Chos dbyings mdzod (Longchenpa): Chapter 5 commentary (3)

From Rangjung Yeshe Wiki Texts
Chos dbyings mdzod (Longchenpa)Chos dbyings mdzod (Longchenpa): Chapter 5 commentary (3)
< Chos dbyings mdzod (Longchenpa)
Revision as of 10:49, 24 November 2026 by Eric (talk | contribs) (Chos dbyings mdzod study edition (root verses and Lung gi gter mdzod): ten editions, critical edition, translation, bilingual text, outline and quotations)
(diff) ← Older revision | Latest revision (diff) | Newer revision → (diff)

Chos dbyings mdzod (Longchenpa)/Chapter 5 commentary (3)
Jump to navigation Jump to search
← Chapter 5 commentary (2)Chos dbyings mdzod: contentsChapter 5 commentary (4) →

Chapter 5, commentary · རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པར་བསྟན་པ
Pages 236–245 of the corrected base text (W22920 vol. 3), part 3 of 5.

Not in this part's tabs (the edition does not contain it, or its scan lacks these pages): Derge (sde dge par ma).
[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD84), gorn05 tibocr 2026: BDRC OCR on 338 pages, Mitra OCR on 144 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 305] རྫོགས་ཆེན་རྩོལ་སྒྲུབ་བྱེད་པ་ནི། །མ་ཧཱ་ཡོ་གར་གོལ་བར་བཤད། །ཨ་ནུ་དབྱེར་མེད་ས་ འདོད་པ། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །འདི་ལྟར་སྣང་བའི་ཆོས་རྣམས་ལ། །རྒྱུ་ནི་དག་པའི་དབྱིངས་ལྟ་བ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་ལྟ། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྒྱུ་འབྲས་འདས་པའི་ བྱང་ཆུབ་སེམས། །རྒྱུ་འབྲས་འདས་ལ་ཨ་ནུས་བསྒྲིབས། །རྫོགས་ཆེན་རྒྱུ་འབྲས་གཉིས་ལྷན། །ཨ་ནུ་ཡོ་གར་གོལ་བར་བཤད། །ཅེས་གསུངས་སོ། །རང་ངོ་ཨ་ཏིའི་དགོངས་པ་ནི། །བླང་དོར་བྱ་བ་རྩལ་མེད་པའི་ཆོས་ཆེན་ ནི། །རང་བྱུང་ཡེ་ཤེས་བྱང་ཆུབ་སེམས་ཉིད་ཀྱི། །ངོ་བོ་ཐད་དྲང་དང་ལས་མ་གཡོས་པར། །མངོན་དུ་བྱེད་པས་གཞན་དུ་རྩོལ་མི་དགོས། །རང་ལ་བཞག་ནས་གཞན་དུ་ཚོལ་མི་བྱེད། །རྡོ་རྗེ་སྙིང་པོ་ལྷུན་གྱིས་གྲུབ་པ་འདིའི་ རང་གཞུང་ནི་རིག་པ་བཅོས་བསླད་མེད་པ་ཆོས་ཉིད་ཀྱི་དང་ལས་མ་གཡོས་པ་ཆོས་སྐུ་གཞིའི་སངས་རྒྱས་སུ་འདོད་པས། དེ་ལས་གཞན་དུ་བཙལ་ཡང་སངས་རྒྱས་མི་རྙེད་ལ། སངས་རྒྱས་མིང་ཙམ་ལས་དོན་ལ་རིག་པ་ འཕོ་འགྱུར་མེད་པའི་ངོ་བོ་ཀློང་དུ་ཕེབས་པ་ཙམ་དུ་འདོད་དེ། ཁྱུང་ཆེན་ལས། རྒྱུ་མེད་རྐྱེན་དང་བྲལ་བའི་རང་སྣང་སྒྲིབ་མེད་ཉིད། །རྩོལ་བྲལ་ཉག་གཅིག་སུས་ཀྱང་མ་བྱས་པའི། །ཡེ་རྫོགས་སྙིང་པོ་ལྷུན་གྲུབ་ཡུལ་ལ་

[p. 306] རོལ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ཅེས་པ་དང་། ཀུན་བྱེད་ལས། སངས་རྒྱས་མ་བལྟ་རང་སེམས་བྱར་མེད་རྟོགས། །བརྟགས་ན་མེད་དེ་རང་རིག་ཡེ་ནས་གསལ། །འདི་མིན་སྙམ་པའི་རྒྱུ་འབྲས་ཐེག་ཆེན་ལ། །སྤོང་འགེགས་སྦྱངས་པ་བྱིན་རླབས་སྣ་ཚོགས་ཀྱིས། །རང་སེམས་ཆོས་ཉིད་བྱར་མེད་དེ་ལས་གོལ། །རང་ག་མ་བཞག་ནས་གཞན་མ་རྒྱང་དུ་འཚོལ། །བྱར་མེད་བདེ་བོར་རྩོལ་བ་དང་དུ་ལེན། །ཚི་ཆད་ནང་དུ་དེ་ལས་ཆེ་བ་མེད། །ཅེས་སོ། །ཐེག་པ་གཉིས་ཀྱི་ཁྱད་པར་བསྟན་པ་ནི། འདི་ནི་ཉི་མའི་ངོ་བོ་དེ་ཉིད་དོན། །རང་གཞག་འོད་གསལ་མི་གཡོ་གནས་པར་འདོད། །གཞན་ནི་སྤྲིན་དང་མུན་སེལ་རྩོལ་སྒྲུབ་ཀྱིས། །ཉི་མ་གདོད་གྲུབ་བྱེད་དང་མཚུངས་པར་བསྟན། །དེས་ན་འདི་གཉིས་ཁྱད་པར་གནམ་ས་བཞིན། །ལྷུན་གྲུབ་རྡོ་རྗེ་སྙིང་པོ་འདི་ནི་རིག་པའི་ངོ་བོ་འདི་ཉིད་ཡེ་ནས་སངས་རྒྱས་སུ་གྲུབ་ཟིན་པ་ཉི་མ་དངོས་སུ་ལྟར་ཡོད་པ་དང་འདྲ་ལ། གཞན་རྣམས་སྤྲིན་དང་མུན་པ་བསལ་བའི་རྒྱུ་དང་རྐྱེན་ལས་གདོད་ཉི་མ་མཐོང་བར་འདོད་པ་ལྟར། རྒྱུ་རྐྱེན་རྩོལ་སྒྲུབ་བྱས་པའི་མཐར་སངས་རྒྱས་འགྲུབ་པར་འདོད་པ་སྟེ། ལྷུན་གྱིས་གྲུབ་པ་དང་འགལ་བར་ཞུགས་པས་ཐེག་པ་དེ་དག་སོ་སོའི་གཞུང་ནང་འགལ་བ་སྟེ། དེས་ན་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་ད་ལྟ་ནས་སངས་རྒྱས་རང་བབས་སུ་ཡོད་པ་དང་། མེད་པའི་ཁྱད་ཀྱིས་ཕྱེ་བ་སྟེ། འོག་མ་དེ་དག་གི་དོན་

[p. 307] རྣ་ལ་མ་མ་རྟོགས་པར་བསྟན་པ་ནི། རྩལ་རྫོགས་ལས། དཀྱིལ་འཁོར་གཅིག་ལ་དོན་བརྗོད་པ། །གསང་སྔགས་གཅིག་ལ་འཁྱེར་སོང་གུ། །དེ་ཡང་རྣམ་པ་ཙམ་དུ་སྣང་། །རིམ་པ་དགུ་ཡིས་ངོ་བོ་ཡི། །རང་བྱུང་ཡེ་ཤེས་དོན་མ་རྟོགས། །སྣང་བའི་རང་བཞིན་སྣང་བ་ལ། །དོན་དམ་དང་ནི་ཀུན་རྫོབ་གཉིས། །ཐ་དད་མ་ཡིན་གཅིག་གི་ངང་། །ཡེ་ནས་རྟོགས་པའི་ངོ་གང་ལ། །མཚན་མའི་རྣམ་རྟོག་ཅི་བྱུང་བ། །ཐམས་ཅད་ཡེ་ཤེས་རོལ་པ་ཙམ། །རིག་པ་གཅིག་ལ་དོན་བརྗོད་པ། སྐུ་གསུམ་རྒྱལ་བའི་ངོ་བོར་སྣང་། །སྐུ་ལས་ཡེ་ཤེས་ཆོ་འཕྲུལ་འབྱུང་། །སྣང་དང་མི་སྣང་ཆོས་མ་ཡིན། །རྟོགས་དང་མ་རྟོགས་མཐའ་ལས་གྲོལ། །སྣང་བའི་ཡེ་ཤེས་ངོ་བོར་གནས། །འབྱུང་བ་རྡོ་རྗེ་རྐྱེན་གྱི་བདག །ཅེས་སོ། །ད་ནི་རང་བྱུང་གི་ཡེ་ཤེས་དང་གཞན་བྱུང་གི་རྟོག་ཚོགས་གཉིས་མ་ཕྱེད་པའི་རྨོངས་པ་བཟློག་པ་ནི། དིང་སང་ཨ་ཏིར་རློམ་པའི་གླང་ཆེན་དག །འགྱུ་འཕྲོའི་རྟོག་ཚོགས་བྱང་ཆུབ་སེམས་ཡིན་ལོ། །རྨོངས་པ་འདི་ཀུན་མུན་པའི་ཀློང་ཉིད་དང་། །རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་རིང་། །རྩལ་དང་རྩལ་ལས་ཤར་བའང་མི་ཤེས་ན། །བྱང་ཆུབ་སེམས་ཀྱི་ངོ་བོ་སྨོས་ཅི་དགོས། །ཐེག་པ་འདིར་མོས་པ་ཙམ་དང་ལྡན་ཡང་ལེགས་པར་མཐོང་བའི་སྐལ་པ་ནི་སྐྲའི་ཉག་མལ་བརྒྱར་བགོས་པའི་ཆ་ཙམ་ཡང་མེད་ལ། ཀུན་ཏུ་མ་བརྟགས་པའི་གཏི་མུག་གིས་ལུས་བསྒྱིངས་ཤིང་། ཕྲག་དོག་དང་ལོག་པར་རྟོག་པའི་

[p. 308] གསེར་གྱི་དྲ་བས་གདོང་བརྒྱན་པ། གླང་པོའི་ངང་ཚུལ་ཅན་གྱི་ཤེས་པར་རློམ་ལ་ཁ་གསག་དང་ལྡན་པ་ཁ་ཅིག་དག་རང་ཡང་ཉོན་མོངས་པ་དང་གཏི་མུག་དང་ལོག་པའི་ལམ་དུ་ཞུགས་པར་མ་ཟད། ཐར་པར་ཕྱོགས་པའི་སྐྱེ་བོ་བསོད་ ནམས་ཆུང་དུ་འཕྲད་པར་ཉེས་པ་དག་དང་འཕྲད་པ་ཀུན་ལ་འདི་སྐད་དུ་འདོམས་ཏེ། གང་ཤར་ཆོས་སྐུའི་རང་བཞིན། རྟོག་པ་ཟང་མ་འདི་ཉིད་རང་བྱུང་གི་ཡེ་ཤེས་སོ་ཞེས་པ་དང་། ཏིང་འཛིན་ཡིན་པ་ཞེ་ན་མ་རིག་ཡིད། །ཅེས་པ་ ལ་སོགས་པས་འགྲོ་བ་བསླུ་བའི་བཅོས་མ་ཉེ་བར་སྟོན་པས། གཞན་ལ་མེད་པའི་ཟབ་ཆོས་སུ་འཆད་པ་དག་མཐོང་སྟེ། འདི་ནི་ཐེག་པ་འདིའི་ཚེ་མ་རུན་པ་ཞིག་དེང་སང་བྱུང་བར་ཟད་མོད། འདི་ལྟར་རང་བྱུང་གི་ཡེ་ཤེས་ལས་ ཐུགས་རྗེའི་རྩལ་གཡོས་ཏེ། ཡུལ་ལ་ཤར་བའི་ཤེས་པ་དེ་ཉིད་ལ་རྩལ་ལས་ཤར་བའི་རོལ་པ་ཞེས་བཤད་ཀྱི། རང་བྱུང་གི་ཡེ་ཤེས་མ་ཡིན་ཏེ། ཡུལ་ཡོད་མེད་ཀྱི་རྗེས་སུ་བྱེད་པའི་ཕྱིར་དང་། ཐབས་ཀྱིས་མ་ཟིན་ན་སྲིད་པར་འཇུག་ པའི་ལས་དང་ཉོན་མོངས་སུ་བྱེད་པའི་ཕྱིར་དང་། རྟོག་པ་དང་དཔྱོད་པའི་རང་བཞིན་འཁོར་བའི་རང་ངོ་ལས་མ་འདས་པའི་ཕྱིར་རོ། །ཀུན་བྱེད་ལས་ཀྱང་། རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོག་པའི་ཡེ་ཤེས་དེ། ། ཡུལ་ལས་བྱུང་བས་རང་བྱུང་མིན། །ཞེས་སོ། །ཐུན་མོང་གི་ཐེག་པ་ལས་ཀྱང་། སེམས་དང་སེམས་བྱུང་ཁམས་གསུམ་པའི། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་བདེན་གཉིས་ལས་བཤད་པ་དང་། ཕྱོགས་ཀྱི་

[p. 309] གླང་པོས་ཀྱང་། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཞེས་བཤད་པ་དང་འགལ་བ་ཉིད་དུ་སྣང་བའི་ཕྱིར་ལོག་པར་རྟོག་པ་རྔམས་ཆེ་བ་ཉིད་དོ། །འདི་ལྟ་བུའི་འདོད་པ་ཐོས་པར་མི་བྱ་ན། རྗེས་སུ་ཕྱོགས་པ་ལྟ་ཅི་སྨྲོས་སོ། །འདིར་རང་བྱུང་གི་ཡེ་ཤེས་དེ་གང་ཡིན་ཞེ་ན་ལེགས་པར་བཤད་པ་ནི། འདིར་ནི་གདོད་ནས་དག་པའི་བྱང་ཆུབ་སེམས། །དོན་དམ་དབྱིངས་ཀྱི་ཆོས་ཉིད་བདེན་པ་ནི། །སྨྲ་བསམ་འདས་པས་ཤེས་རབ་ཕ་རོལ་ཕྱིན། །ངང་གིས་མི་གཡོ་རང་བཞིན་འོད་གསལ་ཞིང་། །འགྱུ་འཕྲོའི་སྤྲོས་དང་ཡེ་ནས་བྲལ་བ་ལ། །ངོ་བོ་ཞེས་བརྗོད་ཉི་མའི་སྙིང་པོ་འདྲ། །དེ་ཡི་རྩལ་ནི་འཆར་ཚུལ་མ་འགགས་པའི། །རིག་པ་ཟང་ཐལ་རྟོག་དཔྱོད་གཉིས་དང་བྲལ། །སལ་གྱིས་གསལ་ཡང་གཟུང་འཛིན་མེད་པ་ཡིན། །རང་བྱུང་གི་ཡེ་ཤེས་ནི་རིག་པ་སྟོང་གསལ་སྤྲོས་པ་དང་བྲལ་བ་ཤེལ་གོང་དག་པ་ལྟ་བུ་ཡུར་ལ་མི་དཔྱོད་པའི་ངོ་བོར་སྐྱེས་པ་དེ་ཡིན་ལ། འཆར་གཞིའི་ཆར་གནས་ཀྱང་། རང་ངོ་ལ་ཤར་དང་མ་ཤར་མེད་པས་རང་གསལ་དུ་ལྷག་གོ། སྟོང་པར་ཟད་ངོ་། ཀ་དག་ཏུ་སངས་སེ་བ་འདི་ཡིན་ནོ། །དེའི་ངང་ལས་སྣ་ཚོགས་སུ་ཤར་བའི་ཆ་དེ་གཟུང་འཛིན་གྱི་སྤྲོས་པ་སྟེ། ཤར་བ་དེའི་རང་ངོ་རྗེན་སངས་སེ་བ་དེ་རིག་ཆ་ཡེ་ཤེས་སུ་གནས་པས། ཡུལ་ལ་རྟོག་པ་མ་ཡིན་པས་རང་བྱུང་གི་ཡེ་ཤེས་ཞེས་བྱའོ། །འདིར་ངོ་སྤྲད་ལ་མ་འཕྲོད་པ་ཀུན་ཤར་ཐོག་དེར་གློད་པ་ལ་ལྟ་བ་རེ་ངོས་

[p. 310] འཛིན་ཏེ། རྟོག་པ་ཉིང་འཁྲུལ་ཞེས་བྱ་བའི་གནད་མགོ་བ་ཡིན་ནོ། །ཤར་དུས་ནས་ཤར་ས་ཤར་མཁན་མེད་པའི་རིག་པ་རྗེན་སངས་སེ་བ་དེ་ཐུགས་རྗེ་འཆར་ཚུལ་མ་འགགས་པའི་ཡེ་ཤེས་སུ་གནས་པ་དེ་ངོས་བཟུང་བས། རྩ་བ་རང་བྱུང་ཡེ་ཤེས་སུ་རང་ས་ན་རྗེན་པར་གནས་པ་དེ་ཞར་ལ་ངོས་ཟིན་ནས། ངོ་བོ་དང་རང་རྩལ་གཉིས་སུ་མེད་པས་གཉིས་མེད་རང་བྱུང་གི་ཡེ་ཤེས་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཅེས་བྱ་སྟེ། རང་ཤར་ལས། རིག་པ་སྤྲོས་དང་བྲལ་བ་ལ། །འཁྲུལ་དང་མ་རིག་ག་ལ་ཡོད། །ཡེ་ཤེས་སེམས་དང་བྲལ་བ་ལ། །བག་ཆགས་དྲི་མ་ག་ལ་ཡོད། །ཅེས་པ་དང་། ཐལ་འགྱུར་ལས། མཚན་ཉིད་སྟོང་གསལ་རིག་པ་ལ། །རང་བཞིན་གང་དུ་མ་འདྲེས་པ། །གཟུང་དང་འཛིན་པའི་མཐའ་ཟད་དང་། །ཆོས་ཉིད་རང་ངོ་དག་པའོ། །ཞེས་པ་དང་། རྩལ་རྫོགས་ལས། ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐང་ཀར་བཅད་པའོ། །ཞེས་པ་དང་། ཀློང་དྲུག་པ་ལས། མཉམ་པ་ཆེན་པོའི་སེམས་ཉིད་ལ། །ཁྱབ་གདལ་ཆེན་པོའི་སྤྲུལ་སྣང་བས། །གཉིས་མེད་སྣང་བ་ཡེ་འདྲེལ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །མཚན་མ་མེད་པའི་སེམས་ཉིད་ལ། །ཆོས་རྣམས་གྲངས་སུ་སྣང་བ་ནི། །རང་གྲོལ་གཉིས་མེད་ཅེས་བྱ་བར། །ཀུན་ཏུ་བཟང་པོ་ང་ཡི་བསྟན། །བརྗོད་དུ་མེད་པའི་སེམས་ཉིད་ལ། གླེང་གཞི་བྲལ་བའི་ཚིག་སྣང་བ། །སྨྲ་བསམ་

[p. 311] ༄༅། །ཡུལ་ལས་འདས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བཙལ་དུ་མེད་པའི་སེམས་ཉིད་ལ། །རང་བྱུང་ཆེན་པོ་རང་སྣང་བ། །རང་བྱུང་ཡེ་ཤེས་ཆེན་པོ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། ། དྲི་མ་མེད་པའི་སེམས་ཉིད་ལ། །ཡུལ་རྐྱེན་བྲལ་བའི་སྣང་བ་ནི། །རང་དག་ཆེན་པོའི་དགོངས་པ་ཞེས། །

[edit]
BDRC typed e-text UT22920_003_0001/0002 as downloaded (the base text was made from it).

རྫོགས་ཆེན་རྩོལ་སྒྲུབ་བྱེད་པ་ནི། །མ་ཧཱ་ཡོ་གར་གོལ་བར་བཤད། །ཨ་ནུ་དབྱེ་མེད་ས་འདོད་པ། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །འདི་ལྟར་སྣང་བའི་ཆོས་རྣམས་ལ། །རྒྱུ་ནི་དག་པའི་དབྱིངས་ལྟ་བ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་ལྟ། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས། །རྒྱུ་འབྲས་འདས་ལ་ཨ་ནུས་བསྒྲིབས། །རྫོགས་ཆེན་རྒྱུ་འབྲས་གཉིས་ལྟ་ན། །ཨ་ནུ་ཡོ་གར་གོལ་བར་བཤད། །ཅེས་གསུངས་སོ། །རང་ངོ་ཨ་ཏིའི་དགོངས་པ་ནི། །བླང་དོར་བྱ་རྩོལ་མེད་པའི་ཆོས་ཆེན་ནི། །རང་བྱུང་ཡེ་ཤེས་བྱང་ཆུབ་སེམས་ཉིད་ཀྱི། །ངོ་བོ་ཐད་དྲངས་ངང་ལས་མ་གཡོས་པར། །མངོན་དུ་བྱེད་པས་གཞན་དུ་རྩོལ་མི་དགོས། །རང་ལ་བཞག་ནས་གཞན་དུ་ཚོལ་མི་བྱེད། །རྡོ་རྗེ་སྙིང་པོ་ལྷུན་གྱིས་གྲུབ་པ་འདིའི་རང་གཞུང་ནི་རིག་པ་བཅོས་བསླད་མེད་པ་ཆོས་ཉིད་ཀྱི་ངང་ལས་མ་གཡོས་པ་ཆོས་སྐུ་གཞིའི་སངས་རྒྱས་སུ་འདོད་པས། དེ་ལས་གཞན་དུ་བཙལ་ཡང་སངས་རྒྱས་མི་རྙེད་ལ། སངས་རྒྱས་མིང་ཙམ་ལས་དོན་ལ་རིག་པ་འཕོ་འགྱུར་མེད་པའི་ངོ་བོ་ཀློང་དུ་ཕེབས་པ་ཙམ་དུ་འདོད་དེ། ཁྱུང་ཆེན་ལས། རྒྱུ་མེད་རྐྱེན་དང་བྲལ་བའི་རང་སྣང་སྒྲིབས་མེད་ཉིད། །རྩོལ་བྲལ་ཉག་གཅིག་སུས་ཀྱང་མ་བྱས་པའི། །ཡེ་རྫོགས་སྙིང་པོ་ལྷུན་གྲུབ་ཡུལ་ལ་རོལ། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ཅེས་པ་དང༌། ཀུན་བྱེད་ལས། སངས་རྒྱས་མ་བལྟ་རང་སེམས་བྱར་མེད་རྟོགས། །བརྟགས་ན་མེད་དེ་རང་རིག་ཡེ་ནས་གསལ། །འདི་མིན་སྙམ་པའི་རྒྱུ་འབྲས་ཐེག་ཆེན་ལ། །སྤོང་འགེགས་སྦྱངས་པ་བྱིན་རླབས་སྣ་ཚོགས་ཀྱིས། །རང་སེམས་ཆོས་ཉིད་བྱར་མེད་དེ་ལས་གོལ། །རང་གི་བཞག་ནས་གཞན་མ་རྒྱང་དུ་འཚོལ། །བྱར་མེད་བདེ་བོར་རྩོལ་བ་དང་དུ་ལེན། །ཚི་ཆད་ནད་དུ་དེ་ལས་ཆེ་བ་མེད། །ཅེས་སོ། །ཐེག་པ་གཉིས་ཀྱི་ཁྱད་པར་བསྟན་པ་ནི། །འདི་ནི་ཉི་མའི་ངོ་བོ་དེ་ཉིད་དོན། །རང་གཞག་འོད་གསལ་མི་གཡོ་གནས་པར་འདོད། །གཞན་ནི་སྤྲིན་དང་མུན་སེལ་རྩོལ་སྒྲུབ་ཀྱིས། །ཉི་མ་གདོད་གྲུབ་བྱེད་དང་མཚུངས་པར་བསྟེན། །དེས་ན་འདི་གཉིས་ཁྱད་པར་གནམ་ས་བཞིན། །ལྷུན་གྲུབ་རྡོ་རྗེ་སྙིང་པོ་འདི་ནི་རིག་པའི་ངོ་བོ་འདི་ཉིད་ཡེ་ནས་སངས་རྒྱས་སུ་གྲུབ་ཟིན་པ་ཉི་མ་དངོས་སུ་ལྟར་ཡོད་པ་དང་འདྲ་ལ། གཞན་རྣམས་སྤྲིན་དང་མུན་པ་བསལ་བའི་རྒྱུ་དང་རྐྱེན་ལས་གདོད་ཉི་མ་མཐོང་བར་འདོད་པ་ལྟར། རྒྱུ་རྐྱེན་རྩོལ་སྒྲུབ་བྱས་པའི་མཐར་སངས་རྒྱས་འགྲུབ་པར་འདོད་པ་སྟེ། ལྷུན་གྱིས་གྲུབ་པ་དང་འགལ་བར་ཞུགས་པས་ཐེག་པ་དེ་དག་སོ་སོའི་གཞུང་ནང་འགལ་བ་སྟེ། དེས་ན་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་ད་ལྟ་ནས་སངས་རྒྱས་རང་བབས་སུ་ཡོད་པ་དང༌། མེད་པའི་ཁྱད་ཀྱིས་ཕྱེ་བ་སྟེ། འོག་མ་དེ་དག་གི་དོན་རྣལ་མ་རྟོགས་པར་བསྟན་པ་ནི། རྩལ་རྫོགས་ལས། དཀྱིལ་འཁོར་གཅིག་ལ་དོན་བརྗོད་པ། །གསང་སྔགས་གཅིག་ལ་འཁྱེར་སོ་དགུ། །དེ་ཡང་རྣམ་པ་ཙམ་དུ་སྣང༌། །རིམ་པ་དགུ་ཡིས་ངོ་བོ་ཡི། །རང་བྱུང་ཡེ་ཤེས་དོན་མ་རྟོགས། །སྣང་བའི་རང་བཞིན་སྣང་བ་ལ། །དོན་དམ་དང་ནི་ཀུན་རྫོབ་གཉིས། །ཐ་དད་མ་ཡིན་གཅིག་གི་ངང༌། །ཡེ་ནས་རྟོགས་པའི་ངོ་གང་ལ། །མཚན་མའི་རྣམ་རྟོག་ཅི་བྱུང་བ། །ཐམས་ཅད་ཡེ་ཤེས་རོལ་པ་ཙམ། །རིག་པ་གཅིག་ལ་དོན་བརྗོད་པ། །སྐུ་གསུམ་རྒྱལ་བའི་ངོ་བོར་སྣང༌། །སྐུ་ལས་ཡེ་ཤེས་ཆོ་འཕྲུལ་འབྱུང༌། །སྣང་དང་མི་སྣང་ཆོས་མ་ཡིན། །རྟོགས་དང་མ་རྟོགས་མཐའ་ལས་གྲོལ། །སྣང་བའི་ཡེ་ཤེས་ངོ་བོར་གནས། །འབྱུང་བ་རྡོ་རྗེ་རྐྱེན་གྱི་བདག །ཅེས་སོ། །ད་ནི་རང་བྱུང་གི་ཡེ་ཤེས་དང་གཞན་བྱུང་གི་རྟོག་ཚོགས་གཉིས་མ་ཕྱེད་པའི་རྨོངས་པ་བཟློག་པ་ནི། དིང་སང་ཨ་ཏིར་རློམ་པའི་གླང་ཆེན་དག །འགྱུ་འཕྲོའི་རྟོག་ཚོགས་བྱང་ཆུབ་སེམས་ཡིན་ལོ། །རྨོངས་པ་འདི་ཀུན་མུན་པའི་ཀློང་ཉིད་དང༌། །རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་རིང༌། །རྩལ་དང་རྩལ་ལས་ཤར་བའང་མི་ཤེས་ན། །བྱང་ཆུབ་སེམས་ཀྱི་ངོ་བོ་སྨོས་ཅི་དགོས། །ཐེག་པ་འདིར་མོས་པ་ཙམ་དང་ལྡན་ཡང་ལེགས་པར་མཐོང་བའི་སྐལ་བ་ནི་སྐྲའི་ཉག་མ་ལ་བརྒྱར་བགོས་པའི་ཆ་ཙམ་ཡང་མེད་ལ། ཀུན་ཏུ་མ་བརྟགས་པའི་གཏི་མུག་གིས་ལུས་བསྒྱིངས་ཤིང༌། ཕྲག་དོག་དང་ལོག་པར་རྟོག་པའི་གསེར་གྱི་དྲ་བས་གདོང་བརྒྱན་པ། གླང་པོའི་ངང་ཚུལ་ཅན་གྱི་ཤེས་པར་རློམ་ལ་ཁ་གསག་དང་ལྡན་པ་ཁ་ཅིག་དག་རང་ཡང་ཉོན་མོངས་པ་དང་གཏི་མུག་དང་ལོག་པའི་ལམ་དུ་ཞུགས་པར་མ་ཟད། ཐར་པར་ཕྱོགས་པའི་སྐྱེ་བོ་བསོད་ནམས་ཆུང་ངུ་འཕྲད་པར་ཉེས་པ་དག་དང་འཕྲད་པ་ཀུན་ལ་འདི་སྐད་དུ་འདོམས་ཏེ། གང་ཤར་ཆོས་སྐུའི་རང་བཞིན། རྟོག་པ་ཟང་མ་འདི་ཉིད་རང་བྱུང་གི་ཡེ་ཤེས་སོ་ཞེས་པ་དང༌། ཏིང་འཛིན་ཡིན་བཞིན་མ་རིག་ཡིད། །ཅེས་པ་ལ་སོགས་པས་འགྲོ་བ་བསླུ་བའི་བཅོས་མ་ཉེ་བར་སྟོན་པས། གཞན་ལ་མེད་པའི་ཟབ་ཆོས་སུ་འཆད་པ་དག་མཐོང་སྟེ། འདི་ནི་ཐེག་པ་འདིའི་ཆོམ་རྐུན་པ་ཞིག་དིང་སང་བྱུང་བར་ཟད་མོད། འདི་ལྟར་རང་བྱུང་གི་ཡེ་ཤེས་ལས་ཐུགས་རྗེའི་རྩལ་གཡོས་ཏེ། ཡུལ་ལ་ཤར་བའི་ཤེས་པ་དེ་ཉིད་ལ་རྩལ་ལས་ཤར་བའི་རོལ་པ་ཞེས་བཤད་ཀྱི། རང་བྱུང་གི་ཡེ་ཤེས་མ་ཡིན་ཏེ། ཡུལ་ཡོད་མེད་ཀྱི་རྗེས་སུ་བྱེད་པའི་ཕྱིར་དང༌། ཐབས་ཀྱིས་མ་ཟིན་ན་སྲིད་པར་འཇུག་པའི་ལས་དང་ཉོན་མོངས་སུ་བྱེད་པའི་ཕྱིར་དང༌། རྟོག་པ་དང་དཔྱོད་པའི་རང་བཞིན་འཁོར་བའི་རང་ངོ་ལས་མ་འདས་པའི་ཕྱིར་རོ། །ཀུན་བྱེད་ལས་ཀྱང༌། རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོག་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བས་རང་བྱུང་མིན། །ཞེས་སོ། །ཐུན་མོང་གི་ཐེག་པ་ལས་ཀྱང༌། སེམས་དང་སེམས་བྱུང་ཁམས་གསུམ་པའི། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་བདེན་གཉིས་ལས་བཤད་པ་དང༌། ཕྱོགས་ཀྱི་གླང་པོས་ཀྱང༌། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྷུང་བྱེད་ཡིན། །ཞེས་བཤད་པ་དང་འགལ་བ་ཉིད་དུ་སྣང་བའི་ཕྱིར་ལོག་པར་རྟོགས་པ་རྔམས་ཆེ་བ་ཉིད་དོ། །འདི་ལྟ་བུའི་འདོད་པ་ཐོས་པར་མི་བྱ་ན། རྗེས་སུ་ཕྱོགས་པ་ལྟ་ཅི་སྨྲོས་སོ། །འདིར་རང་བྱུང་གི་ཡེ་ཤེས་དེ་གང་ཡིན་ཞེ་ན་ལེགས་པར་བཤད་པ་ནི། །འདིར་ནི་གདོད་ནས་དག་པའི་བྱང་ཆུབ་སེམས། །དོན་དམ་དབྱིངས་ཀྱི་ཆོས་ཉིད་བདེན་པ་ནི། །སྨྲ་བསམ་འདས་པས་ཤེས་རབ་ཕ་རོལ་ཕྱིན། །ངང་གིས་མི་གཡོ་རང་བཞིན་འོད་གསལ་ཞིང༌། །འགྱུ་འཕྲོའི་སྤྲོས་དང་ཡེ་ནས་བྲལ་བ་ལ། །ངོ་བོ་ཞེས་བརྗོད་ཉི་མའི་སྙིང་པོ་འདྲ། །དེ་ཡི་རྩལ་ནི་འཆར་ཚུལ་མ་འགགས་པའི། །རིག་པ་ཟང་ཐལ་རྟོག་དཔྱོད་གཉིས་དང་བྲལ། །སལ་གྱིས་གསལ་ཡང་གཟུང་འཛིན་མེད་པ་ཡིན། །རང་བྱུང་གི་ཡེ་ཤེས་ནི་རིག་པ་སྟོང་གསལ་སྤྲོས་པ་དང་བྲལ་བ་ཤེལ་གོང་དག་པ་ལྟ་བུ་ཡུལ་ལ་མི་དཔྱོད་པའི་ངོ་བོར་སྐྱེ་པ་དེ་ཡིན་ལ། འཆར་གཞིའི་ཆར་གནས་ཀྱང༌། རང་ངོ་ལ་ཤར་དང་མ་ཤར་མེད་པས་རང་གསལ་དུ་ལྷག་གེ། སྟོང་པར་ཟང་ངོ༌། །ཀ་དག་ཏུ་སངས་སེ་བ་འདི་ཡིན་ནོ། །དེའང་ངང་ལས་སྣ་ཚོགས་སུ་ཤར་བའི་ཆ་དེ་གཟུང་འཛིན་གྱི་སྤྲོས་པ་སྟེ། ཤར་བ་དེའི་རང་ངོ་རྗེན་སངས་སེ་བ་དེ་རིག་ཆ་ཡེ་ཤེས་སུ་གནས་པས། ཡུལ་ལ་རྟོག་པ་མ་ཡིན་པས་རང་བྱུང་གི་ཡེ་ཤེས་ཞེས་བྱའོ། །འདིར་ངོ་སྤྲད་ལ་མ་འཕྲོད་པ་ཀུན་ཤར་ཐོག་དེར་གློད་པ་ལ་ལྟ་བར་ངོས་འཛིན་ཏེ། རྟོག་པ་ཉིད་འཁྲུལ་ཞེས་བྱ་བས་གནད་མ་གོ་བ་ཡིན་ནོ། །ཤར་དུས་ནས་ཤར་ས་ཤར་མཁན་མེད་པའི་རིག་པ་རྗེན་སངས་སེང་དེ་ཐུགས་རྗེ་འཆར་ཚུལ་མ་འགགས་པའི་ཡེ་ཤེས་སུ་གནས་པ་དེ་ངོས་བཟུང་བས། རྩ་བ་རང་བྱུང་ཡེ་ཤེས་སུ་རང་ས་ན་རྗེན་པར་གནས་པ་དེ་ཞར་ལ་ངོས་ཟིན་ནས ངོ་བོ་དང་རང་རྩལ་གཉིས་སུ་མེད་པས་གཉིས་མེད་རང་བྱུང་གི་ཡེ་ཤེས་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཅེས་བྱ་སྟེ། རང་ཤར་ལས། རིག་པ་སྤྲོས་དང་བྲལ་བ་ལ། །འཁྲུལ་དང་མ་རིག་ག་ལ་ཡོད། །ཡེ་ཤེས་སེམས་དང་བྲལ་བ་ལ། །བག་ཆགས་དྲི་མ་ག་ལ་ཡོད། །ཅེས་པ་དང༌། ཐལ་འགྱུར་ལས། མཚན་ཉིད་སྟོང་གསལ་རིག་པ་ལ། །རང་བཞིན་གང་དུ་མ་འདྲེས་པ། །གཟུང་དང་འཛིན་པའི་མཐའ་ཟད་དང༌། །ཆོས་ཉིད་རང་ངོ་དག་པའོ། །ཞེས་པ་དང༌། རྩལ་རྫོགས་ལས། ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐད་ཀར་བཅད་པའོ། །ཞེས་པ་དང༌། །ཀློང་དྲུག་པ་ལས། མཉམ་པ་ཆེན་པོའི་སེམས་ཉིད་ལ། །ཁྱབ་གདལ་ཆེན་པོའི་སྤྲུལ་སྣང་བས། །གཉིས་མེད་སྣང་བ་ཡེ་འབྲེལ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །མཚན་མ་མེད་པའི་སེམས་ཉིད་ལ། །ཆོས་རྣམས་གྲངས་སུ་སྣང་བ་ནི། །རང་གྲོལ་གཉིས་མེད་ཅེས་བྱ་བར། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བརྗོད་དུ་མེད་པའི་སེམས་ཉིད་ལ། །གླེང་གཞི་བྲལ་བའི་ཚིག་སྣང་བ། །སྨྲ་བསམ་ཡུལ་ལས་འདས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བཙལ་དུ་མེད་པའི་སེམས་ཉིད་ལ། །རང་བྱུང་ཆེན་པོ་རང་སྣང་བ། །རང་བྱུང་ཡེ་ཤེས་ཆེན་པོ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །དྲི་མ་མེད་པའི་སེམས་ཉིད་ལ། །ཡུལ་རྐྱེན་བྲལ་བའི་སྣང་བ་ནི། །རང་དག་ཆེན་པོའི་དགོངས་པ་ཞེས། །

[edit]
rywikitexts e-text of the Beijing 2009 edition (vol. 16), with its page numbers ༼N༽.

རྫོགས་ཆེན་རྩོལ་སྒྲུབ་བྱེད་པ་ནི། །མ་ཧཱ་ཡོ་གར་གོལ་བར་བཤད། །ཨ་ནུ་དབྱེར་མེད་ས་འདོད་» «པ། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །འདི་ལྟར་སྣང་བའི་ཆོས་རྣམས་» «ལ། །རྒྱུ་ནི་དག་པའི་དབྱིངས་ལྟ་བ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་ལྟ། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས། །རྒྱུ་འབྲས་འདས་ལ་ཨ་ནུས་བསྒྲིབས། །རྫོགས་ཆེན་རྒྱུ་འབྲས་གཉིས་ལྟ་ན། །ཨ་ནུ་ཡོ་གར་གོལ་བར་བཤད། །ཅེས་གསུངས་སོ། །རང་ངོ་ཨ་ཏིའི་དགོངས་པ་ནི། བླང་དོར་བྱ་བརྩལ་«༼༡༽«མེད་པའི་ཆོས་ཆེན་«༼༢༽«ནི། །རང་བྱུང་ཡེ་ཤེས་བྱུང་ཆུབ་སེམས་ཉིད་» «ཀྱི། །ངོ་བོ་ཐད་དྲང་ངང་ལས་མ་གཡོས་པར། །མངོན་དུ་བྱེད་པས་གཞན་དུ་རྩོལ་མི་དགོས། །རང་ལ་བཞག་ནས་གཞན་དུ་འཚོལ་མི་བྱེད། །རྡོ་རྗེ་སྙིང་པོ་ལྷུན་གྱིས་གྲུབ་པ་འདིའི་རང་གཞུང་ནི་རིག་པ་བཅོས་བསླད་མེད་པ་ཆོས་ཉིད་ཀྱི་ངང་ལས་མ་གཡོས་པ་ཆོས་སྐུ་གཞིའི་སངས་རྒྱས་སུ་འདོད་པས། དེ་ལས་གཞན་དུ་བཙལ་ཡང་སངས་རྒྱས་མི་རྙེད་ལ། སངས་རྒྱས་མིང་ཙམ་ལས་དོན་ལ་རིག་པ་འཕོ་འགྱུར་མེད་པའི་ངོ་བོ་ཀློང་དུ་ཕེབས་པ་ཙམ་དུ་འདོད་དེ། ཁྱུང་ཆེན་ལས། རྒྱུ་མེད་རྐྱེན་དང་བྲལ་བའི་རང་སྣང་སྒྲིབ་མེད་ཉིད། །རྩོལ་བྲལ་ཉག་གཅིག་སུས་ཀྱང་མ་བྱས་པའི། །ཡེ་རྫོགས་སྙིང་པོ་ལྷུན་གྲུབ་ཡུལ་ལ་རོལ། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ཅེས་པ་དང༌། ཀུན་བྱེད་ལས། སངས་རྒྱས་མ་བལྟ་རང་སེམས་བྱར་མེད་རྟོགས། །བརྟགས་ན་མེད་དེ་རང་རིག་ཡེ་ནས་གསལ། །འདི་མིན་སྙམ་པའི་རྒྱུ་འབྲས་ཐེག་ཆེན་ལ། །སྤོང་འགེགས་སྦྱངས་པ་བྱིན་རླབས་སྣ་ཚོགས་ཀྱིས། །རང་སེམས་ཆོས་ཉིད་བྱར་མེད་དེ་ལས་གོལ། །རང་གམ་བཞག་ནས་གཞན་མ་རྒྱང་དུ་འཚོལ། །བྱར་མེད་བདེ་བོར་རྩོལ་བ་དང་དུ་ལེན། །ཚི་ཆད་ནད་དུ་དེ་ལས་ཆེ་བ་མེད། །ཅེས་སོ། །ཐེག་པ་གཉིས་ཀྱི་ཁྱད་པར་བསྟན་པ་ནི། འདི་ནི་ཉི་མའི་ངོ་བོ་དེ་ཉིད་དོན། །རང་གཞག་འོད་གསལ་མི་གཡོ་གནས་པར་འདོད། །གཞན་ནི་སྤྲིན་དང་མུན་སེལ་རྩོལ་སྒྲུབ་» «ཀྱིས། །ཉི་མ་གདོད་གྲུབ་བྱེད་དང་མཚུངས་པར་བསྟན། །དེས་ན་འདི་གཉིས་ཁྱད་པར་གནམ་ས་བཞིན། །ལྷུན་གྲུབ་རྡོ་རྗེ་སྙིང་པོ་འདི་ནི་རིག་པའི་ངོ་བོ་འདི་ཉིད་ཡེ་ནས་སངས་རྒྱས་སུ་གྲུབ་ཟིན་པ་ཉི་མ་དངོས་སུ་ལྟར་ཡོད་པ་དང་འདྲ་ལ། གཞན་རྣམས་སྤྲིན་དང་མུན་པ་བསལ་བའི་རྒྱུ་དང་རྐྱེན་ལས་གདོད་ཉི་མ་མཐོང་བར་འདོད་པ་ལྟར། རྒྱུ་རྐྱེན་རྩོལ་སྒྲུབ་བྱས་པའི་མཐར་སངས་རྒྱས་འགྲུབ་པར་འདོད་པ་སྟེ། ལྷུན་གྱིས་གྲུབ་པ་དང་འགལ་བར་ཞུགས་པས་ཐེག་པ་དེ་དག་སོ་སོའི་གཞུང་ནང་འགལ་བ་སྟེ། དེས་ན་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་ད་ལྟ་ནས་སངས་རྒྱས་རང་བབས་སུ་ཡོད་པ་དང༌། མེད་པའི་ཁྱད་ཀྱིས་ཕྱེ་བ་སྟེ། འོག་མ་དེ་དག་གིས་དོན་རྣལ་མ་མ་རྟོགས་པར་བསྟན་པ་ནི། རྩལ་རྫོགས་ལས། དཀྱིལ་འཁོར་གཅིག་ལ་དོན་བརྗོད་པ། །གསང་སྔགས་གཅིག་ལ་འཁྱེར་སོ་དགུ། །དེ་ཡང་རྣམ་པ་ཙམ་དུ་སྣང༌། །རིམ་པ་དགུ་ཡིས་ངོ་བོ་ཡི། །རང་བྱུང་ཡེ་ཤེས་དོན་མ་རྟོགས། །སྣང་བའི་རང་བཞིན་»«སྣང་བ་«༼༡༽«ལ། །དོན་དམ་དང་ནི་ཀུན་རྫོབ་གཉིས། །ཐ་དད་མ་ཡིན་གཅིག་གི་ངང༌། །ཡེ་ནས་རྟོགས་པའི་ངོ་གང་ལ། །མཚན་མའི་རྣམ་རྟོག་ཅི་བྱུང་བ། །ཐམས་ཅད་ཡེ་ཤེས་རོལ་པ་ཙམ། །རིག་པ་གཅིག་ལ་དོན་བརྗོད་པ། །སྐུ་གསུམ་རྒྱལ་བའི་ངོ་བོར་སྣང༌། །སྐུ་ལས་ཡེ་ཤེས་ཆོ་འཕྲུལ་འབྱུང༌། །སྣང་དང་མི་སྣང་ཆོས་མ་ཡིན། །རྟོགས་དང་མ་རྟོགས་མཐའ་ལས་» «གྲོལ། །སྣང་བའི་ཡེ་ཤེས་ངོ་བོར་གནས། །འབྱུང་བ་རྡོ་རྗེ་རྐྱེན་གྱི་བདག» «།ཅེས་སོ། །ད་ནི་རང་བྱུང་གི་ཡེ་ཤེས་དང་གཞན་བྱུང་གི་རྟོག་ཚོགས་གཉིས་མ་ཕྱེད་པའི་རྨོངས་པ་བཟློག་པ་ནི། དེང་སང་ཨ་ཏིར་རློམ་པའི་གླང་ཆེན་དག» «།འགྱུ་འཕྲོའི་རྟོག་ཚོགས་བྱང་ཆུབ་སེམས་ཡིན་ལོ། །རྨོངས་པ་འདི་ཀུན་མུན་པའི་ཀློང་ཉིད་དང༌། །རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་རིང༌། །རྩལ་དང་རྩལ་ལས་ཤར་བའང་མི་ཤེས་ན། །བྱང་ཆུབ་སེམས་ཀྱི་ངོ་བོ་སྨོས་ཅི་དགོས། །ཐེག་པ་འདིར་མོས་པ་ཙམ་དང་ལྡན་ཡང་ལེགས་པར་མཐོང་བའི་སྐལ་བ་ནི་སྐྲའི་ཉག་མ་ལ་བརྒྱར་བགོས་པའི་ཆ་ཙམ་ཡང་མེད་ལ། ཀུན་ཏུ་མ་བརྟགས་པའི་གཏི་མུག་གིས་ལུས་བསྒྱིངས་ཤིང༌། ཕྲག་དོག་དང་ལོག་པར་རྟོག་པའི་གསེར་གྱི་དྲ་བས་གདོང་བརྒྱན་པ། གླང་པོའི་ངང་ཚུལ་ཅན་གྱི་ཤེས་པར་རློམ་ལ་ཁ་གསག་དང་ལྡན་པ་ཁ་ཅིག་དག་རང་ཡང་ཉོན་མོངས་པ་དང་གཏི་མུག་དང་ལོག་པའི་ལམ་དུ་ཞུགས་པར་མ་ཟད། ཐར་པར་ཕྱོགས་པའི་སྐྱེ་བོ་བསོད་ནམས་ཆུང་ངུ་འཕྲད་པར་ཉེས་པ་དག་དང་འཕྲད་པ་ཀུན་ལ་འདི་སྐད་དུ་འདོམས་ཏེ། གང་ཤར་ཆོས་སྐུའི་རང་བཞིན། རྟོག་པ་ཟང་མ་འདི་ཉིད་རང་བྱུང་གི་ཡེ་ཤེས་སོ་ཞེས་པ་དང༌། ཏིང་འཛིན་ཡིན་བཞིན་མ་རིག་ཡིད། །«༼༡༽«ཅེས་པ་ལ་སོགས་པས་འགྲོ་བ་བསླུ་བའི་བཅོས་མ་ཉེ་བར་སྟོན་པས། གཞན་ལ་མེད་པའི་ཟབ་ཆོས་སུ་འཆད་པ་དག་མཐོང་སྟེ། འདི་ནི་ཐེག་པ་འདིའི་ཆོམ་རྐུན་པ་ཞིག་དེང་སང་བྱུང་བར་ཟད་མོད། འདི་ལྟར་རང་བྱུང་གི་ཡེ་ཤེས་ལས་ཐུགས་རྗེའི་རྩལ་གཡོས་ཏེ། ཡུལ་ལ་ཤར་བའི་ཤེས་པ་དེ་ཉིད་ལ་རྩལ་ལས་ཤར་བའི་རོལ་པ་ཞེས་བཤད་ཀྱི། རང་བྱུང་གི་ཡེ་ཤེས་མ་ཡིན་ཏེ། ཡུལ་ཡོད་མེད་ཀྱི་རྗེས་སུ་བྱེད་པའི་ཕྱིར་དང༌། ཐབས་ཀྱིས་མ་ཟིན་ན་སྲིད་པར་འཇུག་པའི་ལས་དང་ཉོན་མོངས་སུ་བྱེད་པའི་ཕྱིར་དང༌། རྟོག་པ་དང་དཔྱོད་པའི་རང་བཞིན་འཁོར་བའི་རང་ངོ་ལས་མ་འདས་པའི་ཕྱིར་རོ། །ཀུན་བྱེད་ལས་ཀྱང༌། རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོག་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བས་རང་བྱུང་མིན། །ཞེས་སོ། །ཐུན་མོང་གི་ཐེག་པ་ལས་ཀྱང༌། སེམས་དང་སེམས་བྱུང་ཁམས་གསུམ་པའི། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་བདེན་གཉིས་ལས་བཤད་པ་དང༌། ཕྱོགས་ཀྱི་གླང་པོས་ཀྱང༌། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྷུང་«༼༡༽«བྱེད་ཡིན། །ཞེས་བཤད་པ་དང་འགལ་བ་ཉིད་དུ་སྣང་བའི་ཕྱིར་ལོག་པར་རྟོག་པ་རྔམས་ཆེ་བ་ཉིད་དོ། །འདི་ལྟ་བུའི་འདོད་པ་ཐོས་པར་ཡང་མི་བྱ་ན། རྗེས་སུ་ཕྱོགས་པ་ལྟ་ཅི་སྨཽས་སོ། །འདིར་རང་བྱུང་གི་ཡེ་ཤེས་དེ་གང་ཡིན་ཞེ་ན་ལེགས་པར་བཤད་པ་ནི། འདིར་ནི་གདོད་ནས་དག་པའི་བྱང་ཆུབ་སེམས། །དོན་དམ་དབྱིངས་ཀྱི་ཆོས་ཉིད་བདེན་པ་ནི། །སྨྲ་བསམ་འདས་པས་ཤེས་རབ་ཕ་རོལ་ཕྱིན། །ངང་གིས་མི་གཡོ་རང་བཞིན་འོད་གསལ་ཞིང༌། །འགྱུ་འཕྲོའི་སྤྲོས་དང་ཡེ་ནས་བྲལ་བ་ལ། །ངོ་བོ་ཞེས་བརྗོད་ཉི་མའི་སྙིང་པོ་འདྲ། །དེ་ཡི་རྩལ་ནི་འཆར་ཚུལ་མ་འགགས་པའི། །རིག་པ་ཟང་ཐལ་རྟོག་དཔྱོད་གཉིས་དང་བྲལ། །སལ་གྱིས་གསལ་ཡང་གཟུང་འཛིན་མེད་པ་» «ཡིན། །རང་བྱུང་གི་ཡེ་ཤེས་ནི་རིག་པ་སྟོང་གསལ་སྤྲོས་པ་དང་བྲལ་བ་ཤེལ་གོང་དག་པ་ལྟ་བུ་ཡུལ་ལ་མི་དཔྱོད་པའི་ངོ་བོར་སྐྱེས་པ་དེ་ཡིན་ལ། འཆར་གཞིའི་ཆར་གནས་ཀྱང༌། རང་ངོ་ལ་ཤར་དང་མ་ཤར་མེད་པས་རང་གསལ་དུ་ལྷག་གེ སྟོང་པར་ཟང་ངེ༌། ཀ་དག་ཏུ་སངས་སེ་བ་འདི་ཡིན་ནོ། །དེའི་ངང་ལས་སྣ་ཚོགས་སུ་ཤར་བའི་ཆ་དེ་གཟུང་འཛིན་གྱི་སྤྲོས་པ་སྟེ། ཤར་བ་དེའི་རང་ངོ་རྗེན་སངས་སེ་བ་དེ་རིག་ཆ་ཡེ་ཤེས་སུ་གནས་པས། ཡུལ་ལ་རྟོག་པ་མ་ཡིན་པས་རང་བྱུང་གི་ཡེ་ཤེས་ཞེས་བྱའོ། །འདིར་ངོ་སྤྲད་ལ་མ་འཕྲོད་པ་ཀུན་ཤར་ཐོག་དེར་གློད་པ་ལ་ལྟ་བར་ངོས་འཛིན་ཏེ། རྟོག་པ་ཉིང་འཁྲུལ་ཞེས་བྱ་བའི་གནད་མ་གོ་བ་ཡིན་ནོ། །» «ཤར་དུས་ནས་ཤར་ས་ཤར་མཁན་མེད་པའི་རིག་པ་རྗེན་སངས་སེ་བ་དེ་ཐུགས་རྗེ་འཆར་ཚུལ་མ་འགགས་པའི་ཡེ་ཤེས་སུ་གནས་པ་དེ་ངོས་བཟུང་བས། རྩ་བ་རང་བྱུང་ཡེ་ཤེས་སུ་རང་ས་ན་རྗེན་པར་གནས་པ་དེ་ཞར་ལ་ངོས་ཟིན་ནས། ངོ་བོ་དང་རང་རྩལ་གཉིས་སུ་མེད་པས་གཉིས་མེད་རང་བྱུང་གི་ཡེ་ཤེས་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཅེས་བྱ་སྟེ། རང་ཤར་ལས། རིག་པ་སྤྲོས་དང་བྲལ་བ་ལ། །འཁྲུལ་དང་མ་རིག་ག་ལ་ཡོད། །ཡེ་ཤེས་སེམས་དང་བྲལ་བ་ལ། །བག་ཆགས་དྲི་མ་ག་ལ་ཡོད། །ཅེས་པ་དང༌། ཐལ་འགྱུར་ལས། མཚན་ཉིད་སྟོང་གསལ་རིག་པ་ལ། །» «རང་བཞིན་གང་དུ་མ་འདྲེས་པ། །གཟུང་དང་འཛིན་པའི་མཐའ་ཟད་དང༌། །ཆོས་ཉིད་རང་ངོ་དག་པའོ། །ཞེས་པ་དང༌། རྩལ་རྫོགས་ལས། ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐད་ཀར་བཅད་པའོ། །ཞེས་པ་དང༌། ཀློང་དྲུག་པ་ལས། མཉམ་པ་ཆེན་པོའི་སེམས་ཉིད་ལ། །ཁྱབ་གདལ་ཆེན་པོའི་སྤྲུལ་«༼༡༽«སྣང་བས། །གཉིས་མེད་སྣང་བ་ཡེ་འབྲེལ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །མཚན་མ་མེད་པའི་སེམས་ཉིད་ལ། །ཆོས་རྣམས་གྲངས་སུ་སྣང་བ་ནི། །རང་གྲོལ་གཉིས་མེད་ཅེས་བྱ་» «བར། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བརྗོད་དུ་མེད་པའི་སེམས་ཉིད་ལ། །» «གླེང་གཞི་བྲལ་བའི་ཚིག་སྣང་བ། །སྨྲ་བསམ་ཡུལ་ལས་འདས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བཙལ་དུ་མེད་པའི་སེམས་ཉིད་ལ། །རང་བྱུང་ཆེན་པོ་རང་སྣང་བ། །རང་བྱུང་ཡེ་ཤེས་ཆེན་པོ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་» «བསྟན། །དྲི་མ་མེད་པའི་སེམས་ཉིད་ལ། །ཡུལ་རྐྱེན་བྲལ་བའི་སྣང་བ་ནི། །རང་དག་ཆེན་པོའི་དགོངས་པ་ཞེས། །

[edit]
OCR of the BDRC scans (I2PD20601, I2PD20602), gorn05 tibocr 2026: BDRC OCR on 244 pages, Mitra OCR on 127 pages (the model with more recognisable syllables on each page).

[p. 70] རྫོགས་ཆེན་རྩོལ་སྒྲུབ་བྱེད་པ་ནི། །མ་ཧཱ་ཡོ་གར་གོལ་བར་བཤད། །ཨ་ནུ་དབྱེ་མེད་ས་འདོད་པ། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །འདི་ལྟར་སྣང་བའི་ཆོས་རྣམས་ལ། །རྒྱུན་དག་པའི་དབྱིངས་ ལྟ་བ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་ལྟ། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས། །རྒྱུ་འབྲས་འདས་ལ་ཨ་ནུས་བསྒྲིབས། །རྫོགས་ཆེན་རྒྱུ་འབྲས་གཉིས་ལྟ་ན། །ཨ་ནུ་ཡོ་གར་གོལ་བར་བཤད། །ཅེས་གསུངས་ སོ། །རང་ངོ་ཨ་ཏིའི་དགོངས་པ་ནི། །བླང་དོར་བྱ་བ་ཙལ་མེད་པའི་ཆོས་ཆེན་ནི། །རང་བྱུང་ཡེ་ཤེས་བྱང་ཆུབ་སེམས་ཉིད་ཀྱི། །ངོ་བོ་ཐད་དྲང་ངང་ལས་མ་གཡོས་པར། །མངོན་དུ་བྱེད་པས་གཞན་དུ་རྩོལ་མི་དགོས། །རང་ལ་བཞག་ནས་གཞན་དུ་ཚོལ་

[p. 71] མི་བྱེད། །རྡོ་རྗེ་སྙིང་པོ་ལྷུན་གྱིས་གྲུབ་པ་འདིའི་རང་གཞུང་ནི་རིག་པ་བཅོས་བསླད་མེད་པ་ཆོས་ཉིད་ཀྱང་ང་ལས་མ་གཡོས་པ་ཆོས་སྐུ་གཞིའི་སངས་རྒྱས་སུ་འདོད་པས། དེ་ལས་གཞན་དུ་བཙལ་ཡང་སངས་རྒྱས་མི་རྙེད་ལ། སངས་རྒྱས་མིང་ཙམ་ལས་དོན་ལ་རིག་པ་འཕོ་འགྱུར་མེད་པའི་ངོ་བོ་ཀློང་དུ་ཕེབས་པ་ཙམ་དུ་འདོད་དེ། ཁྱུང་ཆེན་ལས། རྒྱུ་མེད་རྐྱེན་དང་བྲལ་བའི་རང་སྣང་སྒྲིབ་མེད་ཉིད། །རྩོལ་བྲལ་ཉག་གཅིག་སུས་ཀྱང་མ་བྱས་པའི། །ཡེ་རྫོགས་སྙིང་པོ་ལྷུན་གྲུབ་ཡུལ་ལ་རོལ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ཅེས་པ་དང་། ཀུན་བྱེད་ལས། སངས་རྒྱས་མ་བལྟ་རང་སེམས་བྱར་མེད་རྟོགས། །བརྟགས་ན་མེད་དེ་རང་རིག་ཡེ་ནས་གསལ། །འདི་མིན་སྙམ་པའི་རྒྱུ་འབྲས་ཐེག་ཆེན་ལ། །སྤོང་འགེགས་སྦྱངས་པ་བྱིན་རླབས་སྣ་ཚོགས་ཀྱིས། །རང་སེམས་ཆོས་ཉིད་བྱར་མེད་དེ་ལས་གོལ། །རང་གི་བཞག་ནས་གཞན་མ་རྒྱང་དུ་འཚོལ། །བྱར་མེད་བདེ་བོར་རྩོལ་བ་དང་དུ་ལེན། །ཚི་ཆད་ནང་དུ་དེ་ལས་ཆེ་བ་མེད། །ཅེས་སོ། །ཐེག་པ་གཉིས་ཀྱི་ཁྱད་པར་བསྟན་པ་ནི། འདི་ནི་ཉི་མའི་ངོ་བོ་དེ་ཉིད་དོན། །རང་གཞག་འོད་གསལ་མི་གཡོ་གནས་པར་འདོད། །གཞན་ནི་སྤྲིན་དང་མུན་སེལ་རྩོལ་སྒྲུབ་ཀྱིས། །ཉི་མ་གདོད་གྲུབ་བྱེད་དང་མཚུངས་པར་བསྟེན། །དེས་ན་འདི་གཉིས་ཁྱད་པར་གནམ་ས་བཞིན། །ལྷུན་གྲུབ་རྡོ་རྗེ་སྙིང་པོ་འདི་ནི་རིག་པའི་ངོ་བོ་འདི་ཉིད་ཡེ་ནས་སངས་རྒྱས་སུ་གྲུབ་ཟིན་པ་ཉི་མ་དངོས་སུ་ལྟར་ཡོད་པ་དང་འདྲ་ལ། གཞན་རྣམས་སྤྲིན་དང་མུན་པ་བསལ་བའི་རྒྱུ་དང་རྐྱེན་ལས་གདོད་ཉི་མ་མཐོང་བར་འདོད་པ་ལྟར། རྒྱུ་རྐྱེན་རྩོལ་སྒྲུབ་བྱས་པའི་མཐར་སངས་རྒྱས་འགྲུབ་པར་འདོད་པ་སྟེ། ལྷུན་གྱིས་གྲུབ་པ་དང་འགལ་བར་ཞུགས་པས་ཐེག་པ་དེ་དག་སོ་སོའི་གཞུང་ནང་འགལ་བ་སྟེ། དེས་ན་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་ད་ལྟ་ནས་སངས་རྒྱས་རང་བབས་སུ་ཡོད་པ་དང་། མེད་པའི་ཁྱད་

[p. 72] ཀྱིས་ཕྱེ་བ་སྟེ། འོག་མ་དེ་དག་གི་དོན་རྣལ་མ་རྟོགས་པར་བསྟན་པ་ནི། རྩལ་རྫོགས་ལས། དཀྱིལ་འཁོར་གཅིག་ལ་དོན་བརྗོད་པ། །གསང་སྔགས་གཅིག་ལ་འཁྱེར་སོ་དགུ། །དེ་ཡང་རྣམ་པ་ཙམ་དུ་སྣང་། །རིམ་པ་དགུ་ཡིས་ངོ་བོ་ཡི། །རང་བྱུང་ཡེ་ ཤེས་དོན་མ་རྟོགས། །སྣང་བའི་རང་བཞིན་སྣང་བ་ལ། །དོན་དམ་དང་ནི་ཀུན་རྫོབ་གཉིས། །ཐ་དད་མ་ཡིན་གཅིག་གི་ངང་། །ཡེ་ནས་རྟོགས་པའི་ངོ་གང་ལ། །མཚན་མའི་རྣམ་རྟོག་ཅི་བྱུང་བ། །ཐམས་ཅད་ཡེ་ཤེས་རོལ་པ་ཙམ། །རིག་པ་གཅིག་ ལ་དོན་བརྗོད་པ། །སྐུ་གསུམ་རྒྱལ་བའི་ངོ་བོར་སྣང་། །སྐུ་ལས་ཡེ་ཤེས་ཆོ་འཕྲུལ་འབྱུང་། །སྣང་དང་མི་སྣང་ཆོས་མ་ཡིན། །རྟོགས་དང་མ་རྟོགས་མཐའ་ལས་གྲོལ། །སྣང་བའི་ཡེ་ཤེས་ངོ་བོར་གནས། །འབྱུང་བ་རྡོ་རྗེ་རྐྱེན་གྱི་བདག ། ཅེས་སོ། །ད་ནི་རང་བྱུང་གི་ཡེ་ཤེས་དང་གཞན་བྱུང་གི་རྟོག་ཚོགས་གཉིས་མ་ཕྱེད་པའི་རྨོངས་པ་བཟློག་པ་ནི། དིང་སང་ཨ་ཏིར་རློམ་པའི་གླང་ཆེན་དག །འགྱུ་འཕྲོའི་རྟོག་ཚོགས་བྱང་ཆུབ་སེམས་ཡིན་ལོ། །རྨོངས་པ་འདི་ཀུན་མུན་པའི་ཀློང་ཉིད་དང་། ། རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་རིང་། །རྩལ་དང་རྩལ་ལས་ཤར་བའང་མི་ཤེས་ན། །བྱང་ཆུབ་སེམས་ཀྱི་ངོ་བོ་སྨོས་ཅི་དགོས། །ཐེག་པ་འདིར་མོས་པ་ཙམ་དང་ལྡན་ཡང་ལེགས་པར་མཐོང་བའི་སྐལ་བ་ནི་སྐྲའི་ཉག་མ་ལ་བརྒྱར་བགོས་པའི་ཆ་ཙམ་ ཡང་མེད་ལ། ཀུན་དུ་མ་བརྟགས་པའི་གཏི་མུག་གིས་ལུས་བསྒྱིངས་ཤིང་། ཕྲག་དོག་དང་ལོག་པར་རྟོགས་པའི་གསེར་གྱི་དྲ་བས་གདོང་བརྒྱན་པ། གླང་པོའི་ངང་ཚུལ་ཅན་གྱི་ཡེ་ཤེས་པར་རློམ་ལ་ཁ་གསག་དང་ལྡན་པ་ཁ་ཅིག་དག་རང་ཡང་ཉོན་མོངས་པ་དང་ གཏི་མུག་དང་ལོག་པའི་ལམ་དུ་ཞུགས་པར་མ་ཟད། ཐར་པར་ཕྱོགས་པའི་སྐྱེ་བོ་བསོད་ནམས་ཆུང་ངུ་འཕྲད་པར་ཉེས་པ་དག་དང་འཕྲད་པ་ཀུན་ལ་འདི་སྐད་དུ་འདོམས་ཏེ། གང་ཤར་ཆོས་སྐུའི་རང་བཞིན། རྟོག་པ་ཟང་མ་འདི་ཉིད་རང་བྱུང་གི་ཡེ་ཤེས་སོ་ཞེས་པ་དང་། ཏིང་འཛིན་

[p. 73] ཡིན་བཞིན་མ་རིག་ཡིད། །ཅེས་པ་ལ་སོགས་པས་འགྲོ་བ་བསླུ་བའི་བཅོས་མ་ཉེ་བར་སྟོན་པས། གཞན་ལ་མེད་པའི་ཟབ་ཆོས་སུ་འཆད་པ་དག་མཐོང་སྟེ། འདི་ནི་ཐེག་པ་འདིའི་ཆོམ་རྐུན་པ་ཞིག་དིང་སང་བྱུང་བར་ཟད་མོད། འདི་ལྟར་རང་བྱུང་གི་ཡེ་ཤེས་ལས་ཐུགས་རྗེའི་རྩལ་གཡོས་ཏེ། ཡུལ་ལ་ཤར་བའི་ཤེས་པ་དེ་ཉིད་ལ་རྩལ་ལས་ཤར་བའི་རོལ་པ་ཞེས་བཤད་ཀྱི། རང་བྱུང་གི་ཡེ་ཤེས་མ་ཡིན་ཏེ། ཡུལ་ཡོད་མེད་ཀྱི་རྗེས་སུ་བྱེད་པའི་ཕྱིར་དང་། ཐབས་ཀྱིས་མ་ཟིན་ན་སྲིད་པར་འཇུག་པའི་ལས་དང་ཉོན་མོངས་སུ་བྱེད་པའི་ཕྱིར་དང་།རྟོག་པ་དང་དཔྱོད་པའི་རང་བཞིན་འཁོར་བའི་རང་ངོ་ལས་མ་འདས་པའི་ཕྱིར་རོ། །ཀུན་བྱེད་ལས་ཀྱང་། རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོག་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བས་རང་བྱུང་མིན། །ཞེས་སོ། །ཐུན་མོང་གི་ཐེག་པ་ལས་ཀྱང་། སེམས་དང་སེམས་བྱུང་ཁམས་གསུམ་པའི། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་བདེན་གཉིས་ལས་བཤད་པ་དང་། ཕྱོགས་ཀྱི་གླང་པོས་ཀྱང་། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཞེས་བཤད་པ་དང་འགལ་བ་ཉིད་དུ་སྣང་བའི་ཕྱིར་ལོག་པར་རྟོགས་པ་རྔམས་ཆེ་བ་ཉིད་དོ། །འདི་ལྟ་བུའི་འདོད་པ་ཐོས་པར་མི་བྱ་ན། རྗེས་སུ་ཕྱོགས་པ་ལྟ་ཅི་སྨོས་སོ། །འདིར་རང་བྱུང་གི་ཡེ་ཤེས་དེ་གང་ཡིན་ཞེ་ན་ལེགས་པར་བཤད་པ་ནི། འདིར་ནི་གདོད་ནས་དག་པའི་བྱང་ཆུབ་སེམས། །དོན་དམ་དབྱིངས་ཀྱི་ཆོས་ཉིད་བདེན་པ་ནི། །སྨྲ་བསམ་འདས་པས་ཤེས་རབ་ཕ་རོལ་ཕྱིན། །ངང་གིས་མི་གཡོ་རང་བཞིན་འོད་གསལ་ཞིང་། །འགྱུ་འཕྲོའི་སྤྲོས་དང་ཡེ་ནས་བྲལ་བ་ལ། །ངོ་བོ་ཞེས་བརྗོད་ཉི་མའི་སྙིང་པོ་འདྲ། །དེ་ཡི་རྩལ་ནི་འཆར་ཚུལ་མ་འགགས་པའི། །རིག་པ་ཟང་ཐལ་རྟོག་དཔྱོད་གཉིས་དང་བྲལ། །སལ་གྱིས་གསལ་ཡང་གཟུང་འཛིན་མེད་པ་ཡིན། །རང་བྱུང་གི་ཡེ་ཤེས་ནི་རིག་པ་སྟོང་གསལ་

[p. 74] སྤྲོས་པ་དང་བྲལ་བ་ཤེལ་གོང་དག་པ་ལྟ་བུ་ཡུལ་ལ་མི་དཔྱོད་པའི་ངོ་བོར་སྐྱེས་པ་དེ་ཡིན་ལ། འཆར་གཞིའི་ཆར་གནས་ཀྱང་། རང་ངོ་ལ་ཤར་དང་མ་ཤར་མེད་པས་རང་གསལ་དུ་ལྷག་གེ། སྟོང་པར་བང་ངེ་། ཀ་དག་ཏུ་སངས་སེ་བ་འདི་ཡིན་ནོ། །དེའི་ངང་ལས་སྣ་ཚོགས་སུ་ཤར་བའི་ཆ་དེ་གཟུང་འཛིན་གྱི་སྤྲོས་པ་སྟེ། ཤར་བ་དེའི་རང་ངོ་རྗེན་སངས་སེ་བ་དེ་རིག་ཆ་ཡེ་ཤེས་སུ་གནས་པས། ཡུལ་ལ་རྟོག་པ་མ་ཡིན་པས་རང་བྱུང་གི་ཡེ་ཤེས་ཞེས་བྱའོ། །འདིར་ངོ་སྤྲད་ལ་མ་འཕྲོད་པ་ཀུན་ཤར་ཐོག་དེར་གློད་པ་དང་ལྟ་བ་དང་ངོས་འཛིན་ཏེ། རྟོག་པ་ཉིང་འཁྲུལ་ཞེས་བྱ་བས་གནད་མ་གོ་བ་ཡིན་ནོ། །ཤར་དུས་ནས་ཤར་ས་ཤར་མཁན་མེད་པའི་རིག་པ་རྗེན་སངས་སེ་བ་དེ་ཐུགས་རྗེ་འཆར་ཚུལ་མ་འགགས་པའི་ཡེ་ཤེས་སུ་གནས་པ་དེ་ངོས་བཟུང་བས། རྩ་བ་རང་བྱུང་ཡེ་ཤེས་སུ་རང་ས་ན་རྗེན་པར་གནས་པ་དེ་ཞར་ལ་ངོས་ཟིན་ནས། ངོ་བོ་དང་རང་རྩལ་གཉིས་སུ་མེད་པས་གཉིས་མེད་རང་བྱུང་གི་ཡེ་ཤེས་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཅེས་བྱ་སྟེ། རང་ཤར་ལས། རིག་པ་སྤྲོས་དང་བྲལ་བ་ལ། །འཁྲུལ་དང་མ་རིག་ག་ལ་ཡོད། །ཡེ་ཤེས་སེམས་དང་བྲལ་བ་ལ། །བག་ཆགས་དྲི་མ་ག་ལ་ཡོད། །ཅེས་པ་དང་། ཐལ་འགྱུར་ལས། མཚན་ཉིད་སྟོང་གསལ་རིག་པ་ལ། །རང་བཞིན་གང་དུ་མ་འདྲེས་པ། །གཟུང་དང་འཛིན་པའི་མཐའ་ཟད་དང་། །ཆོས་ཉིད་རང་ངོ་དག་པའོ། །ཞེས་པ་དང་། རྩལ་རྫོགས་ལས། ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐད་ཀར་བཅད་པའོ། །ཞེས་པ་དང་། ཀློང་དྲུག་པ་ལས། མཉམ་པ་ཆེན་པོའི་སེམས་ཉིད་ལ། །ཁྱབ་གདལ་ཆེན་པོའི་སྤྲུལ་སྣང་བས། །གཉིས་མེད་སྣང་བ་ཡེ་འབྲེལ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །མཚན་མ་མེད་པའི་སེམས་ཉིད་ལ། །ཆོས་རྣམས་གྲངས་སུ་སྣང་བ་ནི། །རང་གྲེལ་གཉིས་མེད་ཅེས་བྱ་བར། །ཀུན་དུ་

[p. 75] ༄༅། །བཟང་པོ་ང་ཡིས་བསྟན། བརྗོད་དུ་མེད་པའི་སེམས་ཉིད་ལ། །གླེང་གཞི་བྲལ་བའི་ཚིག་སྣང་བ། །སྨྲ་བ་སྔ་མ་ཡུལ་ལས་འདས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །བཙལ་དུ་མེད་པའི་སེམས་ཉིད་ལ། །རང་བྱུང་ཆེན་པོ་རང་སྣང་ བ། །རང་བྱུང་ཡེ་ཤེས་ཆེན་པོ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །དྲི་མ་མེད་པའི་སེམས་ཉིད་ལ། །ཡུལ་རྐྱེན་བྲལ་བའི་སྣང་བ་ནི། །རང་དག་ཆེན་པོའི་དགོངས་པ་ཞེས། །

[edit]
OCR of the BDRC scans (I3CN4267), gorn05 tibocr 2026: BDRC OCR on 226 pages, Mitra OCR on 175 pages (the model with more recognisable syllables on each page).

[p. 134] རྩོལ་སྒྲུབ་བྱེད་པ་ནི། །མ་ཧཱ་ཡོ་གར་གོལ་བར་བཤད། །ཨ་ནུ་དབྱེར་མེད་ས་འདོད་ པ༑ ༑དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །འདི་ལྟར་སྣང་བའི་ཆོས་རྣམས་ལ། ། རྒྱུ་ནི་དག་པའི་དབྱིངས་ལྟ་བ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་ལྟ། །ཨ་ཏི་ཡོ་ གའི་བདེ་ཆེན་ནི། །རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས་། །རྒྱུ་འབྲས་འདས་ལ་ ཨ་ནུས་བསྒྲིབས། །རྫོགས་ཆེན་རྒྱུ་འབྲས་གཉིས་ལྟ་ན། །ཨ་ནུ་ཡོ་གར་གོལ་བར་ བཤད། །ཅེས་གསུངས་སོ། །རང་ངོ་ཨ་ཏིའི་དགོངས་པ་ནི། བླང་དོར་བྱ་བརྩལ ༡ མེད་པའི་ཆོས་ཆེན ༡་ནི། །རང་བྱུང་ཡེ་ཤེས་བྱུང་ཆུབ་སེམས་ཉིད་ཀྱི། །ངོ་བོ་ཐད་ དྲང་ངང་ལས་མ་གཡོས་པར། །མངོན་དུ་བྱེད་པས་གཞན་དུ་རྩོལ་མི་དགོས། །རང་ ལ་བཞག་ནས་གཞན་དུ་འཚོལ་མི་བྱེད། །རྡོ་རྗེ་སྙིང་པོ་ལྷུན་གྱིས་གྲུབ་པ་འདིའི་ རང་གཞུང་ནི་རིག་པ་བཅོས་བསླད་མེད་པ་ཆོས་ཉིད་ཀྱི་ངང་ལས་མ་གཡོས་པ་ ཆོས་སྐུ་གཞིའི་སངས་རྒྱས་སུ་འདོད་པས། དེ་ལས་གཞན་དུ་བཙལ་ཡང་སངས་ རྒྱས་མི་རྙེད་ལ། སངས་རྒྱས་མིང་ཙམ་ལས་དོན་ལ་རིག་པ་འཕོ་འགྱུར་མེད་པའི་ངོ་ བོ་ཀློང་དུ་ཕེབས་པ་ཙམ་དུ་འདོད་དེ། ཁྱུང་ཆེན་ལས། རྒྱུ་མེད་རྐྱེན་དང་བྲལ་བའི་ རང་སྣང་སྒྲིབ་མེད་ཉིད། །རྩོལ་བྲལ་ཉག་གཅིག་སུས་ཀྱང་མ་བྱས་པའི། །ཡེ་ རྫོགས་སྙིང་པོ་ལྷུན་གྲུབ་ཡུལ་ལ་རོལ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ཅེས་པ་དང་། ཀུན་བྱེད་ལས། སངས་རྒྱས་ མ་བལྟ་རང་སེམས་བྱར་མེད་རྟོགས། །བརྟགས་ན་མེད་དེ་རང་རིག་ཡེ་ནས་ གསལ། །འདི་མིན་སྙམ་པའི་རྒྱུ་འབྲས་ཐེག་ཆེན་ལ། །སྤོང་འགེགས་སྦྱངས་པ་ བྱིན་རླབས་སྣ་ཚོགས་ཀྱིས། །རང་སེམས་ཆོས་ཉིད་བྱར་མེད་དེ་ལས་གོལ། །རང་

[p. 135] ༈ ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། གམ་བཞག་ནས་གཞན་མ་རྒྱང་དུ་འཚོལ། །བྱར་མེད་བདེ་བོར་རྩོལ་བ་དང་དུ་ ལེན། །ཚི་ཆད་ནད་དུ་དེ་ལས་ཆེ་བ་མེད། །ཅེས་སོ། །ཐེག་པ་གཉིས་ཀྱི་ཁྱད་པར་ བསྟན་པ་ནི། འདི་ནི་ཉི་མའི་ངོ་བོ་དེ་ཉིད་དོན། །རང་གཞག་འོད་གསལ་མི་གཡོ་ གནས་པར་འདོད། །གཞན་ནི་སྤྲིན་དང་མུན་སེལ་རྩོལ་སྒྲུབ་ཀྱིས། །ཉི་མ་གདོད་ གྲུབ་བྱེད་དང་མཚུངས་པར་བསྟན། །དེས་ན་འདི་གཉིས་ཁྱད་པར་གནམ་ས་ བཞིན། །ལྷུན་གྲུབ་རྡོ་རྗེ་སྙིང་པོ་འདི་ནི་རིག་པའི་ངོ་བོ་འདི་ཉིད་ཡེ་ནས་སངས་ རྒྱས་སུ་གྲུབ་ཟིན་པ་ཉི་མ་དངོས་སུ་ལྟར་ཡོད་པ་དང་འདྲ་ལ། གཞན་རྣམས་སྤྲིན་ དང་མུན་པ་བསལ་བའི་རྒྱུ་དང་རྐྱེན་ལས་གདོད་ཉི་མ་མཐོང་བར་འདོད་པ་ལྟར། རྒྱུ་རྐྱེན་རྩོལ་སྒྲུབ་བྱས་པའི་མཐར་སངས་རྒྱས་འགྲུབ་པར་འདོད་པ་སྟེ། ལྷུན་གྱིས་ གྲུབ་པ་དང་འགལ་བར་ཞུགས་པས་ཐེག་པ་དེ་དག་སོ་སོའི་གཞུང་ནང་འགལ་བ་སྟེ། དེས་ན་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་ད་ལྟ་ནས་སངས་རྒྱས་རང་བབས་སུ་ཡོད་ པ་དང་། མེད་པའི་ཁྱད་ཀྱིས་ཕྱེ་བ་སྟེ། འོག་མ་དེ་དག་གིས་དོན་རྣལ་མ་མ་རྟོགས་ པར་བསྟན་པ་ནི། རྩལ་རྫོགས་ལས། དཀྱིལ་འཁོར་གཅིག་ལ་དོན་བརྗོད་པ། ། གསང་སྔགས་གཅིག་ལ་འཁྱེར་སོ་དགུ། །དེ་ཡང་རྣམ་པ་ཙམ་དུ་སྣང་། །རིམ་པ་དགུ་ ཡིས་ངོ་བོ་ཡི། །རང་བྱུང་ཡེ་ཤེས་དོན་མ་རྟོགས། །སྣང་བའི་རང་བཞིན་སྣང་བ་ ལ༑ ༑དོན་དམ་དང་ནི་ཀུན་རྫོབ་གཉིས། །ཐ་དད་མ་ཡིན་གཅིག་གི་ངང་། །ཡེ་ནས་ རྟོགས་པའི་ངོ་གང་ལ། །མཚན་མའི་རྣམ་རྟོག་ཅི་བྱུང་བ། །ཐམས་ཅད་ཡེ་ཤེས་རོལ་ པ་ཙམ། །རིག་པ་གཅིག་ལ་དོན་བརྗོད་པ། སྐུ་གསུམ་རྒྱལ་བའི་ངོ་བོར་སྣང་། ། སྐུ་ལས་ཡེ་ཤེས་ཆོ་འཕྲུལ་འབྱུང་། །སྣང་དང་མི་སྣང་ཆོས་མ་ཡིན། །རྟོགས་དང་མ་ རྟོགས་མཐའ་ལས་གྲོལ། །སྣང་བའི་ཡེ་ཤེས་ངོ་བོར་གནས། །འབྱུང་བ་རྡོ་རྗེ་རྐྱེན་

[p. 136] ༈ ལེའུ་ལྔ་པ་རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པར་བསྟན་པ། གྱི་བདག །ཅེས་སོ། །ད་ནི་རང་བྱུང་གི་ཡེ་ཤེས་དང་གཞན་བྱུང་གི་རྟོག་ཚོགས་ གཉིས་མ་ཕྱེད་པའི་རྨོངས་པ་བཟློག་པ་ནི། དེང་སང་ཨ་ཏིར་རློམ་པའི་གླང་ཆེན་ དག །འགྱུ་འཕྲོའི་རྟོག་ཚོགས་བྱང་ཆུབ་སེམས་ཡིན་ལོ། །རྨོངས་པ་འདི་ཀུན་མུན་ པའི་ཀློང་ཉིད་དང་། །རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་རིང་། །རྩལ་དང་ རྩལ་ལས་ཤར་བའང་མི་ཤེས་ན། །བྱང་ཆུབ་སེམས་ཀྱི་ངོ་བོ་སྨོས་ཅི་དགོས། །ཐེག་ པ་འདིར་མོས་པ་ཙམ་དང་ལྡན་ཡང་ལེགས་པར་མཐོང་བའི་སྐལ་བ་ནི་སྐྲའི་ཉག་མ་ ལ་བརྒྱར་བགོས་པའི་ཆ་ཙམ་ཡང་མེད་ལ། ཀུན་ཏུ་མ་བརྟགས་པའི་གཏི་མུག་གིས་ ལུས་བསྒྱིངས་ཤིང་། ཕྲག་དོག་དང་ལོག་པར་རྟོག་པའི་གསེར་གྱི་དྲ་བས་གདོང་ བརྒྱན་པ། གླང་པོའི་ངང་ཚུལ་ཅན་གྱི་ཤེས་པར་རློམ་ལ་ཁ་གསག་དང་ལྡན་པ་ཁ་ ཅིག་དག་རང་ཡང་ཉོན་མོངས་པ་དང་གཏི་མུག་དང་ལོག་པའི་ལམ་དུ་ཞུགས་པར་ མ་ཟད། ཐར་པར་ཕྱོགས་པའི་སྐྱེ་བོ་བསོད་ནམས་ཆུང་ངུ་འཕྲད་པར་ཉེས་པ་དག་ དང་འཕྲད་པ་ཀུན་ལ་འདི་སྐད་དུ་འདོམས་ཏེ། གང་ཤར་ཆོས་སྐུའི་རང་བཞིན། རྟོག་པ་ཟང་མ་འདི་ཉིད་རང་བྱུང་གི་ཡེ་ཤེས་སོ་ཞེས་པ་དང་། ཏིང་འཛིན་ཡིན་ བཞིན་མ་རིག་ཡིད། །༧ཅེས་པ་ལ་སོགས་པས་འགྲོ་བ་བསླུ་བའི་བཅོས་མ་ཉེ་བར་ སྟོན་པས། གཞན་ལ་མེད་པའི་ཟབ་ཆོས་སུ་འཆད་པ་དག་མཐོང་སྟེ། འདི་ནི་ཐེག་ པ་འདིའི་ཆོམ་རྐུན་པ་ཞིག་དེང་སང་བྱུང་བར་ཟད་མོད། འདི་ལྟར་རང་བྱུང་གི་ཡེ་ ཤེས་ལས་ཐུགས་རྗེའི་རྩལ་གཡོས་ཏེ། ཡུལ་ལ་ཤར་བའི་ཤེས་པ་དེ་ཉིད་ལ་རྩལ་ ལས་ཤར་བའི་རོལ་པ་ཞེས་བཤད་ཀྱི། རང་བྱུང་གི་ཡེ་ཤེས་མ་ཡིན་ཏེ། ཡུལ་ཡོད་ མེད་ཀྱི་རྗེས་སུ་བྱེད་པའི་ཕྱིར་དང་། ཐབས་ཀྱིས་མ་ཟིན་ན་སྲིད་པར་འཇུག་པའི་ ལས་དང་ཉོན་མོངས་སུ་བྱེད་པའི་ཕྱིར་དང་།རྟོག་པ་དང་དཔྱོད་པའི་རང་བཞིན་

[p. 137] ༈ ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། འཁོར་བའི་རང་ངོ་ལས་མ་འདས་པའི་ཕྱིར་རོ། །ཀུན་བྱེད་ལས་ཀྱང་། རང་བྱུང་ཡེ་ ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོག་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བས་རང་བྱུང་ མིན། །ཞེས་སོ། །ཐུན་མོང་གི་ཐེག་པ་ལས་ཀྱང་། སེམས་དང་སེམས་བྱུང་ཁམས་ གསུམ་པའི། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་བདེན་གཉིས་ལས་བཤད་ པ་དང་། ཕྱོགས་ཀྱི་གླང་པོས་ཀྱང་། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་ མཚོར་ལྷུང་༧བྱེད་ཡིན། །ཞེས་བཤད་པ་དང་འགལ་བ་ཉིད་དུ་སྣང་བའི་ཕྱིར་ལོག་ པར་རྟོག་པ་རྔམས་ཆེ་བ་ཉིད་དོ། །འདི་ལྟ་བུའི་འདོད་པ་ཐོས་པར་ཡང་མི་བྱ་ན། རྗེས་སུ་ཕྱོགས་པ་ལྟ་ཅི་སྨོས་སོ། །འདིར་རང་བྱུང་གི་ཡེ་ཤེས་དེ་གང་ཡིན་ཞེ་ན་ ལེགས་པར་བཤད་པ་ནི། འདིར་ནི་གདོད་ནས་དག་པའི་བྱང་ཆུབ་སེམས། །དོན་ དམ་དབྱིངས་ཀྱི་ཆོས་ཉིད་བདེན་པ་ནི། །སྨྲ་བསམ་འདས་པས་ཤེས་རབ་ཕ་རོལ་ ཕྱིན། །ངང་གིས་མི་གཡོ་རང་བཞིན་འོད་གསལ་ཞིང་། །འགྱུ་འཕྲོའི་སྤྲོས་དང་ཡེ་ ནས་བྲལ་བ་ལ། །ངོ་བོ་ཞེས་བརྗོད་ཉི་མའི་སྙིང་པོ་འདྲ། །དེ་ཡི་རྩལ་ནི་འཆར་ཚུལ་ མ་འགགས་པའི། །རིག་པ་ཟང་ཐལ་རྟོག་དཔྱོད་གཉིས་དང་བྲལ། །སལ་གྱིས་ གསལ་ཡང་གཟུང་འཛིན་མེད་པ་ཡིན། །རང་བྱུང་གི་ཡེ་ཤེས་ནི་རིག་པ་སྟོང་ གསལ་སྤྲོས་པ་དང་བྲལ་བ་ཤེལ་གོང་དག་པ་ལྟ་བུ་ཡུལ་ལ་མི་དཔྱོད་པའི་ངོ་བོར་ སྐྱེས་པ་དེ་ཡིན་ལ། འཆར་གཞིའི་ཆར་གནས་ཀྱང་། རང་ངོ་ལ་ཤར་དང་མ་ཤར་ མེད་པས་རང་གསལ་དུ་ལྷག་གེ་སྟོང་པར་ཟང་ངེ་། ཀ་དག་ཏུ་སངས་སེ་བ་འདི་ ཡིན་ནོ། །དེའི་ངང་ལས་སྣ་ཚོགས་སུ་ཤར་བའི་ཆ་དེ་གཟུང་འཛིན་གྱི་སྤྲོས་པ་སྟེ། ཤར་བ་དེའི་རང་ངོ་རྗེན་སངས་སེ་བ་དེ་རིག་ཆ་ཡེ་ཤེས་སུ་གནས་པས། ཡུལ་ལ་ རྟོག་པ་མ་ཡིན་པས་རང་བྱུང་གི་ཡེ་ཤེས་ཞེས་བྱའོ། །འདིར་ངོ་སྤྲད་ལ་མ་འཕྲོད་པ་

[p. 138] ། ལེའུ་ལྔ་པ་རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པར་བསྟན་པ། ཀུན་ཤར་ཐོག་དེར་གློད་པ་ལ་ལྟ་བར་ངོས་འཛིན་ཏེ། རྟོག་པ་ཉིང་འཁྲུལ་ཞེས་བྱ་ བའི་གནད་མ་གོ་བ་ཡིན་ནོ། །ཤར་དུས་ནས་ཤར་ས་ཤར་མཁན་མེད་པའི་རིག་པ་ རྗེན་སངས་སེ་བ་དེ་ཐུགས་རྗེ་འཆར་ཚུལ་མ་འགགས་པའི་ཡེ་ཤེས་སུ་གནས་པ་དེ་ ངོས་བཟུང་བས། རྩ་བ་རང་བྱུང་ཡེ་ཤེས་སུ་རང་ས་ན་རྗེན་པར་གནས་པ་དེ་ཞར་ ལ་ངོས་ཟིན་ནས། ངོ་བོ་དང་རང་རྩལ་གཉིས་སུ་མེད་པས་གཉིས་མེད་རང་བྱུང་གི་ ཡེ་ཤེས་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཅེས་བྱ་སྟེ། རང་ཤར་ལས། རིག་པ་སྤྲོས་ དང་བྲལ་བ་ལ། །འཁྲུལ་དང་མ་རིག་ག་ལ་ཡོད། །ཡེ་ཤེས་སེམས་དང་བྲལ་བ་ ལ༑ ༑བག་ཆགས་དྲི་མ་ག་ལ་ཡོད། །ཅེས་པ་དང་། ཐལ་འགྱུར་ལས། མཚན་ཉིད་ སྟོང་གསལ་རིག་པ་ལ། །རང་བཞིན་གང་དུ་མ་འདྲེས་པ། །གཟུང་དང་འཛིན་པའི་ མཐའ་ཟད་དང་། །ཆོས་ཉིད་རང་ངོ་དག་པའོ། །ཞེས་པ་དང་། རྩལ་རྫོགས་ལས། ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་ འོངས་ཡུལ། །སྣང་བ་ཐད་ཀར་བཅད་པའོ། །ཞེས་པ་དང་། ཀློང་དྲུག་པ་ལས། མཉམ་པ་ཆེན་པོའི་སེམས་ཉིད་ལ། །ཁྱབ་གདལ་ཆེན་པོའི་སྤྲུལ་༧སྣང་བས། ། གཉིས་མེད་སྣང་བ་ཡེ་འབྲེལ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །མཚན་མ་ མེད་པའི་སེམས་ཉིད་ལ། །ཆོས་རྣམས་གྲངས་སུ་སྣང་བ་ནི། །རང་གྲོལ་གཉིས་ མེད་ཅེས་བྱ་བར། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བརྗོད་དུ་མེད་པའི་སེམས་ ཉིད་ལ། །གླེང་གཞི་བྲལ་བའི་ཚིག་སྣང་བ། །སྨྲ་བསམ་ཡུལ་ལས་འདས་པ་ ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བཙལ་དུ་མེད་པའི་སེམས་ཉིད་ལ། ། རང་བྱུང་ཆེན་པོ་རང་སྣང་བ། །རང་བྱུང་ཡེ་ཤེས་ཆེན་པོ་ཞེས། །ཀུན་ཏུ་བཟང་པོ་ང་ ཡིས་བསྟན། །དྲི་མ་མེད་པའི་སེམས་ཉིད་ལ། །ཡུལ་རྐྱེན་བྲལ་བའི་སྣང་བ་ནི། །

[p. 139] ༈ ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། རང་དག་ཆེན་པོའི་དགོངས་པ་ཞེས། །

[edit]
OCR of the BDRC scans (I3CN14273), gorn05 tibocr 2026: BDRC OCR on 317 pages, Mitra OCR on 187 pages (the model with more recognisable syllables on each page).

[p. 147] སྒྲུབ་བྱེད་པ་ནི། །མཧཱ་ཡོ་གར་གོལ་བར་བཤད། །ཨོཾ་ནུ་དབྱེ་མེད་ས་འདོད་པ། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །འདི་ལྟར་སྣང་བའི་ཆོས་རྣམས་ལ། །རྒྱུ་ནི་དག་པའི་དབྱིངས་ལྟ་བ། །འབྲས་བུ་ ཡེ་ཤེས་དཀྱིལ་འཁོར་ལྟ། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས། །རྒྱུ་འབྲས་འདས་ལ་ཨ་ནུས་བསྒྲིབས། །རྫོགས་ཆེན་རྒྱུ་འབྲས་གཉིས་ལྟ་ན། །ཨ་ནུ་ཡོ་གར་གོལ་བར་ བཤད། །ཅེས་གསུངས་སོ། །རང་ངོ་ཨ་ཏིའི་དགོངས་པ་ནི། །བླང་དོར་བྱ་བཙལ་མེད་པའི་ཆོས་ཆེན་ནི། །རང་བྱང་ཡེ་ཤེས་བྱང་ཆུབ་སེམས་ཉིད་ཀྱི། །ངོ་བོ་ཐད་དྲང་ངང་ལས་མ་གཡོས་པར། །མངོན་དུ་ བྱེད་པས་གཞན་དུ་རྩོལ་མི་དགོས། །རང་ལ་བཞག་ནས་གཞན་དུ་ཚོལ་མི་བྱེད། །རྡོ་རྗེ་སྙིང་པོ་ལྷུན་གྱིས་གྲུབ་པ་འདིའི་རང་གཞུང་ནི་རིག་པ་བཅོས་བསླད་མེད་པ་ཆོས་ཉིད་ཀྱི་ངང་ལས་མ་གཡོས་ པ་ཆོས་སྐུ་གཞིའི་སངས་རྒྱས་སུ་འདོད་པས། དེ་ལས་གཞན་དུ་བཙལ་ཡང་སངས་རྒྱས་མི་རྙེད་ལ། སངས་རྒྱས་མིང་ཙམ་ལས་དོན་ལ་རིག་པ་འཕོ་འགྱུར་མེད་པའི་ངོ་བོ་ཀླད་དུ་འབྲས་པ་ཙམ་དུ་

[p. 148] འདོད་དེ། ཁྱུང་ཆེན་ལས། རྒྱུ་མེད་རྐྱེན་དང་བྲལ་བའི་རང་སྣང་སྒྲིབ་མེད་ཉིད། །རྩོལ་བྲལ་ཉག་གཅིག་སུས་ཀྱང་མ་བྱས་པའི། །ཡེ་རྫོགས་སྙིང་པོ་ལྷུན་གྲུབ་ཡུལ་ལ་རོལ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ཅེས་པ་དང་། ཀུན་བྱེད་ལས། སངས་རྒྱས་མ་བལྟ་རང་སེམས་བྱར་མེད་རྟོགས། །བརྟགས་ན་མེད་དེ་རང་རིག་ཡེ་ནས་གསལ། །འདི་མིན་སྙམ་པའི་རྒྱུ་འབྲས་ཐེག་ ཆེན་ལ། །སྤོང་འགེགས་སྦྱངས་པ་བྱིན་རླབས་སྣ་ཚོགས་ཀྱིས། །རང་སེམས་ཆོས་ཉིད་བྱར་མེད་དེ་ལས་གོལ། །རང་གི་བཞག་ནས་གཞན་མ་རྒྱང་ང་འཚོལ། །བྱར་མེད་བདེ་བོར་རྩོལ་བ་དང་དུ་ལེན། །ཆི་ཆང་ ནད་དུ་དེ་ལས་ཆེ་བ་མེད། །ཅེས་སོ། །ཐེག་པ་གཉིས་ཀྱི་ཁྱད་པར་བསྟན་པ་ནི། །འདི་ནི་ཉི་མའི་ངོ་བོ་དེ་ཉིད་དོན། །རང་གཞག་འོད་གསལ་མི་གཡོ་གནས་བར་འདོད། །གཞན་ནི་སྤྲིན་དང་མུན་སེལ་རྩོལ་སྦུབ་ ཀྱིས། །ཉི་མ་གདོད་གྲུབ་བྱེད་དང་མཚུངས་པར་བསྟན། །དེས་ན་འདི་གཉིས་ཁྱད་པར་གནམ་ས་བཞིན། ལྷུན་གྲུབ་རྡོ་རྗེ་སྙིང་པོ་འདི་ནི་རིག་པའི་ངོ་བོ་འདི་ཉིད་ཡེ་ནས་སངས་རྒྱས་སུ་གྲུབ་ཟིན་པ་ཉི་མ་ དངོས་སུ་ལྟར་ཡོད་པ་དང་འདྲ་ལ། །གཞན་རྣམས་སྤྲིན་དང་མུན་པ་བསལ་བའི་རྒྱུ་དང་རྐྱེན་ལས་གདོད་ཉི་མ་མཐོང་བར་འདོད་པ་ལྟར། རྒྱུ་རྐྱེན་རྩོལ་སྒྲུབ་བྱས་པའི་མཐར་སངས་རྒྱས་འགྲུབ་པར་འདོད་པ་སྟེ། ལྷུན་གྱིས་གྲུབ་

[p. 149] ༄༅། །རིམ་པ་ལ་ཐེག་པ་དང་འགལ་བ་སྣ་ཞུགས་པས་ཐེག་པ་དེ་དག་སོ་སོའི་གཞུང་ནང་འགལ་བ་སྟེ། དེས་ན་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་ད་ལྟ་ནས་སངས་རྒྱས་རང་བབས་སུ་ཡོད་པ་དང་། མེད་པའི་ཁྱད་ ཀྱིས་ཕྱེ་བ་སྟེ། འོག་མ་དེ་དག་གི་དོན་རྣལ་མ་རྟོགས་པར་བསྟན་པ་ནི། རྩལ་རྫོགས་ལས། དཀྱིལ་འཁོར་གཅིག་ལ་དོན་བརྗོད་པ། །གསང་སྔགས་གཅིག་ལ་འཁྱེར་སོ་དགུ། །དེ་ཡང་རྣམ་པ་ཙམ་དུ་སྣང་། ། ཟིམ་པ་དགུ་ཡིས་ངོ་བོ་ཡི། །རང་བྱུང་ཡེ་ཤེས་དོན་མ་རྟོགས། །སྣང་བའི་རང་བཞིན་སྣང་བ་ལ། །དོན་དམ་དང་ནི་ཀུན་རྫོབ་གཉིས། །ཐ་དད་མ་ཡིན་གཅིག་གི་དང་། །ཡེ་ནས་རྟོགས་པའི་བོ་གང་ལ། །མཚན་ མའི་རྣམ་རྟོག་ཅི་བྱུང་བ། །ཐམས་ཅད་ཡེ་ཤེས་རོལ་པ་ཙམ། །རིག་པ་གཅིག་ལ་དོན་བརྗོད་པ། །སྐུ་གསུམ་རྒྱལ་བའི་ངོ་བོར་སྣང་། །སྐུ་ལས་ཡེ་ཤེས་ཆོ་འཕྲུལ་འབྱུང་། །སྣང་དང་མི་སྣང་ཆོས་མ་ཡིན། ། རྟོགས་དང་མ་རྟོགས་མཐའ་ཡས་གྲོལ། །སྣང་བའི་ཡེ་ཤེས་ངོ་བོར་གནས། །འབྱུང་བ་རྡོ་རྗེ་རྐྱེན་གྱི་བདག། །ཅེས་སོ། །ད་ནི་རང་བྱུང་གི་ཡེ་ཤེས་དང་གཞན་བྱུང་གི་རྟོག་ཚོགས་གཉིས་མ་ཕྱེད་པའི་ རྨོངས་པ་བཟློག་པ་ནི། དིང་སང་ཨ་ཏིར་རྨོལ་པའི་གླང་ཆེན་དག། འགྱུ་འཕྲོའི་རྟོག་ཚོགས་བྱང་ཆུབ་སེམས་ཡིན་ལོ། །རྨོངས་པ་འདི་ཀུན་མུན་པའི་ཀློང་ཉིད་དང་། །རང་བཞིན་རྫོགས་པ་ཆེན་པོའི་

[p. 150] དོན་ལ་རིང་། །རྩལ་དང་རྩལ་ལས་ཤར་བའང་མི་ཤེས་ན། །བྱང་ཆུབ་སེམས་ཀྱི་ངོ་བོ་སྨོས་ཅི་དགོས། །ཐེག་པ་འདིར་མོས་པ་ཙམ་དང་ལྡན་ཡང་ལེགས་པར་མཐོང་བའི་སྐལ་བ་ནི་སྐྲའི་ཉག་མ་ལ་བརྒྱར་བགོས་ པའི་ཆ་ཙམ་ཡང་མེད་ལ། ཀུན་དུ་མ་བརྟགས་པའི་གཏི་མུག་གིས་ལུས་བསྒྱིངས་ཤིང་། ཕྲག་དོག་དང་ལོག་པར་རྟོགས་པའི་གསེར་གྱི་དྲྭ་བས་གདོང་བརྒྱན་པ། གླང་པོའི་ངང་ཚུལ་ཅན་གྱི་ཤེས་པར་རློམ་ ལ་ཁ་ས་གླ་དང་ལྡན་པ་ཁ་ཅིག་དག་རང་ཡང་ཉོན་མོང་པ་དང་གཏི་མུག་དང་ལོག་པའི་ལམ་དུ་ཞུགས་པར་མ་ཟད། ཐར་པར་ཕྱོགས་པའི་སྐྱེ་བོ་བསོད་ནམས་ཆུང་དུ་འཕྲད་པར་ཉེས་པ་དག་དང་འཕྲད་ པ་ཀུན་ལ་འདི་སྐད་དུ་འདོམས་ཏེ། གང་ཤར་ཆོས་སྐུའི་རང་བཞིན། རྟོག་པ་ཟང་མ་འདི་ཉིད་རང་བྱུང་གི་ཡེ་ཤེས་སོ་ཞེས་པ་དང་། ཏིང་འཛིན་ཡིན་བཞིན་མ་རིག་ཡིད། །ཅེས་པ་ལ་སོགས་པས་འགྲོ་ བ་བསླུ་བའི་བཅོས་མ་ཉེ་བར་སྟོན་པས། གཞན་ལ་མེད་པའི་ཟབ་ཆོས་སུ་འཆད་པ་དག་མཐོང་སྟེ། འདི་ནི་ཐེག་པ་འདིའི་ཆོམ་རྐུན་པ་ཞིག་དེང་སང་བྱུང་བར་ཟད་མོད། འདི་ལྟར་རང་བྱུང་གི་ཡེ་ཤེས་ལས་ ཐུགས་རྗེའི་རྩལ་གཡོས་ཏེ། ཡུལ་ལ་ཤར་བའི་ཤེས་པ་དེ་ཉིད་ལ་རྩལ་ལས་ཤར་བའི་རོལ་པ་ཞེས་བཤད་ཀྱི། རང་བྱུང་གི་ཡེ་ཤེས་མ་ཡིན་ཏེ། ཡུལ་ཡོད་མེད་ཀྱི་རྗེས་སུ་བྱེད་པའི་ཕྱིར་དང་། ཐབས་ཀྱིས་མ་ཟིན་

[p. 151] ༄༅། །ན་སྲིད་པས་འཇུག་པའི་ལས་དང་ཉོན་མོངས་སུ་བྱེད་པའི་ཕྱིར་དང་། རྟོག་པ་དང་དཔྱོད་པའི་རང་བཞིན་འཁོར་བའི་རང་ངོ་ལས་མ་འདས་པའི་ཕྱིར་རོ། །ཀུན་བྱེད་ལས་ཀྱང་ རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོག་པའི་ཡེ་ཤེས་དང་། །ཡུལ་ལས་བྱུང་བས་རང་བྱུང་མིན། །ཞེས་སོ། །ཐར་མོད་ཀྱི་ཐེག་པ་ལས་ཀྱང་། །ཡེ་ཤེས་དང་སེམས་བྱུང་ཐམས་ཅད་སྣང་ པའོ། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་བདེན་གཉིས་ལས་བཤད་པ་དང་། །ཕྱོགས་ཀྱི་གླང་གོས་ཀྱང་། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོ་རྟ་ཕྱེད་ཡིན། །ཞེས་ བཤད་པ་དང་འགལ་བ་ཉིད་དུ་སྣང་བའི་ཕྱིར་ལོག་པར་རྟོགས་པ་རྣམས་ཆེ་བའི་མཛོད། །འདི་ལྟ་བུའི་འདོད་པ་ཐོས་པར་མི་བྱ་ན། །རྗེས་སུ་ཕྱོགས་པ་ལྟ་ཅི་སྨོས་སོ། །འདིར་རང་བྱུང་གི་ཡེ་ཤེས་དེ་གང་ཡིན་ཞེ་ ན་ལེགས་པར་བཤད་པ་ནི། འདིར་ནི་གང་ཞེ་ན་ས་དག་པའི་ཀྱང་ཆུབ་སེམས། །དོན་དམ་དཔྱད་པ་ཕྱི་ཆོས་ཉིད་འདོན་པ་ནི། །སྒྲོ་བསམ་འདས་པས་ཤེས་རབ་ཁ་རོལ་ཕྱིན། །རང་གིས་མི་གཡོ་རང་བཞིན་འོད་ གསལ་ཞིང་། །འགྱུ་འཕྲོའི་སྤྲོས་དང་ཡེ་ནས་བྲལ་བའམ། །ཇོ་བོ་ཞེས་བརྗོད་ཉི་མའི་སྙིང་པོ་འདྲ། །དེ་ཡི་རྩལ་ནི་འཆར་ཚུལ་མི་འགགས་པའི། །རིག་པ་བྱུང་ཐལ་རྟོག་དཔྱོད་གཉིས་དང་བྲལ། །སལ་གྱིས་

[p. 152] གསལ་ཡང་གཟུང་འཛིན་མེད་པ་ཡིན། །རང་བྱུང་གི་ཡེ་ཤེས་མི་རྟག་པ་སྟོང་གསལ་སྤྲོས་པ་དང་བྲལ་བ་ཤེས་པ་ཐོང་དག་པ་ལྟ་བུ་ཡུལ་ལ་མི་དཔྱོད་པའི་ངོ་བོར་སྐྱེས་པ་དེ་ཡིན་ལ། འཆད་པའི་མི་ཆ་མཉན་སྐྱེས་ རང་ངོ་ལ་ཤར་དང་མ་ཤར་མེད་པས་རང་གསལ་དུ་ལྷག་གི། སྟོང་པར་ཡང་དེ་ཀ་དག་ཏུ་སངས་སེ་བ་འདི་ཡིན་ནོ། །དེའི་ངང་ལས་སྐུ་ཚེ་གསུམ་ཤར་བའི་ཆ་དེ་བཟུང་འཛིན་གྱི་སྤྲོས་པ་སྟེ། ཤར་བ་དེ་ལ་རང་རྡོ་རྗེ་ སངས་སེ་བ་དེ་རེག་ཆ་ཡེ་ཤེས་སུ་གནས་པས་ཡུལ་ལ་རྟོག་པ་མ་ཡིན་པས་རང་བྱུང་གི་ཡེ་ཤེས་ཞེས་བྱའི། འདིར་ངོ་སྤྲོད་པ་ལ་འཁོར་བ་ཀུན་ཤར་ཐོག་ཏེར་སྨོན་པ་དང་ལྟ་བ་དང་ངས་འཐོན་ཤ་རྟོག་པ་ཉིད་ འཁྲུལ་ཞེས་བྱ་བས་གནད་མ་ཐོ་བ་ཡིན་ནོ། །ཤར་དུས་ནས་ཤེས་ན་ཤར་མཁན་མེད་པའི་རིག་པ་རྗེན་སངས་སེ་བ་དེ་ཐུབ་པ་ལྟ་བུ་ཆ་ཚུལ་མ་ལྷག་པ་ཕའི་ཡེ་ཤེས་སུ་ཀུནས་པ་དེ་ཇོས་འཁྲུང་བས། རྩ་བ་ རང་བྱུང་ཡེ་ཤེས་སུ་རང་ས་ན་རྗེན་པར་གནས་པ་དེ་ཞལ་མ་ལོས་ཟིན་ནས། ཚེ་འདིར་རང་རྩལ་གཉིས་སུ་མེད་པས་གཉིས་མེད་པར་བྱུང་གི་ཡེ་ཤེས་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཅེས་བྱ་སྟེ། རང་ཤར་ལས་རེག་ པ་སྤྲོས་དང་བྲལ་བ་ལ། །འཁྲུལ་དང་མ་རིག་ལྷ་ཡོད། །ཡེ་ཤེས་སེམས་དང་བྲལ་བ་འདི། །ཐག་ཆགས་ཇི་ལྟ་ལྟ་ཡོད། །ཅེས་པ་དང་། རལ་འགྱུར་ལས། མཚན་ཉིད་སྟོང་གསལ་རིག་པ་ལ། །རང་བཞིན་

[p. 153] ༄༅། །གང་དུ་མ་འདྲེས་པ། །གཟུང་དུ་འཛིན་པའི་མཐའ་ཟད་དང་། །ཆོས་ཉིད་རང་ངོ་དག་པའོ། །ཞེས་པ་དང་། རྩལ་རྫོགས་ལས། ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། ། འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐ་དཀར་བཅད་པའོ། །ཞེས་པ་དང་། གློང་དྲུག་པ་ལས། མཉམ་པ་ཆེན་པོའི་སེམས་ཉིད་ལ། །ཁྱབ་གདལ་ཆེན་པོའི་ཡུལ་སྣང་ལས། །གཉིས་མེད་ སྣང་བ་ཡེ་འབྲེལ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །མཚན་མ་མེད་པའི་སེམས་ཉིད་ལ། །ཆོས་རྣམས་གྲངས་སུ་སྣང་བ་ནི། །རང་གྲོལ་གཉིས་མེད་ཅེས་བྱ་བར། །ཀུན་དུ་བཟང་པོ་ང་ ཡིས་བསྟན། །བརྗོད་དུ་མེད་པའི་སེམས་ཉིད་ལ། །གླེང་གཞི་བྲལ་བའི་ཚིག་སྣང་བ། །སྨྲ་བསམ་ཡུལ་ལས་འདས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །བཙལ་དུ་མེད་པའི་སེམས་ཉིད་ལ། ། རང་བྱུང་ཆེན་པོ་རང་སྣང་བ། །རང་བྱུང་ཡེ་ཤེས་ཆེན་པོ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །དྲི་མ་མེད་པའི་སེམས་ཉིད་ལ། །ཡུལ་རྐྱེན་བྲལ་བའི་སྣང་བ་ནི། །རང་དག་ཆེན་པོའི་དགོངས་པ་ཞེས། །

[edit]
OCR of the BDRC scans (I1CZ2729), gorn05 tibocr 2026: BDRC OCR on 290 pages, Mitra OCR on 133 pages (the model with more recognisable syllables on each page).

[p. 97] རྫོགས་ཆེན་རྩོལ་སྒྲུབ་བྱེད་པ་ནི། །མ་ཧཱ་ཡོ་གར་གོལ་བར་བཤད། །ཨ་ནུ་དབྱེར་མེད་ས་ འདོད་པ། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །འདི་ལྟར་སྣང་བའི་ཆོས་རྣམས་ལ། །རྒྱུ་ནི་དག་པའི་དབྱིངས་ལྟ་བ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་ལྟ། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྒྱུ་འབྲས་འདས་པའི་ བྱང་ཆུབ་སེམས། །རྒྱུ་འབྲས་འདས་ལ་ཨ་ནུས་བསྒྲིབས། །རྫོགས་ཆེན་རྒྱུ་འབྲས་གཉིས་ལྟ་ན། །ཨ་ནུ་ཡོ་གར་གོལ་བར་བཤད། །ཅེས་གསུངས་སོ། །རང་ངོ་ཨ་ཏིའི་དགོངས་པ་ནི། །བླང་དོར་བྱ་བ་རྩལ་མེད་པའི་ཆོས་ཆེན་ ནི༑ །རང་བྱུང་ཡེ་ཤེས་བྱང་ཆུབ་སེམས་ཉིད་ཀྱི། །ངོ་བོ་ཐད་དྲང་ངང་ལས་མ་གཡོས་པར། །མངོན་དུ་བྱེད་པས་གཞན་དུ་རྩོལ་མི་དགོས། །རང་ལ་བཞག་ནས་གཞན་དུ་ཚོལ་མི་བྱེད། །རྡོ་རྗེ་སྙིང་པོ་ལྷུན་གྱིས་གྲུབ་པ་འདིའི་ རང་གཞུང་ནི་རིག་པ་བཅོས་བསླད་མེད་པ་ཆོས་ཉིད་ཀྱི་ངང་ལས་མ་གཡོས་པ་ཆོས་སྐུ་གཞིའི་སངས་རྒྱས་སུ་འདོད་པས། དེ་ལས་གཞན་དུ་བཙལ་ཡང་སངས་རྒྱས་མི་རྙེད་ལ། སངས་རྒྱས་མིང་ཙམ་ལས་དོན་ལ་རིག་པ་ འཕོ་འགྱུར་མེད་པའི་ངོ་བོ་ཀློང་དུ་ཕེབས་པ་ཙམ་དུ་འདོད་དེ། ཁྱུང་ཆེན་ལས། རྒྱུ་མེད་རྐྱེན་དང་བྲལ་བའི་རང་སྣང་སྒྲིབ་མེད་ཉིད། །རྩོལ་བྲལ་ཉག་གཅིག་སུས་ཀྱང་མ་བྱས་པའི། །ཡེ་རྫོགས་སྙིང་པོ་ལྷུན་གྲུབ་ཡུལ་ལ་

[p. 98] རོལ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ཅེས་པ་དང་། ཀུན་བྱེད་ལས། སངས་རྒྱས་མ་བ་ལྟ་རང་སེམས་བྱར་མེད་རྟོགས། །བརྟགས་ན་མེད་དེ་རང་རིག་ཡེ་ནས་གསལ། །འདི་མིན་སྙམ་པའི་རྒྱུ་འབྲས་ཐེག་ཆེན་ལ། །སྤོང་འགེགས་སྦྱངས་པ་བྱིན་རླབས་སྣ་ཚོགས་ཀྱིས། །རང་སེམས་ཆོས་ཉིད་བྱར་མེད་དེ་ལས་གོལ། །རང་ག་མ་བཞག་ནས་གཞན་མ་རྒྱང་དུ་འཚོལ། །བྱར་མེད་བདེ་བོར་རྩོལ་བ་དང་དུ་ལེན། །ཚི་ཆད་ནད་དུ་དེ་ལས་ཆེ་བ་མེད། །ཅེས་སོ། །ཐེག་པ་གཉིས་ཀྱི་ཁྱད་པར་བསྟན་པ་ནི། །འདི་ནི་ཉི་མའི་ངོ་བོ་དེ་ཉིད་དོན། །རང་གཞག་འོད་གསལ་མི་གཡོ་གནས་པར་འདོད། །གཞན་ནི་སྤྲིན་དང་མུན་སེལ་རྩོལ་སྒྲུབ་ཀྱིས། །ཉི་མ་གདོད་གྲུབ་བྱེད་དང་མཚུངས་པར་བསྟན། །དེས་ན་འདི་གཉིས་ཁྱད་པར་གནམ་ས་བཞིན། །ལྷུན་གྲུབ་རྡོ་རྗེ་སྙིང་པོ་འདི་ནི་རིག་པའི་ངོ་བོ་འདི་ཉིད་ཡེ་ནས་སངས་རྒྱས་སུ་གྲུབ་ཟིན་པ་ཉི་མ་དངོས་སུ་ལྟར་ཡོད་པ་དང་འདྲ་ལ། གཞན་རྣམས་སྤྲིན་དང་མུན་པ་བསལ་བའི་རྒྱུ་དང་རྐྱེན་ལས་གདོད་ཉི་མ་མཐོང་བར་འདོད་པ་ལྟར། རྒྱུ་རྐྱེན་རྩོལ་སྒྲུབ་བྱས་པའི་མཐར་སངས་རྒྱས་འགྲུབ་པར་འདོད་པ་སྟེ། ལྷུན་གྱིས་གྲུབ་པ་དང་འགལ་བར་ཞུགས་པས་ཐེག་པ་དེ་དག་སོ་སོའི་གཞུང་ནང་འགལ་བ་སྟེ། དེས་ན་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་ད་ལྟ་ནས་སངས་རྒྱས་རང་བབས་སུ་ཡོད་པ་དང་། མེད་པའི་ཁྱད་ཀྱིས་ཕྱེ་བ་སྟེ། འོག་མ་དེ་དག་གི་དོན་

[p. 99] ༄༅། །རྣ་ལ་མ་མ་རྟོགས་པར་བསྟན་པ་ནི། རྩལ་རྫོགས་ལས། དཀྱིལ་འཁོར་གཅིག་ལ་དོན་བརྗོད་པ། །གསང་སྔགས་གཅིག་ལ་འཁྱེར་སོང་གུ། །དེ་ཡང་རྣམ་པ་ཙམ་དུ་སྣང་། །རིམ་པ་དགུ་ཡིས་ངེ་ཇོ་ ཡི༑ །རང་བྱུང་ཡེ་ཤེས་དོན་མ་རྟོགས། །སྣང་བའི་རང་གཞི་ནི་སྣང་བ་ལ། །དོན་དམ་དང་ནི་ཀུན་རྫོབ་གཉིས། །ཐ་དད་མ་ཡིན་གཅིག་གི་ངང་། །ཡེ་ནས་རྟོགས་པའི་ངོ་གང་ལ། །མཚན་མའི་རྣམ་རྟོག་ཅི་བྱུང་བ། །ཐམས་ ཅད་ཡེ་ཤེས་རོལ་པ་ཙམ། །རིག་པ་གཅིག་ལ་དོན་བརྗོད་པ། །སྐུ་གསུམ་རྒྱལ་བའི་ངོ་བོར་སྣང་། །སྐུ་ལས་ཡེ་ཤེས་ཆོ་འཕྲུལ་འབྱུང་། །སྣང་དང་མི་སྣང་ཆོས་མ་ཡིན། །རྟོགས་དང་མ་རྟོགས་མཐའ་ལས་གྲོལ། །སྣང་ བའི་ཡེ་ཤེས་ངོ་བོར་གནས། །འབྱུང་བ་རྡོ་རྗེ་རྐྱེན་གྱི་བདག །ཅེས་སོ། །ད་ནི་རང་བྱུང་གི་ཡེ་ཤེས་དང་གཞན་བྱུང་གི་རྟོག་ཚོགས་གཉིས་མ་ཕྱེད་པའི་རྨོངས་པ་བཟློག་པ་ནི། དིང་སང་ཨ་ཏིར་རློམ་པའི་གླང་ཆེན་དག །དགྱུ་ འཕྲོའི་རྟོག་ཚོགས་བྱང་ཆུབ་སེམས་ཡིན་ལོ། །རྨོངས་པ་འདི་ཀུན་མུན་པའི་ཀློང་ཉིད་དང་། །རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་རིང་། །རྩལ་དང་རྩལ་ལས་ཤར་བའང་མི་ཤེས་ན། །བྱང་ཆུབ་སེམས་ཀྱི་ངོ་བོ་སྨོས་ཅི་དགོས། ། ཐེག་པ་འདིར་མོས་པ་ཙམ་དང་ལྡན་ཡང་ལེགས་པར་མཐོང་བའི་སྐལ་པ་ནི་སྒྲའི་ཉག་མ་ལ་བརྒྱར་བ་གོས་པའི་ཆ་ཙམ་ཡང་མེད་ལ། ཀུན་ཏུ་མ་བརྟགས་པའི་གཏི་མུག་གིས་ལུས་བསྒྱིངས་ཤིང་། ཕྲག་དོག་དང་ལོག་པར་རྟོག་པའི་

[p. 100] གསེར་གྱི་དྲ་བས་གདོང་བརྒྱན་པ། གླང་པོའི་ངང་ཚུལ་ཅན་གྱི་ཤེས་པར་རློམ་ལ་ཁ་གསག་དང་ལྡན་པ་ཁ་ཅིག་དག་རང་ཡང་ཉོན་མོངས་པ་དང་གཏི་མུག་དང་ལོག་པའི་ལམ་དུ་ཞུགས་པར་མ་ཟད། ཐར་པར་ཕྱོགས་པའི་སྐྱེ་བོ་བསོད་ ནམས་ཆུང་དུ་འཕྲད་པར་ཉེས་པ་དག་དང་འཕྲད་པ་ཀུན་ལ་འདི་སྐད་དུ་འདོམས་ཏེ། གང་ཤར་ཆོས་སྐུའི་རང་བཞིན། རྟོག་པ་ཟང་མ་འདི་ཉིད་རང་བྱུང་གི་ཡེ་ཤེས་སོ་ཞེས་པ་དང་། ཏིང་འཛིན་ཡིན་པ་ཞི་ནམ་རིག་ཡིད། །ཅེས་པ་ ལ་སོགས་པས་འགྲོ་བ་བསླུ་བའི་བཅོས་མ་ཉེ་བར་སྟོན་པས། གཞན་ལ་མེད་པའི་ཟབ་ཆོས་སུ་འཆད་པ་དག་མཐོང་སྟེ། འདི་ནི་ཐེག་པ་འདིའི་ཚོམ་ཅུན་པ་ཞིག་དེང་སང་བྱུང་བར་ཟད་མོད། འདི་ལྟར་རང་བྱུང་གི་ཡེ་ཤེས་ལས་ ཐུགས་རྗེའི་ཅ་ལག་ཡོས་ཏེ། ཡུལ་ལ་ཤར་པའི་ཤེས་པ་དེ་ཉིད་ལ་རྩལ་ལས་ཤར་བའི་རོལ་པ་ཞེས་བཤད་ཀྱི། རང་བྱུང་གི་ཡེ་ཤེས་མ་ཡིན་ཏེ། ཡུལ་ཡོད་མེད་ཀྱི་རྗེས་སུ་བྱེད་པའི་ཕྱིར་དང་། ཐབས་ཀྱིས་མ་ཟིན་ན་སྲིད་པར་འཇུག་ པའི་ལས་དང་ཉོན་མོངས་སུ་བྱེད་པའི་ཕྱིར་དང་། རྟོག་པ་དང་དཔྱོད་པའི་རང་བཞིན་འཁོར་བའི་རང་ངོ་ལས་མ་འདས་པའི་ཕྱིར་རོ། །ཀུན་བྱེད་ལས་ཀྱང་། རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོག་པའི་ཡེ་ཤེས་དེ། ། ཡུལ་ལས་བྱུང་བས་རང་བྱུང་མིན། །ཞེས་སོ། །ཐུན་མོང་གི་ཐེག་པ་ལས་ཀྱང་། སེམས་དང་སེམས་བྱུང་ཁམས་གསུམ་པའི། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་བདེན་གཉིས་ལས་བཤད་པ་དང་། ཕྱོགས་ཀྱི་

[p. 101] ༄༅། །གླང་པོས་ཀྱང་། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་པའི་རྒྱ་མཚོར་ལྷུང་བྱེད་ཡིན། །ཞེས་བཤད་པ་དང་འགལ་བ་ཉིད་དུ་སྣང་བའི་ཕྱིར་ལོག་པར་རྟོག་པ་རྔམས་ཆེ་བ་ཉིད་དོ། །འདི་ལྟ་བུའི་འདོད་ པ་ཐོས་པར་མི་བྱ་ན། རྗེས་སུ་ཕྱོགས་པ་ལྟ་ཅི་སྨོས་སོ། །འདིར་རང་བྱུང་གི་ཡེ་ཤེས་དེ་གང་ཡིན་ཞེ་ན་ལེགས་པར་བཤད་པ་ནི། འདིར་ནི་གདོད་ནས་དག་པའི་བྱང་ཆུབ་སེམས། །དོན་དམ་དབྱིངས་ཀྱི་ཆོས་ཉིད་བདེན་པ་ནི། ། སྨྲ་བསམ་འདས་པས་ཤེས་རབ་ཕ་རོལ་ཕྱིན། །ངང་གིས་མི་གཡོ་རང་བཞིན་འོད་གསལ་ཞིང་། །འགྱུ་འཕྲོའི་སྤྲོས་དང་ཡེ་ནས་བྲལ་བ་ལ། །ངོ་བོ་ཞེས་བརྗོད་ཉི་མའི་སྙིང་པོ་འདྲ། །དེ་ཡི་རྩལ་ནི་འཆར་ཚུལ་མ་འགགས་ པའི༑ ༑རིག་པ་ཟང་ཐལ་རྟོག་དཔྱོད་གཉིས་དང་བྲལ། །ས་ལ་གྱིས་གསལ་ཡང་གཟུང་འཛིན་མེད་པ་ཡིན། །རང་བྱུང་གི་ཡེ་ཤེས་ནི་རིག་པ་སྟོང་གསལ་སྤྲོས་པ་དང་བྲལ་བ་ཤེལ་གོང་དག་པ་ལྟ་བུ་ཡུར་ལ་མི་དཔྱོད་པའི་ངོ་བོར་སྨྲོས་ པ་དེ་ཡིན་ལ། འཆར་གཞིའི་ཆར་གནས་ཀྱང་། རང་ངོ་ལ་ཤར་དང་མ་ཤར་མེད་པས་རང་གསལ་དུ་ལྷག་གོ། སྟོང་པར་ཟད་དོ། ཀ་དག་ཏུ་སངས་སེ་བ་འདི་ཡིན་ནོ། །དེའི་ངང་ལས་སྣ་ཚོགས་སུ་ཤར་བའི་ཆ་དེ་གཟུང་འཛིན་ གྱི་སྤྲོས་པ་སྟེ། ཤར་བ་དེའི་རང་ངོ་རྗེན་སངས་སེ་བ་དེ་རིག་ཆ་ཡེ་ཤེས་སུ་གནས་པས། ཡུལ་ལ་རྟོག་པ་མ་ཡིན་པས་རང་བྱུང་གི་ཡེ་ཤེས་ཞེས་བྱའོ། །འདིར་ངོ་སྤྲད་ལ་མ་འཕྲོད་པ་ཀུན་ཤར་ཐོག་དེར་གློད་པ་ལ་ལྟ་བར་ངོས་

[p. 102] འཛིན་ཏེ། རྟོག་པ་ཉིད་འཁྲུལ་ཞེས་བྱ་བའི་གནད་མགོ་བ་ཡིན་ནོ། །ཤར་དུས་ནས་ཤར་ས་ཤར་མཁན་མེད་པའི་རིག་པ་རྗེ་ནས་ངས་སེ་བ་དེ་ཐུགས་རྗེ་འཆར་ཚུལ་མ་འགགས་པའི་ཡེ་ཤེས་སུ་གནས་པ་དེ་ངོས་བཟུང་བས། རྩ་བ་ རང་བྱུང་ཡེ་ཤེས་སུ་རང་ས་ན་རྗེན་པར་གནས་པ་དེ་ཞར་ལ་ངོས་ཟིན་ནས། ངོ་བོ་དང་རང་རྩལ་གཉིས་སུ་མེད་པས་གཉིས་མེད་རང་བྱུང་གི་ཡེ་ཤེས་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཅེས་བྱ་སྟེ། རང་ཤར་ལས། རིག་པ་སྤྲོས་དང་བྲལ་ བ་ལ༑ །འཁྲུལ་དང་མ་རིག་ག་ལ་ཡོད། །ཡེ་ཤེས་སེམས་དང་བྲལ་བ་ལ། །བག་ཆགས་དྲི་མ་ག་ལ་ཡོད། །ཅེས་པ་དང་། ཐལ་འགྱུར་ལས། མཚན་ཉིད་སྟོང་གསལ་རིག་པ་ལ། །རང་བཞིན་གང་དུ་མ་འདྲེས་པ། །གཟུང་ དང་འཛིན་པའི་མཐའ་ཟད་དང་། །ཆོས་ཉིད་རང་ངོ་དག་པའོ། །ཞེས་པ་དང་། རྩ་ལ་རྫོགས་ལས། ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐད་ཀར་ བཅད་པའོ། །ཞེས་པ་དང་། ཀློང་དྲུག་པ་ལས། མཉམ་པ་ཆེན་པོའི་སེམས་ཉིད་ལ། །ཁྱབ་གདལ་ཆེན་པོའི་སྤྲུལ་སྣང་བས། །གཉིས་མེད་སྣང་བ་ཡེ་འབྲེལ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །མཚན་མ་མེད་ པའི་སེམས་ཉིད་ལ། །ཆོས་རྣམས་གྲངས་སུ་སྣང་བ་ནི། །རང་གྲོལ་གཉིས་མེད་ཅེས་བྱ་བར། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བརྗོད་དུ་མེད་པའི་སེམས་ཉིད་ལ། །གླེང་གཞི་བྲལ་བའི་ཚིག་སྣང་བ། །སྨྲ་བསམ་

[p. 103] ༄༅། །ཡུལ་ལས་འདས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བཙལ་དུ་མེད་པའི་སེམས་ཉིད་ལ། །རང་བྱུང་ཆེན་པོ་རང་སྣང་བ། །རང་བྱུང་ཡེ་ཤེས་ཆེན་པོ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། ། དྲི་མ་མེད་པའི་སེམས་ཉིད་ལ། །ཡུལ་རྐྱེན་བྲལ་བའི་སྣང་བ་ནི། །རང་དག་ཆེན་པོའི་དགོངས་པ་ཞེས། །

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 783 typing errors, November 2026), with the variants of the other editions under each page (41 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = root and commentary MW3CN3400; R = root and commentary MW3CN14271; C = commentary MW1CZ2550. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 236] པ་ནི། །མ་ཧཱ་ཡོ་གར་གོལ་བར་བཤད། །ཨ་ནུ་དབྱེ་མེད་ས་འདོད་པ། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །འདི་ལྟར་སྣང་བའི་ཆོས་རྣམས་ལ། །རྒྱུ་ནི་དག་པའི་དབྱིངས་ལྟ་བ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་ལྟ། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས། །རྒྱུ་འབྲས་འདས་ལ་ཨ་ནུས་བསྒྲིབས། །རྫོགས་ཆེན་རྒྱུ་འབྲས་གཉིས་ལྟ་ན། །ཨ་ནུ་ཡོ་གར་གོལ་བར་བཤད། །ཅེས་གསུངས་སོ། །རང་ངོ་ཨ་ཏིའི་དགོངས་པ་ནི། །བླང་དོར་བྱ་རྩོལ་མེད་པའི་ཆོས་ཆེན་ནི། །རང་བྱུང་ཡེ་ཤེས་བྱང་ཆུབ་སེམས་ཉིད་ཀྱི། །ངོ་བོ་ཐད་དྲང་ངང་ལས་མ་གཡོས་པར། །མངོན་དུ་བྱེད་པས་གཞན་དུ་རྩོལ་མི་དགོས། །རང་ལ་བཞག་ནས་གཞན་དུ་ཚོལ་མི་བྱེད། །རྡོ་རྗེ་སྙིང་པོ་ལྷུན་གྱིས་གྲུབ་པ་འདིའི་རང་གཞུང་ནི་རིག་པ་བཅོས་བསླད་མེད་པ་ཆོས་ཉིད་ཀྱི་ངང་ལས་མ་གཡོས་པ་ཆོས་སྐུ་གཞིའི་

བཤད་ཨ་ནུ་དབྱེ་མེད་ས ] དབྱེར A P S C · བླང་དོར་བྱ་རྩོལ་མེད་པའི ] བ་རྩལ A C · བླང་དོར་བྱ་རྩོལ་མེད་པའི ] བརྩལ P S · བྱུང་ཡེ་ཤེས་བྱང་ཆུབ་སེམས ] བྱུང P S · ངོ་བོ་ཐད་དྲང་ངང་ལས ] དྲངས W · ནས་གཞན་དུ་ཚོལ་མི་བྱེད ] འཚོལ P S

[p. 237] སངས་རྒྱས་སུ་འདོད་པས། དེ་ལས་གཞན་དུ་བཙལ་ཡང་སངས་རྒྱས་མི་རྙེད་ལ། སངས་རྒྱས་མིང་ཙམ་ལས་དོན་ལ་རིག་པ་འཕོ་འགྱུར་མེད་པའི་ངོ་བོ་ཀློང་དུ་ཕེབས་པ་ཙམ་དུ་འདོད་དེ། ཁྱུང་ཆེན་ལས། རྒྱུ་མེད་རྐྱེན་དང་བྲལ་བའི་རང་སྣང་སྒྲིབས་མེད་ཉིད། །རྩོལ་བྲལ་ཉག་གཅིག་སུས་ཀྱང་མ་བྱས་པའི། །ཡེ་རྫོགས་སྙིང་པོ་ལྷུན་གྲུབ་ཡུལ་ལ་རོལ། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ཅེས་པ་དང༌། ཀུན་བྱེད་ལས། སངས་རྒྱས་མ་བལྟ་རང་སེམས་བྱར་མེད་རྟོགས། །བརྟགས་ན་མེད་དེ་རང་རིག་ཡེ་ནས་གསལ། །འདི་མིན་སྙམ་པའི་རྒྱུ་འབྲས་ཐེག་ཆེན་ལ། །སྤོང་འགེགས་སྦྱངས་པ་བྱིན་རླབས་སྣ་ཚོགས་ཀྱིས། །རང་སེམས་ཆོས་ཉིད་བྱར་མེད་དེ་ལས་གོལ། །རང་གི་བཞག་ནས་གཞན་མ་རྒྱང་དུ་འཚོལ། །བྱར་མེད་བདེ་བོར་རྩོལ་བ་དང་དུ་ལེན། །ཚི་

བའི་རང་སྣང་སྒྲིབས་མེད་ཉིད ] སྒྲིབ A P G S R C · ལས་གོལ་རང་གི་བཞག་ནས ] ག་མ A C · ལས་གོལ་རང་གི་བཞག་ནས ] གམ P

[p. 238] ཆད་ནད་དུ་དེ་ལས་ཆེ་བ་མེད། །ཅེས་སོ། །ཐེག་པ་གཉིས་ཀྱི་ཁྱད་པར་བསྟན་པ་ནི། །འདི་ནི་ཉི་མའི་ངོ་བོ་དེ་ཉིད་དོན། །རང་གཞག་འོད་གསལ་མི་གཡོ་གནས་པར་འདོད། །གཞན་ནི་སྤྲིན་དང་མུན་སེལ་རྩོལ་སྒྲུབ་ཀྱིས། །ཉི་མ་གདོད་གྲུབ་བྱེད་དང་མཚུངས་པར་བསྟེན། །དེས་ན་འདི་གཉིས་ཁྱད་པར་གནམ་ས་བཞིན། །ལྷུན་གྲུབ་རྡོ་རྗེ་སྙིང་པོ་འདི་ནི་རིག་པའི་ངོ་བོ་འདི་ཉིད་ཡེ་ནས་སངས་རྒྱས་སུ་གྲུབ་ཟིན་པ་ཉི་མ་དངོས་སུ་ལྟར་ཡོད་པ་དང་འདྲ་ལ། གཞན་རྣམས་སྤྲིན་དང་མུན་པ་བསལ་བའི་རྒྱུ་དང་རྐྱེན་ལས་གདོད་ཉི་མ་མཐོང་བར་འདོད་པ་ལྟར། རྒྱུ་རྐྱེན་རྩོལ་སྒྲུབ་བྱས་པའི་མཐར་སངས་རྒྱས་འགྲུབ་པར་འདོད་པ་སྟེ། ལྷུན་གྱིས་གྲུབ་པ་དང་འགལ་བར་ཞུགས་པས་ཐེག་པ་དེ་དག་སོ་སོའི་གཞུང་ནང་འགལ་བ་སྟེ། དེས་ན་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་ད་ལྟ་ནས་སངས་རྒྱས་རང་བབས་སུ་ཡོད་པ་དང༌། མེད་པའི་ཁྱད་ཀྱིས་ཕྱེ་

ལེན་ཚི་ཆད་ནད་དུ་དེ ] ནང A G · དང་མཚུངས་པར་བསྟེན་དེས་ན ] བསྟན A P S R C

[p. 239] བ་སྟེ། འོག་མ་དེ་དག་གི་དོན་རྣལ་མ་རྟོགས་པར་བསྟན་པ་ནི། རྩལ་རྫོགས་ལས། དཀྱིལ་འཁོར་གཅིག་ལ་དོན་བརྗོད་པ། །གསང་སྔགས་གཅིག་ལ་འཁྱེར་སོ་དགུ། །དེ་ཡང་རྣམ་པ་ཙམ་དུ་སྣང༌། །རིམ་པ་དགུ་ཡིས་ངོ་བོ་ཡི། །རང་བྱུང་ཡེ་ཤེས་དོན་མ་རྟོགས། །སྣང་བའི་རང་བཞིན་སྣང་བ་ལ། །དོན་དམ་དང་ནི་ཀུན་རྫོབ་གཉིས། །ཐ་དད་མ་ཡིན་གཅིག་གི་ངང༌། །ཡེ་ནས་རྟོགས་པའི་ངོ་གང་ལ། །མཚན་མའི་རྣམ་རྟོག་ཅི་བྱུང་བ། །ཐམས་ཅད་ཡེ་ཤེས་རོལ་པ་ཙམ། །རིག་པ་གཅིག་ལ་དོན་བརྗོད་པ། །སྐུ་གསུམ་རྒྱལ་བའི་ངོ་བོར་སྣང༌། །སྐུ་ལས་ཡེ་ཤེས་ཆོ་འཕྲུལ་འབྱུང༌། །སྣང་དང་མི་སྣང་ཆོས་མ་ཡིན། །རྟོགས་དང་མ་རྟོགས་མཐའ་ལས་གྲོལ། །སྣང་བའི་ཡེ་ཤེས་ངོ་བོར་གནས། །འབྱུང་བ་རྡོ་རྗེ་རྐྱེན་གྱི་བདག །ཅེས་སོ། །ད་ནི་རང་བྱུང་གི་ཡེ་ཤེས་དང་གཞན་བྱུང་གི་རྟོག་ཚོགས་

མ་དེ་དག་གི་དོན་རྣལ ] གིས P S · དག་གི་དོན་རྣལ་མ་རྟོགས ] རྣ་ལ་མ A C · གི་དོན་རྣལ་⁁་མ་རྟོགས ] མ P S · གཅིག་ལ་འཁྱེར་སོ་དགུ་དེ་ཡང ] སོང་གུ A C

[p. 240] གཉིས་མ་ཕྱེད་པའི་རྨོངས་པ་བཟློག་པ་ནི། དིང་སང་ཨ་ཏིར་རློམ་པའི་གླང་ཆེན་དག །འགྱུ་འཕྲོའི་རྟོག་ཚོགས་བྱང་ཆུབ་སེམས་ཡིན་ལོ། །རྨོངས་པ་འདི་ཀུན་མུན་པའི་ཀློང་ཉིད་དང༌། །རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་རིང༌། །རྩལ་དང་རྩལ་ལས་ཤར་བའང་མི་ཤེས་ན། །བྱང་ཆུབ་སེམས་ཀྱི་ངོ་བོ་སྨོས་ཅི་དགོས། །ཐེག་པ་འདིར་མོས་པ་ཙམ་དང་ལྡན་ཡང་ལེགས་པར་མཐོང་བའི་སྐལ་བ་ནི་སྐྲའི་ཉག་མ་ལ་བརྒྱར་བགོས་པའི་ཆ་ཙམ་ཡང་མེད་ལ། ཀུན་ཏུ་མ་བརྟགས་པའི་གཏི་མུག་གིས་ལུས་བསྒྱིངས་ཤིང༌། ཕྲག་དོག་དང་ལོག་པར་རྟོག་པའི་གསེར་གྱི་དྲ་བས་གདོང་བརྒྱན་པ། གླང་པོའི་ངང་ཚུལ་ཅན་གྱི་ཤེས་པར་རློམ་ལ་ཁ་གསག་དང་ལྡན་པ་ཁ་ཅིག་དག་རང་ཡང་ཉོན་མོངས་པ་དང་གཏི་མུག་དང་ལོག་པའི་ལམ་དུ་ཞུགས་པར་མ་ཟད། ཐར་པར་ཕྱོགས་པའི་སྐྱེ་བོ་བསོད་ནམས་ཆུང་ངུ་འཕྲད་པར་ཉེས་པ་དག་དང་འཕྲད་པ་

བཟློག་པ་ནི་དིང་སང་ཨ ] དེང P S · མཐོང་བའི་སྐལ་བ་ནི་སྐྲའི ] པ A C · མེད་ལ་ཀུན་ཏུ་མ་བརྟགས ] དུ G R · དང་ལོག་པར་རྟོག་པའི་གསེར ] རྟོགས G R · བསོད་ནམས་ཆུང་ངུ་འཕྲད་པར ] དུ A R C

[p. 241] ཀུན་ལ་འདི་སྐད་དུ་འདོམས་ཏེ། གང་ཤར་ཆོས་སྐུའི་རང་བཞིན། རྟོག་པ་ཟང་མ་འདི་ཉིད་རང་བྱུང་གི་ཡེ་ཤེས་སོ་ཞེས་པ་དང༌། ཏིང་འཛིན་ཡིན་བཞིན་མ་རིག་ཡིད། །ཅེས་པ་ལ་སོགས་པས་འགྲོ་བ་བསླུ་བའི་བཅོས་མ་ཉེ་བར་སྟོན་པས། གཞན་ལ་མེད་པའི་ཟབ་ཆོས་སུ་འཆད་པ་དག་མཐོང་སྟེ། འདི་ནི་ཐེག་པ་འདིའི་ཆོམ་རྐུན་པ་ཞིག་དིང་སང་བྱུང་བར་ཟད་མོད། འདི་ལྟར་རང་བྱུང་གི་ཡེ་ཤེས་ལས་ཐུགས་རྗེའི་རྩལ་གཡོས་ཏེ། ཡུལ་ལ་ཤར་བའི་ཤེས་པ་དེ་ཉིད་ལ་རྩལ་ལས་ཤར་བའི་རོལ་པ་ཞེས་བཤད་ཀྱི། རང་བྱུང་གི་ཡེ་ཤེས་མ་ཡིན་ཏེ། ཡུལ་ཡོད་མེད་ཀྱི་རྗེས་སུ་བྱེད་པའི་ཕྱིར་དང༌། ཐབས་ཀྱིས་མ་ཟིན་ན་སྲིད་པར་འཇུག་པའི་ལས་དང་ཉོན་མོངས་སུ་བྱེད་པའི་ཕྱིར་དང༌། རྟོག་པ་དང་དཔྱོད་པའི་རང་བཞིན་འཁོར་བའི་རང་ངོ་ལས་མ་འདས་པའི་ཕྱིར་རོ། །ཀུན་བྱེད་ལས་ཀྱང༌། རང་བྱུང་ཡེ་ཤེས་ཡེ་

རྐུན་པ་ཞིག་དིང་སང་བྱུང ] དེང A P S R C

[p. 242] ནས་ཤེས། །ཡུལ་ལ་རྟོག་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བས་རང་བྱུང་མིན། །ཞེས་སོ། །ཐུན་མོང་གི་ཐེག་པ་ལས་ཀྱང༌། སེམས་དང་སེམས་བྱུང་ཁམས་གསུམ་པའི། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་བདེན་གཉིས་ལས་བཤད་པ་དང༌། ཕྱོགས་ཀྱི་གླང་པོས་ཀྱང༌། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྷུང་བྱེད་ཡིན། །ཞེས་བཤད་པ་དང་འགལ་བ་ཉིད་དུ་སྣང་བའི་ཕྱིར་ལོག་པར་རྟོགས་པ་རྔམས་ཆེ་བ་ཉིད་དོ། །འདི་ལྟ་བུའི་འདོད་པ་ཐོས་པར་མི་བྱ་ན། རྗེས་སུ་ཕྱོགས་པ་ལྟ་ཅི་སྨྲོས་སོ། །འདིར་རང་བྱུང་གི་ཡེ་ཤེས་དེ་གང་ཡིན་ཞེ་ན་ལེགས་པར་བཤད་པ་ནི། །འདིར་ནི་གདོད་ནས་དག་པའི་བྱང་ཆུབ་སེམས། །དོན་དམ་དབྱིངས་ཀྱི་ཆོས་ཉིད་བདེན་པ་ནི། །སྨྲ་བསམ་འདས་པས་ཤེས་རབ་ཕ་རོལ་ཕྱིན། །ངང་གིས་མི་གཡོ་རང་བཞིན་འོད་གསལ་ཞིང༌། །འགྱུ་འཕྲོའི་སྤྲོས་དང་ཡེ་ནས་

བའི་རྒྱ་མཚོར་ལྷུང་བྱེད་ཡིན ] ལྟུང A G · ཕྱིར་ལོག་པར་རྟོགས་པ་རྔམས ] རྟོག A P S C · པ་ཐོས་པར་⁁་མི་བྱ ] ཡང P S · པ་ལྟ་ཅི་སྨྲོས་སོ་འདིར ] སྨོས G S R C · པ་ལྟ་ཅི་སྨྲོས་སོ་འདིར ] སྨཽས P

[p. 243] བྲལ་བ་ལ། །ངོ་བོ་ཞེས་བརྗོད་ཉི་མའི་སྙིང་པོ་འདྲ། །དེ་ཡི་རྩལ་ནི་འཆར་ཚུལ་མ་འགགས་པའི། །རིག་པ་ཟང་ཐལ་རྟོག་དཔྱོད་གཉིས་དང་བྲལ། །སལ་གྱིས་གསལ་ཡང་གཟུང་འཛིན་མེད་པ་ཡིན། །རང་བྱུང་གི་ཡེ་ཤེས་ནི་རིག་པ་སྟོང་གསལ་སྤྲོས་པ་དང་བྲལ་བ་ཤེལ་གོང་དག་པ་ལྟ་བུ་ཡུལ་ལ་མི་དཔྱོད་པའི་ངོ་བོར་སྐྱེས་པ་དེ་ཡིན་ལ། འཆར་གཞིའི་ཆར་གནས་ཀྱང༌། རང་ངོ་ལ་ཤར་དང་མ་ཤར་མེད་པས་རང་གསལ་དུ་ལྷག་གེ། སྟོང་པར་ཟང་ངོ༌། །ཀ་དག་ཏུ་སངས་སེ་བ་འདི་ཡིན་ནོ། །དེའི་ངང་ལས་སྣ་ཚོགས་སུ་ཤར་བའི་ཆ་དེ་གཟུང་འཛིན་གྱི་སྤྲོས་པ་སྟེ། ཤར་བ་དེའི་རང་ངོ་རྗེན་སངས་སེ་བ་དེ་རིག་ཆ་ཡེ་ཤེས་སུ་གནས་པས། ཡུལ་ལ་རྟོག་པ་མ་ཡིན་པས་རང་བྱུང་གི་ཡེ་ཤེས་ཞེས་བྱའོ། །འདིར་ངོ་སྤྲད་ལ་མ་འཕྲོད་པ་ཀུན་ཤར་ཐོག་དེར་གློད་པ་ལ་ལྟ་བར་ངོས་འཛིན་ཏེ། རྟོག་པ་ཉིད་འཁྲུལ་ཞེས་བྱ་བས་

པ་ལྟ་བུ་ཡུལ་ལ་མི ] ཡུར A C · པའི་ངོ་བོར་སྐྱེས་པ་དེ ] སྐྱེ W · གསལ་དུ་ལྷག་གེ་སྟོང་པར ] གོ A C · སྟོང་པར་ཟང་ངོ་ཀ་དག ] ངེ P S · འདི་ཡིན་ནོ་དེའི་ངང་ལས ] དེའང W · དེར་གློད་པ་ལ་ལྟ་བར ] དང G R · ཏེ་རྟོག་པ་ཉིད་འཁྲུལ་ཞེས ] ཉིང A P G S · འཁྲུལ་ཞེས་བྱ་བས་གནད་མ ] བའི A P S C

[p. 244] གནད་མ་གོ་བ་ཡིན་ནོ། །ཤར་དུས་ནས་ཤར་ས་ཤར་མཁན་མེད་པའི་རིག་པ་རྗེན་སངས་སེང་དེ་ཐུགས་རྗེ་འཆར་ཚུལ་མ་འགགས་པའི་ཡེ་ཤེས་སུ་གནས་པ་དེ་ངོས་བཟུང་བས། རྩ་བ་རང་བྱུང་ཡེ་ཤེས་སུ་རང་ས་ན་རྗེན་པར་གནས་པ་དེ་ཞར་ལ་ངོས་ཟིན་ནས ངོ་བོ་དང་རང་རྩལ་གཉིས་སུ་མེད་པས་གཉིས་མེད་རང་བྱུང་གི་ཡེ་ཤེས་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཅེས་བྱ་སྟེ། རང་ཤར་ལས། རིག་པ་སྤྲོས་དང་བྲལ་བ་ལ། །འཁྲུལ་དང་མ་རིག་ག་ལ་ཡོད། །ཡེ་ཤེས་སེམས་དང་བྲལ་བ་ལ། །བག་ཆགས་དྲི་མ་ག་ལ་ཡོད། །ཅེས་པ་དང༌། ཐལ་འགྱུར་ལས། མཚན་ཉིད་སྟོང་གསལ་རིག་པ་ལ། །རང་བཞིན་གང་དུ་མ་འདྲེས་པ། །གཟུང་དང་འཛིན་པའི་མཐའ་ཟད་དང༌། །ཆོས་ཉིད་རང་ངོ་དག་པའོ། །ཞེས་པ་དང༌། རྩལ་རྫོགས་ལས། ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་

བྱ་བས་གནད་མ་གོ་བ་ཡིན ] མགོ A C · པ་རྗེན་སངས་སེང་དེ་ཐུགས ] སེ་བ A P G S R

[p. 245] འོངས་ཡུལ། །སྣང་བ་ཐད་ཀར་བཅད་པའོ། །ཞེས་པ་དང༌། །ཀློང་དྲུག་པ་ལས། མཉམ་པ་ཆེན་པོའི་སེམས་ཉིད་ལ། །ཁྱབ་གདལ་ཆེན་པོའི་སྤྲུལ་སྣང་བས། །གཉིས་མེད་སྣང་བ་ཡེ་འབྲེལ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །མཚན་མ་མེད་པའི་སེམས་ཉིད་ལ། །ཆོས་རྣམས་གྲངས་སུ་སྣང་བ་ནི། །རང་གྲོལ་གཉིས་མེད་ཅེས་བྱ་བར། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བརྗོད་དུ་མེད་པའི་སེམས་ཉིད་ལ། །གླེང་གཞི་བྲལ་བའི་ཚིག་སྣང་བ། །སྨྲ་བསམ་ཡུལ་ལས་འདས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བཙལ་དུ་མེད་པའི་སེམས་ཉིད་ལ། །རང་བྱུང་ཆེན་པོ་རང་སྣང་བ། །རང་བྱུང་ཡེ་ཤེས་ཆེན་པོ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །དྲི་མ་མེད་པའི་སེམས་ཉིད་ལ། །ཡུལ་རྐྱེན་བྲལ་བའི་སྣང་བ་ནི། །རང་དག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་

འབྲེལ་ཞེས་ཀུན་ཏུ་བཟང་པོ ] དུ G R · བྱ་བར་ཀུན་ཏུ་བཟང་པོ ] དུ G R · པ་ཞེས་ཀུན་ཏུ་བཟང་པོ ] དུ G R · པོ་ཞེས་ཀུན་ཏུ་བཟང་པོ ] དུ G R · པ་ཞེས་ཀུན་ཏུ་བཟང་པོ ] དུ G R
[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the chapter's own divisions; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The complete outline of the work is on the contents page.
4 The divisions of the nine vehicles together with their intent ཐེག་པ་དགུའི་དབྱེ་བ་དགོངས་ཚུལ་དང་བཅས་པ [p. 226] topical
4.6 The intent of ati in its own right རང་ངོ་ཨ་ཏིའི་དགོངས་པ [p. 236] topical
Ati makes self-arisen wisdom evident directly without effort; uncontrived awareness is the dharmakāya, the buddha of the ground, not to be sought elsewhere. Quotations from the Great Garuḍa, the Pearl Garland and the All-Creating King.
4.7 The difference between the two vehicles ཐེག་པ་གཉིས་ཀྱི་ཁྱད་པར [p. 238] topical
Ati holds awareness to be primordially buddha like the sun actually present, whereas other vehicles hold buddhahood to result from effort in causes and conditions, like clearing clouds; they differ like sky and earth, and the latter contradict spontaneous presence.
4.8 The lower vehicles do not realize the genuine meaning འོག་མ་དེ་དག་གི་དོན་རྣལ་མ་རྟོགས་པར་བསྟན་པ [p. 239] topical
Perfect Dynamic Energy is quoted: the nine stages are mere aspects that do not realize self-arisen wisdom; for the realized, all thoughts are the display of primordial wisdom and the single awareness appears as the three kāyas.
5 Refuting the confusion that fails to distinguish self-arisen wisdom from other-arisen thoughts རང་བྱུང་གི་ཡེ་ཤེས་དང་གཞན་བྱུང་གི་རྟོག་ཚོགས་གཉིས་མ་ཕྱེད་པའི་རྨོངས་པ་བཟློག་པ [p. 239] topical
Criticises contemporary self-styled Ati practitioners, likened to proud elephants, who take moving and proliferating thoughts for awakened mind; not knowing dynamic energy and what arises from it, they are far from the Great Perfection and mislead others seeking liberation.
6 Explaining well what self-arisen primordial wisdom is རང་བྱུང་གི་ཡེ་ཤེས་དེ་གང་ཡིན་ལེགས་པར་བཤད་པ [p. 242] topical
Identifies self-arisen primordial wisdom as empty, lucid awareness whose originally pure essence and unobstructed dynamic energy are nondual, like a mirror and its reflections. Rejects dividing practice into resting and freeing upon arising, and presents this naked sole sphere, named by terms such as cutting through and spontaneous presence, as the effortless ultimate intent of the Heart Drop.
6.1 Identifying the essence and its dynamic energy ངོ་བོ་དང་དེའི་རྩལ་ངོས་བཟུང་བ [p. 242] topical
Root verse and explanation: the essence is originally pure, unmoving luminosity; its dynamic energy is unobstructed awareness without thought or analysis. Recognizing the naked awareness of what arises reveals nondual self-arisen wisdom, the sole sphere; supported by the Rang shar, Thal 'gyur, Rtsal rdzogs and a long quotation from the Klong drug pa.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 236] is explained to be the deviation into mahāyoga.

Anu, aspiring to the level of indivisibility,
enters by the gateway of basic space and primordial wisdom
and, with regard to the phenomena that appear in this way,
views the cause as pure basic space
and views the effect as the maṇḍala of primordial wisdom.[73]Note 73 · p. 236 · 'bras bu in the anu stanza is rendered "effect", not "fruition", because it is paired line by line with rgyu and taken up at once as rgyu 'bras. Gemini 4 Neon has "fruition"; Claude Fable 5.2, GPT-6.2 Astra and Dharmamitra have "result".
The great bliss of atiyoga
is awakened mind, beyond cause and effect.
What is beyond cause and effect is obscured by anu.
To view the Great Perfection as the two, cause and effect,
is explained to be the deviation into anuyoga.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 79 % of the words.

So it is said.

4.6 The intent of ati in its own right རང་ངོ་ཨ་ཏིའི་དགོངས་པ4.6 The intent of ati in its own right (topical division)
Ati makes self-arisen wisdom evident directly without effort; uncontrived awareness is the dharmakāya, the buddha of the ground, not to be sought elsewhere. Quotations from the Great Garuḍa, the Pearl Garland and the All-Creating King.

As for the enlightened intent of ati in its own right:[74]Note 74 · p. 236 · rang ngo a ti'i dgongs pa: rang ngo here is an outline phrase meaning ati "for its own part", so it is rendered "in its own right" rather than the glossary's "its own face". dgongs pa is "enlightened intent", not "realization" as in Gemini 4 Neon and Dharmamitra.

As for the great Dharma without accepting and rejecting, action and effort:
the essence of self-arisen primordial wisdom, awakened mind itself (byang chub sems nyid),
is made evident directly, without wavering from that state,[76]Note 76 · p. 236 · ngo bo thad drang ngang las ma g.yos par: thad drang is taken adverbially ("directly") and ngang as the state of the nature of phenomena, following the commentary's gloss (chos nyid kyi ngang las ma g.yos pa). Gemini 4 Neon reads "the straightforward state of its essence", and Dharmamitra drops ngang.
and so there is no need for effort elsewhere.
One does not leave it aside in oneself and seek it elsewhere.[75]Note 75 · p. 236 · rang la bzhag nas gzhan du tshol mi byed: Claude Fable 5.2 and Dharmamitra take bzhag as "resting" ("left to rest in itself", "resting in oneself"). Gemini 4 Neon and GPT-6.2 Astra take it as "leaving it behind in oneself and seeking elsewhere", with the whole negated. I follow Gemini 4 Neon and GPT-6.2 Astra, since the Kun byed quotation just below has the same idiom (rang gi bzhag nas gzhan … 'tshol) as a fault.

The system proper to this spontaneously present vajra heart essence holds that awareness, uncontrived and unadulterated, not wavering from the state of the nature of phenomena, is the dharmakāya (chos sku), the buddha (sangs rgyas) of the ground.

[p. 237] Therefore, even if one searches elsewhere than that, no buddha is found; and it holds that "buddha" is no more than a name, and that in fact it is simply the essence of awareness, without transition or change, having arrived in the expanse (klong). From the Great Garuḍa:

Self-appearance (rang snang) without cause and free of conditions, unobscured in itself:
free of effort, sole (nyag gcig), made by no one at all,
the primordially perfect (ye rdzogs) heart essence revels in the domain of spontaneous presence.Khyung chenQuotation (named in the text: ཁྱུང་ཆེན་ལས)
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Soaring Garuḍa · tantra; Nyingma Gyubum, one of the Five Early Translations of the Mind Series
Identification: high confidence
The quoted words are in Klong chen rab byams gsung 'bum/volume 002 028 (a parallel), 80 % of the words.
[77]Note 77 · p. 237 · yul in lhun grub yul la rol is rendered "domain" rather than "object", as the context requires. rol is read as indicative ("revels") with Claude Fable 5.2 and Dharmamitra, not as the imperative of Gemini 4 Neon and GPT-6.2 Astra.

And from the Pearl Garland:

Perfect buddha is self-knowing awareness itself.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

And from the All-Creating King:

Do not look to buddha; realize that in your own mind there is nothing to be done.
If examined, it is not there; self-knowing awareness is primordially lucid (gsal).
In the great vehicles of cause and effect,[78]Note 78 · p. 237 · rgyu 'bras theg chen: rendered "the great vehicles of cause and effect" with Claude Fable 5.2, not "Mahāyāna" (Gemini 4 Neon, GPT-6.2 Astra, Dharmamitra). The four methods listed (abandoning, blocking, purifying, blessing) span both sūtra and lower tantra vehicles in the Kun byed rgyal po. which think, "It is not this,"
through their various ways of abandoning, blocking, purifying and blessing (byin rlabs),
they deviate from that: their own mind, the nature of phenomena, in which there is nothing to be done.
Leaving aside what is their own,[79]Note 79 · p. 237 · rang gi bzhag nas: Adzom reads rang ga ma bzhag nas ("setting aside what is just as it naturally is"). That makes the line hypermetrical. I follow the e-text, "leaving aside what is their own". they search far off for something else.
Casting away the ease of nothing to be done,[80]Note 80 · p. 237 · byar med bde bor: bor is "casting away" (Claude Fable 5.2, Gemini 4 Neon, GPT-6.2 Astra). Dharmamitra's "toward the effortless state of ease" misreads it as a case ending. they willingly take up effort.

[p. 238] As a wearying sickness, there is none greater than that.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Gnas lugs rin po che'i mdzod/Chapter 1/Commentary (a parallel: གནས་ལུགས་རིན་པོའི་ཆེའི་མཛོད), 53 % of the words.

So it says.

4.7 The difference between the two vehicles ཐེག་པ་གཉིས་ཀྱི་ཁྱད་པར4.7 The difference between the two vehicles (topical division)
Ati holds awareness to be primordially buddha like the sun actually present, whereas other vehicles hold buddhahood to result from effort in causes and conditions, like clearing clouds; they differ like sky and earth, and the latter contradict spontaneous presence.

Showing the difference between the two vehicles:

This one holds that the true meaning, the very essence of the sun,
abides as unwavering luminosity, resting naturally (rang gzhag).
The others, through effort and striving to dispel clouds and darkness,
practice in a way that is like making the sun[81]Note 81 · p. 238 · mtshungs par bsten: Adzom reads bstan ("the others are shown to be like…"). I follow the e-text's bsten ("practice", "rely on"), which parallels 'dod in the first couplet. come into being only then.[82]Note 82 · p. 238 · nyi ma gdod grub byed: gdod is "only then, newly", as the commentary's gdod nyi ma mthong bar confirms. Dharmamitra's "a primordially present sun" is a misreading.
Therefore the difference between these two is like that between sky and earth.

For this spontaneously present vajra heart essence, this very essence of awareness is already established primordially as buddha, which is like the sun being actually present.[83]Note 83 · p. 238 · nyi ma dngos su ltar yod pa: ltar is odd here, and may be a corruption of da ltar ("actually present right now"). It is translated as "actually present". The others, like those who hold that the sun is seen only then, from the causes and conditions of clearing away clouds and darkness, hold that buddhahood is accomplished at the end of effort and striving in causes and conditions. Since they have entered into contradiction with spontaneous presence, the systems of each of those vehicles are internally contradictory.[84]Note 84 · p. 238 · gzhung nang 'gal ba: "internally contradictory" (Claude Fable 5.2, Gemini 4 Neon, Dharmamitra). GPT-6.2 Astra's "at odds" loses the point that each system contradicts itself. Therefore they are distinguished by the difference of whether or not awareness, self-arisen primordial wisdom itself, is present from this very moment as naturally settled (rang babs) buddhahood.

[p. 239]

4.8 The lower vehicles do not realize the genuine meaning འོག་མ་དེ་དག་གི་དོན་རྣལ་མ་རྟོགས་པར་བསྟན་པ4.8 The lower vehicles do not realize the genuine meaning (topical division)
Perfect Dynamic Energy is quoted: the nine stages are mere aspects that do not realize self-arisen wisdom; for the realized, all thoughts are the display of primordial wisdom and the single awareness appears as the three kāyas.

As for showing that those lower ones do not realize the genuine meaning,[85]Note 85 · p. 239 · 'og ma de dag gi don rnal ma rtogs par: read as 'og ma de dag gis don rnal ma ma rtogs par (or rnal + ma rtogs), "do not realize the genuine meaning". The quotation's rang byung ye shes don ma rtogs confirms the negative. All drafts agree. the Perfect Dynamic Energy says:

To state the meaning with regard to the single maṇḍala:
for the single secret mantra (gsang sngags) there are nine ways of carrying it.
These too appear as mere aspects.
By the nine stages, the meaning of the essence,[86]Note 86 · p. 239 · rim pa dgu yis ngo bo yi / rang byung ye shes don: ngo bo yi goes with the following line ("the essence, self-arisen primordial wisdom"), as in Claude Fable 5.2, Gemini 4 Neon and GPT-6.2 Astra. Dharmamitra's "through the essence of these nine stages" is wrong.
self-arisen primordial wisdom, is not realized.
In appearance, whose nature is to appear,
the two, the ultimate and the relative,
are not different: a state of oneness.
In the perspective for which this is primordially realized,
whatever discursive thoughts of marks arise
are all merely the display of primordial wisdom.
To state the meaning with regard to the single awareness:
it appears as the essence of the victorious ones, the three kāyas (sku gsum).
From the kāyas arises the magical display of primordial wisdom.
It is not a phenomenon that appears or does not appear.
It is free from the extremes of realization and nonrealization.
The primordial wisdom of appearance abides as the essence.
What arises is the vajra, the master of conditions.Seng ge rtsal rdzogsQuotation (named in the text: རྩལ་རྫོགས་ལས)
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.
[87]Note 87 · p. 239 · 'byung ba rdo rje rkyen gyi bdag: an obscure line. I read 'byung ba as "what arises", following 'byung in the line three above (Claude Fable 5.2, GPT-6.2 Astra; Gemini 4 Neon similar). Dharmamitra reads "the elements", which is possible but less likely here.

So it says.

5 Refuting the confusion that fails to distinguish self-arisen wisdom from other-arisen thoughts རང་བྱུང་གི་ཡེ་ཤེས་དང་གཞན་བྱུང་གི་རྟོག་ཚོགས་གཉིས་མ་ཕྱེད་པའི་རྨོངས་པ་བཟློག་པ5 Refuting the confusion that fails to distinguish self-arisen wisdom from other-arisen thoughts (topical division)
Criticises contemporary self-styled Ati practitioners, likened to proud elephants, who take moving and proliferating thoughts for awakened mind; not knowing dynamic energy and what arises from it, they are far from the Great Perfection and mislead others seeking liberation.

Now, as regards self-arisen primordial wisdom and the host of thoughts that arise from something other,[88]Note 88 · p. 239 · The last sentence continues on p. 240 (… gnyis ma phyed pa'i rmongs pa bzlog pa ni). The translation stops at "from something other," for the next part to complete.

[p. 240] the confusion that fails to distinguish the two[89]Note 89 · p. 240 · rmongs pa is rendered "confusion / confused ones" (Gemini 4 Neon, Dharmamitra, Claude Fable 5.2 have "delusion", GPT-6.2 Astra "ignorance") because the glossary reserves "delusion" for 'khrul pa. is turned back as follows:

Nowadays the great elephants who pride themselves on Ati
say that the host of thoughts that move and proliferate ('gyu 'phro) is awakened mind.
All these confused ones are the very expanse of darkness
and far from the meaning of the natural Great Perfection (rang bzhin rdzogs pa chen po).
If they do not know even dynamic energy and what arises from dynamic energy,
what need is there to mention the essence of awakened mind?

Though they have a mere inclination toward this vehicle, they have not even a hundredth part of a single strand of hair of the good fortune to see it properly. Their bodies swagger with the bewilderment (gti mug) of having examined nothing[90]Note 90 · p. 240 · gti mug is "bewilderment" per the glossary, against "stupidity" (Gemini 4 Neon, Claude Fable 5.2), "ignorance" (Dharmamitra) and "dullness" (GPT-6.2 Astra). at all, and their faces are adorned with the golden net of jealousy and misconception. Certain people of this kind, with the temperament of elephants, presuming to know and given to flattery, have not only themselves entered the path of afflictions, bewilderment and error; to all those people turned toward liberation[91]Note 91 · p. 240 · thar par phyogs pa'i skye bo bsod nams chung ngu 'phrad par nyes pa dag dang 'phrad pa kun la: with Claude Fable 5.2 I read this as one dative phrase, "to all the people turned toward liberation who, having little merit, have met with those it is a misfortune to meet". Gemini 4 Neon, Dharmamitra, GPT-6.2 Astra give the same sense but restructure it as "whenever they meet…". (thar pa) who, having little merit (bsod nams), have met with those whom it is a misfortune to meet,

[p. 241] they give instruction in these words: "Whatever arises is the nature of dharmakāya. This very conceptual thought, unalloyed,[92]Note 92 · p. 241 · rtog pa zang ma: "unalloyed", in line with zang ka (Gemini 4 Neon, Claude Fable 5.2 "raw"). Dharmamitra's "bare, unimpeded" confuses it with zang thal. is self-arisen primordial wisdom,"source?Quotation (not named in the text)
Source not identified.
The quoted words were not found among the texts on this wiki.
and

Though it is samādhi (ting 'dzin) all the while,[93]Note 93 · p. 241 · ting 'dzin yin bzhin ma rig yid: I follow GPT-6.2 Astra, "though it is samādhi, the mental faculty is unaware of it", which fits a slogan claiming that thought is already samādhi. Dharmamitra and Claude Fable 5.2 have "while it is samādhi, it is the mind of unawareness", which the charlatans would hardly teach. Gemini 4 Neon's "the ignorant mind is already samādhi" does not fit yin bzhin. The line is terse and the reading is not certain. the mental faculty is unaware of it,source?Quotation (not named in the text)
Source not identified.
The quoted words were not found among the texts on this wiki.

and so forth. By such statements they present a counterfeit that deceives beings, and one sees them explaining it as a profound Dharma that others do not have. This, to be sure, is nothing more than robbers of this vehicle having appeared nowadays. But the fact is this: from self-arisen primordial wisdom the dynamic energy of compassionate responsiveness[94]Note 94 · p. 241 · thugs rje: "compassionate responsiveness" per the glossary (Gemini 4 Neon, GPT-6.2 Astra "compassion"; Dharmamitra "responsiveness"). (thugs rje) stirs, and that very cognition which arises toward objects is explained as "the display that has arisen from dynamic energy"; it is not self-arisen primordial wisdom, because it follows upon the presence or absence of objects; because, if it is not embraced by skillful means, it acts as the karma (las) and afflictions that lead into conditioned existence (srid pa); and because, being of the nature of thought and analysis, it has not gone beyond saṃsāra's own face. The All-Creating King also says:

Self-arisen primordial wisdom knows primordially.[95]Note 95 · p. 241 · ye shes is "primordial wisdom" throughout per the glossary, including in the Kun byed quotation (Gemini 4 Neon "pristine awareness", GPT-6.2 Astra "primordial knowing", Claude Fable 5.2 "wisdom").

[p. 242] The primordial wisdom that conceives of objects
arises from objects, and so is not self-arisen.Kun byedQuotation (named in the text: ཀུན་བྱེད་ལས་ཀྱང)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 100 % of the words.

So it says. In the common vehicle too, the Two Truths explains:

Mind and mental factors of the three realms (khams gsum)
are conceptual thought that has the aspect of superimposition.Bden gnyisQuotation (named in the text: བདེན་གཉིས་ལས)
བདེན་པ་གཉིས་རྣམ་པར་འབྱེད་པ, bden pa gnyis rnam par 'byed pa, Distinguishing the Two Truths (Satyadvayavibhaṅga), by Jñānagarbha · shastra; Tengyur; Toh 3881
Identification: medium confidence (Longchenpa also quotes a couplet of this work as a saying of Āryadeva.)
The quoted words are in ཡིད་བཞིན་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་གླེགས་བམ་གཉིས་པའོ། (a parallel), 100 % of the words.

And Dignāga too explains:

Discursive thought is great unawareness;
it is what makes one fall into the ocean of saṃsāra.Phyogs kyi glang poQuotation (named in the text: ཕྱོགས་ཀྱི་གླང་པོས་ཀྱང)
ཕྱོགས་ཀྱི་གླང་པོ, phyogs kyi glang po, Saying of Dignāga, by Dignāga · person
Identification: low confidence (The verse on conceptual thought as great ignorance is traditionally ascribed to Dignāga but not traced in his works.)
The quoted words are in རོ་སྙོམས་སྒང་འདྲིལ་བཞུགས། (a parallel), 100 % of the words.

Since their claim plainly appears to contradict these explanations, it is a misconception[96]Note 96 · p. 242 · log par rtogs pa (e-text) / log par rtog pa (Adzom): I follow Adzom, "misconception", the standard phrase and the one used on p. 240. The e-text would give "wrong understanding" (so Claude Fable 5.2), with little difference in sense. of truly enormous proportions. If an assertion of this kind is not even to be listened to, what need is there to speak of siding with it?

6 Explaining well what self-arisen primordial wisdom is རང་བྱུང་གི་ཡེ་ཤེས་དེ་གང་ཡིན་ལེགས་པར་བཤད་པ6 Explaining well what self-arisen primordial wisdom is (topical division)
Identifies self-arisen primordial wisdom as empty, lucid awareness whose originally pure essence and unobstructed dynamic energy are nondual, like a mirror and its reflections. Rejects dividing practice into resting and freeing upon arising, and presents this naked sole sphere, named by terms such as cutting through and spontaneous presence, as the effortless ultimate intent of the Heart Drop.

If one asks, "Here, then, what is that self-arisen primordial wisdom?", it is well explained as follows:

6.1 Identifying the essence and its dynamic energy ངོ་བོ་དང་དེའི་རྩལ་ངོས་བཟུང་བ6.1 Identifying the essence and its dynamic energy (topical division)
Root verse and explanation: the essence is originally pure, unmoving luminosity; its dynamic energy is unobstructed awareness without thought or analysis. Recognizing the naked awareness of what arises reveals nondual self-arisen wisdom, the sole sphere; supported by the Rang shar, Thal 'gyur, Rtsal rdzogs and a long quotation from the Klong drug pa.

Here, awakened mind, originally pure (gdod nas dag pa),
the truth of the nature of phenomena of ultimate basic space (don dam dbyings),[97]Note 97 · p. 242 · don dam dbyings: "ultimate basic space" (Dharmamitra, GPT-6.2 Astra "ultimate expanse", which the glossary reserves for klong). gdod nas dag pa is "originally pure", not "primordially pure" (Gemini 4 Neon, Dharmamitra).
being beyond speech and thought, is the perfection of wisdom (shes rab pha rol phyin).
Of itself unmoving, luminous by nature,
and primordially free of the conceptual elaborations of movement and proliferation:

[p. 243] this is called the essence; it is like the heart essence of the sun.[98]Note 98 · p. 243 · nyi ma'i snying po: "heart essence of the sun" per the glossary. The image is the sun's core as against its rays, the dynamic energy.
Its dynamic energy, unceasing in its way of arising,
is awareness in its unobstructed transparency (rig pa zang thal), free of both thought and analysis.
Though vividly lucid, it is without perceived object and perceiving subject.

Self-arisen primordial wisdom is awareness, empty and lucid (stong gsal), free of conceptual elaboration, like a pure crystal globe, which has arisen as an essence that does not analyze objects. Although it abides as the aspect of the ground of arising ('char gzhi), in its own face there is neither arising nor not arising, and so it is this: vividly present as natural lucidity (rang gsal), unalloyed as emptiness, utterly clear as primordial purity (ka dag). The aspect that arises as multiplicity from within that state is the conceptual elaboration of perceived object and perceiving subject. The own face of what has arisen, naked (rjen) and utterly clear, abides as primordial wisdom, the aspect of awareness (rig cha); and so, since it is not conceptual thought about objects, it is called self-arisen primordial wisdom. Here, all those who have been directly introduced (ngo sprad) but in whom it has not struck home[100]Note 100 · p. 243 · ngo sprad la ma 'phrod pa: "directly introduced but in whom it has not struck home" (so Dharmamitra, GPT-6.2 Astra, Claude Fable 5.2). Gemini 4 Neon's "have not connected with the direct introduction" blurs the fact that they did receive it. identify relaxing (glod pa) right there upon whatever arises as the view; they have not understood the key point (gnad) that conceptual thought itself is delusion.[99]Note 99 · p. 243 · The final sentence runs onto the next page (gnad ma go ba yin no) and I have completed it here. For rtog pa nyid 'khrul zhes bya bas gnad ma go ba (e-text), Adzom has zhes bya ba'i gnad mgo ba, where mgo is evidently an abbreviation of ma go. I follow Adzom: "they have not understood the key point that conceptual thought itself is delusion". The e-text gives "since conceptual thought itself is called delusion, they have not understood the key point" (so Gemini 4 Neon, GPT-6.2 Astra, Claude Fable 5.2, left unfinished), which comes to the same. Dharmamitra's "because they hold that conceptual thought itself is delusion" reverses the sense: the error is taking relaxation upon thought as the view, not holding that thought is delusion.

[p. 244] From the very moment of its arising, awareness, naked and utterly clear, with neither a place where it arises nor anything that arises, abides as primordial wisdom, the unceasing way in which compassionate responsiveness arises. By identifying that, one recognizes along the way[102]Note 102 · p. 244 · zhar la: "along the way", i.e. incidentally, as in Claude Fable 5.2. Gemini 4 Neon and Dharmamitra have "simultaneously", which is imprecise. GPT-6.2 Astra breaks the sentence into an imperative and reads shar mkhan as "one who makes it arise"; it is the one or thing that arises. the root, which abides nakedly in its own place (rang sa) as self-arisen primordial wisdom; and since the essence and its own dynamic energy (rang rtsal) are nondual, this is called "nondual self-arisen primordial wisdom, the sole sphere (thig le nyag gcig), free of conceptual elaboration (spros bral)." As the Natural Arising (Rang shar) says:

In awareness, free of conceptual elaboration,
how could there be delusion and unawareness?
In primordial wisdom, free of ordinary mind,
how could there be the stains of habitual tendencies?Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 54 % of the words.

And the Reverberation of Sound (Thal 'gyur) says:

Awareness, whose defining characteristic (mtshan nyid) is to be empty and lucid,
has a nature that is not mixed with anything at all;
the extremes of perceived and perceiver are exhausted,
and the own face of the nature of phenomena is pure.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra)
Identification: high confidence
The quoted words are in Ngb-pt-0056-vol-01-text (the text itself), 83 % of the words.
[104]Note 104 · p. 244 · Thal 'gyur verse: read as a list of what belongs to awareness (unmixed nature, exhaustion of the extremes, purity of the own face of the nature of phenomena). Gemini 4 Neon "reality itself" for chos nyid is corrected to "the nature of phenomena".

And the Perfect Dynamic Energy (Rtsal rdzogs) says:

The essence of the self-appearance of primordial wisdom
is without the discursive thoughts of the mental faculty:
objects of the past and[101]Note 101 · p. 244 · The opening words gnad ma go ba yin no were already rendered at the end of the previous part and are not repeated; this part begins at shar dus nas.[103]Note 103 · p. 244 · Glossary renderings restored throughout: ye shes is "primordial wisdom" (Gemini 4 Neon "timeless wisdom", GPT-6.2 Astra "primordial knowing", Claude Fable 5.2 "timeless awareness"); dgongs pa is "enlightened intent" (GPT-6.2 Astra "realization"); rang grol is "naturally free" (Gemini 4 Neon, GPT-6.2 Astra, Claude Fable 5.2 "self-liberated"); ma rig is "unawareness" (Gemini 4 Neon, Dharmamitra, Claude Fable 5.2 "ignorance").

[p. 245] objects of the future,
their appearance is cut through directly.Seng ge rtsal rdzogsQuotation (named in the text: རྩལ་རྫོགས་ལས)
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0065-vol-01-text (the text itself), 65 % of the words.

And the Six Expanses (Klong drug pa) says:

In mind itself, great equality (mnyam pa chen po),[105]Note 105 · p. 245 · mnyam pa chen po is "great equality" (Dharmamitra "great equanimity" is wrong); mtshan ma med pa is "without marks" (Dharmamitra adds "unconditioned", which is not in the Tibetan; Claude Fable 5.2 "characteristics" blurs it with mtshan nyid).
the emanation of great all-pervasiveness[106]Note 106 · p. 245 · khyab gdal chen po is rendered "great all-pervasiveness"; Claude Fable 5.2's "expanse" is avoided because that word is reserved for klong. appears, and so
"nondual appearance, primordially connected":
thus have I, Samantabhadra, taught.Klong drug paQuotation (named in the text: ཀློང་དྲུག་པ་ལས)
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Expanses · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

In mind itself, which is without marks,
the appearing of phenomena in their numbers
is what is called "naturally free (rang grol) and nondual":
thus have I, Samantabhadra, taught.

In mind itself, which is inexpressible,
the appearing of words that have no basis for discourse
is "beyond the objects of speech and thought":
thus have I, Samantabhadra, taught.

In mind itself, which is not to be sought,
the self-appearance of the great self-arisen
is "great self-arisen primordial wisdom":
thus have I, Samantabhadra, taught.

In mind itself, which is without stain,
appearance free of objects and conditions[107]Note 107 · p. 245 · yul rkyen: taken as "objects and conditions" with Gemini 4 Neon, GPT-6.2 Astra and Claude Fable 5.2; Dharmamitra's "objective conditions" (objects as conditions) is also possible.
is "the enlightened intent of great natural purity (rang dag)":
thus have I, Samantabhadra,

Translation notes
  • 73. [p. 236] 'bras bu in the anu stanza is rendered "effect", not "fruition", because it is paired line by line with rgyu and taken up at once as rgyu 'bras. Gemini 4 Neon has "fruition"; Claude Fable 5.2, GPT-6.2 Astra and Dharmamitra have "result".
  • 74. [p. 236] rang ngo a ti'i dgongs pa: rang ngo here is an outline phrase meaning ati "for its own part", so it is rendered "in its own right" rather than the glossary's "its own face". dgongs pa is "enlightened intent", not "realization" as in Gemini 4 Neon and Dharmamitra.
  • 75. [p. 236] rang la bzhag nas gzhan du tshol mi byed: Claude Fable 5.2 and Dharmamitra take bzhag as "resting" ("left to rest in itself", "resting in oneself"). Gemini 4 Neon and GPT-6.2 Astra take it as "leaving it behind in oneself and seeking elsewhere", with the whole negated. I follow Gemini 4 Neon and GPT-6.2 Astra, since the Kun byed quotation just below has the same idiom (rang gi bzhag nas gzhan … 'tshol) as a fault.
  • 76. [p. 236] ngo bo thad drang ngang las ma g.yos par: thad drang is taken adverbially ("directly") and ngang as the state of the nature of phenomena, following the commentary's gloss (chos nyid kyi ngang las ma g.yos pa). Gemini 4 Neon reads "the straightforward state of its essence", and Dharmamitra drops ngang.
  • 77. [p. 237] yul in lhun grub yul la rol is rendered "domain" rather than "object", as the context requires. rol is read as indicative ("revels") with Claude Fable 5.2 and Dharmamitra, not as the imperative of Gemini 4 Neon and GPT-6.2 Astra.
  • 78. [p. 237] rgyu 'bras theg chen: rendered "the great vehicles of cause and effect" with Claude Fable 5.2, not "Mahāyāna" (Gemini 4 Neon, GPT-6.2 Astra, Dharmamitra). The four methods listed (abandoning, blocking, purifying, blessing) span both sūtra and lower tantra vehicles in the Kun byed rgyal po.
  • 79. [p. 237] rang gi bzhag nas: Adzom reads rang ga ma bzhag nas ("setting aside what is just as it naturally is"). That makes the line hypermetrical. I follow the e-text, "leaving aside what is their own".
  • 80. [p. 237] byar med bde bor: bor is "casting away" (Claude Fable 5.2, Gemini 4 Neon, GPT-6.2 Astra). Dharmamitra's "toward the effortless state of ease" misreads it as a case ending.
  • 81. [p. 238] mtshungs par bsten: Adzom reads bstan ("the others are shown to be like…"). I follow the e-text's bsten ("practice", "rely on"), which parallels 'dod in the first couplet.
  • 82. [p. 238] nyi ma gdod grub byed: gdod is "only then, newly", as the commentary's gdod nyi ma mthong bar confirms. Dharmamitra's "a primordially present sun" is a misreading.
  • 83. [p. 238] nyi ma dngos su ltar yod pa: ltar is odd here, and may be a corruption of da ltar ("actually present right now"). It is translated as "actually present".
  • 84. [p. 238] gzhung nang 'gal ba: "internally contradictory" (Claude Fable 5.2, Gemini 4 Neon, Dharmamitra). GPT-6.2 Astra's "at odds" loses the point that each system contradicts itself.
  • 85. [p. 239] 'og ma de dag gi don rnal ma rtogs par: read as 'og ma de dag gis don rnal ma ma rtogs par (or rnal + ma rtogs), "do not realize the genuine meaning". The quotation's rang byung ye shes don ma rtogs confirms the negative. All drafts agree.
  • 86. [p. 239] rim pa dgu yis ngo bo yi / rang byung ye shes don: ngo bo yi goes with the following line ("the essence, self-arisen primordial wisdom"), as in Claude Fable 5.2, Gemini 4 Neon and GPT-6.2 Astra. Dharmamitra's "through the essence of these nine stages" is wrong.
  • 87. [p. 239] 'byung ba rdo rje rkyen gyi bdag: an obscure line. I read 'byung ba as "what arises", following 'byung in the line three above (Claude Fable 5.2, GPT-6.2 Astra; Gemini 4 Neon similar). Dharmamitra reads "the elements", which is possible but less likely here.
  • 88. [p. 239] The last sentence continues on p. 240 (… gnyis ma phyed pa'i rmongs pa bzlog pa ni). The translation stops at "from something other," for the next part to complete.
  • 89. [p. 240] rmongs pa is rendered "confusion / confused ones" (Gemini 4 Neon, Dharmamitra, Claude Fable 5.2 have "delusion", GPT-6.2 Astra "ignorance") because the glossary reserves "delusion" for 'khrul pa.
  • 90. [p. 240] gti mug is "bewilderment" per the glossary, against "stupidity" (Gemini 4 Neon, Claude Fable 5.2), "ignorance" (Dharmamitra) and "dullness" (GPT-6.2 Astra).
  • 91. [p. 240] thar par phyogs pa'i skye bo bsod nams chung ngu 'phrad par nyes pa dag dang 'phrad pa kun la: with Claude Fable 5.2 I read this as one dative phrase, "to all the people turned toward liberation who, having little merit, have met with those it is a misfortune to meet". Gemini 4 Neon, Dharmamitra, GPT-6.2 Astra give the same sense but restructure it as "whenever they meet…".
  • 92. [p. 241] rtog pa zang ma: "unalloyed", in line with zang ka (Gemini 4 Neon, Claude Fable 5.2 "raw"). Dharmamitra's "bare, unimpeded" confuses it with zang thal.
  • 93. [p. 241] ting 'dzin yin bzhin ma rig yid: I follow GPT-6.2 Astra, "though it is samādhi, the mental faculty is unaware of it", which fits a slogan claiming that thought is already samādhi. Dharmamitra and Claude Fable 5.2 have "while it is samādhi, it is the mind of unawareness", which the charlatans would hardly teach. Gemini 4 Neon's "the ignorant mind is already samādhi" does not fit yin bzhin. The line is terse and the reading is not certain.
  • 94. [p. 241] thugs rje: "compassionate responsiveness" per the glossary (Gemini 4 Neon, GPT-6.2 Astra "compassion"; Dharmamitra "responsiveness").
  • 95. [p. 241] ye shes is "primordial wisdom" throughout per the glossary, including in the Kun byed quotation (Gemini 4 Neon "pristine awareness", GPT-6.2 Astra "primordial knowing", Claude Fable 5.2 "wisdom").
  • 96. [p. 242] log par rtogs pa (e-text) / log par rtog pa (Adzom): I follow Adzom, "misconception", the standard phrase and the one used on p. 240. The e-text would give "wrong understanding" (so Claude Fable 5.2), with little difference in sense.
  • 97. [p. 242] don dam dbyings: "ultimate basic space" (Dharmamitra, GPT-6.2 Astra "ultimate expanse", which the glossary reserves for klong). gdod nas dag pa is "originally pure", not "primordially pure" (Gemini 4 Neon, Dharmamitra).
  • 98. [p. 243] nyi ma'i snying po: "heart essence of the sun" per the glossary. The image is the sun's core as against its rays, the dynamic energy.
  • 99. [p. 243] The final sentence runs onto the next page (gnad ma go ba yin no) and I have completed it here. For rtog pa nyid 'khrul zhes bya bas gnad ma go ba (e-text), Adzom has zhes bya ba'i gnad mgo ba, where mgo is evidently an abbreviation of ma go. I follow Adzom: "they have not understood the key point that conceptual thought itself is delusion". The e-text gives "since conceptual thought itself is called delusion, they have not understood the key point" (so Gemini 4 Neon, GPT-6.2 Astra, Claude Fable 5.2, left unfinished), which comes to the same. Dharmamitra's "because they hold that conceptual thought itself is delusion" reverses the sense: the error is taking relaxation upon thought as the view, not holding that thought is delusion.
  • 100. [p. 243] ngo sprad la ma 'phrod pa: "directly introduced but in whom it has not struck home" (so Dharmamitra, GPT-6.2 Astra, Claude Fable 5.2). Gemini 4 Neon's "have not connected with the direct introduction" blurs the fact that they did receive it.
  • 101. [p. 244] The opening words gnad ma go ba yin no were already rendered at the end of the previous part and are not repeated; this part begins at shar dus nas.
  • 102. [p. 244] zhar la: "along the way", i.e. incidentally, as in Claude Fable 5.2. Gemini 4 Neon and Dharmamitra have "simultaneously", which is imprecise. GPT-6.2 Astra breaks the sentence into an imperative and reads shar mkhan as "one who makes it arise"; it is the one or thing that arises.
  • 103. [p. 244] Glossary renderings restored throughout: ye shes is "primordial wisdom" (Gemini 4 Neon "timeless wisdom", GPT-6.2 Astra "primordial knowing", Claude Fable 5.2 "timeless awareness"); dgongs pa is "enlightened intent" (GPT-6.2 Astra "realization"); rang grol is "naturally free" (Gemini 4 Neon, GPT-6.2 Astra, Claude Fable 5.2 "self-liberated"); ma rig is "unawareness" (Gemini 4 Neon, Dharmamitra, Claude Fable 5.2 "ignorance").
  • 104. [p. 244] Thal 'gyur verse: read as a list of what belongs to awareness (unmixed nature, exhaustion of the extremes, purity of the own face of the nature of phenomena). Gemini 4 Neon "reality itself" for chos nyid is corrected to "the nature of phenomena".
  • 105. [p. 245] mnyam pa chen po is "great equality" (Dharmamitra "great equanimity" is wrong); mtshan ma med pa is "without marks" (Dharmamitra adds "unconditioned", which is not in the Tibetan; Claude Fable 5.2 "characteristics" blurs it with mtshan nyid).
  • 106. [p. 245] khyab gdal chen po is rendered "great all-pervasiveness"; Claude Fable 5.2's "expanse" is avoided because that word is reserved for klong.
  • 107. [p. 245] yul rkyen: taken as "objects and conditions" with Gemini 4 Neon, GPT-6.2 Astra and Claude Fable 5.2; Dharmamitra's "objective conditions" (objects as conditions) is also possible.
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the commentary announces and opens), gold the quotations, red the words of the root verses (or of a quotation) that the commentary quotes to explain them, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program, the root verses by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Root verses being explainedAuthor's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 236]
པ་ནི།
།མ་ཧཱ་ཡོ་གར་གོལ་བར་བཤད།
།ཨ་ནུ་དབྱེ་མེད་ས་འདོད་པ།
།དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས།
།འདི་ལྟར་སྣང་བའི་ཆོས་རྣམས་ལ།
།རྒྱུ་ནི་དག་པའི་དབྱིངས་ལྟ་བ།
།འབྲས་བུ་ཡེ་ཤེས་དཀྱིལ་འཁོར་ལྟ།
།ཨ་ཏི་ཡོ་གའི་བདེ་ཆེན་ནི།
།རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས།
།རྒྱུ་འབྲས་འདས་ལ་ཨ་ནུས་བསྒྲིབས།
།རྫོགས་ཆེན་རྒྱུ་འབྲས་གཉིས་ལྟ་ན།
།ཨ་ནུ་ཡོ་གར་གོལ་བར་བཤད།
།ཅེས་གསུངས་སོ། །རང་ངོ་ཨ་ཏིའི་དགོངས་པ་ནི། །བླང་དོར་བྱ་རྩོལ་མེད་པའི་ཆོས་ཆེན་ནི།
།རང་བྱུང་ཡེ་ཤེས་བྱང་ཆུབ་སེམས་ཉིད་ཀྱི།
།ངོ་བོ་ཐད་དྲང་ངང་ལས་མ་གཡོས་པར།
།མངོན་དུ་བྱེད་པས་གཞན་དུ་རྩོལ་མི་དགོས།
།རང་ལ་བཞག་ནས་གཞན་དུ་ཚོལ་མི་བྱེད།
།རྡོ་རྗེ་སྙིང་པོ་ལྷུན་གྱིས་གྲུབ་པ་འདིའི་རང་གཞུང་ནི་རིག་པ་བཅོས་བསླད་མེད་པ་ཆོས་ཉིད་ཀྱི་ངང་ལས་མ་གཡོས་པ་ཆོས་སྐུ་གཞིའི་

is explained to be the deviation into mahāyoga.

Anu, aspiring to the level of indivisibility,
enters by the gateway of basic space and primordial wisdom
and, with regard to the phenomena that appear in this way,
views the cause as pure basic space
and views the effect as the maṇḍala of primordial wisdom.[73]Note 73 · p. 236 · 'bras bu in the anu stanza is rendered "effect", not "fruition", because it is paired line by line with rgyu and taken up at once as rgyu 'bras. Gemini 4 Neon has "fruition"; Claude Fable 5.2, GPT-6.2 Astra and Dharmamitra have "result".
The great bliss of atiyoga
is awakened mind, beyond cause and effect.
What is beyond cause and effect is obscured by anu.
To view the Great Perfection as the two, cause and effect,
is explained to be the deviation into anuyoga.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 79 % of the words.

So it is said.

4.6 The intent of ati in its own right རང་ངོ་ཨ་ཏིའི་དགོངས་པ4.6 The intent of ati in its own right (topical division)
Ati makes self-arisen wisdom evident directly without effort; uncontrived awareness is the dharmakāya, the buddha of the ground, not to be sought elsewhere. Quotations from the Great Garuḍa, the Pearl Garland and the All-Creating King.

As for the enlightened intent of ati in its own right:[74]Note 74 · p. 236 · rang ngo a ti'i dgongs pa: rang ngo here is an outline phrase meaning ati "for its own part", so it is rendered "in its own right" rather than the glossary's "its own face". dgongs pa is "enlightened intent", not "realization" as in Gemini 4 Neon and Dharmamitra.

As for the great Dharma without accepting and rejecting, action and effort:
the essence of self-arisen primordial wisdom, awakened mind itself (byang chub sems nyid),
is made evident directly, without wavering from that state,[76]Note 76 · p. 236 · ngo bo thad drang ngang las ma g.yos par: thad drang is taken adverbially ("directly") and ngang as the state of the nature of phenomena, following the commentary's gloss (chos nyid kyi ngang las ma g.yos pa). Gemini 4 Neon reads "the straightforward state of its essence", and Dharmamitra drops ngang.
and so there is no need for effort elsewhere.
One does not leave it aside in oneself and seek it elsewhere.[75]Note 75 · p. 236 · rang la bzhag nas gzhan du tshol mi byed: Claude Fable 5.2 and Dharmamitra take bzhag as "resting" ("left to rest in itself", "resting in oneself"). Gemini 4 Neon and GPT-6.2 Astra take it as "leaving it behind in oneself and seeking elsewhere", with the whole negated. I follow Gemini 4 Neon and GPT-6.2 Astra, since the Kun byed quotation just below has the same idiom (rang gi bzhag nas gzhan … 'tshol) as a fault.

The system proper to this spontaneously present vajra heart essence holds that awareness, uncontrived and unadulterated, not wavering from the state of the nature of phenomena, is the dharmakāya (chos sku), the buddha (sangs rgyas) of the ground.

[p. 237]
སངས་རྒྱས་སུ་འདོད་པས། དེ་ལས་གཞན་དུ་བཙལ་ཡང་སངས་རྒྱས་མི་རྙེད་ལ། སངས་རྒྱས་མིང་ཙམ་ལས་དོན་ལ་རིག་པ་འཕོ་འགྱུར་མེད་པའི་ངོ་བོ་ཀློང་དུ་ཕེབས་པ་ཙམ་དུ་འདོད་དེ། ཁྱུང་ཆེན་ལས། རྒྱུ་མེད་རྐྱེན་དང་བྲལ་བའི་རང་སྣང་སྒྲིབས་མེད་ཉིད།
།རྩོལ་བྲལ་ཉག་གཅིག་སུས་ཀྱང་མ་བྱས་པའི།
།ཡེ་རྫོགས་སྙིང་པོ་ལྷུན་གྲུབ་ཡུལ་ལ་རོལ།
།ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ཅེས་པ་དང༌། ཀུན་བྱེད་ལས། སངས་རྒྱས་མ་བལྟ་རང་སེམས་བྱར་མེད་རྟོགས།
།བརྟགས་ན་མེད་དེ་རང་རིག་ཡེ་ནས་གསལ།
།འདི་མིན་སྙམ་པའི་རྒྱུ་འབྲས་ཐེག་ཆེན་ལ།
།སྤོང་འགེགས་སྦྱངས་པ་བྱིན་རླབས་སྣ་ཚོགས་ཀྱིས།
།རང་སེམས་ཆོས་ཉིད་བྱར་མེད་དེ་ལས་གོལ།
།རང་གི་བཞག་ནས་གཞན་མ་རྒྱང་དུ་འཚོལ།
།བྱར་མེད་བདེ་བོར་རྩོལ་བ་དང་དུ་ལེན།
།ཚི་

Therefore, even if one searches elsewhere than that, no buddha is found; and it holds that "buddha" is no more than a name, and that in fact it is simply the essence of awareness, without transition or change, having arrived in the expanse (klong). From the Great Garuḍa:

Self-appearance (rang snang) without cause and free of conditions, unobscured in itself:
free of effort, sole (nyag gcig), made by no one at all,
the primordially perfect (ye rdzogs) heart essence revels in the domain of spontaneous presence.Khyung chenQuotation (named in the text: ཁྱུང་ཆེན་ལས)
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Soaring Garuḍa · tantra; Nyingma Gyubum, one of the Five Early Translations of the Mind Series
Identification: high confidence
The quoted words are in Klong chen rab byams gsung 'bum/volume 002 028 (a parallel), 80 % of the words.
[77]Note 77 · p. 237 · yul in lhun grub yul la rol is rendered "domain" rather than "object", as the context requires. rol is read as indicative ("revels") with Claude Fable 5.2 and Dharmamitra, not as the imperative of Gemini 4 Neon and GPT-6.2 Astra.

And from the Pearl Garland:

Perfect buddha is self-knowing awareness itself.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

And from the All-Creating King:

Do not look to buddha; realize that in your own mind there is nothing to be done.
If examined, it is not there; self-knowing awareness is primordially lucid (gsal).
In the great vehicles of cause and effect,[78]Note 78 · p. 237 · rgyu 'bras theg chen: rendered "the great vehicles of cause and effect" with Claude Fable 5.2, not "Mahāyāna" (Gemini 4 Neon, GPT-6.2 Astra, Dharmamitra). The four methods listed (abandoning, blocking, purifying, blessing) span both sūtra and lower tantra vehicles in the Kun byed rgyal po. which think, "It is not this,"
through their various ways of abandoning, blocking, purifying and blessing (byin rlabs),
they deviate from that: their own mind, the nature of phenomena, in which there is nothing to be done.
Leaving aside what is their own,[79]Note 79 · p. 237 · rang gi bzhag nas: Adzom reads rang ga ma bzhag nas ("setting aside what is just as it naturally is"). That makes the line hypermetrical. I follow the e-text, "leaving aside what is their own". they search far off for something else.
Casting away the ease of nothing to be done,[80]Note 80 · p. 237 · byar med bde bor: bor is "casting away" (Claude Fable 5.2, Gemini 4 Neon, GPT-6.2 Astra). Dharmamitra's "toward the effortless state of ease" misreads it as a case ending. they willingly take up effort.

[p. 238]
ཆད་ནད་དུ་དེ་ལས་ཆེ་བ་མེད། །ཅེས་སོ། །ཐེག་པ་གཉིས་ཀྱི་ཁྱད་པར་བསྟན་པ་ནི།
།འདི་ནི་ཉི་མའི་ངོ་བོ་དེ་ཉིད་དོན།
།རང་གཞག་འོད་གསལ་མི་གཡོ་གནས་པར་འདོད།
།གཞན་ནི་སྤྲིན་དང་མུན་སེལ་རྩོལ་སྒྲུབ་ཀྱིས།
།ཉི་མ་གདོད་གྲུབ་བྱེད་དང་མཚུངས་པར་བསྟེན།
།དེས་ན་འདི་གཉིས་ཁྱད་པར་གནམ་ས་བཞིན།
།ལྷུན་གྲུབ་རྡོ་རྗེ་སྙིང་པོ་འདི་ནི་རིག་པའི་ངོ་བོ་འདི་ཉིད་ཡེ་ནས་སངས་རྒྱས་སུ་གྲུབ་ཟིན་པ་ཉི་མ་དངོས་སུ་ལྟར་ཡོད་པ་དང་འདྲ་ལ། གཞན་རྣམས་སྤྲིན་དང་མུན་པ་བསལ་བའི་རྒྱུ་དང་རྐྱེན་ལས་གདོད་ཉི་མ་མཐོང་བར་འདོད་པ་ལྟར། རྒྱུ་རྐྱེན་རྩོལ་སྒྲུབ་བྱས་པའི་མཐར་སངས་རྒྱས་འགྲུབ་པར་འདོད་པ་སྟེ། ལྷུན་གྱིས་གྲུབ་པ་དང་འགལ་བར་ཞུགས་པས་ཐེག་པ་དེ་དག་སོ་སོའི་གཞུང་ནང་འགལ་བ་སྟེ། དེས་ན་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་ད་ལྟ་ནས་སངས་རྒྱས་རང་བབས་སུ་ཡོད་པ་དང༌། མེད་པའི་ཁྱད་ཀྱིས་ཕྱེ་

As a wearying sickness, there is none greater than that.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Gnas lugs rin po che'i mdzod/Chapter 1/Commentary (a parallel: གནས་ལུགས་རིན་པོའི་ཆེའི་མཛོད), 53 % of the words.

So it says.

4.7 The difference between the two vehicles ཐེག་པ་གཉིས་ཀྱི་ཁྱད་པར4.7 The difference between the two vehicles (topical division)
Ati holds awareness to be primordially buddha like the sun actually present, whereas other vehicles hold buddhahood to result from effort in causes and conditions, like clearing clouds; they differ like sky and earth, and the latter contradict spontaneous presence.

Showing the difference between the two vehicles:

This one holds that the true meaning, the very essence of the sun,
abides as unwavering luminosity, resting naturally (rang gzhag).
The others, through effort and striving to dispel clouds and darkness,
practice in a way that is like making the sun[81]Note 81 · p. 238 · mtshungs par bsten: Adzom reads bstan ("the others are shown to be like…"). I follow the e-text's bsten ("practice", "rely on"), which parallels 'dod in the first couplet. come into being only then.[82]Note 82 · p. 238 · nyi ma gdod grub byed: gdod is "only then, newly", as the commentary's gdod nyi ma mthong bar confirms. Dharmamitra's "a primordially present sun" is a misreading.
Therefore the difference between these two is like that between sky and earth.

For this spontaneously present vajra heart essence, this very essence of awareness is already established primordially as buddha, which is like the sun being actually present.[83]Note 83 · p. 238 · nyi ma dngos su ltar yod pa: ltar is odd here, and may be a corruption of da ltar ("actually present right now"). It is translated as "actually present". The others, like those who hold that the sun is seen only then, from the causes and conditions of clearing away clouds and darkness, hold that buddhahood is accomplished at the end of effort and striving in causes and conditions. Since they have entered into contradiction with spontaneous presence, the systems of each of those vehicles are internally contradictory.[84]Note 84 · p. 238 · gzhung nang 'gal ba: "internally contradictory" (Claude Fable 5.2, Gemini 4 Neon, Dharmamitra). GPT-6.2 Astra's "at odds" loses the point that each system contradicts itself. Therefore they are distinguished by the difference of whether or not awareness, self-arisen primordial wisdom itself, is present from this very moment as naturally settled (rang babs) buddhahood.

[p. 239]
བ་སྟེ། འོག་མ་དེ་དག་གི་དོན་རྣལ་མ་རྟོགས་པར་བསྟན་པ་ནི། རྩལ་རྫོགས་ལས། དཀྱིལ་འཁོར་གཅིག་ལ་དོན་བརྗོད་པ།
།གསང་སྔགས་གཅིག་ལ་འཁྱེར་སོ་དགུ།
།དེ་ཡང་རྣམ་པ་ཙམ་དུ་སྣང༌།
།རིམ་པ་དགུ་ཡིས་ངོ་བོ་ཡི།
།རང་བྱུང་ཡེ་ཤེས་དོན་མ་རྟོགས།
།སྣང་བའི་རང་བཞིན་སྣང་བ་ལ།
།དོན་དམ་དང་ནི་ཀུན་རྫོབ་གཉིས།
།ཐ་དད་མ་ཡིན་གཅིག་གི་ངང༌།
།ཡེ་ནས་རྟོགས་པའི་ངོ་གང་ལ།
།མཚན་མའི་རྣམ་རྟོག་ཅི་བྱུང་བ།
།ཐམས་ཅད་ཡེ་ཤེས་རོལ་པ་ཙམ།
།རིག་པ་གཅིག་ལ་དོན་བརྗོད་པ།
།སྐུ་གསུམ་རྒྱལ་བའི་ངོ་བོར་སྣང༌།
།སྐུ་ལས་ཡེ་ཤེས་ཆོ་འཕྲུལ་འབྱུང༌།
།སྣང་དང་མི་སྣང་ཆོས་མ་ཡིན།
།རྟོགས་དང་མ་རྟོགས་མཐའ་ལས་གྲོལ།
།སྣང་བའི་ཡེ་ཤེས་ངོ་བོར་གནས།
།འབྱུང་བ་རྡོ་རྗེ་རྐྱེན་གྱི་བདག
།ཅེས་སོ། །ད་ནི་རང་བྱུང་གི་ཡེ་ཤེས་དང་གཞན་བྱུང་གི་རྟོག་ཚོགས་
4.8 The lower vehicles do not realize the genuine meaning འོག་མ་དེ་དག་གི་དོན་རྣལ་མ་རྟོགས་པར་བསྟན་པ4.8 The lower vehicles do not realize the genuine meaning (topical division)
Perfect Dynamic Energy is quoted: the nine stages are mere aspects that do not realize self-arisen wisdom; for the realized, all thoughts are the display of primordial wisdom and the single awareness appears as the three kāyas.

As for showing that those lower ones do not realize the genuine meaning,[85]Note 85 · p. 239 · 'og ma de dag gi don rnal ma rtogs par: read as 'og ma de dag gis don rnal ma ma rtogs par (or rnal + ma rtogs), "do not realize the genuine meaning". The quotation's rang byung ye shes don ma rtogs confirms the negative. All drafts agree. the Perfect Dynamic Energy says:

To state the meaning with regard to the single maṇḍala:
for the single secret mantra (gsang sngags) there are nine ways of carrying it.
These too appear as mere aspects.
By the nine stages, the meaning of the essence,[86]Note 86 · p. 239 · rim pa dgu yis ngo bo yi / rang byung ye shes don: ngo bo yi goes with the following line ("the essence, self-arisen primordial wisdom"), as in Claude Fable 5.2, Gemini 4 Neon and GPT-6.2 Astra. Dharmamitra's "through the essence of these nine stages" is wrong.
self-arisen primordial wisdom, is not realized.
In appearance, whose nature is to appear,
the two, the ultimate and the relative,
are not different: a state of oneness.
In the perspective for which this is primordially realized,
whatever discursive thoughts of marks arise
are all merely the display of primordial wisdom.
To state the meaning with regard to the single awareness:
it appears as the essence of the victorious ones, the three kāyas (sku gsum).
From the kāyas arises the magical display of primordial wisdom.
It is not a phenomenon that appears or does not appear.
It is free from the extremes of realization and nonrealization.
The primordial wisdom of appearance abides as the essence.
What arises is the vajra, the master of conditions.Seng ge rtsal rdzogsQuotation (named in the text: རྩལ་རྫོགས་ལས)
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.
[87]Note 87 · p. 239 · 'byung ba rdo rje rkyen gyi bdag: an obscure line. I read 'byung ba as "what arises", following 'byung in the line three above (Claude Fable 5.2, GPT-6.2 Astra; Gemini 4 Neon similar). Dharmamitra reads "the elements", which is possible but less likely here.

So it says.

5 Refuting the confusion that fails to distinguish self-arisen wisdom from other-arisen thoughts རང་བྱུང་གི་ཡེ་ཤེས་དང་གཞན་བྱུང་གི་རྟོག་ཚོགས་གཉིས་མ་ཕྱེད་པའི་རྨོངས་པ་བཟློག་པ5 Refuting the confusion that fails to distinguish self-arisen wisdom from other-arisen thoughts (topical division)
Criticises contemporary self-styled Ati practitioners, likened to proud elephants, who take moving and proliferating thoughts for awakened mind; not knowing dynamic energy and what arises from it, they are far from the Great Perfection and mislead others seeking liberation.

Now, as regards self-arisen primordial wisdom and the host of thoughts that arise from something other,[88]Note 88 · p. 239 · The last sentence continues on p. 240 (… gnyis ma phyed pa'i rmongs pa bzlog pa ni). The translation stops at "from something other," for the next part to complete.

[p. 240]
གཉིས་མ་ཕྱེད་པའི་རྨོངས་པ་བཟློག་པ་ནི། དིང་སང་ཨ་ཏིར་རློམ་པའི་གླང་ཆེན་དག །འགྱུ་འཕྲོའི་རྟོག་ཚོགས་བྱང་ཆུབ་སེམས་ཡིན་ལོ། །རྨོངས་པ་འདི་ཀུན་མུན་པའི་ཀློང་ཉིད་དང༌།
།རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་རིང༌།
།རྩལ་དང་རྩལ་ལས་ཤར་བའང་མི་ཤེས་ན།
།བྱང་ཆུབ་སེམས་ཀྱི་ངོ་བོ་སྨོས་ཅི་དགོས།
།ཐེག་པ་འདིར་མོས་པ་ཙམ་དང་ལྡན་ཡང་ལེགས་པར་མཐོང་བའི་སྐལ་བ་ནི་སྐྲའི་ཉག་མ་ལ་བརྒྱར་བགོས་པའི་ཆ་ཙམ་ཡང་མེད་ལ། ཀུན་ཏུ་མ་བརྟགས་པའི་གཏི་མུག་གིས་ལུས་བསྒྱིངས་ཤིང༌། ཕྲག་དོག་དང་ལོག་པར་རྟོག་པའི་གསེར་གྱི་དྲ་བས་གདོང་བརྒྱན་པ། གླང་པོའི་ངང་ཚུལ་ཅན་གྱི་ཤེས་པར་རློམ་ལ་ཁ་གསག་དང་ལྡན་པ་ཁ་ཅིག་དག་རང་ཡང་ཉོན་མོངས་པ་དང་གཏི་མུག་དང་ལོག་པའི་ལམ་དུ་ཞུགས་པར་མ་ཟད། ཐར་པར་ཕྱོགས་པའི་སྐྱེ་བོ་བསོད་ནམས་ཆུང་ངུ་འཕྲད་པར་ཉེས་པ་དག་དང་འཕྲད་པ་

the confusion that fails to distinguish the two[89]Note 89 · p. 240 · rmongs pa is rendered "confusion / confused ones" (Gemini 4 Neon, Dharmamitra, Claude Fable 5.2 have "delusion", GPT-6.2 Astra "ignorance") because the glossary reserves "delusion" for 'khrul pa. is turned back as follows:

Nowadays the great elephants who pride themselves on Ati
say that the host of thoughts that move and proliferate ('gyu 'phro) is awakened mind.
All these confused ones are the very expanse of darkness
and far from the meaning of the natural Great Perfection (rang bzhin rdzogs pa chen po).
If they do not know even dynamic energy and what arises from dynamic energy,
what need is there to mention the essence of awakened mind?

Though they have a mere inclination toward this vehicle, they have not even a hundredth part of a single strand of hair of the good fortune to see it properly. Their bodies swagger with the bewilderment (gti mug) of having examined nothing[90]Note 90 · p. 240 · gti mug is "bewilderment" per the glossary, against "stupidity" (Gemini 4 Neon, Claude Fable 5.2), "ignorance" (Dharmamitra) and "dullness" (GPT-6.2 Astra). at all, and their faces are adorned with the golden net of jealousy and misconception. Certain people of this kind, with the temperament of elephants, presuming to know and given to flattery, have not only themselves entered the path of afflictions, bewilderment and error; to all those people turned toward liberation[91]Note 91 · p. 240 · thar par phyogs pa'i skye bo bsod nams chung ngu 'phrad par nyes pa dag dang 'phrad pa kun la: with Claude Fable 5.2 I read this as one dative phrase, "to all the people turned toward liberation who, having little merit, have met with those it is a misfortune to meet". Gemini 4 Neon, Dharmamitra, GPT-6.2 Astra give the same sense but restructure it as "whenever they meet…". (thar pa) who, having little merit (bsod nams), have met with those whom it is a misfortune to meet,

[p. 241]
ཀུན་ལ་འདི་སྐད་དུ་འདོམས་ཏེ། གང་ཤར་ཆོས་སྐུའི་རང་བཞིན། རྟོག་པ་ཟང་མ་འདི་ཉིད་རང་བྱུང་གི་ཡེ་ཤེས་སོ་ཞེས་པ་དང༌། ཏིང་འཛིན་ཡིན་བཞིན་མ་རིག་ཡིད། །ཅེས་པ་ལ་སོགས་པས་འགྲོ་བ་བསླུ་བའི་བཅོས་མ་ཉེ་བར་སྟོན་པས། གཞན་ལ་མེད་པའི་ཟབ་ཆོས་སུ་འཆད་པ་དག་མཐོང་སྟེ། འདི་ནི་ཐེག་པ་འདིའི་ཆོམ་རྐུན་པ་ཞིག་དིང་སང་བྱུང་བར་ཟད་མོད། འདི་ལྟར་རང་བྱུང་གི་ཡེ་ཤེས་ལས་ཐུགས་རྗེའི་རྩལ་གཡོས་ཏེ། ཡུལ་ལ་ཤར་བའི་ཤེས་པ་དེ་ཉིད་ལ་རྩལ་ལས་ཤར་བའི་རོལ་པ་ཞེས་བཤད་ཀྱི། རང་བྱུང་གི་ཡེ་ཤེས་མ་ཡིན་ཏེ། ཡུལ་ཡོད་མེད་ཀྱི་རྗེས་སུ་བྱེད་པའི་ཕྱིར་དང༌། ཐབས་ཀྱིས་མ་ཟིན་ན་སྲིད་པར་འཇུག་པའི་ལས་དང་ཉོན་མོངས་སུ་བྱེད་པའི་ཕྱིར་དང༌། རྟོག་པ་དང་དཔྱོད་པའི་རང་བཞིན་འཁོར་བའི་རང་ངོ་ལས་མ་འདས་པའི་ཕྱིར་རོ། །ཀུན་བྱེད་ལས་ཀྱང༌། རང་བྱུང་ཡེ་ཤེས་ཡེ་

they give instruction in these words: "Whatever arises is the nature of dharmakāya. This very conceptual thought, unalloyed,[92]Note 92 · p. 241 · rtog pa zang ma: "unalloyed", in line with zang ka (Gemini 4 Neon, Claude Fable 5.2 "raw"). Dharmamitra's "bare, unimpeded" confuses it with zang thal. is self-arisen primordial wisdom,"source?Quotation (not named in the text)
Source not identified.
The quoted words were not found among the texts on this wiki.
and

Though it is samādhi (ting 'dzin) all the while,[93]Note 93 · p. 241 · ting 'dzin yin bzhin ma rig yid: I follow GPT-6.2 Astra, "though it is samādhi, the mental faculty is unaware of it", which fits a slogan claiming that thought is already samādhi. Dharmamitra and Claude Fable 5.2 have "while it is samādhi, it is the mind of unawareness", which the charlatans would hardly teach. Gemini 4 Neon's "the ignorant mind is already samādhi" does not fit yin bzhin. The line is terse and the reading is not certain. the mental faculty is unaware of it,source?Quotation (not named in the text)
Source not identified.
The quoted words were not found among the texts on this wiki.

and so forth. By such statements they present a counterfeit that deceives beings, and one sees them explaining it as a profound Dharma that others do not have. This, to be sure, is nothing more than robbers of this vehicle having appeared nowadays. But the fact is this: from self-arisen primordial wisdom the dynamic energy of compassionate responsiveness[94]Note 94 · p. 241 · thugs rje: "compassionate responsiveness" per the glossary (Gemini 4 Neon, GPT-6.2 Astra "compassion"; Dharmamitra "responsiveness"). (thugs rje) stirs, and that very cognition which arises toward objects is explained as "the display that has arisen from dynamic energy"; it is not self-arisen primordial wisdom, because it follows upon the presence or absence of objects; because, if it is not embraced by skillful means, it acts as the karma (las) and afflictions that lead into conditioned existence (srid pa); and because, being of the nature of thought and analysis, it has not gone beyond saṃsāra's own face. The All-Creating King also says:

Self-arisen primordial wisdom knows primordially.[95]Note 95 · p. 241 · ye shes is "primordial wisdom" throughout per the glossary, including in the Kun byed quotation (Gemini 4 Neon "pristine awareness", GPT-6.2 Astra "primordial knowing", Claude Fable 5.2 "wisdom").

[p. 242]
ནས་ཤེས།
།ཡུལ་ལ་རྟོག་པའི་ཡེ་ཤེས་དེ།
།ཡུལ་ལས་བྱུང་བས་རང་བྱུང་མིན།
།ཞེས་སོ། །ཐུན་མོང་གི་ཐེག་པ་ལས་ཀྱང༌། སེམས་དང་སེམས་བྱུང་ཁམས་གསུམ་པའི།
།སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན།
།ཞེས་བདེན་གཉིས་ལས་བཤད་པ་དང༌། ཕྱོགས་ཀྱི་གླང་པོས་ཀྱང༌། རྣམ་རྟོག་མ་རིག་ཆེན་པོ་སྟེ།
།འཁོར་བའི་རྒྱ་མཚོར་ལྷུང་བྱེད་ཡིན།
།ཞེས་བཤད་པ་དང་འགལ་བ་ཉིད་དུ་སྣང་བའི་ཕྱིར་ལོག་པར་རྟོགས་པ་རྔམས་ཆེ་བ་ཉིད་དོ། །འདི་ལྟ་བུའི་འདོད་པ་ཐོས་པར་མི་བྱ་ན། རྗེས་སུ་ཕྱོགས་པ་ལྟ་ཅི་སྨྲོས་སོ། །འདིར་རང་བྱུང་གི་ཡེ་ཤེས་དེ་གང་ཡིན་ཞེ་ན་ལེགས་པར་བཤད་པ་ནི། །འདིར་ནི་གདོད་ནས་དག་པའི་བྱང་ཆུབ་སེམས།
།དོན་དམ་དབྱིངས་ཀྱི་ཆོས་ཉིད་བདེན་པ་ནི།
།སྨྲ་བསམ་འདས་པས་ཤེས་རབ་ཕ་རོལ་ཕྱིན།
།ངང་གིས་མི་གཡོ་རང་བཞིན་འོད་གསལ་ཞིང༌།
།འགྱུ་འཕྲོའི་སྤྲོས་དང་ཡེ་ནས་

The primordial wisdom that conceives of objects
arises from objects, and so is not self-arisen.Kun byedQuotation (named in the text: ཀུན་བྱེད་ལས་ཀྱང)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 100 % of the words.

So it says. In the common vehicle too, the Two Truths explains:

Mind and mental factors of the three realms (khams gsum)
are conceptual thought that has the aspect of superimposition.Bden gnyisQuotation (named in the text: བདེན་གཉིས་ལས)
བདེན་པ་གཉིས་རྣམ་པར་འབྱེད་པ, bden pa gnyis rnam par 'byed pa, Distinguishing the Two Truths (Satyadvayavibhaṅga), by Jñānagarbha · shastra; Tengyur; Toh 3881
Identification: medium confidence (Longchenpa also quotes a couplet of this work as a saying of Āryadeva.)
The quoted words are in ཡིད་བཞིན་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་གླེགས་བམ་གཉིས་པའོ། (a parallel), 100 % of the words.

And Dignāga too explains:

Discursive thought is great unawareness;
it is what makes one fall into the ocean of saṃsāra.Phyogs kyi glang poQuotation (named in the text: ཕྱོགས་ཀྱི་གླང་པོས་ཀྱང)
ཕྱོགས་ཀྱི་གླང་པོ, phyogs kyi glang po, Saying of Dignāga, by Dignāga · person
Identification: low confidence (The verse on conceptual thought as great ignorance is traditionally ascribed to Dignāga but not traced in his works.)
The quoted words are in རོ་སྙོམས་སྒང་འདྲིལ་བཞུགས། (a parallel), 100 % of the words.

Since their claim plainly appears to contradict these explanations, it is a misconception[96]Note 96 · p. 242 · log par rtogs pa (e-text) / log par rtog pa (Adzom): I follow Adzom, "misconception", the standard phrase and the one used on p. 240. The e-text would give "wrong understanding" (so Claude Fable 5.2), with little difference in sense. of truly enormous proportions. If an assertion of this kind is not even to be listened to, what need is there to speak of siding with it?

6 Explaining well what self-arisen primordial wisdom is རང་བྱུང་གི་ཡེ་ཤེས་དེ་གང་ཡིན་ལེགས་པར་བཤད་པ6 Explaining well what self-arisen primordial wisdom is (topical division)
Identifies self-arisen primordial wisdom as empty, lucid awareness whose originally pure essence and unobstructed dynamic energy are nondual, like a mirror and its reflections. Rejects dividing practice into resting and freeing upon arising, and presents this naked sole sphere, named by terms such as cutting through and spontaneous presence, as the effortless ultimate intent of the Heart Drop.

If one asks, "Here, then, what is that self-arisen primordial wisdom?", it is well explained as follows:

6.1 Identifying the essence and its dynamic energy ངོ་བོ་དང་དེའི་རྩལ་ངོས་བཟུང་བ6.1 Identifying the essence and its dynamic energy (topical division)
Root verse and explanation: the essence is originally pure, unmoving luminosity; its dynamic energy is unobstructed awareness without thought or analysis. Recognizing the naked awareness of what arises reveals nondual self-arisen wisdom, the sole sphere; supported by the Rang shar, Thal 'gyur, Rtsal rdzogs and a long quotation from the Klong drug pa.

Here, awakened mind, originally pure (gdod nas dag pa),
the truth of the nature of phenomena of ultimate basic space (don dam dbyings),[97]Note 97 · p. 242 · don dam dbyings: "ultimate basic space" (Dharmamitra, GPT-6.2 Astra "ultimate expanse", which the glossary reserves for klong). gdod nas dag pa is "originally pure", not "primordially pure" (Gemini 4 Neon, Dharmamitra).
being beyond speech and thought, is the perfection of wisdom (shes rab pha rol phyin).
Of itself unmoving, luminous by nature,
and primordially free of the conceptual elaborations of movement and proliferation:

[p. 243]
བྲལ་བ་ལ། །ངོ་བོ་ཞེས་བརྗོད་ཉི་མའི་སྙིང་པོ་འདྲ།
།དེ་ཡི་རྩལ་ནི་འཆར་ཚུལ་མ་འགགས་པའི།
།རིག་པ་ཟང་ཐལ་རྟོག་དཔྱོད་གཉིས་དང་བྲལ།
།སལ་གྱིས་གསལ་ཡང་གཟུང་འཛིན་མེད་པ་ཡིན།
།རང་བྱུང་གི་ཡེ་ཤེས་ནི་རིག་པ་སྟོང་གསལ་སྤྲོས་པ་དང་བྲལ་བ་ཤེལ་གོང་དག་པ་ལྟ་བུ་ཡུལ་ལ་མི་དཔྱོད་པའི་ངོ་བོར་སྐྱེས་པ་དེ་ཡིན་ལ། འཆར་གཞིའི་ཆར་གནས་ཀྱང༌། རང་ངོ་ལ་ཤར་དང་མ་ཤར་མེད་པས་རང་གསལ་དུ་ལྷག་གེ། སྟོང་པར་ཟང་ངོ༌། །ཀ་དག་ཏུ་སངས་སེ་བ་འདི་ཡིན་ནོ། །དེའི་ངང་ལས་སྣ་ཚོགས་སུ་ཤར་བའི་ཆ་དེ་གཟུང་འཛིན་གྱི་སྤྲོས་པ་སྟེ། ཤར་བ་དེའི་རང་ངོ་རྗེན་སངས་སེ་བ་དེ་རིག་ཆ་ཡེ་ཤེས་སུ་གནས་པས། ཡུལ་ལ་རྟོག་པ་མ་ཡིན་པས་རང་བྱུང་གི་ཡེ་ཤེས་ཞེས་བྱའོ། །འདིར་ངོ་སྤྲད་ལ་མ་འཕྲོད་པ་ཀུན་ཤར་ཐོག་དེར་གློད་པ་ལ་ལྟ་བར་ངོས་འཛིན་ཏེ། རྟོག་པ་ཉིད་འཁྲུལ་ཞེས་བྱ་བས་

this is called the essence; it is like the heart essence of the sun.[98]Note 98 · p. 243 · nyi ma'i snying po: "heart essence of the sun" per the glossary. The image is the sun's core as against its rays, the dynamic energy.
Its dynamic energy, unceasing in its way of arising,
is awareness in its unobstructed transparency (rig pa zang thal), free of both thought and analysis.
Though vividly lucid, it is without perceived object and perceiving subject.

Self-arisen primordial wisdom is awareness, empty and lucid (stong gsal), free of conceptual elaboration, like a pure crystal globe, which has arisen as an essence that does not analyze objects. Although it abides as the aspect of the ground of arising ('char gzhi), in its own face there is neither arising nor not arising, and so it is this: vividly present as natural lucidity (rang gsal), unalloyed as emptiness, utterly clear as primordial purity (ka dag). The aspect that arises as multiplicity from within that state is the conceptual elaboration of perceived object and perceiving subject. The own face of what has arisen, naked (rjen) and utterly clear, abides as primordial wisdom, the aspect of awareness (rig cha); and so, since it is not conceptual thought about objects, it is called self-arisen primordial wisdom. Here, all those who have been directly introduced (ngo sprad) but in whom it has not struck home[100]Note 100 · p. 243 · ngo sprad la ma 'phrod pa: "directly introduced but in whom it has not struck home" (so Dharmamitra, GPT-6.2 Astra, Claude Fable 5.2). Gemini 4 Neon's "have not connected with the direct introduction" blurs the fact that they did receive it. identify relaxing (glod pa) right there upon whatever arises as the view; they have not understood the key point (gnad) that conceptual thought itself is delusion.[99]Note 99 · p. 243 · The final sentence runs onto the next page (gnad ma go ba yin no) and I have completed it here. For rtog pa nyid 'khrul zhes bya bas gnad ma go ba (e-text), Adzom has zhes bya ba'i gnad mgo ba, where mgo is evidently an abbreviation of ma go. I follow Adzom: "they have not understood the key point that conceptual thought itself is delusion". The e-text gives "since conceptual thought itself is called delusion, they have not understood the key point" (so Gemini 4 Neon, GPT-6.2 Astra, Claude Fable 5.2, left unfinished), which comes to the same. Dharmamitra's "because they hold that conceptual thought itself is delusion" reverses the sense: the error is taking relaxation upon thought as the view, not holding that thought is delusion.

[p. 244]
གནད་མ་གོ་བ་ཡིན་ནོ། །ཤར་དུས་ནས་ཤར་ས་ཤར་མཁན་མེད་པའི་རིག་པ་རྗེན་སངས་སེང་དེ་ཐུགས་རྗེ་འཆར་ཚུལ་མ་འགགས་པའི་ཡེ་ཤེས་སུ་གནས་པ་དེ་ངོས་བཟུང་བས། རྩ་བ་རང་བྱུང་ཡེ་ཤེས་སུ་རང་ས་ན་རྗེན་པར་གནས་པ་དེ་ཞར་ལ་ངོས་ཟིན་ནས ངོ་བོ་དང་རང་རྩལ་གཉིས་སུ་མེད་པས་གཉིས་མེད་རང་བྱུང་གི་ཡེ་ཤེས་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཅེས་བྱ་སྟེ། རང་ཤར་ལས། རིག་པ་སྤྲོས་དང་བྲལ་བ་ལ།
།འཁྲུལ་དང་མ་རིག་ག་ལ་ཡོད།
།ཡེ་ཤེས་སེམས་དང་བྲལ་བ་ལ།
།བག་ཆགས་དྲི་མ་ག་ལ་ཡོད།
།ཅེས་པ་དང༌། ཐལ་འགྱུར་ལས། མཚན་ཉིད་སྟོང་གསལ་རིག་པ་ལ།
།རང་བཞིན་གང་དུ་མ་འདྲེས་པ།
།གཟུང་དང་འཛིན་པའི་མཐའ་ཟད་དང༌།
།ཆོས་ཉིད་རང་ངོ་དག་པའོ།
།ཞེས་པ་དང༌། རྩལ་རྫོགས་ལས། ཡེ་ཤེས་རང་སྣང་ངོ་བོ་ནི།
།ཡིད་ཀྱི་རྣམ་རྟོག་མེད་པ་སྟེ།
།འདས་པའི་ཡུལ་དང་མ་

From the very moment of its arising, awareness, naked and utterly clear, with neither a place where it arises nor anything that arises, abides as primordial wisdom, the unceasing way in which compassionate responsiveness arises. By identifying that, one recognizes along the way[102]Note 102 · p. 244 · zhar la: "along the way", i.e. incidentally, as in Claude Fable 5.2. Gemini 4 Neon and Dharmamitra have "simultaneously", which is imprecise. GPT-6.2 Astra breaks the sentence into an imperative and reads shar mkhan as "one who makes it arise"; it is the one or thing that arises. the root, which abides nakedly in its own place (rang sa) as self-arisen primordial wisdom; and since the essence and its own dynamic energy (rang rtsal) are nondual, this is called "nondual self-arisen primordial wisdom, the sole sphere (thig le nyag gcig), free of conceptual elaboration (spros bral)." As the Natural Arising (Rang shar) says:

In awareness, free of conceptual elaboration,
how could there be delusion and unawareness?
In primordial wisdom, free of ordinary mind,
how could there be the stains of habitual tendencies?Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 54 % of the words.

And the Reverberation of Sound (Thal 'gyur) says:

Awareness, whose defining characteristic (mtshan nyid) is to be empty and lucid,
has a nature that is not mixed with anything at all;
the extremes of perceived and perceiver are exhausted,
and the own face of the nature of phenomena is pure.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra)
Identification: high confidence
The quoted words are in Ngb-pt-0056-vol-01-text (the text itself), 83 % of the words.
[104]Note 104 · p. 244 · Thal 'gyur verse: read as a list of what belongs to awareness (unmixed nature, exhaustion of the extremes, purity of the own face of the nature of phenomena). Gemini 4 Neon "reality itself" for chos nyid is corrected to "the nature of phenomena".

And the Perfect Dynamic Energy (Rtsal rdzogs) says:

The essence of the self-appearance of primordial wisdom
is without the discursive thoughts of the mental faculty:
objects of the past and[101]Note 101 · p. 244 · The opening words gnad ma go ba yin no were already rendered at the end of the previous part and are not repeated; this part begins at shar dus nas.[103]Note 103 · p. 244 · Glossary renderings restored throughout: ye shes is "primordial wisdom" (Gemini 4 Neon "timeless wisdom", GPT-6.2 Astra "primordial knowing", Claude Fable 5.2 "timeless awareness"); dgongs pa is "enlightened intent" (GPT-6.2 Astra "realization"); rang grol is "naturally free" (Gemini 4 Neon, GPT-6.2 Astra, Claude Fable 5.2 "self-liberated"); ma rig is "unawareness" (Gemini 4 Neon, Dharmamitra, Claude Fable 5.2 "ignorance").

[p. 245]
འོངས་ཡུལ།
།སྣང་བ་ཐད་ཀར་བཅད་པའོ།
།ཞེས་པ་དང༌། །ཀློང་དྲུག་པ་ལས། མཉམ་པ་ཆེན་པོའི་སེམས་ཉིད་ལ།
།ཁྱབ་གདལ་ཆེན་པོའི་སྤྲུལ་སྣང་བས།
།གཉིས་མེད་སྣང་བ་ཡེ་འབྲེལ་ཞེས།
།ཀུན་ཏུ་བཟང་པོ་ང་ཡིས་བསྟན།
།མཚན་མ་མེད་པའི་སེམས་ཉིད་ལ།
།ཆོས་རྣམས་གྲངས་སུ་སྣང་བ་ནི།
།རང་གྲོལ་གཉིས་མེད་ཅེས་བྱ་བར།
།ཀུན་ཏུ་བཟང་པོ་ང་ཡིས་བསྟན།
།བརྗོད་དུ་མེད་པའི་སེམས་ཉིད་ལ།
།གླེང་གཞི་བྲལ་བའི་ཚིག་སྣང་བ།
།སྨྲ་བསམ་ཡུལ་ལས་འདས་པ་ཞེས།
།ཀུན་ཏུ་བཟང་པོ་ང་ཡིས་བསྟན།
།བཙལ་དུ་མེད་པའི་སེམས་ཉིད་ལ།
།རང་བྱུང་ཆེན་པོ་རང་སྣང་བ།
།རང་བྱུང་ཡེ་ཤེས་ཆེན་པོ་ཞེས།
།ཀུན་ཏུ་བཟང་པོ་ང་ཡིས་བསྟན།
།དྲི་མ་མེད་པའི་སེམས་ཉིད་ལ།
།ཡུལ་རྐྱེན་བྲལ་བའི་སྣང་བ་ནི།
།རང་དག་ཆེན་པོའི་དགོངས་པ་ཞེས།
།ཀུན་ཏུ་བཟང་པོ་ང་ཡིས་

objects of the future,
their appearance is cut through directly.Seng ge rtsal rdzogsQuotation (named in the text: རྩལ་རྫོགས་ལས)
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0065-vol-01-text (the text itself), 65 % of the words.

And the Six Expanses (Klong drug pa) says:

In mind itself, great equality (mnyam pa chen po),[105]Note 105 · p. 245 · mnyam pa chen po is "great equality" (Dharmamitra "great equanimity" is wrong); mtshan ma med pa is "without marks" (Dharmamitra adds "unconditioned", which is not in the Tibetan; Claude Fable 5.2 "characteristics" blurs it with mtshan nyid).
the emanation of great all-pervasiveness[106]Note 106 · p. 245 · khyab gdal chen po is rendered "great all-pervasiveness"; Claude Fable 5.2's "expanse" is avoided because that word is reserved for klong. appears, and so
"nondual appearance, primordially connected":
thus have I, Samantabhadra, taught.Klong drug paQuotation (named in the text: ཀློང་དྲུག་པ་ལས)
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Expanses · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

In mind itself, which is without marks,
the appearing of phenomena in their numbers
is what is called "naturally free (rang grol) and nondual":
thus have I, Samantabhadra, taught.

In mind itself, which is inexpressible,
the appearing of words that have no basis for discourse
is "beyond the objects of speech and thought":
thus have I, Samantabhadra, taught.

In mind itself, which is not to be sought,
the self-appearance of the great self-arisen
is "great self-arisen primordial wisdom":
thus have I, Samantabhadra, taught.

In mind itself, which is without stain,
appearance free of objects and conditions[107]Note 107 · p. 245 · yul rkyen: taken as "objects and conditions" with Gemini 4 Neon, GPT-6.2 Astra and Claude Fable 5.2; Dharmamitra's "objective conditions" (objects as conditions) is also possible.
is "the enlightened intent of great natural purity (rang dag)":
thus have I, Samantabhadra,

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 13 quotations, 8 found on this wiki.
# p. Tibetan English Source On this wiki
1 237 རྒྱུ་མེད་རྐྱེན་དང་བྲལ་བའི་རང་སྣང་སྒྲིབས་ … ཡེ་རྫོགས་སྙིང་པོ་ལྷུན་གྲུབ་ཡུལ་ལ་རོལ། Self-appearance (rang snang) without cause and free of conditions, … heart essence revels in the domain of spontaneous presence. named: ཁྱུང་ཆེན་ལས
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Soaring Garuḍa · tantra; Nyingma Gyubum, one of the Five Early Translations of the Mind Series high
parallel: Klong chen rab byams gsung 'bum/volume 002 028, 80 %
2 237 རྫོགས་སངས་རྒྱས་ནི་རང་རིག་ཉིད། Perfect buddha is self-knowing awareness itself. named: མུ་ཏིག་ཕྲེང་བ་ལས
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras high
not found
3 237 སངས་རྒྱས་མ་བལྟ་རང་སེམས་བྱར་མེད་རྟོགས། ། … ཚི་ ཆད་ནད་དུ་དེ་ལས་ཆེ་བ་མེད། Do not look to buddha; realize that in your … a wearying sickness, there is none greater than that. named: ཀུན་བྱེད་ལས
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
parallel: གནས་ལུགས་རིན་པོའི་ཆེའི་མཛོད, 53 %
4 239 དཀྱིལ་འཁོར་གཅིག་ལ་དོན་བརྗོད་པ། །གསང་སྔགས་ … བོར་གནས། །འབྱུང་བ་རྡོ་རྗེ་རྐྱེན་གྱི་བདག To state the meaning with regard to the single … What arises is the vajra, the master of conditions. named: རྩལ་རྫོགས་ལས
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras high
not found
5 241 གང་ཤར་ཆོས་སྐུའི་རང་བཞིན། རྟོག་པ་ཟང་མ་འདི་ཉིད་རང་བྱུང་གི་ཡེ་ཤེས་སོ་ Whatever arises is the nature of dharmakāya. This very conceptual thought, unalloyed, is self-arisen primordial wisdom," not named:
not identified
not found
6 241 ཏིང་འཛིན་ཡིན་བཞིན་མ་རིག་ཡིད། Though it is samādhi (ting 'dzin) all the while, the mental faculty is unaware of it, not named:
not identified
not found
7 241 རང་བྱུང་ཡེ་ཤེས་ཡེ་ ནས་ཤེས། །ཡུལ་ལ་རྟོག་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བས་རང་བྱུང་མིན། Self-arisen primordial wisdom knows primordially. The primordial wisdom that conceives of objects arises from objects, and so is not self-arisen. named: ཀུན་བྱེད་ལས་ཀྱང
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
Ngb-pt-0104-vol-02-text (the text itself), 100 %
8 242 སེམས་དང་སེམས་བྱུང་ཁམས་གསུམ་པའི། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། Mind and mental factors of the three realms (khams gsum) are conceptual thought that has the aspect of superimposition. named: བདེན་གཉིས་ལས
བདེན་པ་གཉིས་རྣམ་པར་འབྱེད་པ, bden pa gnyis rnam par 'byed pa, Distinguishing the Two Truths (Satyadvayavibhaṅga), by Jñānagarbha · shastra; Tengyur; Toh 3881 medium
parallel: ཡིད་བཞིན་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་གླེགས་བམ་གཉིས་པའོ།, 100 %
9 242 རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྷུང་བྱེད་ཡིན། Discursive thought is great unawareness; it is what makes one fall into the ocean of saṃsāra. named: ཕྱོགས་ཀྱི་གླང་པོས་ཀྱང
ཕྱོགས་ཀྱི་གླང་པོ, phyogs kyi glang po, Saying of Dignāga, by Dignāga · person low
parallel: རོ་སྙོམས་སྒང་འདྲིལ་བཞུགས།, 100 %
10 244 རིག་པ་སྤྲོས་དང་བྲལ་བ་ལ། །འཁྲུལ་དང་ … བ་ལ། །བག་ཆགས་དྲི་མ་ག་ལ་ཡོད། In awareness, free of conceptual elaboration, how could there … how could there be the stains of habitual tendencies? named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0052-vol-01-text (the text itself), 54 %
11 244 མཚན་ཉིད་སྟོང་གསལ་རིག་པ་ལ། །རང་བཞིན་ … མཐའ་ཟད་དང༌། །ཆོས་ཉིད་རང་ངོ་དག་པའོ། Awareness, whose defining characteristic (mtshan nyid) is to be … own face of the nature of phenomena is pure. named: ཐལ་འགྱུར་ལས
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra) high
Ngb-pt-0056-vol-01-text (the text itself), 83 %
12 244 ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་ … མ་ འོངས་ཡུལ། །སྣང་བ་ཐད་ཀར་བཅད་པའོ། The essence of the self-appearance of primordial wisdom is … of the future, their appearance is cut through directly. named: རྩལ་རྫོགས་ལས
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0065-vol-01-text (the text itself), 65 %
13 245 མཉམ་པ་ཆེན་པོའི་སེམས་ཉིད་ལ། །ཁྱབ་གདལ་ … འབྲེལ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། In mind itself, great equality (mnyam pa chen po), … "nondual appearance, primordially connected": thus have I, Samantabhadra, taught. named: ཀློང་དྲུག་པ་ལས
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Expanses · tantra; Nyingma Gyubum, one of the Seventeen Tantras high
not found