. 767] ཐེག་པ་མཆོག་གི་རྣལ་འབྱོར་པ་ཀུན་མཁྱེན་ངག་གི་དབང་པོ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ། །ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏནྟུ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཡེ་སྭཱཧཱ།། །།

གི་རྣལ་འབྱོར་པ་ཀུན་མཁྱེན ] བ A C
[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the chapter's own divisions; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The complete outline of the work is on the contents page.
1 Concluding matter of the treatise in seven sections བསྟན་བཅོས་ཡོངས་སུ་རྫོགས་པ་མཇུག་གི་དོན [p. 744]
1.6 Dedication for the spread of happiness and well-being through auspiciousness ཐམས་ཅད་ཀུན་ཏུ་བཀྲ་ཤིས་སུ་བྱེད་པས་བདེ་ལེགས་རླབས་པོ་ཆེ་རྒྱས་པར་བསྔོ་བ [p. 756]
Wishes that all worlds enjoy happiness like pure realms such as Sukhāvatī, that the sound of the Three Jewels resound, and that the sacred Dharma spread throughout the ten directions, concluding with an adornment of auspicious utterance.
1.7 Stating the various names at the completion ཡོངས་སུ་རྫོགས་པ་མཚན་གྱི་རྣམ་གྲངས་བརྗོད་པ [p. 757]
The root colophon is explained phrase by phrase. The title signifies basic space as a jewel and a treasury in both meaning and text. A 'yogin of the supreme vehicle' practices and writes on the vajra heart essence. Longchen Rabjam's name and his other pen names are explained, and the closing word marks the work as complete.
1.7.1 The title Precious Treasury of the Basic Space of Phenomena ཆོས་དབྱིངས་རིན་པོ་ཆེའི་མཛོད [p. 757] topical
Basic space is luminous mind free of elaboration, a jewel because spontaneously present and a treasury as source of saṃsāra and nirvāṇa; the thirteen-chapter text is likewise jewel and treasury, so the title conveys both excellent meaning and excellent text.
1.7.2 A yogin of the supreme vehicle ཐེག་པ་མཆོག་གི་རྣལ་འབྱོར་པ [p. 759] topical
The luminous vajra heart essence is the summit of the Great Perfection, itself the summit of the vajra vehicle; one who makes a yoga of its meaning and of composing texts on it is a yogin of the stream of Dharma.
1.7.3 The author's name Longchen Rabjam and his other names རྩོམ་པ་པོའི་མིང་ཀློང་ཆེན་རབ་འབྱམས [p. 759] topical
Explains Longchen Rabjam as awareness boundlessly extending in the expanse of realization, and lists his other signatures—Tsultrim Lodrö, Dorjé Ziji, Drimé Özer, Künkhyen Ngagi Wangpo—each indicating the subject matter of particular kinds of works.
1.7.4 The setting forth is complete བཀོད་པ་རྫོགས་སོ [p. 761] topical
Glosses the final words as samayathā: the sequence of words and meaning has been fully taught and the composition is complete.
2 Closing verses of the commentary འགྲེལ་པའི་མཇུག་གི་ཚིགས་བཅད [p. 761] topical
In his own closing verses, Longchenpa explains the commentary's three names: Light of Realization, King of Vehicles and Treasury of Scriptures. He states his realization and urges devoted yogins to take up the work, names the tantric sources and Gangri Thökar as the place of composition, and dedicates the merit to the teaching, its holders and all beings.
2.1 The three names of the commentary ཆོས་དབྱིངས་མཛོད་འགྲེལ་གྱི་མཚན་གསུམ [p. 761] topical
The commentary is named Light of Realization, King of Vehicles and Treasury of Scriptures, and a verse for each explains why: experiential key points, the supremacy of the luminous heart essence, and its adornment with scriptural citations.
2.2 The author's realization and exhortation to readers རྩོམ་པ་པོའི་རྟོགས་པ་དང་གདམས་པ [p. 762] topical
Trained over lifetimes and cared for by masters, the author realized the heart essence, and fine explanation rains from his study, reflection and samādhi; he urges devoted yogins of the supreme vehicle to take up this commentary.
2.3 Sources and place of composition བརྩམས་པའི་ཁུངས་དང་གནས [p. 763] topical
The key points of effortless freedom were gathered from the great secret tantras and their pith instructions and composed on the slopes of Gangri Thökar.
2.4 Dedication and aspirations བསྔོ་བ་དང་སྨོན་ལམ [p. 764] topical
Dedicates the merit to the flourishing of the teaching and its holders, the happiness and awakening of all beings, the author's own guiding of everyone connected with him, and the long endurance and boundless benefit of this teaching.
3 Colophon མཇུག་བྱང [p. 766] topical
States that the commentary, Light of Realization, King of Vehicles, Treasury of Scriptures, composed by the omniscient Longchen Rabjam, is complete, followed by triple wishes of virtue and the ye dharmā dhāraṇī.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 756]

1.6 Dedication for the spread of happiness and well-being through auspiciousness ཐམས་ཅད་ཀུན་ཏུ་བཀྲ་ཤིས་སུ་བྱེད་པས་བདེ་ལེགས་རླབས་པོ་ཆེ་རྒྱས་པར་བསྔོ་བ1.6 Dedication for the spread of happiness and well-being through auspiciousness
Wishes that all worlds enjoy happiness like pure realms such as Sukhāvatī, that the sound of the Three Jewels resound, and that the sacred Dharma spread throughout the ten directions, concluding with an adornment of auspicious utterance.

The dedication that a great swell of happiness and well-being may spread, through everything everywhere being made auspicious:

In all directions may happiness, glory and wealth,
As in a pure realm (dag pa'i zhing), with all that is desired, be spontaneously present;
Through the sounding of the drum of Dharma, may the victory banner of liberation be planted;
May the sacred Dharma never decline, and the teaching spread and flourish.

By that excellent majesty, blazing with glory, of the light rays of a hundred merits (bsod nams) from having composed this well, which shine throughout all the lands of the earth and of the gods, may all the worlds of sentient beings, however many there are, be endowed with happiness and be without suffering even in dreams; and, auspicious throughout day and night through the marvelous joy of the Dharma of liberation, may they, like those who dwell in the lands of pure buddha realms (zhing khams) such as Sukhāvatī, Abhirati and Padmāvatī,[41]Note 41 · p. 756 · པདྨོ་ཅན: given as Padmāvatī (Claude Fable 5.2). Dharmamitra, GPT-6.2 Astra and Gemini 4 Neon have "Padmavatī", which is not the Sanskrit form of the name. enjoy the spontaneously present,[43]Note 43 · p. 756 · ལྷུན་གྱིས་གྲུབ་པ is "spontaneously present" (Claude Fable 5.2, GPT-6.2 Astra), not "spontaneously accomplished" (Dharmamitra, Gemini 4 Neon). སེམས་ཉིད is "mind itself", not "the nature of mind" (Dharmamitra, Gemini 4 Neon). excellent glory[42]Note 42 · p. 756 · ཕུན་སུམ་ཚོགས་པ is "excellent/excellence" throughout this part (Claude Fable 5.2, GPT-6.2 Astra), since the glossary reserves "perfection" for rdzogs. Dharmamitra ("perfection") and Gemini 4 Neon ("perfection", "consummate") are not followed. of all that is desired.

[p. 757] Everywhere, in all places,[44]Note 44 · p. 757 · ཐམས་ཅད་ཀུན་ཏུ: read spatially, "everywhere, in all places" (cf. GPT-6.2 Astra). Dharmamitra, Claude Fable 5.2 and Gemini 4 Neon add "always / at all times", but the Tibetan has no word for time. may the sound of the Three Jewels resound without interruption. By the raising aloft of the unsurpassed teaching, the wish-fulfilling tree of the gods[45]Note 45 · p. 757 · བླ་ན་མེད་པའི་བསྟན་པ་ལྷའི་དཔག་བསམ་གྱི་ཤིང་དང་ནོར་བུའི་རྒྱལ་མཚན: the teaching stands in apposition to the tree and the banner, as in Claude Fable 5.2. Dharmamitra and Gemini 4 Neon make it a genitive ("tree and banner of the teachings"); GPT-6.2 Astra turns it into a simile. and the jewel victory banner, may the teaching, the sacred Dharma, spread and flourish throughout the whole extent of the infinite, boundless realms of the ten directions, to the farthest limits of space. Thus it is shown that the conclusion[46]Note 46 · p. 757 · ཤིས་པ་བརྗོད་པའི་རྒྱན་གྱིས་མཐའ་བསྡུ་བར་བསྟན་པ: བསྟན་པ ("it is shown") is kept, as in Dharmamitra, Claude Fable 5.2 and Gemini 4 Neon. GPT-6.2 Astra drops it ("the conclusion is adorned"). is drawn together with the adornment (rgyan) of an utterance of auspiciousness.

1.7 Stating the various names at the completion ཡོངས་སུ་རྫོགས་པ་མཚན་གྱི་རྣམ་གྲངས་བརྗོད་པ1.7 Stating the various names at the completion
The root colophon is explained phrase by phrase. The title signifies basic space as a jewel and a treasury in both meaning and text. A 'yogin of the supreme vehicle' practices and writes on the vajra heart essence. Longchen Rabjam's name and his other pen names are explained, and the closing word marks the work as complete.

The statement of the various names,[47]Note 47 · p. 757 · ཡོངས་སུ་རྫོགས་པ་མཚན་གྱི་རྣམ་གྲངས་བརྗོད་པ: མཚན is rendered "names", since the section explains the colophon's title, the epithet "yogin of the supreme vehicle" and the author's name. Dharmamitra, Claude Fable 5.2 and GPT-6.2 Astra narrow it to the title; Gemini 4 Neon has "title and names". at the full completion:

1.7.1 The title Precious Treasury of the Basic Space of Phenomena ཆོས་དབྱིངས་རིན་པོ་ཆེའི་མཛོད1.7.1 The title Precious Treasury of the Basic Space of Phenomena (topical division)
Basic space is luminous mind free of elaboration, a jewel because spontaneously present and a treasury as source of saṃsāra and nirvāṇa; the thirteen-chapter text is likewise jewel and treasury, so the title conveys both excellent meaning and excellent text.

As for "The Precious Treasury of the Basic Space of Phenomena" (chos dbyings rin po che'i mdzod): mind itself, luminous by nature and free of all extremes of conceptual elaboration (spros pa), is the basic space of phenomena (chos kyi dbyings); since it is spontaneously present by nature, it is a precious jewel; and since it is the source from which all phenomena of saṃsāra ('khor ba) and nirvāṇa (mya ngan las 'das pa) arise, it is called a "treasury." What is so called is this treatise's

[p. 758] excellent meaning to be expressed, whose very identity is ground, path (lam) and fruition ('bras bu). The way of clearly showing that topic, which has the nature of thirteen chapters, is a body of profound and vast text. Within this basic space (dbyings)[48]Note 48 · p. 758 · ཚིག་དོན་གྱི་རྣམ་གྲངས་དུ་མ་འབྱུང་བའི་དབྱིངས་ལ: taken as a locative, "within this basic space", meaning the body of text just mentioned; this parallels the three-part gloss of the title (basic space, jewel, treasury). GPT-6.2 Astra makes two sentences of it, which amounts to the same. Gemini 4 Neon's "expanse" for དབྱིངས goes against the glossary. from which the many varieties of words and meanings arise, the spontaneously present good fortune of words and meaning is like a precious jewel, because it is the basis for accomplishing the two aims, whatever is wished for; and since it is the source from which the collections of names, phrases and letters arise, it is indeed designated by the word "treasury." And also because it is a treasury that is the source of the jewels of a fine setting forth[49]Note 49 · p. 758 · བཀོད་ལེགས་པའི་རིན་པོ་ཆེ: read as "the jewels of a fine setting forth" of the basic space of phenomena (Claude Fable 5.2, GPT-6.2 Astra), བཀོད་པ being the exposition in the text. Dharmamitra and Gemini 4 Neon read "exquisitely/finely arrayed jewels". of the profound and vast basic space of phenomena, the nature of ground, path and fruition, it is called The Precious Treasury of the Basic Space of Phenomena. For the two, the excellence of the text that expresses and the excellence of the meaning that is expressed, are this treatise's

[p. 759] own excellent nature.

1.7.2 A yogin of the supreme vehicle ཐེག་པ་མཆོག་གི་རྣལ་འབྱོར་པ1.7.2 A yogin of the supreme vehicle (topical division)
The luminous vajra heart essence is the summit of the Great Perfection, itself the summit of the vajra vehicle; one who makes a yoga of its meaning and of composing texts on it is a yogin of the stream of Dharma.

As for "a yogin of the supreme vehicle": the vajra vehicle of fruition is the summit of all vehicles; the heart essence (snying po) and summit[50]Note 50 · p. 759 · སྙིང་པོ is "heart essence" per the glossary, both in དེའི་ཡང་སྙིང་པོ and in འོད་གསལ་རྡོ་རྗེ་སྙིང་པོ. The drafts have "essence" or "heart" in the first, and Dharmamitra, GPT-6.2 Astra and Gemini 4 Neon have "vajra essence" in the second. even of that is the natural Great Perfection; and since, even within that, this topic of the luminous vajra heart essence is supreme, it is called "the supreme vehicle." To realize its meaning well and then grow familiar with it is to make a yoga of the meaning; and to realize well the topics of word and meaning and then make a yoga of composing texts is to make a yoga of the words. Hence this is precisely what is called "a yogin of the stream of Dharma."

1.7.3 The author's name Longchen Rabjam and his other names རྩོམ་པ་པོའི་མིང་ཀློང་ཆེན་རབ་འབྱམས1.7.3 The author's name Longchen Rabjam and his other names (topical division)
Explains Longchen Rabjam as awareness boundlessly extending in the expanse of realization, and lists his other signatures—Tsultrim Lodrö, Dorjé Ziji, Drimé Özer, Künkhyen Ngagi Wangpo—each indicating the subject matter of particular kinds of works.

As for "by Longchen Rabjam" (klong chen rab 'byams): this is the author's name. In the great expanse of realization, vast as the sky, awareness (rig pa), the wheel of the nature of phenomena,[51]Note 51 · p. 759 · ཆོས་ཉིད is "the nature of phenomena" per the glossary. GPT-6.2 Astra and Gemini 4 Neon have "reality itself", which is reserved for de kho na nyid; Claude Fable 5.2 has "dharmatā".[52]Note 52 · p. 759 · རིག་པ་ཆོས་ཉིད་ཀྱི་འཁོར་ལོ: read as "awareness, the wheel of the nature of phenomena" (Dharmamitra, Claude Fable 5.2, GPT-6.2 Astra), not "the wheel of awareness" (Gemini 4 Neon). free of dullness and agitation (bying rgod), of hope and fear (re dogs), day and night[53]Note 53 · p. 759 · The last sentence continues onto the next page (ཕྱད་པར་འབྱམས་ཀླས་པས་ན…). The translation stops at "day and night", as in Claude Fable 5.2, GPT-6.2 Astra and Gemini 4 Neon. Dharmamitra completes the sentence and translates the following one, which belongs to the next part.

[p. 760] without interruption, is boundlessly infinite; hence "Longchen Rabjam." This name indicates the subject matter of this treatise. In the treatises I composed earlier,[55]Note 55 · p. 760 · The e-text reads gong du kho bos sbyar ba ("composed earlier"); Adzom reads gang du ("in whichever treatises I have composed"). I keep gong du, as all drafts do. The sense differs only slightly. various different names appear, and these too indicate the subject matter of those works. In those that, being in accord with the worldly sciences[54]Note 54 · p. 760 · The e-text reads 'jig rten pa'i gtsug lag khang ("worldly temples"); Adzom omits khang. I follow Adzom: gtsug lag, "sciences", is clearly what is meant by poetics, prosody and lexicography. All drafts tacitly read it this way. such as poetics, prosody and lexicography, chiefly teach the provisional meaning (drang ba'i don), there appears "composed by Samyépa Ngagi Wangpo Tsultrim Lodrö." In those that teach the topics of the outer and inner secret mantra in the way common to both, there appears "by Dorjé Ziji." In those that teach whatever profound topics there are by way of the gradation of the vehicles, and in those that chiefly teach the topics of meaning and word as sections on samādhi,[56]Note 56 · p. 760 · don dang tshig gi gnas ting nge 'dzin gyi tshoms gtso bor ston pa is syntactically loose. I follow Claude Fable 5.2 ("the topics of meaning and word as sections on samādhi"), with the glossary's "samādhi". GPT-6.2 Astra's "collection of samādhis concerning words and their meaning" inverts the relation, and Gemini 4 Neon's "concerning collections" is vaguer. there appears "by Drimé Özer." In those that teach the natural state (gnas lugs)

[p. 761] as an inconceivable, vast expanse, there appears "by Longchen Rabjam." In those in which the vehicles, philosophical tenets, reality itself[57]Note 57 · p. 761 · grub pa stands here for grub pa'i mtha', "philosophical tenets" (Dharmamitra, GPT-6.2 Astra, Claude Fable 5.2), alongside vehicles and reality itself; Gemini 4 Neon's "accomplishment" is rejected. de kho na nyid is "reality itself" per the glossary, as in GPT-6.2 Astra; Dharmamitra, Gemini 4 Neon and Claude Fable 5.2 have "suchness". (de kho na nyid) and so forth are set out extensively, there appears "by Künkhyen Ngagi Wangpo." This is what is called "indicating the subject matter of a treatise by differentiating the kinds of name."

1.7.4 The setting forth is complete བཀོད་པ་རྫོགས་སོ1.7.4 The setting forth is complete (topical division)
Glosses the final words as samayathā: the sequence of words and meaning has been fully taught and the composition is complete.

As for "the setting forth is complete": this is samayathā[58]Note 58 · p. 761 · sa ma ya thā is kept as transmitted (samayathā: Dharmamitra, GPT-6.2 Astra, Claude Fable 5.2). Since Longchenpa glosses it as "taught in full / reached its end / well set forth", it is probably a corruption of a Sanskrit word for "complete" (samāpta, as Gemini 4 Neon silently emends). The emendation is not adopted without textual support., and its meaning is: "The sequence of words and meaning has been taught in full. The composition has reached its end. It has been well set forth."

2 Closing verses of the commentary འགྲེལ་པའི་མཇུག་གི་ཚིགས་བཅད2 Closing verses of the commentary (topical division)
In his own closing verses, Longchenpa explains the commentary's three names: Light of Realization, King of Vehicles and Treasury of Scriptures. He states his realization and urges devoted yogins to take up the work, names the tantric sources and Gangri Thökar as the place of composition, and dedicates the merit to the teaching, its holders and all beings.

Thus, from the vast secret teachings of the definitive Heart Drop (snying thig),[59]Note 59 · p. 761 · snying thig is "Heart Drop" per the glossary (Claude Fable 5.2), not "Heart Essence" (Dharmamitra, GPT-6.2 Astra, Gemini 4 Neon), which would blur it with snying po in the same verse.
the meaning of the utterly secret vajra heart essence,
I have gathered the profound key points here in one place

and made boundless the wealth of the path of liberation, peace.

2.1 The three names of the commentary ཆོས་དབྱིངས་མཛོད་འགྲེལ་གྱི་མཚན་གསུམ2.1 The three names of the commentary (topical division)
The commentary is named Light of Realization, King of Vehicles and Treasury of Scriptures, and a verse for each explains why: experiential key points, the supremacy of the luminous heart essence, and its adornment with scriptural citations.

This commentary on the Treasury of the Basic Space of Phenomena (chos dbyings), this supreme Dharma,
is called the Light of Realization, the ultimate meaning to be realized;

[p. 762] the King of Vehicles, the summit of the supreme vehicle;
and the Treasury of Scriptures, finely adorned with the meaning of scripture.

Not mere words: the meaning of the heart essence has been seen
and meditated on well, just as it is; and because the key points made certain in experience (nyams myong),
most profound and ultimate, are brought together here in one place,
this commentary on the Basic Space of Phenomena is the Light of Realization.

The meaning of the vajra heart essence, awakening in this very life,
is the summit of all, luminosity ('od gsal) supreme and unchanging.
Like the king of mountains towering in the midst of the four continents,
this commentary on the Basic Space of Phenomena is the King of Vehicles.

The profound key points have been sung as a vajra song;
giving first place to the scriptures of the Buddha's word,[60]Note 60 · p. 762 · bka' lung gtsor byas lung gi phreng bas spras: I take bka' lung as the scriptures of the Buddha's word given first place, with Claude Fable 5.2; Dharmamitra, GPT-6.2 Astra and Gemini 4 Neon have a general "scriptural authority/testimony". it is adorned with garlands of scripture
and accords with all the sūtras and tantras of the heart essence of definitive meaning (nges don).
This commentary on the Basic Space of Phenomena is called the Treasury of Scriptures.

2.2 The author's realization and exhortation to readers རྩོམ་པ་པོའི་རྟོགས་པ་དང་གདམས་པ2.2 The author's realization and exhortation to readers (topical division)
Trained over lifetimes and cared for by masters, the author realized the heart essence, and fine explanation rains from his study, reflection and samādhi; he urges devoted yogins of the supreme vehicle to take up this commentary.

Having trained before, in lifetime after lifetime,
and having been taken into care here by holy masters, one after another,[61]Note 61 · p. 762 · dam pa dam pa rnams kyis: the doubling parallels skye ba skye ba ("lifetime after lifetime"), so I read "holy masters, one after another" (Dharmamitra, GPT-6.2 Astra) rather than a superlative, "holiest of masters" (Gemini 4 Neon, Claude Fable 5.2).

[p. 763] I realized the meaning of the heart essence, most profound of the most profound,
and reached the far shore of the ocean of the supreme vehicle, most supreme of all.

Therefore, in the sky of vast intelligence,
from great clouds of study and reflection, garlanded with the lightning of benefit and happiness,
with the thunder of realization and the sweeping movement of samādhi (ting 'dzin),
a great rain of fine explanation falls everywhere.

Since my discernment, study and reflection are vast,
I have fathomed all the meanings of the vehicles without exception.
Being learned in this excellent path of the vajra heart essence,
I have made this profound and vast commentary on the Basic Space of Phenomena.

Let those endowed with an abundance of devotion and virtue,
those yogins of the king of supreme vehicles,
all take hold of this commentary[62]Note 62 · p. 763 · yongs kyis is agentive, "by all" (Gemini 4 Neon), not "fully/wholeheartedly" (Dharmamitra, GPT-6.2 Astra, Claude Fable 5.2, which would be yongs su). The imperative zung with de dag gis is rendered as a third-person exhortation. on this Treasury of the Basic Space of Phenomena,
the wealth that brings the fine riches of peace, of awakening.

2.3 Sources and place of composition བརྩམས་པའི་ཁུངས་དང་གནས2.3 Sources and place of composition (topical division)
The key points of effortless freedom were gathered from the great secret tantras and their pith instructions and composed on the slopes of Gangri Thökar.

This—from the definitive tantras of the great secret
and the many writings of their pith instructions,
the key points of effortless freedom[63]Note 63 · p. 763 · 'bad med grol ba is "effortless freedom" per the glossary (Claude Fable 5.2), not "liberation" (Dharmamitra, GPT-6.2 Astra, Gemini 4 Neon). The sentence runs on into the next page, and Dharmamitra anticipates its verb ("having precisely gathered"); I stop where the Tibetan of this part stops.

[p. 764] having been gathered with certainty[64]Note 64 · p. 764 · The opening words (rnams nges bsdus nas) complete the verse line left unfinished at the end of the previous part. Dharmamitra omits them; they are restored, with Claude Fable 5.2 and Gemini 4 Neon.—
was well composed on the slopes of Gangri Thökar (Gangs ri thod dkar).

2.4 Dedication and aspirations བསྔོ་བ་དང་སྨོན་ལམ2.4 Dedication and aspirations (topical division)
Dedicates the merit to the flourishing of the teaching and its holders, the happiness and awakening of all beings, the author's own guiding of everyone connected with him, and the long endurance and boundless benefit of this teaching.

By this virtue, may the teaching of the Buddha (sangs rgyas),
the source from which benefit and happiness arise, spread and flourish.

May the holy beings who are the mainstays of the teaching
be boundless in life span, enlightened activity ('phrin las) and prosperity.

May all the realms of the world be happy and at ease;
may the lower realms be cut off entirely and the higher realms attained.
Practicing the Dharma day and night, as in a pure realm,
may all attain unsurpassed awakening.

By that great ship of merit, of having explained things well, just as they are,
may all beings cross the ocean of conditioned existence (srid pa).
Having journeyed to the isle of jewels, the excellent abode of liberation,
may they become kings of the Dharma, the three kāyas (sku gsum) spontaneously present.

The scripture of awakened mind[65]Note 65 · p. 764 · byang chub sems kyi lung: Claude Fable 5.2 and Dharmamitra have "scriptural transmission", Gemini 4 Neon and GPT-6.2 Astra "scriptures". I use "scripture", following the glossary and echoing the title Treasury of Scriptures, since nothing here refers to a transmission received from a master. (byang chub sems), the unborn heart essence[66]Note 66 · p. 764 · ma skyes snying po: Gemini 4 Neon, Dharmamitra, GPT-6.2 Astra have "unborn essence"; corrected to "heart essence", since "essence" is reserved for ngo bo. For byang chub sems, Gemini 4 Neon's "bodhicitta" and Dharmamitra's "mind of awakening" are replaced by the house rendering "awakened mind".—
by the merit of having explained it in full, unerringly, just as it is,
may all beings without exception have the two aims in full abundance,[67]Note 67 · p. 764 · phun tshogs is rendered "in full abundance" and "excellence", not "perfect/perfection" (Claude Fable 5.2, Gemini 4 Neon, Dharmamitra), which the glossary reserves for rdzogs.

[p. 765] and may virtue increase without exertion.

May I too, from this day for as long as conditioned existence lasts,
accomplish the enlightened activity of the glorious protector, the guru,
and, through the excellence of vast conduct for the welfare of others,
may saṃsāra be cast out[68]Note 68 · p. 765 · 'khor ba phyir bsnyil: the agent is not expressed. Claude Fable 5.2 and Gemini 4 Neon make "I" the agent ("bring down", "overturn"); Dharmamitra and GPT-6.2 Astra make the beings the agent ("banish", "leave behind"). "May saṃsāra be cast out for all who…" leaves this open, as the Tibetan does. for all who see, hear, recall or touch me.

Whatever beings there may be who, on account of me,
grow angry or feel faith, or do harm,
or praise me or come to follow me—whichever it may be—
may I swiftly guide them all.

Of the basic space of phenomena, of all the realm of space (nam mkha'i dbyings)
and of all the realm of sentient beings, however far the limits reach,[69]Note 69 · p. 765 · mtha' yang ji tsam par: Adzom reads dang for par. I follow par ("to whatever extent"), which the syntax requires; dang would merely coordinate, and the sense is barely affected.
may my buddha realm and enlightened activity pervade those realms,[70]Note 70 · p. 765 · dbyings khyab: the fourth dbyings refers back to the three just named (basic space of phenomena, realm of space, realm of sentient beings). It is rendered "those realms" rather than "basic space" or the drafts' "expanse", which the glossary reserves for klong.
and may I guide all sentient beings.

May this way of the Dharma too, for as long as conditioned existence lasts,
remain in this world as an adornment upon the earth;
may the life-tree of the teaching spread its branches and leaves through the ten directions,

[p. 766] and may its flowers and fruits[71]Note 71 · p. 766 · 'bras bu is "fruits" here, the literal fruit of the life-tree, not "fruition". of benefit to others be boundless.

Like the sun and moon, the jewel, the great wish-granting tree,
the earth, the ocean, the great ship and the Victorious One,
fulfilling the hopes of beings and radiating a thousand lights of benefit and happiness,
may enlightened activity,[73]Note 73 · p. 766 · Last verse: GPT-6.2 Astra makes the Dharma tradition of the preceding verse the subject ("may it fulfill… its activity"). The Tibetan expresses no subject, so the verse is left general, with Claude Fable 5.2, Gemini 4 Neon, Dharmamitra. the welfare of others spontaneously present,[72]Note 72 · p. 766 · gzhan don lhun grub: Claude Fable 5.2, Dharmamitra and GPT-6.2 Astra have "spontaneously accomplishing"; Gemini 4 Neon "spontaneously present". The glossary's "spontaneously present" is kept, matching sku gsum lhun grub above. be boundless.

3 Colophon མཇུག་བྱང3 Colophon (topical division)
States that the commentary, Light of Realization, King of Vehicles, Treasury of Scriptures, composed by the omniscient Longchen Rabjam, is complete, followed by triple wishes of virtue and the ye dharmā dhāraṇī.

This commentary on The Precious Treasury[74]Note 74 · p. 766 · Colophon: Dharmamitra rearranges the sentence so that everything falls before the page marker; Claude Fable 5.2's order is followed, which keeps the marker at its place in the Tibetan. of the Basic Space of Phenomena, the light of realization, the king of vehicles, called The Treasury of Scriptures,

set down by one who has reached the far shore of the ocean of his own and others' philosophical tenets, and in whom the light of intelligence has fully unfolded with regard to the marvelous topics of the Sugata's scriptures—

[p. 767] the yogin of the supreme vehicle, the omniscient Lord of Speech, Longchen Rabjam—is complete.

May it be virtuous! May it be virtuous! May it be virtuous!

oṃ ye dharmā hetuprabhavā hetuṃ teṣāṃ tathāgato hy avadat[75]Note 75 · p. 767 · Mantra: the Tibetan spells hetun teṣān tathāgato … teṣāñ ca; the transliteration is normalized. Dharmamitra drops the final ye before svāhā; it stands in the Tibetan (ཡེ་སྭཱཧཱ) and is kept. teṣāṃ ca yo nirodha evaṃvādī mahāśramaṇaḥ ye svāhāRten 'brel snying poQuotation (not named in the text)
རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ, rten cing 'brel bar 'byung ba'i snying po, The Essence of Dependent Origination (ye dharmā verse) (Pratītyasamutpādahṛdaya) · sutra; Kangyur
Identification: high confidence (The ye dharmā hetuprabhavā formula, quoted in Sanskrit and in Tibetan.)
The quoted words are in ཚིག་དོན་རིན་པོ་ཆེའི་མཛོད། (a parallel: ཚིག་དོན་རིན་པོ་ཆེའི་མཛོད), 76 % of the words.

Translation notes
  • 41. [p. 756] པདྨོ་ཅན: given as Padmāvatī (Claude Fable 5.2). Dharmamitra, GPT-6.2 Astra and Gemini 4 Neon have "Padmavatī", which is not the Sanskrit form of the name.
  • 42. [p. 756] ཕུན་སུམ་ཚོགས་པ is "excellent/excellence" throughout this part (Claude Fable 5.2, GPT-6.2 Astra), since the glossary reserves "perfection" for rdzogs. Dharmamitra ("perfection") and Gemini 4 Neon ("perfection", "consummate") are not followed.
  • 43. [p. 756] ལྷུན་གྱིས་གྲུབ་པ is "spontaneously present" (Claude Fable 5.2, GPT-6.2 Astra), not "spontaneously accomplished" (Dharmamitra, Gemini 4 Neon). སེམས་ཉིད is "mind itself", not "the nature of mind" (Dharmamitra, Gemini 4 Neon).
  • 44. [p. 757] ཐམས་ཅད་ཀུན་ཏུ: read spatially, "everywhere, in all places" (cf. GPT-6.2 Astra). Dharmamitra, Claude Fable 5.2 and Gemini 4 Neon add "always / at all times", but the Tibetan has no word for time.
  • 45. [p. 757] བླ་ན་མེད་པའི་བསྟན་པ་ལྷའི་དཔག་བསམ་གྱི་ཤིང་དང་ནོར་བུའི་རྒྱལ་མཚན: the teaching stands in apposition to the tree and the banner, as in Claude Fable 5.2. Dharmamitra and Gemini 4 Neon make it a genitive ("tree and banner of the teachings"); GPT-6.2 Astra turns it into a simile.
  • 46. [p. 757] ཤིས་པ་བརྗོད་པའི་རྒྱན་གྱིས་མཐའ་བསྡུ་བར་བསྟན་པ: བསྟན་པ ("it is shown") is kept, as in Dharmamitra, Claude Fable 5.2 and Gemini 4 Neon. GPT-6.2 Astra drops it ("the conclusion is adorned").
  • 47. [p. 757] ཡོངས་སུ་རྫོགས་པ་མཚན་གྱི་རྣམ་གྲངས་བརྗོད་པ: མཚན is rendered "names", since the section explains the colophon's title, the epithet "yogin of the supreme vehicle" and the author's name. Dharmamitra, Claude Fable 5.2 and GPT-6.2 Astra narrow it to the title; Gemini 4 Neon has "title and names".
  • 48. [p. 758] ཚིག་དོན་གྱི་རྣམ་གྲངས་དུ་མ་འབྱུང་བའི་དབྱིངས་ལ: taken as a locative, "within this basic space", meaning the body of text just mentioned; this parallels the three-part gloss of the title (basic space, jewel, treasury). GPT-6.2 Astra makes two sentences of it, which amounts to the same. Gemini 4 Neon's "expanse" for དབྱིངས goes against the glossary.
  • 49. [p. 758] བཀོད་ལེགས་པའི་རིན་པོ་ཆེ: read as "the jewels of a fine setting forth" of the basic space of phenomena (Claude Fable 5.2, GPT-6.2 Astra), བཀོད་པ being the exposition in the text. Dharmamitra and Gemini 4 Neon read "exquisitely/finely arrayed jewels".
  • 50. [p. 759] སྙིང་པོ is "heart essence" per the glossary, both in དེའི་ཡང་སྙིང་པོ and in འོད་གསལ་རྡོ་རྗེ་སྙིང་པོ. The drafts have "essence" or "heart" in the first, and Dharmamitra, GPT-6.2 Astra and Gemini 4 Neon have "vajra essence" in the second.
  • 51. [p. 759] ཆོས་ཉིད is "the nature of phenomena" per the glossary. GPT-6.2 Astra and Gemini 4 Neon have "reality itself", which is reserved for de kho na nyid; Claude Fable 5.2 has "dharmatā".
  • 52. [p. 759] རིག་པ་ཆོས་ཉིད་ཀྱི་འཁོར་ལོ: read as "awareness, the wheel of the nature of phenomena" (Dharmamitra, Claude Fable 5.2, GPT-6.2 Astra), not "the wheel of awareness" (Gemini 4 Neon).
  • 53. [p. 759] The last sentence continues onto the next page (ཕྱད་པར་འབྱམས་ཀླས་པས་ན…). The translation stops at "day and night", as in Claude Fable 5.2, GPT-6.2 Astra and Gemini 4 Neon. Dharmamitra completes the sentence and translates the following one, which belongs to the next part.
  • 54. [p. 760] The e-text reads 'jig rten pa'i gtsug lag khang ("worldly temples"); Adzom omits khang. I follow Adzom: gtsug lag, "sciences", is clearly what is meant by poetics, prosody and lexicography. All drafts tacitly read it this way.
  • 55. [p. 760] The e-text reads gong du kho bos sbyar ba ("composed earlier"); Adzom reads gang du ("in whichever treatises I have composed"). I keep gong du, as all drafts do. The sense differs only slightly.
  • 56. [p. 760] don dang tshig gi gnas ting nge 'dzin gyi tshoms gtso bor ston pa is syntactically loose. I follow Claude Fable 5.2 ("the topics of meaning and word as sections on samādhi"), with the glossary's "samādhi". GPT-6.2 Astra's "collection of samādhis concerning words and their meaning" inverts the relation, and Gemini 4 Neon's "concerning collections" is vaguer.
  • 57. [p. 761] grub pa stands here for grub pa'i mtha', "philosophical tenets" (Dharmamitra, GPT-6.2 Astra, Claude Fable 5.2), alongside vehicles and reality itself; Gemini 4 Neon's "accomplishment" is rejected. de kho na nyid is "reality itself" per the glossary, as in GPT-6.2 Astra; Dharmamitra, Gemini 4 Neon and Claude Fable 5.2 have "suchness".
  • 58. [p. 761] sa ma ya thā is kept as transmitted (samayathā: Dharmamitra, GPT-6.2 Astra, Claude Fable 5.2). Since Longchenpa glosses it as "taught in full / reached its end / well set forth", it is probably a corruption of a Sanskrit word for "complete" (samāpta, as Gemini 4 Neon silently emends). The emendation is not adopted without textual support.
  • 59. [p. 761] snying thig is "Heart Drop" per the glossary (Claude Fable 5.2), not "Heart Essence" (Dharmamitra, GPT-6.2 Astra, Gemini 4 Neon), which would blur it with snying po in the same verse.
  • 60. [p. 762] bka' lung gtsor byas lung gi phreng bas spras: I take bka' lung as the scriptures of the Buddha's word given first place, with Claude Fable 5.2; Dharmamitra, GPT-6.2 Astra and Gemini 4 Neon have a general "scriptural authority/testimony".
  • 61. [p. 762] dam pa dam pa rnams kyis: the doubling parallels skye ba skye ba ("lifetime after lifetime"), so I read "holy masters, one after another" (Dharmamitra, GPT-6.2 Astra) rather than a superlative, "holiest of masters" (Gemini 4 Neon, Claude Fable 5.2).
  • 62. [p. 763] yongs kyis is agentive, "by all" (Gemini 4 Neon), not "fully/wholeheartedly" (Dharmamitra, GPT-6.2 Astra, Claude Fable 5.2, which would be yongs su). The imperative zung with de dag gis is rendered as a third-person exhortation.
  • 63. [p. 763] 'bad med grol ba is "effortless freedom" per the glossary (Claude Fable 5.2), not "liberation" (Dharmamitra, GPT-6.2 Astra, Gemini 4 Neon). The sentence runs on into the next page, and Dharmamitra anticipates its verb ("having precisely gathered"); I stop where the Tibetan of this part stops.
  • 64. [p. 764] The opening words (rnams nges bsdus nas) complete the verse line left unfinished at the end of the previous part. Dharmamitra omits them; they are restored, with Claude Fable 5.2 and Gemini 4 Neon.
  • 65. [p. 764] byang chub sems kyi lung: Claude Fable 5.2 and Dharmamitra have "scriptural transmission", Gemini 4 Neon and GPT-6.2 Astra "scriptures". I use "scripture", following the glossary and echoing the title Treasury of Scriptures, since nothing here refers to a transmission received from a master.
  • 66. [p. 764] ma skyes snying po: Gemini 4 Neon, Dharmamitra, GPT-6.2 Astra have "unborn essence"; corrected to "heart essence", since "essence" is reserved for ngo bo. For byang chub sems, Gemini 4 Neon's "bodhicitta" and Dharmamitra's "mind of awakening" are replaced by the house rendering "awakened mind".
  • 67. [p. 764] phun tshogs is rendered "in full abundance" and "excellence", not "perfect/perfection" (Claude Fable 5.2, Gemini 4 Neon, Dharmamitra), which the glossary reserves for rdzogs.
  • 68. [p. 765] 'khor ba phyir bsnyil: the agent is not expressed. Claude Fable 5.2 and Gemini 4 Neon make "I" the agent ("bring down", "overturn"); Dharmamitra and GPT-6.2 Astra make the beings the agent ("banish", "leave behind"). "May saṃsāra be cast out for all who…" leaves this open, as the Tibetan does.
  • 69. [p. 765] mtha' yang ji tsam par: Adzom reads dang for par. I follow par ("to whatever extent"), which the syntax requires; dang would merely coordinate, and the sense is barely affected.
  • 70. [p. 765] dbyings khyab: the fourth dbyings refers back to the three just named (basic space of phenomena, realm of space, realm of sentient beings). It is rendered "those realms" rather than "basic space" or the drafts' "expanse", which the glossary reserves for klong.
  • 71. [p. 766] 'bras bu is "fruits" here, the literal fruit of the life-tree, not "fruition".
  • 72. [p. 766] gzhan don lhun grub: Claude Fable 5.2, Dharmamitra and GPT-6.2 Astra have "spontaneously accomplishing"; Gemini 4 Neon "spontaneously present". The glossary's "spontaneously present" is kept, matching sku gsum lhun grub above.
  • 73. [p. 766] Last verse: GPT-6.2 Astra makes the Dharma tradition of the preceding verse the subject ("may it fulfill… its activity"). The Tibetan expresses no subject, so the verse is left general, with Claude Fable 5.2, Gemini 4 Neon, Dharmamitra.
  • 74. [p. 766] Colophon: Dharmamitra rearranges the sentence so that everything falls before the page marker; Claude Fable 5.2's order is followed, which keeps the marker at its place in the Tibetan.
  • 75. [p. 767] Mantra: the Tibetan spells hetun teṣān tathāgato … teṣāñ ca; the transliteration is normalized. Dharmamitra drops the final ye before svāhā; it stands in the Tibetan (ཡེ་སྭཱཧཱ) and is kept.
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the commentary announces and opens), gold the quotations, red the words of the root verses (or of a quotation) that the commentary quotes to explain them, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program, the root verses by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Root verses being explainedAuthor's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 756]
ཐམས་ཅད་ཀུན་ཏུ་བཀྲ་ཤིས་སུ་བྱེད་པས་བདེ་ལེགས་རླབས་པོ་ཆེ་རྒྱས་པར་བསྔོ་བ་ནི། ཕྱོགས་རྣམས་ཀུན་ཏུ་བདེ་དཔལ་འབྱོར་པ་ནི། །དག་པའི་ཞིང་བཞིན་འདོད་དགུ་ལྷུན་གྲུབ་ཅིང༌། །ཆོས་རྔ་སྒྲོགས་པས་ཐར་པའི་རྒྱལ་མཚན་འཛུགས། །དམ་ཆོས་མི་ནུབ་བསྟན་པ་དར་རྒྱས་ཤོག །ལེགས་པར་སྦྱར་བའི་བསོད་ནམས་བརྒྱའི་འོད་ཟེར་ས་དང་ལྷའི་ཡུལ་ཀུན་ཏུ་འཕྲོ་བའི་དཔལ་འབར་བའི་གཟི་བརྗིད་བཟང་པོ་དེས། སེམས་ཅན་གྱི་འཇིག་རྟེན་ཇི་སྙེད་པ་ཐམས་ཅད་བདེ་བ་དང་ལྡན་ཞིང༌། རྨི་ལམ་ན་ཡང་སྡུག་བསྔལ་མེད་ལ། ཐར་པའི་ཆོས་ཀྱི་དགའ་བ་རྨད་དུ་བྱུང་བས་ཉིན་མཚན་ཀུན་ཏུ་བཀྲ་ཤིས་དང་ལྡན་པ་ནི། བདེ་བ་ཅན་དང་མངོན་པར་དགའ་བ་དང་པདྨོ་ཅན་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཁམས་དག་པའི་ཡུལ་ན་འཁོད་པ་བཞིན། འདོད་དགུའི་དཔལ་ཕུན་སུམ་ཚོགས་པ་ལྷུན་གྱིས་གྲུབ་པ་ལ་སྤྱོད་པར་ཤོག་ཤིག །
1.6 Dedication for the spread of happiness and well-being through auspiciousness ཐམས་ཅད་ཀུན་ཏུ་བཀྲ་ཤིས་སུ་བྱེད་པས་བདེ་ལེགས་རླབས་པོ་ཆེ་རྒྱས་པར་བསྔོ་བ1.6 Dedication for the spread of happiness and well-being through auspiciousness
Wishes that all worlds enjoy happiness like pure realms such as Sukhāvatī, that the sound of the Three Jewels resound, and that the sacred Dharma spread throughout the ten directions, concluding with an adornment of auspicious utterance.

The dedication that a great swell of happiness and well-being may spread, through everything everywhere being made auspicious:

In all directions may happiness, glory and wealth,
As in a pure realm (dag pa'i zhing), with all that is desired, be spontaneously present;
Through the sounding of the drum of Dharma, may the victory banner of liberation be planted;
May the sacred Dharma never decline, and the teaching spread and flourish.

By that excellent majesty, blazing with glory, of the light rays of a hundred merits (bsod nams) from having composed this well, which shine throughout all the lands of the earth and of the gods, may all the worlds of sentient beings, however many there are, be endowed with happiness and be without suffering even in dreams; and, auspicious throughout day and night through the marvelous joy of the Dharma of liberation, may they, like those who dwell in the lands of pure buddha realms (zhing khams) such as Sukhāvatī, Abhirati and Padmāvatī,[41]Note 41 · p. 756 · པདྨོ་ཅན: given as Padmāvatī (Claude Fable 5.2). Dharmamitra, GPT-6.2 Astra and Gemini 4 Neon have "Padmavatī", which is not the Sanskrit form of the name. enjoy the spontaneously present,[43]Note 43 · p. 756 · ལྷུན་གྱིས་གྲུབ་པ is "spontaneously present" (Claude Fable 5.2, GPT-6.2 Astra), not "spontaneously accomplished" (Dharmamitra, Gemini 4 Neon). སེམས་ཉིད is "mind itself", not "the nature of mind" (Dharmamitra, Gemini 4 Neon). excellent glory[42]Note 42 · p. 756 · ཕུན་སུམ་ཚོགས་པ is "excellent/excellence" throughout this part (Claude Fable 5.2, GPT-6.2 Astra), since the glossary reserves "perfection" for rdzogs. Dharmamitra ("perfection") and Gemini 4 Neon ("perfection", "consummate") are not followed. of all that is desired.

[p. 757]
ཐམས་ཅད་ཀུན་ཏུ་དཀོན་མཆོག་གསུམ་གྱི་སྒྲ་རྒྱུན་མི་འཆད་པར་སྒྲོགས་ཤིག །བླ་ན་མེད་པའི་བསྟན་པ་ལྷའི་དཔག་བསམ་གྱི་ཤིང་དང་ནོར་བུའི་རྒྱལ་མཚན་བསྒྲེངས་པས། བསྟན་པ་དམ་པའི་ཆོས་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་ཞིང་གི་ཁྱོན་ནམ་མཁའི་མཐའ་ཀླས་པ་ཀུན་ཏུ་དར་ཞིང་རྒྱས་པར་ཤོག་ཅིག་ཅེས་ཤིས་པ་བརྗོད་པའི་རྒྱན་གྱིས་མཐའ་བསྡུ་བར་བསྟན་པ་ཡིན་ནོ། །ཡོངས་སུ་རྫོགས་པ་མཚན་གྱི་རྣམ་གྲངས་བརྗོད་པ་ནི། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བ་ནི། སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་དབྱིངས་ཏེ། རང་བཞིན་གྱིས་ལྷུན་གྱིས་གྲུབ་པས་ནོར་བུ་རིན་པོ་ཆེ་དང༌། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་འབྱུང་བའི་གནས་སུ་གྱུར་པས་མཛོད་ཅེས་བརྗོད་པ་ནི་བསྟན་བཅོས་འདིའི་བརྗོད་པར་བྱ་བའི་

Everywhere, in all places,[44]Note 44 · p. 757 · ཐམས་ཅད་ཀུན་ཏུ: read spatially, "everywhere, in all places" (cf. GPT-6.2 Astra). Dharmamitra, Claude Fable 5.2 and Gemini 4 Neon add "always / at all times", but the Tibetan has no word for time. may the sound of the Three Jewels resound without interruption. By the raising aloft of the unsurpassed teaching, the wish-fulfilling tree of the gods[45]Note 45 · p. 757 · བླ་ན་མེད་པའི་བསྟན་པ་ལྷའི་དཔག་བསམ་གྱི་ཤིང་དང་ནོར་བུའི་རྒྱལ་མཚན: the teaching stands in apposition to the tree and the banner, as in Claude Fable 5.2. Dharmamitra and Gemini 4 Neon make it a genitive ("tree and banner of the teachings"); GPT-6.2 Astra turns it into a simile. and the jewel victory banner, may the teaching, the sacred Dharma, spread and flourish throughout the whole extent of the infinite, boundless realms of the ten directions, to the farthest limits of space. Thus it is shown that the conclusion[46]Note 46 · p. 757 · ཤིས་པ་བརྗོད་པའི་རྒྱན་གྱིས་མཐའ་བསྡུ་བར་བསྟན་པ: བསྟན་པ ("it is shown") is kept, as in Dharmamitra, Claude Fable 5.2 and Gemini 4 Neon. GPT-6.2 Astra drops it ("the conclusion is adorned"). is drawn together with the adornment (rgyan) of an utterance of auspiciousness.

1.7 Stating the various names at the completion ཡོངས་སུ་རྫོགས་པ་མཚན་གྱི་རྣམ་གྲངས་བརྗོད་པ1.7 Stating the various names at the completion
The root colophon is explained phrase by phrase. The title signifies basic space as a jewel and a treasury in both meaning and text. A 'yogin of the supreme vehicle' practices and writes on the vajra heart essence. Longchen Rabjam's name and his other pen names are explained, and the closing word marks the work as complete.

The statement of the various names,[47]Note 47 · p. 757 · ཡོངས་སུ་རྫོགས་པ་མཚན་གྱི་རྣམ་གྲངས་བརྗོད་པ: མཚན is rendered "names", since the section explains the colophon's title, the epithet "yogin of the supreme vehicle" and the author's name. Dharmamitra, Claude Fable 5.2 and GPT-6.2 Astra narrow it to the title; Gemini 4 Neon has "title and names". at the full completion:

1.7.1 The title Precious Treasury of the Basic Space of Phenomena ཆོས་དབྱིངས་རིན་པོ་ཆེའི་མཛོད1.7.1 The title Precious Treasury of the Basic Space of Phenomena (topical division)
Basic space is luminous mind free of elaboration, a jewel because spontaneously present and a treasury as source of saṃsāra and nirvāṇa; the thirteen-chapter text is likewise jewel and treasury, so the title conveys both excellent meaning and excellent text.

As for "The Precious Treasury of the Basic Space of Phenomena" (chos dbyings rin po che'i mdzod): mind itself, luminous by nature and free of all extremes of conceptual elaboration (spros pa), is the basic space of phenomena (chos kyi dbyings); since it is spontaneously present by nature, it is a precious jewel; and since it is the source from which all phenomena of saṃsāra ('khor ba) and nirvāṇa (mya ngan las 'das pa) arise, it is called a "treasury." What is so called is this treatise's

[p. 758]
དོན་ཕུན་སུམ་ཚོགས་པ་གཞི་དང་ལམ་དང་འབྲས་བུའི་བདག་ཉིད་ཡིན་ལ། དེའི་གནས་གསལ་བར་སྟོན་པའི་ཚུལ་ལེའུ་བཅུ་གསུམ་གྱི་རང་བཞིན་ནི་ཟབ་པ་དང་རྒྱ་ཆེ་བའི་གཞུང་གི་ཚོགས་ཏེ། ཚིག་དོན་གྱི་རྣམ་གྲངས་དུ་མ་འབྱུང་བའི་དབྱིངས་ལ། ཚིག་དང་དོན་གྱི་སྐལ་བ་བཟང་པོ་ལྷུན་གྱིས་གྲུབ་པ་ནི་རིན་པོ་ཆེ་དང་མཚུངས་ཏེ། གང་མངོན་པར་འདོད་པའི་དོན་གཉིས་འགྲུབ་པའི་གཞི་གྱུར་པའི་ཕྱིར་དང༌། མིང་ཚིག་ཡི་གེའི་ཚོགས་པ་འབྱུང་བའི་གནས་ཡིན་པས་མཛོད་ཀྱི་སྒྲས་ཉེ་བར་བརྗོད་པ་ཉིད་དང༌། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་དབྱིངས་གཞི་དང་ལམ་དང་འབྲས་བུའི་རང་བཞིན་བཀོད་ལེགས་པའི་རིན་པོ་ཆེ་འབྱུང་བའི་མཛོད་ཡིན་པའི་ཕྱིར་ཡང༌། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བརྗོད་དེ། རྗོད་པར་བྱེད་པའི་གཞུང་ཕུན་སུམ་ཚོགས་པ་ཉིད་དང༌། བརྗོད་པར་བྱ་བའི་དོན་ཕུན་སུམ་ཚོགས་པ་གཉིས་བསྟན་བཅོས་

excellent meaning to be expressed, whose very identity is ground, path (lam) and fruition ('bras bu). The way of clearly showing that topic, which has the nature of thirteen chapters, is a body of profound and vast text. Within this basic space (dbyings)[48]Note 48 · p. 758 · ཚིག་དོན་གྱི་རྣམ་གྲངས་དུ་མ་འབྱུང་བའི་དབྱིངས་ལ: taken as a locative, "within this basic space", meaning the body of text just mentioned; this parallels the three-part gloss of the title (basic space, jewel, treasury). GPT-6.2 Astra makes two sentences of it, which amounts to the same. Gemini 4 Neon's "expanse" for དབྱིངས goes against the glossary. from which the many varieties of words and meanings arise, the spontaneously present good fortune of words and meaning is like a precious jewel, because it is the basis for accomplishing the two aims, whatever is wished for; and since it is the source from which the collections of names, phrases and letters arise, it is indeed designated by the word "treasury." And also because it is a treasury that is the source of the jewels of a fine setting forth[49]Note 49 · p. 758 · བཀོད་ལེགས་པའི་རིན་པོ་ཆེ: read as "the jewels of a fine setting forth" of the basic space of phenomena (Claude Fable 5.2, GPT-6.2 Astra), བཀོད་པ being the exposition in the text. Dharmamitra and Gemini 4 Neon read "exquisitely/finely arrayed jewels". of the profound and vast basic space of phenomena, the nature of ground, path and fruition, it is called The Precious Treasury of the Basic Space of Phenomena. For the two, the excellence of the text that expresses and the excellence of the meaning that is expressed, are this treatise's

[p. 759]
འདིའི་རང་བཞིན་ཕུན་སུམ་ཚོགས་པ་ཡིན་པའི་ཕྱིར་རོ། །ཐེག་པ་མཆོག་གི་རྣལ་འབྱོར་པ་ཞེས་བྱ་བ་ནི། འབྲས་བུ་རྡོ་རྗེའི་ཐེག་པ་ནི་ཐེག་པ་ཀུན་གྱི་རྩེ་མོ་ཡིན་ལ། དེའི་ཡང་སྙིང་པོ་དང་རྩེ་མོར་གྱུར་པ་ནི་རང་བཞིན་རྫོགས་པ་ཆེན་པོ་སྟེ། དེ་ལས་ཀྱང་འོད་གསལ་རྡོ་རྗེ་སྙིང་པོའི་གནས་འདི་མཆོག་ཏུ་གྱུར་པའི་ཕྱིར་ཐེག་པའི་མཆོག་ཅེས་བྱའོ། །དེའི་དོན་ལེགས་པར་རྟོགས་ནས་གོམས་པར་བྱེད་པ་ནི་དོན་རྣལ་འབྱོར་དུ་བྱེད་པ་ཡིན་ལ། ཚིག་དོན་གྱི་གནས་ལེགས་པར་རྟོགས་ནས་གཞུང་རྩོམ་པ་ལ་རྣལ་འབྱོར་དུ་བྱེད་པ་ནི་ཚིག་རྣལ་འབྱོར་དུ་བྱེད་པས་ཏེ། ཆོས་ཀྱི་རྒྱུན་གྱི་རྣལ་འབྱོར་པ་ཞེས་བརྗོད་པ་གང་ཡིན་པ་ཉིད་དོ། །ཀློང་ཆེན་རབ་འབྱམས་ཀྱིས་ཞེས་བྱ་བ་ནི། རྩོམ་པ་པོའི་མིང་སྟེ། རྟོགས་པ་མཁའ་ལྟར་ཡངས་པའི་ཀློང་ཆེན་པོ་ན་རིག་པ་ཆོས་ཉིད་ཀྱི་འཁོར་ལོ་བྱིང་རྒོད་རེ་དོགས་དང་བྲལ་བ་ཉིན་མཚན་

own excellent nature.

1.7.2 A yogin of the supreme vehicle ཐེག་པ་མཆོག་གི་རྣལ་འབྱོར་པ1.7.2 A yogin of the supreme vehicle (topical division)
The luminous vajra heart essence is the summit of the Great Perfection, itself the summit of the vajra vehicle; one who makes a yoga of its meaning and of composing texts on it is a yogin of the stream of Dharma.

As for "a yogin of the supreme vehicle": the vajra vehicle of fruition is the summit of all vehicles; the heart essence (snying po) and summit[50]Note 50 · p. 759 · སྙིང་པོ is "heart essence" per the glossary, both in དེའི་ཡང་སྙིང་པོ and in འོད་གསལ་རྡོ་རྗེ་སྙིང་པོ. The drafts have "essence" or "heart" in the first, and Dharmamitra, GPT-6.2 Astra and Gemini 4 Neon have "vajra essence" in the second. even of that is the natural Great Perfection; and since, even within that, this topic of the luminous vajra heart essence is supreme, it is called "the supreme vehicle." To realize its meaning well and then grow familiar with it is to make a yoga of the meaning; and to realize well the topics of word and meaning and then make a yoga of composing texts is to make a yoga of the words. Hence this is precisely what is called "a yogin of the stream of Dharma."

1.7.3 The author's name Longchen Rabjam and his other names རྩོམ་པ་པོའི་མིང་ཀློང་ཆེན་རབ་འབྱམས1.7.3 The author's name Longchen Rabjam and his other names (topical division)
Explains Longchen Rabjam as awareness boundlessly extending in the expanse of realization, and lists his other signatures—Tsultrim Lodrö, Dorjé Ziji, Drimé Özer, Künkhyen Ngagi Wangpo—each indicating the subject matter of particular kinds of works.

As for "by Longchen Rabjam" (klong chen rab 'byams): this is the author's name. In the great expanse of realization, vast as the sky, awareness (rig pa), the wheel of the nature of phenomena,[51]Note 51 · p. 759 · ཆོས་ཉིད is "the nature of phenomena" per the glossary. GPT-6.2 Astra and Gemini 4 Neon have "reality itself", which is reserved for de kho na nyid; Claude Fable 5.2 has "dharmatā".[52]Note 52 · p. 759 · རིག་པ་ཆོས་ཉིད་ཀྱི་འཁོར་ལོ: read as "awareness, the wheel of the nature of phenomena" (Dharmamitra, Claude Fable 5.2, GPT-6.2 Astra), not "the wheel of awareness" (Gemini 4 Neon). free of dullness and agitation (bying rgod), of hope and fear (re dogs), day and night[53]Note 53 · p. 759 · The last sentence continues onto the next page (ཕྱད་པར་འབྱམས་ཀླས་པས་ན…). The translation stops at "day and night", as in Claude Fable 5.2, GPT-6.2 Astra and Gemini 4 Neon. Dharmamitra completes the sentence and translates the following one, which belongs to the next part.

[p. 760]
ཕྱད་པར་འབྱམས་ཀླས་པས་ན་ཀློང་ཆེན་རབ་འབྱམས་ཏེ། མིང་འདིའི་བསྟན་བཅོས་འདིའི་བརྗོད་བྱ་ཉེ་བར་སྟོན་པ་ཡིན་ནོ། །གོང་དུ་ཁོ་བོས་སྦྱར་བའི་བསྟན་བཅོས་དག་ལ་མིང་གི་རྣམ་གྲངས་ཐ་དད་པར་འབྱུང་བ་སྟེ་དེ་ཡང་དེ་དག་གི་བརྗོད་བྱ་ཉེ་བར་སྟོན་པ་སྟེ། སྙན་ངག་དང༌། སྡེབ་སྦྱོར་དང༌། མིང་གི་མངོན་བརྗོད་ལ་སོགས་པ་འཇིག་རྟེན་པའི་གཙུག་ལག་ཁང་དང་མཐུན་པས་དྲང་བའི་དོན་གཙོ་ཆེར་སྟོན་པ་དག་ཏུ་ནི། བསམ་ཡས་པ་ངག་གི་དབང་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྦྱར་བ་ཞེས་འབྱུང་ངོ༌། །གང་དུ་གསང་སྔགས་ཕྱི་ནང་གི་གནས་ཐུན་མོང་དུ་མཐུན་པར་སྟོན་པ་རྣམས་སུ་ནི། རྡོ་རྗེ་གཟི་བརྗིད་ཀྱིས་ཞེས་འབྱུང་ངོ༌། །ཟབ་མོའི་གནས་གང་ཞིག་ཐེག་པའི་རིམ་པས་སྟོན་པ་དང༌། དོན་དང་ཚིག་གི་གནས་ཏིང་ངེ་འཛིན་གྱི་ཚོམས་གཙོ་བོར་སྟོན་པ་དག་ཏུ་ནི། དྲི་མེད་འོད་ཟེར་གྱིས་ཞེས་འབྱུང་ངོ༌། །གནས་ལུགས་

without interruption, is boundlessly infinite; hence "Longchen Rabjam." This name indicates the subject matter of this treatise. In the treatises I composed earlier,[55]Note 55 · p. 760 · The e-text reads gong du kho bos sbyar ba ("composed earlier"); Adzom reads gang du ("in whichever treatises I have composed"). I keep gong du, as all drafts do. The sense differs only slightly. various different names appear, and these too indicate the subject matter of those works. In those that, being in accord with the worldly sciences[54]Note 54 · p. 760 · The e-text reads 'jig rten pa'i gtsug lag khang ("worldly temples"); Adzom omits khang. I follow Adzom: gtsug lag, "sciences", is clearly what is meant by poetics, prosody and lexicography. All drafts tacitly read it this way. such as poetics, prosody and lexicography, chiefly teach the provisional meaning (drang ba'i don), there appears "composed by Samyépa Ngagi Wangpo Tsultrim Lodrö." In those that teach the topics of the outer and inner secret mantra in the way common to both, there appears "by Dorjé Ziji." In those that teach whatever profound topics there are by way of the gradation of the vehicles, and in those that chiefly teach the topics of meaning and word as sections on samādhi,[56]Note 56 · p. 760 · don dang tshig gi gnas ting nge 'dzin gyi tshoms gtso bor ston pa is syntactically loose. I follow Claude Fable 5.2 ("the topics of meaning and word as sections on samādhi"), with the glossary's "samādhi". GPT-6.2 Astra's "collection of samādhis concerning words and their meaning" inverts the relation, and Gemini 4 Neon's "concerning collections" is vaguer. there appears "by Drimé Özer." In those that teach the natural state (gnas lugs)

[p. 761]
བསམ་གྱིས་མི་ཁྱབ་པའི་ཀློང་ཡངས་པར་སྟོན་པ་དག་ཏུ་ནི་ཀློང་ཆེན་རབ་འབྱམས་ཀྱིས་ཞེས་འབྱུང་ངོ༌། །ཐེག་པ་དང༌། གྲུབ་པ་དང༌། དེ་ཁོ་ན་ཉིད་ལ་སོགས་པ་རྒྱ་ཆེར་འབྱུང་བ་རྣམས་སུ་ནི། ཀུན་མཁྱེན་ངག་གི་དབང་པོས་ཞེས་འབྱུང་བ་ཡིན་ནོ། །འདི་ནི་མིང་གི་རིགས་འབྱེད་ཀྱིས་བསྟན་བཅོས་ཀྱི་བརྗོད་བྱ་ཉེ་བར་སྟོན་པ་ཞེས་བྱའོ། །བཀོད་པ་རྫོགས་སོ་ཞེས་བྱ་བ་ནི། ས་མ་ཡ་ཐཱ་སྟེ། ཚིག་དོན་གྱི་རིམ་པ་རྫོགས་པར་བསྟན་ཟིན་ཏོ། །བརྩམས་པ་མཐར་ཕྱིན་ཏོ། །ལེགས་པར་བཀོད་ཟིན་ཏོ་ཞེས་བྱ་བའི་དོན་ཏེ། དེ་ལྟར་རབ་གསང་རྡོ་རྗེ་སྙིང་པོའི་དོན། །སྙིང་ཐིག་ངེས་པའི་བཀའ་གསང་རྒྱ་ཆེ་ལས། །ཟབ་མོའི་གནད་རྣམས་ཕྱོགས་གཅིག་འདིར་བསྡུས་ཏེ། ཞི་བ་ཐར་ལམ་འབྱོར་པ་མཐའ་ཡས་བྱས། །ཆོས་དབྱིངས་མཛོད་འགྲེལ་ཆོས་ཀྱི་མཆོག་འདི་ནི། །རྟོགས་དོན་མཐར་ཐུག་རྟོགས་

as an inconceivable, vast expanse, there appears "by Longchen Rabjam." In those in which the vehicles, philosophical tenets, reality itself[57]Note 57 · p. 761 · grub pa stands here for grub pa'i mtha', "philosophical tenets" (Dharmamitra, GPT-6.2 Astra, Claude Fable 5.2), alongside vehicles and reality itself; Gemini 4 Neon's "accomplishment" is rejected. de kho na nyid is "reality itself" per the glossary, as in GPT-6.2 Astra; Dharmamitra, Gemini 4 Neon and Claude Fable 5.2 have "suchness". (de kho na nyid) and so forth are set out extensively, there appears "by Künkhyen Ngagi Wangpo." This is what is called "indicating the subject matter of a treatise by differentiating the kinds of name."

1.7.4 The setting forth is complete བཀོད་པ་རྫོགས་སོ1.7.4 The setting forth is complete (topical division)
Glosses the final words as samayathā: the sequence of words and meaning has been fully taught and the composition is complete.

As for "the setting forth is complete": this is samayathā[58]Note 58 · p. 761 · sa ma ya thā is kept as transmitted (samayathā: Dharmamitra, GPT-6.2 Astra, Claude Fable 5.2). Since Longchenpa glosses it as "taught in full / reached its end / well set forth", it is probably a corruption of a Sanskrit word for "complete" (samāpta, as Gemini 4 Neon silently emends). The emendation is not adopted without textual support., and its meaning is: "The sequence of words and meaning has been taught in full. The composition has reached its end. It has been well set forth."

2 Closing verses of the commentary འགྲེལ་པའི་མཇུག་གི་ཚིགས་བཅད2 Closing verses of the commentary (topical division)
In his own closing verses, Longchenpa explains the commentary's three names: Light of Realization, King of Vehicles and Treasury of Scriptures. He states his realization and urges devoted yogins to take up the work, names the tantric sources and Gangri Thökar as the place of composition, and dedicates the merit to the teaching, its holders and all beings.

Thus, from the vast secret teachings of the definitive Heart Drop (snying thig),[59]Note 59 · p. 761 · snying thig is "Heart Drop" per the glossary (Claude Fable 5.2), not "Heart Essence" (Dharmamitra, GPT-6.2 Astra, Gemini 4 Neon), which would blur it with snying po in the same verse.
the meaning of the utterly secret vajra heart essence,
I have gathered the profound key points here in one place

and made boundless the wealth of the path of liberation, peace.

2.1 The three names of the commentary ཆོས་དབྱིངས་མཛོད་འགྲེལ་གྱི་མཚན་གསུམ2.1 The three names of the commentary (topical division)
The commentary is named Light of Realization, King of Vehicles and Treasury of Scriptures, and a verse for each explains why: experiential key points, the supremacy of the luminous heart essence, and its adornment with scriptural citations.

This commentary on the Treasury of the Basic Space of Phenomena (chos dbyings), this supreme Dharma,
is called the Light of Realization, the ultimate meaning to be realized;

[p. 762]
པའི་སྣང་བ་དང༌། །ཐེག་མཆོག་རྩེ་མོ་ཐེག་པའི་རྒྱལ་པོ་དང༌།
།ལུང་དོན་ལེགས་སྤྲས་ལུང་གི་གཏེར་ཞེས་བྱ།
།ཚིག་ཙམ་མ་ཡིན་སྙིང་པོའི་དོན་མཐོང་ཞིང༌།
།ཇི་བཞིན་ལེགས་བསྒོམས་ཉམས་མྱོང་ངེས་པའི་གནད།
།ཡང་ཟབ་མཐར་ཐུག་ཕྱོགས་གཅིག་བསྡེབ་པའི་ཕྱིར།
།ཆོས་དབྱིངས་འགྲེལ་འདི་རྟོགས་པའི་སྣང་བ་ཡིན།
།ཚེ་འདིར་བྱང་ཆུབ་རྡོ་རྗེ་སྙིང་པོའི་དོན།
།ཀུན་གྱི་རྩེ་མོ་འོད་གསལ་མཆོག་མི་འགྱུར།
།གླིང་བཞིའི་དབུས་ན་རི་རྒྱལ་འཕགས་པ་བཞིན།
།ཆོས་དབྱིངས་འགྲེལ་འདི་ཐེག་པའི་རྒྱལ་པོ་ཡིན།
།ཟབ་མོའི་གནད་རྣམས་རྡོ་རྗེའི་གླུར་བླངས་པ།
།བཀའ་ལུང་གཙོར་བྱས་ལུང་གི་ཕྲེང་བས་སྤྲས།
།ངེས་དོན་སྙིང་པོའི་མདོ་རྒྱུད་ཀུན་དང་མཐུན།
།ཆོས་དབྱིངས་འགྲེལ་འདི་ལུང་གི་གཏེར་ཞེས་བྱ།
།སྐྱེ་བ་སྐྱེ་བ་རྣམས་སུ་སྔོན་སྦྱངས་ཤིང༌།
།དམ་པ་དམ་པ་རྣམས་ཀྱིས་འདིར་བཟུང་བས།
།ཡང་ཟབ་

the King of Vehicles, the summit of the supreme vehicle;
and the Treasury of Scriptures, finely adorned with the meaning of scripture.

Not mere words: the meaning of the heart essence has been seen
and meditated on well, just as it is; and because the key points made certain in experience (nyams myong),
most profound and ultimate, are brought together here in one place,
this commentary on the Basic Space of Phenomena is the Light of Realization.

The meaning of the vajra heart essence, awakening in this very life,
is the summit of all, luminosity ('od gsal) supreme and unchanging.
Like the king of mountains towering in the midst of the four continents,
this commentary on the Basic Space of Phenomena is the King of Vehicles.

The profound key points have been sung as a vajra song;
giving first place to the scriptures of the Buddha's word,[60]Note 60 · p. 762 · bka' lung gtsor byas lung gi phreng bas spras: I take bka' lung as the scriptures of the Buddha's word given first place, with Claude Fable 5.2; Dharmamitra, GPT-6.2 Astra and Gemini 4 Neon have a general "scriptural authority/testimony". it is adorned with garlands of scripture
and accords with all the sūtras and tantras of the heart essence of definitive meaning (nges don).
This commentary on the Basic Space of Phenomena is called the Treasury of Scriptures.

2.2 The author's realization and exhortation to readers རྩོམ་པ་པོའི་རྟོགས་པ་དང་གདམས་པ2.2 The author's realization and exhortation to readers (topical division)
Trained over lifetimes and cared for by masters, the author realized the heart essence, and fine explanation rains from his study, reflection and samādhi; he urges devoted yogins of the supreme vehicle to take up this commentary.

Having trained before, in lifetime after lifetime,
and having been taken into care here by holy masters, one after another,[61]Note 61 · p. 762 · dam pa dam pa rnams kyis: the doubling parallels skye ba skye ba ("lifetime after lifetime"), so I read "holy masters, one after another" (Dharmamitra, GPT-6.2 Astra) rather than a superlative, "holiest of masters" (Gemini 4 Neon, Claude Fable 5.2).

[p. 763]
ཡང་ཟབ་སྙིང་པོའི་དོན་རྟོགས་ཤིང༌། །ཐེག་མཆོག་ཐེག་མཆོག་རྒྱ་མཚོའི་ཕ་རོལ་སོན།
།དེ་ཕྱིར་བློ་གྲོས་ཡངས་པའི་ནམ་མཁའ་ལ།
།ཐོས་བསམ་སྤྲིན་ཆེན་ཕན་བདེའི་གློག་ཕྲེང་ཅན།
།རྟོགས་པའི་འབྲུག་སྒྲ་ཏིང་འཛིན་རྣམ་འགྲོས་ལས།
།ལེགས་བཤད་ཆར་ཆེན་ཀུན་དུ་འབབ་པ་ཡིན།
།ཁོ་བོ་རྣམ་དཔྱོད་ཐོས་བསམ་རྒྱ་ཆེ་བས།
།མ་ལུས་ཐེག་པའི་དོན་ཀུན་ཁོང་དུ་ཆུད།
།རྡོ་རྗེ་སྙིང་པོའི་ལམ་བཟངས་འདིར་མཁས་པས།
།ཟབ་དང་རྒྱ་ཆེའི་ཆོས་དབྱིངས་འགྲེལ་འདི་བྱས།
།གང་ཞིག་མོས་དགེ་ཕུན་ཚོགས་དང་ལྡན་པ།
།ཐེག་མཆོག་རྒྱལ་པོའི་རྣལ་འབྱོར་དེ་དག་གིས།
།ཞི་བ་བྱང་ཆུབ་ནོར་བཟངས་འབྱོར་བའི་ནོར།
།ཆོས་དབྱིངས་མཛོད་འདིར་ཡོངས་ཀྱིས་འགྲེལ་འདི་ཟུང༌།
།འདི་ནི་གསང་ཆེན་ངེས་པའི་རྒྱུད་རྣམས་དང༌།
།དེ་ཡི་མན་ངག་ཡི་གེ་གྲངས་མང་ལས།
།འབད་མེད་གྲོལ་བའི་གནད་

I realized the meaning of the heart essence, most profound of the most profound,
and reached the far shore of the ocean of the supreme vehicle, most supreme of all.

Therefore, in the sky of vast intelligence,
from great clouds of study and reflection, garlanded with the lightning of benefit and happiness,
with the thunder of realization and the sweeping movement of samādhi (ting 'dzin),
a great rain of fine explanation falls everywhere.

Since my discernment, study and reflection are vast,
I have fathomed all the meanings of the vehicles without exception.
Being learned in this excellent path of the vajra heart essence,
I have made this profound and vast commentary on the Basic Space of Phenomena.

Let those endowed with an abundance of devotion and virtue,
those yogins of the king of supreme vehicles,
all take hold of this commentary[62]Note 62 · p. 763 · yongs kyis is agentive, "by all" (Gemini 4 Neon), not "fully/wholeheartedly" (Dharmamitra, GPT-6.2 Astra, Claude Fable 5.2, which would be yongs su). The imperative zung with de dag gis is rendered as a third-person exhortation. on this Treasury of the Basic Space of Phenomena,
the wealth that brings the fine riches of peace, of awakening.

2.3 Sources and place of composition བརྩམས་པའི་ཁུངས་དང་གནས2.3 Sources and place of composition (topical division)
The key points of effortless freedom were gathered from the great secret tantras and their pith instructions and composed on the slopes of Gangri Thökar.

This—from the definitive tantras of the great secret
and the many writings of their pith instructions,
the key points of effortless freedom[63]Note 63 · p. 763 · 'bad med grol ba is "effortless freedom" per the glossary (Claude Fable 5.2), not "liberation" (Dharmamitra, GPT-6.2 Astra, Gemini 4 Neon). The sentence runs on into the next page, and Dharmamitra anticipates its verb ("having precisely gathered"); I stop where the Tibetan of this part stops.

[p. 764]
རྣམས་ངེས་བསྡུས་ནས། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་སྦྱར། །དགེ་བ་འདི་ཡིས་ཕན་བདེ་འབྱུང་བའི་གནས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །བསྟན་པའི་རྩ་ལག་སྐྱེས་བུ་དམ་པ་རྣམས། །སྐུ་ཚེ་འཕྲིན་ལས་འབྱོར་པ་མཐའ་ཡས་ཤོག །འཇིག་རྟེན་ཁམས་ཀུན་བདེ་ཞིང་སྐྱིད་པ་དང༌། །ངན་སོང་རྣམ་ཆད་མཐོ་རིས་ཐོབ་པར་ཤོག །དག་པའི་ཞིང་བཞིན་ཉིན་མཚན་ཆོས་སྤྱོད་ཅིང༌། །ཐམས་ཅད་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཇི་བཞིན་ལེགས་བཤད་བསོད་ནམས་གྲུ་ཆེན་དེས། །འགྲོ་ཀུན་སྲིད་པའི་རྒྱ་མཚོ་རྒལ་བར་ཤོག །ཐར་པའི་གནས་བཟངས་རིན་ཆེན་གླིང་བགྲོད་ནས། །སྐུ་གསུམ་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །མ་སྐྱེས་སྙིང་པོ་བྱང་ཆུབ་སེམས་ཀྱི་ལུང༌། །མ་ནོར་ཇི་བཞིན་ཡོངས་བཤད་བསོད་ནམས་དེས། །མ་ལུས་འགྲོ་ཀུན་དོན་གཉིས་ཕུན་ཚོགས་ཤིང༌། །མ་

having been gathered with certainty[64]Note 64 · p. 764 · The opening words (rnams nges bsdus nas) complete the verse line left unfinished at the end of the previous part. Dharmamitra omits them; they are restored, with Claude Fable 5.2 and Gemini 4 Neon.—
was well composed on the slopes of Gangri Thökar (Gangs ri thod dkar).

2.4 Dedication and aspirations བསྔོ་བ་དང་སྨོན་ལམ2.4 Dedication and aspirations (topical division)
Dedicates the merit to the flourishing of the teaching and its holders, the happiness and awakening of all beings, the author's own guiding of everyone connected with him, and the long endurance and boundless benefit of this teaching.

By this virtue, may the teaching of the Buddha (sangs rgyas),
the source from which benefit and happiness arise, spread and flourish.

May the holy beings who are the mainstays of the teaching
be boundless in life span, enlightened activity ('phrin las) and prosperity.

May all the realms of the world be happy and at ease;
may the lower realms be cut off entirely and the higher realms attained.
Practicing the Dharma day and night, as in a pure realm,
may all attain unsurpassed awakening.

By that great ship of merit, of having explained things well, just as they are,
may all beings cross the ocean of conditioned existence (srid pa).
Having journeyed to the isle of jewels, the excellent abode of liberation,
may they become kings of the Dharma, the three kāyas (sku gsum) spontaneously present.

The scripture of awakened mind[65]Note 65 · p. 764 · byang chub sems kyi lung: Claude Fable 5.2 and Dharmamitra have "scriptural transmission", Gemini 4 Neon and GPT-6.2 Astra "scriptures". I use "scripture", following the glossary and echoing the title Treasury of Scriptures, since nothing here refers to a transmission received from a master. (byang chub sems), the unborn heart essence[66]Note 66 · p. 764 · ma skyes snying po: Gemini 4 Neon, Dharmamitra, GPT-6.2 Astra have "unborn essence"; corrected to "heart essence", since "essence" is reserved for ngo bo. For byang chub sems, Gemini 4 Neon's "bodhicitta" and Dharmamitra's "mind of awakening" are replaced by the house rendering "awakened mind".—
by the merit of having explained it in full, unerringly, just as it is,
may all beings without exception have the two aims in full abundance,[67]Note 67 · p. 764 · phun tshogs is rendered "in full abundance" and "excellence", not "perfect/perfection" (Claude Fable 5.2, Gemini 4 Neon, Dharmamitra), which the glossary reserves for rdzogs.

[p. 765]
འབད་བཞིན་དུ་དགེ་བ་འཕེལ་བར་ཤོག །བདག་ཀྱང་དེང་ནས་སྲིད་པ་ཇི་སྲིད་པར། །དཔལ་མགོན་བླ་མའི་ཕྲིན་ལས་སྒྲུབ་བྱེད་ཅིང༌། །རླབས་ཆེན་གཞན་དོན་སྤྱོད་པ་ཕུན་ཚོགས་ཀྱིས། །མཐོང་ཐོས་དྲན་རེག་འཁོར་བ་ཕྱིར་བསྙིལ་ཤོག །བདག་ལ་བརྟེན་ནས་འགྲོ་བ་གང་ཞིག་རྣམས། །ཁྲོའམ་དད་དམ་གནོད་པ་བྱེད་གྱུར་ཏམ། །བསྟོད་དམ་རྗེས་སུ་ཞུགས་པར་གྱུར་ཀྱང་རུང༌། །ཐམས་ཅད་མྱུར་དུ་བདག་གིས་འདྲེན་པར་ཤོག །ཆོས་ཀྱི་དབྱིངས་དང་ནམ་མཁའི་དབྱིངས་ཀུན་དང༌། །སེམས་ཅན་དབྱིངས་ཀུན་མཐའ་ཡང་ཇི་ཙམ་པར། །བདག་གི་ཞིང་དང་ཕྲིན་ལས་དབྱིངས་ཁྱབ་སྟེ། །སེམས་ཅན་ཐམས་ཅད་བདག་གིས་འདྲེན་པར་ཤོག །ཆོས་ཚུལ་འདི་ཡང་སྲིད་པ་ཇི་སྲིད་པ། །ས་སྟེང་རྒྱན་གྱུར་འཇིག་རྟེན་འདིར་གནས་ཏེ། །བསྟན་པའི་སྲོག་ཤིང་ཡལ་འདབ་ཕྱོགས་བཅུར་

and may virtue increase without exertion.

May I too, from this day for as long as conditioned existence lasts,
accomplish the enlightened activity of the glorious protector, the guru,
and, through the excellence of vast conduct for the welfare of others,
may saṃsāra be cast out[68]Note 68 · p. 765 · 'khor ba phyir bsnyil: the agent is not expressed. Claude Fable 5.2 and Gemini 4 Neon make "I" the agent ("bring down", "overturn"); Dharmamitra and GPT-6.2 Astra make the beings the agent ("banish", "leave behind"). "May saṃsāra be cast out for all who…" leaves this open, as the Tibetan does. for all who see, hear, recall or touch me.

Whatever beings there may be who, on account of me,
grow angry or feel faith, or do harm,
or praise me or come to follow me—whichever it may be—
may I swiftly guide them all.

Of the basic space of phenomena, of all the realm of space (nam mkha'i dbyings)
and of all the realm of sentient beings, however far the limits reach,[69]Note 69 · p. 765 · mtha' yang ji tsam par: Adzom reads dang for par. I follow par ("to whatever extent"), which the syntax requires; dang would merely coordinate, and the sense is barely affected.
may my buddha realm and enlightened activity pervade those realms,[70]Note 70 · p. 765 · dbyings khyab: the fourth dbyings refers back to the three just named (basic space of phenomena, realm of space, realm of sentient beings). It is rendered "those realms" rather than "basic space" or the drafts' "expanse", which the glossary reserves for klong.
and may I guide all sentient beings.

May this way of the Dharma too, for as long as conditioned existence lasts,
remain in this world as an adornment upon the earth;
may the life-tree of the teaching spread its branches and leaves through the ten directions,

[p. 766]
རྒྱས། །གཞན་ཕན་མེ་ཏོག་འབྲས་བུ་མཐའ་ཡས་ཤོག །ཉི་ཟླ་ནོར་བུ་དཔག་བསམ་ཤིང་ཆེན་དང༌། །ས་གཞི་རྒྱ་མཚོ་གྲུ་ཆེན་རྒྱལ་བ་ལྟར། །སྐྱེ་དགུའི་རེ་སྒྲུབ་ཕན་བདེའི་འོད་སྟོང་འཕྲོ། །གཞན་དོན་ལྷུན་གྲུབ་ཕྲིན་ལས་མཐའ་ཡས་ཤོག །ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་འགྲེལ་པ། རྟོགས་པའི་སྣང་བ། ཐེག་པའི་རྒྱལ་པོ། ལུང་གི་གཏེར་མཛོད་ཅེས་བྱ་བ། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་ཅིང༌། བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་རྨད་དུ་བྱུང་བ་ལ་བློ་གྲོས་ཀྱི་སྣང་བ་ལེགས་པར་རྒྱས་པ།

and may its flowers and fruits[71]Note 71 · p. 766 · 'bras bu is "fruits" here, the literal fruit of the life-tree, not "fruition". of benefit to others be boundless.

Like the sun and moon, the jewel, the great wish-granting tree,
the earth, the ocean, the great ship and the Victorious One,
fulfilling the hopes of beings and radiating a thousand lights of benefit and happiness,
may enlightened activity,[73]Note 73 · p. 766 · Last verse: GPT-6.2 Astra makes the Dharma tradition of the preceding verse the subject ("may it fulfill… its activity"). The Tibetan expresses no subject, so the verse is left general, with Claude Fable 5.2, Gemini 4 Neon, Dharmamitra. the welfare of others spontaneously present,[72]Note 72 · p. 766 · gzhan don lhun grub: Claude Fable 5.2, Dharmamitra and GPT-6.2 Astra have "spontaneously accomplishing"; Gemini 4 Neon "spontaneously present". The glossary's "spontaneously present" is kept, matching sku gsum lhun grub above. be boundless.

3 Colophon མཇུག་བྱང3 Colophon (topical division)
States that the commentary, Light of Realization, King of Vehicles, Treasury of Scriptures, composed by the omniscient Longchen Rabjam, is complete, followed by triple wishes of virtue and the ye dharmā dhāraṇī.

This commentary on The Precious Treasury[74]Note 74 · p. 766 · Colophon: Dharmamitra rearranges the sentence so that everything falls before the page marker; Claude Fable 5.2's order is followed, which keeps the marker at its place in the Tibetan. of the Basic Space of Phenomena, the light of realization, the king of vehicles, called The Treasury of Scriptures,

set down by one who has reached the far shore of the ocean of his own and others' philosophical tenets, and in whom the light of intelligence has fully unfolded with regard to the marvelous topics of the Sugata's scriptures—

[p. 767]
ཐེག་པ་མཆོག་གི་རྣལ་འབྱོར་པ་ཀུན་མཁྱེན་ངག་གི་དབང་པོ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ། །ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏནྟུ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཡེ་སྭཱཧཱ།། །།

the yogin of the supreme vehicle, the omniscient Lord of Speech, Longchen Rabjam—is complete.

May it be virtuous! May it be virtuous! May it be virtuous!

oṃ ye dharmā hetuprabhavā hetuṃ teṣāṃ tathāgato hy avadat[75]Note 75 · p. 767 · Mantra: the Tibetan spells hetun teṣān tathāgato … teṣāñ ca; the transliteration is normalized. Dharmamitra drops the final ye before svāhā; it stands in the Tibetan (ཡེ་སྭཱཧཱ) and is kept. teṣāṃ ca yo nirodha evaṃvādī mahāśramaṇaḥ ye svāhāRten 'brel snying poQuotation (not named in the text)
རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ, rten cing 'brel bar 'byung ba'i snying po, The Essence of Dependent Origination (ye dharmā verse) (Pratītyasamutpādahṛdaya) · sutra; Kangyur
Identification: high confidence (The ye dharmā hetuprabhavā formula, quoted in Sanskrit and in Tibetan.)
The quoted words are in ཚིག་དོན་རིན་པོ་ཆེའི་མཛོད། (a parallel: ཚིག་དོན་རིན་པོ་ཆེའི་མཛོད), 76 % of the words.

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 1 quotation, 1 found on this wiki.
# p. Tibetan English Source On this wiki
1 767 ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ … ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཡེ་སྭཱཧཱ།། oṃ ye dharmā hetuprabhavā hetuṃ teṣāṃ tathāgato hy avadat teṣāṃ ca yo nirodha evaṃvādī mahāśramaṇaḥ ye svāhā not named:
རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ, rten cing 'brel bar 'byung ba'i snying po, The Essence of Dependent Origination (ye dharmā verse) (Pratītyasamutpādahṛdaya) · sutra; Kangyur high
parallel: ཚིག་དོན་རིན་པོ་ཆེའི་མཛོད, 76 %