Chos dbyings mdzod (Longchenpa): Chapter 3 commentary (3)

From Rangjung Yeshe Wiki Texts
Chos dbyings mdzod (Longchenpa)Chos dbyings mdzod (Longchenpa): Chapter 3 commentary (3)
< Chos dbyings mdzod (Longchenpa)
Revision as of 10:49, 24 November 2026 by Eric (talk | contribs) (Chos dbyings mdzod study edition (root verses and Lung gi gter mdzod): ten editions, critical edition, translation, bilingual text, outline and quotations)
(diff) ← Older revision | Latest revision (diff) | Newer revision → (diff)

Chos dbyings mdzod (Longchenpa)/Chapter 3 commentary (3)
Jump to navigation Jump to search
← Chapter 3 commentary (2)Chos dbyings mdzod: contentsChapter 4 root verses →

Chapter 3, commentary · བྱང་ཆུབ་སེམས་ཀྱི་མཚོན་དཔེ་བསྟན་པ
Pages 184–194 of the corrected base text (W22920 vol. 3), part 3 of 3.

[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD84), gorn05 tibocr 2026: BDRC OCR on 338 pages, Mitra OCR on 144 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 272] སྣང་བའི་ཡུལ་ལ་མངོན་པར་སྣང་། །མ་འདྲེས་རང་གསལ་ཉིད་དུ་རྫོགས། །རྒྱུན་དུ་ཡོད་པའི་སེམས་ཉིད་དུ། །སྣང་བའི་ཕུང་པོ་སོ་སོར་ཤར། །ཟུང་འཇུག་ཆེན་པོར་རང་འབྲེལ་བར། །མི་བརྗེད་གཟུངས་དང་ལྡན་པར་རྫོགས། །ཡུལ་དུ་ཡོད་པའི་སེམས་ཉིད་དོ། །སྣང་བ་རྣམས་ནི་རང་ཤར་བས། །བདག་འཛིན་གཉིས་པོ་རང་དག་པར། །ཡུལ་དྲུག་རྣམས་ནི་སོ་སོར་རྫོགས། །བརྗོད་དུ་ཡོད་པའི་སེམས་ཉིད་དང་། །ཞི་གནས་ལྷག་མཐོང་རང་ཤར་བས། །མཉམ་པར་གཞག་དང་རྗེས་སུ་ནི། །མི་གཡོ་བསམ་གཏན་ཉིད་དུ་རྫོགས། །བལྟ་རུ་ཡོད་པའི་སེམས་ཉིད་ལ། སྣང་སྲིད་གཅིག་པར་རང་ཤར་བས། །ཁམས་གསུམ་རང་སར་གྲོལ་བ་ནི། །ཨ་ཏི་རང་གཞག་ཆེན་པོར་རྫོགས། །ཐོབ་ཏུ་ཡོད་པའི་སེམས་ཉིད་ལ། །རེ་བ་ཉིད་ནི་རང་དག་པས། །རྩོལ་སྒྲུབ་རྣམས་དང་བྲལ་བར་ནི། །སྐུ་གསུམ་རང་ལ་ལོག་པར་རྫོགས། །བགྲང་དུ་ཡོད་པའི་སེམས་ཉིད་ལ། ཐེག་པ་སོ་སོ་རང་ཤར་བས། །

[p. 273] ༄༅། །འདོད་རྒྱལ་ཡིད་དཔྱོད་མིན་པར་ནི། །སྙིང་པོ་ཡང་གསང་ཆེན་པོར་རྫོགས། །དམིགས་སུ་ཡོད་པའི་སེམས་ཉིད་ལ། །སྣང་བ་སྣ་ཚོགས་རང་ཤར་དེས། །མིང་དང་ཁ་དོག་སོ་སོར་ནི། །གཟུགས་ སུ་རྣམ་པ་གཉིས་སུ་རྫོགས། །དཔག་ཏུ་ཡོད་པའི་སེམས་ཉིད་ལ། །སྣང་བའི་ཡུལ་ལ་བདེན་ཤར་ཏེ། །གཏད་པའི་ས་ཉིད་རང་ཤར་དུ། །དམིགས་པའི་རྟེན་དང་བཅས་ཏེ་རྫོགས། །བསྒྲག་ཏུ་ཡོད་པའི་ སེམས་ཉིད་ལ། །ངོ་མཚར་ཚིག་ཀུན་རང་ཤར་བས། །བརྗོད་བྱ་ཀུན་གྱི་གཞི་མར་ནི། །སྟོན་པའི་ཚིག་དང་བཅས་པར་རྫོགས། །གཞག་ཏུ་ཡོད་པའི་སེམས་ཉིད་ལ། །སྣང་བ་རང་གཞག་གཞིར་ཤར་བས།། ཅོག་གཞག་ཆེན་པོའི་ལྟ་བར་ནི། །བཙལ་བ་མེད་པའི་ཚུལ་དུ་རྫོགས། །བསྒྱུར་དུ་ཡོད་པའི་སེམས་ཉིད་ལ། །ཉོན་མོངས་རྣམས་ནི་རང་ཤར་པས། །དུག་ལས་སྨན་དུ་བསྒྱུར་བ་བཞིན། །སྐུ་དང་ཡེ་ཤེས་ཉིད་ དུ་རྫོགས། །དག་ཏུ་ཡོད་པའི་སེམས་ཉིད་ལ། །སྒོ་ལྔའི་ཡུལ་རྣམས་རང་དག་པར། །མ་རྙོག་ཆུ་ནི་རང་དྭངས་བཞིན། །སྣང་བ་རྣམས་ནི་རང་སར་རྫོགས། །གྲོལ་དུ་ཡོད་པའི་སེམས་ཉིད་ལ། །འདི་ལྟར་སྣང་ བའི་ཡུལ་འདི་དག །སྤྲུལ་གྱི་མདུད་པ་རང་གྲོལ་བཞིན། །རང་གི་འདུག་སར་གྲོལ་ཏེ་རྫོགས། །གཞལ་དུ་ཡོད་པའི་སེམས་ཉིད་ལ། །རང་སྣང་དག་པའི་ཚད་རྣམས་རྫོགས། །བྲེ་སྲང་ཚད་ལ་ཕབ་པ་བཞིན། །

[p. 274] ཉམས་མྱོང་གོང་ནས་གོང་དུ་རྫོགས། །ཞེས་སོ། །དེའང་རིག་པ་ལ་མེད་མེད་པོ་སྟོང་ཆ་ལྟ་བུ་གཅིག་མ་ཡིན་པར་ཆོས་ཉིད་དང་ཆོས་ཅན་བདེན་པ་གཉིས་དང་དག་པ་གསུམ་གྱི་ངོ་བོར་རྫོགས་པའི་ཕྱིར་ན་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། སྒྱུ་འཕྲུལ་གསང་སྙིང་ལས། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་གསུངས་པ་བཞིན་ནོ། །ངོ་བོ་གང་དུའང་མ་གྲུབ་ལ་རྣམ་པ་ཅིར་ཡང་འཆར་བས་སྐྱེ་མེད་ཀྱི་ངང་ལས་འགག་མེད་འཆར་བར་བསྟན་པ་ནི། བྱང་ཆུབ་སེམས་ནི་སྣང་དང་མི་སྣང་ལ། །འཁོར་འདས་ཕྱི་ནང་ཆོས་སུ་མེད་ན་ཡང་། །དེ་ཡི་རྩལ་ལས་གཡོས་པའི་རང་བཞིན་གྱིས། །སྣང་སྲིད་འཁོར་འདས་སྣ་ཚོགས་རོལ་པར་ཤར། །ཤེལ་གོང་གཅིག་ཉིད་ཟང་ཐལ་དྲི་མ་མེད་པའི་ངོ་བོ་ལས་གཞན་དུ་མེད་ཀྱང་། རྐྱེན་ཉི་ཞུར་དང་འཕྲད་པ་ལས་འོད་ལྔ་ལྷུག་པར་འཆར་བ་ལྟར། རིག་པའི་ངོ་བོ་གང་དུའང་མ་གྲུབ་པས་སྟོང་གསལ་ཆོས་སྐུ་དག་པར་གནས་ཀྱང་། རྟོགས་མ་རྟོགས་ཀྱི་རྐྱེན་ལས་འཁོར་འདས་ཀྱི་རྩལ་ལས་སྣང་སྲིད་ཀྱི་རོལ་པ་སྣ་ཚོགས་སུ་ཤར་ཏེ། སེམས་ཉིད་ཇི་བཞིན་རྣམ་དག་ཆེན་པོ་རྣམ་མེད་ནམ་མཁའི་རང་བཞིན་ལ། སྣང་བ་སྣ་ཚོགས་ཀྱི་རྣམ་པ་ཀུན་ལྷུན་གྲུབ་ཏུ་རྫོགས་པ་ནི། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཆེན་ཞེས་བྱ་སྟེ། འདིའི་ཡུལ་

[p. 275] དྲུག་སྣང་ལ་བདག་གིར་བྱེད་པའི་སེམས་ཀྱི་བདེ་སྡུག་ལ་སོགས་པ་སྣ་ཚོགས་ཀྱི་ལས་དང་བག་ཆགས་དང་སྣོད་བཅུད་བྱས་ཏེ། རང་ངོར་རྫོགས་པ་ནི། ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ། སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཇི་བཞིན་གཉིས་མེད་བདེ་བ་ཆེན་པོ་ལ། །རྣམ་པ་ཀུན་ལྡན་རྣམ་པ་ཡོངས་ཀྱིས་མེད། །སྤྲོས་བྲལ་ནམ་མཁའ་བཞིན་དུ་ཡེ་གནས་ལ། །དམིགས་པའི་ཡུལ་འདས་གཅིག་ཅེས་བགྲང་དུ་མེད། །བྱང་ཆུབ་སེམས་ལ་བགྲང་ཞིང་མཚོན་མེད་ན། །སེམས་ཀྱིས་བྱས་པའི་ཆོས་ལ་རྣམ་གྲངས་བྱུང་། །སེམས་ཀྱིས་བྱས་པ་གང་དང་གང་ཞེ་ན། །སྣང་སྲིད་སྣོད་བཅུད་སངས་རྒྱས་སེམས་ཅན་རྣམས། །སེམས་ཀྱི་རང་བཞིན་ངོ་བོ་དེ་ལས་བྱས། །བྱས་ནས་མངོན་དུ་ཕྱུང་སྟེ་བསྟན་པ་ནི། །ཆེན་པོ་ལྔ་དང་རིགས་དྲུག་སྣང་བ་དང་། །དེ་ཡི་དོན་མཛད་གཟུགས་སྐུ་རྣམ་གཉིས་ནི། །སེམས་ཀྱི་རང་བཞིན་དག་ནི་ཕྱུང་ནས་བགྲང་། །ཞེས་སོ། །རིག་པའི་རང་ངོ་གང་དུའང་མ་གྲུབ་པས་སྣང་སྟོང་ལས་འདས་ཏེ་མཚོན་བརྗོད་ཀྱི་ཡུལ་མ་ཡིན་པའི་གནད་ལས། དེའི་ངང་དུ་ཤར་བ་རྫུན་སྣང་ཡོད་མ་མྱོང་དུ་བསྟན་པ་ནི། ཤར་ཙམ་ཉིད་ནས་རང་བཞིན་སྟོང་པའི་གཟུགས། །སྐྱེ་བ་མེད་ལས་སྐྱེ་བར་སྣང་བ་སྟེ། །སྣང་དུས་ཉིད་ནས་སྐྱེས་པ་འགའ་ཡང་མེད། །འགག་པ་མེད་ལས་འགག་པར་སྣང་ན་ཡང་། །འགག་པ་མེད་

[p. 276] དེ་སྒྱུ་མ་སྟོང་པའི་གཟུགས། །གནས་པ་ཉིད་ནས་གནས་པའི་ཆོས་མེད་དེ། །གནས་མཁན་གཞི་མེད་འགྲོ་འོང་མེད་པའི་ངང་། །ཇི་ལྟར་སྣང་བ་དེ་ལྟར་མ་གྲུབ་པས། །རང་བཞིན་མེད་ཅེས་བཏགས་པ་ཙམ་དུ་ཟད། །སྣང་བའི་ཕྱིར་རང་བཞིན་མེད་དེ་སྒྱུ་མ་བཞིན་ནོ་ཞེས་ཆོས་ཉིད་ཀྱི་རིགས་པས་གཏན་ལ་ཕབ་པའི་ཕྱིར། སྐྱེ་བར་སྣང་དུས་ཉིད་ནས་སྐྱེ་བ་མེད་པ་དང་། གནས་པར་སྣང་དུས་ཉིད་ནས་གནས་པ་མེད་པ་དང་། འགག་པར་སྣང་དུས་ཉིད་ནས་འགག་པ་མེད་པ་དང་། འགྲོ་འོང་དུ་སྣང་དུས་ཉིད་ནས་འགྲོ་འོང་མེད་པའི་རང་བཞིན་དུ་ཤེས་པར་བྱ་སྟེ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ལུང་ལས། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ནས་སྐྱེ་བ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆེས། །རྫོགས་པའི་སངས་རྒྱསཀུན་གྱི་གསང་། །འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ནས་འགག་པ་མེད། །ཨེ་མའོ་ངོ་མཚརརྨད་ཀྱི་ཆོས། །རྫོགས་པའི་སེངས་རྒྱས་ཀུན་གྱི་གསང་། གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ནས་གནས་པ་མེད། །ཨེ་མའོ་ངོ་མ་ཚར་རྨད་ཀྱི་ཆོས། །རྫོགས་སོའི་སངས་རྒྱས་ཀུན་གྱི་གསད། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ནས་འགྲོ་འོང་མེད། །ཅེས་པ་དང་། རང་ཤར་ལས། སྐད་ཅིག་དང་ལས་ཆོས་རྣམས་

[p. 277] ཐམས་ཅད་འབྱུང་། །ཨེ་མ་འོ་རིན་ཆེན་བྱང་ཆུབ་སེམས། །ཀུན་ལ་ཡོད་དེ་ཀུན་གྱིས་མཐོང་བ་མེད། །རང་བྱུང་ཡེ་ཤེས་བདུད་རྩིའི་ཐིགས་པ་འདི། །བརྩལ་བྱ་རྩོལ་བྱེད་མེད་པར་རང་བྱུང་རང་ལས་ཤར། །སངས་རྒྱས་དགོངས་པ་རང་བྱུང་སྐྱེ་བ་མེད། །གནས་དང་འོང་བ་མེད་པའི་རང་བྱུང་ཆེན་པོ་ཡིན། །འཛིན་ཆགས་མེད་པའི་རང་གྲོལ་ཆེན་པོ་ནི། །སེམས་མེད་རིག་པའི་ངང་དུ་ཤེས་པར་བྱ། །ཞེས་སོ། །ཇི་ལྟར་སྣང་བ་དེ་ལྟར་རང་བཞིན་མེད་པའི་ངོ་བོ་ཉིད་དུ་དོན་བསྡུ་བ་ནི། སྣང་བ་དེ་ཡང་རྩལ་ལས་རང་ཤར་བས། །རྟེན་འབྲེལ་ཉིད་ཅེས་རང་བཞིན་བརྡ་ཙམ་བརྗོད། །རྩལ་ལས་ཤར་བར་སྣང་བའི་རང་དུས་ནས། །ཤར་དང་མ་ཤར་ཕྱོགས་དང་རིས་མེད་པས། །རྩལ་ཡང་བརྡ་ཙམ་ངོ་བོ་འགར་མེད་པས། །ཐམས་ཅད་རྟག་ཏུ་འཕོ་འགྱུར་མེད་པའི་ངང་། །བྱང་ཆུབ་སེམས་ལས་གཡོས་པ་རྡུལ་ཙམ་མེད། །རིག་པའི་རྩལ་ལས་འཁོར་འདས་སུ་ཤར་བ་དེ་ཡང་ཐ་སྙད་ཙམ་ལས། ངོ་བོ་ལ་འཁོར་འདས་སུ་ཤར་བ་དང་ཤར་མཁན་ཐ་དད་པར་གྲུབ་པ་ཅུང་ཟད་ཀྱང་མེད་པས། ཆོས་ཉིད་མཉམ་པའི་ངང་ལས་མ་གཡོས་པ་ནི། རྒྱ་མཚོ་དངས་པའི་ནང་ན་གཟར་སྐར་གྱི་གཟུགས་ལྷག་པ་ཟླ་གཞག་ཤར་བར་སྣང་ཡང་། དོན་ལ་ཤར་བ་མེད་དེ་ཤར་ས་རྒྱ་མཚོའི་དབྱིངས་ཉིད་ཆུ་དངས་པ་ཙམ་དང་། ཤར་མཁན་གཟའ་སྐར་ཉིད་ནམ་མཁའི་དཀྱིལ་ལས་གཡོས་པ་མེད་པ་དང་། ཚོགས་པ་ལྷན་ཅིག་པའི་ཆོས་སུ་མེད་པས་

[p. 278] སྣང་ལ་སྟོང་པའི་གཟུགས་བརྙན་ཙམ་སྟེ། དོན་དེ་བཞིན་དུ་ཆོས་ཐམས་ཅད་འགག་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པ་དང་། ཆད་པ་མེད་པ་དང་། རྟག་པ་མེད་པ་དང་། དོན་ཐ་དད་པ་དང་། དོན་གཅིག་ཏུ་མ་གྲུབ་ལ་སྣང་བ། རྟེན་འབྲེལ་སྒྱུ་མ་ཙམ་དུ་ཤེས་པར་བྱ་སྟེ། རྩ་བ་ཤེས་རབ་ལས། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། ཐལ་འགྱུར་ལས། ཆོས་ཀུན་གཞི་མེད་རྩ་བ་མེད། །སྲིད་བྲལ་འདོད་པ་མེད་པའི་སེམས། །རང་བཞིན་མ་བཅོས་བརྗོད་ལས་འདས། །བྱ་བྱེད་འཁྲུལ་པའི་རྟོག་པ་ཟད། །ཆོས་མེད་སངས་རྒྱས་སེམས་ཅན་མེད། །ང་མེད་བདག་མེད་གཟུང་འཛིན་མེད། །ཅེས་སོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་སེམས་ཀྱི་མཚོན་དཔེ་བསྟན་པ་སྟེ། །ལེའུ་གསུམ་པའི་འགྲེལ་བའོ།། །།

[edit]
BDRC typed e-text UT22920_003_0001/0002 as downloaded (the base text was made from it).

སྣང་བའི་ཡུལ་ལ་མངོན་པར་སྣང༌། །མ་འདྲེས་རང་གསལ་ཉིད་དུ་རྫོགས། །རྒྱུན་དུ་ཡོད་པའི་སེམས་ཉིད་ལ། །སྣང་བའི་ཕུང་པོ་སོ་སོར་ཤར། །ཟུང་འཇུག་ཆེན་པོར་རང་འབྲེལ་བར། །མི་བརྗེད་གཟུངས་དང་ལྡན་པར་རྫོགས། །ཡུལ་དུ་ཡོད་པའི་སེམས་ཉིད་ལ། །སྣང་བ་རྣམས་ནི་རང་ཤར་བས། །བདག་འཛིན་གཉིས་པོ་རང་དག་པར། །ཡུལ་དྲུག་རྣམས་ནི་སོ་སོར་རྫོགས། །བརྗོད་དུ་ཡོད་པའི་སེམས་ཉིད་ལ། །ཞི་གནས་ལྷག་མཐོང་རང་ཤར་བས། །མཉམ་པར་གཞག་དང་རྗེས་སུ་ནི། །མི་གཡོ་བསམ་གཏན་ཉིད་དུ་རྫོགས། །བལྟ་རུ་ཡོད་པའི་སེམས་ཉིད་ལ། །སྣང་སྲིད་གཅིག་པར་རང་ཤར་བས། །ཁམས་གསུམ་རང་སར་གྲོལ་བ་ནི། །ཨ་ཏི་རང་གཞག་ཆེན་པོར་རྫོགས། །ཐོབ་ཏུ་ཡོད་པའི་སེམས་ཉིད་ལ། །རེ་བ་ཉིད་ནི་རང་དག་པས། །རྩོལ་སྒྲུབ་རྣམས་དང་བྲལ་བར་ནི། །སྐུ་གསུམ་རང་ལ་ལོག་པར་རྫོགས། །བགྲང་དུ་ཡོད་པའི་སེམས་ཉིད་ལ། །ཐེག་པ་སོ་སོར་རང་ཤར་བས། །འདོད་རྒྱལ་ཡིད་དཔྱོད་མིན་པར་ནི། །སྙིང་པོ་ཡང་གསང་ཆེན་པོར་རྫོགས། །དམིགས་སུ་ཡོད་པའི་སེམས་ཉིད་ལ། །སྣང་བ་སྣ་ཚོགས་རང་ཤར་ཏེ། །མིང་དང་ཁ་དོག་སོ་སོར་ནི། །གཟུགས་སུ་རྣམ་པ་གཉིས་སུ་རྫོགས། །དཔག་ཏུ་ཡོད་པའི་སེམས་ཉིད་ལས། །སྣང་བའི་ཡུལ་ལ་བདེན་ཤར་ཏེ། །གཏད་པའི་ས་ཉིད་རང་ཤར་དུ། །དམིགས་པའི་རྟེན་དང་བཅས་ཏེ་རྫོགས། །བསྒྲག་ཏུ་ཡོད་པའི་སེམས་ཉིད་ལ། །ངོ་མཚར་ཚིག་ཀུན་རང་ཤར་བས། །བརྗོད་བྱ་ཀུན་གྱི་གཞི་མར་ནི། །སྟོན་པའི་ཚིག་དང་བཅས་པར་རྫོགས། །གཞག་ཏུ་ཡོད་པའི་སེམས་ཉིད་ལ། །སྣང་བ་རང་གཞག་གཞིར་ཤར་བས། །ཅོག་གཞག་ཆེན་པོའི་ལྟ་བར་ནི། །བཙལ་བ་མེད་པའི་ཚུལ་དུ་རྫོགས། །བསྒྱུར་དུ་ཡོད་པའི་སེམས་ཉིད་ལ། །ཉོན་མོངས་རྣམས་ནི་རང་ཤར་བས། །དུག་ལས་སྨན་དུ་བསྒྱུར་བ་བཞིན། །སྐུ་དང་ཡེ་ཤེས་ཉིད་དུ་རྫོགས། །དག་ཏུ་ཡོད་པའི་སེམས་ཉིད་ལ། །སྒོ་ལྔའི་ཡུལ་རྣམས་རང་དག་པར། །མ་རྙོག་ཆུ་ནི་རང་དྭངས་བཞིན། །སྣང་བ་རྣམས་ནི་རང་སར་རྫོགས། །གྲོལ་དུ་ཡོད་པའི་སེམས་ཉིད་ལ། །འདི་ལྟར་སྣང་བའི་ཡུལ་འདི་དག །སྦྲུལ་གྱི་མདུད་པ་རང་གྲོལ་བཞིན། །རང་གི་འདུག་སར་གྲོལ་ཏེ་རྫོགས། །གཞལ་དུ་ཡོད་པའི་སེམས་ཉིད་ལ། །རང་སྣང་དག་པའི་ཚད་རྣམས་རྫོགས། །བྲེ་སྲང་ཚད་ལ་ཕབ་པ་བཞིན། །ཉམས་མྱོང་གོ་ནས་གོང་དུ་རྫོགས། །ཞེས་སོ། །དེའང་རིག་པ་ལ་མེད་མེད་པོ་སྟོང་ཆ་ལྟ་བུ་གཅིག་མ་ཡིན་པར། ཆོས་ཉིད་དང་ཆོས་ཅན་བདེན་པ་གཉིས་དང་དག་པ་གསུམ་གྱི་ངོ་བོར་རྫོགས་པའི་ཕྱིར་ན་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། སྒྱུ་འཕྲུལ་གསང་སྙིང་ལས། རྒྱུ་གཅིག་པ་དང་ཡིག་བྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་གསུངས་པ་བཞིན་ནོ། །ངོ་བོ་གང་དུའང་མ་གྲུབ་ལ་རྣམ་པ་ཅིར་ཡང་འཆར་བས་སྐྱེ་མེད་ཀྱི་ངང་ལས་འགག་མེད་འཆར་བར་བསྟན་པ་ནི། བྱང་ཆུབ་སེམས་ནི་སྣང་དང་མི་སྣང་ལ། །འཁོར་འདས་ཕྱི་ནང་ཆོས་སུ་མེད་ན་ཡང༌། །དེ་ཡི་རྩལ་ལས་གཡོས་པའི་རང་བཞིན་གྱིས། །སྣང་སྲིད་འཁོར་འདས་སྣ་ཚོགས་རོལ་པར་ཤར། །ཤེལ་གོང་གཅིག་ཉིད་ཟང་ཐལ་དྲི་མ་མེད་པའི་ངོ་བོ་ལས་གཞན་དུ་མེད་ཀྱང༌། རྐྱེན་ཉི་ཞུར་དང་འཕྲད་པ་ལས་འོད་ལྔ་ལྷུག་པར་འཆར་བ་ལྟར། རིག་པའི་ངོ་བོ་གང་དུའང་མ་གྲུབ་པས་སྟོང་གསལ་ཆོས་སྐུ་དག་པར་གནས་ཀྱང༌། །རྟོགས་མ་རྟོགས་ཀྱི་རྐྱེན་ལས་འཁོར་འདས་ཀྱི་རྩལ་ལས་སྣང་སྲིད་ཀྱི་རོལ་པ་སྣ་ཚོགས་སུ་ཤར་ཏེ། སེམས་ཉིད་ཇི་བཞིན་རྣམ་དག་ཆེན་པོ་རྣམ་མེད་ནམ་མཁའི་རང་བཞིན་ལ། སྣང་བ་སྣ་ཚོགས་ཀྱི་རྣམ་པ་ཀུན་ལྷུན་གྲུབ་ཏུ་རྫོགས་པ་ནི། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཆེན་ཞེས་བྱ་སྟེ། འདིའི་ཡུལ་དྲུག་སྣང་ལ་བདག་གིར་བྱེད་པའི་སེམས་ཀྱི་བདེ་སྡུག་ལ་སོགས་པ་སྣ་ཚོགས་ཀྱི་ལས་དང་བག་ཆགས་དང་སྣོད་བཅུད་བྱས་ཏེ། རང་ངོར་རྫོགས་པ་ནི། ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ། སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཇི་བཞིན་གཉིས་མེད་བདེ་བ་ཆེན་པོ་ལ། །རྣམ་པ་ཀུན་ལྡན་རྣམ་པ་ཡོངས་ཀྱིས་མེད། །སྤྲོས་བྲལ་ནམ་མཁའ་བཞིན་དུ་ཡེ་གནས་ལ། །དམིགས་པའི་ཡུལ་འདས་གཅིག་ཅེས་བགྲང་དུ་མེད། །བྱང་ཆུབ་སེམས་ལ་བགྲང་ཞིང་མཚོན་མེད་ན། །སེམས་ཀྱི་བྱས་པའི་ཆོས་ལ་རྣམ་གྲངས་བྱུང༌། །སེམས་ཀྱིས་བྱས་པ་གང་དང་གང་ཞེ་ན། །སྣང་སྲིད་སྣོད་བཅུད་སངས་རྒྱས་སེམས་ཅན་རྣམས། །སེམས་ཀྱི་ངར་བཞིན་ངོ་བོ་དེ་ལས་བྱས། །བྱས་ནས་མངོན་དུ་ཕྱུང་སྟེ་བསྟན་པ་ནི། །ཆེན་པོ་ལྔ་དང་རིགས་དྲུག་སྣང་བ་དང༌། །དེ་ཡི་དོན་མཛད་གཟུགས་སྐུ་རྣམ་གཉིས་ནི། །སེམས་ཀྱི་རང་བཞིན་དག་ནི་ཕྱུང་ནས་བགྲང༌། །ཞེས་སོ། །རིག་པའི་རང་ངོ་གང་དུའང་མ་གྲུབ་པས་སྣང་སྟོང་ལས་འདས་ཏེ་མཚོན་བརྗོད་ཀྱི་ཡུལ་མ་ཡིན་པའི་གནད་ལས། དེའི་ངང་དུ་ཤར་བརྫུན་སྣང་ཡོད་མ་མྱོང་དུ་བསྟན་པ་ནི། ཤར་ཙམ་ཉིད་ནས་རང་བཞིན་སྟོང་པའི་གཟུགས། །སྐྱེ་བ་མེད་ལས་སྐྱེ་བར་སྣང་བ་སྟེ། །སྣང་དུས་ཉིད་ནས་སྐྱེས་པ་འགའ་ཡང་མེད། །འགག་པ་མེད་ལས་འགག་པ་སྣང་ན་ཡང༌། །འགག་པ་མེད་དེ་སྒྱུ་མ་སྟོང་པའི་གཟུགས། །གནས་པ་ཉིད་ནས་གནས་པའི་ཆོས་མེད་དེ། །གནས་མཁན་གཞི་མེད་འགྲོ་འོང་མེད་པའི་ངང༌། །ཇི་ལྟར་སྣང་བ་དེ་ལྟར་མ་གྲུབ་པས། །རང་བཞིན་མེད་ཅེས་བཏགས་པ་ཙམ་དུ་ཟད། །སྣང་བའི་ཕྱིར་རང་བཞིན་མེད་དེ་སྒྱུ་མ་བཞིན་ནོ་ཞེས་ཆོས་ཉིད་ཀྱི་རིག་པས་གཏན་ལ་ཕབ་པའི་ཕྱིར། སྐྱེ་བར་སྣང་དུས་ཉིད་ནས་སྐྱེ་བ་མེད་པ་དང༌། གནས་པར་སྣང་དུས་ཉིད་ནས་གནས་པ་མེད་པ་དང༌། འགག་པར་སྣང་དུས་ཉིད་ནས་འགག་པ་མེད་པ་དང༌། འགྲོ་འོང་དུ་སྣང་དུས་ཉིད་ནས་འགྲོ་འོང་མེད་པའི་རང་བཞིན་དུ་ཤེས་པར་བྱ་སྟེ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ལུང་ལས། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ནས་སྐྱེ་བ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ནས་གནས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སང་རྒྱས་ཀུན་གྱི་གསང༌། །འགྲོ་འོང་མེད་ལས་འགྲོ་དང་འོང༌། །འགྲོ་འོང་ཉིད་ནས་འགྲོ་འོང་མེད། །ཅེས་པ་དང༌། རང་ཤར་ལས། སྐད་ཅིག་ངང་ལས་ཆོས་རྣམས་ཐམས་ཅད་འབྱུང༌། །ཨེ་མའོ་རིན་ཆེན་བྱང་ཆུབ་སེམས། །ཀུན་ལ་ཡོད་དེ་ཀུན་གྱིས་མཐོང་བ་མེད། །རང་བྱུང་ཡེ་ཤེས་བདུད་རྩིའི་ཐིག་པ་འདི། །བཙལ་བྱ་རྩོལ་བྱེད་མེད་པར་རང་བྱུང་རང་ལས་ཤར། །སངས་རྒྱས་དགོངས་པ་རང་བྱུང་སྐྱེ་བ་མེད། །གནས་དང་འོང་བ་མེད་པའི་རང་བྱུང་ཆེན་པོ་ཡིན། །འཛིན་ཆགས་མེད་པའི་རང་གྲོལ་ཆེན་པོ་ནི། །སེམས་མེད་རིག་པའི་ངང་དུ་ཤེས་པར་བྱ། །ཞེས་སོ། །ཇི་ལྟར་སྣང་བ་དེ་ལྟར་རང་བཞིན་མེད་པའི་ངོ་བོ་ཉིད་དུ་དོན་བསྡུ་བ་ནི། སྣང་བ་དེ་ཡང་རྩལ་ལས་རང་ཤར་བས། །རྟེན་འབྲེལ་ཉིད་ཅེས་རང་བཞིན་བརྡ་ཙམ་བརྗོད། །རྩལ་ལས་ཤར་བར་སྣང་བའི་རང་དུས་ནས། །ཤར་དང་མ་ཤར་ཕྱོགས་དང་རིས་མེད་པས། །རྩལ་ཡང་བརྡ་ཙམ་ངོ་བོ་འགའ་མེད་པས། །ཐམས་ཅད་རྟག་ཏུ་འཕོ་འགྱུར་མེད་པའི་ངང༌། །བྱང་ཆུབ་སེམས་ལས་གཡོས་པ་རྡུལ་ཙམ་མེད། །རིག་པའི་རྩལ་ལས་འཁོར་འདས་སུ་ཤར་བ་དེ་ཡང་ཐ་སྙན་ཙམ་ལས། ངོ་བོ་ལ་འཁོར་འདས་སུ་ཤར་བ་དང་ཤར་མཁན་ཐ་དད་པར་གྲུབ་པ་ཅུང་ཟད་ཀྱང་མེད་པས། ཆོས་ཉིད་མཉམ་པའི་ངང་ལས་མ་གཡོས་པ་ནི། རྒྱ་མཚོ་དངས་པའི་ནང་ན་གཟའ་སྐར་གྱི་གཟུགས་བརྙན་ཤར་བར་སྣང་ཡང༌། དོན་ལ་ཤར་བ་མེད་དེ་ཤར་ས་རྒྱ་མཚོའི་དབྱིངས་ཉིད་ཆུ་དངས་པ་ཙམ་དང༌། ཤར་མཁན་བཟའ་སྐར་ནམ་མཁའི་དཀྱིལ་ལས་གཡོས་པ་མེད་པ་དང༌། ཚོགས་པ་ལྷན་ཅིག་པའི་ཆོས་སུ་མེད་པས་སྣང་ལ་སྟོང་པའི་གཟུགས་བརྙན་ཙམ་སྟེ། དོན་དེ་བཞིན་དུ་ཆོས་ཐམས་ཅད་འགག་པ་མེད་པ་དང༌། སྐྱེ་བ་མེད་པ་དང༌། འོང་བ་མེད་པ་དང༌། འགྲོ་བ་མེད་པ་དང༌། ཆད་པ་མེད་པ་དང༌། རྟག་པ་མེད་པ་དང༌། དོན་ཐ་དད་པ་དང༌། དོན་གཅིག་ཏུ་མ་གྲུབ་ལ་སྣང་བ། རྟེན་འབྲེལ་སྒྱུ་མ་ཙམ་དུ་ཤེས་པར་བྱ་སྟེ། རྩ་བ་ཤེས་རབ་ལས། གང་གི་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱིས། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་དང༌། ཐལ་འགྱུར་ལས། ཆོས་ཀུན་གཞི་མེད་རྩ་བ་མེད། །སྲིད་བྲལ་འདོད་པ་མེད་པའི་སེམས། །རང་བཞིན་མ་བཅོས་བརྗོད་ལས་འདས། །བྱ་བྱེད་འཁྲུལ་པའི་རྟོག་པ་ཟད། །ཆོས་མེད་སངས་རྒྱས་སེམས་ཅན་མེད། །ང་མེད་བདག་མེད་གཟུང་འཛིན་མེད། །ཅེས་སོ། །ཆོས་ཀྱི་དབྱིངས་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་སེམས་ཀྱི་མཚོན་དཔེ་བསྟན་པ་སྟེ། །ལེའུ་གསུམ་པའི་འགྲེལ་པའོ།། ༈ །།

[edit]
rywikitexts e-text of the Beijing 2009 edition (vol. 16), with its page numbers ༼N༽.

» «སྣང་བའི་ཡུལ་ལ་མངོན་པར་སྣང༌། །མ་འདྲེས་རང་གསལ་ཉིད་དུ་རྫོགས། །རྒྱུན་དུ་ཡོད་པའི་སེམས་ཉིད་ལ། །སྣང་བའི་ཕུང་པོ་སོ་སོར་ཤར། །ཟུང་འཇུག་ཆེན་པོར་རང་འབྲེལ་བར། །མི་བརྗེད་གཟུངས་དང་ལྡན་པར་རྫོགས། །ཡུལ་དུ་ཡོད་པའི་སེམས་ཉིད་ལ། །སྣང་བ་རྣམས་ནི་རང་ཤར་བས། །བདག་འཛིན་གཉིས་པོ་རང་དག་པར། །ཡུལ་དྲུག་རྣམས་ནི་སོ་སོར་རྫོགས། །བརྗོད་དུ་ཡོད་པའི་སེམས་ཉིད་ལ། །ཞི་གནས་ལྷག་མཐོང་རང་ཤར་བས། །མཉམ་པར་གཞག་དང་རྗེས་སུ་ནི། །མི་གཡོ་བསམ་གཏན་ཉིད་དུ་རྫོགས། །བལྟ་རུ་ཡོད་པའི་སེམས་ཉིད་» «ལ། །སྣང་སྲིད་གཅིག་པར་རང་ཤར་བས། །ཁམས་གསུམ་རང་སར་གྲོལ་བ་» «ནི། །ཨ་ཏི་རང་གཞག་ཆེན་པོར་རྫོགས། །ཐོབ་ཏུ་ཡོད་པའི་སེམས་ཉིད་ལ། །རེ་བ་ཉིད་ནི་རང་དག་པས། །རྩོལ་སྒྲུབ་རྣམས་དང་བྲལ་བར་ནི། །སྐུ་གསུམ་རང་ལ་ལེགས་པར་རྫོགས། །བགྲང་དུ་ཡོད་པའི་སེམས་ཉིད་ལ། །ཐེག་པ་སོ་སོ་རང་ཤར་བས། །འདོད་རྒྱལ་ཡིད་དཔྱོད་མིན་པར་ནི། །སྙིང་པོ་ཡང་གསང་ཆེན་པོར་རྫོགས། །དམིགས་སུ་ཡོད་པའི་སེམས་ཉིད་ལ། །སྣང་བ་སྣ་ཚོགས་རང་ཤར་» «ཏེ། །མིང་དང་ཁ་དོག་སོ་སོར་ནི། །གཟུགས་སུ་རྣམ་པ་གཉིས་སུ་རྫོགས། །» «དཔག་ཏུ་ཡོད་པའི་སེམས་ཉིད་ལ། །སྣང་བའི་ཡུལ་ལ་བདེན་ཤར་ཏེ། །» «༼༡༽«གཏད་པའི་ས་ཉིད་རང་ཤར་དུ། །དམིགས་པའི་རྟེན་དང་བཅས་ཏེ་རྫོགས། །» «བསྒྲག་ཏུ་ཡོད་པའི་སེམས་ཉིད་ལ། །ངོ་མཚར་ཚིག་ཀུན་རང་ཤར་བས། །བརྗོད་བྱ་ཀུན་གྱི་གཞི་མར་ནི། །སྟོན་པའི་ཚིག་དང་བཅས་པར་རྫོགས། །གཞག་ཏུ་ཡོད་པའི་སེམས་ཉིད་ལ། །སྣང་བ་རང་གཞག་གཞིར་ཤར་བས། །ཅོག་གཞག་ཆེན་པོའི་ལྟ་བར་ནི། །བཙལ་བ་མེད་པའི་ཚུལ་དུ་རྫོགས། །བསྒྱུར་དུ་ཡོད་པའི་སེམས་ཉིད་ལ། །ཉོན་མོངས་རྣམས་ནི་རང་ཤར་བས། །དུག་ལས་སྨན་དུ་བསྒྱུར་བ་བཞིན། །སྐུ་དང་ཡེ་ཤེས་ཉིད་དུ་རྫོགས། །དག་ཏུ་ཡོད་པའི་སེམས་ཉིད་ལ། །སྒོ་ལྔའི་ཡུལ་རྣམས་རང་དག་པར། །«༼༢༽«མ་རྙོག་ཆུ་ནི་རང་དངས་བཞིན། །སྣང་བ་རྣམས་ནི་རང་སར་རྫོགས། །གྲོལ་དུ་ཡོད་པའི་སེམས་ཉིད་ལ། །འདི་ལྟར་སྣང་བའི་ཡུལ་འདི་དག» «།སྦྲུལ་གྱི་མདུད་པ་རང་གྲོལ་བཞིན། །རང་གི་འདུག་སར་གྲོལ་ཏེ་རྫོགས། །གཞལ་དུ་ཡོད་པའི་སེམས་ཉིད་ལ། །རང་སྣང་དག་པའི་ཚད་རྣམས་རྫོགས། །བྲེ་སྲང་ཚད་ལ་ཕབ་པ་བཞིན། །ཉམས་མྱོང་གོང་ནས་གོང་དུ་རྫོགས། །ཞེས་སོ། །དེའང་རིག་པ་ལ་མེད་མེད་པོ་སྟོང་ཆ་ལྟ་བུ་གཅིག་མ་ཡིན་པར་ཆོས་ཉིད་དང་ཆོས་ཅན་བདེན་པ་གཉིས་དང་དག་པ་གསུམ་གྱི་ངོ་བོར་རྫོགས་པའི་ཕྱིར་ན་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། སྒྱུ་འཕྲུལ་གསང་སྙིང་ལས། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་གསུངས་པ་བཞིན་ནོ། །ངོ་བོ་གང་དུའང་མ་གྲུབ་ལ་རྣམ་པ་ཅིར་ཡང་འཆར་བས་སྐྱེ་མེད་ཀྱི་ངང་ལས་འགག་མེད་འཆར་བར་བསྟན་པ་ནི། བྱང་ཆུབ་སེམས་ནི་སྣང་དང་མི་སྣང་ལ། །«༼༡༽«འཁོར་འདས་ཕྱི་ནང་ཆོས་སུ་མེད་ན་ཡང༌། །དེ་ཡི་རྩལ་ལས་གཡོས་པའི་རང་བཞིན་གྱིས། །སྣང་སྲིད་འཁོར་འདས་སྣ་ཚོགས་རོལ་པར་ཤར། །ཤེལ་གོང་གཅིག་ཉིད་ཟང་ཐལ་དྲི་མ་མེད་པའི་ངོ་བོ་ལས་གཞན་དུ་མེད་ཀྱང༌། རྐྱེན་ཉི་ཞུར་དང་འཕྲད་པ་ལས་འོད་ལྔ་ལྷུག་པར་འཆར་བ་ལྟར། རིག་པའི་ངོ་བོ་གང་དུའང་མ་གྲུབ་པས་སྟོང་གསལ་ཆོས་སྐུ་དག་པར་གནས་ཀྱང༌། རྟོགས་མ་རྟོགས་ཀྱི་རྐྱེན་ལས་འཁོར་འདས་ཀྱི་རྩལ་ལས་སྣང་སྲིད་ཀྱི་རོལ་པ་སྣ་ཚོགས་སུ་ཤར་ཏེ། སེམས་ཉིད་ཇི་བཞིན་རྣམ་དག་ཆེན་པོ་རྣམ་མེད་ནམ་མཁའི་རང་བཞིན་ལ། སྣང་བ་སྣ་ཚོགས་ཀྱི་རྣམ་པ་ཀུན་ལྷུན་གྲུབ་ཏུ་རྫོགས་པ་ནི། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཆེན་ཞེས་བྱ་སྟེ། འདིའི་ཡུལ་དྲུག་སྣང་ལ་བདག་གིར་བྱེད་པའི་སེམས་ཀྱི་བདེ་སྡུག་ལ་སོགས་པ་སྣ་ཚོགས་ཀྱི་ལས་དང་བག་ཆགས་དང་སྣོད་བཅུད་བྱས་ཏེ། རང་ངོར་རྫོགས་པ་ནི། ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ། སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཇི་བཞིན་གཉིས་མེད་བདེ་བ་ཆེན་པོ་ལ། །རྣམ་པ་ཀུན་ལྡན་རྣམ་པ་ཡོངས་ཀྱིས་མེད། །སྤྲོས་བྲལ་ནམ་མཁའ་བཞིན་དུ་ཡེ་གནས་ལ། ། དམིགས་པའི་ཡུལ་འདས་གཅིག་ཅེས་བགྲང་དུ་མེད། །བྱང་ཆུབ་སེམས་ལ་བགྲང་ཞིང་མཚོན་མེད་ན། །སེམས་ཀྱིས་བྱས་པའི་ཆོས་ལ་རྣམ་གྲངས་བྱུང༌། །སེམས་ཀྱིས་བྱས་པ་གང་དང་གང་ཞེ་ན། །སྣང་སྲིད་སྣོད་བཅུད་སངས་རྒྱས་སེམས་ཅན་རྣམས། །སེམས་ཀྱི་རང་བཞིན་ངོ་བོ་དེ་ལས་བྱས། །བྱས་ནས་མངོན་དུ་ཕྱུང་སྟེ་བསྟན་པ་ནི། །ཆེན་པོ་ལྔ་དང་རིགས་དྲུག་སྣང་བ་དང༌། །དེ་ཡི་དོན་མཛད་གཟུགས་སྐུ་རྣམ་གཉིས་ནི། །སེམས་ཀྱི་རང་བཞིན་དག་ནི་ཕྱུང་ནས་བགྲང༌། ། ཞེས་སོ། །རིག་པའི་རང་ངོ་གང་དུའང་མ་གྲུབ་པས་སྣང་སྟོང་ལས་འདས་ཏེ་མཚོན་བརྗོད་ཀྱི་ཡུལ་མ་ཡིན་པའི་གནད་ལས། དེའི་ངང་དུ་ཤར་བ་རྫུན་སྣང་ཡོད་མ་མྱོང་དུ་བསྟན་པ་ནི། ཤར་ཙམ་ཉིད་ནས་རང་བཞིན་སྟོང་པའི་གཟུགས། ། སྐྱེ་བ་མེད་ལས་སྐྱེ་བར་སྣང་བ་སྟེ། །སྣང་དུས་ཉིད་ནས་སྐྱེས་པ་འགའ་ཡང་ མེད། །འགག་པ་མེད་ལས་འགག་པར་སྣང་ན་ཡང༌། །འགག་པ་མེད་དེ་སྒྱུ་མ་སྟོང་པའི་གཟུགས། །གནས་པ་ཉིད་ནས་གནས་པའི་ཆོས་མེད་དེ། །» «གནས་མཁན་གཞི་མེད་འགྲོ་འོང་མེད་པའི་ངང༌། །ཇི་ལྟར་སྣང་བ་དེ་ལྟར་མ་གྲུབ་ པས། །རང་བཞིན་མེད་ཅེས་བཏགས་པ་ཙམ་དུ་ཟད། །སྣང་བའི་ཕྱིར་རང་བཞིན་མེད་དེ་སྒྱུ་མ་བཞིན་ནོ་ཞེས་ཆོས་ཉིད་ཀྱི་རིགས་པས་གཏན་ལ་ཕབ་པའི་ཕྱིར། སྐྱེ་བར་སྣང་དུས་ཉིད་ནས་སྐྱེ་བ་མེད་པ་དང༌། གནས་པར་སྣང་དུས་ཉིད་ནས་གནས་པ་མེད་པ་དང༌། འགག་པར་སྣང་དུས་ཉིད་ནས་འགག་པ་མེད་པ་དང༌། འགྲོ་འོང་དུ་སྣང་དུས་ཉིད་ནས་འགྲོ་འོང་མེད་པའི་རང་བཞིན་དུ་ཤེས་ར་བྱ་སྟེ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ལུང་ལས། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ནས་སྐྱེ་བ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །འགག་པ་མེད་ལས་ཐམས་ཅད་འགག» «།» «འགག་པ་ཉིད་ནས་འགག་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ནས་གནས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །འགྲོ་འོང་མེད་ལས་འགྲོ་དང་འོང༌། །འགྲོ་འོང་ཉིད་ནས་འགྲོ་འོང་མེད། །ཅེས་པ་དང༌། རང་ཤར་ལས། སྐད་ཅིག་ངང་ལས་ཆོས་རྣམས་ཐམས་ཅད་འབྱུང༌། །ཨེ་མའོ་རིན་ཆེན་བྱང་ཆུབ་སེམས། །ཀུན་ལ་ཡོད་དེ་ཀུན་གྱིས་མཐོང་བ་མེད། །རང་བྱུང་ཡེ་ཤེས་བདུད་རྩིའི་ཐིགས་པ་འདི། །བརྩལ་«༼༡༽«བྱ་རྩོལ་བྱེད་མེད་པར་རང་བྱུང་རང་ལས་ཤར། །སངས་རྒྱས་དགོངས་པ་རང་བྱུང་སྐྱེ་བ་མེད། །གནས་དང་འོང་བ་མེད་པའི་རང་བྱུང་ཆེན་པོ་ཡིན། །འཛིན་ཆགས་མེད་པའི་རང་གྲོལ་ཆེན་པོ་ནི། །སེམས་མེད་རིག་པའི་ངང་དུ་ཤེས་པར་» «བྱ། །ཞེས་སོ། །ཇི་ལྟར་སྣང་བ་དེ་ལྟར་རང་བཞིན་མེད་པའི་ངོ་བོ་ཉིད་དུ་དོན་བསྡུ་བ་ནི། སྣང་བ་དེ་ཡང་རྩལ་ལས་རང་ཤར་བས། །རྟེན་འབྲེལ་ཉིད་ཅེས་རང་བཞིན་བརྡ་ཙམ་བརྗོད། །རྩལ་ལས་ཤར་བར་སྣང་བའི་རང་དུས་ནས། །ཤར་དང་མ་ཤར་ཕྱོགས་དང་རིས་མེད་པས། །རྩལ་ཡང་བརྡ་ཙམ་ངོ་བོ་འགའ་མེད་པས། །ཐམས་ཅད་རྟག་ཏུ་འཕོ་འགྱུར་མེད་པའི་ངང༌། །བྱང་ཆུབ་སེམས་ལས་གཡོས་པ་རྡུལ་ཙམ་མེད། །རིག་པའི་རྩལ་ལས་འཁོར་འདས་སུ་ཤར་བ་དེ་ཡང་ཐ་སྙད་ཙམ་ལས། ངོ་བོ་ལ་འཁོར་འདས་སུ་ཤར་བ་དང་ཤར་མཁན་ཐ་དད་པར་གྲུབ་པ་ཅུང་ཟད་ཀྱང་མེད་པས། ཆོས་ཉིད་མཉམ་པའི་ངང་ལས་མ་གཡོས་པ་ནི། རྒྱ་མཚོ་དངས་པའི་ནང་ན་གཟའ་སྐར་གྱི་གཟུགས་བརྙན་ཤར་བར་སྣང་ཡང༌། དོན་ལ་ཤར་བ་མེད་དེ་ཤར་ས་རྒྱ་མཚོའི་དབྱིངས་ཉིད་ཆུ་དངས་པ་ཙམ་དང༌། ཤར་མཁན་གཟའ་སྐར་ཉིད་ནམ་མཁའི་དཀྱིལ་ལས་གཡོས་པ་མེད་པ་དང༌། ཚོགས་པ་ལྷན་ཅིག་པའི་ཆོས་སུ་མེད་པས་སྣང་ལ་སྟོང་པའི་གཟུགས་བརྙན་ཙམ་སྟེ། དོན་དེ་བཞིན་དུ་ཆོས་ཐམས་ཅད་འགག་པ་མེད་པ་དང༌། སྐྱེ་བ་མེད་པ་དང༌། འོང་བ་མེད་པ་དང༌། འགྲོ་བ་མེད་པ་དང༌། ཆད་པ་མེད་པ་དང༌། རྟག་པ་མེད་པ་དང༌། དོན་ཐ་དད་པ་དང༌། དོན་གཅིག་ཏུ་མ་གྲུབ་«༼༡༽«ལ་སྣང་བ། རྟེན་འབྲེལ་སྒྱུ་མ་ཙམ་དུ་ཤེས་པར་བྱ་སྟེ། རྩ་བ་ཤེས་རབ་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་» «ལོ། །ཞེས་པ་དང༌། ཐལ་འགྱུར་ལས། ཆོས་ཀུན་གཞི་མེད་རྩ་བ་མེད། །སྲིད་«༼༢༽«བྲལ་འདོད་པ་མེད་པའི་སེམས། །རང་བཞིན་མ་བཅོས་བརྗོད་ལས་འདས།། བྱ་བྱེད་འཁྲུལ་པའི་རྟོག་པ་ཟད། །ཆོས་མེད་སངས་རྒྱས་སེམས་ཅན་མེད། །ང་མེད་བདག་མེད་གཟུང་འཛིན་མེད། །ཅེས་སོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་སེམས་ཀྱི་མཚོན་དཔེ་བསྟན་པ་སྟེ། ལེའུ་གསུམ་པའི་འགྲེལ་པའོ།། » «།།

[edit]
OCR of the BDRC scans (I1CZ5001), gorn05 tibocr 2026: BDRC OCR on 236 pages, Mitra OCR on 78 pages (the model with more recognisable syllables on each page).

[p. 835] ལ་མངོན་པར་སྣང་། །མ་འདྲེས་རང་གསལ་ཉིད་དུ་རྫོགས། །རྒྱུན་དུ་ཡོད་པའི་སེམས་ཉིད་ལ། །སྣང་བའི་ཕུང་པོ་སོ་སོར་ཤར། །ཟུང་འཇུག་ཆེན་པོར་རང་འབྲེལ་བར། །མི་ བརྗེད་གཟུངས་དང་ལྡན་པར་རྫོགས། །ཡུལ་དུ་ཡོད་པའི་སེམས་ཉིད་ལ་། །སྣང་བ་རྣམས་ནི་རང་ཤར་བས། །བདག་འཛིན་གཉིས་པ་རང་དག་པར། །ཡུལ་དྲུག་རྣམས་ནི་སོ་སོར་རྫོགས། །བརྗོད་ དུ་ཡོད་པའི་སེམས་ཉིད་ལ།།ཞི་གནས་ལྷག་མཐོང་རང་ཤར་བས། །མཉམ་པར་གཞག་དང་རྗེས་སུ་ནི། །མི་གཡོ་བསམ་གཏན་ཉིད་དུ་རྫོགས། །བལྟ་རུ་ཡོད་པའི་སེམས་ཉིད་ལ། སྣང་སྲིད་ གཅིག་པར་རང་ཤར་བས། །ཁམས་གསུམ་རང་སར་གྲོལ་བ་ནི། །ཨ་ཏི་རང་གཞག་ཆེན་པོར་རྫོགས། །ཐོབ་ཏུ་ཡོད་པའི་སེམས་ཉིད་ལ། རེ་བ་ཉིད་ནི་རང་དག་པས། །རྩོལ་སྒྲུབ་རྣམས་ དང་བྲལ་བར་ནི། །སྐུ་གསུམ་རང་ལ་ལོག་པར་རྫོགས། །བགྲང་དུ་ཡོད་པའི་སེམས་ཉིད་ལས། །ཐེག་པ་སོ་སོ་རང་ཤར་བས། །འདོད་རྒྱལ་ཡིད་དཔྱོད་མིན་པར་ནི། །སྙིང་པོ་ཡང་གསང་ཆེན་པོར་རྫོགས། ། དམིགས་སུ་ཡོད་པའི་སེམས་ཉིད་ལ།སྣང་བ་སྣ་ཚོགས་རང་ཤར་ཏེ། །མིང་དང་ཁ་དོག་སོ་སོར་ནི། །གཟུགས་སུ་རྣམ་པ་གཉིས་སྣ་རྫོགས། །དཔག་ཏུ་ཡོད་པའི་སེམས་ཉིད་ལ་། །སྣང་བའི་ཡུལ་ལ་བདེན་

[p. 836] ཤར་ཏེ། །གཏད་པའི་ས་ཉིད་རང་ཤར་དུ། །དམིགས་པའི་རྟེན་དང་བཅས་ཏེ་རྫོགས། །བསྒྲག་ཏུ་ཡོད་པའི་སེམས་ཉིད་ལ། །ངོ་མཚར་ཚིག་ཀུན་རང་ཤར་བས། །བརྗོད་བྱ་ཀུན་གྱི་གཞི་སར་ནི། །སྟོན་པའི་ཚིག་དང་བཅས་ པར་རྫོགས། །གཞག་ཏུ་ཡོད་པའི་སེམས་ཉིད་པ། །སྣང་བ་རང་གཞག་གཞིར་ཤར་བས། །ཅོག་གཞག་ཆེན་པོའི་ལྟ་བར་ནི། །བཙལ་བ་མེད་པའི་ཚུལ་དུ་རྫོགས། །བསྒྱུར་དུ་ཡོད་པའི་སེམས་ཉིད་ལ།།ཉོན་མོངས་ རྣམས་ནི་རང་ཤར་བས། །དུག་ལས་སྨན་དུ་བསྒྱུར་བ་བཞིན། །སྐུ་དང་ཡེ་ཤེས་ཉིད་དུ་རྫོགས། །དག་ཏུ་ཡོད་པའི་སེམས་ཉིད་བ། །སྒོ་ལྔའི་ཡུལ་རྣམས་རང་དག་པར། །མ་རྙོག་ཆུ་ནི་རང་དངས་བཞིན། །སྣང་བ་ རྣམས་ནི་རང་སར་རྫོགས། །གྲོལ་དུ་ཡོད་པའི་སེམས་ཉིད་དང་། །འདི་ལྟར་སྣང་བའི་ཡུལ་འདི་དག །སྦྲུལ་གྱི་མདུད་པ་རང་གྲོལ་བཞིན། །རང་གི་འདུགས་སར་གྲོལ་ཏེ་རྫོགས། །གཞལ་དུ་ཡོད་པའི་སེམས་ཉིད་ལ་། ། རང་སྣང་དག་པའི་ཚད་རྣམས་རྫོགས། །བྲེ་སྲང་ཚད་ལ་ཕབ་པ་བཞིན། །ཉམས་མྱོང་གོང་ནས་གོང་དུ་རྫོགས། །ཞེས་སོ། །དེའང་རིག་པ་ལ་མེད་མེད་པོ་སྟོང་ཆ་ལྟ་བུ་གཅིག་མ་ཡིན་པར། ཆོས་ཉིད་དང་ཆོས་ཅན་བདེན་ པ་གཉིས་དང་དག་པ་གསུམ་གྱི་ངོ་བོར་རྫོགས་པའི་ཕྱིར་ན་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། སྒྱུ་འཕྲུལ་གསང་སྙིང་ལས། རྒྱུ་གཅིག་པ་དང་ཡིག་འབྲུ་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་

[p. 837] ༄༅། །བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་གསུངས་པ་བཞིན་ནོ། །ངོ་བོ་གང་དུའང་མ་གྲུབ་ལ་རྣམ་པ་ཅིར་ཡང་འཆར་བས་སྐྱེ་མེད་ཀྱི་ངང་ལས་འགག་ མེད་འཆར་བར་བསྟན་པ་ནི། བྱང་ཆུབ་སེམས་ནི་སྣང་དང་མི་སྣང་ལ། །འཁོར་འདས་ཕྱི་ནང་ཆོས་སུ་མེད་ན་ཡང་། །དེ་ཡི་རྩལ་ལས་གཡོས་པའི་རང་བཞིན་གྱིས། །སྣང་སྲིད་འཁོར་འདས་སྣ་ཚོགས་ རོལ་པར་ཤར། །ཤེལ་གོང་གཅིག་ཉིད་ཟང་ཐལ་དྲི་མ་མེད་པའི་ངོ་བོ་ལས་གཞན་དུ་མེད་ཀྱང་། རྐྱེན་ཉི་ཞུར་དང་ཕྲད་པ་ལས་འོད་ལྔ་ལྷུག་པར་འཆར་བ་ལྟར། རིག་པའི་ངོ་བོ་གང་དུའང་མ་ གྲུབ་པས་སྟོང་གསལ་ཆོས་སྐུ་དག་པར་གནས་ཀྱང་། རྟོགས་མ་རྟོགས་ཀྱི་རྐྱེན་ལས་འཁོར་འདས་ཀྱི་རྩལ་ལས་སྣང་སྲིད་ཀྱི་རོལ་པ་སྣ་ཚོགས་སུ་ཤར་ཏེ། སེམས་ཉིད་ཇི་བཞིན་རྣམ་དག་ ཆེན་པོ་རྣམ་མེད་ནམ་མཁའི་རང་བཞིན་ལ། སྣང་བ་སྣ་ཚོགས་ཀྱི་རྣམ་པ་ཀུན་ལྷུན་གྲུབ་ཏུ་རྫོགས་པ་ནི། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཆེན་ཞེས་བྱ་སྟེ། འདིའི་ཡུལ་དྲུག་སྣང་ལ་བདག་ གིར་བྱེད་པའི་སེམས་ཀྱི་བདེ་སྡུག་ལ་སོགས་པ་སྣ་ཚོགས་ཀྱི་ལས་དང་བག་ཆགས་དང་སྣོད་བཅུད་བྱས་ཏེ། རང་ངོར་རྫོགས་པ་ནི། ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ། སེམས་ནི་ཇི་

[p. 838] བཞིན་པ་ཡི་ངོ་བོ་སྟེ། །ཇི་བཞིན་གཉིས་མེད་བདེ་བ་ཆེན་པོ་ལ། །རྣམ་པ་ཀུན་ལྡན་རྣམ་པ་ཡོངས་ཀྱིས་མེད། །སྤྲོས་བྲལ་ནམ་མཁའ་བཞིན་དུ་ཡིན་ནས་ལ། །དམིགས་པའི་ཡུལ་འདས་གཅིག་ ཅེས་བགྲང་དུ་མེད། །བྱང་ཆུབ་སེམས་ལ་བགྲང་ཞིང་མཚོན་མེད་ན། །སེམས་ཀྱིས་བྱས་པའི་ཆོས་ལ་རྣམ་གྲངས་བྱུང་། །སེམས་ཀྱིས་བྱས་པ་གང་དང་གང་ཞེ་ན། །སྣང་སྲིད་སྣོད་བཅུད་སངས་ རྒྱས་སེམས་ཅན་རྣམས། །སེམས་ཀྱི་རང་བཞིན་ངོ་བོ་དེ་ལས་བྱས། །བྱས་ནས་མངོན་དུ་ཕྱུང་སྟེ་བསྟན་པ་ནི། །ཆེན་པོ་ལྔ་དང་རིགས་དྲུག་སྣང་བ་དང་། །དེ་ཡི་དོན་མཛད་གཟུགས་སྐུ་རྣམ་གཉིས་ནི། ། སེམས་ཀྱི་རང་བཞིན་དག་ནི་ཕྱུང་ནས་བགྲང་། །ཞེས་སོ། །རིག་པའི་རང་ངོ་གང་དུའང་མ་གྲུབ་པས་སྣང་སྟོང་ལས་འདས་ཏེ་མཚོན་བརྗོད་ཀྱི་ཡུལ་མ་ཡིན་པའི་གནད་ལས། དེའི་ངང་དུ་ཤར་བ་རྫུན་ སྣང་ཡོང་མ་མྱོང་དུ་བསྟན་པ་ནི། ཤར་ཙམ་ཉིད་ནས་རང་བཞིན་སྟོང་པའི་གཟུགས། །སྐྱེ་བ་མེད་ལས་སྐྱེ་བར་སྣང་བ་སྟེ། །སྣང་དུས་ཉིད་ནས་སྐྱེས་པ་འགའ་ཡང་མེད། །འགག་པ་མེད་པས་འགག་པར་ སྣང་ན་ཡང་། །འགག་པ་མེད་དེ་སྒྱུ་མ་སྟོང་པའི་གཟུགས། །གནས་པ་ཉིད་ནས་གནས་པའི་ཆོས་མེད་དེ། །གནས་མཁན་གཞི་མེད་འགྲོ་འོང་མེད་པའི་ངང་། །ཇི་ལྟར་སྣང་བ་དེ་ལྟར་མ་གྲུབ་པས། །རང་

[p. 839] ༄༅། །བཞིན་མེད་ཅེས་བཏགས་པ་ཙམ་དུ་ཟད། །སྣང་བའི་ཕྱིར་རང་བཞིན་མེད་དེ་སྒྱུ་མ་བཞིན་ནོ་ཞེས་ཆོས་ཉིད་ཀྱི་རིག་པས་གཏན་ལ་ཕབ་པའི་ཕྱིར། སྐྱེ་བར་སྣང་དུས་ཉིད་ནས་སྐྱེ་བ་མེད་ པ་དང་། གནས་པར་སྣང་དུས་ཉིད་ནས་གནས་པ་མེད་པ་དང་། འགག་པར་སྣང་དུས་ཉིད་ནས་འགག་པ་མེད་པ་དང་། འགྲོ་འོང་དུ་སྣང་དུས་ཉིད་ནས་འགྲོ་འོང་མེད་པའི་རང་བཞིན་དུ་ཤེས་པར་བྱ་སྟེ། སངས་རྒྱས་ ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ལུང་ལས། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ནས་སྐྱེ་བ་མེད། །ཨེ་མའོ་ངོ་མཚར་ རྨད་ཀྱི་ཆོས། །རྫོགས་པའི་སེངས་རྒྱས་ཀུན་གྱི་གསང་།། འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ནས་འགག་པ་མེད། །ཨེ་མའོ་ངོ་མཚན་ཀྱི་ཆོས། །རྫོགས་པའི་སང་རྒྱས་ཀུན་གྱི་གསང་། ། གནས་པ་མེད་ལ་ཐམས་ཅད་གནས། །གནས་པ་ཉིད་ནས་གནས་པ་མེད། །ཨེ་མའོ་ངོ་མ་ཚར་རྨད་ཀྱི་ཆོས། །རྫོགས་བའི་སངས་རྒྱས་ཀུན་གྱི་གསད། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ ཉིད་ནས་འགྲོ་འོང་མེད། །ཅེས་པ་དང་། རང་ཤར་ལས། སྐད་ཅིག་ངང་ལས་ཆོས་རྣམས་ཐམས་ཅད་འབྱུང་། །ཨེ་མའོ་རིན་ཆེན་བྱང་ཆུབ་སེམས། །ཀུན་ལ་ཡོད་དེ་ཀུན་གྱིས་མཐོང་བ་མེད། །རང་བྱུང་ཡེ་

[p. 840] ཤེས་བདུད་རྩིའི་ཐིགས་པ་འདི། །བཙལ་བྱ་རྩོལ་བྱེད་མེད་པར་རང་བྱུང་རང་ལས་ཤར། །སངས་རྒྱས་དགོངས་པ་རང་བྱུང་སྐྱེ་བ་མེད། །གནས་དང་འོང་བ་མེད་པའི་རང་བྱུང་ཆེན་པོ་ཡིན། །འཛིན་ཆགས་མེད་ པའི་རང་གྲོལ་ཆེན་པོ་ནི། །སེམས་མེད་རིག་པའི་ངང་དུ་ཤེས་པར་བྱ། །ཞེས་སོ། །ཇི་ལྟར་སྣང་བ་དེ་ལྟར་རང་བཞིན་མེད་པའི་ངོ་བོ་ཉིད་དུ་དོན་བསྡུ་བ་ནི། སྣང་བ་དེ་ཡང་རྩལ་ལས་རང་ཤར་བས། རྟེན་འབྲེལ་ཉིད་ཅེས་ རང་བཞིན་བརྡ་ཙམ་བརྗོད། །རྩལ་ལས་ཤར་བར་སྣང་བའི་རང་དུས་ནས། །ཤར་དང་མ་ཤར་ཕྱོགས་དང་རིས་མེད་པས། །རྩལ་ཡང་བརྡ་ཙམ་ངོ་བོ་འགའ་མེད་པས། །ཐམས་ཅད་རྟག་ཏུ་འཕོ་འགྱུར་མེད་པའི་ ངང་། །བྱང་ཆུབ་སེམས་ལས་གཡོས་པ་རྡུལ་ཙམ་མེད། །རིག་པའི་རྩལ་ལས་འཁོར་འདས་སུ་ཤར་བ་དེ་ཡང་ཐ་སྙད་ཙམ་ལས། ངོ་བོ་ལ་འཁོར་འདས་སུ་ཤར་བ་དང་ཤར་མཁན་ཐ་དད་པར་གྲུབ་པ་ཅུང་ཟད་ ཀྱང་མེད་པས། ཆོས་ཉིད་མཉམ་པའི་ངང་ལས་མ་གཡོས་པ་ནི། རྒྱ་མཚོ་དངས་པའི་ནང་ན་གཟའ་སྐར་གྱི་གཟུགས་བརྙན་ཤར་བར་སྣང་ཡང་། དོན་ལ་ཤར་བ་མེད་དེ་ཤར་ས་རྒྱ་མཚོའི་དབྱིངས་ཉིད་ཆུ་དངས་ པ་ཙམ་དང་། ཤར་མཁན་གཟའ་སྐར་ཉིད་ནམ་མཁའི་དཀྱིལ་ལས་གཡོས་པ་མེད་པ་དང་། ཚོགས་པ་ལྷན་ཅིག་པའི་ཆོས་སུ་མེད་པས་སྣང་ལ་སྟོང་པའི་གཟུགས་བརྙན་ཙམ་སྟེ། དོན་དེ་བཞིན་དུ་ཆོས་

[p. 841] ༄༅། །ཐམས་ཅད་འགག་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པ་དང་། ཆད་པ་མེད་པ་དང་། རྟག་པ་མེད་པ་དང་། དོན་ཐ་དད་པ་དང་། དོན་གཅིག་ཏུ་ མ་གྲུབ་ལ་སྣང་བ། རྟེན་འབྲེལ་སྒྱུ་མ་ཙམ་དུ་ཤེས་པར་བྱ་སྟེ། རྩ་བ་ཤེས་རབ་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་ མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱིས། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། ཐལ་འགྱུར་ལས། ཆོས་ཀུན་གཞི་མེད་རྩ་ བ་མེད། །སྲིད་བྲལ་འདོད་པ་མེད་པའི་སེམས། །རང་བཞིན་མ་བཅོས་བརྗོད་ལས་འདས། །བྱ་བྱེད་འཁྲུལ་པའི་རྟོག་པ་ཟད། །ཆོས་མེད་སངས་རྒྱས་སེམས་ཅན་མེད། །ང་མེད་བདག་མེད་གཟུང་འཛིན་མེད། ། ཅེས་སོ། །ཆོས་ཀྱི་དབྱིངས་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་སེམས་ཀྱི་མཚོན་དཔེ་བསྟན་པ་སྟེ། ལེའུ་གསུམ་པའི་འགྲེལ་པའོ།། །།

[edit]
OCR of the BDRC scans (I2PD20601, I2PD20602), gorn05 tibocr 2026: BDRC OCR on 244 pages, Mitra OCR on 127 pages (the model with more recognisable syllables on each page).

[p. 46] སྣང་བའི་ཡུལ་ལ་མངོན་པར་སྣང་། །མ་འདྲེས་རང་གསལ་ཉིད་དུ་རྫོགས། །རྒྱུན་དུ་ཡོད་པའི་སེམས་ཉིད་དང་། །སྣང་བའི་ཕུང་པོ་སོ་སོར་ཤར། །ཟུང་འཇུག་ཆེན་པོར་རང་འབྲེལ་བར། །མི་བརྗེད་གཟུངས་དང་ལྡན་པར་རྫོགས། །ཡུལ་དུ་ཡོད་པའི་སེམས་ཉིད་དོ། །སྣང་བ་རྣམས་ནི་རང་ཤར་བས། །བདག་འཛིན་གཉིས་པོ་རང་དག་པར། །ཡུལ་དྲུག་རྣམས་ནི་སོ་སོར་རྫོགས། །བརྗོད་དུ་ཡོད་པའི་སེམས་ཉིད་དེ། །ཞི་གནས་ལྷག་མཐོང་རང་ཤར་བས། །མཉམ་པར་གཞག་དང་རྗེས་སུ་ནི། །མི་གཡོ་བསམ་གཏན་ཉིད་དུ་རྫོགས། །བལྟ་རུ་ཡོད་པའི་སེམས་ཉིད་ལ། །སྣང་སྲིད་གཅིག་པར་རང་ཤར་བས། །ཁམས་གསུམ་རང་སར་གྲོལ་བ་ནི། །ཨ་ཏི་རང་གཞག་ཆེན་པོར་རྫོགས། །ཐོབ་ཏུ་ཡོད་པའི་སེམས་ཉིད་ལ།། །རེ་བ་ཉིད་ནི་རང་དག་པས། །རྩོལ་སྒྲུབ་རྣམས་དང་བྲལ་བར་ནི། །སྐུ་གསུམ་རང་ལ་ལོག་པར་རྫོགས། །བགྲང་དུ་ཡོད་པའི་སེམས་ཉིད་ལ། ཐེག་པ་སོ་སོ་རང་ཤར་བས། །འདོད་རྒྱལ་ཡིད་དཔྱོད་མིན་པར་ནི། །སྙིང་པོ་ཡང་གསང་ཆེན་པོར་རྫོགས། །དམིགས་སུ་ཡོད་པའི་སེམས་ཉིད་ལ། སྣང་བ་སྣ་ཚོགས་རང་ཤར་ཏེ། །མིང་དང་ཁ་དོག་སོ་སོར་ནི། །གཟུགས་

[p. 47] ༄༅། །སུ་རྣམ་པ་གཉིས་སུ་རྫོགས། །དཔག་ཏུ་ཡོད་པའི་སེམས་ཉིད་ལ། །སྣང་བའི་ཡུལ་ལ་བདེན་ཤར་ཏེ། །གཏད་པའི་ས་ཉིད་རང་ཤར་དུ། །དམིགས་པའི་རྟེན་དང་བཅས་ཏེ་རྫོགས། །བསྒྲག་ཏུ་ཡོད་པའི་སེམས་ཉིད་ལ། །ངོ་མཚར་ ཚིག་ཀུན་རང་ཤར་བས། །བརྗོད་བྱ་ཀུན་གྱི་གཞི་མ་ར་ནི། །སྟོན་པའི་ཚིག་དང་བཅས་པར་རྫོགས། །གཞག་ཏུ་ཡོད་པའི་སེམས་ཉིད་ལ། །སྣང་བ་རང་གཞག་གཞིར་ཤར་བས། །ཅོག་གཞག་ཆེན་པོའི་ལྟ་བར་ནི། །བཙལ་བ་མེད་པའི་ཚུལ་དུ་རྫོགས། ། བསྒྱུར་དུ་ཡོད་པའི་སེམས་ཉིད་ལ། །ཉོན་མོངས་རྣམས་ནི་རང་ཤར་བས། །དུག་ལས་སྨན་དུ་བསྒྱུར་བ་བཞིན། །སྐུ་དང་ཡེ་ཤེས་ཉིད་དུ་རྫོགས། །དག་ཏུ་ཡོད་པའི་སེམས་ཉིད་ལ། །སྒོ་ལྔའི་ཡུལ་རྣམས་རང་དག་པར། །མ་རྙོག་ཆུ་ནི་རང་དངས་བཞིན། ། སྣང་བ་རྣམས་ནི་རང་སར་རྫོགས། །གྲོལ་དུ་ཡོད་པའི་སེམས་ཉིད་ལ། །འདི་ལྟར་སྣང་བའི་ཡུལ་འདི་དག །སྦྲུལ་གྱི་མདུད་པ་རང་གྲོལ་བཞིན། །རང་གི་འདུག་སར་གྲོལ་ཏེ་རྫོགས། །གཞལ་དུ་ཡོད་པའི་སེམས་ཉིད་ལ། །རང་སྣང་དག་པའི་ཚད་ རྣམས་རྫོགས། །བྲེ་སྲང་ཚད་ལ་ཕབ་པ་བཞིན། །ཉམས་མྱོང་གོང་ནས་གོང་དུ་རྫོགས། །ཞེས་སོ། །དེའང་རིག་པ་ལ་མེད་མེད་པོ་སྟོང་ཆ་ལྟ་བུ་གཅིག་མ་ཡིན་པར། ཆོས་ཉིད་དང་ཆོས་ཅན་བདེན་པ་གཉིས་དང་དག་པ་གསུམ་གྱི་ངོ་བོར་རྫོགས་པའི་ཕྱིར་ན་ རྫོགས་པ་ཆེན་པོ་ཞེས་བྱ་སྟེ། སྒྱུ་འཕྲུལ་གསང་སྙིང་ལས། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་གསུངས་པ་བཞིན་ནོ། ། ངོ་བོ་གང་དུའང་མ་གྲུབ་ལ་རྣམ་པ་ཅིར་ཡང་འཆར་བས་སྐྱེ་མེད་ཀྱི་ངང་ལས་འགག་མེད་འཆར་བར་བསྟན་པ་ནི། བྱང་ཆུབ་སེམས་ནི་སྣང་དང་མི་སྣང་ལ། །འཁོར་འདས་ཕྱི་ནང་ཆོས་སུ་མེད་ན་ཡང་། །དེ་ཡི་རྩལ་ལས་གཡོས་པའི་རང་བཞིན་གྱིས། །སྣང་སྲིད་

[p. 48] འཁོར་འདས་སྣ་ཚོགས་རོལ་པར་ཤར། །ཤེལ་གོང་གཅིག་ཉིད་ཟང་ཐལ་དྲི་མ་མེད་པའི་ངོ་བོ་ལས་གཞན་དུ་མེད་ཀྱང་། རྐྱེན་ཉི་ཞུར་དང་ཕྲད་པ་ལས་འོད་ལྔ་ལྷུག་པར་འཆར་བ་ལྟར། རིག་པའི་ངོ་བོ་གང་དུའང་མ་གྲུབ་པས་སྟོང་གསལ་ཆེས་སྐུ་དག་པར་ གནས་ཀྱང་། རྟོགས་མ་རྟོགས་ཀྱི་རྐྱེན་ལས་འཁོར་འདས་ཀྱི་རྩལ་ལས་སྣང་སྲིད་ཀྱི་རོལ་པ་སྣ་ཚོགས་སུ་ཤར་ཏེ། སེམས་ཉིད་ཇི་བཞིན་རྣམ་དག་ཆེན་པོ་རྣམ་མེད་ན་མ་མཁའི་རང་བཞིན་ལ། སྣང་བ་སྣ་ཚོགས་ཀྱི་རྣམ་པ་ཀུན་ལྷུན་གྲུབ་ཏུ་རྫོགས་པ་ནི། རྣམ་ ཀུན་མཆོག་ལྡན་གྱི་སྟོང་ཆེན་ཞེས་བྱ་སྟེ། འདིའི་ཡུལ་དྲུག་སྣང་ལ་བདག་གིར་བྱེད་པའི་སེམས་ཀྱི་བདེ་སྡུག་ལ་སོགས་པ་སྣ་ཚོགས་ཀྱི་ལས་དང་བག་ཆགས་དང་སྣོད་བཅུད་བྱས་ཏེ། རང་ངོར་རྫོགས་པ་ནི། ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ། སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཇི་བཞིན་གཉིས་མེད་བདེ་བ་ཆེན་པོ་ལ། །རྣམ་པ་ཀུན་ལྡན་རྣམ་པ་ཡོངས་ཀྱིས་མེད། །སྤྲོས་བྲལ་ནམ་མཁའ་བཞིན་དུ་ཡེ་གནས་ལ། །དམིགས་པའི་ཡུལ་འདས་གཅིག་ཅེས་བགྲང་དུ་མེད། །བྱང་ཆུབ་ སེམས་ལ་བགྲང་ཞིང་མཚོན་མེད་ན། །སེམས་ཀྱིས་བྱས་པའི་ཆོས་ལ་རྣམ་གྲངས་བྱུང་། །སེམས་ཀྱིས་བྱས་པ་གང་དང་གང་ཞེ་ན། །སྣང་སྲིད་སྣོད་བཅུད་སངས་རྒྱས་སེམས་ཅན་རྣམས། །སེམས་ཀྱི་རང་བཞིན་ངོ་བོ་དེ་ལས་བྱས། །བྱས་ནས་མངོན་ དུ་ཕྱུང་སྟེ་བསྟན་པ་ནི། །ཆེན་པོ་ལྔ་དང་རིགས་དྲུག་སྣང་བ་དང་། །དེ་ཡི་དོན་མཛད་གཟུགས་སྐུ་རྣམ་གཉིས་ནི། །སེམས་ཀྱི་རང་བཞིན་དག་ནི་ཕྱུང་ནས་བགྲང་། །ཞེས་སོ། །རིག་པའི་རང་ངོ་གང་དུའང་མ་གྲུབ་པས་སྣང་སྟོང་ལས་འདས་ཏེ་མཚོན་བརྗོད་ཀྱི་ཡུལ་ མ་ཡིན་པའི་གནད་ལས། དེའི་ངང་དུ་ཤར་བ་རྫུན་སྣང་ཡོང་མ་མྱོང་དུ་བསྟན་པ་ནི། ཤར་ཙམ་ཉིད་ནས་རང་བཞིན་སྟོང་པའི་གཟུགས། །སྐྱེ་བ་མེད་ལས་སྐྱེ་བར་སྣང་བ་སྟེ། །སྣང་དུས་ཉིད་ནས་སྐྱེས་པ་འགའ་ཡང་མེད། །འགག་པ་མེད་ལས་འགག་

[p. 49] པར་སྣང་ན་ཡང་། །འགག་པ་མེད་དེ་སྒྱུ་མ་སྟོང་པའི་གཟུགས། །གནས་པ་ཉིད་ནས་གནས་པའི་ཆོས་མེད་དེ། །གནས་མཁན་གཞི་མེད་འགྲོ་འོང་མེད་པའི་ངང་། །ཇི་ལྟར་སྣང་བ་དེ་ལྟར་མ་གྲུབ་པས། །རང་བཞིན་མེད་ཅེས་བཏགས་པ་ཙམ་དུ་ཟད། །སྣང་བའི་ཕྱིར་རང་བཞིན་མེད་དེ་སྒྱུ་མ་བཞིན་ནོ་ཞེས་ཆོས་ཉིད་ཀྱི་རིག་པས་གཏན་ལ་ཕབ་པའི་ཕྱིར། སྐྱེ་བར་སྣང་དུས་ཉིད་ནས་སྐྱེ་བ་མེད་པ་དང་། གནས་པར་སྣང་དུས་ཉིད་ནས་གནས་པ་མེད་པ་དང་། འགག་པར་སྣང་དུས་ཉིད་ནས་འགག་པ་མེད་པ་དང་། འགྲོ་འོང་དུ་སྣང་དུས་ཉིད་ནས་འགྲོ་འོང་མེད་པའི་རང་བཞིན་དུ་ཤེས་པར་བྱ་སྟེ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ལུང་ལས། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ནས་སྐྱེ་བ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ནས་འགག་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལ་ཐམས་ཅད་གནས། །གནས་པ་ཉིད་ནས་གནས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ནས་འགྲོ་འོང་མེད། །ཅེས་པ་དང་། རང་ཤར་ལས། སྐད་ཅིག་ངང་ལས་ཆོས་རྣམས་ཐམས་ཅད་འབྱུང་། །ཨེ་མའོ་རིན་ཆེན་བྱང་ཆུབ་སེམས། །ཀུན་ལ་ཡོད་དེ་ཀུན་གྱིས་མཐོང་བ་མེད། །རང་བྱུང་ཡེ་ཤེས་བདུད་རྩིའི་ཐིགས་པ་འདི། །བཙལ་བྱ་རྩོལ་བྱེད་མེད་པར་རང་བྱུང་རང་ལས་ཤར། །སངས་རྒྱས་དགོངས་པ་རང་བྱུང་སྐྱེ་བ་མེད། །གནས་དང་འོང་བ་མེད་པའི་རང་བྱུང་ཆེན་པོ་ཡིན། །འཛིན་ཆགས་མེད་པའི་རང་གྲོལ་ཆེན་པོ་ནི། །སེམས་མེད་རིག་པའི་ངང་དུ་ཤེས་པར་བྱ། །ཞེས་སོ། །ཇི་ལྟར་སྣང་བ་དེ་ལྟར་

[p. 50] རང་བཞིན་མེད་པའི་ངོ་བོ་ཉིད་དུ་དོན་བསྡུ་བ་ནི་སྣང་བ་དེ་ཡང་རྩལ་ལས་རང་ཤར་བས། རྟེན་འབྲེལ་ཉིད་ཅེས་རང་བཞིན་བརྡ་ཙམ་བརྗོད། །རྩལ་ལས་ཤར་བར་སྣང་བའི་རང་དུས་ནས། །ཤར་དང་མ་ཤར་ཕྱོགས་དང་རིས་མེད་པས། །རྩལ་ཡང་བརྡ་ཙམ་ངོ་བོ་འགའ་མེད་པས། །ཐམས་ཅད་རྟག་ཏུ་འཕོ་འགྱུར་མེད་པའི་ངང་། །བྱང་ཆུབ་སེམས་ལས་གཡོས་པ་རྡུལ་ཙམ་མེད། །རིག་པའི་རྩལ་ལས་འཁོར་འདས་སུ་ཤར་བ་དེ་ཡང་ཐ་སྙད་ཙམ་ལས། ངོ་བོ་ལ་འཁོར་འདས་སུ་ཤར་བ་དང་ཤར་མཁན་ཐ་དད་པར་གྲུབ་པ་ཅུང་ཟད་ཀྱང་མེད་པས། ཆོས་ཉིད་མཉམ་པའི་ངང་ལས་མ་གཡོས་པ་ནི། རྒྱ་མཚོ་དྭངས་པའི་ནང་ན་གཟའ་སྐར་གྱི་གཟུགས་བརྙན་ཤར་བར་སྣང་ཡང་། དོན་ལ་ཤར་བ་མེད་དེ་ཤར་ས་རྒྱ་མཚོའི་དབྱིངས་ཉིད་ཆུ་དྭངས་པ་ཙམ་དང་། ཤར་མཁན་གཟའ་སྐར་ཉིད་ནམ་མཁའི་དཀྱིལ་ལས་གཡོས་པ་མེད་པ་དང་། ཚོགས་པ་ལྷན་ཅིག་པའི་ཆོས་སུ་མེད་པས་སྣང་ལ་སྟོང་པའི་གཟུགས་བརྙན་ཙམ་སྟེ། དོན་དེ་བཞིན་དུ་ཆོས་ཐམས་ཅད་འགག་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པ་དང་། ཆད་པ་མེད་པ་དང་། རྟག་པ་མེད་པ་དང་། དོན་ཐ་དད་པ་དང་། དོན་གཅིག་ཏུ་མ་གྲུབ་ལ་སྣང་བ། རྟེན་འབྲེལ་སྒྱུ་མ་ཙམ་དུ་ཤེས་པར་བྱ་སྟེ། རྩ་བ་ཤེས་རབ་ལས། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱིས། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། ཐལ་འགྱུར་ལས། ཆོས་ཀུན་གཞི་མེད་རྩ་བ་མེད། །སྲིད་བྲལ་འདོད་པ་མེད་པའི་སེམས། །རང་བཞིན་མ་བཅོས་བརྗོད་ལས་འདས། །བྱ་བྱེད་འཁྲུལ་པའི་རྟོག་པ་ཟད། །ཆོས་མེད་སངས་རྒྱས་སེམས་ཅན་མེད། །ང་མེད་བདག་མེད་གཟུང་འཛིན་མེད། །ཅེས་སོ། །

[p. 51] ཆོས་ཀྱི་དབྱིངས་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་སེམས་ཀྱི་མཚོན་དཔེ་བསྟན་པ་སྟེ།

[edit]
OCR of the BDRC scans (I3CN4267), gorn05 tibocr 2026: BDRC OCR on 226 pages, Mitra OCR on 175 pages (the model with more recognisable syllables on each page).

[p. 108] སྣང་། །མ་འདྲེས་རང་གསལ་ཉིད་དུ་རྫོགས། །རྒྱུན་དུ་ཡོད་པའི་སེམས་ཉིད་པ། ། སྣང་བའི་ཕུང་པོ་སོ་སོར་ཤར། །ཟུང་འཇུག་ཆེན་པོར་རང་འབྲེལ་བར། །མི་བརྗེད་ གཟུངས་དང་ལྡན་པར་རྫོགས། །ཡུལ་དུ་ཡོད་པའི་སེམས་ཉིད་ལ་། །སྣང་བ་རྣམས་ ནི་རང་ཤར་བས། །བདག་འཛིན་གཉིས་པོ་རང་དག་པར། །ཡུལ་དྲུག་རྣམས་ནི་སོ་ སོར་རྫོགས། །བརྗོད་དུ་ཡོད་པའི་སེམས་ཉིད་ལས། །ཞི་གནས་ལྷག་མཐོང་རང་ ཤར་བས། །མཉམ་པར་གཞག་དང་རྗེས་སུ་ནི། །མི་གཡོ་བསམ་གཏན་ཉིད་དུ་ རྫོགས། །བལྟ་རུ་ཡོད་པའི་སེམས་ཉིད་ལ།། སྣང་སྲིད་གཅིག་པར་རང་ཤར་བས། ། ཁམས་གསུམ་རང་སར་གྲོལ་བ་ནི། །ཨ་ཏི་རང་གཞག་ཆེན་པོར་རྫོགས། །ཐོབ་ཏུ་ ཡོད་པའི་སེམས་ཉིད་ལ། །རེ་བ་ཉིད་ནི་རང་དག་པས། །རྩོལ་སྒྲུབ་རྣམས་དང་ བྲལ་བར་ནི། །སྐུ་གསུམ་རང་ལ་ལེགས་པར་རྫོགས། །བགྲང་དུ་ཡོད་པའི་སེམས་ ཉིད་ལ། །ཐེག་པ་སོ་སོ་རང་ཤར་བས། །འདོད་རྒྱལ་ཡིད་དཔྱོད་མིན་པར་ནི། ། སྙིང་པོ་ཡང་གསང་ཆེན་པོར་རྫོགས། །དམིགས་སུ་ཡོད་པའི་སེམས་ཉིད་ལ། སྣང་ བ་སྣ་ཚོགས་རང་ཤར་ཏེ། །མིང་དང་ཁ་དོག་སོ་སོར་ནི། །གཟུགས་སུ་རྣམ་པ་ གཉིས་སུ་རྫོགས། །དཔག་ཏུ་ཡོད་པའི་སེམས་ཉིད་ལ།སྣང་བའི་ཡུལ་ལ་བདེན་ ཤར་ཏེ། །༧གཏད་པའི་ས་ཉིད་རང་ཤར་དུ། །དམིགས་པའི་རྟེན་དང་བཅས་ཏེ་ རྫོགས། །བསྒྲག་ཏུ་ཡོད་པའི་སེམས་ཉིད་པ། །ངོ་མཚར་ཚིག་ཀུན་རང་ཤར་བས། ། བརྗོད་བྱ་ཀུན་གྱི་གཞི་མར་ནི། །སྟོན་པའི་ཚིག་དང་བཅས་པར་རྫོགས། །གཞག་

[p. 109] ། ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། ཏུ་ཡོད་པའི་སེམས་ཉིད་ལ། །སྣང་བ་རང་གཞག་གཞིར་ཤར་བས། །ཅོག་གཞག་ ཆེན་པོའི་ལྟ་བར་ནི། །བཙལ་བ་མེད་པའི་ཚུལ་དུ་རྫོགས། །བསྒྱུར་དུ་ཡོད་པའི་ སེམས་ཉིད་ལ། །ཉོན་མོངས་རྣམས་ནི་རང་ཤར་བས། །དུག་ལས་སྨན་དུ་བསྒྱུར་ བ་བཞིན། །སྐུ་དང་ཡེ་ཤེས་ཉིད་དུ་རྫོགས། །དག་ཏུ་ཡོད་པའི་སེམས་ཉིད་ལ།།སྒོ་ ལྔའི་ཡུལ་རྣམས་རང་དག་པར། །༧མ་རྙོག་ཆུ་ནི་རང་དངས་བཞིན། །སྣང་བ་ རྣམས་ནི་རང་སར་རྫོགས། །གྲོལ་དུ་ཡོད་པའི་སེམས་ཉིད་ལ།འདི་ལྟར་སྣང་ བའི་ཡུལ་འདི་དག །སྦྲུལ་གྱི་མདུད་པ་རང་གྲོལ་བཞིན། །རང་གི་འདུག་སར་གྲོལ་ ཏེ་རྫོགས། །གཞལ་དུ་ཡོད་པའི་སེམས་ཉིད་པ། །རང་སྣང་དག་པའི་ཚད་རྣམས་ རྫོགས། །བྲེ་སྲང་ཚད་ལ་ཕབ་པ་བཞིན། །ཉམས་མྱོང་གོང་ནས་གོང་དུ་རྫོགས། ། ཞེས་སོ། །དེའང་རིག་པ་ལ་མེད་མེད་པོ་སྟོང་ཆ་ལྟ་བུ་གཅིག་མ་ཡིན་པར་ཆོས་ཉིད་ དང་ཆོས་ཅན་བདེན་པ་གཉིས་དང་དག་པ་གསུམ་གྱི་ངོ་བོར་རྫོགས་པའི་ཕྱིར་ན་ རྫོགས་པ་ཆེན་པོ་ཞེས་བྱ་སྟེ། སྒྱུ་འཕྲུལ་གསང་སྙིང་ལས། རྒྱུ་གཅིག་པ་དང་ཡིག་ འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་གསུངས་པ་བཞིན་ནོ། །ངོ་བོ་ གང་དུའང་མ་གྲུབ་ལ་རྣམ་པ་ཅིར་ཡང་འཆར་བས་སྐྱེ་མེད་ཀྱི་ངང་ལས་འགག་མེད་ འཆར་བར་བསྟན་པ་ནི། བྱང་ཆུབ་སེམས་ནི་སྣང་དང་མི་སྣང་ལ། །༧འཁོར་འདས་ ཕྱི་ནང་ཆོས་སུ་མེད་ན་ཡང་། །དེ་ཡི་རྩལ་ལས་གཡོས་པའི་རང་བཞིན་གྱིས། ། སྣང་སྲིད་འཁོར་འདས་སྣ་ཚོགས་རོལ་པར་ཤར། །ཤེལ་གོང་གཅིག་ཉིད་ཟང་ཐལ་ དྲི་མ་མེད་པའི་ངོ་བོ་ལས་གཞན་དུ་མེད་ཀྱང་། རྐྱེན་ཉི་ཞུར་དང་འཕྲད་པ་ལས་འོད་ ལྔ་ལྷུག་པར་འཆར་བ་ལྟར། རིག་པའི་ངོ་བོ་གང་དུའང་མ་གྲུབ་པས་སྟོང་གསལ་

[p. 110] ། ལེའུ་གསུམ་པ་བྱང་ཆུབ་སེམས་ཀྱི་མཚོན་དཔེ་བསྟན་པ། ཆོས་སྐུ་དག་པར་གནས་ཀྱང་། རྟོགས་མ་རྟོགས་ཀྱི་རྐྱེན་ལས་འཁོར་འདས་ཀྱི་ རྩལ་ལས་སྣང་སྲིད་ཀྱི་རོལ་པ་སྣ་ཚོགས་སུ་ཤར་ཏེ། སེམས་ཉིད་ཇི་བཞིན་རྣམ་ དག་ཆེན་པོ་རྣམ་མེད་ནམ་མཁའི་རང་བཞིན་ལ། སྣང་བ་སྣ་ཚོགས་ཀྱི་རྣམ་པ་ཀུན་ ལྷུན་གྲུབ་ཏུ་རྫོགས་པ་ནི། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཆེན་ཞེས་བྱ་སྟེ། འདིའི་ ཡུལ་དྲུག་སྣང་ལ་བདག་གིར་བྱེད་པའི་སེམས་ཀྱི་བདེ་སྡུག་ལ་སོགས་པ་སྣ་ཚོགས་ ཀྱི་ལས་དང་བག་ཆགས་དང་སྣོད་བཅུད་བྱས་ཏེ། རང་ངོར་རྫོགས་པ་ནི། ཀུན་བྱེད་ ལས། ཀྱེ་སེམས་དཔའ་ཆེན་པོ། སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཇི་བཞིན་ གཉིས་མེད་བདེ་བ་ཆེན་པོ་ལ། །རྣམ་པ་ཀུན་ལྡན་རྣམ་པ་ཡོངས་ཀྱིས་མེད། ། སྤྲོས་བྲལ་ནམ་མཁའ་བཞིན་དུ་ཡེ་གནས་ལ། །དམིགས་པའི་ཡུལ་འདས་གཅིག་ ཅེས་བགྲང་དུ་མེད། །བྱང་ཆུབ་སེམས་ལ་བགྲང་ཞིང་མཚོན་མེད་ན། །སེམས་ཀྱིས་ བྱས་པའི་ཆོས་ལ་རྣམ་གྲངས་བྱུང་། །སེམས་ཀྱིས་བྱས་པ་གང་དང་གང་ཞེ་ན། ། སྣང་སྲིད་སྣོད་བཅུད་སངས་རྒྱས་སེམས་ཅན་རྣམས། །སེམས་ཀྱི་རང་བཞིན་ངོ་བོ་ དེ་ལས་བྱས། །བྱས་ནས་མངོན་དུ་ཕྱུང་སྟེ་བསྟན་པ་ནི། །ཆེན་པོ་ལྔ་དང་རིགས་ དྲུག་སྣང་བ་དང་། །དེ་ཡི་དོན་མཛད་གཟུགས་སྐུ་རྣམ་གཉིས་ནི། །སེམས་ཀྱི་རང་ བཞིན་དག་ནི་ཕྱུང་ནས་བགྲང་། །ཞེས་སོ། །རིག་པའི་རང་ངོ་གང་དུའང་མ་གྲུབ་ པས་སྣང་སྟོང་ལས་འདས་ཏེ་མཚོན་བརྗོད་ཀྱི་ཡུལ་མ་ཡིན་པའི་གནད་ལས། དེའི་ ངང་དུ་ཤར་བ་རྫུན་སྣང་ཡོད་མ་མྱོང་དུ་བསྟན་པ་ནི། ཤར་ཙམ་ཉིད་ནས་རང་ བཞིན་སྟོང་པའི་གཟུགས། །སྐྱེ་བ་མེད་ལས་སྐྱེ་བར་སྣང་བ་སྟེ། །སྣང་དུས་ཉིད་ ནས་སྐྱེས་པ་འགའ་ཡང་མེད། །འགག་པ་མེད་ལས་འགག་པར་སྣང་ན་ཡང་། ། འགག་པ་མེད་དེ་སྒྱུ་མ་སྟོང་པའི་གཟུགས། །གནས་པ་ཉིད་ནས་གནས་པའི་ཆོས་

[p. 111] ། ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། མེད་དེ། །གནས་མཁན་གཞི་མེད་འགྲོ་འོང་མེད་པའི་ངང་། །ཇི་ལྟར་སྣང་བ་དེ་ ལྟར་མ་གྲུབ་པས། །རང་བཞིན་མེད་ཅེས་བཏགས་པ་ཙམ་དུ་ཟད། །སྣང་བའི་ཕྱིར་ རང་བཞིན་མེད་དེ་སྒྱུ་མ་བཞིན་ནོ་ཞེས་ཆོས་ཉིད་ཀྱི་རིགས་པས་གཏན་ལ་ཕབ་ པའི་ཕྱིར། སྐྱེ་བར་སྣང་དུས་ཉིད་ནས་སྐྱེ་བ་མེད་པ་དང་། གནས་པར་སྣང་དུས་ ཉིད་ནས་གནས་པ་མེད་པ་དང་། འགག་པར་སྣང་དུས་ཉིད་ནས་འགག་པ་མེད་པ་ དང་། འགྲོ་འོང་དུ་སྣང་དུས་ཉིད་ནས་འགྲོ་འོང་མེད་པའི་རང་བཞིན་དུ་ཤེས་པར་ བྱ་སྟེ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ལུང་ལས། ཨེ་མའོ་ ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ནས་སྐྱེ་བ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། ། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་པ་མེད་ལས་ཐམས་ཅད་འགག ། འགག་པ་ཉིད་ནས་འགག་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་ སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ ཉིད་ནས་གནས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་ རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ནས་ འགྲོ་འོང་མེད། །ཅེས་པ་དང་། རང་ཤར་ལས། སྐད་ཅིག་ངང་ལས་ཆོས་རྣམས་ ཐམས་ཅད་འབྱུང་། །ཨེ་མའོ་རིན་ཆེན་བྱང་ཆུབ་སེམས། །ཀུན་ལ་ཡོད་དེ་ཀུན་ གྱིས་མཐོང་བ་མེད། །རང་བྱུང་ཡེ་ཤེས་བདུད་རྩིའི་ཐིགས་པ་འདི། །བརྩལ་༧བྱ་ རྩོལ་བྱེད་མེད་པར་རང་བྱུང་རང་ལས་ཤར། །སངས་རྒྱས་དགོངས་པ་རང་བྱུང་སྐྱེ་ བ་མེད། །གནས་དང་འོང་བ་མེད་པའི་རང་བྱུང་ཆེན་པོ་ཡིན། །འཛིན་ཆགས་མེད་ པའི་རང་གྲོལ་ཆེན་པོ་ནི། །སེམས་མེད་རིག་པའི་ངང་དུ་ཤེས་པར་བྱ། །ཞེས་སོ། །

[p. 112] ༈ ལེའུ་གསུམ་པ་བྱང་ཆུབ་སེམས་ཀྱི་མཚོན་དཔེ་བསྟན་པ། ཇི་ལྟར་སྣང་བ་དེ་ལྟར་རང་བཞིན་མེད་པའི་ངོ་བོ་ཉིད་དུ་དོན་བསྡུ་བ་ནི། སྣང་བ་དེ་ ཡང་རྩལ་ལས་རང་ཤར་བས། །རྟེན་འབྲེལ་ཉིད་ཅེས་རང་བཞིན་བརྡ་ཙམ་བརྗོད། ། རྩལ་ལས་ཤར་བར་སྣང་བའི་རང་དུས་ནས། །ཤར་དང་མ་ཤར་ཕྱོགས་དང་རིས་ མེད་པས། །རྩལ་ཡང་བརྡ་ཙམ་ངོ་བོ་འགའ་མེད་པས། །ཐམས་ཅད་རྟག་ཏུ་འཕོ་ འགྱུར་མེད་པའི་ངང་། །བྱང་ཆུབ་སེམས་ལས་གཡོས་པ་རྡུལ་ཙམ་མེད། །རིག་ པའི་རྩལ་ལས་འཁོར་འདས་སུ་ཤར་བ་དེ་ཡང་ཐ་སྙད་ཙམ་ལས། ངོ་བོ་ལ་འཁོར་ འདས་སུ་ཤར་བ་དང་ཤར་མཁན་ཐ་དད་པར་གྲུབ་པ་ཅུང་ཟད་ཀྱང་མེད་པས། ཆོས་ཉིད་མཉམ་པའི་ངང་ལས་མ་གཡོས་པ་ནི། རྒྱ་མཚོ་དངས་པའི་ནང་ན་གཟའ་ སྐར་གྱི་གཟུགས་བརྙན་ཤར་བར་སྣང་ཡང་། དོན་ལ་ཤར་བ་མེད་དེ་ཤར་ས་རྒྱ་ མཚོའི་དབྱིངས་ཉིད་ཆུ་དངས་པ་ཙམ་དང་། ཤར་མཁན་གཟའ་སྐར་ཉིད་ནམ་ མཁའི་དཀྱིལ་ལས་གཡོས་པ་མེད་པ་དང་། ཚོགས་པ་ལྷན་ཅིག་པའི་ཆོས་སུ་མེད་ པས་སྣང་ལ་སྟོང་པའི་གཟུགས་བརྙན་ཙམ་སྟེ། དོན་དེ་བཞིན་དུ་ཆོས་ཐམས་ཅད་ འགག་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པ་ དང་། ཆད་པ་མེད་པ་དང་། རྟག་པ་མེད་པ་དང་། དོན་ཐ་དད་པ་དང་། དོན་གཅིག་ ཏུ་མ་གྲུབ་ལ་སྣང་བ། རྟེན་འབྲེལ་སྒྱུ་མ་ཙམ་དུ་ཤེས་པར་བྱ་སྟེ། རྩ་བ་ཤེས་ རབ་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། ། ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་ གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ ཀྱི༑ ༑དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། ཐལ་འགྱུར་ལས། ཆོས་ཀུན་ གཞི་མེད་རྩ་བ་མེད། །སྲིད་བྲལ་འདོད་པ་མེད་པའི་སེམས། །རང་བཞིན་མ་

[p. 113] ༈ ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། བཅོས་བརྗོད་ལས་འདས། །བྱ་བྱེད་འཁྲུལ་པའི་རྟོག་པ་ཟད། །ཆོས་མེད་སངས་ རྒྱས་སེམས་ཅན་མེད། །ང་མེད་བདག་མེད་གཟུང་འཛིན་མེད། །ཅེས་སོ། །ཆོས་ དབྱིངས་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་སེམས་ཀྱི་མཚོན་དཔེ་བསྟན་པ་སྟེ། ལེའུ་གསུམ་པའི་འགྲེལ་པའོ།། །།

[edit]
OCR of the BDRC scans (I3CN14273), gorn05 tibocr 2026: BDRC OCR on 317 pages, Mitra OCR on 187 pages (the model with more recognisable syllables on each page).

[p. 115] ལ་མངོན་པར་སྣང་། ། མ་འདྲེས་རང་གསལ་ཉིད་དུ་རྫོགས། །རྒྱུན་དུ་ཡོད་པའི་སེམས་ཉིད་ལ། །སྣང་བའི་ཕུང་པོ་སོ་སོར་ཤར། །ཟུང་འཇུག་ཆེན་པོར་རང་འབྲེལ་བར། །མི་ བརྗེད་གཟུངས་དང་ལྡན་པར་རྫོགས། །ཡུལ་དུ་ཡོད་པའི་སེམས་ཉིད་ལ་། །སྣང་བ་རྣམས་ནི་རང་ཤར་བས། །བདག་འཛིན་གཉིས་པོ་རང་དག་པར། །ཡུལ་དྲུག་རྣམས་ནི་སོ་སོར་རྫོགས། །བརྗོད་ དུ་ཡོད་པའི་སེམས་ཉིད་ལ།།ཞི་གནས་ལྷག་མཐོང་རང་ཤར་བས། །མཉམ་པར་གཞག་དང་རྗེས་སུ་ནི། །མི་གཡོ་བསམ་གཏན་ཉིད་དུ་རྫོགས། །བལྟ་རུ་ཡོད་པའི་སེམས་ཉིད་ལ།སྣང་སྲིད་ གཅིག་པར་རང་ཤར་བས། །ཁམས་གསུམ་རང་སར་གྲོལ་བ་ནི། །ཨ་ཏི་རང་གཞག་ཆེན་པོར་རྫོགས། །ཐོབ་ཏུ་ཡོད་པའི་སེམས་ཉིད་ལ།་།རེ་བ་ཉིད་ནི་རང་དག་པས། །རྩོལ་སྒྲུབ་རྣམས་ དང་བྲལ་བར་ནི། །སྐུ་གསུམ་རང་ལ་ལོག་པར་རྫོགས། །བགྲང་དུ་ཡོད་པའི་སེམས་ཉིད་ལས། །ཐེག་པ་སོ་སོ་རང་ཤར་བས། །འདོད་རྒྱལ་ཡིད་དཔྱོད་མིན་པར་ནི། །སྙིང་པོ་ཡང་གསང་ཆེན་པོར་རྫོགས། ། དམིགས་སུ་ཡོད་པའི་སེམས་ཉིད་ལ། །སྣང་བ་སྣ་ཚོགས་རང་ཤར་ཏེ། །མིང་དང་ཁ་དོག་སོ་སོར་ནི། །གཟུགས་སུ་རྣམ་པ་གཉིས་སུ་རྫོགས། །དཔག་ཏུ་ཡོད་པའི་སེམས་ཉིད་ལ་། །སྣང་བའི་ཡུལ་ལ་བདེན་

[p. 116] ཤར་ཏེ། །གཏད་པའི་ས་ཉིད་རང་ཤར་དུ། །དམིགས་པའི་རྟེན་དང་བཅས་ཏེ་རྫོགས། །བསྒྲག་ཏུ་ཡོད་པའི་སེམས་ཉིད་ལ། །ངོ་མཚར་ཚིག་ཀུན་རང་ཤར་བས། །བརྗོད་བྱ་ཀུན་གྱི་གཞི་མར་ནི། །སྟོན་པའི་ཚིག་དང་བཅས་ པར་རྫོགས། །གཞག་ཏུ་ཡོད་པའི་སེམས་ཉིད་པ། །སྣང་བ་རང་གཞག་གཞིར་ཤར་བས། །ཅོག་གཞག་ཆེན་པོའི་ལྟ་བར་ནི། །བཙལ་བ་མེད་པའི་ཚུལ་དུ་རྫོགས། །བསྒྱུར་དུ་ཡོད་པའི་སེམས་ཉིད་ལ།།ཉོན་མོངས་ རྣམས་ནི་རང་ཤར་བས། །དུག་ལས་སྨན་དུ་བསྒྱུར་བ་བཞིན། །སྐུ་དང་ཡེ་ཤེས་ཉིད་དུ་རྫོགས། །དག་ཏུ་ཡོད་པའི་སེམས་ཉིད་མ། །སྒོ་ལྔའི་ཡུལ་རྣམས་རང་དག་པར། །མ་རྙོག་ཆུ་ནི་རང་དངས་བཞིན། །སྣང་བ་ རྣམས་ནི་རང་སར་རྫོགས། །གྲོལ་དུ་ཡོད་པའི་སེམས་ཉིད་ལ་འདི་ལྟར་སྣང་བའི་ཡུལ་འདི་དག།སྦྲུལ་གྱི་མདུད་པ་རང་གྲོལ་བཞིན། །རང་གི་འདུགས་སར་གྲོལ་ཏེ་རྫོགས། །གཞལ་དུ་ཡོད་པའི་སེམས་ཉིད་བ།། རང་སྣང་དག་པའི་ཚད་རྣམས་རྫོགས། །བྲེ་སྲང་ཚད་ལ་ཕབ་པ་བཞིན། །ཉམས་མྱོང་གོང་ནས་གོང་དུ་རྫོགས། །ཞེས་སོ། །དེའང་རིག་པ་ལ་མེད་མེད་པོ་སྟོང་ཆ་ལྟ་བུ་གཅིག་མ་ཡིན་པར། ཆོས་ཉིད་དང་ཆོས་ཅན་བདེན་ པ་གཉིས་དང་དག་པ་གསུམ་གྱི་ངོ་བོར་རྫོགས་པའི་ཕྱིར་ན་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། སྒྱུ་འཕྲུལ་གསང་སྙིང་ལས། རྒྱུ་གཅིག་པ་དང་ཡིག་འབྲུ་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་

[p. 117] ༄༅། །བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་གསུངས་པ་བཞིན་ནོ། །ངོ་བོ་གང་དུའང་མ་གྲུབ་ལ་རྣམ་པ་ཅིར་ཡང་འཆར་བས་སྐྱེ་མེད་ཀྱི་ངང་ལས་འགག་ མེད་འཆར་བར་བསྟན་པ་ནི། བྱང་ཆུབ་སེམས་ནི་སྣང་དང་མི་སྣང་ལ། །འཁོར་འདས་ཕྱི་ནང་ཆོས་སུ་མེད་ན་ཡང་། །དེ་ཡི་རྩལ་ལས་གཡོས་པའི་རང་བཞིན་གྱིས། །སྣང་སྲིད་འཁོར་འདས་སྣ་ཚོགས་ རོལ་པར་ཤར། །ཤེལ་གོང་གཅིག་ཉིད་ཟང་ཐལ་དྲི་མ་མེད་པའི་ངོ་བོ་ལས་གཞན་དུ་མེད་ཀྱང་། རྐྱེན་ཉི་ཞུར་དང་ཕྲད་པ་ལས་འོད་ལྔ་ལྷུག་པར་འཆར་བ་ལྟར། རིག་པའི་ངོ་བོ་གང་དུའང་མ་ གྲུབ་པས་སྟོང་གསལ་ཆོས་སྐུ་དག་པར་གནས་ཀྱང་། རྟོགས་མ་རྟོགས་ཀྱི་རྐྱེན་ལས་འཁོར་འདས་ཀྱི་རྩལ་ལས་སྣང་སྲིད་ཀྱི་རོལ་པ་སྣ་ཚོགས་སུ་ཤར་ཏེ། སེམས་ཉིད་ཇི་བཞིན་རྣམ་དག་ ཆེན་པོ་རྣམ་མེད་ནམ་མཁའི་རང་བཞིན་ལ། སྣང་བ་སྣ་ཚོགས་ཀྱི་རྣམ་པ་ཀུན་ལྷུན་གྲུབ་ཏུ་རྫོགས་པ་ནི། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཆེན་ཞེས་བྱ་སྟེ། འདིའི་ཡུལ་དྲུག་སྣང་ལ་བདག་ གིར་བྱེད་པའི་སེམས་ཀྱི་བདེ་སྡུག་ལ་སོགས་པ་སྣ་ཚོགས་ཀྱི་ལས་དང་བག་ཆགས་དང་སྣོད་བཅུད་བྱས་ཏེ། རང་ངོར་རྫོགས་པ་ནི། ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ། སེམས་ནི་ཇི་

[p. 118] བཞིན་པ་ཡི་ངོ་བོ་སྟེ། །ཇི་བཞིན་གཉིས་མེད་བདེ་བ་ཆེན་པོ་ལ། །རྣམ་པ་ཀུན་ལྡན་རྣམ་པ་ཡོངས་ཀྱིས་མེད། །སྤྲོས་བྲལ་ནམ་མཁའ་བཞིན་དུ་ཡེ་གནས་ལ། །དམིགས་པའི་ཡུལ་འདས་གཅིག ཅེས་བགྲང་དུ་མེད། །བྱང་ཆུབ་སེམས་ལ་བགྲང་ཞིང་མཚོན་མེད་ན། །སེམས་ཀྱིས་བྱས་པའི་ཆོས་ལ་རྣམ་གྲངས་བྱུང་། །སེམས་ཀྱིས་བྱས་པ་གང་དང་གང་ཞེ་ན། །སྣང་སྲིད་སྣོད་བཅུད་སངས་ རྒྱས་སེམས་ཅན་རྣམས། །སེམས་ཀྱི་རང་བཞིན་ངོ་བོ་དེ་ལས་བྱས། །བྱས་ནས་མངོན་དུ་ཕྱུང་སྟེ་བསྟན་པ་ནི། །ཆེན་པོ་ལྔ་དང་རིགས་དྲུག་སྣང་བ་དང་། །དེ་ཡི་དོན་མཛད་གཟུགས་སྐུ་རྣམ་གཉིས་ནི།། སེམས་ཀྱི་རང་བཞིན་དག་ནི་ཕྱུང་ནས་བགྲང་། །ཞེས་སོ། །རིག་པའི་རང་ངོ་གང་དུའང་མ་གྲུབ་པས་སྣང་སྟོང་ལས་འདས་ཏེ་མཚོན་བརྗོད་ཀྱི་ཡུལ་མ་ཡིན་པའི་གནད་ལས། དེའི་ངང་དུ་ཤར་བ་རྫུན་ སྣང་ཡོང་མ་མྱོང་དུ་བསྟན་པ་ནི། ཤར་ཙམ་ཉིད་ནས་རང་བཞིན་སྟོང་པའི་གཟུགས། །སྐྱེ་བ་མེད་ལས་སྐྱེ་བར་སྣང་བ་སྟེ། །སྣང་དུས་ཉིད་ནས་སྐྱེས་པ་འགའ་ཡང་མེད། །འགག་པ་མེད་པས་འགག་པར་ སྣང་ན་ཡང་། །འགག་པ་མེད་དེ་སྒྱུ་མ་སྟོང་པའི་གཟུགས། །གནས་པ་ཉིད་ནས་གནས་པའི་ཆོས་མེད་དེ། །གནས་མཁན་གཞི་མེད་འགྲོ་འོང་མེད་པའི་ངང་། །ཇི་ལྟར་སྣང་བ་དེ་ལྟར་མ་གྲུབ་པས། །རང་

[p. 119] ༄༅། །བཞིན་མེད་ཅེས་བཏགས་པ་ཙམ་དུ་ཟད། །སྣང་བའི་ཕྱིར་རང་བཞིན་མེད་དེ་སྒྱུ་མ་བཞིན་ནོ་ཞེས་ཆོས་ཉིད་ཀྱི་རིག་པས་གཏན་ལ་ཕབ་པའི་ཕྱིར། སྐྱེ་བར་སྣང་དུས་ཉིད་ནས་སྐྱེ་བ་མེད་ པ་དང་། གནས་པར་སྣང་དུས་ཉིད་ནས་གནས་པ་མེད་པ་དང་། འགག་པར་སྣང་དུས་ཉིད་ནས་འགག་པ་མེད་པ་དང་། འགྲོ་འོང་དུ་སྣང་དུས་ཉིད་ནས་འགྲོ་འོང་མེད་པའི་རང་བཞིན་དུ་ཤེས་པར་བྱ་སྟེ། སངས་རྒྱས་ ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ལུང་ལས། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ནས་སྐྱེ་བ་མེད། །ཨེ་མའོ་ངོ་མཚར་ རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་པ་མེད་ལས་ཐམས་ཅད་འགག། འགག་པ་ཉིད་ནས་འགག་པ་མེད། །ཨེ་མའོ་ངོ་མཚར་གྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། ། གནས་པ་མེད་ལ་ཐམས་ཅད་གནས། །གནས་པ་ཉིད་ནས་གནས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ ཉིད་ནས་འགྲོ་འོང་མེད། །ཅེས་པ་དང་། རང་ཤར་ལས། སྐད་ཅིག་དང་ལས་ཆོས་རྣམས་ཐམས་ཅད་འབྱུང་། །ཨེ་མའོ་རིན་ཆེན་བྱང་ཆུབ་སེམས། །ཀུན་ལ་ཡོད་དེ་ཀུན་གྱིས་མཐོང་བ་མེད། །རང་བྱུང་ཡེ་

[p. 120] ཤེས་བདུད་རྩིའི་ཐིགས་པ་འདི། །བཙལ་བྱ་རྩོལ་བྱེད་མེད་པར་རང་བྱུང་རང་ལས་ཤར། །སངས་རྒྱས་དགོངས་པ་རང་བྱུང་སྐྱེ་བ་མེད། །གནས་དང་འོང་བ་མེད་པའི་རང་བྱུང་ཆེན་པོ་ཡིན། །འཛིན་ཆགས་མེད་ པའི་རང་གྲོལ་ཆེན་པོ་ནི། །སེམས་མེད་རིག་པའི་ངང་དུ་ཤེས་པར་བྱ། །ཞེས་སོ། །ཇི་ལྟར་སྣང་བ་དེ་ལྟར་རང་བཞིན་མེད་པའི་ངོ་བོ་ཉིད་དུ་དོན་བསྡུ་བ་ནི། སྣང་བ་དེ་ཡང་རྩལ་ལས་རང་ཤར་བས། རྟེན་འབྲེལ་ཉིད་ཅེས་ རང་བཞིན་བརྡ་ཙམ་བརྗོད། །རྩལ་ལས་ཤར་བར་སྣང་བའི་རང་དུས་ནས། །ཤར་དང་མ་ཤར་ཕྱོགས་དང་རིས་མེད་པས། །རྩལ་ཡང་བརྡ་ཙམ་ངོ་བོ་འགའ་མེད་པས། །ཐམས་ཅད་རྟག་ཏུ་འཕོ་འགྱུར་མེད་པའི་ ངང་། །བྱང་ཆུབ་སེམས་ལས་གཡོས་པ་རྡུལ་ཙམ་མེད། །རིག་པའི་རྩལ་ལས་འཁོར་འདས་སུ་ཤར་བ་དེ་ཡང་ཐ་སྙད་ཙམ་ལས། ངོ་བོ་ལ་འཁོར་འདས་སུ་ཤར་བ་དང་ཤར་མཁན་ཐ་དད་པར་གྲུབ་པ་ཅུང་ཟད་ ཀྱང་མེད་པས། ཆོས་ཉིད་མཉམ་པའི་ངང་ལས་མ་གཡོས་པ་ནི། རྒྱ་མཚོ་དངས་པའི་ནང་ན་གཟའ་སྐར་གྱི་གཟུགས་བརྙན་ཤར་བར་སྣང་ཡང་། དོན་ལ་ཤར་བ་མེད་དེ་ཤར་ས་རྒྱ་མཚོའི་དབྱིངས་ཉིད་ཆུ་དངས་ པ་ཙམ་དང་། ཤར་མཁན་གཟའ་སྐར་ཉིད་ནམ་མཁའི་དཀྱིལ་ལས་གཡོས་པ་མེད་པ་དང་། ཚོགས་པ་ལྷན་ཅིག་པའི་ཆོས་སུ་མེད་པས་སྣང་ལ་སྟོང་པའི་གཟུགས་བརྙན་ཙམ་སྟེ། དོན་དེ་བཞིན་དུ་ཆོས་

[p. 121] ༄༅། །ཐམས་ཅད་འགག་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པ་དང་། ཆད་པ་མེད་པ་དང་། རྟག་པ་མེད་པ་དང་། དོན་ཐ་དད་པ་དང་། དོན་གཅིག་ཏུ་ མ་གྲུབ་ལ་སྣང་བ། རྟེན་འབྲེལ་སྒྱུ་མ་ཙམ་དུ་ཤེས་པར་བྱ་སྟེ། རྩ་བ་ཤེས་རབ་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་ མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞེར་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱིས། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། ཐལ་འགྱུར་ལས། ཆོས་ཀུན་གཞི་མེད་རྩ། བ་མེད། །སྲིད་བྲལ་འདོད་པ་མེད་པའི་སེམས། །རང་བཞིན་མ་བཅོས་བརྗོད་ལས་འདས། །བྱ་བྱེད་འཁྲེལ་བའི་རྟོག་པ་ཟད། །ཆོས་མེད་སངས་རྒྱས་སེམས་ཅན་མེད། །ད་མེད་བདག་མེད་གཟུང་འཛིན་མེད། ། ཅེས་སོ། །ཆོས་ཀྱི་དབྱིངས་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་སེམས་ཀྱི་མཚོན་དཔེ་བསྟན་པ་སྟེ། ལེའུ་གསུམ་པའི་འགྲེལ་པའོ།། །།

[edit]
OCR of the BDRC scans (I1CZ2729), gorn05 tibocr 2026: BDRC OCR on 290 pages, Mitra OCR on 133 pages (the model with more recognisable syllables on each page).

[p. 64] སྣང་བའི་ཡུལ་ལ་མངོན་པར་སྣང་། །མ་འདྲེས་རང་གསལ་ཉིད་དུ་རྫོགས།། རྒྱུན་དུ་ཡོད་པའི་སེམས་ཉིད་ལ། །སྣང་བའི་ཕུང་པོ་སོ་སོར་ཤར། །ཟུང་འཇུག་ཆེན་པོར་རང་འབྲེལ་བར། །མི་བརྗེད་གཟུངས་དང་ལྡན་པར་རྫོགས། །ཡུལ་དུ་ཡོད་པའི་སེམས་ཉིད་ལ། །སྣང་བ་རྣམས་ནི་ རང་ཤར་བས། །བདག་འཛིན་གཉིས་པོ་རང་དག་པར། །ཡུལ་དྲུག་རྣམས་ནི་སོ་སོར་རྫོགས། །བརྗོད་དུ་ཡོད་པའི་སེམས་ཉིད་ལ། །ཞི་གནས་ལྷག་མཐོང་རང་ཤར་བས། །མཉམ་པར་གཞག་དང་རྗེས་ སུ་ནི༑ ༑མི་གཡོ་བས་མ་གཏན་ཉིད་དུ་རྫོགས། །བལྟ་རུ་ཡོད་པའི་སེམས་ཉིད་ལ། །སྣང་སྲིད་གཅིག་པར་རང་ཤར་བས། །ཁམས་གསུམ་རང་སར་གྲོལ་བ་ནི། །ཨ་ཏི་རང་གཞག་ཆེན་པོར་རྫོགས། ། ཐོབ་ཏུ་ཡོད་པའི་སེམས་ཉིད་ལ། །རེ་བ་ཉིད་ནི་རང་དག་པས། །རྩོལ་སྒྲུབ་རྣམས་དང་བྲལ་བར་ནི། །སྐུ་གསུམ་རང་ལ་ལོག་པར་རྫོགས། །བགྲང་དུ་ཡོད་པའི་སེམས་ཉིད་ལ། །ཐེག་པ་སོ་སོ་རང་ཤར་བས། །

[p. 65] ༄༅། །འདོད་རྒྱལ་ཡིད་དཔྱོད་མིན་པར་ནི། །སྙིང་པོ་ཡང་གསང་ཆེན་པོར་རྫོགས། །དམིགས་སུ་ཡོད་པའི་སེམས་ཉིད་ལ། །སྣང་བ་སྣ་ཚོགས་རང་ཤར་དེས། །མིང་དང་ཁ་དོག་སོ་སོར་ནི། །གཟུགས་ སུ་རྣམ་པ་གཉིས་སུ་རྫོགས། །དཔག་ཏུ་ཡོད་པའི་སེམས་ཉིད་ལ། །སྣང་བའི་ཡུལ་ལ་བདེན་ཤར་ཏེ། །གཏད་པའི་ས་ཉིད་རང་ཤར་དུ། །དམིགས་པའི་རྟེན་དང་བཅས་ཏེ་རྫོགས། །བསྒྲག་ཏུ་ཡོད་པའི་ སེམས་ཉིད་ལ། །ངོ་མཚར་ཚིག་ཀུན་རང་ཤར་བས། །བརྗོད་བྱ་ཀུན་གྱི་གཞི་མར་ནི། །སྟོན་པའི་ཚིག་དང་བཅས་པར་རྫོགས། །གཞག་ཏུ་ཡོད་པའི་སེམས་ཉིད་ལ། །སྣང་བ་རང་གཞག་གཞིར་ཤར་བས།། ཅོག་གཞག་ཆེན་པོའི་ལྟ་བར་ནི། །བཙལ་བ་མེད་པའི་ཚུལ་དུ་རྫོགས། །བསྒྱུར་དུ་ཡོད་པའི་སེམས་ཉིད་ལ། །ཉོན་མོངས་རྣམས་ནི་རང་ཤར་པས། །དུག་ལས་སྨན་དུ་བསྒྱུར་བ་བཞིན། །སྐུ་དང་ཡེ་ཤེས་ཉིད་ དུ་རྫོགས། །དག་ཏུ་ཡོད་པའི་སེམས་ཉིད་ལ། །སྒོ་ལྔའི་ཡུལ་རྣམས་རང་དག་པར། །མ་རྟོག་ཆུ་ནི་རང་དྭངས་བཞིན། །སྣང་བ་རྣམས་ནི་རང་སར་རྫོགས། །གྲོལ་དུ་ཡོད་པའི་སེམས་ཉིད་ལ། །འདི་ལྟར་སྣང་ བའི་ཡུལ་འདི་དག །སྦྲུལ་གྱི་མདུད་པ་རང་གྲོལ་བཞིན། །རང་གི་འདུག་སར་གྲོལ་ཏེ་རྫོགས། །གཞལ་དུ་ཡོད་པའི་སེམས་ཉིད་ལ། །རང་སྣང་དག་པའི་ཚད་རྣམས་རྫོགས། །བྲེ་སྲང་ཚད་ལ་ཕབ་པ་བཞིན། །

[p. 66] ཉམས་མྱོང་གོང་ནས་གོང་དུ་རྫོགས། །ཞེས་སོ། །དེའང་རིག་པ་ལ་མེད་མེད་པོ་སྟོང་ཆ་ལྟ་བུ་གཅིག་མ་ཡིན་པར་ཆོས་ཉིད་དང་ཆོས་ཅན་བདེན་པ་གཉིས་དང་དག་པ་གསུམ་གྱི་ངོ་བོར་རྫོགས་པའི་ཕྱིར་ན་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། སྒྱུ་འཕྲུལ་གསང་སྙིང་ལས། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་གསུངས་པ་བཞིན་ནོ། །ངོ་བོ་གང་དུའང་མ་གྲུབ་ལ་རྣམ་པ་ཅིར་ཡང་འཆར་བས་སྐྱེ་མེད་ཀྱི་ངང་ལས་འགག་མེད་འཆར་བར་བསྟན་པ་ནི། བྱང་ཆུབ་སེམས་ནི་སྣང་དང་མི་སྣང་ལ། །འཁོར་འདས་ཕྱི་ནང་ཆོས་སུ་མེད་ན་ཡང་། །དེ་ཡི་རྩལ་ལས་གཡོས་པའི་རང་བཞིན་གྱིས། །སྣང་སྲིད་འཁོར་འདས་སྣ་ཚོགས་རོལ་པར་ཤར། །ཤེལ་གོང་གཅིག་ཉིད་ཟང་ཐལ་དྲི་མ་མེད་པའི་ངོ་བོ་ལས་གཞན་དུ་མེད་ཀྱང་། རྐྱེན་ཉི་ཞུར་དང་འཕྲད་པ་ལས་འོད་ལྔ་ལྷུག་པར་འཆར་བ་ལྟར། རིག་པའི་ངོ་བོ་གང་དུའང་མ་གྲུབ་པས་སྟོང་གསལ་ཆོས་སྐུ་དག་པར་གནས་ཀྱང་། རྟོགས་མ་རྟོགས་ཀྱི་རྐྱེན་ལས་འཁོར་འདས་ཀྱི་རྩལ་ལས་སྣང་སྲིད་ཀྱི་རོལ་པ་སྣ་ཚོགས་སུ་ཤར་ཏེ། སེམས་ཉིད་ཇི་བཞིན་རྣམ་དག་ཆེན་པོ་རྣམ་མེད་ནམ་མཁའི་རང་བཞིན་ལ། སྣང་བ་སྣ་ཚོགས་ཀྱི་རྣམ་པ་ཀུན་ལྷུན་གྲུབ་ཏུ་རྫོགས་པ་ནི། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཆེན་ཞེས་བྱ་སྟེ། འདིའི་ཡུལ་

[p. 67] ༄༅། །དྲུག་སྣང་ལ་བདག་གིར་བྱེད་པའི་སེམས་ཀྱི་བདེ་སྡུག་ལ་སོགས་པ་སྣ་ཚོགས་ཀྱི་ལས་དང་བག་ཆགས་དང་སྣོད་བཅུད་བྱས་ཏེ། རང་ངོར་རྫོགས་པ་ནི། ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ། སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཇི་བཞིན་གཉིས་མེད་བདེ་བ་ཆེན་པོ་ལ། །རྣམ་པ་ཀུན་ལྡན་རྣམ་པ་ཡོངས་ཀྱིས་མེད། །སྤྲོས་བྲལ་ནམ་མཁའ་བཞིན་དུ་ཡེ་གནས་ལ། །དམིགས་པའི་ཡུལ་འདས་གཅིག་ཅེས་ བགྲང་དུ་མེད། །བྱང་ཆུབ་སེམས་ལ་བགྲང་ཞིང་མཚོན་མེད་ན། །སེམས་ཀྱིས་བྱས་པའི་ཆོས་ལ་རྣམ་གྲངས་བྱུང་། །སེམས་ཀྱིས་བྱས་པ་གང་དང་གང་ཞེ་ན། །སྣང་སྲིད་སྣོད་བཅུད་སངས་རྒྱས་སེམས་ ཅན་རྣམས། །སེམས་ཀྱི་རང་བཞིན་ངོ་བོ་དེ་ལས་བྱས། །བྱས་ནས་མངོན་དུ་ཕྱུང་སྟེ་བསྟན་པ་ནི། །ཆེན་པོ་ལྔ་དང་རིགས་དྲུག་སྣང་བ་དང་། །དེ་ཡི་དོན་མཛད་གཟུགས་སྐུ་རྣམ་གཉིས་ནི། །སེམས་ཀྱི་རང་ བཞིན་དག་ནི་ཕྱུང་ནས་བགྲང་། །ཞེས་སོ། །རིག་པའི་རང་ངོ་གང་དུའང་མ་གྲུབ་པས་སྣང་སྟོང་ལས་འདས་ཏེ་མཚོན་བརྗོད་ཀྱི་ཡུལ་མ་ཡིན་པའི་གནད་ལས། དེའི་ངང་དུ་ཤར་བ་རྫུན་སྣང་ཡོད་མ་མྱོང་དུ་བསྟན་ པ་ནི། ཤར་ཙམ་ཉིད་ནས་རང་བཞིན་སྟོང་པའི་གཟུགས། །སྐྱེ་བ་མེད་ལས་སྐྱེ་བར་སྣང་བ་སྟེ། །སྣང་དུས་ཉིད་ནས་སྐྱེས་པ་འགའ་ཡང་མེད། །འགག་པ་མེད་ལས་འགག་པར་སྣང་ན་ཡང་། །འགག་པ་མེད་

[p. 68] དེ་སྒྱུ་མ་སྟོང་པའི་གཟུགས། །གནས་པ་ཉིད་ནས་གནས་པའི་ཆོས་མེད་དེ། །གནས་མཁན་གཞི་མེད་འགྲོ་འོང་མེད་པའི་ངང་། །ཇི་ལྟར་སྣང་བ་དེ་ལྟར་མ་གྲུབ་པས། །རང་བཞིན་མེད་ཅེས་བཏགས་པ་ཙམ་དུ་ཟད། ། སྣང་བའི་ཕྱིར་རང་བཞིན་མེད་དེ་སྒྱུ་མ་བཞིན་ནོ་ཞེས་ཆོས་ཉིད་ཀྱི་རིགས་པས་གཏན་ལ་ཕབ་པའི་ཕྱིར། སྐྱེ་བར་སྣང་དུས་ཉིད་ནས་སྐྱེ་བ་མེད་པ་དང་། གནས་པར་སྣང་དུས་ཉིད་ནས་གནས་པ་མེད་པ་དང་། འགག་པར་ སྣང་དུས་ཉིད་ནས་འགག་པ་མེད་པ་དང་། འགྲོ་འོང་དུ་སྣང་དུས་ཉིད་ནས་འགྲོ་འོང་མེད་པའི་རང་བཞིན་དུ་ཤེས་པར་བྱ་སྟེ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ལུང་ལས། ཨེ་མའོ་ངོ་མཚར་རྨད་ ཀྱི་ཆོས༑ །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ནས་སྐྱེ་བ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་པ་མེད་ལས་ ཐམས་ཅད་འགག །འགག་པ་ཉིད་ནས་འགག་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ནས་གནས་པ་མེད། ། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ནས་འགྲོ་འོང་མེད། །ཅེས་པ་དང་། རང་ཤར་ལས། སྐད་ཅིག་དང་ལས་ཆོས་རྣམས་

[p. 69] ༄༅། །ཐམས་ཅད་འབྱུང་། །ཨེ་མ་འོ་རིན་ཆེན་བྱང་ཆུབ་སེམས། །ཀུན་ལ་ཡོད་དེ་ཀུན་གྱིས་མཐོང་བ་མེད། །རང་བྱུང་ཡེ་ཤེས་བདུད་རྩིའི་ཐིགས་པ་འདི། །བརྩལ་བྱ་རྩོལ་བྱེད་མེད་པར་རང་བྱུང་རང་ལས་ ཤར༑ །སངས་རྒྱས་དགོངས་པ་རང་བྱུང་སྐྱེ་བ་མེད། །གནས་དང་འོང་བ་མེད་པའི་རང་བྱུང་ཆེན་པོ་ཡིན། །འཛིན་ཆགས་མེད་པའི་རང་གྲོལ་ཆེན་པོ་ནི། །སེམས་མེད་རིག་པའི་ངང་དུ་ཤེས་པར་བྱ། །ཞེས་སོ། །ཇི་ལྟར་ སྣང་བ་དེ་ལྟར་རང་བཞིན་མེད་པའི་ངོ་བོ་ཉིད་དུ་དོན་བསྡུ་བ་ནི། སྣང་བ་དེ་ཡང་རྩལ་ལས་རང་ཤར་བས། །རྟེན་འབྲེལ་ཉིད་ཅེས་རང་བཞིན་བརྡ་ཙམ་བརྗོད། །རྩལ་ལས་ཤར་བར་སྣང་བའི་རང་དུས་ནས། །ཤར་དང་མ་ ཤར་ཕྱོགས་དང་རིས་མེད་པས། །རྩལ་ཡང་བརྡ་ཙམ་ངོ་བོ་འགའ་མེད་པས། །ཐམས་ཅད་རྟག་ཏུ་འཕོ་འགྱུར་མེད་པའི་ངང་། །བྱང་ཆུབ་སེམས་ལས་གཡོས་པ་རྡུལ་ཙམ་མེད། །རིག་པའི་རྩལ་ལས་འཁོར་འདས་སྐུ་ ཤར་བ་དེ་ཡང་ཐ་སྙད་ཙམ་ལས། ངོ་བོ་ལ་འཁོར་འདས་སུ་ཤར་བ་དང་ཤར་མཁན་ཐ་དད་པར་གྲུབ་བ་ཅུང་ཟད་ཀྱང་མེད་པས། ཆོས་ཉིད་མཉམ་པའི་ངང་ལས་མ་གཡོས་པ་ནི། རྒྱ་མཚོ་དངས་པའི་ནང་ན་གཟའ་སྐར་གྱི་གཟུགས་ ལྷག་མ་ཤར་བར་སྣང་ཡང་། དོན་ལ་ཤར་བ་མེད་དེ་ཤར་ས་རྒྱ་མཚོའི་དབྱིངས་ཉིད་ཆུ་དངས་བཅོམ་དང་། ཤར་མཁན་གཟའ་སྐར་ཉིད་ནམ་མཁའི་དཀྱིལ་ལས་གཡོས་པ་མེད་པ་དང་། ཚོགས་པ་ལྷན་ཅིག་པའི་ཆོས་སུ་མེད་པས་

[p. 70] སྣང་ལ་སྟོང་པའི་གཟུགས་བརྙན་ཙམ་སྟེ། དོན་དེ་བཞིན་དུ་ཆོས་ཐམས་ཅད་འགག་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པ་དང་། ཆད་པ་མེད་པ་དང་། རྟག་པ་མེད་པ་དང་། དོན་ཐ་དད་པ་ དང་། དོན་གཅིག་ཏུ་མ་གྲུབ་ལ་སྣང་བ། རྟེན་འབྲེལ་སྒྱུ་མ་ཙམ་དུ་ཤེས་པར་བྱ་སྟེ། རྩ་བ་ཤེས་རབ་ལས། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་ མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། ཐལ་འགྱུར་ལས། ཆོས་ཀུན་གཞི་མེད་རྩ་ པ་མེད། །སྲིད་བྲལ་འདོད་པ་མེད་པའི་སེམས། །རང་བཞིན་མ་བཅོས་བརྗོད་ལས་འདས། །བྱ་བྱེད་འཁྲུལ་པའི་རྟོག་པ་ཟད། །ཆོས་མེད་སངས་རྒྱས་སེམས་ཅན་མེད། །ང་མེད་བདག་མེད་གཟུང་འཛིན་མེད། །ཅེས་སོ། ། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་སེམས་ཀྱི་མཚོན་དཔེ་བསྟན་པ་སྟེ། །ལེའུ་གསུམ་པའི་འགྲེལ་བའོ།། །།

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 783 typing errors, November 2026), with the variants of the other editions under each page (37 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = root and commentary MW3CN3400; R = root and commentary MW3CN14271; C = commentary MW1CZ2550. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 184] སྣང༌། །མ་འདྲེས་རང་གསལ་ཉིད་དུ་རྫོགས། །རྒྱུན་དུ་ཡོད་པའི་སེམས་ཉིད་ལ། །སྣང་བའི་ཕུང་པོ་སོ་སོར་ཤར། །ཟུང་འཇུག་ཆེན་པོར་རང་འབྲེལ་བར། །མི་བརྗེད་གཟུངས་དང་ལྡན་པར་རྫོགས། །ཡུལ་དུ་ཡོད་པའི་སེམས་ཉིད་ལ། །སྣང་བ་རྣམས་ནི་རང་ཤར་བས། །བདག་འཛིན་གཉིས་པོ་རང་དག་པར། །ཡུལ་དྲུག་རྣམས་ནི་སོ་སོར་རྫོགས། །བརྗོད་དུ་ཡོད་པའི་སེམས་ཉིད་ལ། །ཞི་གནས་ལྷག་མཐོང་རང་ཤར་བས། །མཉམ་པར་གཞག་དང་རྗེས་སུ་ནི། །མི་གཡོ་བསམ་གཏན་ཉིད་དུ་རྫོགས། །བལྟ་རུ་ཡོད་པའི་སེམས་ཉིད་ལ། །སྣང་སྲིད་གཅིག་པར་རང་ཤར་བས། །ཁམས་གསུམ་རང་སར་གྲོལ་བ་ནི། །ཨ་ཏི་རང་གཞག་ཆེན་པོར་རྫོགས། །ཐོབ་ཏུ་ཡོད་པའི་སེམས་ཉིད་ལ། །རེ་བ་ཉིད་ནི་རང་དག་པས། །རྩོལ་སྒྲུབ་རྣམས་དང་བྲལ་བར་ནི། །སྐུ་གསུམ་རང་ལ་ལོག་པར་རྫོགས། །བགྲང་དུ་

པའི་སེམས་ཉིད་ལ་སྣང་བ ] དོ A G · གསུམ་རང་ལ་ལོག་པར་རྫོགས ] ལེགས P S

[p. 185] ཡོད་པའི་སེམས་ཉིད་ལ། །ཐེག་པ་སོ་སོ་རང་ཤར་བས། །འདོད་རྒྱལ་ཡིད་དཔྱོད་མིན་པར་ནི། །སྙིང་པོ་ཡང་གསང་ཆེན་པོར་རྫོགས། །དམིགས་སུ་ཡོད་པའི་སེམས་ཉིད་ལ། །སྣང་བ་སྣ་ཚོགས་རང་ཤར་ཏེ། །མིང་དང་ཁ་དོག་སོ་སོར་ནི། །གཟུགས་སུ་རྣམ་པ་གཉིས་སུ་རྫོགས། །དཔག་ཏུ་ཡོད་པའི་སེམས་ཉིད་ལ། །སྣང་བའི་ཡུལ་ལ་བདེན་ཤར་ཏེ། །གཏད་པའི་ས་ཉིད་རང་ཤར་དུ། །དམིགས་པའི་རྟེན་དང་བཅས་ཏེ་རྫོགས། །བསྒྲག་ཏུ་ཡོད་པའི་སེམས་ཉིད་ལ། །ངོ་མཚར་ཚིག་ཀུན་རང་ཤར་བས། །བརྗོད་བྱ་ཀུན་གྱི་གཞི་མར་ནི། །སྟོན་པའི་ཚིག་དང་བཅས་པར་རྫོགས། །གཞག་ཏུ་ཡོད་པའི་སེམས་ཉིད་ལ། །སྣང་བ་རང་གཞག་གཞིར་ཤར་བས། །ཅོག་གཞག་ཆེན་པོའི་ལྟ་བར་ནི། །བཙལ་བ་མེད་པའི་ཚུལ་དུ་རྫོགས། །བསྒྱུར་དུ་ཡོད་པའི་སེམས་ཉིད་ལ། །ཉོན་མོངས་རྣམས་

པའི་སེམས་ཉིད་ལ་ཐེག་པ ] ལས D R · ཐེག་པ་སོ་སོ་རང་ཤར ] སོར W · ཚོགས་རང་ཤར་ཏེ་མིང་དང ] དེས A C · པའི་སེམས་ཉིད་ལ་སྣང་བའི ] ལས W · པའི་སེམས་ཉིད་ལ་སྣང་བ ] པ D R

[p. 186] ནི་རང་ཤར་བས། །དུག་ལས་སྨན་དུ་བསྒྱུར་བ་བཞིན། །སྐུ་དང་ཡེ་ཤེས་ཉིད་དུ་རྫོགས། །དག་ཏུ་ཡོད་པའི་སེམས་ཉིད་ལ། །སྒོ་ལྔའི་ཡུལ་རྣམས་རང་དག་པར། །མ་རྙོག་ཆུ་ནི་རང་དྭངས་བཞིན། །སྣང་བ་རྣམས་ནི་རང་སར་རྫོགས། །གྲོལ་དུ་ཡོད་པའི་སེམས་ཉིད་ལ། །འདི་ལྟར་སྣང་བའི་ཡུལ་འདི་དག །སྦྲུལ་གྱི་མདུད་པ་རང་གྲོལ་བཞིན། །རང་གི་འདུག་སར་གྲོལ་ཏེ་རྫོགས། །གཞལ་དུ་ཡོད་པའི་སེམས་ཉིད་ལ། །རང་སྣང་དག་པའི་ཚད་རྣམས་རྫོགས། །བྲེ་སྲང་ཚད་ལ་ཕབ་པ་བཞིན། །ཉམས་མྱོང་གོང་ནས་གོང་དུ་རྫོགས། །ཞེས་སོ། །དེའང་རིག་པ་ལ་མེད་མེད་པོ་སྟོང་ཆ་ལྟ་བུ་གཅིག་མ་ཡིན་པར། ཆོས་ཉིད་དང་ཆོས་ཅན་བདེན་པ་གཉིས་དང་དག་པ་གསུམ་གྱི་ངོ་བོར་རྫོགས་པའི་ཕྱིར་ན་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། སྒྱུ་འཕྲུལ་གསང་སྙིང་ལས། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་

ནི་རང་ཤར་བས་དུག་ལས ] པས A C · ཆུ་ནི་རང་དྭངས་བཞིན་སྣང ] དངས P D G S R · བཞིན་རང་གི་འདུག་སར་གྲོལ ] འདུགས D R · བཞིན་ཉམས་མྱོང་གོང་ནས་གོང ] གོ W · པ་དང་ཡིག་འབྲུའི་ཚུལ་བྱིན ] བྲུའི W · པ་དང་ཡིག་འབྲུའི་ཚུལ་བྱིན ] འབྲུ D R

[p. 187] མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་གསུངས་པ་བཞིན་ནོ། །ངོ་བོ་གང་དུའང་མ་གྲུབ་ལ་རྣམ་པ་ཅིར་ཡང་འཆར་བས་སྐྱེ་མེད་ཀྱི་ངང་ལས་འགག་མེད་འཆར་བར་བསྟན་པ་ནི། བྱང་ཆུབ་སེམས་ནི་སྣང་དང་མི་སྣང་ལ། །འཁོར་འདས་ཕྱི་ནང་ཆོས་སུ་མེད་ན་ཡང༌། །དེ་ཡི་རྩལ་ལས་གཡོས་པའི་རང་བཞིན་གྱིས། །སྣང་སྲིད་འཁོར་འདས་སྣ་ཚོགས་རོལ་པར་ཤར། །ཤེལ་གོང་གཅིག་ཉིད་ཟང་ཐལ་དྲི་མ་མེད་པའི་ངོ་བོ་ལས་གཞན་དུ་མེད་ཀྱང༌། རྐྱེན་ཉི་ཞུར་དང་འཕྲད་པ་ལས་འོད་ལྔ་ལྷུག་པར་འཆར་བ་ལྟར། རིག་པའི་ངོ་བོ་གང་དུའང་མ་གྲུབ་པས་སྟོང་གསལ་ཆོས་སྐུ་དག་པར་གནས་ཀྱང༌། །རྟོགས་མ་རྟོགས་ཀྱི་རྐྱེན་ལས་འཁོར་འདས་ཀྱི་རྩལ་ལས་སྣང་སྲིད་ཀྱི་རོལ་པ་སྣ་ཚོགས་སུ་ཤར་ཏེ། སེམས་ཉིད་ཇི་བཞིན་རྣམ་དག་ཆེན་པོ་རྣམ་མེད་ནམ་མཁའི་

ཉི་ཞུར་དང་འཕྲད་པ་ལས ] ཕྲད D G R

[p. 188] རང་བཞིན་ལ། སྣང་བ་སྣ་ཚོགས་ཀྱི་རྣམ་པ་ཀུན་ལྷུན་གྲུབ་ཏུ་རྫོགས་པ་ནི། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཆེན་ཞེས་བྱ་སྟེ། འདིའི་ཡུལ་དྲུག་སྣང་ལ་བདག་གིར་བྱེད་པའི་སེམས་ཀྱི་བདེ་སྡུག་ལ་སོགས་པ་སྣ་ཚོགས་ཀྱི་ལས་དང་བག་ཆགས་དང་སྣོད་བཅུད་བྱས་ཏེ། རང་ངོར་རྫོགས་པ་ནི། ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ། སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཇི་བཞིན་གཉིས་མེད་བདེ་བ་ཆེན་པོ་ལ། །རྣམ་པ་ཀུན་ལྡན་རྣམ་པ་ཡོངས་ཀྱིས་མེད། །སྤྲོས་བྲལ་ནམ་མཁའ་བཞིན་དུ་ཡེ་གནས་ལ། །དམིགས་པའི་ཡུལ་འདས་གཅིག་ཅེས་བགྲང་དུ་མེད། །བྱང་ཆུབ་སེམས་ལ་བགྲང་ཞིང་མཚོན་མེད་ན། །སེམས་ཀྱིས་བྱས་པའི་ཆོས་ལ་རྣམ་གྲངས་བྱུང༌། །སེམས་ཀྱིས་བྱས་པ་གང་དང་གང་ཞེ་ན། །སྣང་སྲིད་སྣོད་བཅུད་སངས་རྒྱས་སེམས་ཅན་རྣམས། །སེམས་ཀྱི་རང་བཞིན་ངོ་བོ་དེ་ལས་བྱས། །བྱས་ནས་མངོན་དུ་ཕྱུང་

མེད་ན་སེམས་ཀྱིས་བྱས་པའི ] ཀྱི W · རྣམས་སེམས་ཀྱི་རང་བཞིན་ངོ ] ངར W

[p. 189] སྟེ་བསྟན་པ་ནི། །ཆེན་པོ་ལྔ་དང་རིགས་དྲུག་སྣང་བ་དང༌། །དེ་ཡི་དོན་མཛད་གཟུགས་སྐུ་རྣམ་གཉིས་ནི། །སེམས་ཀྱི་རང་བཞིན་དག་ནི་ཕྱུང་ནས་བགྲང༌། །ཞེས་སོ། །རིག་པའི་རང་ངོ་གང་དུའང་མ་གྲུབ་པས་སྣང་སྟོང་ལས་འདས་ཏེ་མཚོན་བརྗོད་ཀྱི་ཡུལ་མ་ཡིན་པའི་གནད་ལས། དེའི་ངང་དུ་ཤར་བ་རྫུན་སྣང་ཡོད་མ་མྱོང་དུ་བསྟན་པ་ནི། ཤར་ཙམ་ཉིད་ནས་རང་བཞིན་སྟོང་པའི་གཟུགས། །སྐྱེ་བ་མེད་ལས་སྐྱེ་བར་སྣང་བ་སྟེ། །སྣང་དུས་ཉིད་ནས་སྐྱེས་པ་འགའ་ཡང་མེད། །འགག་པ་མེད་ལས་འགག་པར་སྣང་ན་ཡང༌། །འགག་པ་མེད་དེ་སྒྱུ་མ་སྟོང་པའི་གཟུགས། །གནས་པ་ཉིད་ནས་གནས་པའི་ཆོས་མེད་དེ། །གནས་མཁན་གཞི་མེད་འགྲོ་འོང་མེད་པའི་ངང༌། །ཇི་ལྟར་སྣང་བ་དེ་ལྟར་མ་གྲུབ་པས། །རང་བཞིན་མེད་ཅེས་བཏགས་པ་ཙམ་དུ་ཟད། །སྣང་བའི་ཕྱིར་རང་བཞིན་མེད་དེ་སྒྱུ་མ་བཞིན་ནོ་ཞེས་

ངང་དུ་ཤར་བ་རྫུན་སྣང་ཡོད ] བརྫུན W · བ་རྫུན་སྣང་ཡོད་མ་མྱོང ] ཡོང D G R · འགག་པ་མེད་ལས་འགག་པར ] པས D R · མེད་ལས་འགག་པར་སྣང་ན ] པ W

[p. 190] ཆོས་ཉིད་ཀྱི་རིག་པས་གཏན་ལ་ཕབ་པའི་ཕྱིར། སྐྱེ་བར་སྣང་དུས་ཉིད་ནས་སྐྱེ་བ་མེད་པ་དང༌། གནས་པར་སྣང་དུས་ཉིད་ནས་གནས་པ་མེད་པ་དང༌། འགག་པར་སྣང་དུས་ཉིད་ནས་འགག་པ་མེད་པ་དང༌། འགྲོ་འོང་དུ་སྣང་དུས་ཉིད་ནས་འགྲོ་འོང་མེད་པའི་རང་བཞིན་དུ་ཤེས་པར་བྱ་སྟེ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ལུང་ལས། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ནས་སྐྱེ་བ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ནས་གནས་པ་མེད། །ཨེ་མའོ་ངོ་མཚར་

ཆོས་ཉིད་ཀྱི་རིག་པས་གཏན ] རིགས A P S C · བཞིན་དུ་ཤེས་པར་བྱ་སྟེ ] ར P · གནས་པ་མེད་ལས་ཐམས་ཅད ] ལ D G R · ཨེ་མའོ་ངོ་མཚར་རྨད་ཀྱི ] མ་ཚར A D

[p. 191] རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །འགྲོ་འོང་མེད་ལས་འགྲོ་དང་འོང༌། །འགྲོ་འོང་ཉིད་ནས་འགྲོ་འོང་མེད། །ཅེས་པ་དང༌། རང་ཤར་ལས། སྐད་ཅིག་ངང་ལས་ཆོས་རྣམས་ཐམས་ཅད་འབྱུང༌། །ཨེ་མའོ་རིན་ཆེན་བྱང་ཆུབ་སེམས། །ཀུན་ལ་ཡོད་དེ་ཀུན་གྱིས་མཐོང་བ་མེད། །རང་བྱུང་ཡེ་ཤེས་བདུད་རྩིའི་ཐིགས་པ་འདི། །བཙལ་བྱ་རྩོལ་བྱེད་མེད་པར་རང་བྱུང་རང་ལས་ཤར། །སངས་རྒྱས་དགོངས་པ་རང་བྱུང་སྐྱེ་བ་མེད། །གནས་དང་འོང་བ་མེད་པའི་རང་བྱུང་ཆེན་པོ་ཡིན། །འཛིན་ཆགས་མེད་པའི་རང་གྲོལ་ཆེན་པོ་ནི། །སེམས་མེད་རིག་པའི་ངང་དུ་ཤེས་པར་བྱ། །ཞེས་སོ། །ཇི་ལྟར་སྣང་བ་དེ་ལྟར་རང་བཞིན་མེད་པའི་ངོ་བོ་ཉིད་དུ་དོན་བསྡུ་བ་ནི། སྣང་བ་དེ་ཡང་རྩལ་ལས་རང་ཤར་བས། །རྟེན་འབྲེལ་ཉིད་ཅེས་རང་བཞིན་བརྡ་ཙམ་བརྗོད། །རྩལ་ལས་ཤར་བར་སྣང་བའི་རང་དུས་

ཆོས་རྫོགས་པའི་སངས་རྒྱས་ཀུན ] སང W · རྒྱས་ཀུན་གྱི་གསང་འགྲོ་འོང ] གསད A D · ལས་སྐད་ཅིག་ངང་ལས་ཆོས ] དང A R C · ཅད་འབྱུང་ཨེ་མའོ་རིན་ཆེན ] མ་འོ A C · ཤེས་བདུད་རྩིའི་ཐིགས་པ་འདི ] ཐིག W · ཐིགས་པ་འདི་བཙལ་བྱ་རྩོལ ] བརྩལ A P S C

[p. 192] ནས། །ཤར་དང་མ་ཤར་ཕྱོགས་དང་རིས་མེད་པས། །རྩལ་ཡང་བརྡ་ཙམ་ངོ་བོ་འགའ་མེད་པས། །ཐམས་ཅད་རྟག་ཏུ་འཕོ་འགྱུར་མེད་པའི་ངང༌། །བྱང་ཆུབ་སེམས་ལས་གཡོས་པ་རྡུལ་ཙམ་མེད། །རིག་པའི་རྩལ་ལས་འཁོར་འདས་སུ་ཤར་བ་དེ་ཡང་ཐ་སྙད་ཙམ་ལས། ངོ་བོ་ལ་འཁོར་འདས་སུ་ཤར་བ་དང་ཤར་མཁན་ཐ་དད་པར་གྲུབ་པ་ཅུང་ཟད་ཀྱང་མེད་པས། ཆོས་ཉིད་མཉམ་པའི་ངང་ལས་མ་གཡོས་པ་ནི། རྒྱ་མཚོ་དངས་པའི་ནང་ན་གཟའ་སྐར་གྱི་གཟུགས་བརྙན་ཤར་བར་སྣང་ཡང༌། དོན་ལ་ཤར་བ་མེད་དེ་ཤར་ས་རྒྱ་མཚོའི་དབྱིངས་ཉིད་ཆུ་དངས་པ་ཙམ་དང༌། ཤར་མཁན་གཟའ་སྐར་ཉིད་ནམ་མཁའི་དཀྱིལ་ལས་གཡོས་པ་མེད་པ་དང༌། ཚོགས་པ་ལྷན་ཅིག་པའི་ཆོས་སུ་མེད་པས་སྣང་ལ་སྟོང་པའི་གཟུགས་བརྙན་ཙམ་སྟེ། དོན་དེ་བཞིན་དུ་ཆོས་ཐམས་ཅད་འགག་པ་མེད་པ་དང༌། སྐྱེ་བ་མེད་པ་དང༌། འོང་བ་མེད་

དེ་ཡང་ཐ་སྙད་ཙམ་ལས ] སྙན W · དང་ཤར་མཁན་གཟའ་སྐར་ཉིད ] བཟའ W · མཁན་གཟའ་སྐར་ཉིད་ནམ་མཁའི ] om. W

[p. 193] པ་དང༌། འགྲོ་བ་མེད་པ་དང༌། ཆད་པ་མེད་པ་དང༌། རྟག་པ་མེད་པ་དང༌། དོན་ཐ་དད་པ་དང༌། དོན་གཅིག་ཏུ་མ་གྲུབ་ལ་སྣང་བ། རྟེན་འབྲེལ་སྒྱུ་མ་ཙམ་དུ་ཤེས་པར་བྱ་སྟེ། རྩ་བ་ཤེས་རབ་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱིས། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་དང༌། ཐལ་འགྱུར་ལས། ཆོས་ཀུན་གཞི་མེད་རྩ་བ་མེད། །སྲིད་བྲལ་འདོད་པ་མེད་པའི་སེམས། །རང་བཞིན་མ་བཅོས་བརྗོད་ལས་འདས། །བྱ་བྱེད་འཁྲུལ་པའི་རྟོག་པ་ཟད། །ཆོས་མེད་སངས་རྒྱས་སེམས་ཅན་མེད། །ང་མེད་བདག་མེད་གཟུང་འཛིན་མེད། །ཅེས་སོ། །ཆོས་ཀྱི་དབྱིངས་རིན་པོ་ཆེའི་མཛོད་

རབ་ལས་གང་གིས་རྟེན་ཅིང ] གི W · རྟེན་ཅིང་འབྲེལ་བར་འབྱུང་འགག ] པར A G C · རྒྱས་སྨྲ་རྣམས་ཀྱིས་དམ་པ ] ཀྱི A P S C · ཅེས་སོ་ཆོས་ཀྱི་དབྱིངས་རིན ] om. A P S C

[p. 194] ལས། བྱང་ཆུབ་སེམས་ཀྱི་མཚོན་དཔེ་བསྟན་པ་སྟེ། །ལེའུ་གསུམ་པའི་འགྲེལ་པའོ།། ༈ །།

[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the chapter's own divisions; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The complete outline of the work is on the contents page.
8 Everything is perfect within basic space, hence the Great Perfection ཐམས་ཅད་དབྱིངས་སུ་རྫོགས་པས་རྫོགས་པ་ཆེན་པོ [p. 181]
8.3 Why it is called the Great Perfection རྫོགས་པ་ཆེན་པོ་ཞེས་བྱ་བ [p. 186] topical
Awareness is not a mere empty nothingness; it is called the Great Perfection because it is perfect as the essence of the two truths and the three purities, as the Secret Heart Essence of the Magical Net states.
9 The unceasing arises from within the unborn state སྐྱེ་མེད་ཀྱི་ངང་ལས་འགག་མེད་འཆར་བ [p. 187]
Though awakened mind is no phenomenon at all, from its dynamic energy the display of saṃsāra and nirvāṇa arises, like five lights from a crystal in sunlight; this is the great emptiness endowed with all supreme aspects, with mind-created phenomena enumerated per the All-Creating King.
10 What arises is a false appearance that has never existed ཤར་བ་རྫུན་སྣང་ཡོད་མ་མྱོང [p. 189]
Appearances seem to be born, abide, cease, go and come, yet at the very time of appearing there is no birth, abiding, cessation or movement; they are empty forms merely labeled without intrinsic nature, supported by the Sūtra That Gathers the Enlightened Intent and Naturally Arising Awareness.
11 Summing up: appearances are, in essence, without intrinsic nature རང་བཞིན་མེད་པའི་ངོ་བོ་ཉིད་དུ་དོན་བསྡུ་བ [p. 191]
Appearances from dynamic energy are merely dependent origination, a symbol; nothing stirs from awakened mind. Like star reflections in a limpid ocean, they arise without arising, free of the eight extremes, as Nāgārjuna's homage verse and the Reverberation of Sound show.
12 Chapter colophon ལེའུ་གསུམ་པའི་འགྲེལ་པ [p. 193] topical
Colophon identifying this as the commentary on the third chapter of the Precious Treasury of the Basic Space of Phenomena, presenting the analogies that illustrate awakened mind.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 184] > Perfect as natural lucidity itself, unmixed.
>
> In mind itself, which is present as a continuity,
> The aggregates (phung po) of appearance arise, each distinct;
> Naturally connected as the great union,
> They are perfect as endowed with the dhāraṇī of not forgetting.
>
> In mind itself, which is present as object,
> Since appearances arise naturally,
> With the two kinds of grasping at a self (bdag 'dzin) naturally pure,
> The six objects are perfect, each in its own right.
>
> In mind itself, which can be expressed,
> Since calm abiding (zhi gnas) and special insight (lhag mthong) arise naturally,
> In meditative equipoise (mnyam gzhag) and afterward
> They are perfect as unwavering meditative stability itself.
>
> In mind itself, which can be looked at,
> Since all that appears and exists arises naturally as one,
> The freedom of the three realms in their own place
> Is perfect as the great natural resting (rang gzhag) of Ati.
>
> In mind itself, which can be attained,
> Since hope itself is naturally pure,
> Free of all effort and striving,
> The three kāyas are perfect in their return to oneself.[77]Note 77 · p. 184 · The break before p. 185 falls inside "bgrang du | yod pa'i", and the break before p. 186 inside "nyon mongs rnams | ni"; each marker is set at the nearest line boundary.

[p. 185] > In mind itself, which can be counted,
> Since the individual vehicles (theg pa) arise naturally,
> Not as arbitrary mental speculation (yid dpyod),
> They are perfect as the great, most secret heart essence.
>
> In mind itself, which can be taken as a reference point,
> Manifold appearances arise naturally,[78]Note 78 · p. 185 · Variant, stanza 12: the text has rang shar te, Adzom rang shar des ("through that natural arising"). I keep te, supported by the parallel bden shar te in the next stanza; des may be an OCR slip.
> And, as their distinct names and colors,
> Are perfect as form, in two aspects.
>
> In mind itself, which can be fathomed,
> Appearing objects arise as true,[79]Note 79 · p. 185 · snang ba'i yul la bden shar te: GPT-6.2 Astra and Dharmamitra read "appearing objects arise as real", Claude Fable 5.2 "truth arises in the field of appearances". I render "arise as true", i.e. are taken as true, which fits the following lines on the place fixed upon and the support for focus.
> And, with the very place that is fixed upon arising naturally,
> All is perfect together with the support for focus.
>
> In mind itself, which can be proclaimed,
> Since all wondrous words arise naturally,
> As the ground of all that is to be expressed
> It is perfect together with the words that teach it.[80]Note 80 · p. 185 · ston pa'i tshig: "the words that teach", paired with brjod bya, "what is to be expressed" (GPT-6.2 Astra, Claude Fable 5.2, Gemini 4 Neon). Dharmamitra's "words of the Teacher" is rejected.
>
> In mind itself, which can be left to rest,
> Since appearances arise as the ground for resting naturally,
> As the view of the great resting just as it is
> It is perfect in the manner of there being nothing to seek.
>
> In mind itself, which can be transformed,Klong drug paQuotation (named in the text: ཀློང་དྲུག་པ་ལས་ཀྱང)
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Expanses · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0062-vol-01-text (the text itself), 69 % of the words.

[p. 186] > Since the afflictions (nyon mongs) arise naturally,
> Just as poison is transformed into medicine,
> They are perfect as the kāyas and primordial wisdom themselves.
>
> In mind itself, which can be pure,
> With the objects of the five sense doors naturally pure,
> Like unstirred water that clears of itself,
> Appearances are perfect in their own place.
>
> In mind itself, which can be free (grol ba),
> These objects that appear in this way,
> Like the knot in a snake that is naturally freed,
> Are free in the very place where they lie, and so are perfect.
>
> In mind itself, which can be measured,
> The measures of the purity of self-appearance are perfect;
> Just as the measuring vessel and the scale are brought to the standard,[81]Note 81 · p. 186 · bre srang tshad la phab pa: bre is a measure of volume and srang a unit of weight, rendered "the measuring vessel and the scale … brought to the standard". Claude Fable 5.2 keeps the Tibetan words; Dharmamitra and Gemini 4 Neon have "bushel and balance/scales".
> Experience (nyams myong) is perfect, higher and ever higher.

So it says.

8.3 Why it is called the Great Perfection རྫོགས་པ་ཆེན་པོ་ཞེས་བྱ་བ8.3 Why it is called the Great Perfection (topical division)
Awareness is not a mere empty nothingness; it is called the Great Perfection because it is perfect as the essence of the two truths and the three purities, as the Secret Heart Essence of the Magical Net states.

Moreover, awareness is not some one thing like a mere empty aspect, a sheer nothing at all. Rather, because it is perfect as the essence of the two truths (bden pa gnyis)—the nature of phenomena and the phenomena that bear that nature[82]Note 82 · p. 186 · chos nyid dang chos can bden pa gnyis dang dag pa gsum: with no dang after chos can, I take "the nature of phenomena and the phenomena that bear that nature" as in apposition to "the two truths" (Claude Fable 5.2, Dharmamitra). GPT-6.2 Astra and Gemini 4 Neon list them as separate items.—and of the three purities, it is called the Great Perfection. As the Secret Heart Essence of the Magical Net says:

> The single cause, the manner of the syllables,
> Blessing (byin rlabs), and[83]Note 83 · p. 186 · The Guhyagarbha quotation is cut off at byin gyis brlabs dang by the end of this part; the next part continues with "direct perception".

[p. 187] > direct perception:[84]Note 84 · p. 187 · Dharmamitra drops mngon sum pa ("direct perception"), the last of the four realizations; restored here as the continuation of the line left open in the previous part.
> Through these four kinds of thorough realization,
> All is the great king, manifestly perfect.Gsang snyingQuotation (named in the text: སྒྱུ་འཕྲུལ་གསང་སྙིང་ལས)
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ, dpal gsang ba'i snying po de kho na nyid nges pa, The Guhyagarbha Tantra (Secret Essence) (Guhyagarbhatattvaviniścaya) · tantra; Nyingma Gyubum; Toh 832
Identification: high confidence (Longchenpa also cites it under the cycle names Sgyu 'phrul drwa ba and Sgyu 'phrul gsang ba; the Sgyu 'phrul gsang ba line is not verified in the root text.)
The quoted words are in Ngb-pt-0185-vol-02-text (the text itself), 79 % of the words.

So it is said.

9 The unceasing arises from within the unborn state སྐྱེ་མེད་ཀྱི་ངང་ལས་འགག་མེད་འཆར་བ9 The unceasing arises from within the unborn state
Though awakened mind is no phenomenon at all, from its dynamic energy the display of saṃsāra and nirvāṇa arises, like five lights from a crystal in sunlight; this is the great emptiness endowed with all supreme aspects, with mind-created phenomena enumerated per the All-Creating King.

Because its essence is not established as anything whatsoever, while its aspects arise as anything at all, the unceasing arises from within the unborn state. This is shown as follows:

> Awakened mind does not exist as anything apparent or nonapparent,[85]Note 85 · p. 187 · Root verse, snang dang mi snang la … chos su med: read with Claude Fable 5.2 as one list governed by med ("does not exist as anything apparent or nonapparent, as any phenomenon of saṃsāra or nirvāṇa…"). Dharmamitra's "beyond appearance and non-appearance" adds a verb that is not there, and Gemini 4 Neon/GPT-6.2 Astra leave the first line hanging.
> As any phenomenon of saṃsāra or nirvāṇa, outer or inner;
> Yet through the very nature of what stirs from its dynamic energy,
> It arises as the manifold display of all that appears and exists, saṃsāra and nirvāṇa.

A single crystal sphere is nothing other than an essence of stainless, unobstructed transparency, and yet, when it meets with the condition of the sun's rays, the five lights arise freely. In the same way, because the essence of awareness (rig pa'i ngo bo) is not established as anything whatsoever, it abides as the pure dharmakāya, empty and lucid;[86]Note 86 · p. 187 · stong gsal is "empty and lucid" per the glossary; Gemini 4 Neon ("emptiness and luminosity") and GPT-6.2 Astra ("luminous") use the word reserved for 'od gsal. and yet, owing to the conditions of realization and nonrealization, from the dynamic energy of saṃsāra and nirvāṇa[87]Note 87 · p. 187 · 'khor 'das kyi rtsal las is kept literal ("from the dynamic energy of saṃsāra and nirvāṇa", as Gemini 4 Neon/Dharmamitra). GPT-6.2 Astra's "its dynamic energy takes the form of saṃsāra or nirvāṇa" is an interpretive expansion. it arises as the manifold display of all that appears and exists. In mind itself just as it is, the great utter purity that is the nature of space, without aspects,[88]Note 88 · p. 187 · rnam med is "without aspects", not "devoid of characteristics" (Dharmamitra). Dharmamitra also sets the page marker one clause too early.

[p. 188] all the aspects of manifold appearances are perfect as spontaneous presence. This is called "the great emptiness endowed with the supreme of all aspects."[89]Note 89 · p. 188 · rnam kun mchog ldan is "endowed with the supreme of all aspects" (sarvākāravaropeta), as Claude Fable 5.2/Gemini 4 Neon, not "all supreme aspects" (Dharmamitra/GPT-6.2 Astra). Mind, taking as its own the six objects that appear within this,[90]Note 90 · p. 188 · 'di'i yul drug snang la bdag gir byed pa'i sems kyi … byas te: sems kyi is read as agentive (sems kyis), in line with the sems kyis byas pa of the tantra quoted immediately after. All drafts in effect do the same. 'di'i is taken as "within this" (the great emptiness just named), as Claude Fable 5.2; Dharmamitra's "from this" is not supported by the genitive. creates the karma and habitual tendencies (bag chags) of manifold pleasure, pain and so forth, and the world and its inhabitants; that these are perfect within its own face[91]Note 91 · p. 188 · rang ngor rdzogs pa: glossary "its own face"; Dharmamitra "intrinsic state" and GPT-6.2 Astra "mind's own nature" blur it with rang bzhin. Likewise rig pa'i rang ngo on p. 189, where Dharmamitra has "very essence". (rang ngo) is stated in the All-Creating King:

> O great being!
> Mind is the essence of what is just as it is (ji bzhin pa).
> In what is just as it is, nondual (gnyis med) great bliss (bde ba chen po),
> All aspects are present, yet there are no aspects at all.
> Free of conceptual elaboration, it abides primordially, like space;
> Beyond any object of reference, it cannot be counted even as "one."
> Though in awakened mind there is nothing to count or illustrate,[92]Note 92 · p. 188 · byang chub sems la bgrang zhing mtshon med na: na is concessive ("though"), as Claude Fable 5.2/Dharmamitra/GPT-6.2 Astra; Gemini 4 Neon's "Since" reverses the logic.
> Enumerations come about for the phenomena that mind has created.
> If you ask what these are that mind has created:
> All that appears and exists, the world and its inhabitants, buddhas (sangs rgyas) and sentient beings
> Are created from that essence, the nature of mind.
> Having been created, what is brought forth into manifestation[93]Note 93 · p. 188 · The verse line byas nas mngon du phyung ste bstan pa ni is divided by the page break; the English line is split at the marker.

[p. 189] > and shown is this:
> The five great elements, the appearances of the six classes of beings,
> And the two form kāyas (gzugs sku) that act for their benefit—
> These, the nature of mind, are brought forth and then counted.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 93 % of the words.
[94]Note 94 · p. 189 · sems kyi rang bzhin dag ni phyung nas bgrang: there is no agentive, so the nature of mind is not made the agent of "bringing forth" as in Claude Fable 5.2/GPT-6.2 Astra. It is read in apposition to the things listed, close to Gemini 4 Neon/Dharmamitra.

So it says.[95]Note 95 · p. 189 · GPT-6.2 Astra omits zhes so ("So it says") after the quotation; restored.

10 What arises is a false appearance that has never existed ཤར་བ་རྫུན་སྣང་ཡོད་མ་མྱོང10 What arises is a false appearance that has never existed
Appearances seem to be born, abide, cease, go and come, yet at the very time of appearing there is no birth, abiding, cessation or movement; they are empty forms merely labeled without intrinsic nature, supported by the Sūtra That Gathers the Enlightened Intent and Naturally Arising Awareness.

Because awareness's own face is not established as anything whatsoever, it is beyond appearance and emptiness (snang stong) and is not an object of illustration or expression. Following from this key point (gnad), what arises within that state is a false appearance that has never existed. This is shown as follows:

> From the very moment they merely arise, they are forms empty by nature.
> From what is unborn they appear to be born,
> Yet at the very time of their appearing nothing whatsoever has been born.
> Though from what is unceasing they appear to cease,
> There is no cessation: they are illusions, empty forms.
> In their very abiding there is no phenomenon that abides;
> What abides is groundless[96]Note 96 · p. 189 · gnas mkhan gzhi med: rendered "what abides is groundless", keeping gzhi med as the glossary's "groundless". Claude Fable 5.2 has "no basis that could abide", and Gemini 4 Neon/Dharmamitra/GPT-6.2 Astra take it as a list ("no abider, no ground"), which is also grammatically possible.—a state with no going or coming.
> Since they are not established in the way that they appear,
> They are merely labeled "without intrinsic nature," and nothing more.

"Because they appear, they are without intrinsic nature, like an illusion"—

[p. 190] since this has been settled by the reasoning of the nature of phenomena,[97]Note 97 · p. 190 · chos nyid kyi rig pas (e-text) against Adzom rigs pas. Adzom is followed: chos nyid kyi rigs pa, "the reasoning of the nature of phenomena", is the standard term, and what precedes it is a formal reasoning (thesis, reason, example). The e-text reading would mean "by awareness of the nature of phenomena". All drafts translate "reasoning". one should know their nature to be this: at the very time they appear to be born, there is no birth; at the very time they appear to abide, there is no abiding; at the very time they appear to cease, there is no cessation; and at the very time they appear to go and come, there is no going or coming. As the scripture (lung) of the Sūtra That Gathers the Enlightened Intent of All the Buddhas says:

> Emaho! This wondrous, marvelous Dharma[98]Note 98 · p. 190 · chos in ngo mtshar rmad kyi chos is rendered "Dharma" (the teaching), not "phenomena". The last line is broken off after "wondrous" because the Tibetan of this part ends mid-line at ngo mtshar; Dharmamitra completes the line, which belongs to the next part.
> Is the secret of all the perfect buddhas:
> From the unborn, everything is born;
> In that very birth, there is no birth.
>
> Emaho! This wondrous, marvelous Dharma
> Is the secret of all the perfect buddhas:
> From the nonabiding, everything abides;
> In that very abiding, there is no abiding.
>
> Emaho! This wondrous

[p. 191] > marvelous Dharma
> Is the secret of all the perfect buddhas:
> From no going or coming, there is going and coming;
> In that very going and coming, there is no going or coming.Dgongs pa 'dus pa'i mdoQuotation (named in the text: སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ལུང་ལས)
སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ, sangs rgyas thams cad kyi dgongs pa 'dus pa'i mdo, The Sūtra That Gathers the Intentions of All Buddhas · tantra; Nyingma Gyubum; Toh 829
Identification: medium confidence (Root Anuyoga scripture; the quoted exclamation also appears in Māyājāla texts.)
The quoted words are in Klong chen rab byams gsung 'bum/volume 021 480 (a parallel), 78 % of the words.

And the Naturally Arising Awareness says:

> From the state of an instant, all phenomena come forth.
> Emaho! The precious awakened mind
> Is present in all, yet is seen by none.
> This drop of nectar, self-arisen primordial wisdom,
> With nothing to be sought and no one making effort, is self-arisen and arises from itself.
> The enlightened intent of the buddhas[100]Note 100 · p. 191 · sangs rgyas dgongs pa: GPT-6.2 Astra's "realization of the buddhas" confuses dgongs pa with rtogs pa. Read "enlightened intent" with Dharmamitra, Claude Fable 5.2, Gemini 4 Neon. is self-arisen and unborn;
> It is the great self-arisen,[99]Note 99 · p. 191 · rang byung chen po: Dharmamitra's "great spontaneous presence" renders lhun grub, which is not in the text. Read "the great self-arisen" with Claude Fable 5.2, Gemini 4 Neon, GPT-6.2 Astra. without abiding or coming.
> The great natural freedom, without grasping or attachment,
> Is to be known within the state of awareness, in which there is no ordinary mind.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 54 % of the words.

11 Summing up: appearances are, in essence, without intrinsic nature རང་བཞིན་མེད་པའི་ངོ་བོ་ཉིད་དུ་དོན་བསྡུ་བ11 Summing up: appearances are, in essence, without intrinsic nature
Appearances from dynamic energy are merely dependent origination, a symbol; nothing stirs from awakened mind. Like star reflections in a limpid ocean, they arise without arising, free of the eight extremes, as Nāgārjuna's homage verse and the Reverberation of Sound show.

To sum up the meaning—that just as things appear, so they are, in their very essence (ngo bo nyid), without intrinsic nature:

> Since those appearances, too, arise naturally from dynamic energy,
> Their nature is called "dependent origination (rten 'brel) itself"—a mere symbol (brda).
> At the very time they appear to arise from dynamic energy,

[p. 192] > There are no sides or divisions[101]Note 101 · p. 192 · shar dang ma shar phyogs dang ris med pas: Claude Fable 5.2 reads two separate negations ("no arising or non-arising, no sides and no divisions"). With Dharmamitra, Gemini 4 Neon and GPT-6.2 Astra I take phyogs dang ris as governing shar dang ma shar: no sides or divisions of "arisen" and "not arisen." of "arisen" and "not arisen."
> Since dynamic energy, too, is a mere symbol, with no essence whatsoever,
> Everything, in a state forever without transition or change,
> Has not stirred so much as an atom from awakened mind.

That arising as saṃsāra and nirvāṇa from the dynamic energy of awareness is, moreover, nothing more than a conventional designation. In essence, the arising as saṃsāra and nirvāṇa and that which arises are not in the slightest established[102]Note 102 · p. 192 · shar ba dang shar mkhan: Dharmamitra and Gemini 4 Neon take shar mkhan as "that which gives rise to it." The analogy that follows glosses shar mkhan as the planets and stars, i.e. that which arises, so I follow Claude Fable 5.2 and GPT-6.2 Astra. as different, and so there is no stirring from the state of the equality (mnyam pa) of the nature of phenomena. This is as follows. Although the reflections of planets and stars appear to arise within a limpid ocean, in fact there is no arising: the place of arising, the basic space of the ocean itself,[103]Note 103 · p. 192 · rgya mtsho'i dbyings: all drafts have "expanse," which the glossary reserves for klong. I keep "basic space," which also preserves the parallel with chos dbyings that the analogy intends. is merely limpid water; that which arises, the planets and stars themselves, have not stirred from the middle of the sky; and since nothing exists as a phenomenon in which the two are gathered together,[104]Note 104 · p. 192 · tshogs pa lhan cig pa'i chos su med pas: Dharmamitra's "co-emergent phenomena in aggregation" misconstrues the phrase. With Claude Fable 5.2 and GPT-6.2 Astra I read it as there being no phenomenon in which the two (water and stars) are gathered together. there is a mere reflection, apparent yet empty. So it is with the meaning:[105]Note 105 · p. 192 · don de bzhin du: I take don as the "meaning" applied to the analogy (dpe), rather than "in the same sense/way" as in the drafts. all phenomena are without cessation, without birth, without coming,

[p. 193] without going, without annihilation (chad pa), without permanence,[107]Note 107 · p. 193 · chad pa / rtag pa: rendered "annihilation" and "permanence" rather than the glossary's "nihilism," since here (as in the Mūlamadhyamakakārikā homage) they are predicated of phenomena, not of views. and are not established as different things or as a single thing,[108]Note 108 · p. 193 · don tha dad pa / don gcig: don is "thing" (Skt. artha) here, not "meaning" as in the glossary triad, so "different things… a single thing" with Claude Fable 5.2 and Gemini 4 Neon. Dharmamitra's "diverse in meaning" is not followed. and yet they appear;[106]Note 106 · p. 193 · …ma grub la snang ba: Dharmamitra construes "they appear as without cessation…," which reverses the syntax. With Claude Fable 5.2, Gemini 4 Neon, GPT-6.2 Astra, phenomena are without cessation and so on, and not established as different or single, and yet they appear. they should be known to be the mere illusion of dependent origination. As the Root Verses Called Wisdom says:

> To the one who taught dependent origination—
> Without cessation, without birth,
> Without annihilation, without permanence,
> Without coming, without going,
> Not different things, not a single thing,
> The complete pacification of conceptual elaboration, peace—
> To that perfect Buddha, the most sublime
> Of all who speak,[109]Note 109 · p. 193 · smra rnams kyis (e-text) versus kyi (Adzom): I follow Adzom's genitive, the standard reading of the verse ("the most sublime of speakers"). The instrumental gives no workable sense. I pay homage.Rtsa ba shes rabQuotation (named in the text: རྩ་བ་ཤེས་རབ་ལས)
དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ, dbu ma rtsa ba'i tshig le'ur byas pa shes rab, Root Verses on the Middle Way (Prajñā-nāma-mūlamadhyamakakārikā), by Nāgārjuna · shastra; Tengyur; Toh 3824
Identification: high confidence
The quoted words are in དཔལ་དགྱེས་པ་རྡོ་རྗེའི་རྣམ་པར་བཤད་པ་དྲང་བ་དང་ངེས་པའི་དོན་གསལ་བར་བྱེད་པ་་་ (a parallel), 90 % of the words.

And the Reverberation of Sound says:

> All phenomena are groundless and rootless.
> Mind, free of conditioned existence and without desire,[110]Note 110 · p. 193 · 'dod pa med pa'i sems: 'dod pa could also mean "assertion" ("mind without assertions"). I keep "without desire" with all the drafts. GPT-6.2 Astra breaks the line into a separate sentence ("Mind… is without desire"), but the Tibetan makes it the subject of the next line.
> Is by nature uncontrived, beyond expression.
> The deluded conceptual thought ('khrul pa'i rtog pa) of action and agent is exhausted.
> There are no phenomena, no buddhas, no sentient beings;
> No "I," no self, no perceived and perceiver.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra)
Identification: high confidence
The quoted words are in Ngb-pt-0056-vol-01-text (the text itself), 71 % of the words.

12 Chapter colophon ལེའུ་གསུམ་པའི་འགྲེལ་པ12 Chapter colophon (topical division)
Colophon identifying this as the commentary on the third chapter of the Precious Treasury of the Basic Space of Phenomena, presenting the analogies that illustrate awakened mind.

From The Precious Treasury of the Basic Space of Phenomena (Chos kyi dbyings rin po che'i mdzod),

[p. 194] this is the commentary on the third chapter, which presents the analogies that illustrate awakened mind.

Translation notes
  • 77. [p. 184] The break before p. 185 falls inside "bgrang du | yod pa'i", and the break before p. 186 inside "nyon mongs rnams | ni"; each marker is set at the nearest line boundary.
  • 78. [p. 185] Variant, stanza 12: the text has rang shar te, Adzom rang shar des ("through that natural arising"). I keep te, supported by the parallel bden shar te in the next stanza; des may be an OCR slip.
  • 79. [p. 185] snang ba'i yul la bden shar te: GPT-6.2 Astra and Dharmamitra read "appearing objects arise as real", Claude Fable 5.2 "truth arises in the field of appearances". I render "arise as true", i.e. are taken as true, which fits the following lines on the place fixed upon and the support for focus.
  • 80. [p. 185] ston pa'i tshig: "the words that teach", paired with brjod bya, "what is to be expressed" (GPT-6.2 Astra, Claude Fable 5.2, Gemini 4 Neon). Dharmamitra's "words of the Teacher" is rejected.
  • 81. [p. 186] bre srang tshad la phab pa: bre is a measure of volume and srang a unit of weight, rendered "the measuring vessel and the scale … brought to the standard". Claude Fable 5.2 keeps the Tibetan words; Dharmamitra and Gemini 4 Neon have "bushel and balance/scales".
  • 82. [p. 186] chos nyid dang chos can bden pa gnyis dang dag pa gsum: with no dang after chos can, I take "the nature of phenomena and the phenomena that bear that nature" as in apposition to "the two truths" (Claude Fable 5.2, Dharmamitra). GPT-6.2 Astra and Gemini 4 Neon list them as separate items.
  • 83. [p. 186] The Guhyagarbha quotation is cut off at byin gyis brlabs dang by the end of this part; the next part continues with "direct perception".
  • 84. [p. 187] Dharmamitra drops mngon sum pa ("direct perception"), the last of the four realizations; restored here as the continuation of the line left open in the previous part.
  • 85. [p. 187] Root verse, snang dang mi snang la … chos su med: read with Claude Fable 5.2 as one list governed by med ("does not exist as anything apparent or nonapparent, as any phenomenon of saṃsāra or nirvāṇa…"). Dharmamitra's "beyond appearance and non-appearance" adds a verb that is not there, and Gemini 4 Neon/GPT-6.2 Astra leave the first line hanging.
  • 86. [p. 187] stong gsal is "empty and lucid" per the glossary; Gemini 4 Neon ("emptiness and luminosity") and GPT-6.2 Astra ("luminous") use the word reserved for 'od gsal.
  • 87. [p. 187] 'khor 'das kyi rtsal las is kept literal ("from the dynamic energy of saṃsāra and nirvāṇa", as Gemini 4 Neon/Dharmamitra). GPT-6.2 Astra's "its dynamic energy takes the form of saṃsāra or nirvāṇa" is an interpretive expansion.
  • 88. [p. 187] rnam med is "without aspects", not "devoid of characteristics" (Dharmamitra). Dharmamitra also sets the page marker one clause too early.
  • 89. [p. 188] rnam kun mchog ldan is "endowed with the supreme of all aspects" (sarvākāravaropeta), as Claude Fable 5.2/Gemini 4 Neon, not "all supreme aspects" (Dharmamitra/GPT-6.2 Astra).
  • 90. [p. 188] 'di'i yul drug snang la bdag gir byed pa'i sems kyi … byas te: sems kyi is read as agentive (sems kyis), in line with the sems kyis byas pa of the tantra quoted immediately after. All drafts in effect do the same. 'di'i is taken as "within this" (the great emptiness just named), as Claude Fable 5.2; Dharmamitra's "from this" is not supported by the genitive.
  • 91. [p. 188] rang ngor rdzogs pa: glossary "its own face"; Dharmamitra "intrinsic state" and GPT-6.2 Astra "mind's own nature" blur it with rang bzhin. Likewise rig pa'i rang ngo on p. 189, where Dharmamitra has "very essence".
  • 92. [p. 188] byang chub sems la bgrang zhing mtshon med na: na is concessive ("though"), as Claude Fable 5.2/Dharmamitra/GPT-6.2 Astra; Gemini 4 Neon's "Since" reverses the logic.
  • 93. [p. 188] The verse line byas nas mngon du phyung ste bstan pa ni is divided by the page break; the English line is split at the marker.
  • 94. [p. 189] sems kyi rang bzhin dag ni phyung nas bgrang: there is no agentive, so the nature of mind is not made the agent of "bringing forth" as in Claude Fable 5.2/GPT-6.2 Astra. It is read in apposition to the things listed, close to Gemini 4 Neon/Dharmamitra.
  • 95. [p. 189] GPT-6.2 Astra omits zhes so ("So it says") after the quotation; restored.
  • 96. [p. 189] gnas mkhan gzhi med: rendered "what abides is groundless", keeping gzhi med as the glossary's "groundless". Claude Fable 5.2 has "no basis that could abide", and Gemini 4 Neon/Dharmamitra/GPT-6.2 Astra take it as a list ("no abider, no ground"), which is also grammatically possible.
  • 97. [p. 190] chos nyid kyi rig pas (e-text) against Adzom rigs pas. Adzom is followed: chos nyid kyi rigs pa, "the reasoning of the nature of phenomena", is the standard term, and what precedes it is a formal reasoning (thesis, reason, example). The e-text reading would mean "by awareness of the nature of phenomena". All drafts translate "reasoning".
  • 98. [p. 190] chos in ngo mtshar rmad kyi chos is rendered "Dharma" (the teaching), not "phenomena". The last line is broken off after "wondrous" because the Tibetan of this part ends mid-line at ngo mtshar; Dharmamitra completes the line, which belongs to the next part.
  • 99. [p. 191] rang byung chen po: Dharmamitra's "great spontaneous presence" renders lhun grub, which is not in the text. Read "the great self-arisen" with Claude Fable 5.2, Gemini 4 Neon, GPT-6.2 Astra.
  • 100. [p. 191] sangs rgyas dgongs pa: GPT-6.2 Astra's "realization of the buddhas" confuses dgongs pa with rtogs pa. Read "enlightened intent" with Dharmamitra, Claude Fable 5.2, Gemini 4 Neon.
  • 101. [p. 192] shar dang ma shar phyogs dang ris med pas: Claude Fable 5.2 reads two separate negations ("no arising or non-arising, no sides and no divisions"). With Dharmamitra, Gemini 4 Neon and GPT-6.2 Astra I take phyogs dang ris as governing shar dang ma shar: no sides or divisions of "arisen" and "not arisen."
  • 102. [p. 192] shar ba dang shar mkhan: Dharmamitra and Gemini 4 Neon take shar mkhan as "that which gives rise to it." The analogy that follows glosses shar mkhan as the planets and stars, i.e. that which arises, so I follow Claude Fable 5.2 and GPT-6.2 Astra.
  • 103. [p. 192] rgya mtsho'i dbyings: all drafts have "expanse," which the glossary reserves for klong. I keep "basic space," which also preserves the parallel with chos dbyings that the analogy intends.
  • 104. [p. 192] tshogs pa lhan cig pa'i chos su med pas: Dharmamitra's "co-emergent phenomena in aggregation" misconstrues the phrase. With Claude Fable 5.2 and GPT-6.2 Astra I read it as there being no phenomenon in which the two (water and stars) are gathered together.
  • 105. [p. 192] don de bzhin du: I take don as the "meaning" applied to the analogy (dpe), rather than "in the same sense/way" as in the drafts.
  • 106. [p. 193] …ma grub la snang ba: Dharmamitra construes "they appear as without cessation…," which reverses the syntax. With Claude Fable 5.2, Gemini 4 Neon, GPT-6.2 Astra, phenomena are without cessation and so on, and not established as different or single, and yet they appear.
  • 107. [p. 193] chad pa / rtag pa: rendered "annihilation" and "permanence" rather than the glossary's "nihilism," since here (as in the Mūlamadhyamakakārikā homage) they are predicated of phenomena, not of views.
  • 108. [p. 193] don tha dad pa / don gcig: don is "thing" (Skt. artha) here, not "meaning" as in the glossary triad, so "different things… a single thing" with Claude Fable 5.2 and Gemini 4 Neon. Dharmamitra's "diverse in meaning" is not followed.
  • 109. [p. 193] smra rnams kyis (e-text) versus kyi (Adzom): I follow Adzom's genitive, the standard reading of the verse ("the most sublime of speakers"). The instrumental gives no workable sense.
  • 110. [p. 193] 'dod pa med pa'i sems: 'dod pa could also mean "assertion" ("mind without assertions"). I keep "without desire" with all the drafts. GPT-6.2 Astra breaks the line into a separate sentence ("Mind… is without desire"), but the Tibetan makes it the subject of the next line.
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the commentary announces and opens), gold the quotations, red the words of the root verses (or of a quotation) that the commentary quotes to explain them, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program, the root verses by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Root verses being explainedAuthor's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 184]
སྣང༌།
།མ་འདྲེས་རང་གསལ་ཉིད་དུ་རྫོགས།
།རྒྱུན་དུ་ཡོད་པའི་སེམས་ཉིད་ལ།
།སྣང་བའི་ཕུང་པོ་སོ་སོར་ཤར།
།ཟུང་འཇུག་ཆེན་པོར་རང་འབྲེལ་བར།
།མི་བརྗེད་གཟུངས་དང་ལྡན་པར་རྫོགས།
།ཡུལ་དུ་ཡོད་པའི་སེམས་ཉིད་ལ།
།སྣང་བ་རྣམས་ནི་རང་ཤར་བས།
།བདག་འཛིན་གཉིས་པོ་རང་དག་པར།
།ཡུལ་དྲུག་རྣམས་ནི་སོ་སོར་རྫོགས།
།བརྗོད་དུ་ཡོད་པའི་སེམས་ཉིད་ལ།
།ཞི་གནས་ལྷག་མཐོང་རང་ཤར་བས།
།མཉམ་པར་གཞག་དང་རྗེས་སུ་ནི།
།མི་གཡོ་བསམ་གཏན་ཉིད་དུ་རྫོགས།
།བལྟ་རུ་ཡོད་པའི་སེམས་ཉིད་ལ།
།སྣང་སྲིད་གཅིག་པར་རང་ཤར་བས།
།ཁམས་གསུམ་རང་སར་གྲོལ་བ་ནི།
།ཨ་ཏི་རང་གཞག་ཆེན་པོར་རྫོགས།
།ཐོབ་ཏུ་ཡོད་པའི་སེམས་ཉིད་ལ།
།རེ་བ་ཉིད་ནི་རང་དག་པས།
།རྩོལ་སྒྲུབ་རྣམས་དང་བྲལ་བར་ནི།
།སྐུ་གསུམ་རང་ལ་ལོག་པར་རྫོགས།
།བགྲང་དུ་

> Perfect as natural lucidity itself, unmixed.
>
> In mind itself, which is present as a continuity,
> The aggregates (phung po) of appearance arise, each distinct;
> Naturally connected as the great union,
> They are perfect as endowed with the dhāraṇī of not forgetting.
>
> In mind itself, which is present as object,
> Since appearances arise naturally,
> With the two kinds of grasping at a self (bdag 'dzin) naturally pure,
> The six objects are perfect, each in its own right.
>
> In mind itself, which can be expressed,
> Since calm abiding (zhi gnas) and special insight (lhag mthong) arise naturally,
> In meditative equipoise (mnyam gzhag) and afterward
> They are perfect as unwavering meditative stability itself.
>
> In mind itself, which can be looked at,
> Since all that appears and exists arises naturally as one,
> The freedom of the three realms in their own place
> Is perfect as the great natural resting (rang gzhag) of Ati.
>
> In mind itself, which can be attained,
> Since hope itself is naturally pure,
> Free of all effort and striving,
> The three kāyas are perfect in their return to oneself.[77]Note 77 · p. 184 · The break before p. 185 falls inside "bgrang du | yod pa'i", and the break before p. 186 inside "nyon mongs rnams | ni"; each marker is set at the nearest line boundary.

[p. 185]
ཡོད་པའི་སེམས་ཉིད་ལ།
།ཐེག་པ་སོ་སོ་རང་ཤར་བས།
།འདོད་རྒྱལ་ཡིད་དཔྱོད་མིན་པར་ནི།
།སྙིང་པོ་ཡང་གསང་ཆེན་པོར་རྫོགས།
།དམིགས་སུ་ཡོད་པའི་སེམས་ཉིད་ལ།
།སྣང་བ་སྣ་ཚོགས་རང་ཤར་ཏེ།
།མིང་དང་ཁ་དོག་སོ་སོར་ནི།
།གཟུགས་སུ་རྣམ་པ་གཉིས་སུ་རྫོགས།
།དཔག་ཏུ་ཡོད་པའི་སེམས་ཉིད་ལ།
།སྣང་བའི་ཡུལ་ལ་བདེན་ཤར་ཏེ།
།གཏད་པའི་ས་ཉིད་རང་ཤར་དུ།
།དམིགས་པའི་རྟེན་དང་བཅས་ཏེ་རྫོགས།
།བསྒྲག་ཏུ་ཡོད་པའི་སེམས་ཉིད་ལ།
།ངོ་མཚར་ཚིག་ཀུན་རང་ཤར་བས།
།བརྗོད་བྱ་ཀུན་གྱི་གཞི་མར་ནི།
།སྟོན་པའི་ཚིག་དང་བཅས་པར་རྫོགས།
།གཞག་ཏུ་ཡོད་པའི་སེམས་ཉིད་ལ།
།སྣང་བ་རང་གཞག་གཞིར་ཤར་བས།
།ཅོག་གཞག་ཆེན་པོའི་ལྟ་བར་ནི།
།བཙལ་བ་མེད་པའི་ཚུལ་དུ་རྫོགས།
།བསྒྱུར་དུ་ཡོད་པའི་སེམས་ཉིད་ལ།
།ཉོན་མོངས་རྣམས་

> In mind itself, which can be counted,
> Since the individual vehicles (theg pa) arise naturally,
> Not as arbitrary mental speculation (yid dpyod),
> They are perfect as the great, most secret heart essence.
>
> In mind itself, which can be taken as a reference point,
> Manifold appearances arise naturally,[78]Note 78 · p. 185 · Variant, stanza 12: the text has rang shar te, Adzom rang shar des ("through that natural arising"). I keep te, supported by the parallel bden shar te in the next stanza; des may be an OCR slip.
> And, as their distinct names and colors,
> Are perfect as form, in two aspects.
>
> In mind itself, which can be fathomed,
> Appearing objects arise as true,[79]Note 79 · p. 185 · snang ba'i yul la bden shar te: GPT-6.2 Astra and Dharmamitra read "appearing objects arise as real", Claude Fable 5.2 "truth arises in the field of appearances". I render "arise as true", i.e. are taken as true, which fits the following lines on the place fixed upon and the support for focus.
> And, with the very place that is fixed upon arising naturally,
> All is perfect together with the support for focus.
>
> In mind itself, which can be proclaimed,
> Since all wondrous words arise naturally,
> As the ground of all that is to be expressed
> It is perfect together with the words that teach it.[80]Note 80 · p. 185 · ston pa'i tshig: "the words that teach", paired with brjod bya, "what is to be expressed" (GPT-6.2 Astra, Claude Fable 5.2, Gemini 4 Neon). Dharmamitra's "words of the Teacher" is rejected.
>
> In mind itself, which can be left to rest,
> Since appearances arise as the ground for resting naturally,
> As the view of the great resting just as it is
> It is perfect in the manner of there being nothing to seek.
>
> In mind itself, which can be transformed,Klong drug paQuotation (named in the text: ཀློང་དྲུག་པ་ལས་ཀྱང)
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Expanses · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0062-vol-01-text (the text itself), 69 % of the words.

[p. 186]
ནི་རང་ཤར་བས། །དུག་ལས་སྨན་དུ་བསྒྱུར་བ་བཞིན།
།སྐུ་དང་ཡེ་ཤེས་ཉིད་དུ་རྫོགས།
།དག་ཏུ་ཡོད་པའི་སེམས་ཉིད་ལ།
།སྒོ་ལྔའི་ཡུལ་རྣམས་རང་དག་པར།
།མ་རྙོག་ཆུ་ནི་རང་དྭངས་བཞིན།
།སྣང་བ་རྣམས་ནི་རང་སར་རྫོགས།
།གྲོལ་དུ་ཡོད་པའི་སེམས་ཉིད་ལ།
།འདི་ལྟར་སྣང་བའི་ཡུལ་འདི་དག །སྦྲུལ་གྱི་མདུད་པ་རང་གྲོལ་བཞིན། །རང་གི་འདུག་སར་གྲོལ་ཏེ་རྫོགས།
།གཞལ་དུ་ཡོད་པའི་སེམས་ཉིད་ལ།
།རང་སྣང་དག་པའི་ཚད་རྣམས་རྫོགས།
།བྲེ་སྲང་ཚད་ལ་ཕབ་པ་བཞིན།
།ཉམས་མྱོང་གོང་ནས་གོང་དུ་རྫོགས།
།ཞེས་སོ། །དེའང་རིག་པ་ལ་མེད་མེད་པོ་སྟོང་ཆ་ལྟ་བུ་གཅིག་མ་ཡིན་པར། ཆོས་ཉིད་དང་ཆོས་ཅན་བདེན་པ་གཉིས་དང་དག་པ་གསུམ་གྱི་ངོ་བོར་རྫོགས་པའི་ཕྱིར་ན་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། སྒྱུ་འཕྲུལ་གསང་སྙིང་ལས། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ།
།བྱིན་གྱིས་བརླབས་དང་

> Since the afflictions (nyon mongs) arise naturally,
> Just as poison is transformed into medicine,
> They are perfect as the kāyas and primordial wisdom themselves.
>
> In mind itself, which can be pure,
> With the objects of the five sense doors naturally pure,
> Like unstirred water that clears of itself,
> Appearances are perfect in their own place.
>
> In mind itself, which can be free (grol ba),
> These objects that appear in this way,
> Like the knot in a snake that is naturally freed,
> Are free in the very place where they lie, and so are perfect.
>
> In mind itself, which can be measured,
> The measures of the purity of self-appearance are perfect;
> Just as the measuring vessel and the scale are brought to the standard,[81]Note 81 · p. 186 · bre srang tshad la phab pa: bre is a measure of volume and srang a unit of weight, rendered "the measuring vessel and the scale … brought to the standard". Claude Fable 5.2 keeps the Tibetan words; Dharmamitra and Gemini 4 Neon have "bushel and balance/scales".
> Experience (nyams myong) is perfect, higher and ever higher.

So it says.

8.3 Why it is called the Great Perfection རྫོགས་པ་ཆེན་པོ་ཞེས་བྱ་བ8.3 Why it is called the Great Perfection (topical division)
Awareness is not a mere empty nothingness; it is called the Great Perfection because it is perfect as the essence of the two truths and the three purities, as the Secret Heart Essence of the Magical Net states.

Moreover, awareness is not some one thing like a mere empty aspect, a sheer nothing at all. Rather, because it is perfect as the essence of the two truths (bden pa gnyis)—the nature of phenomena and the phenomena that bear that nature[82]Note 82 · p. 186 · chos nyid dang chos can bden pa gnyis dang dag pa gsum: with no dang after chos can, I take "the nature of phenomena and the phenomena that bear that nature" as in apposition to "the two truths" (Claude Fable 5.2, Dharmamitra). GPT-6.2 Astra and Gemini 4 Neon list them as separate items.—and of the three purities, it is called the Great Perfection. As the Secret Heart Essence of the Magical Net says:

> The single cause, the manner of the syllables,
> Blessing (byin rlabs), and[83]Note 83 · p. 186 · The Guhyagarbha quotation is cut off at byin gyis brlabs dang by the end of this part; the next part continues with "direct perception".

[p. 187]
མངོན་སུམ་པ།
།རབ་ཏུ་རྟོགས་པ་རྣམ་བཞི་ཡིས།
།ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ།
།ཞེས་གསུངས་པ་བཞིན་ནོ། །ངོ་བོ་གང་དུའང་མ་གྲུབ་ལ་རྣམ་པ་ཅིར་ཡང་འཆར་བས་སྐྱེ་མེད་ཀྱི་ངང་ལས་འགག་མེད་འཆར་བར་བསྟན་པ་ནི། བྱང་ཆུབ་སེམས་ནི་སྣང་དང་མི་སྣང་ལ། །འཁོར་འདས་ཕྱི་ནང་ཆོས་སུ་མེད་ན་ཡང༌། །དེ་ཡི་རྩལ་ལས་གཡོས་པའི་རང་བཞིན་གྱིས། །སྣང་སྲིད་འཁོར་འདས་སྣ་ཚོགས་རོལ་པར་ཤར། །ཤེལ་གོང་གཅིག་ཉིད་ཟང་ཐལ་དྲི་མ་མེད་པའི་ངོ་བོ་ལས་གཞན་དུ་མེད་ཀྱང༌། རྐྱེན་ཉི་ཞུར་དང་འཕྲད་པ་ལས་འོད་ལྔ་ལྷུག་པར་འཆར་བ་ལྟར། རིག་པའི་ངོ་བོ་གང་དུའང་མ་གྲུབ་པས་སྟོང་གསལ་ཆོས་སྐུ་དག་པར་གནས་ཀྱང༌། །རྟོགས་མ་རྟོགས་ཀྱི་རྐྱེན་ལས་འཁོར་འདས་ཀྱི་རྩལ་ལས་སྣང་སྲིད་ཀྱི་རོལ་པ་སྣ་ཚོགས་སུ་ཤར་ཏེ། སེམས་ཉིད་ཇི་བཞིན་རྣམ་དག་ཆེན་པོ་རྣམ་མེད་ནམ་མཁའི་

> direct perception:[84]Note 84 · p. 187 · Dharmamitra drops mngon sum pa ("direct perception"), the last of the four realizations; restored here as the continuation of the line left open in the previous part.
> Through these four kinds of thorough realization,
> All is the great king, manifestly perfect.Gsang snyingQuotation (named in the text: སྒྱུ་འཕྲུལ་གསང་སྙིང་ལས)
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ, dpal gsang ba'i snying po de kho na nyid nges pa, The Guhyagarbha Tantra (Secret Essence) (Guhyagarbhatattvaviniścaya) · tantra; Nyingma Gyubum; Toh 832
Identification: high confidence (Longchenpa also cites it under the cycle names Sgyu 'phrul drwa ba and Sgyu 'phrul gsang ba; the Sgyu 'phrul gsang ba line is not verified in the root text.)
The quoted words are in Ngb-pt-0185-vol-02-text (the text itself), 79 % of the words.

So it is said.

9 The unceasing arises from within the unborn state སྐྱེ་མེད་ཀྱི་ངང་ལས་འགག་མེད་འཆར་བ9 The unceasing arises from within the unborn state
Though awakened mind is no phenomenon at all, from its dynamic energy the display of saṃsāra and nirvāṇa arises, like five lights from a crystal in sunlight; this is the great emptiness endowed with all supreme aspects, with mind-created phenomena enumerated per the All-Creating King.

Because its essence is not established as anything whatsoever, while its aspects arise as anything at all, the unceasing arises from within the unborn state. This is shown as follows:

> Awakened mind does not exist as anything apparent or nonapparent,[85]Note 85 · p. 187 · Root verse, snang dang mi snang la … chos su med: read with Claude Fable 5.2 as one list governed by med ("does not exist as anything apparent or nonapparent, as any phenomenon of saṃsāra or nirvāṇa…"). Dharmamitra's "beyond appearance and non-appearance" adds a verb that is not there, and Gemini 4 Neon/GPT-6.2 Astra leave the first line hanging.
> As any phenomenon of saṃsāra or nirvāṇa, outer or inner;
> Yet through the very nature of what stirs from its dynamic energy,
> It arises as the manifold display of all that appears and exists, saṃsāra and nirvāṇa.

A single crystal sphere is nothing other than an essence of stainless, unobstructed transparency, and yet, when it meets with the condition of the sun's rays, the five lights arise freely. In the same way, because the essence of awareness (rig pa'i ngo bo) is not established as anything whatsoever, it abides as the pure dharmakāya, empty and lucid;[86]Note 86 · p. 187 · stong gsal is "empty and lucid" per the glossary; Gemini 4 Neon ("emptiness and luminosity") and GPT-6.2 Astra ("luminous") use the word reserved for 'od gsal. and yet, owing to the conditions of realization and nonrealization, from the dynamic energy of saṃsāra and nirvāṇa[87]Note 87 · p. 187 · 'khor 'das kyi rtsal las is kept literal ("from the dynamic energy of saṃsāra and nirvāṇa", as Gemini 4 Neon/Dharmamitra). GPT-6.2 Astra's "its dynamic energy takes the form of saṃsāra or nirvāṇa" is an interpretive expansion. it arises as the manifold display of all that appears and exists. In mind itself just as it is, the great utter purity that is the nature of space, without aspects,[88]Note 88 · p. 187 · rnam med is "without aspects", not "devoid of characteristics" (Dharmamitra). Dharmamitra also sets the page marker one clause too early.

[p. 188]
རང་བཞིན་ལ། སྣང་བ་སྣ་ཚོགས་ཀྱི་རྣམ་པ་ཀུན་ལྷུན་གྲུབ་ཏུ་རྫོགས་པ་ནི། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཆེན་ཞེས་བྱ་སྟེ། འདིའི་ཡུལ་དྲུག་སྣང་ལ་བདག་གིར་བྱེད་པའི་སེམས་ཀྱི་བདེ་སྡུག་ལ་སོགས་པ་སྣ་ཚོགས་ཀྱི་ལས་དང་བག་ཆགས་དང་སྣོད་བཅུད་བྱས་ཏེ། རང་ངོར་རྫོགས་པ་ནི། ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ།
སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ།
།ཇི་བཞིན་གཉིས་མེད་བདེ་བ་ཆེན་པོ་ལ།
།རྣམ་པ་ཀུན་ལྡན་རྣམ་པ་ཡོངས་ཀྱིས་མེད།
།སྤྲོས་བྲལ་ནམ་མཁའ་བཞིན་དུ་ཡེ་གནས་ལ།
།དམིགས་པའི་ཡུལ་འདས་གཅིག་ཅེས་བགྲང་དུ་མེད།
།བྱང་ཆུབ་སེམས་ལ་བགྲང་ཞིང་མཚོན་མེད་ན།
།སེམས་ཀྱིས་བྱས་པའི་ཆོས་ལ་རྣམ་གྲངས་བྱུང༌།
།སེམས་ཀྱིས་བྱས་པ་གང་དང་གང་ཞེ་ན།
།སྣང་སྲིད་སྣོད་བཅུད་སངས་རྒྱས་སེམས་ཅན་རྣམས།
།སེམས་ཀྱི་རང་བཞིན་ངོ་བོ་དེ་ལས་བྱས།
།བྱས་ནས་མངོན་དུ་ཕྱུང་

all the aspects of manifold appearances are perfect as spontaneous presence. This is called "the great emptiness endowed with the supreme of all aspects."[89]Note 89 · p. 188 · rnam kun mchog ldan is "endowed with the supreme of all aspects" (sarvākāravaropeta), as Claude Fable 5.2/Gemini 4 Neon, not "all supreme aspects" (Dharmamitra/GPT-6.2 Astra). Mind, taking as its own the six objects that appear within this,[90]Note 90 · p. 188 · 'di'i yul drug snang la bdag gir byed pa'i sems kyi … byas te: sems kyi is read as agentive (sems kyis), in line with the sems kyis byas pa of the tantra quoted immediately after. All drafts in effect do the same. 'di'i is taken as "within this" (the great emptiness just named), as Claude Fable 5.2; Dharmamitra's "from this" is not supported by the genitive. creates the karma and habitual tendencies (bag chags) of manifold pleasure, pain and so forth, and the world and its inhabitants; that these are perfect within its own face[91]Note 91 · p. 188 · rang ngor rdzogs pa: glossary "its own face"; Dharmamitra "intrinsic state" and GPT-6.2 Astra "mind's own nature" blur it with rang bzhin. Likewise rig pa'i rang ngo on p. 189, where Dharmamitra has "very essence". (rang ngo) is stated in the All-Creating King:

> O great being!
> Mind is the essence of what is just as it is (ji bzhin pa).
> In what is just as it is, nondual (gnyis med) great bliss (bde ba chen po),
> All aspects are present, yet there are no aspects at all.
> Free of conceptual elaboration, it abides primordially, like space;
> Beyond any object of reference, it cannot be counted even as "one."
> Though in awakened mind there is nothing to count or illustrate,[92]Note 92 · p. 188 · byang chub sems la bgrang zhing mtshon med na: na is concessive ("though"), as Claude Fable 5.2/Dharmamitra/GPT-6.2 Astra; Gemini 4 Neon's "Since" reverses the logic.
> Enumerations come about for the phenomena that mind has created.
> If you ask what these are that mind has created:
> All that appears and exists, the world and its inhabitants, buddhas (sangs rgyas) and sentient beings
> Are created from that essence, the nature of mind.
> Having been created, what is brought forth into manifestation[93]Note 93 · p. 188 · The verse line byas nas mngon du phyung ste bstan pa ni is divided by the page break; the English line is split at the marker.

[p. 189]
སྟེ་བསྟན་པ་ནི།
།ཆེན་པོ་ལྔ་དང་རིགས་དྲུག་སྣང་བ་དང༌།
།དེ་ཡི་དོན་མཛད་གཟུགས་སྐུ་རྣམ་གཉིས་ནི།
།སེམས་ཀྱི་རང་བཞིན་དག་ནི་ཕྱུང་ནས་བགྲང༌།
།ཞེས་སོ། །རིག་པའི་རང་ངོ་གང་དུའང་མ་གྲུབ་པས་སྣང་སྟོང་ལས་འདས་ཏེ་མཚོན་བརྗོད་ཀྱི་ཡུལ་མ་ཡིན་པའི་གནད་ལས། དེའི་ངང་དུ་ཤར་བ་རྫུན་སྣང་ཡོད་མ་མྱོང་དུ་བསྟན་པ་ནི། ཤར་ཙམ་ཉིད་ནས་རང་བཞིན་སྟོང་པའི་གཟུགས། །སྐྱེ་བ་མེད་ལས་སྐྱེ་བར་སྣང་བ་སྟེ།
།སྣང་དུས་ཉིད་ནས་སྐྱེས་པ་འགའ་ཡང་མེད།
།འགག་པ་མེད་ལས་འགག་པར་སྣང་ན་ཡང༌།
།འགག་པ་མེད་དེ་སྒྱུ་མ་སྟོང་པའི་གཟུགས།
།གནས་པ་ཉིད་ནས་གནས་པའི་ཆོས་མེད་དེ།
།གནས་མཁན་གཞི་མེད་འགྲོ་འོང་མེད་པའི་ངང༌།
།ཇི་ལྟར་སྣང་བ་དེ་ལྟར་མ་གྲུབ་པས།
།རང་བཞིན་མེད་ཅེས་བཏགས་པ་ཙམ་དུ་ཟད།
།སྣང་བའི་ཕྱིར་རང་བཞིན་མེད་དེ་སྒྱུ་མ་བཞིན་ནོ་ཞེས་

> and shown is this:
> The five great elements, the appearances of the six classes of beings,
> And the two form kāyas (gzugs sku) that act for their benefit—
> These, the nature of mind, are brought forth and then counted.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 93 % of the words.
[94]Note 94 · p. 189 · sems kyi rang bzhin dag ni phyung nas bgrang: there is no agentive, so the nature of mind is not made the agent of "bringing forth" as in Claude Fable 5.2/GPT-6.2 Astra. It is read in apposition to the things listed, close to Gemini 4 Neon/Dharmamitra.

So it says.[95]Note 95 · p. 189 · GPT-6.2 Astra omits zhes so ("So it says") after the quotation; restored.

10 What arises is a false appearance that has never existed ཤར་བ་རྫུན་སྣང་ཡོད་མ་མྱོང10 What arises is a false appearance that has never existed
Appearances seem to be born, abide, cease, go and come, yet at the very time of appearing there is no birth, abiding, cessation or movement; they are empty forms merely labeled without intrinsic nature, supported by the Sūtra That Gathers the Enlightened Intent and Naturally Arising Awareness.

Because awareness's own face is not established as anything whatsoever, it is beyond appearance and emptiness (snang stong) and is not an object of illustration or expression. Following from this key point (gnad), what arises within that state is a false appearance that has never existed. This is shown as follows:

> From the very moment they merely arise, they are forms empty by nature.
> From what is unborn they appear to be born,
> Yet at the very time of their appearing nothing whatsoever has been born.
> Though from what is unceasing they appear to cease,
> There is no cessation: they are illusions, empty forms.
> In their very abiding there is no phenomenon that abides;
> What abides is groundless[96]Note 96 · p. 189 · gnas mkhan gzhi med: rendered "what abides is groundless", keeping gzhi med as the glossary's "groundless". Claude Fable 5.2 has "no basis that could abide", and Gemini 4 Neon/Dharmamitra/GPT-6.2 Astra take it as a list ("no abider, no ground"), which is also grammatically possible.—a state with no going or coming.
> Since they are not established in the way that they appear,
> They are merely labeled "without intrinsic nature," and nothing more.

"Because they appear, they are without intrinsic nature, like an illusion"—

[p. 190]
ཆོས་ཉིད་ཀྱི་རིག་པས་གཏན་ལ་ཕབ་པའི་ཕྱིར། སྐྱེ་བར་སྣང་དུས་ཉིད་ནས་སྐྱེ་བ་མེད་པ་དང༌། གནས་པར་སྣང་དུས་ཉིད་ནས་གནས་པ་མེད་པ་དང༌། འགག་པར་སྣང་དུས་ཉིད་ནས་འགག་པ་མེད་པ་དང༌། འགྲོ་འོང་དུ་སྣང་དུས་ཉིད་ནས་འགྲོ་འོང་མེད་པའི་རང་བཞིན་དུ་ཤེས་པར་བྱ་སྟེ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ལུང་ལས། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།
།རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌།
།སྐྱེ་བ་མེད་ལས་ཐམས་ཅད་སྐྱེས།
།སྐྱེས་པ་ཉིད་ནས་སྐྱེ་བ་མེད།
།ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།
།རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌།
།གནས་པ་མེད་ལས་ཐམས་ཅད་གནས།
།གནས་པ་ཉིད་ནས་གནས་པ་མེད།
།ཨེ་མའོ་ངོ་མཚར་

since this has been settled by the reasoning of the nature of phenomena,[97]Note 97 · p. 190 · chos nyid kyi rig pas (e-text) against Adzom rigs pas. Adzom is followed: chos nyid kyi rigs pa, "the reasoning of the nature of phenomena", is the standard term, and what precedes it is a formal reasoning (thesis, reason, example). The e-text reading would mean "by awareness of the nature of phenomena". All drafts translate "reasoning". one should know their nature to be this: at the very time they appear to be born, there is no birth; at the very time they appear to abide, there is no abiding; at the very time they appear to cease, there is no cessation; and at the very time they appear to go and come, there is no going or coming. As the scripture (lung) of the Sūtra That Gathers the Enlightened Intent of All the Buddhas says:

> Emaho! This wondrous, marvelous Dharma[98]Note 98 · p. 190 · chos in ngo mtshar rmad kyi chos is rendered "Dharma" (the teaching), not "phenomena". The last line is broken off after "wondrous" because the Tibetan of this part ends mid-line at ngo mtshar; Dharmamitra completes the line, which belongs to the next part.
> Is the secret of all the perfect buddhas:
> From the unborn, everything is born;
> In that very birth, there is no birth.
>
> Emaho! This wondrous, marvelous Dharma
> Is the secret of all the perfect buddhas:
> From the nonabiding, everything abides;
> In that very abiding, there is no abiding.
>
> Emaho! This wondrous

[p. 191]
རྨད་ཀྱི་ཆོས།
།རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌།
།འགྲོ་འོང་མེད་ལས་འགྲོ་དང་འོང༌།
།འགྲོ་འོང་ཉིད་ནས་འགྲོ་འོང་མེད།
།ཅེས་པ་དང༌། རང་ཤར་ལས། སྐད་ཅིག་ངང་ལས་ཆོས་རྣམས་ཐམས་ཅད་འབྱུང༌།
།ཨེ་མའོ་རིན་ཆེན་བྱང་ཆུབ་སེམས།
།ཀུན་ལ་ཡོད་དེ་ཀུན་གྱིས་མཐོང་བ་མེད།
།རང་བྱུང་ཡེ་ཤེས་བདུད་རྩིའི་ཐིགས་པ་འདི།
།བཙལ་བྱ་རྩོལ་བྱེད་མེད་པར་རང་བྱུང་རང་ལས་ཤར།
།སངས་རྒྱས་དགོངས་པ་རང་བྱུང་སྐྱེ་བ་མེད།
།གནས་དང་འོང་བ་མེད་པའི་རང་བྱུང་ཆེན་པོ་ཡིན།
།འཛིན་ཆགས་མེད་པའི་རང་གྲོལ་ཆེན་པོ་ནི།
།སེམས་མེད་རིག་པའི་ངང་དུ་ཤེས་པར་བྱ།
།ཞེས་སོ། །ཇི་ལྟར་སྣང་བ་དེ་ལྟར་རང་བཞིན་མེད་པའི་ངོ་བོ་ཉིད་དུ་དོན་བསྡུ་བ་ནི། སྣང་བ་དེ་ཡང་རྩལ་ལས་རང་ཤར་བས། །རྟེན་འབྲེལ་ཉིད་ཅེས་རང་བཞིན་བརྡ་ཙམ་བརྗོད། །རྩལ་ལས་ཤར་བར་སྣང་བའི་རང་དུས་

> marvelous Dharma
> Is the secret of all the perfect buddhas:
> From no going or coming, there is going and coming;
> In that very going and coming, there is no going or coming.Dgongs pa 'dus pa'i mdoQuotation (named in the text: སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ལུང་ལས)
སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ, sangs rgyas thams cad kyi dgongs pa 'dus pa'i mdo, The Sūtra That Gathers the Intentions of All Buddhas · tantra; Nyingma Gyubum; Toh 829
Identification: medium confidence (Root Anuyoga scripture; the quoted exclamation also appears in Māyājāla texts.)
The quoted words are in Klong chen rab byams gsung 'bum/volume 021 480 (a parallel), 78 % of the words.

And the Naturally Arising Awareness says:

> From the state of an instant, all phenomena come forth.
> Emaho! The precious awakened mind
> Is present in all, yet is seen by none.
> This drop of nectar, self-arisen primordial wisdom,
> With nothing to be sought and no one making effort, is self-arisen and arises from itself.
> The enlightened intent of the buddhas[100]Note 100 · p. 191 · sangs rgyas dgongs pa: GPT-6.2 Astra's "realization of the buddhas" confuses dgongs pa with rtogs pa. Read "enlightened intent" with Dharmamitra, Claude Fable 5.2, Gemini 4 Neon. is self-arisen and unborn;
> It is the great self-arisen,[99]Note 99 · p. 191 · rang byung chen po: Dharmamitra's "great spontaneous presence" renders lhun grub, which is not in the text. Read "the great self-arisen" with Claude Fable 5.2, Gemini 4 Neon, GPT-6.2 Astra. without abiding or coming.
> The great natural freedom, without grasping or attachment,
> Is to be known within the state of awareness, in which there is no ordinary mind.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 54 % of the words.

11 Summing up: appearances are, in essence, without intrinsic nature རང་བཞིན་མེད་པའི་ངོ་བོ་ཉིད་དུ་དོན་བསྡུ་བ11 Summing up: appearances are, in essence, without intrinsic nature
Appearances from dynamic energy are merely dependent origination, a symbol; nothing stirs from awakened mind. Like star reflections in a limpid ocean, they arise without arising, free of the eight extremes, as Nāgārjuna's homage verse and the Reverberation of Sound show.

To sum up the meaning—that just as things appear, so they are, in their very essence (ngo bo nyid), without intrinsic nature:

> Since those appearances, too, arise naturally from dynamic energy,
> Their nature is called "dependent origination (rten 'brel) itself"—a mere symbol (brda).
> At the very time they appear to arise from dynamic energy,

[p. 192]
ནས། །ཤར་དང་མ་ཤར་ཕྱོགས་དང་རིས་མེད་པས།
།རྩལ་ཡང་བརྡ་ཙམ་ངོ་བོ་འགའ་མེད་པས།
།ཐམས་ཅད་རྟག་ཏུ་འཕོ་འགྱུར་མེད་པའི་ངང༌།
།བྱང་ཆུབ་སེམས་ལས་གཡོས་པ་རྡུལ་ཙམ་མེད།
།རིག་པའི་རྩལ་ལས་འཁོར་འདས་སུ་ཤར་བ་དེ་ཡང་ཐ་སྙད་ཙམ་ལས། ངོ་བོ་ལ་འཁོར་འདས་སུ་ཤར་བ་དང་ཤར་མཁན་ཐ་དད་པར་གྲུབ་པ་ཅུང་ཟད་ཀྱང་མེད་པས། ཆོས་ཉིད་མཉམ་པའི་ངང་ལས་མ་གཡོས་པ་ནི། རྒྱ་མཚོ་དངས་པའི་ནང་ན་གཟའ་སྐར་གྱི་གཟུགས་བརྙན་ཤར་བར་སྣང་ཡང༌། དོན་ལ་ཤར་བ་མེད་དེ་ཤར་ས་རྒྱ་མཚོའི་དབྱིངས་ཉིད་ཆུ་དངས་པ་ཙམ་དང༌། ཤར་མཁན་གཟའ་སྐར་ཉིད་ནམ་མཁའི་དཀྱིལ་ལས་གཡོས་པ་མེད་པ་དང༌། ཚོགས་པ་ལྷན་ཅིག་པའི་ཆོས་སུ་མེད་པས་སྣང་ལ་སྟོང་པའི་གཟུགས་བརྙན་ཙམ་སྟེ། དོན་དེ་བཞིན་དུ་ཆོས་ཐམས་ཅད་འགག་པ་མེད་པ་དང༌། སྐྱེ་བ་མེད་པ་དང༌། འོང་བ་མེད་

> There are no sides or divisions[101]Note 101 · p. 192 · shar dang ma shar phyogs dang ris med pas: Claude Fable 5.2 reads two separate negations ("no arising or non-arising, no sides and no divisions"). With Dharmamitra, Gemini 4 Neon and GPT-6.2 Astra I take phyogs dang ris as governing shar dang ma shar: no sides or divisions of "arisen" and "not arisen." of "arisen" and "not arisen."
> Since dynamic energy, too, is a mere symbol, with no essence whatsoever,
> Everything, in a state forever without transition or change,
> Has not stirred so much as an atom from awakened mind.

That arising as saṃsāra and nirvāṇa from the dynamic energy of awareness is, moreover, nothing more than a conventional designation. In essence, the arising as saṃsāra and nirvāṇa and that which arises are not in the slightest established[102]Note 102 · p. 192 · shar ba dang shar mkhan: Dharmamitra and Gemini 4 Neon take shar mkhan as "that which gives rise to it." The analogy that follows glosses shar mkhan as the planets and stars, i.e. that which arises, so I follow Claude Fable 5.2 and GPT-6.2 Astra. as different, and so there is no stirring from the state of the equality (mnyam pa) of the nature of phenomena. This is as follows. Although the reflections of planets and stars appear to arise within a limpid ocean, in fact there is no arising: the place of arising, the basic space of the ocean itself,[103]Note 103 · p. 192 · rgya mtsho'i dbyings: all drafts have "expanse," which the glossary reserves for klong. I keep "basic space," which also preserves the parallel with chos dbyings that the analogy intends. is merely limpid water; that which arises, the planets and stars themselves, have not stirred from the middle of the sky; and since nothing exists as a phenomenon in which the two are gathered together,[104]Note 104 · p. 192 · tshogs pa lhan cig pa'i chos su med pas: Dharmamitra's "co-emergent phenomena in aggregation" misconstrues the phrase. With Claude Fable 5.2 and GPT-6.2 Astra I read it as there being no phenomenon in which the two (water and stars) are gathered together. there is a mere reflection, apparent yet empty. So it is with the meaning:[105]Note 105 · p. 192 · don de bzhin du: I take don as the "meaning" applied to the analogy (dpe), rather than "in the same sense/way" as in the drafts. all phenomena are without cessation, without birth, without coming,

[p. 193]
པ་དང༌། འགྲོ་བ་མེད་པ་དང༌། ཆད་པ་མེད་པ་དང༌། རྟག་པ་མེད་པ་དང༌། དོན་ཐ་དད་པ་དང༌། དོན་གཅིག་ཏུ་མ་གྲུབ་ལ་སྣང་བ། རྟེན་འབྲེལ་སྒྱུ་མ་ཙམ་དུ་ཤེས་པར་བྱ་སྟེ། རྩ་བ་ཤེས་རབ་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌།
།འགག་པ་མེད་པ་སྐྱེ་མེད་པ།
།ཆད་པ་མེད་པ་རྟག་མེད་པ།
།འོང་བ་མེད་པ་འགྲོ་མེད་པ།
།ཐ་དད་དོན་མིན་དོན་གཅིག་མིན།
།སྤྲོས་པ་ཉེར་ཞི་ཞིར་བསྟན་པ།
།རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱིས།
།དམ་པ་དེ་ལ་ཕྱག་འཚལ་ལོ།
།ཞེས་པ་དང༌། ཐལ་འགྱུར་ལས། ཆོས་ཀུན་གཞི་མེད་རྩ་བ་མེད།
།སྲིད་བྲལ་འདོད་པ་མེད་པའི་སེམས།
།རང་བཞིན་མ་བཅོས་བརྗོད་ལས་འདས།
།བྱ་བྱེད་འཁྲུལ་པའི་རྟོག་པ་ཟད།
།ཆོས་མེད་སངས་རྒྱས་སེམས་ཅན་མེད།
།ང་མེད་བདག་མེད་གཟུང་འཛིན་མེད།
།ཅེས་སོ། །ཆོས་ཀྱི་དབྱིངས་རིན་པོ་ཆེའི་མཛོད་

without going, without annihilation (chad pa), without permanence,[107]Note 107 · p. 193 · chad pa / rtag pa: rendered "annihilation" and "permanence" rather than the glossary's "nihilism," since here (as in the Mūlamadhyamakakārikā homage) they are predicated of phenomena, not of views. and are not established as different things or as a single thing,[108]Note 108 · p. 193 · don tha dad pa / don gcig: don is "thing" (Skt. artha) here, not "meaning" as in the glossary triad, so "different things… a single thing" with Claude Fable 5.2 and Gemini 4 Neon. Dharmamitra's "diverse in meaning" is not followed. and yet they appear;[106]Note 106 · p. 193 · …ma grub la snang ba: Dharmamitra construes "they appear as without cessation…," which reverses the syntax. With Claude Fable 5.2, Gemini 4 Neon, GPT-6.2 Astra, phenomena are without cessation and so on, and not established as different or single, and yet they appear. they should be known to be the mere illusion of dependent origination. As the Root Verses Called Wisdom says:

> To the one who taught dependent origination—
> Without cessation, without birth,
> Without annihilation, without permanence,
> Without coming, without going,
> Not different things, not a single thing,
> The complete pacification of conceptual elaboration, peace—
> To that perfect Buddha, the most sublime
> Of all who speak,[109]Note 109 · p. 193 · smra rnams kyis (e-text) versus kyi (Adzom): I follow Adzom's genitive, the standard reading of the verse ("the most sublime of speakers"). The instrumental gives no workable sense. I pay homage.Rtsa ba shes rabQuotation (named in the text: རྩ་བ་ཤེས་རབ་ལས)
དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ, dbu ma rtsa ba'i tshig le'ur byas pa shes rab, Root Verses on the Middle Way (Prajñā-nāma-mūlamadhyamakakārikā), by Nāgārjuna · shastra; Tengyur; Toh 3824
Identification: high confidence
The quoted words are in དཔལ་དགྱེས་པ་རྡོ་རྗེའི་རྣམ་པར་བཤད་པ་དྲང་བ་དང་ངེས་པའི་དོན་གསལ་བར་བྱེད་པ་་་ (a parallel), 90 % of the words.

And the Reverberation of Sound says:

> All phenomena are groundless and rootless.
> Mind, free of conditioned existence and without desire,[110]Note 110 · p. 193 · 'dod pa med pa'i sems: 'dod pa could also mean "assertion" ("mind without assertions"). I keep "without desire" with all the drafts. GPT-6.2 Astra breaks the line into a separate sentence ("Mind… is without desire"), but the Tibetan makes it the subject of the next line.
> Is by nature uncontrived, beyond expression.
> The deluded conceptual thought ('khrul pa'i rtog pa) of action and agent is exhausted.
> There are no phenomena, no buddhas, no sentient beings;
> No "I," no self, no perceived and perceiver.Thal 'gyurQuotation (named in the text: ཐལ་འགྱུར་ལས)
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra)
Identification: high confidence
The quoted words are in Ngb-pt-0056-vol-01-text (the text itself), 71 % of the words.

12 Chapter colophon ལེའུ་གསུམ་པའི་འགྲེལ་པ12 Chapter colophon (topical division)
Colophon identifying this as the commentary on the third chapter of the Precious Treasury of the Basic Space of Phenomena, presenting the analogies that illustrate awakened mind.

From The Precious Treasury of the Basic Space of Phenomena (Chos kyi dbyings rin po che'i mdzod),

[p. 194]
ལས། བྱང་ཆུབ་སེམས་ཀྱི་མཚོན་དཔེ་བསྟན་པ་སྟེ། །ལེའུ་གསུམ་པའི་འགྲེལ་པའོ།། ༈ །།

this is the commentary on the third chapter, which presents the analogies that illustrate awakened mind.

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 6 quotations, 6 found on this wiki.
# p. Tibetan English Source On this wiki
1 186 རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་ … བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། The single cause, the manner of the syllables, > … realization, > All is the great king, manifestly perfect. named: སྒྱུ་འཕྲུལ་གསང་སྙིང་ལས
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ, dpal gsang ba'i snying po de kho na nyid nges pa, The Guhyagarbha Tantra (Secret Essence) (Guhyagarbhatattvaviniścaya) · tantra; Nyingma Gyubum; Toh 832 high
Ngb-pt-0185-vol-02-text (the text itself), 79 %
2 188 ཀྱེ་སེམས་དཔའ་ཆེན་པོ། སེམས་ནི་ཇི་བཞིན་ … སེམས་ཀྱི་རང་བཞིན་དག་ནི་ཕྱུང་ནས་བགྲང༌། O great being! > Mind is the essence of … nature of mind, are brought forth and then counted. named: ཀུན་བྱེད་ལས
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
Ngb-pt-0104-vol-02-text (the text itself), 93 %
3 190 ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་ … དང་འོང༌། །འགྲོ་འོང་ཉིད་ནས་འགྲོ་འོང་མེད། Emaho! This wondrous, marvelous Dharma > Is the secret … going and coming, there is no going or coming. named: སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ལུང་ལས
སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ, sangs rgyas thams cad kyi dgongs pa 'dus pa'i mdo, The Sūtra That Gathers the Intentions of All Buddhas · tantra; Nyingma Gyubum; Toh 829 medium
parallel: Klong chen rab byams gsung 'bum/volume 021 480, 78 %
4 191 སྐད་ཅིག་ངང་ལས་ཆོས་རྣམས་ཐམས་ཅད་འབྱུང༌། ། … སེམས་མེད་རིག་པའི་ངང་དུ་ཤེས་པར་བྱ། From the state of an instant, all phenomena come … of awareness, in which there is no ordinary mind. named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0052-vol-01-text (the text itself), 54 %
5 193 གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་ … རྣམས་ཀྱིས། །དམ་པ་དེ་ལ་ཕྱག་འཚལ་ལོ། To the one who taught dependent origination— > Without … sublime > Of all who speak, I pay homage. named: རྩ་བ་ཤེས་རབ་ལས
དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ, dbu ma rtsa ba'i tshig le'ur byas pa shes rab, Root Verses on the Middle Way (Prajñā-nāma-mūlamadhyamakakārikā), by Nāgārjuna · shastra; Tengyur; Toh 3824 high
parallel: དཔལ་དགྱེས་པ་རྡོ་རྗེའི་རྣམ་པར་བཤད་པ་དྲང་བ་དང་ངེས་པའི་དོན་གསལ་བར་བྱེད་པ་་་, 90 %
6 193 ཆོས་ཀུན་གཞི་མེད་རྩ་བ་མེད། །སྲིད་བྲལ་ … ཅན་མེད། །ང་མེད་བདག་མེད་གཟུང་འཛིན་མེད། All phenomena are groundless and rootless. > Mind, free … > No "I," no self, no perceived and perceiver. named: ཐལ་འགྱུར་ལས
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད, rin po che 'byung bar byed pa sgra thal 'gyur chen po'i rgyud, The Reverberation of Sound · tantra; Nyingma Gyubum, one of the Seventeen Tantras (root tantra) high
Ngb-pt-0056-vol-01-text (the text itself), 71 %