Chos dbyings mdzod (Longchenpa): Chapter 12 commentary (4)

From Rangjung Yeshe Wiki Texts
Chos dbyings mdzod (Longchenpa)Chos dbyings mdzod (Longchenpa): Chapter 12 commentary (4)
< Chos dbyings mdzod (Longchenpa)
Revision as of 10:49, 24 November 2026 by Eric (talk | contribs) (Chos dbyings mdzod study edition (root verses and Lung gi gter mdzod): ten editions, critical edition, translation, bilingual text, outline and quotations)
(diff) ← Older revision | Latest revision (diff) | Newer revision → (diff)

Chos dbyings mdzod (Longchenpa)/Chapter 12 commentary (4)
Jump to navigation Jump to search
← Chapter 12 commentary (3)Chos dbyings mdzod: contentsChapter 12 commentary (5) →

Chapter 12, commentary · ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་གྲོལ་བའི་རང་བཞིན་བསྟན་པ
Pages 600–610 of the corrected base text (W22920 vol. 3), part 4 of 10.

[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD84), gorn05 tibocr 2026: BDRC OCR on 338 pages, Mitra OCR on 144 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 528] གཉིས་འཛིན་གྱི་འབྲས་བུ་ལོག་པས་ཀ་དག་ཆོས་ཟད་ཀྱི་རིག་པ་རྗེན་ལ་བུད་དེ་རང་བྱུང་ཡེ་ཤེས་ཀྱི་ཟད་ས་མ་བགྲོད་རང་མལ་དུ་གནས་པས་བློ་བདེ་ཁོང་ནས་ཤར། སྤང་བླང་གི་ཆོས་ལ་ལེགས་ཉེས་ཀྱི་འཛིན་པ་སྟོར་བས་ཤོར་ གོད་ཀྱི་འཕྲང་ལས་འདས་ཏེ། སྣང་ཤེས་ཕྱམ་ཕྱམ་དུ་གོ་གདལ། སང་སེང་བདེན་མེད་དུ་བྱང་ཆད། འཁོར་འདས་རིག་པའི་ངང་དུ་རུ་ལོག །རིག་པ་ཚེས་དབྱིངས་ཀྱི་དོན་ཞེས་ཆོས་ཉིད་ཟང་ཐལ་དུ་རྟོག་རྟོག་པའང་སོན་མེད། གང་ཡིན་དད་ཅི་ཡིན་གཏད་སོ་མེད་པས་འདི་ཡིན་དང་ངོས་གཟུང་གི་ཕྱོགས་ལས་འདས་ཏེ། ཕྱི་སྣང་བ་ལ་གཟུང་བའི་སེམས་དུད་པས་ཁྱེད་ཅག་གཞན་དུ་སྣང་བ་སྟོང་གཟུགས་ཀྱི་ལྟད་མོར་ཆེ་སྟེ་ཅི་བྱེད། བྱ་བ་དང་བྱེད་པའི་

[p. 529] ཞེན་འཛིན་འདི་འདྲ་མི་འོང་དུ་ཐང་སྟེ་གཞི་མེད་རྨི་ལམ་གྱི་སྣང་བ་མཐོང་བས་ཉམས་དགའ། ནང་གཏད་འཛིན་སེམས་ཀྱི་རྟོད་ཕུར་དོན་བསང་དང་བདག་འཛིན་གྱི་ཐག་པ་བུད་དེ་རིག་པ་རང་ཡན་ཟང་ཐལ་གྱི་རྟ་ཕོ་དེ་བཙལ་གྱིས་མ་རྙེད་པས་གང་ན་འདུག་ཁོ་བོས་ཀྱང་མ་མཐོང་སྟེ། སྐྱེ་ལས་དང་ཐུགས་ཡིན་ཡིན་པོའི་ས་ཟིན་ནི་བདག་ལ་མེད། དེ་སྔ་རང་གསལ་རྗེན་པའི་ཆོས་སྐུ་མཚར་པོ་གཅིག་ཡོད་པ་དེ་གར་སོང་ཆ་མེད་ཀྱི་ཡུལ་དུ་བོར་བས། དེ་ཡིན་མིན་དང་གནས་ལུགས་ཀྱི་འཛིན་པ་སྟོར་ནས་སྔར་ཤུལ་ཆོས་ཉིད་ཀྱི་རང་མལ་ན་མེད་པ་འདི་ལ། གྲོལ་འཁྲུལ་དང་ཆོས་སྐུའི་འབྲས་བུ་ཅི་བྱ། ཕྱི་སྣང་བ་ལ་བལྟས་པས་ཟང་མ་ཐལ། སང་མ་སེང་། ཡལ་མ་ཡོལ། ར་མ་རི། འདིར་རྒྱག་དང་ཡིན་མིན་གྱི་ཕྱོགས་རིས་སུ་མི་འདུག །ནང་རང་རིག་གི་ཤེས་པ་རང་མལ་ལ་བསྟས་པས། ཕྱས་ངས། སྟོང་ཡལ། རིས་མེད། རྟོག་སངས། ཕྱང་ཆད། རྗེས་མེད་ཕྱལ་བ་བར་སྣང་སྟོང་པའི་རང་བཞིན་དང་འདྲེས་ནས་ཁོ་བོ་ད་ལྟ་ཅི་ཡང་མེད་ན་ཁྱེད་ཅག་གང་ན་འདུག་ཧ་ཧ། འདིར་རྡོ་རྗེའི་གད་མོ་བཅུ་གཉིས་ཀྱི་དོན་རང་གི་རྒྱུད་ལ་སྐྱེས་པ་སྙམ་བྱེད་དོ། །གད་མོ་བཅུ་གཉིས་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་རིན་པོ་ཆེ་སྤུངས་པའི་རྒྱན་གྱིས། ཆོས་ཐམས་ཅད་ཀྱི་འཆར་ཚུལ་ཅིར་ཡང་མ་འགགས་པར་གཟིགས་པས། རང་ལ་ངོ་མཚར་སྐྱེས་ཏེ་རང་གི་གད་མོ་ཆེན་པོ་རྣམས། ཉིད་ཀྱིས་ཉིད་

[p. 530] ལ་རང་བགད་པ་འདི་དག་ལྗགས་ཀྱི་དབང་པོ་ལས་རང་ཤར་རོ། །ཀྱེ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་སྙིང་པོ། ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང་། དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་ངོ་མཚར། གཞི་མ་ བསྐྱོད་པས་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོ་དངོས་པོ་གཤིས་ཀྱི་འདུག་ཚུལ་ལ་ལྟོས་དང་། སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར། བདེ་སྡུག་ཇི་ལྟར་ བསམས་ཀྱང་དོན་ལ་འགྱུར་བ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗ་སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ལ་ལྟོས་དག། དྲན་བསམ་གྱི་སྤྱོད་པ་སྣ་ཚོགས་ཅི་བྱས་ཀྱང་རོལ་པར་ཤར་བ་ངོ་མཚར། ཇི་ལྟར་བྱས་ཀྱང་སྐྱེ་མེད་ཀྱི་ཀློང་ དུ་འགག་མེད་གྲོལ་བ་ཧ་ཧ། ཀྱེ་གསུང་གིས་རྡོ་རྗེ་ཆོས་ཉིད་སྟོང་པ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང་། སྐྱེ་བ་མེད་པ་དང་ཡེ་ནས་ལྷན་ཅིག་ཏུ་གནས་པ་ངོ་མཚར། སྐྱེས་བུས་མཚོན་རྣོན་པོ་ཐོགས་ནས་འགྲོ་བ་རྣམས་དུས་གཅིག་ ལ་བསྒྲལ་ཀྱང་གང་ཟག་དེའི་རྒྱུད་ལ་ཕན་གནོད་དང་བྲལ་བ་ཅ་ཧ། ཀྱེ་གསུང་གི་རྡོ་རྗེར་རང་གི་ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང་།གང་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་ཤར་བ་ངོ་མཚར། ཅིར་སྣང་རང་ གི་གཞི་ལས་གཡོས་པ་མེད་པ་ཧ་ཧ། ཀྱེ་གསུམ་གི་རྡོ་རྗེ་སྙིང་པོ་རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང་། རང་གི་གཉེན་པོར་རང་ཆེ་བ་ངོ་མཚར། ཉོན་མོངས་པ་རྣམས་རང་གིས་རང་གྲོལ་བ་ཧ་ཧ། ཀྱེ་གསུམ་གྱི་རྡོ་རྗེ་

[p. 531] ༄༅། །རིག་པ་སྟོང་པ་ཀུན་དག་གི་ངོ་བོ་ལ་ལྟོས་དང་། འབད་རྩོལ་མེད་པར་འབྲས་བུ་རང་རྙེད་པ་ངོ་མཚར། གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ངོ་བོ་སྟོང་ པ་ཆེན་པོ་ཀུན་གཞག་གི་ཚད་ལ་ལྟོས་དང་། འགྲོ་དྲུག་སྐུ་གསུམ་དུ་སྣང་བ་ངོ་མཚར། འགྲོ་བ་རྣམས་ཀྱིས་བསྒོམ་པ་རྡུལ་ཙམ་ཡང་མ་བྱས་པར་དུས་གཅིག་ལ་སངས་རྒྱས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ ཆེན་པོ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང་། དུས་གསུམ་འདུ་འབྲལ་མེད་པ་ངོ་མཚར། ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པར་ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་ཅེར་གཞག་གི་ངོ་བོ་སྟོང་ པ་ཆེན་པོ་ཀུན་མཉམ་ལ་ལྟོས་དང་། བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ངོ་མཚར། སྤོང་ལེན་ཐམས་ཅད་ལྟ་བར་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པའི་སྟོང་པ་ཡེ་སྟོང་ཆེན་པོ་ལ་ལྟོས་དང་། སངས་རྒྱས་ཐམས་ ཅད་གཡང་སར་འདུག་པ་ངོ་མཚར། བྱ་བྱེད་བསྒོམས་པས་ལྟུང་བར་འགྱུར་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་མི་སྟོང་པའི་སྟོང་པ་དངོས་ཅན་ལ་ལྟོས་དང་། མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་ངོ་མཚར། སྐྱེས་པས་ སྐྱེ་མེད་ཐོབ་པ་ཧ་ཧ་ཞེས་གསུངས་པས་གསུང་གི་རྡོ་རྗེ་ལ་སོགས་པའི་འཁོར་དེ་དག་རྣམས་ངོ་མཚར་ཆེན་པོའི་ཚིག་གིས་རབ་ཏུ་ཚིམ་ནས། སྣང་བ་ཐམས་ཅད་ངོ་མཚར་ཆེན་པོར་རང་ཤར། རང་སྣང་། རང་གྲོལ། རང་

[p. 532] ཐོབ་ནས། སྐུ་རྡོ་རྗེ་དང་གཉིས་སུ་མེད་པར་གྱུར་ཏོ་ཞེས་རྒྱ་ཆེར་གསུངས་པ་གང་ཡིན་པའོ། །འདིའི་དུས་ན་རྟོག་པ་རྒྱ་གྲོལ་དུ་ཤར་བས་ཆོས་ཉིད་རང་སྣང་གི་རོལ་པར་ལྷུན་གྱིས་གྲུབ་པ་ནི། སྣང་སྲིད་སྣོད་བཅུད་འཁྲུལ་པ་རུ་ལོག་པས། །ཉིན་མཚན་ཡེ་སངས་རང་སངས་ནམ་མཁའ་སངས། །ཞག་དང་ཚེས་སངས་ལོ་ཟླ་བསྐལ་པ་སངས། །གཅིག་སངས་ཀུན་སངས་ཆོས་དང་ཆོས་མིན་སངས། །འཁོར་འདས་འཁྲུལ་གཞི་གདོད་མའི་དབྱིངས་སུ་སངས། །དབྱིངས་ཞེས་ཐ་སྙད་བློ་ཡི་ཆོས་སངས་པས། །གང་སྒྲུབ་ཅི་འབད་ད་ནི་ཅི་ཞིག་གཉེར། །འདོད་བློའི་འཁྲིས་ཟད་ནམ་མཁའ་ཡ་མཚན་ཆེ། །ཆོས་མེད་སྤྲང་པོའི་རང་བཞིན་དེ་འདྲར་ཟད། །རིག་པ་འཛིན་ཞེན་གྱི་ཆོས་ཟད་པས་སྣང་སྲིད་སྣོད་བཅུད་ཀྱི་འཁྲུལ་འཛིན་རུ་ལོག་སྟེ། འདི་ནི་འཁྲུལ་པའོ། །འདི་ནི་མ་འཁྲུལ་པའོ་ཞེས་ཐ་སྙད་དུ་བདེན་པར་འཛིན་པའི་གཏད་འཛིན་སྟོར་བས། མཐོང་སྣང་ཐམས་ཅད་ཕྱལ་བ་བར་མེད་གཅིག་ཏུ་རྒྱ་གྲོལ་ལ་སོང་སྟེ། དེ་སྔ་ཉིན་ཞག་ལ་སོགས་པའི་ཆ་དང་རིང་བུང་དང་ངེས་ཆ་ཡོད་པའང་གཞི་མེད་ཟང་ཐལ་གྱི་སྣང་བར་སངས་ནས། བུ་ཆུང་རང་མལ་ན་བློ་བདེ་བའི་སྣང་བའམ། སྨྱོན་པ་བློ་བདེའི་སྣང་བ་ཤར་བ་ལྟར་ཕྱལ་བར་རང་ཤར་ཏེ། ཉིན་མོའི་སྣང་བ་རང་སངས་ཏེ་ཁྲ་ལམ་ལམ། མཚན་མོའི་སྣང་བ་རང་སངས་དེ་དོག་མེད་མེད། ཉིན་ཞག་གི་སྣང་བ་རང་

[p. 533] སངས་ཏེ་གཞི་ཕྱལ་ཕྱལ། ཆོས་དང་ཟླ་བའི་སྣང་བ་སངས་ཏེ་ཕྱམ་སངས་སངས། ལོ་དང་བསྐལ་པའི་སྣང་བ་སངས་ཏེ་རྒྱ་ཁྲོལ་ཁྲོལ། གཅིག་དང་ཐ་དད་ཀྱི་ཆོས་སངས་པས་རྗེན་ཡེར་ཡེར། འཁྲུལ་གཞི་གདོད་མའི་དབྱིངས་སུ་སངས་པས་སྟོང་སངས་སངས། དབྱིངས་འཛིན་མཐར་ཐུག་གི་སྐྱེལ་སོ་སངས་པས་ཟང་ཐལ་ཐལ། གང་ཡང་སྒྲུབ་ཏུ་མེད་པ་སྟོང་ཉིད་ཀྱི་གོར། ཅི་ཡང་འབད་དུ་མེད་པ་ཆོས་ཉིད་ཀྱི་ལུང་པ། དོན་གཉེར་སྨོན་པ་ཟད་པ་ཡིད་བཞིན་གྱི་ནོར་བུ། འདོད་བློའི་འཁྲི་བ་མེད་པ་ཆོས་ཟད་ཀྱི་ནམ་མཁའ། ཕྱམ་མཉམ་ཡངས་པ་ཆེན་པོ་ཕྱལ་བ་ཟང་ཐལ་ཏེ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་ས་ལ་ཕྱམ་གདལ་བས། དུས་བཞི་ཆོས་ཉིད་ཀྱི་ཞིང་ན་ལྷུན་གྲུབ་སྤྲོས་པ་ཆོད་ནས། ཤེས་པ་རང་སངས། དྲན་པ་རང་ཟད། དགོངས་པ་ཡེ་གནས། གསལ་བ་བར་མེད་ལ་ཕྱམ་སངས་ཏེ། ཐམས་ཅད་རང་སྣང་དུ་ཤར་བ་ཙམ་ལས་གཞན་མ་མཐོང་བས་མཛད་པ་རང་ཤར་གྱི་དགོངས་པ་རྒྱུད་ལ་སྐྱེས་བ་སྙམ་བྱེད་དེ། གང་ཞེ་ན་ཀློང་དྲུག་པ་ལས། དེའི་ཚེ་སངས་རྒྱས་ཀྱི་མཛད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཏིལ་གྱི་གོང་བུ་བཞིན་དུ། སངས་རྒྱས་ཀྱི་མཛད་པར་རང་ཤར། རང་སྣང་། རང་གྲོལ། རང་རིག་རང་ཐོབ་ནས། ལྷ་དང་མི་ལ་སོགས་པ་རྣམས་ཀྱིས་ཀྱང་། སྟོང་པ་ཉིད་རང་བྱུང་གི་སྤྱོད་པ་ལ་གནས་ནས་ཤེས་པ་རྣམས་ཇི་བཞིན་མཉམ་པའི་ཀློང་དུ་རང་དག་ནས། རང་སངས།

[p. 534] རང་སད། རང་རྙེད་ནས། དྲན་པའི་རྒྱུན་རྣམས་དུས་གཅིག་ལ་ཆད་དོ། །བསམ་པ་ཐམས་ཅད་ཀྱང་རང་བཞིན་གྱིས་རྣམ་པར་དག་ནས་དགོངས་པ་རྣམས་ཅིག་ཆར་དང་། རིམ་གྱིས་དང་། མཐར་ཆགས་དང་། ཐོད་རྒལ་དང་། ཡེ་དག་དང་། ཡེ་གནས་དང་། ཡེ་རྫོགས་དང་། ཡེ་འབྱུང་དང་། ཡེ་བཀོད་དང་། ཡེ་གྲོལ་ཆེན་པོར་རང་གྲོལ་ནས། རང་ལ་རང་ངོ་མཚར། རང་ལ་རང་ཡིད་ཆེས། རང་ལ་རང་སྟོབས་སྐྱེས་ནས་ཞེས་རྒྱ་ཆེར་གསུངས་པ་དག་གོ །ད་ནི་དགོངས་པ་ཆོས་ཟད་ཀྱི་རྫོང་ལ་གནས་པས་དུས་གསུམ་འཕོ་འགྱུར་མེད་པར་དོན་བསྡུ་བ་ནི། ས་གཞི་རིན་ཆེན་ནམ་མཁའ་བར་སྣང་རྗོད། །རྟེན་མེད་ཡེ་གྲོལ་དགོངས་པར་ལྷུན་གྲུབ་པས། །སྲིད་གསུམ་སྣོད་བཅུད་ཡུལ་མེད་ཆེན་པོར་གྲོལ། །ཐམས་ཅད་ཡེ་གདོད་མ་ཉིད་ནས་སྐྱེ་བ་མེད་པ་དང་། གནས་པ་མེད་པ་དང་། འགག་པ་མེད་པས་རྟེན་སྣོད་ཀྱི་འཇིག་རྟེན་དུ་སྣང་བ་དང་། བརྟེན་པ་བཅུད་ཀྱི་སེམས་ཅན་སྲིད་པ་གསུམ་གྱིས་བསྡུས་པ་ཐམས་ཅད་ཡེ་མེད་དང་ཡུལ་མེད་དང་། རྟེན་མེད་དུ་དག་ཟིན་པས། ཅི་སྣང་ཅི་ཤར་ཡང་སྟོང་པ་ནམ་མཁའི་རྫོང་དུ་ངོ་བོ་ཡེ་སྟོང་ཆེན་པོར་གཞི་འཆོས། གསལ་བ་འགག་མེད་ནོར་བུའི་རྫོང་དུ་མེད་སྣང་སྟོང་པའི་གཟུགས་བརྙན་ཙམ་དུ་རང་གསལ། ཀུན་འབྱུང་རིག་པས་གཞིའི་རྫོང་དུ་དབྱིངས་གཅིག་སྔ་ཕྱི་གྲུབ་བསལ་མེད་པར་རང་གཅིག་པས། ཆོས་ཐམས་ཅད་ཆོས་ཟད་སྟོང་མཉམ་གདལ་པར་ལྷུན་གྱིས་གྲུབ་སྟེ།

[p. 535] རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་དགོངས་པ་མཐའ་གྲོལ་ཀློང་ཡངས་ཆེན་པོར་ལ་ཟློས་པ་ནི། ངོ་མཚར་གྱི་གསང་ཚིག་རྣམ་པ་བདུན་རང་གི་རྒྱུད་ལ་རང་ཤར་བ་སྙམ་བྱེད་པའི་མཐུས་རང་སྣང་བའོ། །གང་ཞེ་ན་རིན་པོ་ཆེ་སྤུངས་པ་ལས། དེ་ནས་སྟོན་པ་ཉིད་ཀྱིས་རང་ལ་ངོ་མཚར་བའི་ཚིག་གི་རྒྱལ་པོ་འདི་དག་རང་བྱུང་དུ་གསུངས་སོ། །ཨེ་མ་ཧོ། གསུང་གི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག །རང་གི་རིག་པ་ཉིད་སྐྱེ་ཤི་དང་བྲལ་བའི་གནད་ཀྱིས།

[edit]
BDRC typed e-text UT22920_003_0001/0002 as downloaded (the base text was made from it).

རེ་དོགས་གཉིས་འཛིན་གྱི་འབྲས་བུ་ལོག་པས་ཀ་དག་ཆོས་ཟད་ཀྱི་རིག་པ་རྗེན་ལ་བུད་དེ་རང་བྱུང་ཡེ་ཤེས་ཀྱི་ཟད་ས་མ་བགྲོད་རང་མལ་དུ་གནས་པས་བློ་བདེ་ཁོང་ནས་ཤར། སྤང་བླང་གི་ཆོས་ལ་ལེགས་ཉེས་ཀྱི་འཛིན་པ་སྟོར་བས་ཤོར་གོད་ཀྱི་འཕྲང་ལས་འདས་ཏེ། སྣང་ཤེས་ཕྱམ་ཕྱམ་དུ་གོ་གདལ། སང་སེང་བདེན་མེད་དུ་ཕྱང་ཆད། །འཁོར་འདས་རིག་པའི་ངང་དུ་རུ་ལོག །རིག་པ་ཆོས་དབྱིངས་ཀྱི་དོན་ཞེས་ཆོས་ཉིད་ཟང་ཐལ་དུ་རྟོག་རྟོག་པའང་སོ་ན་མེད། གང་ཡིན་དང་ཅི་ཡིན་གཏད་སོ་མེད་པས་འདི་ཡིན་དང་ངོས་གཟུང་གི་ཕྱོགས་ལས་འདས་ཏེ། ཕྱི་སྣང་བ་ལ་གཟུང་བའི་སེམས་བུད་པས་ཁྱེད་ཅག་གཞན་དུ་སྣང་བ་སྟོང་གཟུགས་ཀྱི་ལྟད་མོར་ཆེ་སྟེ་ཅི་བྱེད། བྱ་བ་དང་བྱེད་པའི་ཞེན་འཛིན་འདི་འདྲ་མི་འོང་དུ་ཐང་སྟེ་གཞི་མེད་རྨི་ལམ་གྱི་སྣང་བ་མཐོང་བས་ཉམས་དགའ། ནང་གཏད་འཛིན་སེམས་ཀྱི་རྟོག་ཕུར་དོན་པས་ང་དང་བདག་འཛིན་གྱི་ཐག་པ་བུད་དེ་རིག་པ་རང་ཡན་ཟང་ཐལ་གྱི་རྟ་ཕོ་དེ་བཙལ་གྱིས་མ་རྙེད་པས་གང་ན་འདུག་ཁོ་བོས་ཀྱང་མ་མཐོང་སྟེ། སྐྱེལ་ས་དང་ཐུག་ས་ཡིན་ཡིན་པོའི་ས་ཟིན་ནི་བདག་ལ་མེད། དེ་སྔ་རང་གསལ་རྗེན་པའི་ཆོས་སྐུ་མཚར་པོ་གཅིག་ཡོད་པ་དེ་གར་སོང་ཆ་མེད་ཀྱི་ཡུལ་དུ་བོར་བས། ད་ཡིན་མིན་དང་གནས་ལུགས་ཀྱི་འཛིན་པ་སྟོར་ནས་སྔར་ཤུལ་ཆོས་ཉིད་ཀྱི་རང་མལ་ན་མེད་པ་འདི་ལ། གྲོལ་འཁྲུལ་དང་ཆོས་སྐུའི་འབྲས་ཅི་བྱ། ཕྱི་སྣང་བ་ལ་བལྟས་པས་ཟང་མ་ཐལ། སང་མ་སེང༌། ཡལ་མ་ཡོལ། ར་མ་རི། འདིར་རྒྱག་དང་ཡིན་མིན་གྱིས་ཕྱོགས་རིས་སུ་མི་འདུག །ནང་རང་རིག་གི་ཤེས་པ་རང་མལ་ལ་བལྟས་པས། ཕྱ་སངས། སྟོང་ཡལ། རིས་མེད། རྟོག་སངས། ཕྱང་ཆད། རྗེས་མེད་ཕྱལ་བ་བར་སྣང་སྟོང་པའི་རང་བཞིན་དང་འདྲེས་ནས་ཁོ་བོ་ད་ལྟ་ཅི་ཡང་མེད་ན་ཁྱེད་ཅག་གང་ན་འདུག་ཧ་ཧ། འདིར་རྡོ་རྗེའི་གད་མོ་བཅུ་གཉིས་ཀྱི་དོན་རང་གི་རྒྱུད་ལ་སྐྱེས་པ་སྙམ་བྱེད་དོ། །གད་མོ་བཅུ་གཉིས་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་རིན་པོ་ཆེ་སྤུངས་པའི་རྒྱན་གྱིས། ཆོས་ཐམས་ཅད་ཀྱི་འཆར་ཚུལ་ཅིར་ཡང་མ་འགགས་པར་གཟིགས་པས། རང་ལ་ངོ་མཚར་སྐྱེས་ཏེ་རང་གི་གད་མོ་ཆེན་པོ་རྣམས། ཉིད་ཀྱིས་ཉིད་ལ་རང་བགད་པ་འདི་དག་ལྗགས་ཀྱི་དབང་པོ་ལས་རང་ཤར་རོ། །ཀྱེ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་སྙིང་པོ། ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང༌། དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་ངོ་མཚར། གཞི་མ་བསྐྱོད་པས་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོ་དངོས་པོ་གཤིས་ཀྱི་འདུག་ཚུལ་ལྟོས་དང༌། སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར། བདེ་སྡུག་ཇི་ལྟར་བསམས་ཀྱང་དོན་ལ་འགྱུར་བ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ལ་ལྟོས་དང༌། དྲན་བསམ་གྱི་སྤྱོད་པ་སྣ་ཚོགས་ཅིས་བྱས་ཀྱང་རོལ་པར་ཤར་བ་ངོ་མཚར། ཇི་ལྟར་བྱས་ཀྱང་སྐྱེ་མེད་ཀྱི་ཀློང་དུ་འགག་མེད་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ཆོས་ཉིད་སྟོང་པ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང༌། སྐྱེ་བ་མེད་པ་དང་ཡེ་ནས་ལྷན་ཅིག་ཏུ་གནས་པ་ངོ་མཚར། སྐྱེས་བུ་མཚོན་རྣོན་པོ་ཐོགས་ནས་འགྲོ་བ་རྣམས་དུས་གཅིག་ལ་བསྒྲལ་ཀྱང་གང་ཟག་དེའི་རྒྱུད་ལ་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རང་གི་ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང༌། གང་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་ཤར་བ་ངོ་མཚར། ཅིར་སྣང་རང་གི་གཞི་ལས་གཡོས་པ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོའི་རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང༌། རང་གི་གཉེན་པོར་རང་ཆེ་བ་ངོ་མཚར། ཉོན་མོངས་པ་རྣམས་རང་གིས་རང་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་སྟོང་པ་ཀུན་དག་གི་ངོ་བོ་ལ་ལྟོས་དང༌། འབད་རྩོལ་མེད་པར་འབྲས་བུ་རང་རྙེད་པ་ངོ་མཚར། གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ངོ་བོ་སྟོང་པ་ཆེན་པོ་ཀུན་གཞག་གི་ཚད་ལ་ལྟོས་དང༌། འགྲོ་དྲུག་སྐུ་གསུམ་དུ་སྣང་བ་ངོ་མཚར། འགྲོ་བ་རྣམས་ཀྱིས་བསྒོམ་པ་རྡུལ་ཙམ་ཡང་མ་བྱས་པར་དུས་གཅིག་ལ་སངས་རྒྱས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང༌། དུས་གསུམ་འདུ་འབྲལ་མེད་པ་ངོ་མཚར། ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པར་ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་ཅེར་གཞག་གི་ངོ་བོ་སྟོང་པ་ཆེན་པོ་ཀུན་མཉམ་ལ་ལྟོས་དང༌། བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ངོ་མཚར། སྤོང་ལེན་ཐམས་ཅད་ལྟ་བར་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པའི་སྟོང་པ་ཡེ་སྟོང་ཆེན་པོ་ལ་ལྟོས་དང༌། སངས་རྒྱས་ཐམས་ཅད་གཡང་སར་འདུག་པ་ངོ་མཚར། བྱ་བྱེད་བསྒོམས་པས་ལྟུང་བར་འགྱུར་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་མི་སྟོང་པའི་སྟོང་པ་དངོས་ཅན་ལ་ལྟོས་དང༌། མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་ངོ་མཚར། སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ་ཞེས་གསུངས་པས་གསུང་གི་རྡོ་རྗེ་ལ་སོགས་པའི་འཁོར་དེ་དག་རྣམས་ངོ་མཚར་ཆེན་པོའི་ཚིག་གིས་རབ་ཏུ་ཚིམ་ནས། སྣང་བ་ཐམས་ཅད་ངོ་མཚར་ཆེན་པོར་རང་ཤར། རང་སྣང༌། རང་གྲོལ། རང་ཐོབ་ནས། སྐུ་རྡོ་རྗེ་དང་གཉིས་སུ་མེད་པར་གྱུར་ཏོ་ཞེས་རྒྱ་ཆེར་གསུངས་པ་གང་ཡིན་པའོ། །འདིའི་དུས་ན་རྟོག་པ་རྒྱ་གྲོལ་དུ་ཤར་བས་ཆོས་ཉིད་རང་སྣང་གི་རོལ་པར་ལྷུན་གྱིས་གྲུབ་པ་ནི། སྣང་སྲིད་སྣོད་བཅུད་འཁྲུལ་པ་རུ་ལོག་པས། །ཉིན་མཚན་ཡེ་སངས་རང་སངས་ནམ་མཁའ་སངས། །ཞག་དང་ཚེས་སངས་ལོ་ཟླ་བསྐལ་པ་སངས། །གཅིག་སངས་ཀུན་སངས་ཆོས་དང་ཆོས་མིན་སངས། །འཁོར་འདས་འཁྲུལ་གཞི་གདོད་མའི་དབྱིངས་སུ་སངས། དབྱིངས་ཞེ་ཐ་སྙད་བློ་ཡི་ཆོས་སངས་པས། །གང་སྒྲུབ་ཅི་འབད་ད་ནི་ཅི་ཞིག་གཉེར། །འདོད་བློའི་འཁྲིས་ཟད་ནམ་མཁའ་ཡ་མཚན་ཆེ། །ཆོས་མེད་སྤྲང་པོའི་རང་བཞིན་དེ་འདྲར་ཟད། །རིག་པ་འཛིན་ཞེན་གྱི་ཆོས་ཟད་པས་སྣང་སྲིད་སྣོད་བཅུད་ཀྱི་འཁྲུལ་འཛིན་རུ་ལོག་སྟེ། འདི་ནི་འཁྲུལ་པའོ། །འདི་ནི་མ་འཁྲུལ་པའོ། །འདི་ནི་མ་འཁྲུལ་པའོ་ཞེས་ཐ་སྙད་དུ་བདེན་པར་འཛིན་པའི་གཏད་འཛིན་སྟོར་བས། མཐོང་སྣང་ཐམས་ཅད་ཕྱལ་བ་བར་མེད་གཅིག་ཏུ་རྒྱ་གྲོལ་ལ་སོང་སྟེ། དེ་སྔ་ཉིན་ཞག་ལ་སོག་པའི་ཆ་དང་རིང་ཐུང་དང་ངེས་ཆ་ཡོད་པའང་གཞི་མེད་ཟང་ཐལ་གྱི་སྣང་བར་སངས་ནས། བུ་ཆུང་རང་མལ་ན་བློ་བདེ་བའི་སྣང་བའམ། སྨྱོན་པ་བློ་བདེའི་སྣང་བ་ཤར་བ་ལྟར་ཕྱལ་བར་རང་ཤར་ཏེ། ཉིན་མོའི་སྣང་བ་རང་སངས་ཏེ་ཁྲ་ལམ་ལམ། མཚན་མོའི་སྣང་བ་རང་སངས་ཏེ་དོག་མེར་མེར། ཉིན་ཞག་གི་སྣང་བ་རང་སངས་ཏེ་གཞི་ཕྱལ་ཕྱལ། ཚེས་དང་ཟླ་བའི་སྣང་བ་སངས་ཏེ་ཕྱམ་སངས་སངས། ལོ་དང་བསྐལ་པའི་སྣང་བ་སངས་ཏེ་རྒྱ་ཁྲོལ་ཁྲོལ། གཅིག་དང་ཐ་དད་ཀྱི་ཆོས་སངས་པས་རྗེན་ཡེར་ཡེར། འཁྲུལ་གཞི་གདོད་མའི་དབྱིངས་སུ་སངས་པས་སྟོང་སངས་སངས། དབྱིངས་འཛིན་མཐར་ཐུག་གི་སྐྱེལ་སོ་སངས་པས་ཟང་ཐལ་ཐལ། གང་ཡང་སྒྲུབ་ཏུ་མེད་པ་སྟོང་ཉིད་ཀྱི་གོ་ར། ཅི་ཡང་འབད་དུ་མེད་པ་ཆོས་ཉིད་ཀྱི་ལུང་པ། དོན་གཉེར་སྨོན་པ་ཟད་པ་ཡིད་བཞིན་གྱི་ནོར་བུ། འདོད་བློའི་འཁྲི་བ་མེད་པ་ཆོས་ཟད་ཀྱི་ནམ་མཁའ། ཕྱམ་མཉམ་ཡངས་པ་ཆེན་པོ་ཕྱལ་བ་ཟང་ཐལ་ཏེ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་ས་ལ་ཕྱམ་གདལ་བས། དུས་བཞི་ཆོས་ཉིད་ཀྱི་ཞིང་ན་ལྷུན་གྲུབ་སྤྲོས་པ་ཆོད་ནས། ཤེས་པ་རང་སངས། དྲན་པ་རང་ཟད། དགོངས་པ་ཡེ་གནས། གསལ་བ་བར་མེད་ལ་ཕྱམ་སངས་ཏེ། ཐམས་ཅད་རང་སྣང་དུ་ཤར་བ་ཙམ་ལས་གཞན་མ་མཐོང་བས། མཛད་པ་རང་ཤར་གྱི་དགོངས་པ་རྒྱུད་ལ་སྐྱེས་པ་སྙམ་བྱེད་དེ། གང་ཞེ་ན་ཀློང་དྲུག་པ་ལས། དེའི་ཚེ་སངས་རྒྱས་ཀྱི་མཛད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཏིལ་གྱི་གོང་བུ་བཞིན་དུ། སངས་རྒྱས་ཀྱི་མཛད་པ་རང་ཤར། རང་སྣང༌། རང་གྲོལ། རང་རིག །རང་ཐོབ་ནས། ལྷ་དང་མི་ལ་སོགས་པ་རྣམས་ཀྱིས་ཀྱང༌། སྟོང་པ་ཉིད་རང་བྱུང་གི་སྤྱོད་པ་ལ་གནས་ནས་ཤེས་པ་རྣམས་ཇི་བཞིན་མཉམ་པའི་ཀློང་དུ་རང་དག་ནས། རང་སངས། རང་སད། རང་རྙེད་ནས། དྲན་པའི་རྒྱུན་རྣམས་དུས་གཅིག་ལ་ཆད་དོ། །བསམ་པ་ཐམས་ཅད་ཀྱང་རང་བཞིན་གྱིས་རྣམ་པར་དག་ནས་དགོངས་པ་རྣམས་ཅིག་ཆར་དང༌། རིམ་གྱིས་དང༌། མཐར་ཆགས་དང༌། ཐོད་རྒལ་དང༌། ཡེ་དག་དང༌། ཡེ་གནས་དང༌། ཡེ་རྫོགས་དང༌། ཡེ་འབྱུང་དང༌། ཡེ་བཀོད་དང༌། ཡེ་གྲོལ་ཆེན་པོར་རང་གྲོལ་ནས། རང་ལ་རང་ངོ་མཚར། རང་ལ་རང་ཡིད་ཆེས། རང་ལ་རང་སྟོབས་ཀྱིས་ནས་ཞེས་རྒྱ་ཆེར་གསུངས་པ་དག་གོ། །ད་ནི་དགོངས་པ་ཆོས་ཟད་ཀྱི་རྫོང་ལ་གནས་པས་དུས་གསུམ་འཕོ་འགྱུར་མེད་པར་དོན་བསྡུ་བ་ནི། ས་གཞི་རིན་ཆེན་ནམ་མཁའ་བར་སྣང་རྫོང༌། །རྟེན་མེད་ཡེ་གྲོལ་དགོངས་པར་ལྷུན་གྲུབ་པས། །སྲིད་གསུམ་སྣོད་བཅུད་ཡུལ་མེད་ཆེན་པོར་གྲོལ། །ཐམས་ཅད་ཡེ་གདོད་མ་ཉིད་ནས་སྐྱེ་བ་མེད་པ་དང༌། གནས་པ་མེད་པ་དང༌། འགག་པ་མེད་པས་རྟེན་སྣོད་ཀྱི་འཇིག་རྟེན་དུ་སྣང་བ་དང༌། བརྟེན་པ་བཅུད་ཀྱི་སེམས་ཅན་སྲིད་པ་གསུམ་གྱིས་བསྡུས་པ་ཐམས་ཅད་ཡེ་མེད་དང་ཡུལ་མེད་དང༌། རྟེན་མེད་དུ་དག་ཟིན་པས། ཅི་སྣང་ཅི་ཤར་ཡང་སྟོང་པ་ནམ་མཁའི་རྫོང་དུ་ངོ་བོ་ཡེ་སྟོང་ཆེན་པོར་གཞི་འཆོས། གསལ་བ་འགག་མེད་ནོར་བུའི་རྫོང་དུ་མེད་སྣང་སྟོང་པའི་གཟུགས་བརྙན་ཙམ་དུ་རང་གསལ། ཀུན་འབྱུང་རིག་པ་ས་གཞིའི་རྫོང་དུ་དབྱིངས་གཅིག་སྔ་ཕྱི་གྲུབ་བསལ་མེད་པར་རང་གཅིག་པས། ཆོས་ཐམས་ཅད་ཆོས་ཟད་སྟོང་མཉམ་གདལ་བར་ལྷུན་གྱིས་གྲུབ་སྟེ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་དགོངས་པ་མཐའ་གྲོལ་ཀློང་ཡངས་ཆེན་པོར་ལ་ཟློས་པ་ནི། ངོ་མཚར་གྱི་གསང་ཚིག་རྣམ་པ་བདུན་རང་གི་རྒྱུད་ལ་རང་ཤར་སྙམ་བྱེད་པའི་མཐུས་རང་སྣང་བའོ། །གང་ཞེ་ན་རིན་པོ་ཆེ་སྤུང་པ་ལས། དེ་ནས་སྟོང་པ་ཉིད་ཀྱིས་རང་ལ་ངོ་མཚར་བའི་ཚིག་གི་རྒྱལ་པོ་འདི་དག་རང་བྱུང་དུ་གསུངས་སོ། །ཨེ་མ་ཧོ། གསུང་གི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག །རང་གི་རིག་པ་ཉིད་སྐྱེ་ཤི་དང་བྲལ་བའི་གནད་ཀྱིས།

[edit]
rywikitexts e-text of the Beijing 2009 edition (vol. 16), with its page numbers ༼N༽.

རེ་དོགས་གཉིས་འཛིན་གྱི་འབྲས་བུ་ལོག་པས་ཀ་དག་ཆོས་ཟད་ཀྱི་རིག་པ་རྗེན་ལ་བུད་དེ་རང་བྱུང་ཡེ་ཤེས་ཀྱི་ཟད་ས་མ་བསྒྲོད་རང་མལ་དུ་གནས་པས་བློ་བདེ་ཁོང་ནས་ཤར། སྤང་བླང་གི་ཆོས་ལ་ལེགས་ཉེས་ཀྱི་འཛིན་པ་སྟོར་བས་ཤོར་གོད་ཀྱི་འཕྲང་ལས་འདས་ཏེ། སྣང་ཤེས་ཕྱམ་ཕྱམ་དུ་གོ་གདལ། སང་སེང་བདེན་མེད་དུ་ཕྱང་ཆད། འཁོར་འདས་རིག་པའི་ངང་དུ་རུ་ལོག» «རིག་པ་ཆོས་དབྱིངས་ཀྱི་དོན་ཞེས་ཆོས་ཉིད་ཟང་ཐལ་དུ་རྟོག་རྟོག་པའང་སོ་ན་མེད། གང་ཡིན་དང་ཅི་ཡིན་གཏད་སོ་མེད་པས་འདི་ཡིན་དང་ངོས་གཟུང་གི་ཕྱོགས་ལས་འདས་ཏེ། ཕྱི་སྣང་བ་ལ་གཟུང་བའི་སེམས་«༼༡༽«བུད་པས་ཁྱེད་ཅག་གཞན་དུ་སྣང་བ་སྟོང་གཟུགས་ཀྱི་ལྟད་མོར་ཆེ་སྟེ་ཅི་བྱེད། བྱ་བ་དང་བྱེད་པའི་ཞེན་འཛིན་འདི་འདྲ་མི་འོང་དུ་ཐང་སྟེ་གཞི་མེད་རྨི་ལམ་གྱི་སྣང་བ་མཐོང་བས་ཉམས་དགའ། ནང་གཏད་འཛིན་སེམས་ཀྱི་རྟོད་ཕུར་བཏོན་པས་ང་དང་བདག་འཛིན་གྱི་ཐག་པ་བུད་དེ་རིག་པ་རང་ཡན་ཟང་ཐལ་གྱི་རྟ་ཕོ་དེ་བཙལ་གྱིས་མ་རྙེད་པས་གང་ན་འདུག་ཁོ་བོས་ཀྱང་མ་མཐོང་སྟེ། སྐྱེལ་ས་དང་ཐུག་ས་ཡིན་ཡིན་པོའི་ས་ཟིན་ནི་བདག་ལ་མེད། དེ་སྔ་རང་གསལ་རྗེན་པའི་ཆོས་སྐུ་མཚར་པོ་གཅིག་ཡོད་པ་དེ་གར་སོང་ཆ་མེད་ཀྱི་ཡུལ་དུ་བོར་བས། ད་ཡིན་མིན་དང་གནས་ལུགས་ཀྱི་འཛིན་པ་སྟོར་ནས་སྔར་ཤུལ་ཆོས་ཉིད་ཀྱི་རང་མལ་ན་མེད་པ་འདི་ལ། གྲོལ་འཁྲུལ་དང་ཆོས་སྐུའི་འབྲས་བུས་ཅི་བྱ། ཕྱི་སྣང་བ་ལ་བལྟས་པས་ཟང་མ་ཐལ། སང་མ་སེང༌། ཡལ་མ་ཡོལ། ར་མ་རི། འདིར་རྒྱག་«༼༢༽«དང་ཡིན་མིན་གྱི་ཕྱོགས་རིས་སུ་མི་འདུག» «ནང་རང་རིག་གི་ཤེས་པ་རང་མལ་ལ་བལྟས་པས། ཕྱ་སངས། སྟོང་ཡལ། རིས་མེད། རྟོག་སངས། ཕྱང་ཆད། རྗེས་མེད་ཕྱལ་པ་བར་སྣང་སྟོང་པའི་རང་བཞིན་དང་འདྲེས་ནས་ཁོ་བོ་ད་ལྟ་ཅི་ཡང་མེད་ན་ཁྱེད་ཅག་གང་ན་འདུག་ཧ་ཧ། འདིར་རྡོ་རྗེའི་གད་མོ་བཅུ་གཉིས་ཀྱི་དོན་རང་གི་རྒྱུད་ལ་སྐྱེས་པ་སྙམ་བྱེད་དོ། །གད་མོ་བཅུ་གཉིས་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། དེ་ནས་སྟོན་པ་ཀུན་དུ་བཟང་པོ་རིན་པོ་ཆེ་སྤུངས་པའི་རྒྱན་གྱིས། ཆོས་ཐམས་ཅད་«༼༡༽«ཀྱི་འཆར་ཚུལ་ཅིར་ཡང་མ་འགགས་པར་གཟིགས་པས། རང་ལ་ངོ་མཚར་སྐྱེས་ཏེ་རང་གི་གད་མོ་ཆེན་པོ་རྣམས། ཉིད་ཀྱིས་ཉིད་ལ་རང་བགད་པ་འདི་དག་ལྗགས་ཀྱི་དབང་པོ་ལས་རང་ཤར་རོ། །ཀྱེ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་སྙིང་པོ། ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང༌། དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་ངོ་མཚར། གཞི་མ་བསྐྱོད་པས་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོ་དངོས་པོ་གཤིས་ཀྱི་འདུག་ཚུལ་ལ་ལྟོས་དང༌། སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར། བདེ་སྡུག་ཇི་ལྟར་བསམས་ཀྱང་དོན་ལ་འགྱུར་བ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗཻ་སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ལ་ལྟོས་དང༌། དྲན་བསམ་གྱི་སྤྱོད་པ་སྣ་ཚོགས་ཅི་བྱས་ཀྱང་རོལ་པར་ཤར་བ་ངོ་མཚར། ཇི་ལྟར་བྱས་ཀྱང་སྐྱེ་མེད་ཀྱི་ཀློང་དུ་འགག་མེད་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ཆོས་ཉིད་སྟོང་པ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང༌། སྐྱེ་བ་མེད་པ་དང་ཡེ་ནས་ལྷན་ཅིག་ཏུ་གནས་པ་ངོ་མཚར། སྐྱེས་བུས་མཚོན་རྣོན་པོ་ཐོགས་ནས་འགྲོ་བ་རྣམས་དུས་གཅིག་ལ་བསྒྲལ་ཀྱང་གང་ཟག་དེའི་རྒྱུད་ལ་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རང་གི་ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང༌། གང་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་ཤར་བ་ངོ་མཚར། ཅིར་སྣང་རང་གི་གཞི་ལས་གཡོས་པ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོ་རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང༌། རང་གི་གཉེན་པོར་རང་ཆེ་བ་ངོ་མཚར། ཉོན་མོངས་པ་རྣམས་རང་གིས་རང་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་སྟོང་པ་ཀུན་དག་གི་ངོ་བོ་ལ་ལྟོས་དང༌། འབད་རྩོལ་མེད་པར་འབྲས་བུ་རང་རྙེད་པ་ངོ་མཚར། གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ངོ་བོ་སྟོང་པ་ཆེན་པོ་ཀུན་གཞག་གི་ཚད་ལ་ལྟོས་དང༌། འགྲོ་དྲུག་སྐུ་གསུམ་དུ་སྣང་བ་ངོ་མཚར། འགྲོ་བ་རྣམས་ཀྱིས་བསྒོམ་པ་རྡུལ་ཙམ་ཡང་མ་བྱས་པར་དུས་གཅིག་ལ་སངས་རྒྱས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང༌། དུས་གསུམ་འདུ་འབྲལ་མེད་པ་ངོ་མཚར། ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པར་ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་ཅེར་གཞག་གི་ངོ་བོ་སྟོང་པ་ཆེན་པོ་ཀུན་མཉམ་ལ་ལྟོས་དང༌། བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ངོ་མཚར། སྤོང་ལེན་ཐམས་ཅད་ལྟ་བར་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པའི་སྟོང་པ་ཡེ་སྟོང་ཆེན་པོ་ལ་ལྟོས་དང༌། སངས་རྒྱས་ཐམས་ཅད་གཡང་སར་འདུག་པ་ངོ་མཚར། བྱ་བྱེད་བསྒོམས་པས་ལྟུང་བར་འགྱུར་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་མི་སྟོང་པའི་སྟོང་པར་དངོས་ཅན་ལ་ལྟོས་དང༌། མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་ངོ་མཚར། སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ་ཞེས་གསུངས་པས་གསུང་གི་རྡོ་རྗེ་ལ་སོགས་པའི་འཁོར་དེ་དག་རྣམས་ངོ་མཚར་ཆེན་པོའི་ཚིག་གིས་རབ་ཏུ་ཚིམ་ནས། སྣང་བ་ཐམས་ཅད་ངོ་མཚར་ཆེན་པོར་རང་ཤར། རང་སྣང༌། རང་གྲོལ། རང་ཐོབ་ནས། སྐུ་རྡོ་རྗེ་དང་གཉིས་སུ་མེད་པར་གྱུར་ཏོ་ཞེས་རྒྱ་ཆེར་གསུངས་པ་གང་ཡིན་པའོ། །འདིའི་དུས་ན་རྟོག་པ་རྒྱ་གྲོལ་དུ་ཤར་བས་ཆོས་ཉིད་རང་སྣང་གི་རོལ་པར་ལྷུན་གྱིས་གྲུབ་པ་ནི། སྣང་སྲིད་སྣོད་བཅུད་འཁྲུལ་པ་རུ་ལོག་པས། །ཉིན་མཚན་ཡེ་སངས་རང་སངས་ནམ་མཁའ་སངས། །ཞག་དང་ཚེས་སངས་ལོ་ཟླ་བསྐལ་པ་སངས། །» «གཅིག་སངས་ཀུན་སངས་ཆོས་དང་ཆོས་མིན་སངས། །འཁོར་འདས་འཁྲུལ་གཞི་གདོད་མའི་དབྱིངས་སུ་སངས། །དབྱིངས་ཞེས་ཐ་སྙད་བློ་ཡི་ཆོས་སངས་པས། །» «གང་སྒྲུབ་ཅི་འབད་ད་ནི་ཅི་ཞིག་གཉེར། །འདོད་བློའི་འཁྲིས་ཟད་ནམ་མཁའ་ཡ་མཚན་ཆེ། །ཆོས་མེད་སྤྲང་པོའི་རང་བཞིན་དེ་འདྲར་ཟད། །རིག་པ་འཛིན་ཞེན་གྱི་ཆོས་ཟད་པས་སྣང་སྲིད་སྣོད་བཅུད་ཀྱི་འཁྲུལ་འཛིན་རུ་ལོག་སྟེ། འདི་ནི་འཁྲུལ་པའོ། །འདི་ནི་མ་འཁྲུལ་པའོ་ཞེས་ཐ་སྙད་«༼༡༽«དུ་བདེན་པར་འཛིན་པའི་གཏད་འཛིན་སྟོར་བས། མཐོང་སྣང་ཐམས་ཅད་ཕྱལ་བ་བར་མེད་གཅིག་ཏུ་རྒྱ་གྲོལ་ལ་སོང་སྟེ། དེ་སྔ་ཉིན་ཞག་ལ་སོགས་པའི་ཆ་དང་རིང་ཐུང་དང་ངེས་ཆ་ཡོད་པའང་གཞི་མེད་ཟང་ཐལ་གྱི་སྣང་བར་སངས་ནས། བུ་ཆུང་རང་མལ་ན་བློ་བདེ་བའི་སྣང་བའམ། སྨྱོན་པ་བློ་བདེའི་སྣང་བ་ཤར་བ་ལྟར་ཕྱལ་བར་རང་ཤར་ཏེ། ཉིན་མོའི་སྣང་བ་རང་སངས་ཏེ་ཁྲ་ལམ་ལམ། མཚན་མོའི་སྣང་བ་རང་སངས་ཏེ་དོག་མེར་མེར། ཉིན་ཞག་གི་སྣང་བ་རང་སངས་ཏེ་གཞི་ཕྱལ་ཕྱལ། ཚེས་དང་ཟླ་བའི་སྣང་བ་སངས་ཏེ་ཕྱམ་སངས་སངས། ལོ་དང་བསྐལ་པའི་སྣང་བ་སངས་ཏེ་རྒྱ་ཁྲོལ་ཁྲོལ། གཅིག་དང་ཐ་དད་ཀྱི་ཆོས་སངས་པས་རྗེན་ཡེར་ཡེར། འཁྲུལ་གཞི་གདོད་མའི་དབྱིངས་སུ་སངས་པས་སྟོང་སངས་སངས། དབྱིངས་འཛིན་མཐར་ཐུག་གི་སྐྱེལ་སོ་སངས་པས་ཟང་ཐལ་ཐལ། གང་ཡང་སྒྲུབ་ཏུ་མེད་པ་སྟོང་ཉིད་ཀྱི་གོ་ར། ཅི་ཡང་འབད་དུ་མེད་པ་ཆོས་ཉིད་ཀྱི་ལུང་པ། དོན་གཉེར་སྨོན་པ་ཟད་པ་ཡིད་བཞིན་གྱི་ནོར་བུ། འདོད་བློའི་འཁྲི་བ་མེད་པ་ཆོས་ཟད་ཀྱི་ནམ་མཁའ། ཕྱམ་མཉམ་ཡངས་པ་ཆེན་པོ་ཕྱལ་བ་ཟང་ཐལ་ཏེ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་ས་ལ་ཕྱམ་གདལ་བས། དུས་བཞི་ཆོས་ཉིད་ཀྱི་ཞིང་ན་ལྷུན་གྲུབ་སྤྲོས་པ་ཆོད་ནས། ཤེས་པ་རང་སངས། དྲན་པ་རང་ཟད། དགོངས་པ་ཡེ་གནས། གསལ་བ་བར་མེད་ལ་ཕྱམ་སངས་ཏེ། ཐམས་ཅད་རང་སྣང་དུ་ཤར་བ་ཙམ་ལས་གཞན་མ་མཐོང་བས་མཛད་པ་རང་ཤར་གྱི་དགོངས་པ་རྒྱུད་ལ་སྐྱེས་པ་སྙམ་བྱེད་དེ། གང་ཞེ་ན་ཀློང་དྲུག་པ་ལས། དེའི་ཚེ་སངས་རྒྱས་ཀྱི་མཛད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཏིལ་གྱི་གོང་བུ་བཞིན་དུ། སངས་རྒྱས་ཀྱི་མཛད་པར་རང་ཤར། རང་སྣང༌། རང་གྲོལ། རང་རིག་རང་ཐོབ་ནས། ལྷ་དང་མི་ལ་སོགས་པ་རྣམས་ཀྱིས་ཀྱང༌། སྟོང་པ་ཉིད་རང་བྱུང་«༼༡༽«གི་སྤྱོད་པ་ལ་གནས་ནས་ཤེས་པ་རྣམས་ཇི་བཞིན་མཉམ་པའི་ཀློང་དུ་རང་དག་ནས། རང་སངས། རང་སད། རང་རྙེད་ནས། དྲན་པའི་རྒྱུན་རྣམས་དུས་གཅིག་ལ་ཆད་དོ། །བསམ་པ་ཐམས་ཅད་ཀྱང་རང་བཞིན་གྱིས་རྣམ་པར་དག་ནས་དགོངས་པ་རྣམས་ཅིག་ཆར་དང༌། རིམ་གྱིས་དང༌། མཐར་ཆགས་དང༌། ཐོད་རྒལ་དང༌། ཡེ་དག་དང༌། ཡེ་གནས་དང༌། ཡེ་རྫོགས་དང༌། ཡེ་འབྱུང་དང༌། ཡེ་བཀོད་དང༌། ཡེ་གྲོལ་ཆེན་པོར་རང་གྲོལ་ནས། རང་ལ་རང་ངོ་མཚར། རང་ལ་རང་ཡིད་ཆེས། རང་ལ་རང་སྟོབས་སྐྱེས་ནས་ཞེས་རྒྱ་ཆེར་གསུངས་པ་དག་གོ» «།ད་ནི་དགོངས་པ་ཆོས་ཟད་ཀྱི་རྫོང་ལ་གནས་པས་དུས་གསུམ་འཕོ་འགྱུར་མེད་པར་དོན་བསྡུ་བ་ནི། ས་གཞི་རིན་ཆེན་ནམ་མཁའ་བར་སྣང་རྫོང༌། །རྟེན་མེད་ཡེ་གྲོལ་དགོངས་པར་ལྷུན་གྲུབ་པས། །སྲིད་གསུམ་སྣོད་བཅུད་ཡུལ་མེད་ཆེན་པོར་གྲོལ། །ཐམས་ཅད་ཡེ་གདོད་མ་ཉིད་ནས་སྐྱེ་བ་མེད་པ་དང༌། གནས་པ་མེད་པ་དང༌། འགག་པ་མེད་པས་རྟེན་སྣོད་ཀྱི་འཇིག་རྟེན་དུ་སྣང་བ་དང༌། བརྟེན་པ་བཅུད་ཀྱི་སེམས་ཅན་སྲིད་པ་གསུམ་གྱིས་བསྡུས་པ་ཐམས་ཅད་ཡེ་མེད་དང་ཡུལ་མེད་དང༌། རྟེན་མེད་དུ་དག་ཟིན་པས། ཅི་སྣང་ཅི་ཤར་ཡང་སྟོང་པ་ནམ་མཁའི་རྫོང་དུ་ངོ་བོ་ཡེ་སྟོང་ཆེན་པོར་གཞི་འཆོས། གསལ་བ་འགག་མེད་ནོར་བུའི་རྫོང་དུ་མེད་སྣང་སྟོང་པའི་གཟུགས་བརྙན་ཙམ་དུ་རང་གསལ། ཀུན་འབྱུང་རིག་པ་ས་གཞིའི་རྫོང་དུ་དབྱིངས་གཅིག་སྔ་ཕྱི་གྲུབ་བསལ་མེད་པར་རང་«༼༡༽«གཅིག་པས། ཆོས་ཐམས་ཅད་ཆོས་ཟད་སྟོང་མཉམ་གདལ་བར་ལྷུན་གྱིས་གྲུབ་སྟེ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་དགོངས་པ་མཐའ་གྲོལ་ཀློང་ཡངས་ཆེན་པོར་ལ་ཟློས་པ་ནི། ངོ་མཚར་གྱི་གསང་ཚིག་རྣམ་པ་བདུན་རང་གི་རྒྱུད་ལ་རང་ཤར་བ་སྙམ་བྱེད་པའི་མཐུས་རང་སྣང་བའོ། །གང་ཞེ་ན་རིན་པོ་ཆེ་སྤུངས་པ་ལས། དེ་ནས་སྟོན་པ་ཉིད་ཀྱིས་རང་ལ་ངོ་མཚར་བའི་ཚིག་གི་རྒྱལ་པོ་འདི་དག་རང་བྱུང་དུ་གསུངས་སོ། །ཨེ་མ་ཧོ། གསུང་གི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག» «།རང་གི་རིག་པ་ཉིད་སྐྱེ་ཤི་དང་བྲལ་བའི་གནད་ཀྱིས།

[edit]
OCR of the BDRC scans (I1CZ5001), gorn05 tibocr 2026: BDRC OCR on 236 pages, Mitra OCR on 78 pages (the model with more recognisable syllables on each page).

[p. 914] རེ་དོགས་གཉིས་འཛིན་གྱི་འབྲས་བུ་ལོག་པས་ཀ་དག་ ཆོས་ཟད་ཀྱི་རིག་པ་རྗེན་ལ་བུད་དེ་རང་བྱུང་ཡེ་ཤེས་ཀྱི་ཟད་ས་མ་བགྲོད་རང་མལ་དུ་གནས་པས་བློ་བདེ་ཁོང་ནས་ཤར། སྤང་བླང་གི་ཆོས་ལ་ལེགས་ཉེས་ཀྱི་འཛིན་པ་སྟོར་བས་ཤོར་གོད་ཀྱི་འཕྲང་ལས་འདས་ཏེ། སྣང་ཤེས་ཕྱམ་ཕྱམ་དུ་གོ་གདལ། སང་སེང་བདེན་མེད་དུ་ཕྱང་ཆད། འཁོར་འདས་རིག་པའི་ངང་དུ་རུ་ལོག །རིག་པ་ཆོས་དབྱིངས་ཀྱི་དོན་ཞེས་ཆོས་ཉིད་ཟང་ཐལ་དུ་རྟོགས་རྟགས་པོའང་སོ་ན་མེད། གང་ཡིན་དང་ཅི་ ཡིན་གཏད་སོ་མེད་པས་འདི་ཡིན་དང་ངེས་གཟུང་གི་ཕྱོགས་ལས་འདས་ཏེ། ཕྱི་སྣང་བ་ལ་གཟུང་བའི་སེམས་བུད་པས་ཁྱེད་ཅག་གཞན་དུ་སྣང་བ་སྟོང་གཟུགས་ཀྱི་ལྟད་མོར་ཆེ་སྟེ་ཅི་བྱེད། བྱ་བ་དང་བྱེད་པའི་ཞེན་འཛིན་

[p. 915] ༄༅། །འདི་འདྲ་མི་འོང་དུ་ཐང་སྟེ་གཞི་མེད་རྨི་ལམ་གྱི་སྣང་བ་མཐོང་བས་ཉམས་དགའ། ནང་གཏད་འཛིན་སེམས་ཀྱི་རྟོད་བུར་དོན་བས་ང་དང་བདག་འཛིན་གྱི་ཐག་པ་བུད་དེ་རིག་པ་རང་ཡན་ ཟང་ཐལ་གྱི་རྟ་ཕོ་དེ་བཙལ་གྱིས་མ་རྙེད་པས་གང་དུ་འདུག་ཁོ་བོས་ཀྱང་མ་མཐོང་སྟེ། སྐྱེལ་ས་དང་ཐུག་ས་ཡིན་ཡིན་པོའི་ས་ཟིན་ནི་བདག་ལ་མེད། དེ་སྔ་རང་གསལ་རྗེན་པའི་ཆོས་སྐུ་མཚར་བོ་ཅིག་ཡོད་པ་ དེ་གར་སོང་ཆ་མེད་ཀྱི་ཡུལ་དུ་བོར་བས། ད་ཡིན་མིན་དང་གནས་ལུགས་ཀྱི་འཛིན་པ་སྟོར་ནས་སྔར་ཤུལ་ཆོས་ཉིད་ཀྱི་རང་མལ་ན་མེད་པ་འདི་ལ། གྲོལ་འཁྲུལ་དང་ཆོས་སྐུའི་འབྲས་བུ་ཅི་བྱ། ཕྱི་སྣང་བ་ལ་ བལྟས་པས་ཟང་མ་ཐལ། སང་མ་སེང་། ཡལ་མ་ཡོལ། ར་མ་རི། འདིར་རྒྱག་དང་ཡིན་མིན་གྱི་ཕྱོགས་རིས་སུ་མི་འདུག །ནང་རང་རིག་གི་ཤེས་པ་རང་མལ་ལ་བལྟས་པས། ཕྱ་སངས། སྟོང་ཡལ། རིས་ མེད༑ རྟོག་སངས། ཕྱང་ཆད༑ རྗེས་མེད་བྱལ་པ་བར་སྣང་སྟོང་པའི་རང་བཞིན་དང་འདྲེས་ནས་ཁོ་བོ་ད་ལྟ་ཅི་ཡང་མེད་ན་ཁྱེད་ཅག་གང་ན་འདུག་ཧ་ཧ། འདིར་རྡོ་རྗེའི་གད་མོ་བཅུ་གཉིས་ཀྱི་དོན་རང་གི་རྒྱུད་ ལ་སྐྱེས་པ་སྙམ་བྱེད་དོ། །གད་མོ་བཅུ་གཉིས་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། དེ་ནས་སྟོན་པ་ཀུན་དུ་བཟང་པོ་རིན་པོ་ཆེ་སྤུངས་པའི་རྒྱན་གྱིས། ཆོས་ཐམས་ཅད་ཀྱི་འཆར་ཚུལ་ཅིར་ཡང་མ་འགགས་

[p. 916] བར་གཟིགས་པས། རང་ལ་ངོ་མཚར་སྐྱེ་ཏེ་རང་གིས་གད་མོ་ཆེན་པོ་རྣམས། ཉིད་ཀྱིས་ཉིད་ལ་རང་བགྲད་པ་འདི་དག་ལྗགས་ཀྱི་དབང་པོ་ལས་རང་ཤར་རོ། །ཀྱེ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་སྙིང་པོ། ལྟ་བ་ རང་བྱུང་གི་ཡེ་ཤེས་ལ་ལྟོས་དང་། དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་ངོ་མཚར། གཞི་མ་བསྐྱོད་པས་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོ་དངོས་པོ་གཤིས་ ཀྱི་འདུག་ཚུལ་ལ་ལྟོས་དང་། སྣང་བ་འདི་སྤུ་མ་བརྗེས་མ་དོག་མ་བསྒྱུར་བ་ངོ་མཚར། བདེ་སྡུག་ཇི་ལྟར་བསམས་ཀྱང་དོན་ལ་འགྱུར་བ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ལ་ལྟོས་ དང་། དྲན་བསམ་གྱི་སྤྱོད་པ་སྣ་ཚོགས་ཅི་བྱས་ཀྱང་རོལ་པར་ཤར་བ་ངོ་མཚར། ཇི་ལྟར་བྱས་ཀྱང་སྐྱེ་མེད་ཀྱི་ཀློང་དུ་འགག་མེད་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ཆོས་ཉིད་སྟོང་པ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་ དང་། སྐྱེ་བ་མེད་པ་དང་ཡེ་ནས་ལྷན་ཅིག་ཏུ་གནས་པ་ངོ་མཚར། སྐྱེས་བུས་མཚོན་རྣོན་པོ་ཐོགས་ནས་འགྲོ་བ་རྣམས་དུས་གཅིག་ལ་བསྒྲལ་ཀྱང་གང་ཟག་དེའི་རྒྱུད་ལ་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་ གི་རྡོ་རྗེ་རང་གི་ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང་། གང་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་ཤར་བ་ངོ་མཚར། ཅིར་སྣང་རང་གི་གཞི་ལས་གཡོས་པ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་

[p. 917] ༄༅། །པོའི་རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང་། རང་གི་གཉེན་པོར་རང་ཆེ་བ་ངོ་མཚར། ཉོན་མོངས་པ་རྣམས་རང་གིས་རང་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་སྟོང་ པ་ཀུན་དག་གི་ངོ་བོ་ལ་ལྟོས་དང་། འབད་རྩོལ་མེད་པར་འབྲས་བུ་རང་རྙེད་པ་ངོ་མཚར། གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ངོ་བོ་སྟོང་པ་ཆེན་པོ་ཀུན་ བཞག་གི་ཚད་ལ་ལྟོས་དང་། འགྲོ་དྲུག་སྐུ་གསུམ་དུ་སྣང་བ་ངོ་མཚར། འགྲོ་བ་རྣམས་ཀྱིས་བསྒོམ་པ་རྡུལ་ཙམ་ཡང་མ་བྱས་པར་དུས་གཅིག་ལ་སངས་རྒྱས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཡེ་ རྫོགས་ཀྱི་འབྲས་བུ་ལ་ལྟོས་དང་། དུས་གསུམ་འདུ་འབྲལ་མེད་པ་ངོ་མཚར། ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པར་ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་ཅེར་གཞག་གི་ངོ་བོ་ སྟོང་པ་ཆེན་པོ་ཀུན་མཉམ་ལ་ལྟོས་དང་། བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ངོ་མཚར། །སྤོང་ལེན་ཐམས་ཅད་ལྟ་བར་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པའི་སྟོང་པ་ཡེ་སྟོང་ཆེན་པོ་ལ་ལྟོས་དང་། སངས་ རྒྱས་ཐམས་ཅད་གཡངས་སར་འདུག་པ་ངོ་མཚར། བྱ་བྱེད་བསྒོམས་པས་ལྟུང་བར་འགྱུར་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་མི་སྟོང་པའི་སྟོང་པ་དངོས་ཅན་ལ་ལྟོས་དང་། མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་ངོ་

[p. 918] མཚར། སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ་ཞེས་གསུངས་པས་གསུང་གི་རྡོ་རྗེ་ལ་སོགས་པའི་འཁོར་དེ་དག་རྣམས་ངོ་མཚར་ཆེན་པོའི་ཚིག་གིས་རབ་ཏུ་ཚིམ་ནས། སྣང་བ་ཐོ་མེད་ཅད་ངོ་མཚར་ཆེན་པོར་རེ་དེ་ཤར་ རང་སྣང་། རང་གྲོལ། རང་ཐོབ་ནས། སྐུ་རྡོ་རྗེ་དང་གཉིས་སུ་མེད་པར་གྱུར་ཏོ་ཞེས་རྒྱ་ཆེར་གསུངས་པ་གང་ཡིན་པའོ། །འདིའི་དུས་ན་རྟོག་པ་རྒྱ་གྲོལ་དུ་ཤར་བས་ཆོས་ཉིད་རང་སྣང་གི་རོལ་བར་ལྷུན་གྱིས་གྲུབ་ པ་ནི། སྣང་སྲིད་སྣོད་བཅུད་འཁྲུལ་པ་རུ་ལོག་པས། །ཉིན་མཚན་ཡ་སངས་རང་སངས་ནམ་མཁའ་སངས། །ཞག་དང་ཚེས་སངས་ལོ་ཟླ་བསྐལ་པ་སངས། །གཅིག་སངས་ཀུན་སངས་ཆོས་དང་ཆོས་མིན་ སངས། །འཁོར་འདས་འཁྲུལ་གཞི་གདོད་མའི་དབྱིངས་སུ་སངས། །དབྱིངས་ཞེས་ཐ་སྙད་བློ་ཡི་ཆོས་སངས་པས། །གང་སྒྲུབ་ཅི་འབད་ད་ནི་ཅི་ཞིག་གཉེར། །འདོད་བློའི་འཁྲིས་ཟད་ནམ་མཁའ་ཡ་ མཚན་ཆེ། །ཆོས་མེད་སྤང་པོའི་རང་བཞིན་དེ་འདྲར་ཟད། །རིག་པ་འཛིན་ཞེན་གྱི་ཆོས་ཟད་པས་སྣང་སྲིད་སྣོད་བཅུད་ཀྱི་འཁྲུལ་འཛིན་རུ་ལོག་སྟེ། འདི་ནི་འཁྲུལ་པའོ། །འདི་ནི་མ་འཁྲུལ་པའོ་ཞེས་ཐ་ སྙད་དུ་བདེན་པར་འཛིན་པའི་གཏང་འཛིན་སྟོར་པས། མཐོང་སྣང་ཐམས་ཅད་ཕྱལ་པ་བར་མེད་གཅིག་ཏུ་རྒྱ་གྲོལ་ལ་སོང་སྟེ། དེ་སྔ་ཉིན་ཞག་ལ་སོགས་པའི་ཆ་དང་རིང་ཐུང་དང་ངེས་ཆ་ཡོད་པའང་གཞི་

[p. 919] ༄༅། །མེད་ཟང་ཐལ་གྱི་སྣང་བར་སངས་ནས། བུ་ཆུང་རང་མལ་ན་བློ་བདེ་བ་ལ་སྣང་བ་འམ། སྨྱོན་པ་བློ་བདེའི་སྣང་བ་ཤར་བ་ལྟར་ཕྱལ་བར་རང་ཤར་ཏེ། ཉིན་མོའི་སྣང་བ་རང་སངས་ཏེ་ཁྲ་ ལམ་ལམ། མཚན་མོའི་སྣང་བ་རང་སངས་དེ་དོག་མེར་མེར། ཉིན་ཞག་གི་སྣང་བ་རང་སངས་ཏེ་གཞི་ཕྱལ་ཕྱལ། ཚེས་དང་ཟླ་བའི་སྣང་བ་སངས་ཏེ་ཕྱམ་སངས་སངས། ལོ་དང་བསྐལ་པའི་སྣང་བ་ སངས་ཏེ་རྒྱ་ཁྲོལ་ཁྲོལ། གཅིག་དང་ཐ་དད་ཀྱི་ཆོས་སངས་པས་རྗེན་ཡེར་ཡེར། འཁྲུལ་གཞི་གདོད་མའི་དབྱིངས་སུ་སངས་པས་སྟོང་སངས་སངས། དབྱིངས་འཛིན་མཐར་ཐུག་གི་སྐྱེལ་སོ་སོ་སངས་པས་ ཟང་ཐལ་ཐལ། གང་ཡང་སྒྲུབ་ཏུ་མེད་པ་སྟོང་ཉིད་ཀྱི་གོར། ཅི་ཡང་འབད་དུ་མེད་པ་ཆོས་ཉིད་ཀྱི་ལུང་པ། དོན་གཉེར་སྨོན་པ་ཟང་པ་ཡིད་བཞིན་གྱི་ནོར་བུ། འདོད་བློའི་འཁྲི་བ་མེད་པ་ཆོས་ཟད་ཀྱི་ནམ་ མཁའ། ཕྱམ་མཉམ་ཡངས་པ་ཆེན་པོ་ཕྱལ་པ་ཟང་ཐལ་ཏེ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་ས་ལ་ཕྱམ་གདལ་བས། དུས་བཞི་ཆོས་ཉིད་ཀྱི་ཞིང་ན་ལྷུན་གྲུབ་སྤྲོས་པ་ཆོད་ནས། ཤེས་པ་རང་སངས། དྲན་ པ་རང་ཟད། དགོངས་པ་ཡེ་གནས། གསལ་བ་བར་མེད་ལ་ཕྱམ་སངས་ཏེ། ཐམས་ཅད་རང་སྣང་དུ་ཤར་བ་ཙམ་ལས་གཞན་མ་མཐོང་བས། མཛད་པ་རང་ཤར་གྱི་དགོངས་པ་རྒྱུད་ལ་སྐྱེས་པ་སྙམ་བྱེད་དེ།

[p. 920] གང་ཞེ་ན་ཀློང་དྲུག་པ་ལས། དེའི་ཚེ་སངས་རྒྱས་ཀྱི་མཛད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཎི་ལ་གྱི་གང་བུ་བཞིན་དུ། སངས་རྒྱས་ཀྱི་མཛད་པར་རང་ཤར། རང་སྣང་། རང་གྲོལ། རང་རིག །རང་ཐོབ་ནས། ལྷ་དང་མི། ལ་སོགས་པ་རྣམས་ཀྱིས་ཀྱང་། སྟོང་པ་ཉིད་རང་བྱུང་གི་སྤྱོད་པ་ལ་གནས་ནས་ཤེས་པ་རྣམས་ཇི་བཞིན་མཉམ་པའི་ཀློང་དུ་རང་དག་ནས། རང་སངས། རང་སང་། རང་རྙེད་ནས། དྲན་པའི་རྒྱུན་རྣམས་དུས་གཅིག་ལ་ ཆད་དོ། །བསམ་པ་གཡས་ཅད་ཀྱང་རང་བཞིན་གྱིས་རྣམ་པར་དག་ནས་དགོངས་པ་རྣམས་ཅིག་ཅར་དང་། རིམ་གྱིས་དང་། མཐར་ཆགས་དང་། འོད་རྒལ་དང་། ཡེ་དག་དང་། ཡེ་གནས་དང་། ཡེ་རྫོགས་དང་། ཡེ་ འབྱུང་དང་། ཡེ་བཀོད་དང་། ཡེ་གྲོལ་ཆེན་པོར་རང་གྲོལ་ནས། རང་ལ་རང་ངོ་མཚར། རང་ལ་རང་ཡིད་ཆེས། རང་ལ་རང་སྟོབས་སྐྱེས་ནས་ཞེས་རྒྱ་ཆེར་གསུངས་པ་དག་གོ། ད་ནི་དགོངས་པ་ཆོས་ཟད་ཀྱི་རྫོང་ལ་ ལ་གནས་པས་དུས་གསུམ་འཕོ་འགྱུར་མེད་པར་དོན་བསྡུ་བ་ནི། ས་གཞི་རིན་ཆེན་ནམ་མཁའ་བར་སྣང་རྫོང་། །རྟེན་མེད་ཡེ་གྲོལ་དགོངས་པར་ལྷུན་གྲུབ་པས། །སྲིད་གསུམ་སྣོད་བཅུད་ཡུལ་མེད་ཆེན་པོར་ གྲོལ། །ཐམས་ཅད་ཡེ་གདོད་མ་ཉིད་ནས་སྐྱེ་བ་མེད་པ་དང་། གནས་པ་མེད་པ་དང་། འགག་པ་མེད་པས་རྟེན་སྣོད་ཀྱི་འཇིག་རྟེན་དུ་སྣང་བ་དང་། བརྟེན་པ་བཅུད་ཀྱི་སེམས་ཅན་སྲིད་པ་གསུམ་གྱིས་བསྡུས་པ་

[p. 921] ༄༅། །ཐམས་ཅད་ཡེ་མེད་དང་ཡུལ་མེད་དང་། རྟེན་མེད་དུ་དག་ཟིན་པས། ཅི་སྣང་ཅི་ཤར་ཡང་སྟོང་པ་ནམ་མཁའི་རྫོང་དུ་ངོ་བོ་ཡེ་སྟོང་ཆེན་པོར་གཞི་འཆོས། གསལ་བ་འགག་མེད་ ནོར་བུའི་རྫོང་དུ་མེད་སྣང་སྟོང་པའི་གཟུགས་བརྙན་ཙམ་དུ་རང་གསལ། ཀུན་འབྱུང་རིག་པ་ས་གཞིའི་རྫོང་དུ་དབྱིངས་གཅིག་སྔ་ཕྱི་གྲུབ་བསལ་མེད་པར་རང་གཅིག་པས། ཆོས་ཐམས་ཅད་ཆོས་ཟད་སྟོང་ མཉམ་གདལ་བར་ལྷུན་གྱིས་གྲུབ་སྟེ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་དགོངས་པ་མཐའ་གྲོལ་ཀློང་ཡངས་ཆེན་པོར་ལ་ཟློས་པ་ནི། ངོ་མཚར་གྱི་གསང་ཚིག་རྣམ་པ་བདུན་རང་གི་རྒྱུད་ལ་རང་ཤར་ བ་སྙམ་བྱེད་པའི་མཐུས་རང་སྣང་བའོ། །གང་ཞེ་ན་རིན་པོ་ཆེ་སྤུངས་པ་ལས། དེ་ནས་སྟོན་པ་ཉིད་ཀྱིས་རང་ལ་ངོ་མཚར་བའི་ཚིག་གི་རྒྱལ་པོ་འདི་དག་རང་བྱུང་དུ་གསུངས་སོ། །ཨེ་མ་ཧོ། གསུང་ གི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག །རང་གི་རིག་པ་ཉིད་སྐྱེ་ཤི་དང་བྲལ་བའི་གནད་ཀྱིས།

[edit]
OCR of the BDRC scans (I2PD20601, I2PD20602), gorn05 tibocr 2026: BDRC OCR on 244 pages, Mitra OCR on 127 pages (the model with more recognisable syllables on each page).

[p. 238] རེ་དོགས་གཉིས་འཛིན་གྱི་འབྲས་བུ་ལོག་པས་ཀ་དག་ཆོས་ཟད་ཀྱི་རིག་པ་རྗེན་ལ་བུད་དེ་རང་བྱུང་ཡེ་ཤེས་ཀྱི་ཟད་ས་མ་བགྲོད་རང་མལ་དུ་གནས་པས་བློ་བདེ་ཁོང་ནས་ཤར། སྤང་བླང་གི་ཆོས་ལ་ལེགས་ཉེས་ཀྱི་འཛིན་པ་སྟོང་པས་ཤོར་གོད་ཀྱི་འཕྲང་ལས་འདས་ཏེ། སྣང་ཤེས་ཕྱམ་ཕྱམ་དུ་གོ་གདལ། སང་སེང་བདེན་མེད་དུ་ཕྱར་ཆད། འཁོར་འདས་རིག་པའི་ངང་དུ་རུ་ལོག །རིག་པ་ཆོས་དབྱིངས་ཀྱི་དོན་ཞེས་ཆོས་ཉིད་ཟང་ཐལ་དུ་རྟོག་རྟོག་པའང་སོ་ན་མེད། གང་

[p. 239] ༄༅། །ཡིན་དང་ཅི་ཡིན་གཏད་སོ་མེད་པས་འདི་ཡིན་དང་ངོ་མ་གཟུང་གི་ཕྱོགས་ལས་འདས་ཏེ། ཕྱི་སྣང་བ་ལ་གཟུང་བའི་སེམས་བུད་པས་ཁྱེད་ཅག་གཞན་དུ་སྣང་བ་སྟོང་གཟུགས་ཀྱི་ལྟད་མོར་ཆེ་སྟེ་ཅི་བྱེད། བྱ་བ་དང་བྱེད་པའི་ཞེན་ འཛིན་འདི་འདྲ་མི་འོང་དུ་ཐང་སྟེ་གཞི་མེད་རྨི་ལམ་གྱི་སྣང་བ་མཐོང་བས་ཉམས་དགའ། ནང་གཏད་འཛིན་སེམས་ཀྱི་རྟོད་བུར་དོན་པས་ང་དང་བདག་འཛིན་གྱི་ཐག་པ་བུད་དེ་རིག་པ་རང་ཡན་ཟང་ཐལ་གྱི་རྟ་བོ་དེ་བཙལ་གྱིས་མ་རྙེད་པས་གང་ན་འདུག་ཁོ་བོས་ ཀྱང་མ་མཐོང་སྟེ། སྐྱེལ་ས་དང་ཐུགས་ཡིན་ཡིན་པོའི་ས་ཟིན་ནི་བདག་ལ་མེད། དེ་སྔར་རང་གསལ་རྗེན་པའི་ཆོས་སྐུ་མཚར་པོ་ཅིག་ཡོད་པ་དེ་གར་སོང་ཆ་མེད་ཀྱི་ཡུལ་དུ་བོར་བས། ད་ཡིན་མིན་དང་གནས་ལུགས་ཀྱི་འཛིན་པ་སྟོར་ནས་སྔར་ཤལ་ཆོས་ ཉིད་ཀྱི་རང་མལ་ན་མེད་པ་འདི་ལ། གྲོལ་འཁྲུལ་དང་ཆོས་སྐུའི་འབྲས་བུ་ཅི་དྲ། ཕྱི་སྣང་བ་ལ་བལྟས་པས་ཟང་མ་ཐལ། སང་མ་སེང་། ཡལ་མ་ཡོལ། ར་མ་རི། འདིར་རྒྱག་དང་ཡིན་མིན་གྱི་ཕྱོགས་རིས་སུ་མི་འདུག །ནང་རང་རིག་གི་ཤེས་ པ་རང་མལ་ལ་བལྟས་པས། ཕྱྭ་སངས། སྟོང་ཡལ། རེས་མེད། རྟོགས་ངས། ཕྱང་ཆད། རྗེས་མེད་ཕྱལ་པ་བར་སྣང་སྟོང་པའི་རང་བཞིན་དང་འདྲེས་ནས་ཁོ་བོ་ད་ལྟ་ཅི་ཡང་མེད་ན་ཁྱེད་ཅག་གང་ན་འདུག་ཧ་ཧ། འདིར་རྡོ་རྗེའི་གད་མོ་ང་ཅུ་གཉིས་ཀྱི་དོན་ རང་གི་རྒྱུད་ལ་སྐྱེས་པ་སྙམ་བྱེད་དོ། །གད་མོ་བཅུ་གཉིས་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་རིན་པོ་ཆེ་སྤུངས་པའི་རྒྱན་གྱིས། ཆོས་ཐམས་ཅད་ཀྱི་འཆར་ཚུལ་ཅིར་ཡང་མ་འགགས་པར་གཟིགས་པས། རང་ལ་ངོ་མཚར་ སྐྱེས་ཏེ་རང་གི་གད་མོ་ཆེན་པོ་རྣམས། ཉིད་ཀྱིས་ཉིད་ལ་རང་བགད་པ་འདི་དག་ལྗགས་ཀྱི་དབང་པོ་ལས་རང་ཤར་རོ། །ཀྱེ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་སྙིང་པོ། ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང་། དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་

[p. 240] ངོ་མཚར། གཞི་མ་བསྐྱོད་པས་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་ཕན་གནོད་དང་ཕྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོ་དངོས་པོ་གཤིས་ཀྱི་འདུག་ཚུལ་ལ་ལྟོས་དང་། སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར། བདེ་སྡུག་ཇི་ལྟར་ཟས་མས་ཀྱང་དོན་ལ་འགྱུར་བ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ལ་ལྟོས་དང་། དྲན་པས་མ་གྱི་སྤྱོད་པ་སྣ་ཚོགས་ཅི་བྱས་ཀྱང་རོལ་པར་ཤར་ངོ་མཚར། ཇི་ལྟར་བྱས་ཀྱང་སྐྱེ་མེད་ཀྱི་ཀློང་དུ་འགག་མེད་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ཆོས་ཉིད་སྟོང་པ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང་། སྐྱེ་བ་མེད་པ་དང་ཡེ་ནས་ལྷན་ཅིག་ཏུ་གནས་པ་ངོ་མཚར། སྐྱེས་བུས་མཚོན་རྣོན་པོ་ཐོགས་ནས་འགྲོ་བ་རྣམས་དུས་གཅིག་ལ་བསྒྲལ་ཀྱང་གང་ཟག་དེའི་རྒྱུད་ལ་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རང་གི་ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང་། གང་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་ཤར་བ་ངོ་མཚར། ཅིར་སྣང་རང་གི་གཞི་ལས་གཡོས་པ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོའི་རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང་། རང་གི་གཉེན་པོར་རང་ཆེ་བ་ངོ་མཚར། ཉོན་མོངས་པ་རྣམས་རང་གིས་རང་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་སྟོང་པ་ཀུན་དག་གི་ངོ་བོ་ལ་ལྟོས་དང་། འབད་རྩོལ་མེད་པར་འབྲས་བུ་རང་རྙེད་པ་ངོ་མཚར། གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ངོ་བོ་སྟོང་པ་ཆེན་པོ་ཀུན་གཞག་གི་ཚད་ལ་ལྟོས་དང་། འགྲོ་དྲུག་སྐུ་གསུམ་དུ་སྣང་བ་ངོ་མཚར། འགྲོ་བ་རྣམས་ཀྱིས་བསྒོམ་པ་རྡུལ་ཙམ་ཡང་མ་བྱས་པར་དུས་གཅིག་ལ་སངས་རྒྱས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང་། དུས་གསུམ་འདུ་འབྲལ་མེད་པ་ངོ་མཚར། ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པར་ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་ཅེར་

[p. 241] ༄༅། །གཞག་གི་ངོ་བོ་སྟོང་པ་ཆེན་པོ་ཀུན་མཉམ་ལ་ལྟོས་དང་། བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ངོ་མཚར། སྤོང་ལེན་ཐམས་ཅད་ལྟ་བར་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པའི་སྟོང་པ་ཡེ་སྟོང་ཆེན་པོ་ལ་ལྟོས་དང་། སངས་ རྒྱས་ཐམས་ཅད་གཡང་སར་འདུག་པ་ངོ་མཚར། བྱ་བྱེད་བསྒོམས་པས་ལྟུང་བར་འགྱུར་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་མི་སྟོང་པའི་སྟོང་པ་དངོས་ཅན་ལ་ལྟོས་དང་། མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་ངོ་མཚར། སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ་ཞེས་གསུངས་པས་ གསུང་གི་རྡོ་རྗེ་ལ་སོགས་པའི་འཁོར་དེ་དག་རྣམས་ངོ་མཚར་ཆེན་པོའི་ཚིག་གིས་རབ་ཏུ་ཚིམ་ནས། སྣང་བ་ཐམས་ཅད་ངོ་མཚར་ཆེན་པོར་རང་ཤར། རང་སྣང་། རང་གྲོལ། རང་ཐོབ་ནས། སྐུ་རྡོ་རྗེ་དང་གཉིས་སུ་མེད་པར་གྱུར་ཏོ་ཞེས་རྒྱ་ཆེར་གསུངས་པ་གང་ ཡིན་པའོ། །འདིའི་དུས་ན་རྟོག་པ་རྒྱ་གྲོལ་དུ་ཤར་བས་ཆོས་ཉིད་རང་སྣང་གི་རོལ་པར་ལྷུན་གྱིས་གྲུབ་པ་ནི། སྣང་སྲིད་སྣོད་བཅུད་འཁྲུལ་པ་རུ་ལོག་པས། །ཉིན་མཚན་ཡེ་སངས་རང་སངས་ནམ་མཁའ་སངས། །ཞག་དང་ཆོས་སངས་ལོ་ཟླ་བསྐལ་པ་ སངས། །གཅིག་སངས་ཀུན་སངས་ཆོས་དང་ཆོས་མིན་སངས། །འཁོར་འདས་འཁྲུལ་གཞི་གདོད་མའི་དབྱིངས་སུ་སངས། །དབྱིངས་ཞེས་ཐ་སྙད་བློ་ཡི་ཆོས་སངས་པས། །གང་སྒྲུབ་ཅི་འབད་ད་ནི་ཅི་ཞིག་གཉེར། །འདོད་བློའི་འཁྲིས་ཟད་ནམ་ མཁའ་ཡ་མཚན་ཆེ། །ཆོས་མེད་སྤྲང་པོའི་རང་བཞིན་དེ་འདྲར་ཟད། །རིག་པ་འཛིན་ཞེན་གྱི་ཆོས་ཟད་པས་སྣང་སྲིད་སྣོད་བཅུད་ཀྱི་འཁྲུལ་འཛིན་རུ་ལོག་སྟེ། འདི་ནི་འཁྲུལ་པའོ། །འདི་ནི་མ་འཁྲུལ་བའོ་ཞེས་ཐ་སྙད་དུ་བདེན་པར་འཛིན་ པའི་གཏད་འཛིན་སྟོང་པས། མཐོང་སྣང་ཐམས་ཅད་ཕྱལ་པ་བར་མེད་གཅིག་ཏུ་རྒྱ་གྲོལ་ལ་སོང་སྟེ། དེ་སྔ་ཉིན་ཞག་ལ་སོགས་པའི་ཆ་དང་རིང་ཐུང་དང་ངེས་ཆ་ཡོད་པའང་གཞི་མེད་ཟང་ཐལ་གྱི་སྣང་བར་སངས་ནས། བུ་ཆུང་རང་མ་ལན་བློ་བདེ་བ་

[p. 242] ལ་སྣང་བ་འོ་མ། སྨྱོན་པ་བློ་བདེའི་སྣང་བ་ཤར་བ་ལྟར་ཕྱལ་བར་རང་ཤར་ཏེ། ཉིན་མོའི་སྣང་བ་རང་སངས་ཏེ་ཁྲ་ལམ་ལམ། མཚན་མོའི་སྣང་བ་རང་སངས་དེ་དོག་མེར་མེར། ཉིན་ཞག་གི་སྣང་བ་རང་སངས་ཏེ་གཞི་ཕྱལ་ཕྱལ། ཚས་དང་ཟླ་བའི་སྣང་བ་སངས་ཏེ་ཕྱམ་སངས་སངས། ལོ་དང་བསྐལ་པའི་སྣང་བ་སངས་ཏེ་རྒྱ་ཁྲོལ་ཁྲོལ། གཅིག་དང་ཐ་དད་ཀྱི་ཆོས་སངས་པས་རྗེན་ཡེར་ཡེར། འཁྲུལ་གཞི་གདོད་མའི་དབྱིངས་སུ་སངས་པས་སྟོང་སངས་སངས། དབྱིངས་འཛིན་མཐར་ཐུག་གི་སྐྱེལ་སོ་སངས་པས་ཟང་ཐལ་ཐལ། གང་ཡང་སྒྲུབ་ཏུ་མེད་པ་སྟོང་ཉིད་ཀྱི་གོ་ར། ཅི་ཡང་འབད་དུ་མེད་པ་ཆོས་ཉིད་ཀྱི་ལུང་པ། དོན་གཉེར་སྨོན་པ་ཟད་པ་ཡིད་བཞིན་གྱི་ནོར་བུ། འདོད་བློའི་འཁྲི་བ་མེད་པ་ཆོས་ཟད་ཀྱི་ནམ་མཁའ། ཕྱམ་མཉམ་ཡངས་པ་ཆེན་པོ་ཕྱལ་པ་ཟང་ཐལ་ཏེ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་ས་ལ་ཕྱམ་གདལ་བས། དུས་གཞི་ཆོས་ཉིད་ཀྱི་ཞིང་ན་ལྷུན་གྲུབ་སྤྲོས་པ་ཆོད་ནས། ཤེས་པ་རང་སངས། དྲན་པ་རང་ཟད། དགོངས་པ་ཡེ་གནས། གསལ་བ་བཅུ་མེད་ལ་ཕྱམ་སངས་ཏེ། ཐམས་ཅད་རང་སྣང་དུ་ཤར་བ་ཙམ་ལས་གཞན་མ་མཐོང་བས། མཛད་པ་རང་ཤར་གྱི་དགོངས་པ་རྒྱུད་ལ་སྐྱེས་པ་སྙམ་བྱེད་དེ། གང་ཞེ་ན་ཀློང་དྲུག་པ་ལས། དེའི་ཚེ་སངས་རྒྱས་ཀྱི་མཛད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཏིལ་གྱི་གང་བུ་བཞིན་དུ། སངས་རྒྱས་ཀྱི་མཛད་པར་རང་ཤར། རང་སྣང་། རང་གྲོལ། རང་རིག །རང་ཐོབ་ནས། ལྷ་དང་མི་ལ་སོགས་པ་རྣམས་ཀྱིས་ཀྱང་། སྟོང་པ་ཉིད་རང་བྱུང་གི་སྤྱོད་པ་ལ་གནས་ནས་ཤེས་པ་རྣམས་ཇི་བཞིན་མཉམ་པའི་ཀློང་དུ་རང་དག་ནས། རང་སངས། རང་སངས། རང་རྙེད་ནས། དྲན་པའི་རྒྱུན་རྣམས་དུས་གཅིག་ལ་ཅང་ངོ་། །བསམ་པ་ཐམས་ཅད་ཀྱང་རང་བཞིན་གྱིས་རྣམ་པར་དག་ནས་དགོངས་པ་རྣམས་ཅིག་ཅར་དང་། རིམ་གྱིས་དང་། མཐར་ཆགས་དང་།

[p. 243] ཐོད་རྒལ་དང་། ཡེ་དག་དང་། ཡེ་གནས་དང་། ཡེ་རྫོགས་དང་། ཡེ་འབྱུང་དང་། ཡེ་བཀོད་དང་། ཡེ་གོལ་ཆེན་པོར་རང་གྲོལ་ནས། རང་ལ་རང་ངོ་མཚར། རང་ལ་རང་ཡིད་ཆེས། རང་ལ་རང་སྟོབས་སྐྱེས་ནས་ཞེས་རྒྱ་ཆེར་གསུངས་པ་དག་གོ། །ད་ནི་དགོངས་པ་ཆོས་ཟད་ཀྱི་རྫོང་ལ་གནས་པས་དུས་གསུམ་འཕོ་འགྱུར་མེད་པར་དོན་བསྡུ་བ་ནི། ས་གཞི་རིན་ཆེན་ནམ་མཁའ་བར་སྣང་རྫོང་། །རྟེན་མེད་ཡེ་གྲོལ་དགོངས་པར་ལྷུན་གྲུབ་པས། །སྲིད་གསུམ་སྣོད་བཅུད་ཡུལ་མེད་ཆེན་པོར་གྲོལ། །ཐམས་ཅད་ཡེ་གདོང་མ་ཉིད་ནས་སྐྱེ་བ་མེད་པ་དང་། གནས་པ་མེད་པ་དང་། འགག་པ་མེད་པས་རྟེན་སྣོད་ཀྱི་འཇིག་རྟེན་དུ་སྣང་བ་དང་། བརྟེན་པ་བཅུད་ཀྱི་སེམས་ཅན་སྲིད་པ་གསུམ་གྱིས་བསྡུས་པ་ཐམས་ཅད་ཡེ་མེད་དང་ཡུལ་མེད་དང་། རྟེན་མེད་དུ་དག་ཟིན་པས། ཅི་སྣང་ཅི་ཤར་ཡང་སྟོང་པ་ནམ་མཁའི་རྫོང་དུ་ངོ་བོ་ཡེ་སྟོང་ཆེན་པོར་གཞི་འཆོས། གསལ་བ་འགག་མེད་ནོར་བུའི་རྫོང་དུ་མེད་སྣང་སྟོང་པའི་གཟུགས་བརྙན་ཙམ་དུ་རང་གསལ། ཀུན་འབྱུང་རིག་པ་ས་གཞིའི་རྫོང་དུ་དབྱིངས་གཅིག་སྔ་ཕྱི་གྲུབ་བསལ་མེད་པར་རང་གཅིག་པས། ཆོས་ཐམས་ཅད་ཆོས་ཟད་སྟོང་མཉམ་གདལ་བར་ལྷུན་གྱིས་གྲུབ་སྟེ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་དགོངས་པ་མཐའ་གྲོལ་ཀློང་ཡངས་ཆེན་པོར་ལ་ཟློས་པ་ནི། ངོ་མཚར་གྱི་གསང་ཚིག་རྣམ་པ་བདུན་རང་གི་རྒྱུད་ལ་རང་ཤར་བ་སྙམ་བྱེད་པའི་མཐུས་རང་སྣང་བའོ། །གང་ཞེ་ན་རིན་པོ་ཆེ་སྤུངས་པ་ལས། དེ་ནས་སྟོན་པ་ཉིད་ཀྱིས་རང་ལ་ངོ་མཚར་བའི་ཚིག་གི་རྒྱལ་པོ་འདི་དག་རང་བྱུང་དུ་གསུངས་སོ། །ཨེ་མ་ཧོ། གསུང་གི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག །རང་གི་རིག་པ་ཉིད་སྐྱེ་ཤི་དང་བྲལ་བའི་གནད་ཀྱིས།

[edit]
OCR of the BDRC scans (I3CN4267), gorn05 tibocr 2026: BDRC OCR on 226 pages, Mitra OCR on 175 pages (the model with more recognisable syllables on each page).

[p. 316] བུ་ལོག་པས་ཀ་དག་ཆོས་ཟད་ཀྱི་རིག་པ་རྗེན་ལ་བུད་དེ་རང་བྱུང་ཡེ་ཤེས་ཀྱི་ཟད་ ས་མ་བསྒྲོད་རང་མལ་དུ་གནས་པས་བློ་བདེ་ཁོང་ནས་ཤར། སྤང་བླང་གི་ཆོས་ལ་ ལེགས་ཉེས་ཀྱི་འཛིན་པ་སྟོར་བས་ཤོར་གོད་ཀྱི་འཕྲང་ལས་འདས་ཏེ། སྣང་ཤེས་ ཕྱམ་ཕྱམ་དུ་གོ་གདལ། སང་སེང་བདེན་མེད་དུ་ཕྱང་ཆད། འཁོར་འདས་རིག་པའི་ ངང་དུ་རུ་ལོག རིག་པ་ཆོས་དབྱིངས་ཀྱི་དོན་ཞེས་ཆོས་ཉིད་ཟང་ཐལ་དུ་རྟོག་རྟོག་ པའང་སོ་ན་མེད། གང་ཡིན་དང་ཅི་ཡིན་གཏད་སོ་མེད་པས་འདི་ཡིན་དང་ངོས་ གཟུང་གི་ཕྱོགས་ལས་འདས་ཏེ། ཕྱི་སྣང་བ་ལ་གཟུང་བའི་སེམས ༤་བུད་པས་ཁྱེད་ ཅག་གཞན་དུ་སྣང་བ་སྟོང་གཟུགས་ཀྱི་ལྟད་མོར་ཆེ་སྟེ་ཅི་བྱེད། བྱ་བ་དང་བྱེད་པའི་

[p. 317] ༈ ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། ཞེན་འཛིན་འདི་འདྲ་མི་འོང་དུ་ཐང་སྟེ་གཞི་མེད་རྨི་ལམ་གྱི་སྣང་བ་མཐོང་བས་ ཉམས་དགའ། ནང་གཏད་འཛིན་སེམས་ཀྱི་རྟོད་ཕུར་བཏོན་པས་ང་དང་བདག་ འཛིན་གྱི་ཐག་པ་བུད་དེ་རིག་པ་རང་ཡན་ཟང་ཐལ་གྱི་རྟ་ཕོ་དེ་བཙལ་གྱིས་མ་རྙེད་ པས་གང་ན་འདུག་ཁོ་བོས་ཀྱང་མ་མཐོང་སྟེ། སྐྱེལ་ས་དང་ཐུག་ས་ཡིན་ཡིན་པོའི་ ས་ཟིན་ནི་བདག་ལ་མེད། དེ་སྔ་རང་གསལ་རྗེན་པའི་ཆོས་སྐུ་མཚར་པོ་གཅིག་ ཡོད་པ་དེ་གར་སོང་ཆ་མེད་ཀྱི་ཡུལ་དུ་བོར་བས། ད་ཡིན་མིན་དང་གནས་ལུགས་ ཀྱི་འཛིན་པ་སྟོར་ནས་སྔར་ཤུལ་ཆོས་ཉིད་ཀྱི་རང་མལ་ན་མེད་པ་འདི་ལ། གྲོལ་ འཁྲུལ་དང་ཆོས་སྐུའི་འབྲས་བུས་ཅི་བྱ། ཕྱི་སྣང་བ་ལ་བལྟས་པས་ཟང་མ་ཐལ། སང་མ་སེང་། ཡལ་མ་ཡོལ། ར་མ་རི། འདིར་རྒྱག ༡དང་ཡིན་མིན་གྱི་ཕྱོགས་ རིས་སུ་མི་འདུག ནང་རང་རིག་གི་ཤེས་པ་རང་མལ་ལ་བལྟས་པས། ཕྱ་སངས། སྟོང་ཡལ། རིས་མེད། རྟོག་སངས། ཕྱང་ཆད། རྗེས་མེད་ཕྱལ་པ་བར་སྣང་སྟོང་ པའི་རང་བཞིན་དང་འདྲེས་ནས་ཁོ་བོ་ད་ལྟ་ཅི་ཡང་མེད་ན་ཁྱེད་ཅག་གང་ན་འདུག་ཧ་ ཧ༑ འདིར་རྡོ་རྗེའི་གད་མོ་བཅུ་གཉིས་ཀྱི་དོན་རང་གི་རྒྱུད་ལ་སྐྱེས་པ་སྙམ་བྱེད་དོ། ། གད་མོ་བཅུ་གཉིས་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། དེ་ནས་སྟོན་པ་ཀུན་དུ་ བཟང་པོ་རིན་པོ་ཆེ་སྤུངས་པའི་རྒྱན་གྱིས། ཆོས་ཐམས་ཅད ༣་ཀྱི་འཆར་ཚུལ་ཅིར་ ཡང་མ་འགགས་པར་གཟིགས་པས། རང་ལ་ངོ་མཚར་སྐྱེས་ཏེ་རང་གི་གད་མོ་ཆེན་ པོ་རྣམས། ཉིད་ཀྱིས་ཉིད་ལ་རང་བགད་པ་འདི་དག་ལྗགས་ཀྱི་དབང་པོ་ལས་རང་ ཤར་རོ། །ཀྱེ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་སྙིང་པོ། ལྟ་བ་རང་ བྱུང་གི་ཡེ་ཤེས་ལ་ལྟོས་དང་། དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་ངོ་མཚར། གཞི་མ་བསྐྱོད་པས་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་ཕན་གནོད་དང་བྲལ་བ་ཧ་ཧ།

[p. 318] ༈ ལེའུ་བཅུ་གཉིས་པ་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་གྲོལ་བའི་རང་བཞིན་བསྟན་པ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོ་དངོས་པོ་གཤིས་ཀྱི་འདུག་ཚུལ་ལ་ལྟོས་དང་། སྣང་བ་ འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར། བདེ་སྡུག་ཇི་ལྟར་བསམས་ཀྱང་ དོན་ལ་འགྱུར་བ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ ཤེས་ལ་ལྟོས་དང་། དྲན་བསམ་གྱི་སྤྱོད་པ་སྣ་ཚོགས་ཅི་བྱས་ཀྱང་རོལ་པར་ཤར་བ་ ངོ་མཚར། ཇི་ལྟར་བྱས་ཀྱང་སྐྱེ་མེད་ཀྱི་ཀློང་དུ་འགག་མེད་གྲོལ་བ་ཧ་ཧ། ཀྱེ་ གསུང་གི་རྡོ་རྗེ་ཆོས་ཉིད་སྟོང་པ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང་། སྐྱེ་བ་མེད་པ་ དང་ཡེ་ནས་ལྷན་ཅིག་ཏུ་གནས་པ་ངོ་མཚར། སྐྱེས་བུས་མཚོན་རྣོན་པོ་ཐོགས་ནས་ འགྲོ་བ་རྣམས་དུས་གཅིག་ལ་བསྒྲལ་ཀྱང་གང་ཟག་དེའི་རྒྱུད་ལ་ཕན་གནོད་དང་ བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྫེ་རང་གི་ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ ལྟོས་དང་། གང་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་ཤར་བ་ངོ་མཚར། ཅིར་ སྣང་རང་གི་གཞི་ལས་གཡོས་པ་མེད་པ་ཧ་ཧ། ཀྱེ་གསུངས་གི་རྡོ་རྗེ་སྙིང་པོ་རིག་པ་ སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང་། རང་གི་གཉེན་པོར་རང་ཆེ་བ་ངོ་མཚར། ཉོན་མོངས་པ་རྣམས་རང་གིས་རང་གྲོལ་བ་ཧ་ཧ། ཀྱེ་གསུང་གིས་རྡོ་རྗེ་རིག་པ་སྟོང་ པ་ཀུན་དག་གི་ངོ་བོ་ལ་ལྟོས་དང་། འབད་རྩོལ་མེད་པར་འབྲས་བུ་རང་རྙེད་པ་ངོ་ མཚར། གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ཀྱེ་ གསུང་གི་རྡོ་རྗེ་ངོ་བོ་སྟོང་པ་ཆེན་པོ་ཀུན་གཞག་གི་ཚད་ལ་ལྟོས་དང་། འགྲོ་དྲུག་སྐུ་ གསུམ་དུ་སྣང་བ་ངོ་མཚར། འགྲོ་བ་རྣམས་ཀྱིས་བསྒོམ་པ་རྡུལ་ཙམ་ཡང་མ་བྱས་ པར་དུས་གཅིག་ལ་སངས་རྒྱས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་ པོ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང་། དུས་གསུམ་འདུ་འབྲལ་མེད་པ་ངོ་མཚར། ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པར་ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ།

[p. 319] ༈ ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། ཀྱེ་གསུང་གི་རྡོ་རྗེ་རིག་པ་ཅེར་གཞག་གི་ངོ་བོ་སྟོང་པ་ཆེན་པོ་ཀུན་མཉམ་ལ་ལྟོས་ དང་། བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ངོ་མཚར། སྤོང་ལེན་ཐམས་ཅད་ལྟ་བར་ གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པའི་སྟོང་པ་ཡེ་སྟོང་ཆེན་པོ་ལ་ལྟོས་དང་། སངས་རྒྱས་ཐམས་ཅད་གཡང་སར་འདུག་པ་ངོ་མཚར། བྱ་བྱེད་བསྒོམས་པས་ལྟུང་ བར་འགྱུར་བ་ཧ་ཧ། ཀྱེ་གསུང་གི་རྡེ་རྗེ་མི་སྟོང་པའི་སྟོང་པར་དངོས་ཅན་ལ་ལྟོས་ དང་། མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་ངོ་མཚར། སྐྱེས་པས་སྐྱེ་མེད་ཐོབ་པ་ ཧ་ཧ་ཞེས་གསུངས་པས་གསུང་གི་རྡོ་རྗེ་ལ་སོགས་པའི་འཁོར་དེ་དག་རྣམས་ངོ་ མཚར་ཆེན་པོའི་ཚིག་གིས་རབ་ཏུ་ཚིམ་ནས། སྣང་བ་ཐམས་ཅད་ངོ་མཚར་ཆེན་ པོར་རང་ཤར། རང་སྣང་། རང་གྲོལ། རང་ཐོབ་ནས། སྐུ་རྡོ་རྗེ་དང་གཉིས་སུ་མེད་ པར་གྱུར་ཏོ་ཞེས་རྒྱ་ཆེར་གསུངས་པ་གང་ཡིན་པའོ། ། འདིའི་དུས་ན་རྟོག་པ་རྒྱ་གྲོལ་དུ་ཤར་བས་ཆོས་ཉིད་རང་སྣང་གི་རོལ་པར་ལྷུན་ གྱིས་གྲུབ་པ་ནི། སྣང་སྲིད་སྣོད་བཅུད་འཁྲུལ་པ་རུ་ལོག་པས། །ཉིན་མཚན་ཡེ་ སངས་རང་སངས་ནམ་མཁའ་སངས། །ཞག་དང་ཚེས་སངས་ལོ་ཟླ་བསྐལ་པ་ སངས། །གཅིག་སངས་ཀུན་སངས་ཆོས་དང་ཆོས་མིན་སངས། །འཁོར་འདས་ འཁྲུལ་གཞི་གདོད་མའི་དབྱིངས་སུ་སངས། །དབྱིངས་ཞེས་ཐ་སྙད་བློ་ཡི་ཆོས་ སངས་པས། །གང་སྒྲུབ་ཅི་འབད་ད་ནི་ཅི་ཞིག་གཉེར། །འདོད་བློའི་འཁྲིས་ཟད་ ནམ་མཁའ་ཡ་མཚན་ཆེ། །ཆོས་མེད་སྤྲང་པོའི་རང་བཞིན་དེ་འདྲར་ཟད། །རིག་པ་ འཛིན་ཞེན་གྱི་ཆོས་ཟད་པས་སྣང་སྲིད་སྣོད་བཅུད་ཀྱི་འཁྲུལ་འཛིན་རུ་ལོག་སྟེ། འདི་ནི་འཁྲུལ་པའོ། །འདི་ནི་མ་འཁྲུལ་པའོ་ཞེས་ཐ་སྙད་༧དུ་བདེན་པར་འཛིན་ པའི་གཏད་འཛིན་སྟོར་བས། མཐོང་སྣང་ཐམས་ཅད་ཕྱལ་བ་བར་མེད་གཅིག་ཏུ་རྒྱ་

[p. 320] ༈ ལེའུ་བཅུ་གཉིས་པ་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་གྲོལ་བའི་རང་བཞིན་བསྟན་པ། གྲོལ་ལ་སོང་སྟེ། དེ་སྔ་ཉིན་ཞག་ལ་སོགས་པའི་ཆ་དང་རིང་ཐུང་དང་ངེས་ཆ་ཡོད་ པའང་གཞི་མེད་ཟང་ཐལ་གྱི་སྣང་བར་སངས་ནས། བུ་ཆུང་རང་མལ་ན་བློ་བདེ་ བའི་སྣང་བའམ། སྨྱོན་པ་བློ་བདེའི་སྣང་བ་ཤར་བ་ལྟར་ཕྱལ་བར་རང་ཤར་ཏེ། ཉིན་མོའི་སྣང་བ་རང་སངས་ཏེ་ཁྲ་ལམ་ལམ། མཚན་མོའི་སྣང་བ་རང་སངས་ཏཻ་ དོག་མེར་མེར། ཉིན་ཞག་གི་སྣང་བ་རང་སངས་ཏེ་གཞི་ཕྱལ་ཕྱལ། ཚེས་དང་ཟླ་ བའི་སྣང་བ་སངས་ཏེ་ཕྱམ་སངས་སངས། ལོ་དང་བསྐལ་པའི་སྣང་བ་སངས་ཏེ་རྒྱ་ ཁྲོལ་ཁྲོལ། གཅིག་དང་ཐ་དད་ཀྱི་ཆོས་སངས་པས་རྗེན་ཡེར་ཡེར། འཁྲུལ་གཞི་ གདོད་མའི་དབྱིངས་སུ་སངས་པས་སྟོང་སངས་སངས། དབྱིངས་འཛིན་མཐར་ཐུག་ གི་སྐྱེལ་སོ་སངས་པས་ཟང་ཐལ་ཐལ། གང་ཡང་སྒྲུབ་ཏུ་མེད་པ་སྟོང་ཉིད་ཀྱི་གོ་ར། ཅི་ཡང་འབད་དུ་མེད་པ་ཆོས་ཉིད་ཀྱི་ལུང་པ། དོན་གཉེར་སྨོན་པ་ཟད་པ་ཡིད་ བཞིན་གྱི་ནོར་བུ། འདོད་བློའི་འཁྲི་བ་མེད་པ་ཆོས་ཟད་ཀྱི་ནམ་མཁའ། ཕྱམ་ མཉམ་ཡངས་པ་ཆེན་པོ་ཕྱལ་བ་ཟང་ཐལ་ཏེ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་ས་ ལ་ཕྱམ་གདལ་བས། དུས་བཞི་ཆོས་ཉིད་ཀྱི་ཞིང་ན་ལྷུན་གྲུབ་སྤྲོས་པ་ཆོད་ནས། ཤེས་པ་རང་སངས། དྲན་པ་རང་ཟད། དགོངས་པ་ཡེ་གནས། གསལ་བ་བར་མེད་ ལ་ཕྱམ་སངས་ཏེ། ཐམས་ཅད་རང་སྣང་དུ་ཤར་བ་ཙམ་ལས་གཞན་མ་མཐོང་བས་ མཛད་པ་རང་ཤར་གྱི་དགོངས་པ་རྒྱུད་ལ་སྐྱེས་པ་སྙམ་བྱེད་དེ། གང་ཞེ་ན་ཀློང་དྲུག་ པ་ལས། དེའི་ཚེ་སངས་རྒྱས་ཀྱི་མཛད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཏིལ་ གྱི་གོང་བུ་བཞིན་དུ། སངས་རྒྱས་ཀྱི་མཛད་པར་རང་ཤར། རང་སྣང་། རང་གྲོལ། རང་རིག་རང་ཐོབ་ནས། ལྷ་དང་མི་ལ་སོགས་པ་རྣམས་ཀྱིས་ཀྱང་། སྟོང་པ་ཉིད་ རང་བྱུང་༡?་གི་སྤྱོད་པ་ལ་གནས་ནས་ཤེས་པ་རྣམས་ཇི་བཞིན་མཉམ་པའི་ཀློང་དུ་

[p. 321] ༈ ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། རང་དག་ནས། རང་སངས། རང་སད། རང་རྙེད་ནས། དྲན་པའི་རྒྱུན་རྣམས་དུས་ གཅིག་ལ་ཆད་དོ། །བསམ་པ་ཐམས་ཅད་ཀྱང་རང་བཞིན་གྱིས་རྣམ་པར་དག་ནས་ དགོངས་པ་རྣམས་ཅིག་ཆར་དང་། རིམ་གྱིས་དང་། མཐར་ཆགས་དང་། ཐོད་རྒལ་ དང་། ཡེ་དག་དང་། ཡེ་གནས་དང་། ཡེ་རྫོགས་དང་། ཡེ་འབྱུང་དང་། ཡེ་བཀོད་ དང་། ཡེ་གྲོལ་ཆེན་པོར་རང་གྲོལ་ནས། རང་ལ་རང་ངོ་མཚར། རང་ལ་རང་ཡིད་ ཆེས། རང་ལ་རང་སྟོབས་སྐྱེས་ནས་ཞེས་རྒྱ་ཆེར་གསུངས་པ་དག་གོ ། ད་ནི་དགོངས་པ་ཆོས་ཟད་ཀྱི་རྫོང་ལ་གནས་པས་དུས་གསུམ་འཕོ་འགྱུར་མེད་པར་ དོན་བསྡུ་བ་ནི། ས་གཞི་རིན་ཆེན་ནམ་མཁའ་བར་སྣང་རྫོང་། །རྟེན་མེད་ཡེ་གྲོལ་ དགོངས་པར་ལྷུན་གྲུབ་པས། །སྲིད་གསུམ་སྣོད་བཅུད་ཡུལ་མེད་ཆེན་པོར་གྲོལ། ། ཐམས་ཅད་ཡེ་གདོད་མ་ཉིད་ནས་སྐྱེ་བ་མེད་པ་དང་། གནས་པ་མེད་པ་དང་། འགག་པ་མེད་པས་རྟེན་སྣོད་ཀྱི་འཇིག་རྟེན་དུ་སྣང་བ་དང་། བརྟེན་པ་བཅུད་ཀྱི་ སེམས་ཅན་སྲིད་པ་གསུམ་གྱིས་བསྡུས་པ་ཐམས་ཅད་ཡེ་མེད་དང་ཡུལ་མེད་དང་། རྟེན་མེད་དུ་དག་ཟིན་པས། ཅི་སྣང་ཅི་ཤར་ཡང་སྟོང་པ་ནམ་མཁའི་རྫོང་དུ་ངོ་བོ་ཡེ་ སྟོང་ཆེན་པོར་གཞི་འཆོས། གསལ་བ་འགག་མེད་ནོར་བུའི་རྫོང་དུ་མེད་སྣང་སྟོང་ པའི་གཟུགས་བརྙན་ཙམ་དུ་རང་གསལ། ཀུན་འབྱུང་རིག་པ་ས་གཞིའི་རྫོང་དུ་ དབྱིངས་གཅིག་སྔ་ཕྱི་གྲུབ་བསལ་མེད་པར་རང ༡་གཅིག་པས། ཆོས་ཐམས་ ཅད་ཆོས་ཟད་སྟོང་མཉམ་གདལ་བར་ལྷུན་གྱིས་གྲུབ་སྟེ། རྒྱ་ཆད་དང་ཕྱོགས་ལྷུང་ མེད་པའི་དགོངས་པ་མཐའ་གྲོལ་ཀློང་ཡངས་ཆེན་པོར་ལ་ཟློས་པ་ནི། ངོ་མཚར་གྱི་ གསང་ཚིག་རྣམ་པ་བདུན་རང་གི་རྒྱུད་ལ་རང་ཤར་བ་སྙམ་བྱེད་པའི་མཐུས་རང་ སྣང་བའོ། །གང་ཞེ་ན་རིན་པོ་ཆེ་སྤུངས་པ་ལས། དེ་ནས་སྟོན་པ་ཉིད་ཀྱིས་རང་ལ་

[p. 322] ། ལེའུ་བཅུ་གཉིས་པ་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་གྲོལ་བའི་རང་བཞིན་བསྟན་པ། ངོ་མཚར་བའི་ཚིག་གི་རྒྱལ་པོ་འདི་དག་རང་བྱུང་དུ་གསུངས་སོ། །ཨེ་མ་ཧོ། གསུང་ གི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག །རང་གི་རིག་པ་ཉིད་སྐྱེ་ཤི་དང་བྲལ་བའི་གནད་ ཀྱིས།

[edit]
OCR of the BDRC scans (I3CN14273), gorn05 tibocr 2026: BDRC OCR on 317 pages, Mitra OCR on 187 pages (the model with more recognisable syllables on each page).

[p. 392] རེ་དོགས་གཉིས་འཛིན་གྱི་འབྲས་བུ་ལོག་པས་ཀ་དག་ ཆོས་ཟད་ཀྱི་རིག་པ་རྗེན་ལ་བུད་དེ་རང་བྱུང་ཡེ་ཤེས་ཀྱི་ཟད་ས་མ་བགྲོད་རང་མལ་དུ་གནས་པས་བློ་བདེ་ཁོང་ནས་ཤར། སྤང་བླང་གི་ཆོས་ལ་ལེགས་ཉེས་ཀྱི་འཛིན་པ་སྟོར་བས་ཤོར་གོད་ཀྱི་འཕྲང་ལས་འདས་ཏེ། སྣང་ཤེས་ཕྱམ་ཕྱམ་དུ་གོ་གདལ། སང་སེང་བདེན་མེད་དུ་ཕྱང་ཆད། འཁོར་འདས་རིག་པའི་ངང་དུ་རུ་ལོག །རིག་པ་ཆོས་དབྱིངས་ཀྱི་དོན་ཞེས་ཆོས་ཉིད་ཟང་ཐལ་དུ་རྟོགས་རྟོགས་པོའང་སོན་མེད། གང་ཡིན་དང་ཅི་ ཡིན་གཏད་སོ་མེད་པས་འདི་ཡིན་དང་ངེས་གཟུང་གི་ཕྱོགས་ལས་འདས་ཏེ། ཕྱི་སྣང་བ་ལ་གཟུང་བའི་སེམས་བུད་པས་ཁྱེད་ཅག་གཞན་དུ་སྣང་བ་སྟོང་གཟུགས་ཀྱི་ལྟད་མོར་ཆེ་སྟེ་ཅི་བྱེད། བྱ་བ་དང་བྱེད་པའི་ཞེན་འཛིན་

[p. 393] ༄༅། །འདི་འདྲ་མི་འོང་དུ་ཐང་སྟེ་གཞི་མེད་རྨི་ལམ་གྱི་སྣང་བ་མཐོང་བས་ཉམས་དགའ། ནང་གཏད་འཛིན་སེམས་ཀྱི་རྟོད་བུར་དོན་བས་ང་དང་བདག་འཛིན་གྱི་ཐག་པ་བུད་དེ་རིག་པ་རང་ཡན་ ཟང་ཐལ་གྱི་རྟ་ཕོ་དེ་བཙལ་གྱིས་མ་རྙེད་པས་གང་དུ་འདུག་ཁོ་བོས་ཀྱང་མ་མཐོང་སྟེ། སྐྱེལ་ས་དང་ཐུག་ས་ཡིན་ཡིན་པོའི་ས་ཟིན་ནི་བདག་ལ་མེད། དེ་སྔ་རང་གསལ་རྗེན་པའི་ཆོས་སྐུ་མཚར་བོ་ཅིག་ཡོད་པ་ དེ་གར་སོང་ཆ་མེད་ཀྱི་ཡུལ་དུ་བོར་བས། ད་ཡིན་མིན་དང་གནས་ལུགས་ཀྱི་འཛིན་པ་སྟོར་ནས་སྔར་ཤུལ་ཆོས་ཉིད་ཀྱི་རང་མལ་ན་མེད་པ་འདི་ལ། གྲོལ་འཁྲུལ་དང་ཆོས་སྐུའི་འབྲས་བུ་ཅི་བྱ། ཕྱི་སྣང་བ་ལ་ བལྟས་པས་ཟང་མ་ཐལ། སང་མ་སེང་། ཡལ་མ་ཡོལ། ར་མ་རི། འདིར་རྒྱག་དང་ཡིན་མིན་གྱི་ཕྱོགས་རིས་སུ་མི་འདུག །ནང་རང་རིག་གི་ཤེས་བ་རང་མལ་ལ་བལྟས་བས། ཕྱ་སངས། སྟོང་ཡལ། རིས་ མེད། རྟོག་སངས། ཕྱང་ཆད། རྗེས་མེད་ཕྱལ་པ་བར་སྣང་སྟོང་བའི་རང་བཞིན་དང་འདྲེས་ནས་ཁོ་བོ་ད་ལྟ་ཅི་ཡང་མེད་ན་ཁྱེད་ཅག་གང་ན་འདུག་ཧ་ཧ། འདིར་རྡོ་རྗེའི་གད་མོ་བཅུ་གཉིས་ཀྱི་དོན་རང་གི་རྒྱུད་ ལ་སྐྱེས་པ་སྙམ་བྱེད་དོ། །གད་མོ་བཅུ་གཉིས་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། དེ་ནས་སྟོན་པ་ཀུན་དུ་བཟང་པོ་རིན་པོ་ཆེ་སྤུངས་པའི་རྒྱན་གྱིས། ཆོས་ཐམས་ཅད་ཀྱི་འཆར་ཚུལ་ཅིར་ཡང་མ་འགགས་

[p. 394] པར་གཟིགས་པས། རང་ལ་ངོ་མཚར་སྐྱེ་ཏེ་རང་གིས་གད་མོ་ཆེན་པོ་རྣམས། ཉིད་ཀྱིས་ཉིད་ལ་རང་དགད་པ་འདི་དག་ལྔ་གསུམ་གྱི་དབང་པོ་ལས་རང་ཤར་རོ། །ཀྱེ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་སྙིང་པོ། ལྟ་བ རང་བྱུང་གི་ཡེ་ཤེས་ལ་ལྟོས་དང་། དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་ངོ་མཚར། གཞི་མ་བསྐྱོད་པས་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོ་དངོས་པོ་གཤིས ཀྱི་འདུག་ཚུལ་ལ་ལྟོས་དང་། སྣང་བ་འདི་བླུ་མ་བརྗེས་མ་དོག་མ་བསྒྱུར་བ་ངོ་མཚར། བདེ་སྡུག་ཇི་ལྟར་བསམས་ཀྱི་འདོན་ལ་འགྱུར་བ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོརྗེ་སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ལ་ལྟོས དང་། དྲན་བསམ་གྱི་སྤྱོད་པ་སྣ་ཚོགས་ཅི་བྱས་ཀྱང་རོལ་བར་ཤར་བ་ངོ་མཚར། ཇི་ལྟར་བྱས་ཀྱང་སྐྱེ་མེད་ཀྱི་ཀློང་དུ་འགག་མེད་གྲོལ་བ་ཧ་ཧ། ཀྱེ་གསུང་ག་གི་རྡོ་རྗེ་ཆོས་ཉིད་སྟོང་པ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས དང་།སྐྱེ་བ་མདོ་བ་དང་ཡེ་ནས་ལྷན་ཅིག་ཏུ་གནས་པ་ངོ་མཚར། སྐྱེས་བུས་མཚོན་རྣོན་པོ་ཐོགས་ནས་འགྲོ་བ་རྣམས་དུས་གཅིག་ལ་བསྒྲལ་ཀྱང་གང་ཟག་དེའི་རྒྱུད་ལ་ཕན་གནོད་དང་བྲལ་བ་ཧཾ་ཧ། ཀྱེ་གསུང གི་རྡོ་རྗེ་རང་གི་ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང་། གང་ལྟར་སྣང་བ་ཐམས་ཅད་རང་གི་སྒྲོགས་སུ་ཤར་བ་ངོ་མཚར། ཅིར་སྣང་རང་གི་གཞི་ལས་གཡོས་པ་མེད་པ་ཧ་ཧ། ཀྱེ་གསུངས་གི་རྡོ་རྗེ་སྙིང

[p. 395] ༄༅། །པོའི་རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང་། རང་གི་གཉེན་པོར་རང་ཆེ་བ་ངོ་མཚར། ཉོན་མོངས་པ་རྣམས་རང་གིས་རང་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་སྟོང་ པ་ཀུན་དག་གི་ངོ་བོ་ལ་ལྟོས་དང་། འབད་རྩོལ་མེད་པར་འབྲས་བུ་རང་རྙེད་པ་ངོ་མཚར། གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ངོ་བོ་སྟོང་པ་ཆེན་པོ་ཀུན་ བཞག་གི་ཚད་ལ་ལྟོས་དང་། འགྲོ་དྲུག་སྐུ་གསུམ་དུ་སྣང་བ་ངོ་མཚར། འགྲོ་བ་རྣམས་ཀྱིས་བསྒོམ་པ་རྡུལ་ཙམ་ཡང་མ་བྱས་པར་དུས་གཅིག་ལ་སངས་རྒྱས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཡེ་ རྫོགས་ཀྱི་འབྲས་བུ་ལ་ལྟོས་དང་། དུས་གསུམ་འདུ་འབྲལ་མེད་པ་ངོ་མཚར། ཕ་རོལ་ཏུ་ཕྱིན་པ་དྲུག་མི་སྤྱད་པར་ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་ཅེར་གཞག་གི་ངོ་བོ་ སྟོང་པ་ཆེན་པོ་ཀུན་མཉམ་ལ་ལྟོས་དང་། བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ངོ་མཚར། །སྤོང་ལེན་ཐམས་ཅད་ལྟ་བར་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པའི་སྟོང་པ་ཡེ་སྟོང་ཆེན་པོ་ལ་ལྟོས་དང་། སངས་ རྒྱས་ཐམས་ཅད་གཡངས་སར་འདུག་པ་ངོ་མཚར། བྱ་བྱེད་བསྒོམས་པས་ལྟུང་བར་འགྱུར་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་མི་སྟོང་པའི་སྟོང་པ་དངོས་ཅན་ལ་ལྟོས་དང་། མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་ངོ་

[p. 396] མཚར༏ སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ་ཞེས་གསུངས་པས་གསུང་གི་རྡོ་རྗེ་ལ་སོགས་པའི་འཁོར་དེ་དག་རྣམས་ངོ་མཚར་ཆེན་པོའི་ཚིག་གིས་རབ་ཏུ་ཚིམ་ནས། སྣང་བ་ཐམས་ཅད་ངོ་མཚར་ཆེན་པོར་རང་ཤར། རང་སྣང་། རང་གྲོལ། རང་ཐོབ་ནས། སྐུ་རྡོ་རྗེ་དང་གཉིས་སུ་མེད་པར་གྱུར་ཏོ་ཞེས་རྒྱ་ཆེར་གསུངས་པ་གང་ཡིན་པའོ། །འདིའི་དུས་ན་རྟོག་པ་རྒྱ་གྲོལ་དུ་ཤར་བས་ཆོས་ཉིད་རང་སྣང་གི་རོལ་བར་ལྷུན་གྱིས་གྲུབ་ པ་ནི། སྣང་སྲིད་སྣོད་བཅུད་འཁྲུལ་བ་རུ་ལོག་པས། །ཉིན་མཚན་ཡེ་སངས་རང་སངས་ནམ་མཁའ་སངས། ཞག་དང་ཚེས་སངས་ལོ་ཟླ་བསྐལ་བ་སངས། །གཅིག་སངས་ཀུན་སངས་ཆོས་དང་ཆོས་མིན་ སངས། །འཁོར་འདས་འཁྲུལ་གཞི་གདོད་མའི་དབྱིངས་སུ་སངས། །དབྱིངས་ཞེས་ཐ་སྙད་བློ་ཡི་ཆོས་སངས་པས། །གང་སྒྲུབ་ཅི་འབད་ད་ནི་ཅི་ཞིག་གཉེར། །འདོད་བློའི་འཁྲིས་ཟད་ནམ་མཁའ་ཡ་ མཚན་ཆེ། །ཆོས་མེད་སྤྲང་པོའི་རང་བཞིན་དེ་འདྲར་ཟད། །རིག་པ་འཛིན་ཞེན་གྱི་ཆོས་ཟད་པས་སྣང་སྲིད་སྣོད་བཅུད་ཀྱི་འཁྲུལ་འཛིན་དུ་ལོག་སྟེ། འདི་ནི་འཁྲུལ་པའོ། །འདི་ནི་མ་འཁྲུལ་པའོ་ཞེས་ཐ་ སྙད་དུ་བདེན་པར་འཛིན་པའི་གཏང་འཛིན་སྟོར་པས། མཐོང་སྣང་ཐམས་ཅད་ཕྱལ་བ་བར་མེད་གཅིག་ཏུ་རྒྱ་གྲོལ་ལ་སོང་སྟེ། དེ་སྔ་ཉིན་ཞག་ལ་སོགས་པའི་ཆ་དང་རིང་ཐུང་དང་ངེས་ཆ་ཡོད་པའང་གཞི་

[p. 397] ༄༅། །མེད་ཟང་ཐལ་གྱི་སྣང་བར་སངས་ནས། བུ་ཆུང་རང་མལ་ན་བློ་བདེ་བ་ལ་སྣང་བ་འམ། སྐྱོན་པ་བློ་བདེའི་སྣང་བ་ཤར་བ་ལྟར་ཕྱལ་བར་རང་ཤར་ཏེ། ཉིན་མོའི་སྣང་བ་རང་སངས་ཏེ་ཁྲ་ ལམ་ལམ། མཚན་མོའི་སྣང་བ་རང་སངས་དེ་དོག་མེར་མེར། ཉིན་ཞག་གི་སྣང་བ་རང་སངས་ཏེ་གཞི་ཕྱལ་ཕྱལ། ཚེས་དང་ཟླ་བའི་སྣང་བ་སངས་ཏེ་ཕྱམ་སངས་སངས། ལོ་དང་བསྐལ་པའི་སྣང་བ་ སངས་ཏེ་རྒྱ་ཁྲོལ་ཁྲོལ། གཅིག་དང་ཐ་དད་ཀྱི་ཆོས་སངས་པས་རྗེན་ཡེར་ཡེར། འཁྲུལ་གཞི་གདོད་མའི་དབྱིངས་སུ་སངས་པས་སྟོང་སངས་སངས། དབྱིངས་འཛིན་མཐར་ཐུག་གི་སྐྱེལ་སོ་སངས་བས་ ཟང་ཐལ་ཐལ། གང་ཡང་སྒྲུབ་ཏུ་མེད་པ་སྟོང་ཉིད་ཀྱི་གོ་ར། ཅི་ཡང་འབད་དུ་མེད་པ་ཆོས་ཉིད་ཀྱི་ལུང་པ། དོན་གཉེར་སྨོན་པ་ཟད་པ་ཡིད་བཞིན་གྱི་ནོར་བུ། འདོད་བློའི་འཁྲི་བ་མེད་པ་ཆོས་ཟད་ཀྱི་ནམ་ མཁའ། ཕྱམ་མཉམ་ཡངས་པ་ཆེན་པོ་ཕྱལ་པ་ཟང་ཐལ་ཏེ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་ས་ལ་ཕྱམ་གདལ་བས། དུས་བཞི་ཆོས་ཉིད་ཀྱི་ཞིང་ན་ལྷུན་གྲུབ་སྤྲོས་པ་ཆོད་ནས། ཤེས་པ་རང་སངས། དྲན་ པ་རང་ཟད། དགོངས་པ་ཡི་གནས། གསལ་བ་བར་མེད་ལ་ཕྱམ་སངས་ཏེ། ཐམས་ཅད་རང་སྣང་དུ་ཤར་བ་ཙམ་ལས་གཞན་མ་མཐོང་བས། མཛད་པ་རང་ཤར་གྱི་དགོངས་པ་རྒྱུད་ལ་སྐྱེས་པ་སྙམ་བྱེད་དེ།

[p. 398] གང་ཞེ་ན་ཀློང་དྲུག་པ་ལས། དེའི་ཚེ་སངས་རྒྱས་ཀྱི་མཛད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཏིལ་གྱི་གང་བུ་བཞིན་དུ། སངས་རྒྱས་ཀྱི་མཛད་པར་རང་ཤས་རང་སྣང་། རང་གྲོལ། རང་རིག། རང་ཐོབ་ནས། ལྷ་དང་མི་ ལ་སོགས་པ་རྣམས་ཀྱིས་ཀྱང་། སྤྱོད་པ་ཉིད་རང་བྱུང་གི་སྤྱོད་པ་ལ་གནས་ནས་ཤེས་པ་རྣམས་ཇི་བཞིན་མཉམ་པའི་ཀློང་དུ་རང་དག་ནས། རང་སངས། རང་སང་། རང་རྙེད་ནས། དྲན་པའི་རྒྱུན་རྣམས་དུས་གཅིག་ལ་ ཆད་དོ། །བསམ་པ་ཐམས་ཅད་ཀྱི་རང་བཞིན་གྱིས་རྣམ་པར་དག་ནས་དགོངས་པ་རྣམས་ཅིག་ཅར་དང་། རིམ་གྱིས་དང་། མཐར་ཆགས་དང་། ཐོད་རྒལ་དང་། ཡེ་དག་དང་། ཡེ་གནས་དང་། ཡེ་རྫོགས་དང་། ཡེ་ འབྱུང་དང་། ཡེ་བཀོད་དང་། ཡེ་གྱིས་ཆེན་པོར་རང་གྲོལ་ནས། རང་ལ་རང་ངོ་མཚར། རང་ལ་རང་ཡིད་ཆེས། རང་ལ་རང་སྟོབས་སྐྱེས་ནས་ཞེས་རྒྱ་ཆེར་གསུངས་པ་དག་གོ། ད་ནི་དགོངས་པ་ཆོས་ཟད་ཀྱི་རྫོང་ལ་ ལ་གནས་པས་དུས་གསུམ་པོ་འགྱུར་མེད་པར་དོན་བསྡུ་བ་ནི། ས་གཞི་རིན་ཆེན་ནམ་མཁའ་བར་སྣང་རྫོང་། །རྟེན་མེད་ཡེ་གྲོལ་དགོངས་པར་ལྷུན་གྲུབ་པས། །སྲིད་གསུམ་སྣོད་བཅུད་ཡུལ་མེད་ཆེན་པོར་ གྲོལ། །ཐམས་ཅད་ཡེ་གདོང་མ་ཉིད་ནས་སྐྱེ་བ་མེད་པ་དང་། གནས་པ་མེད་པ་དང་། འགག་པ་མེད་པས་རྟེན་སྣོད་ཀྱི་འཇིག་རྟེན་དུ་སྣང་བ་དང་། བརྟེན་པ་བཅུད་ཀྱི་སེམས་ཅན་སྲིད་པ་གསུམ་གྱིས་བསྡུས་པ་

[p. 399] ༄༅། །ཐམས་ཅད་ཡེ་མེད་དང་ཡུལ་མེད་དང་། རྟེན་མེད་དུ་དག་ཟིན་པས། ཅི་སྣང་ཅི་ཤར་ཡང་སྟོང་པ་ནམ་མཁའི་རྫོང་དུ་ངོ་བོ་ཡེ་སྟོང་ཆེན་པོར་གཞི་འཆོས། གསལ་བ་འགག་མེད་ ནོར་བུའི་རྫོང་དུ་མེད་སྣང་སྟོང་པའི་གཟུགས་བརྙན་ཙམ་དུ་རང་གསལ། ཀུན་འབྱུང་རིག་པ་ས་གཞིའི་རྫོང་དུ་དབྱིངས་གཅིག་སྔ་ཕྱི་གྲུབ་བསལ་མེད་པར་རང་གཅིག་པས། ཆོས་ཐམས་ཅད་ཆོས་ཟང་སྟོང་ མཉམ་གདལ་བར་ལྷུན་གྱིས་གྲུབ་སྟེ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་དགོངས་པ་མཐའ་གྲོལ་ཀློང་ཡངས་ཆེན་པོར་ལ་ཟློས་པ་ནི། ངོ་མཚར་གྱི་གསང་ཚིག་རྣམ་པ་བདུན་རང་གི་རྒྱུད་ལ་རང་ཤར་ བ་སྙམ་བྱེད་པའི་མཐུ་ས་རང་སྣང་བའོ། །གང་ཞེ་ན་རིན་པོ་ཆེ་སྤུངས་པ་ལས། དེ་ནས་སྟོན་པ་ཉིད་ཀྱིས་རང་ལ་ངོ་མཚར་བའི་ཚིག་གི་རྒྱལ་པོ་འདི་དག་རང་བྱུང་དུ་གསུངས་སོ། །ཨེ་མ་ཧོ། གསུང་ གི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག །རང་གི་རིག་པ་ཉིད་སྐྱེ་ཤི་དང་བྲལ་བའི་གནད་ཀྱིས།

[edit]
OCR of the BDRC scans (I1CZ2729), gorn05 tibocr 2026: BDRC OCR on 290 pages, Mitra OCR on 133 pages (the model with more recognisable syllables on each page).

[p. 320] གཉིས་འཛིན་གྱི་འབྲས་བུ་ལོག་པས་ཀ་དག་ཆོས་ཟད་ཀྱི་རིག་པ་རྗེན་ལ་བུད་དེ་རང་བྱུང་ཡེ་ཤེས་ཀྱི་ཟད་ས་མ་བགྲོད་རང་མལ་དུ་གནས་པས་བློ་བདེ་ཁོང་ནས་ཤར། སྤང་བླང་གི་ཆོས་ལ་ལེགས་ཉེས་ཀྱི་འཛིན་པ་སྟོར་བས་ཤོར་ གོད་ཀྱི་འཕྲང་ལས་འདས་ཏེ། སྣང་ཤེས་ཕྱམ་ཕྱམ་དུ་གོ་གདལ། སང་སེང་བདེན་མེད་དུ་བྱང་ཆད། འཁོར་འདས་རིག་པའི་ངང་དུ་རུ་ལོག །རིག་པ་ཆོས་དབྱིངས་ཀྱི་དོན་ཞེས་ཆོས་ཉིད་ཟང་ཐལ་དུ་རྟོག་རྟོག་པའང་སོན་མེད། གང་ཡིན་དད་ཅི་ཡིན་གཏད་སོ་མེད་པས་འདི་ཡིན་དང་ངོས་གཟུང་གི་ཕྱོགས་ལས་འདས་ཏེ། ཕྱི་སྣང་བ་ལ་གཟུང་བའི་སེམས་སུ་དཔས་ཁྱེད་ཅག་གཞན་དུ་སྣང་བ་སྟོང་གཟུགས་ཀྱི་ལྟད་མོར་ཆེ་སྟེ་ཅི་བྱེད། བྱ་བ་དང་བྱེད་པའི་

[p. 321] ༄༅། །ཞེན་འཛིན་འདི་འདྲ་མི་འོང་དུ་ཐང་སྟེ་གཞི་མེད་རྨི་ལམ་གྱི་སྣང་བ་མཐོང་བས་ཉམས་དགའ། ནང་གཏད་འཛིན་སེམས་ཀྱི་རྟོད་ཕུར་དོན་བསང་དང་བདག་འཛིན་གྱི་ཐག་པ་ཕུད་དེ་རིག་པ་རང་ཡན་ཟང་ ཐལ་གྱི་རྟ་ཕོ་དེ་བཙལ་གྱིས་མ་རྙེད་པས་གང་ན་འདུག་ཁོ་བོས་ཀྱང་མ་མཐོང་སྟེ། སྐྱེལ་ས་དང་ཐུགས་ཡིན་ཡིན་པོའི་ས་ཟིན་ནི་བདག་ལ་མེད། དེ་སྔ་རང་གསལ་རྗེན་པའི་ཆོས་སྐུ་མ་ཚར་པོ་གཅིག་ཡོད་པ་དེ་གར་སོང་ཆ་མེད་ཀྱི་ ཡུལ་དུ་བོར་བས། དེ་ཡིན་མིན་དང་གནས་ལུགས་ཀྱི་འཛིན་པ་སྟོར་ནས་སྔར་ཤུལ་ཆོས་ཉིད་ཀྱི་རང་མལ་ན་མེད་པ་འདི་ལ། གྲོལ་འཁྲུལ་དང་ཆོས་སྐུའི་འབྲས་བུ་ཅི་བྱ། ཕྱི་སྣང་བ་ལ་བལྟས་པས་ཟང་མ་ཐལ། སང་མ་སེང་། ཡལ་མ་ཡོལ། ར་མ་རི། འདིར་རྒྱག་དང་ཡིན་མིན་གྱི་ཕྱོགས་རིས་སུ་མི་འདུག །ནང་རང་རིག་གི་ཤེས་པ་རང་མལ་ལ་བསྡུས་པས། ཕྱ་སངས། སྟོང་ཡལ། རིས་མེད། རྟོག་སངས། ཕྱང་ཆད། རྗེས་མེད་ཕྱལ་བ་ཁར་སྣང་ སྟོང་པའི་རང་བཞིན་དང་འདྲེས་ནས་ཁོ་བོ་ད་ལྟ་ཅི་ཡང་མེད་ན་ཁྱེད་ཅག་གང་ན་འདུག་ཧ་ཧ། འདིར་རྡོ་རྗེའི་གད་མོ་བཅུ་གཉིས་ཀྱི་དོན་རང་གི་རྒྱུད་ལ་སྐྱེས་པ་སྙམ་བྱེད་དོ། །གད་མོ་གཅུ་གཉིས་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་ ལས༑ དེ་ནས་སྟོན་པ་ཀུན་དུ་བཟང་པོ་རིན་པོ་ཆེ་སྤུངས་པའི་རྒྱན་གྱིས། ཆོས་ཐམས་ཅད་ཀྱི་འཆར་ཚུལ་ཅིར་ཡང་མ་འགགས་པར་གཟིགས་པས། རང་ལ་ངོ་མཚར་སྐྱེས་ཏེ་རང་གི་གད་མོ་ཆེན་པོ་རྣམས། ཉིད་ཀྱིས་ཉིད་

[p. 322] ལ་རང་བགད་པ་འདི་དག་ལྗགས་ཀྱི་དབང་པོ་ལས་རང་ཤར་རོ། །ཀྱེ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་སྙིང་པོ། ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང་། དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་ངོ་མཚར། གཞི་མ་ བསྐྱོད་པས་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོ་དངོས་པོ་གཤིས་ཀྱི་འདུག་ཚུལ་ལ་ལྟོས་དང་། སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར། བདེ་སྡུག་ཇི་ལྟར་ བསམས་ཀྱང་དོན་ལ་འགྱུར་བ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ལ་ལྟོས་དང་། དྲན་བསམ་གྱི་སྤྱོད་པ་སྣ་ཚོགས་ཅི་བྱས་ཀྱང་རོལ་པར་ཤར་བ་ངོ་མཚར། ཇི་ལྟར་བྱས་ཀྱང་སྐྱེ་མེད་ཀྱི་ཀློང་ དུ་འགག་མེད་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ཆོས་ཉིད་སྟོང་པ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང་། སྐྱེ་པ་མེད་པ་དང་ཡེ་ནས་ལྷན་ཅིག་ཏུ་གནས་པ་ངོ་མཚར། སྐྱེས་བུས་མཚོན་རྣོན་པོ་ཐོགས་ནས་འགྲོ་བ་རྣམས་དུས་གཅིག་ ལ་བསྒྲལ་ཀྱང་གང་ཟག་དེའི་རྒྱུད་ལ་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རང་གི་ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང་། གང་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་ཤར་བ་ངོ་མཚར། ཅིར་སྣང་རང་ གི་གཞི་ལས་གཡོས་པ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོ་རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང་། རང་གི་གཉེན་པོར་རང་ཆེ་བ་ངོ་མཚར། ཉོན་མོངས་པ་རྣམས་རང་གིས་རང་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་

[p. 323] རིག་པ་སྟོང་པ་ཀུན་དག་གི་ངོ་བོ་ལ་ལྟོས་དང་། འབད་རྩོལ་མེད་པར་འབྲས་བུ་རང་རྙེད་པ་ངོ་མཚར། གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ངོ་བོ་སྟོང་པ་ཆེན་པོ་ཀུན་གཞག་གི་ཚད་ལ་ལྟོས་དང་། འགྲོ་དྲུག་སྐུ་གསུམ་དུ་སྣང་བ་ངོ་མཚར། འགྲོ་བ་རྣམས་ཀྱིས་བསྒོམ་པ་རྡུལ་ཙམ་ཡང་མ་བྱས་པར་དུས་གཅིག་ལ་སངས་རྒྱས་པ་ཧ་ཧ། ཀྱེ་གསུང་གི་།རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང་། དུས་གསུམ་འདུ་འབྲལ་མེད་པ་ངོ་མཚར། ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པར་ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ། ཀྱེ་གསུང་གིས་རྡོ་རྗེ་རིག་པ་ཅེར་གཞག་གི་ངོ་བོ་སྟོང་པ་ཆེན་པོ་ཀུན། མཉམ་ལ་ལྟོས་དང་། བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ངོ་མཚར། སྤོང་ལེན་ཐམས་ཅད་ལྟ་བར་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོརྗེ་སྟོང་པའི་སྟོང་པ་ཡེ་སྟོང་ཆེན་པོ་ལ་ལྟོས་དང་། སངས་རྒྱས་ཐམས་ཅད་གཡང་སར་འདུག་པ་ངོ་མཚར། བྱ་བྱེད་བསྒོམས་པས་ལྟུང་བར་འགྱུར་པ་ཧ་ཧ། ཀྱེ་གསུང་གི་གསུང་གི་རྡོ་རྗེ་མི་སྟོང་པའི་སྟོང་པ་དངོས་ཅན་ལ་ལྟོས་དང་། མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་ངོ་མཚར། སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ་ཞེས་གསུངས་པས་གསུང་གི་རྡོ་རྗེ་ལ་སོགས་པའི་འཁོར་དེ་དག་རྣམས་ངོ་མཚར་ཆེན་པོའི་ཚིག་གིས་རབ་ཏུ་ཚིམ་ནས། སྣང་བ་ཐམས་ཅད་ངོ་མཚར་ཆེན་པོར་རང་ཤར། རང་སྣང་། རང་གྲོལ། རང་

[p. 324] ཐོབ་ནས། སྐུ་རྡོ་རྗེ་དང་གཉིས་སུ་མེད་པར་གྱུར་ཏོ་ཞེས་རྒྱ་ཆེར་གསུངས་པ་གང་ཡིན་པའོ། །འདིའི་དུས་ན་རྟོག་པ་རྒྱ་གྲོལ་དུ་ཤར་བས་ཆོས་ཉིད་རང་སྣང་གི་རོལ་པར་ལྷུན་གྱིས་གྲུབ་པ་ནི། སྣང་སྲིད་སྣོད་བཅུད་འཁྲུལ་པ་རུ་ལོག་པས། །ཉིན་མཚན་ཡེ་སངས་རང་སངས་ནམ་མཁའ་སངས། །ཞག་དང་ཚེས་སངས་ལོ་ཟླ་བསྐལ་པ་སངས། །གཅིག་སངས་ཀུན་སངས་ཆོས་དང་ཆོས་མིན་སངས། །འཁོར་འདས་འཁྲུལ་གཞི་གདོད་མའི་དབྱིངས་སུ་སངས། །དབྱིངས་ཞེས་ཐ་སྙད་བློ་ཡི་ཆོས་སངས་པས། །གང་སྒྲུབ་ཅི་འབད་ད་ནི་ཅི་ཞིག་གཉེར། །འདོད་བློའི་འཁྲིས་ཟད་ནམ་མཁའ་ཡ་མཚན་ཆེ། །ཆོས་མེད་སྤྲང་པོའི་རང་བཞིན་དེ་འདྲར་ཟད། །རིག་པ་འཛིན་ཞེན་གྱི་ཆོས་ཟད་པས་སྣང་སྲིད་སྣོད་བཅུད་ཀྱི་འཁྲུལ་འཛིན་རུ་ལོག་སྟེ། འདི་ནི་འཁྲུལ་པའོ། །འདི་ནི་མ་འཁྲུལ་པའོ་ཞེས་ཐ་སྙད་དུ་བདེན་པར་འཛིན་པའི་གཏད་འཛིན་སྟོར་བས། མཐོང་སྣང་ཐམས་ཅད་ཕྱལ་བ་བར་མེད་གཅིག་ཏུ་རྒྱ་གྲོལ་ལ་སོང་སྟེ། དེ་སྔ་ཉིན་ཞག་ལ་སོགས་པའི་ཆ་དང་རིང་བུང་དང་ངེས་ཆ་ཡོད་པའང་གཞི་མེད་ཟང་ཐལ་གྱི་སྣང་བར་སངས་ནས། བུ་ཆུང་རང་མལ་ན་བློ་བདེ་བའི་སྣང་བའམ། སྨྱོན་པ་བློ་བདེའི་སྣང་བ་ཤར་བ་ལྟར་ཕྱལ་བར་རང་ཤར་ཏེ། ཉིན་མོའི་སྣང་བ་རང་སངས་ཏེ་ཁྲ་ལམ་ལམ། མཚན་མོའི་སྣང་བ་རང་སངས་དེ་དོག་མེར་མེད། ཉིན་ཞག་གི་སྣང་བ་རང་

[p. 325] སངས་ཏེ་གཞི་ཕྱལ་ཕྱལ། ཆོས་དང་ཟླ་བའི་སྣང་བ་སངས་ཏེ་ཕྱམ་སངས་སངས། ལོ་དང་བསྐལ་པའི་སྣང་བ་སངས་ཏེ་རྒྱ་ཁྲོལ་ཁྲོལ། གཅིག་དང་ཐ་དད་ཀྱི་ཆོས་སངས་པས་རྗེན་ཡེར་ཡེར། འཁྲུལ་གཞི་གདོད་མའི་དབྱིངས་སུ་སངས་པས་སྟོང་སངས་སངས། དབྱིངས་འཛིན་མཐར་ཐུག་གི་སྐྱེལ་སོ་སངས་པས་ཟང་ཐལ་ཐལ། གང་ཡང་སྒྲུབ་ཏུ་མེད་པ་སྟོང་ཉིད་ཀྱི་གོར། ཅི་ཡང་འབད་དུ་མེད་པ་ཆོས་ཉིད་ཀྱི་ལུང་པ། དོན་གཉེར་སྨོན་པ་ཟད་པ་ཡིད་བཞིན་གྱི་ནོར་བུ། འདོད་བློའི་འཁྲི་བ་མེད་པ་ཆོས་ཟད་ཀྱི་ནམ་མཁའ། ཕྱམ་མཉམ་ཡངས་པ་ཆེན་པོ་ཕྱལ་བ་ཟང་ཐལ་ཏེ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་ས་ལ་ཕྱམ་གདལ་བས། དུས་བཞི་ཆོས་ཉིད་ཀྱི་ཞིང་ན་ལྷུན་གྲུབ་སྤྲོས་པ་ཆོད་ནས། ཤེས་པ་རང་སངས། དྲན་པ་རང་ཟད། དགོངས་པ་ཡེ་གནས། གསལ་བ་བར་མེད་ལ་ཕྱམ་སངས་ཏེ། ཐམས་ཅད་རང་སྣང་དུ་ཤར་བ་ཙམ་ལས་གཞན་མ་མཐོང་བས་མཛད་པ་རང་ཤར་གྱི་དགོངས་པ་རྒྱུད་ལ་སྐྱེས་པ་སྙམ་བྱེད་དེ། གང་ཞེ་ན་ཀློང་དྲུག་པ་ལས། དེའི་ཚེ་སངས་རྒྱས་ཀྱི་མཛད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཏིལ་གྱི་གོང་བུ་བཞིན་དུ། སངས་རྒྱས་ཀྱི་མཛད་པར་རང་ཤར། རང་སྣང་། རང་གྲོལ། རང་རིག་རང་ཐོབ་ནས། ལྷ་དང་མི་ལ་སོགས་པ་རྣམས་ཀྱིས་ཀྱང་། སྟོང་པ་ཉིད་རང་བྱུང་གི་སྤྱོད་པ་ལ་གནས་ནས་ཤེས་པ་རྣམས་ཇི་བཞིན་མཉམ་པའི་ཀློང་དུ་རང་དག་ནས། རང་སངས།

[p. 326] རང་སད། རང་རྙེད་ནས། དྲན་པའི་རྒྱུན་རྣམས་དུས་གཅིག་ལ་ཆད་དོ། །བསམ་པ་ཐམས་ཅད་ཀྱང་རང་བཞིན་གྱིས་རྣམ་པར་དག་ནས་དགོངས་པ་རྣམས་ཅིག་ཆར་དང་། རིམ་གྱིས་དང་། མཐར་ཆགས་དང་། ཐོད་རྒལ་ དང་། ཡེ་དག་དང་། ཡེ་གནས་དང་། ཡེ་རྫོགས་དང་། ཡེ་འབྱུང་དང་། ཡེ་བཀོད་དང་། ཡེ་གྲོལ་ཆེན་པོར་རང་གྲོལ་ནས། རང་ལ་རང་ངོ་མཚར། རང་ལ་རང་ཡིད་ཆེས། རང་ལ་རང་སྟོབས་སྐྱེས་ནས་ཞེས་རྒྱ་ཆེར་གསུངས་ པ་དག་གོ། །ད་ནི་དགོངས་པ་ཆོས་ཟད་ཀྱི་རྫོང་ལ་གནས་པས་དུས་གསུམ་འཕོ་འགྱུར་མེད་པར་དོན་བསྡུ་བ་ནི། ས་གཞི་རིན་ཆེན་ནམ་མཁའ་བར་སྣང་རྗོད། །རྟེན་མེད་ཡེ་གྲོལ་དགོངས་པར་ལྷུན་གྲུབ་པས། །སྲིད་གསུམ་ སྣོད་བཅུད་ཡུལ་མེད་ཆེན་པོར་གྲོལ། །ཐམས་ཅད་ཡེ་གདོད་མ་ཉིད་ནས་སྐྱེ་བ་མེད་པ་དང་། གནས་པ་མེད་པ་དང་། འགག་པ་མེད་པས་རྟེན་སྣོད་ཀྱི་འཇིག་རྟེན་དུ་སྣང་བ་དང་། བརྟེན་པ་བཅུད་ཀྱི་སེམས་ཅན་སྲིད་པ་གསུམ་ གྱིས་བསྡུས་པ་ཐམས་ཅད་ཡེ་མེད་དང་ཡུལ་མེད་དང་། རྟེན་མེད་དུ་དག་ཟིན་པས། ཅི་སྣང་ཅི་ཤར་ཡང་སྟོང་པ་ནམ་མཁའི་རྫོང་དུ་ངོ་བོ་ཡེ་སྟོང་ཆེན་པོར་གཞི་འཆོས། གསལ་བ་འགག་མེད་ནོར་བུའི་རྫོང་དུ་མེད་སྣང་ སྟོང་པའི་གཟུགས་བརྙན་ཙམ་དུ་རང་གསལ། ཀུན་འབྱུང་རིག་པས་གཞིའི་རྫོང་དུ་དབྱིངས་གཅིག་སྔ་ཕྱི་གྲུབ་བསལ་མེད་པར་རང་གཅིག་པས། ཆོས་ཐམས་ཅད་ཆོས་ཟད་སྟོང་མཉམ་གདལ་པར་ལྷུན་གྱིས་གྲུབ་སྟེ།

[p. 327] ༄༅། །རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་དགོངས་པ་མཐའ་གྲོལ་ཀློང་ཡངས་ཆེན་པོར་ལ་ཟློས་པ་ནི། ངོ་མཚར་གྱི་གསང་ཚིག་རྣམ་པ་བདུན་རང་གི་རྒྱུད་ལ་རང་ཤར་བསྙམ་བྱེད་པའི་མཐུས་རང་སྣང་བའོ། །གང་ཞེ་ ན་རིན་པོ་ཆེ་སྤུངས་པ་ལས། དེ་ནས་སྟོན་པ་ཉིད་ཀྱིས་རང་ལ་ངོ་མཚར་བའི་ཚིག་གི་རྒྱལ་པོ་འདི་དག་རང་བྱུང་དུ་གསུངས་སོ། །ཨེ་མ་ཧོ། །གསུང་གི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག །རང་གི་རིག་པ་ཉིད་སྐྱེ་ཤི་དང་བྲལ་བའི་གནད་ཀྱིས། སེམས་

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 783 typing errors, November 2026), with the variants of the other editions under each page (60 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = root and commentary MW3CN3400; R = root and commentary MW3CN14271; C = commentary MW1CZ2550. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 600] ལོག་པས་ཀ་དག་ཆོས་ཟད་ཀྱི་རིག་པ་རྗེན་ལ་བུད་དེ་རང་བྱུང་ཡེ་ཤེས་ཀྱི་ཟད་ས་མ་བགྲོད་རང་མལ་དུ་གནས་པས་བློ་བདེ་ཁོང་ནས་ཤར། སྤང་བླང་གི་ཆོས་ལ་ལེགས་ཉེས་ཀྱི་འཛིན་པ་སྟོར་བས་ཤོར་གོད་ཀྱི་འཕྲང་ལས་འདས་ཏེ། སྣང་ཤེས་ཕྱམ་ཕྱམ་དུ་གོ་གདལ། སང་སེང་བདེན་མེད་དུ་ཕྱང་ཆད། །འཁོར་འདས་རིག་པའི་ངང་དུ་རུ་ལོག །རིག་པ་ཆོས་དབྱིངས་ཀྱི་དོན་ཞེས་ཆོས་ཉིད་ཟང་ཐལ་དུ་རྟོག་རྟོག་པའང་སོ་ན་མེད། གང་ཡིན་དང་ཅི་ཡིན་གཏད་སོ་མེད་པས་འདི་ཡིན་དང་ངོས་གཟུང་གི་ཕྱོགས་ལས་འདས་ཏེ། ཕྱི་སྣང་བ་ལ་གཟུང་བའི་སེམས་བུད་པས་ཁྱེད་ཅག་གཞན་དུ་སྣང་བ་སྟོང་གཟུགས་ཀྱི་ལྟད་མོར་ཆེ་སྟེ་ཅི་བྱེད། བྱ་བ་དང་བྱེད་པའི་ཞེན་འཛིན་འདི་འདྲ་མི་འོང་དུ་ཐང་སྟེ་གཞི་མེད་རྨི་ལམ་གྱི་སྣང་བ་མཐོང་བས་ཉམས་དགའ། ནང་གཏད་འཛིན་སེམས་ཀྱི་རྟོད་ཕུར་དོན་པས་ང་དང་བདག་འཛིན་གྱི་ཐག་པ་བུད་དེ་

ཟད་ས་མ་བགྲོད་རང་མལ ] བསྒྲོད P S · བདེན་མེད་དུ་ཕྱང་ཆད་འཁོར ] བྱང A C · རྟོག་རྟོག་པའང་སོ་ན་མེད་གང ] སོན A C · མེད་གང་ཡིན་དང་ཅི་ཡིན ] དད A C · འདི་ཡིན་དང་ངོས་གཟུང་གི ] ངེས D R · འཛིན་སེམས་ཀྱི་རྟོད་ཕུར་དོན ] རྟོག W · སེམས་ཀྱི་རྟོད་ཕུར་དོན་པས ] བུར D G R · ཀྱི་རྟོད་ཕུར་དོན་པས་ང ] བཏོན P S · རྟོད་ཕུར་དོན་པས་ང་དང ] བས D R · རྟོད་ཕུར་དོན་པས་ང་དང་བདག ] བསང A C

[p. 601] རིག་པ་རང་ཡན་ཟང་ཐལ་གྱི་རྟ་ཕོ་དེ་བཙལ་གྱིས་མ་རྙེད་པས་གང་ན་འདུག་ཁོ་བོས་ཀྱང་མ་མཐོང་སྟེ། སྐྱེལ་ས་དང་ཐུག་ས་ཡིན་ཡིན་པོའི་ས་ཟིན་ནི་བདག་ལ་མེད། དེ་སྔ་རང་གསལ་རྗེན་པའི་ཆོས་སྐུ་མཚར་པོ་གཅིག་ཡོད་པ་དེ་གར་སོང་ཆ་མེད་ཀྱི་ཡུལ་དུ་བོར་བས། ད་ཡིན་མིན་དང་གནས་ལུགས་ཀྱི་འཛིན་པ་སྟོར་ནས་སྔར་ཤུལ་ཆོས་ཉིད་ཀྱི་རང་མལ་ན་མེད་པ་འདི་ལ། གྲོལ་འཁྲུལ་དང་ཆོས་སྐུའི་འབྲས་བུ་ཅི་བྱ། ཕྱི་སྣང་བ་ལ་བལྟས་པས་ཟང་མ་ཐལ། སང་མ་སེང༌། ཡལ་མ་ཡོལ། ར་མ་རི། འདིར་རྒྱག་དང་ཡིན་མིན་གྱི་ཕྱོགས་རིས་སུ་མི་འདུག །ནང་རང་རིག་གི་ཤེས་པ་རང་མལ་ལ་བལྟས་པས། ཕྱ་སངས། སྟོང་ཡལ། རིས་མེད། རྟོག་སངས། ཕྱང་ཆད། རྗེས་མེད་ཕྱལ་བ་བར་སྣང་སྟོང་པའི་རང་བཞིན་དང་འདྲེས་ནས་ཁོ་བོ་ད་ལྟ་ཅི་ཡང་མེད་ན་ཁྱེད་ཅག་གང་ན་འདུག་ཧ་ཧ། འདིར་རྡོ་རྗེའི་གད་

རྙེད་པས་གང་ན་འདུག་ཁོ ] དུ D R · སྐྱེལ་ས་དང་ཐུག་ས་ཡིན་ཡིན ] ཐུགས A G C · ཆོས་སྐུ་མཚར་པོ་གཅིག་ཡོད་པ ] བོ་ཅིག D R · དུ་བོར་བས་ད་ཡིན་མིན ] དེ A C · ཆོས་སྐུའི་འབྲས་བུ་ཅི་བྱ ] om. W · ཆོས་སྐུའི་འབྲས་བུ་ཅི་བྱ ] བུས P S · དང་ཡིན་མིན་གྱི་ཕྱོགས་རིས ] གྱིས W · རྗེས་མེད་ཕྱལ་བ་བར་སྣང ] པ P G S R

[p. 602] མོ་བཅུ་གཉིས་ཀྱི་དོན་རང་གི་རྒྱུད་ལ་སྐྱེས་པ་སྙམ་བྱེད་དོ། །གད་མོ་བཅུ་གཉིས་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་རིན་པོ་ཆེ་སྤུངས་པའི་རྒྱན་གྱིས། ཆོས་ཐམས་ཅད་ཀྱི་འཆར་ཚུལ་ཅིར་ཡང་མ་འགགས་པར་གཟིགས་པས། རང་ལ་ངོ་མཚར་སྐྱེས་ཏེ་རང་གི་གད་མོ་ཆེན་པོ་རྣམས། ཉིད་ཀྱིས་ཉིད་ལ་རང་བགད་པ་འདི་དག་ལྗགས་ཀྱི་དབང་པོ་ལས་རང་ཤར་རོ། །ཀྱེ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་སྙིང་པོ། ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང༌། དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་ངོ་མཚར། གཞི་མ་བསྐྱོད་པས་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོ་དངོས་པོ་གཤིས་ཀྱི་འདུག་ཚུལ་ལ་ལྟོས་དང༌། སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར། བདེ་སྡུག་ཇི་ལྟར་བསམས་ཀྱང་དོན་ལ་འགྱུར་བ་མེད་པ་ཧ་ཧ། ཀྱེ་

སྟོན་པ་ཀུན་ཏུ་བཟང་པོ ] དུ P D S R C · ལ་ངོ་མཚར་སྐྱེས་ཏེ་རང ] སྐྱེ D R · སྐྱེས་ཏེ་རང་གི་གད་མོ ] གིས D R · ཀྱི་འདུག་ཚུལ་ལ་ལྟོས་དང ] om. W · སྤུ་མ་བརྗེས་མདོག་མ་བསྒྱུར ] མ་དོག D R

[p. 603] གསུང་གི་རྡོ་རྗེ་སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ལ་ལྟོས་དང༌། དྲན་བསམ་གྱི་སྤྱོད་པ་སྣ་ཚོགས་ཅི་བྱས་ཀྱང་རོལ་པར་ཤར་བ་ངོ་མཚར། ཇི་ལྟར་བྱས་ཀྱང་སྐྱེ་མེད་ཀྱི་ཀློང་དུ་འགག་མེད་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ཆོས་ཉིད་སྟོང་པ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང༌། སྐྱེ་བ་མེད་པ་དང་ཡེ་ནས་ལྷན་ཅིག་ཏུ་གནས་པ་ངོ་མཚར། སྐྱེས་བུས་མཚོན་རྣོན་པོ་ཐོགས་ནས་འགྲོ་བ་རྣམས་དུས་གཅིག་ལ་བསྒྲལ་ཀྱང་གང་ཟག་དེའི་རྒྱུད་ལ་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རང་གི་ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང༌། གང་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་ཤར་བ་ངོ་མཚར། ཅིར་སྣང་རང་གི་གཞི་ལས་གཡོས་པ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོའི་རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང༌། རང་གི་གཉེན་པོར་རང་ཆེ་བ་ངོ་མཚར། ཉོན་མོངས་པ་རྣམས་རང་

གསུང་གི་རྡོ་རྗེ་སྟོང་པ ] རྗཻ P · པ་སྣ་ཚོགས་ཅི་བྱས་ཀྱང ] ཅིས W · ངོ་མཚར་སྐྱེས་བུས་མཚོན་རྣོན ] བུ W · ཧ་ཧ་ཀྱེ་གསུང་གི་རྡོ ] གསུངས S R · རྡོ་རྗེ་སྙིང་པོའི་རིག་པ ] པོ A P S C

[p. 604] གིས་རང་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་སྟོང་པ་ཀུན་དག་གི་ངོ་བོ་ལ་ལྟོས་དང༌། འབད་རྩོལ་མེད་པར་འབྲས་བུ་རང་རྙེད་པ་ངོ་མཚར། གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ངོ་བོ་སྟོང་པ་ཆེན་པོ་ཀུན་གཞག་གི་ཚད་ལ་ལྟོས་དང༌། འགྲོ་དྲུག་སྐུ་གསུམ་དུ་སྣང་བ་ངོ་མཚར། འགྲོ་བ་རྣམས་ཀྱིས་བསྒོམ་པ་རྡུལ་ཙམ་ཡང་མ་བྱས་པར་དུས་གཅིག་ལ་སངས་རྒྱས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང༌། དུས་གསུམ་འདུ་འབྲལ་མེད་པ་ངོ་མཚར། ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པར་ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་ཅེར་གཞག་གི་ངོ་བོ་སྟོང་པ་ཆེན་པོ་ཀུན་མཉམ་ལ་ལྟོས་དང༌། བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ངོ་མཚར། སྤོང་ལེན་ཐམས་ཅད་ལྟ་བར་གྲོལ་བ་ཧ་ཧ།

ཆེན་པོ་ཀུན་གཞག་གི་ཚད ] བཞག D R

[p. 605] ཀྱེ་གསུང་གི་རྡོ་རྗེ་སྟོང་པའི་སྟོང་པ་ཡེ་སྟོང་ཆེན་པོ་ལ་ལྟོས་དང༌། སངས་རྒྱས་ཐམས་ཅད་གཡང་སར་འདུག་པ་ངོ་མཚར། བྱ་བྱེད་བསྒོམས་པས་ལྟུང་བར་འགྱུར་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་མི་སྟོང་པའི་སྟོང་པ་དངོས་ཅན་ལ་ལྟོས་དང༌། མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་ངོ་མཚར། སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ་ཞེས་གསུངས་པས་གསུང་གི་རྡོ་རྗེ་ལ་སོགས་པའི་འཁོར་དེ་དག་རྣམས་ངོ་མཚར་ཆེན་པོའི་ཚིག་གིས་རབ་ཏུ་ཚིམ་ནས། སྣང་བ་ཐམས་ཅད་ངོ་མཚར་ཆེན་པོར་རང་ཤར། རང་སྣང༌། རང་གྲོལ། རང་ཐོབ་ནས། སྐུ་རྡོ་རྗེ་དང་གཉིས་སུ་མེད་པར་གྱུར་ཏོ་ཞེས་རྒྱ་ཆེར་གསུངས་པ་གང་ཡིན་པའོ། །འདིའི་དུས་ན་རྟོག་པ་རྒྱ་གྲོལ་དུ་ཤར་བས་ཆོས་ཉིད་རང་སྣང་གི་རོལ་པར་ལྷུན་གྱིས་གྲུབ་པ་ནི། སྣང་སྲིད་སྣོད་བཅུད་འཁྲུལ་པ་རུ་ལོག་པས། །ཉིན་མཚན་ཡེ་སངས་རང་སངས་ནམ་མཁའ་སངས། །

རྒྱས་ཐམས་ཅད་གཡང་སར་འདུག ] གཡངས D R · ལྟུང་བར་འགྱུར་བ་ཧ་ཧ ] པ A C · སྟོང་པའི་སྟོང་པ་དངོས་ཅན ] པར P S · སྣང་གི་རོལ་པར་ལྷུན་གྱིས ] བར D R

[p. 606] ཞག་དང་ཚེས་སངས་ལོ་ཟླ་བསྐལ་པ་སངས། །གཅིག་སངས་ཀུན་སངས་ཆོས་དང་ཆོས་མིན་སངས། །འཁོར་འདས་འཁྲུལ་གཞི་གདོད་མའི་དབྱིངས་སུ་སངས། དབྱིངས་ཞེས་ཐ་སྙད་བློ་ཡི་ཆོས་སངས་པས། །གང་སྒྲུབ་ཅི་འབད་ད་ནི་ཅི་ཞིག་གཉེར། །འདོད་བློའི་འཁྲིས་ཟད་ནམ་མཁའ་ཡ་མཚན་ཆེ། །ཆོས་མེད་སྤྲང་པོའི་རང་བཞིན་དེ་འདྲར་ཟད། །རིག་པ་འཛིན་ཞེན་གྱི་ཆོས་ཟད་པས་སྣང་སྲིད་སྣོད་བཅུད་ཀྱི་འཁྲུལ་འཛིན་རུ་ལོག་སྟེ། འདི་ནི་འཁྲུལ་པའོ། །འདི་ནི་མ་འཁྲུལ་པའོ། །ཞེས་ཐ་སྙད་དུ་བདེན་པར་འཛིན་པའི་གཏད་འཛིན་སྟོར་བས། མཐོང་སྣང་ཐམས་ཅད་ཕྱལ་བ་བར་མེད་གཅིག་ཏུ་རྒྱ་གྲོལ་ལ་སོང་སྟེ། དེ་སྔ་ཉིན་ཞག་ལ་སོགས་པའི་ཆ་དང་རིང་ཐུང་དང་ངེས་ཆ་ཡོད་པའང་གཞི་མེད་ཟང་ཐལ་གྱི་སྣང་བར་སངས་ནས། བུ་ཆུང་རང་མལ་ན་བློ་བདེ་བའི་སྣང་བའམ། སྨྱོན་པ་བློ་བདེའི་སྣང་བ་ཤར་བ་ལྟར་ཕྱལ་བར་

སུ་སངས་དབྱིངས་ཞེས་ཐ་སྙད ] ཞེ W · འཁྲུལ་པའོ་འདི་⁁་ནི་མ ] མ་འཁྲུལ་པའོ་འདི W · པར་འཛིན་པའི་གཏད་འཛིན་སྟོར ] གཏང D R · གཏད་འཛིན་སྟོར་བས་མཐོང་སྣང ] པས D R · ཐམས་ཅད་ཕྱལ་བ་བར་མེད ] པ D G · ཉིན་ཞག་ལ་སོགས་པའི་ཆ ] སོག W · ཆ་དང་རིང་ཐུང་དང་ངེས ] བུང A C · ན་བློ་བདེ་བའི་སྣང་བའམ ] བ་ལ D G R

[p. 607] རང་ཤར་ཏེ། ཉིན་མོའི་སྣང་བ་རང་སངས་ཏེ་ཁྲ་ལམ་ལམ། མཚན་མོའི་སྣང་བ་རང་སངས་ཏེ་དོག་མེར་མེར། ཉིན་ཞག་གི་སྣང་བ་རང་སངས་ཏེ་གཞི་ཕྱལ་ཕྱལ། ཚེས་དང་ཟླ་བའི་སྣང་བ་སངས་ཏེ་ཕྱམ་སངས་སངས། ལོ་དང་བསྐལ་པའི་སྣང་བ་སངས་ཏེ་རྒྱ་ཁྲོལ་ཁྲོལ། གཅིག་དང་ཐ་དད་ཀྱི་ཆོས་སངས་པས་རྗེན་ཡེར་ཡེར། འཁྲུལ་གཞི་གདོད་མའི་དབྱིངས་སུ་སངས་པས་སྟོང་སངས་སངས། དབྱིངས་འཛིན་མཐར་ཐུག་གི་སྐྱེལ་སོ་སངས་པས་ཟང་ཐལ་ཐལ། གང་ཡང་སྒྲུབ་ཏུ་མེད་པ་སྟོང་ཉིད་ཀྱི་གོ་ར། ཅི་ཡང་འབད་དུ་མེད་པ་ཆོས་ཉིད་ཀྱི་ལུང་པ། དོན་གཉེར་སྨོན་པ་ཟད་པ་ཡིད་བཞིན་གྱི་ནོར་བུ། འདོད་བློའི་འཁྲི་བ་མེད་པ་ཆོས་ཟད་ཀྱི་ནམ་མཁའ། ཕྱམ་མཉམ་ཡངས་པ་ཆེན་པོ་ཕྱལ་བ་ཟང་ཐལ་ཏེ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་ས་ལ་ཕྱམ་གདལ་བས། དུས་བཞི་ཆོས་ཉིད་ཀྱི་ཞིང་ན་ལྷུན་གྲུབ་

བ་རང་སངས་ཏེ་དོག་མེར ] དེ A D G R C · གཞི་ཕྱལ་ཕྱལ་ཚེས་དང་ཟླ ] ཆོས A C · སྟོང་ཉིད་ཀྱི་གོ་ར་ཅི་ཡང ] གོར A D C · ཆེན་པོ་ཕྱལ་བ་ཟང་ཐལ ] པ D G R

[p. 608] སྤྲོས་པ་ཆོད་ནས། ཤེས་པ་རང་སངས། དྲན་པ་རང་ཟད། དགོངས་པ་ཡེ་གནས། གསལ་བ་བར་མེད་ལ་ཕྱམ་སངས་ཏེ། ཐམས་ཅད་རང་སྣང་དུ་ཤར་བ་ཙམ་ལས་གཞན་མ་མཐོང་བས། མཛད་པ་རང་ཤར་གྱི་དགོངས་པ་རྒྱུད་ལ་སྐྱེས་པ་སྙམ་བྱེད་དེ། གང་ཞེ་ན་ཀློང་དྲུག་པ་ལས། དེའི་ཚེ་སངས་རྒྱས་ཀྱི་མཛད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཏིལ་གྱི་གོང་བུ་བཞིན་དུ། སངས་རྒྱས་ཀྱི་མཛད་པར་རང་ཤར། རང་སྣང༌། རང་གྲོལ། རང་རིག །རང་ཐོབ་ནས། ལྷ་དང་མི་ལ་སོགས་པ་རྣམས་ཀྱིས་ཀྱང༌། སྟོང་པ་ཉིད་རང་བྱུང་གི་སྤྱོད་པ་ལ་གནས་ནས་ཤེས་པ་རྣམས་ཇི་བཞིན་མཉམ་པའི་ཀློང་དུ་རང་དག་ནས། རང་སངས། རང་སད། རང་རྙེད་ནས། དྲན་པའི་རྒྱུན་རྣམས་དུས་གཅིག་ལ་ཆད་དོ། །བསམ་པ་ཐམས་ཅད་ཀྱང་རང་བཞིན་གྱིས་རྣམ་པར་དག་ནས་དགོངས་པ་རྣམས་ཅིག་ཆར་དང༌། རིམ་གྱིས་

ཅད་ཏིལ་གྱི་གོང་བུ་བཞིན ] གང D G R · རྒྱས་ཀྱི་མཛད་པར་རང་ཤར ] པ W · རང་སངས་རང་སད་རང་རྙེད ] སང D R · པ་རྣམས་ཅིག་ཆར་དང་རིམ ] ཅར D G R

[p. 609] དང༌། མཐར་ཆགས་དང༌། ཐོད་རྒལ་དང༌། ཡེ་དག་དང༌། ཡེ་གནས་དང༌། ཡེ་རྫོགས་དང༌། ཡེ་འབྱུང་དང༌། ཡེ་བཀོད་དང༌། ཡེ་གྲོལ་ཆེན་པོར་རང་གྲོལ་ནས། རང་ལ་རང་ངོ་མཚར། རང་ལ་རང་ཡིད་ཆེས། རང་ལ་རང་སྟོབས་སྐྱེས་ནས་ཞེས་རྒྱ་ཆེར་གསུངས་པ་དག་གོ། །ད་ནི་དགོངས་པ་ཆོས་ཟད་ཀྱི་རྫོང་ལ་གནས་པས་དུས་གསུམ་འཕོ་འགྱུར་མེད་པར་དོན་བསྡུ་བ་ནི། ས་གཞི་རིན་ཆེན་ནམ་མཁའ་བར་སྣང་རྫོང༌། །རྟེན་མེད་ཡེ་གྲོལ་དགོངས་པར་ལྷུན་གྲུབ་པས། །སྲིད་གསུམ་སྣོད་བཅུད་ཡུལ་མེད་ཆེན་པོར་གྲོལ། །ཐམས་ཅད་ཡེ་གདོད་མ་ཉིད་ནས་སྐྱེ་བ་མེད་པ་དང༌། གནས་པ་མེད་པ་དང༌། འགག་པ་མེད་པས་རྟེན་སྣོད་ཀྱི་འཇིག་རྟེན་དུ་སྣང་བ་དང༌། བརྟེན་པ་བཅུད་ཀྱི་སེམས་ཅན་སྲིད་པ་གསུམ་གྱིས་བསྡུས་པ་ཐམས་ཅད་ཡེ་མེད་དང་ཡུལ་མེད་དང༌། རྟེན་མེད་དུ་དག་ཟིན་པས། ཅི་སྣང་

ལ་རང་སྟོབས་སྐྱེས་ནས་ཞེས ] ཀྱིས W · མཁའ་བར་སྣང་རྫོང་རྟེན་མེད ] རྗོད A C · ཐམས་ཅད་ཡེ་གདོད་མ་ཉིད ] གདོང G R

[p. 610] ཅི་ཤར་ཡང་སྟོང་པ་ནམ་མཁའི་རྫོང་དུ་ངོ་བོ་ཡེ་སྟོང་ཆེན་པོར་གཞི་འཆོས། གསལ་བ་འགག་མེད་ནོར་བུའི་རྫོང་དུ་མེད་སྣང་སྟོང་པའི་གཟུགས་བརྙན་ཙམ་དུ་རང་གསལ། ཀུན་འབྱུང་རིག་པ་ས་གཞིའི་རྫོང་དུ་དབྱིངས་གཅིག་སྔ་ཕྱི་གྲུབ་བསལ་མེད་པར་རང་གཅིག་པས། ཆོས་ཐམས་ཅད་ཆོས་ཟད་སྟོང་མཉམ་གདལ་བར་ལྷུན་གྱིས་གྲུབ་སྟེ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་དགོངས་པ་མཐའ་གྲོལ་ཀློང་ཡངས་ཆེན་པོར་ལ་ཟློས་པ་ནི། ངོ་མཚར་གྱི་གསང་ཚིག་རྣམ་པ་བདུན་རང་གི་རྒྱུད་ལ་རང་ཤར་བསྙམ་བྱེད་པའི་མཐུས་རང་སྣང་བའོ། །གང་ཞེ་ན་རིན་པོ་ཆེ་སྤུངས་པ་ལས། དེ་ནས་སྟོན་པ་ཉིད་ཀྱིས་རང་ལ་ངོ་མཚར་བའི་ཚིག་གི་རྒྱལ་པོ་འདི་དག་རང་བྱུང་དུ་གསུངས་སོ། །ཨེ་མ་ཧོ། གསུང་གི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག །རང་གི་རིག་པ་ཉིད་སྐྱེ་ཤི་དང་བྲལ་བའི་གནད་ཀྱིས། སེམས་ཅན་བྱེ་བའི་སྲོག་གཅད་པ་དང་ཕ་

ཀུན་འབྱུང་རིག་པ་ས་གཞིའི་རྫོང ] པས A C · སྟོང་མཉམ་གདལ་བར་ལྷུན་གྱིས ] པར A C · ལ་རང་ཤར་བསྙམ་བྱེད་པའི ] བ་སྙམ A P D G S R · ལ་རང་ཤར་བསྙམ་བྱེད་པའི ] སྙམ W · རིན་པོ་ཆེ་སྤུངས་པ་ལས ] སྤུང W · ལས་དེ་ནས་སྟོན་པ་ཉིད ] སྟོང W · བྱེ་བའི་སྲོག་གཅད་པ་དང ] གཅོད P S · བྱེ་བའི་སྲོག་གཅད་པ་དང ] བཅད D R
[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the chapter's own divisions; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The complete outline of the work is on the contents page.
7 Scouring out to the source into the great nameless exhaustion of phenomena ཆོས་ཟད་མིང་མེད་ཆེན་པོར་ཕུ་བཀྲུ་བ [p. 598]
7.2 The twelve vajra laughs རྡོ་རྗེའི་གད་མོ་བཅུ་གཉིས [p. 601] topical
Quotes the Tantra of Heaped Jewels, in which Samantabhadra utters twelve laughs to Vajra of Enlightened Speech, each pairing a marvel of empty primordial wisdom with a 'ha ha' on freedom beyond benefit, harm, effort and change.
8 Spontaneous presence as the display of the self-appearance of the nature of phenomena ཆོས་ཉིད་རང་སྣང་གི་རོལ་པར་ལྷུན་གྱིས་གྲུབ་པ [p. 605]
Verses and commentary describe how, with deluded grasping collapsed, day and night, times, one and many, and even 'basic space' clear of themselves, leaving nothing to pursue; the Six Expanses is cited on deeds and enlightened intent arising naturally.
9 Summing up: no transition or change throughout the three times དུས་གསུམ་འཕོ་འགྱུར་མེད་པར་དོན་བསྡུ་བ [p. 609]
Sums up that nothing transitions or changes through the three times: world and beings, unarisen and unsupported, are empty, lucid and one in the fortresses of sky, jewel and earth. Seven wondrous secret statements from the Heap of Jewels declare no difference between opposite kinds of persons in attaining the fruition.
9.1 The meaning of the three fortresses རྫོང་གསུམ་གྱི་དོན [p. 609] topical
Since all of world and beings is unarisen and without support, whatever appears is empty in the fortress of the sky, lucid in the fortress of the jewel, and one in the fortress of the earth, awareness.
9.2 The seven wondrous secret statements ངོ་མཚར་གྱི་གསང་ཚིག་རྣམ་པ་བདུན [p. 610] topical
Quotes the Heap of Jewels: owing to key points of awareness, Samantabhadra declares no mote of difference between opposite kinds of persons (killer and practitioner, meditator and non-meditator, etc.) in seeing, realizing or attaining the fruition.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 600] has fallen away, the awareness of primordial purity, of the exhaustion of phenomena, is stripped naked; and since the level of exhaustion (zad sa)[131]Note 131 · p. 600 · zad sa is taken as the short form of zad pa'i sa, "the level of exhaustion", which also brings out the play on a level that is not traversed (ma bgrod). that is self-arisen primordial wisdom[130]Note 130 · p. 600 · ye shes: Claude Fable 5.2 and Dharmamitra have "timeless awareness"; corrected to "primordial wisdom". abides in its natural resting place without having been traversed, ease of mind arises from deep within.

Since the grasping at good and bad in phenomena to be abandoned or adopted has been lost, one has passed beyond the perilous pass of loss and ruin. Appearances and cognition (snang shes) open out, evenly level. Open and clear, without truth, they are cut loose. Saṃsāra and nirvāṇa are overturned into the state of awareness. Even the constant thinking that conceives of the nature of phenomena as unobstructed transparency, saying "awareness is the meaning of the basic space of phenomena," is nowhere in its place. Since there is nowhere to fix upon which it is or what it is, one has passed beyond the side of "it is this" and of identification. Outwardly, since the mind that takes appearances as perceived objects has fallen away, all of you who appear as other are a grand spectacle of empty forms (stong gzugs)—what are you doing? It is plain that such clinging[132]Note 132 · p. 600 · mi 'ong du thang: read as "it is plain that … will not come about" (Claude Fable 5.2, Gemini 4 Neon); Dharmamitra and GPT-6.2 Astra have "might well not occur". The phrase could also mean "plainly will not do". and grasping at action and agent will not come about, and to see the appearances of a groundless dream is a delight. Inwardly, since the tethering stake of the mind[133]Note 133 · p. 600 · Dharmamitra omits the final sentence (nang gtad 'dzin sems kyi rtod phur …); it is supplied from the Tibetan and left open, since it continues on the next page. of fixated grasping (gtad 'dzin) has been pulled out, the rope of "I" and of grasping at a self has slipped off, and

[p. 601] that stallion of awareness, roaming free in unobstructed transparency, is not found though I search for it, so that even I have not seen where it is. I have no hold on any ground that would surely be "it," a place to lead it to or a place to arrive at.[135]Note 135 · p. 601 · skyel sa dang thug sa yin yin po'i sa zin: read as "a secured ground that is surely 'it,' a place to lead to and a place to arrive at." Gemini 4 Neon makes yin yin po a third item in a list; GPT-6.2 Astra turns it into direct speech. I take it as qualifying sa zin, as Claude Fable 5.2 does. That wondrous dharmakāya that was there before, naturally lucid and naked, has been lost in a land where there is no telling where it went. Now the grasping at[134]Note 134 · p. 601 · Variant: the text reads da yin min ("now … 'is' and 'is not'"); Adzom reads de yin min ("whether it is that or not"). I follow the text (da), which gives the natural "now" after bor bas; the sense is nearly the same. "is" and "is not" and at a natural state has been lost, and it is no longer in its former place, the natural resting place of the nature of phenomena. For such a one, what use are freedom and delusion, or dharmakāya as a fruition? Outwardly, when I look at appearances: utterly transparent (zang ma thal), limpid and clear, fading and evanescent,[137]Note 137 · p. 601 · The strings of expressive words (sang ma seng, yal ma yol, ra ma ri, phya sangs, phyang chad) are rendered by sense. phyang chad is "cut loose," as in the previous part; Dharmamitra's "decisive" is not supported. hazy and shimmering. They take no side, with no "pin it here"[136]Note 136 · p. 601 · 'dir rgyag is colloquial and uncertain; I render it "pin it here" (Claude Fable 5.2 "aim it here," Dharmamitra "being located here"). and no "is" or "is not." Inwardly, when I look at the cognition that is self-knowing awareness, in its natural resting place: cleared wide, empty and vanished, without divisions, cleared of thought, cut loose. Traceless wide openness (phyal ba) has merged[138]Note 138 · p. 601 · rjes med phyal ba is taken as the subject of 'dres nas ("traceless wide openness has merged with the nature of empty space"). Claude Fable 5.2 and GPT-6.2 Astra detach it as one more epithet; the difference is slight. with the nature of empty space, and if I am now nothing whatsoever,[139]Note 139 · p. 601 · ci yang med na is conditional ("if I am now nothing whatsoever"), as in Dharmamitra and GPT-6.2 Astra, not Gemini 4 Neon's "since." where are all of you? Ha ha!

7.2 The twelve vajra laughs རྡོ་རྗེའི་གད་མོ་བཅུ་གཉིས7.2 The twelve vajra laughs (topical division)
Quotes the Tantra of Heaped Jewels, in which Samantabhadra utters twelve laughs to Vajra of Enlightened Speech, each pairing a marvel of empty primordial wisdom with a 'ha ha' on freedom beyond benefit, harm, effort and change.

Here I think that the meaning of the twelve vajra

[p. 602] laughs has been born in my own mindstream. As for the twelve laughs, the Tantra of Heaped Jewels says:

> Then the teacher Samantabhadra, Ornament of Heaped Jewels,[140]Note 140 · p. 602 · rin po che spungs pa'i rgyan gyis: the agentive is taken as marking the teacher's epithet, "Samantabhadra, Ornament of Heaped Jewels" (Claude Fable 5.2, GPT-6.2 Astra, Gemini 4 Neon). Dharmamitra reads it as instrumental, "through the ornament of heaped jewels," which is possible but less natural with gzigs pas. saw that the way in which all phenomena arise is unceasing in any way whatsoever. Wonder was born in him, and these great laughs of his own, in which he laughed of his own accord at himself, arose naturally (rang shar) from the faculty of his tongue:
>
> "Kye, Vajra Heart Essence (rdo rje snying po) of the Enlightened Speech of all the buddhas! Look at the view, self-arisen primordial wisdom! That it is beyond virtue and wrongdoing, beyond view and meditation—how marvelous! Since the ground is unmoved, whatever actions of body and speech are done are free of benefit and harm—ha ha!
>
> "Kye, Vajra Heart Essence of Enlightened Speech![141]Note 141 · p. 602 · In the second laugh, snying po is taken with the vocative, as in the first laugh and in all the drafts. It could instead begin the object ("the heart essence, the way things abide…"), as snying po'i rig pa does in the sixth laugh. Look at the way substantial entities abide in their fundamental nature! That these appearances have not changed their coat or altered their color—how marvelous! However one may think of happiness and suffering, in actual fact there is no change—ha ha!
>
> "Kye,

[p. 603] > Vajra of Enlightened Speech! Look at great emptiness (stong pa chen po), the primordial wisdom from which all arises! That whatever varied conduct of recollection and thinking is engaged in arises as display—how marvelous! However one acts, it is free, without ceasing,[144]Note 144 · p. 603 · grol ba is "free / freed" throughout, per the glossary (Dharmamitra, GPT-6.2 Astra and Gemini 4 Neon have "liberated"). spong len is rendered "abandoning and adopting," as for spang blang. in the expanse of the unborn (skye med)—ha ha!
>
> "Kye, Vajra of Enlightened Speech! Look at the nature of phenomena, emptiness, the primordial wisdom that pervades all![142]Note 142 · p. 603 · In the formulas of the type "X stong pa kun-Y gyi Z," I keep the three members in apposition (as Claude Fable 5.2), since the series enumerates named emptinesses, and the next page continues with stong pa'i stong pa and mi stong pa'i stong pa. Dharmamitra and Gemini 4 Neon subordinate them in the genitive ("the all-pervading primordial wisdom of empty…"), which the Tibetan does not mark. That it abides primordially together with the unborn[143]Note 143 · p. 603 · skye ba med pa dang ye nas lhan cig tu gnas pa: "abides primordially together with the unborn" (Claude Fable 5.2, GPT-6.2 Astra, Gemini 4 Neon). Dharmamitra's "it is unborn and abides together with it" misreads dang.—how marvelous! Even if a person were to take up a sharp weapon and slay beings all at once, that individual's mindstream would be free of benefit and harm—ha ha!
>
> "Kye, Vajra of Enlightened Speech! Look at one's own cognition, emptiness, the primordial wisdom in which all appears! That all appearances, however they appear, arise as one's own friends—how marvelous! Whatever appears has not stirred from its own ground—ha ha!
>
> "Kye, Vajra of Enlightened Speech! Look at the awareness of the heart essence, emptiness, the appearance in which all is free! That it is itself great as its own antidote—how marvelous! The afflictions are freed by

[p. 604] > themselves, in themselves—ha ha!
>
> "Kye, Vajra of Enlightened Speech! Look at awareness, emptiness, the essence in which all is pure! That the fruition is found of itself, without exertion or effort—how marvelous! By taking hold of the one, all of saṃsāra and nirvāṇa is pure as nondual—ha ha!
>
> "Kye, Vajra of Enlightened Speech! Look at the essence, great emptiness, the measure of all being left as it is! That the six classes of beings appear as the three kāyas—how marvelous! Without having done so much as a speck of meditation, beings awaken to buddhahood all at once—ha ha!
>
> "Kye, Vajra of Enlightened Speech! Look at the three kāyas, great emptiness, the fruition that is primordially perfect (ye rdzogs)! That the three times are without meeting or parting—how marvelous! Without the six perfections having been practiced, the accumulations (tshogs) are complete all at once—ha ha!
>
> "Kye, Vajra of Enlightened Speech! Look at the essence of awareness resting nakedly (cer gzhag), great emptiness, in which all is equal! That all action and agent arise as adornment—how marvelous! All abandoning and adopting are free in the view—ha ha!

[p. 605] > "Kye, Vajra of Enlightened Speech! Look at the emptiness of the empty, great primordial emptiness! That all buddhas sit at the brink of an abyss—how marvelous! By meditating with action and agent,[145]Note 145 · p. 605 · bya byed bsgoms pas: rendered with the glossary's "action and agent", as in the preceding stanza; Gemini 4 Neon, GPT-6.2 Astra, Dharmamitra paraphrase as effortful activity or contriving. one falls—ha ha!
>
> "Kye, Vajra of Enlightened Speech! Look at the emptiness of the non-empty, that which has substance! That there is a vehicle which grasps at a self in what does not exist—how marvelous! By being born, the unborn is attained[146]Note 146 · p. 605 · skyes pas skye med thob pa: the Tibetan allows "by being born" (Gemini 4 Neon) or "by what is born" (Claude Fable 5.2, GPT-6.2 Astra, Dharmamitra); the former is followed.—ha ha!"
>
> Because he had spoken thus, Vajra of Enlightened Speech and the others of that retinue were utterly satisfied by these words of great wonder. All appearances arose naturally as great wonder, appeared of themselves, were naturally free and naturally attained, and they became nondual with Vajra of Enlightened Body.Rin po che spungs paQuotation (named in the text: རིན་པོ་ཆེ་སྤུངས་པའི་རྒྱུད་ལས)
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པ་རྒྱུད་ཀྱི་རྒྱལ་པོ, rin po che spungs pa yon tan chen po ston pa rgyud kyi rgyal po, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0054-vol-01-text (the text itself), 66 % of the words.

This is what is taught there at length.

8 Spontaneous presence as the display of the self-appearance of the nature of phenomena ཆོས་ཉིད་རང་སྣང་གི་རོལ་པར་ལྷུན་གྱིས་གྲུབ་པ8 Spontaneous presence as the display of the self-appearance of the nature of phenomena
Verses and commentary describe how, with deluded grasping collapsed, day and night, times, one and many, and even 'basic space' clear of themselves, leaving nothing to pursue; the Six Expanses is cited on deeds and enlightened intent arising naturally.

At this time, since conceptual thought arises as freedom from all bounds (rgya grol), there is spontaneous presence as the display of the self-appearance of the nature of phenomena:

Since the delusion of all that appears and exists, the world and its inhabitants, has collapsed,
day and night are primordially cleared (ye sangs), naturally cleared, cleared as space.[147]Note 147 · p. 605 · nam mkha' sangs: read as parallel with ye sangs and rang sangs, "cleared as space" (Claude Fable 5.2, Gemini 4 Neon, Dharmamitra). GPT-6.2 Astra makes the sky the subject ("the sky is clear"), which is also possible.

[p. 606] Days and dates are cleared; years, months and eons are cleared.
The one is cleared, the all is cleared;[148]Note 148 · p. 606 · gcig sangs kun sangs: Dharmamitra reads "when one is cleared, all are cleared". The commentary glosses it as gcig dang tha dad kyi chos sangs pas, so "the one" and "the all" are two things cleared (Claude Fable 5.2, Gemini 4 Neon, GPT-6.2 Astra). Dharma and non-Dharma are cleared.
Saṃsāra and nirvāṇa, the ground of delusion, are cleared in original basic space.
Since "basic space"—a conventional designation, a phenomenon of the intellect—is cleared,
what is to be accomplished, what striven for,[149]Note 149 · p. 606 · gang sgrub ci 'bad: Dharmamitra takes this concessively ("whatever is accomplished and however one strives"). The commentary's gang yang sgrub tu med pa / ci yang 'bad du med pa supports the rhetorical questions of Claude Fable 5.2, Gemini 4 Neon, GPT-6.2 Astra. what now is there to pursue?
The entanglements of the desiring intellect are exhausted—space, how amazing!
The nature of the beggar without Dharma comes down to just this.[150]Note 150 · p. 606 · chos med sprang po'i rang bzhin de 'drar zad: zad is read in the idiom "…du zad", "amounts to no more than" (Gemini 4 Neon, GPT-6.2 Astra). Claude Fable 5.2 and Dharmamitra read "is exhausted in that way", which the theme of chos zad also allows; the pun is likely intended. chos med may equally mean "without phenomena" (Dharmamitra).

Since for awareness the phenomena of grasping and clinging are exhausted,[151]Note 151 · p. 606 · rig pa 'dzin zhen gyi chos zad pas: Dharmamitra's "grasping and fixation upon awareness" makes awareness the object of grasping. It is read here as that for which grasping and clinging are exhausted (Claude Fable 5.2, Gemini 4 Neon, GPT-6.2 Astra). the deluded grasping at all that appears and exists, the world and its inhabitants, collapses. Since the fixated grasping that holds as true, in conventional terms, "This is delusion; this is not delusion" has been lost,[152]Note 152 · p. 606 · gtad 'dzin stor bas: "has been lost" (Claude Fable 5.2, Gemini 4 Neon, GPT-6.2 Astra); Dharmamitra's "is shattered" overtranslates stor. all that is seen and appears passes into freedom from all bounds as a single, uninterrupted wide openness. Even what formerly had divisions such as days, long and short durations,[154]Note 154 · p. 606 · Variant ring thung / Adzom ring bung: an evident misreading of the print; thung is followed. and definite measure is cleared into groundless, unobstructed appearance. Just as things appear to a small child at ease in its own bed,[153]Note 153 · p. 606 · rang mal na: here literally the child's "own bed", not the glossary's "its natural resting place". or as they arise for a carefree madman, so, in wide openness,

[p. 607] everything arises naturally. The appearances of daytime clear of themselves—vivid and shimmering. The appearances of night clear of themselves—dim and glimmering.[155]Note 155 · p. 607 · dog mer mer: a rare expressive whose sense is uncertain. The drafts diverge (Claude Fable 5.2 "dimly glimmering", Gemini 4 Neon "duskily brimming", GPT-6.2 Astra "densely dark", Dharmamitra "vibrant depth"). "Dim and glimmering" is given as the counterpart to khra lam lam. The appearances of the full day and night clear of themselves—the ground wide, wide open. The appearances of dates and months clear—evenly, utterly clear. The appearances of years and eons clear—all bounds flung loose. Since the phenomena of one and different are cleared—nakedly vivid. Since the ground of delusion is cleared in original basic space—empty, utterly clear. Since grasping at basic space, the ultimate destination, is cleared[156]Note 156 · p. 607 · dbyings 'dzin mthar thug gi skyel so: taken as grasping at basic space being the final destination to be cleared, glossing the root line on the designation "basic space" (Claude Fable 5.2, GPT-6.2 Astra). Dharmamitra's "ultimate reference point" loses skyel so.—transparent through and through.

Nothing whatever to accomplish—the enclosure of emptiness. Nothing whatever to strive for—the valley of the nature of phenomena. Pursuit and wishing exhausted—the wish-fulfilling jewel. No entanglement of the desiring intellect—the space of the exhaustion of phenomena. Evenly equal (phyam mnyam), a great vastness, wide open and unobstructed, it extends evenly (phyam gdal) at the level where there is neither restriction nor partiality.[157]Note 157 · p. 607 · sa in rgya chad dang phyogs lhung med pa'i sa: rendered "level" per the glossary, where Claude Fable 5.2, Gemini 4 Neon, GPT-6.2 Astra, Dharmamitra have "ground". And so, in the field of the nature of phenomena, the four times,[158]Note 158 · p. 607 · dus bzhi: Dharmamitra reads "the fourth time". The literal "the four times" (Claude Fable 5.2, Gemini 4 Neon, GPT-6.2 Astra) is kept, though the allusion is to the fourth time beyond the three. there is spontaneous presence[159]Note 159 · p. 607 · lhun grub spros pa chod nas: the syntax is ambiguous. Gemini 4 Neon and Dharmamitra take lhun grub adverbially ("spontaneously cutting"); Claude Fable 5.2's "spontaneous presence with elaboration cut through" is followed, close to GPT-6.2 Astra. Dharmamitra also moves shes pa rang sangs before the page marker.

[p. 608] with conceptual elaboration cut through; cognition clears of itself, recollection (dran pa) is exhausted of itself,[160]Note 160 · p. 608 · dran pa: "recollection" (the arising of thoughts), which the glossary allows and the parallel with shes pa requires; Dharmamitra's "mindfulness" does not fit dran pa rang zad or dran pa'i rgyun chad. enlightened intent abides primordially, and there is an even clearing in uninterrupted lucidity.[161]Note 161 · p. 608 · gsal ba: "lucidity" per the glossary; GPT-6.2 Astra's "luminosity" is reserved for 'od gsal. Since nothing is seen other than everything merely arising as self-appearance, one thinks that the enlightened intent in which deeds arise naturally has been born in one's mindstream.

What is this? The Six Expanses says:

> "At that time, through the deeds of the buddhas, all world realms, like a sesame pod,[162]Note 162 · p. 608 · til gyi gong bu: literally "lump of sesame" (Gemini 4 Neon, GPT-6.2 Astra). It is read as the stock simile til gyi gang bu, "sesame pod" (Claude Fable 5.2), for realms densely filled. Dharmamitra's "become like an accumulation" wrongly makes it a predicate. arose naturally as the deeds of the buddhas, appeared of themselves, were naturally free, were self-knowing, and were naturally attained. And gods, humans and the rest also abided in the conduct of self-arisen emptiness. Their cognitions were naturally pure in the expanse of equality (mnyam pa), just as it is; they cleared of themselves, awoke of themselves and were found of themselves, and the streams of recollection were cut off at one and the same time. All thoughts, too, were utterly pure by nature, and the enlightened intents—all at once, gradual,[163]Note 163 · p. 608 · dgongs pa rnams cig char dang rim gyis…: these open a list of modes of enlightened intent that continues on the next page (mthar chags, thod rgal, ye dag…) and ends with ye grol chen por rang grol nas. The part therefore stops mid-list. Dharmamitra omits this last sentence.

[p. 609] > successive, direct crossing, primordially pure (ye dag), primordially abiding, primordially perfect, primordially arising and primordially arrayed—were naturally free in great primordial freedom; whereupon they marveled at themselves,[164]Note 164 · p. 609 · The self-referential phrases closing the Six Expanses quotation (rang la rang ngo mtshar, etc.) are prose within the tantra, not verse as Dharmamitra sets them. The quotation breaks off at skyes nas, shown here by the ellipsis. found conviction in themselves, and strength was born in them of themselvesKlong drug paQuotation (named in the text: ཀློང་དྲུག་པ་ལས)
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Expanses · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.
…"

Such are the passages that state this at length.

9 Summing up: no transition or change throughout the three times དུས་གསུམ་འཕོ་འགྱུར་མེད་པར་དོན་བསྡུ་བ9 Summing up: no transition or change throughout the three times
Sums up that nothing transitions or changes through the three times: world and beings, unarisen and unsupported, are empty, lucid and one in the fortresses of sky, jewel and earth. Seven wondrous secret statements from the Heap of Jewels declare no difference between opposite kinds of persons in attaining the fruition.

Now, to sum up the meaning—that, by abiding in the fortress (rdzong) of enlightened intent in which phenomena are exhausted, there is no transition or change throughout the three times:

The earth, the jewel and the sky[166]Note 166 · p. 609 · Root verse: Dharmamitra and Gemini 4 Neon take bar snang as a fourth item alongside earth, jewel and sky. Because the commentary names only three fortresses, I read bar snang as qualifying rdzong ("the fortress in midair"), which leads into rten med, "without support", in the next line.—the fortress in midair[165]Note 165 · p. 609 · Root verse, first line: the text reads bar snang rdzong, Adzom has rjod. I follow rdzong: the commentary expounds exactly three fortresses (sky, jewel, earth), and rjod gives no sense here.—
Being spontaneously present as enlightened intent, without support and primordially free,
The three planes of conditioned existence,[167]Note 167 · p. 609 · srid gsum / srid pa gsum is rendered "the three planes of conditioned existence", to keep "the three realms" for khams gsum. the world and its inhabitants, are free in the great absence of objects.

9.1 The meaning of the three fortresses རྫོང་གསུམ་གྱི་དོན9.1 The meaning of the three fortresses (topical division)
Since all of world and beings is unarisen and without support, whatever appears is empty in the fortress of the sky, lucid in the fortress of the jewel, and one in the fortress of the earth, awareness.

Since everything is, primordially and from the very origin, without arising, without abiding and without ceasing, all that appears as the supporting world, the vessel, and all the supported sentient beings, its contents, comprised in the three planes of conditioned existence, are already pure as primordially nonexistent, without object and without support. Therefore, whatever appears and

[p. 610] whatever arises: in the fortress of the sky, emptiness, its ground is laid[168]Note 168 · p. 610 · gzhi 'chos: read in the sense of gzhi 'cha', "the ground is laid". Claude Fable 5.2 and Gemini 4 Neon have "settles into its ground", GPT-6.2 Astra "has as its ground"; the sense is the same. as the essence, great primordial emptiness; in the fortress of the jewel, unceasing lucidity, it is naturally lucid as mere reflections of emptiness, nonexistent appearance (med snang); and in the fortress of the earth, awareness, the source of all, it is one in itself as the single basic space, with no earlier or later and nothing to be established or eliminated. Thus all phenomena are spontaneously present as the exhaustion of phenomena, pervasive and equal in emptiness.

9.2 The seven wondrous secret statements ངོ་མཚར་གྱི་གསང་ཚིག་རྣམ་པ་བདུན9.2 The seven wondrous secret statements (topical division)
Quotes the Heap of Jewels: owing to key points of awareness, Samantabhadra declares no mote of difference between opposite kinds of persons (killer and practitioner, meditator and non-meditator, etc.) in seeing, realizing or attaining the fruition.

As for the decisive resolution[170]Note 170 · p. 610 · la zlos pa is "decisive resolution" per the glossary, not Claude Fable 5.2's "decisive experience". bye ba is "ten million", not Dharmamitra's "millions". in the great, spacious expanse of freedom from extremes—enlightened intent without restriction or partiality—it appears of itself through the power of the thought that[169]Note 169 · p. 610 · rang shar bsnyam byed pa'i mthus: bsnyam is read as snyam, "thinking that", with Dharmamitra. This parallels the sentence that introduces the preceding Six Expanses quotation ("one thinks that … has been born in one's mindstream"). Claude Fable 5.2 and Gemini 4 Neon ("which make all equal") and GPT-6.2 Astra ("bring it to equipoise") take it as snyoms / mnyam, which the syntax (rang shar + snyam byed pa) does not support. the seven wondrous secret statements have arisen naturally in one's own mindstream.

What are these? The Heap of Jewels says:

> "Then the Teacher himself spoke, as a self-arisen utterance, these kings of statements, marveling at himself:
>
> "Emaho! Vajra Heart Essence of Enlightened Speech,[171]Note 171 · p. 610 · gsung gi rdo rje (snying po) is treated as the name of the interlocutor, with gsung as "enlightened speech" per the glossary. GPT-6.2 Astra lowercases it as an epithet. listen! Owing to the key point that one's own awareness itself is free of birth and death, between one who has taken the lives of ten million sentient beings and a person who has constantly practiced the ten

Translation notes
  • 130. [p. 600] ye shes: Claude Fable 5.2 and Dharmamitra have "timeless awareness"; corrected to "primordial wisdom".
  • 131. [p. 600] zad sa is taken as the short form of zad pa'i sa, "the level of exhaustion", which also brings out the play on a level that is not traversed (ma bgrod).
  • 132. [p. 600] mi 'ong du thang: read as "it is plain that … will not come about" (Claude Fable 5.2, Gemini 4 Neon); Dharmamitra and GPT-6.2 Astra have "might well not occur". The phrase could also mean "plainly will not do".
  • 133. [p. 600] Dharmamitra omits the final sentence (nang gtad 'dzin sems kyi rtod phur …); it is supplied from the Tibetan and left open, since it continues on the next page.
  • 134. [p. 601] Variant: the text reads da yin min ("now … 'is' and 'is not'"); Adzom reads de yin min ("whether it is that or not"). I follow the text (da), which gives the natural "now" after bor bas; the sense is nearly the same.
  • 135. [p. 601] skyel sa dang thug sa yin yin po'i sa zin: read as "a secured ground that is surely 'it,' a place to lead to and a place to arrive at." Gemini 4 Neon makes yin yin po a third item in a list; GPT-6.2 Astra turns it into direct speech. I take it as qualifying sa zin, as Claude Fable 5.2 does.
  • 136. [p. 601] 'dir rgyag is colloquial and uncertain; I render it "pin it here" (Claude Fable 5.2 "aim it here," Dharmamitra "being located here").
  • 137. [p. 601] The strings of expressive words (sang ma seng, yal ma yol, ra ma ri, phya sangs, phyang chad) are rendered by sense. phyang chad is "cut loose," as in the previous part; Dharmamitra's "decisive" is not supported.
  • 138. [p. 601] rjes med phyal ba is taken as the subject of 'dres nas ("traceless wide openness has merged with the nature of empty space"). Claude Fable 5.2 and GPT-6.2 Astra detach it as one more epithet; the difference is slight.
  • 139. [p. 601] ci yang med na is conditional ("if I am now nothing whatsoever"), as in Dharmamitra and GPT-6.2 Astra, not Gemini 4 Neon's "since."
  • 140. [p. 602] rin po che spungs pa'i rgyan gyis: the agentive is taken as marking the teacher's epithet, "Samantabhadra, Ornament of Heaped Jewels" (Claude Fable 5.2, GPT-6.2 Astra, Gemini 4 Neon). Dharmamitra reads it as instrumental, "through the ornament of heaped jewels," which is possible but less natural with gzigs pas.
  • 141. [p. 602] In the second laugh, snying po is taken with the vocative, as in the first laugh and in all the drafts. It could instead begin the object ("the heart essence, the way things abide…"), as snying po'i rig pa does in the sixth laugh.
  • 142. [p. 603] In the formulas of the type "X stong pa kun-Y gyi Z," I keep the three members in apposition (as Claude Fable 5.2), since the series enumerates named emptinesses, and the next page continues with stong pa'i stong pa and mi stong pa'i stong pa. Dharmamitra and Gemini 4 Neon subordinate them in the genitive ("the all-pervading primordial wisdom of empty…"), which the Tibetan does not mark.
  • 143. [p. 603] skye ba med pa dang ye nas lhan cig tu gnas pa: "abides primordially together with the unborn" (Claude Fable 5.2, GPT-6.2 Astra, Gemini 4 Neon). Dharmamitra's "it is unborn and abides together with it" misreads dang.
  • 144. [p. 603] grol ba is "free / freed" throughout, per the glossary (Dharmamitra, GPT-6.2 Astra and Gemini 4 Neon have "liberated"). spong len is rendered "abandoning and adopting," as for spang blang.
  • 145. [p. 605] bya byed bsgoms pas: rendered with the glossary's "action and agent", as in the preceding stanza; Gemini 4 Neon, GPT-6.2 Astra, Dharmamitra paraphrase as effortful activity or contriving.
  • 146. [p. 605] skyes pas skye med thob pa: the Tibetan allows "by being born" (Gemini 4 Neon) or "by what is born" (Claude Fable 5.2, GPT-6.2 Astra, Dharmamitra); the former is followed.
  • 147. [p. 605] nam mkha' sangs: read as parallel with ye sangs and rang sangs, "cleared as space" (Claude Fable 5.2, Gemini 4 Neon, Dharmamitra). GPT-6.2 Astra makes the sky the subject ("the sky is clear"), which is also possible.
  • 148. [p. 606] gcig sangs kun sangs: Dharmamitra reads "when one is cleared, all are cleared". The commentary glosses it as gcig dang tha dad kyi chos sangs pas, so "the one" and "the all" are two things cleared (Claude Fable 5.2, Gemini 4 Neon, GPT-6.2 Astra).
  • 149. [p. 606] gang sgrub ci 'bad: Dharmamitra takes this concessively ("whatever is accomplished and however one strives"). The commentary's gang yang sgrub tu med pa / ci yang 'bad du med pa supports the rhetorical questions of Claude Fable 5.2, Gemini 4 Neon, GPT-6.2 Astra.
  • 150. [p. 606] chos med sprang po'i rang bzhin de 'drar zad: zad is read in the idiom "…du zad", "amounts to no more than" (Gemini 4 Neon, GPT-6.2 Astra). Claude Fable 5.2 and Dharmamitra read "is exhausted in that way", which the theme of chos zad also allows; the pun is likely intended. chos med may equally mean "without phenomena" (Dharmamitra).
  • 151. [p. 606] rig pa 'dzin zhen gyi chos zad pas: Dharmamitra's "grasping and fixation upon awareness" makes awareness the object of grasping. It is read here as that for which grasping and clinging are exhausted (Claude Fable 5.2, Gemini 4 Neon, GPT-6.2 Astra).
  • 152. [p. 606] gtad 'dzin stor bas: "has been lost" (Claude Fable 5.2, Gemini 4 Neon, GPT-6.2 Astra); Dharmamitra's "is shattered" overtranslates stor.
  • 153. [p. 606] rang mal na: here literally the child's "own bed", not the glossary's "its natural resting place".
  • 154. [p. 606] Variant ring thung / Adzom ring bung: an evident misreading of the print; thung is followed.
  • 155. [p. 607] dog mer mer: a rare expressive whose sense is uncertain. The drafts diverge (Claude Fable 5.2 "dimly glimmering", Gemini 4 Neon "duskily brimming", GPT-6.2 Astra "densely dark", Dharmamitra "vibrant depth"). "Dim and glimmering" is given as the counterpart to khra lam lam.
  • 156. [p. 607] dbyings 'dzin mthar thug gi skyel so: taken as grasping at basic space being the final destination to be cleared, glossing the root line on the designation "basic space" (Claude Fable 5.2, GPT-6.2 Astra). Dharmamitra's "ultimate reference point" loses skyel so.
  • 157. [p. 607] sa in rgya chad dang phyogs lhung med pa'i sa: rendered "level" per the glossary, where Claude Fable 5.2, Gemini 4 Neon, GPT-6.2 Astra, Dharmamitra have "ground".
  • 158. [p. 607] dus bzhi: Dharmamitra reads "the fourth time". The literal "the four times" (Claude Fable 5.2, Gemini 4 Neon, GPT-6.2 Astra) is kept, though the allusion is to the fourth time beyond the three.
  • 159. [p. 607] lhun grub spros pa chod nas: the syntax is ambiguous. Gemini 4 Neon and Dharmamitra take lhun grub adverbially ("spontaneously cutting"); Claude Fable 5.2's "spontaneous presence with elaboration cut through" is followed, close to GPT-6.2 Astra. Dharmamitra also moves shes pa rang sangs before the page marker.
  • 160. [p. 608] dran pa: "recollection" (the arising of thoughts), which the glossary allows and the parallel with shes pa requires; Dharmamitra's "mindfulness" does not fit dran pa rang zad or dran pa'i rgyun chad.
  • 161. [p. 608] gsal ba: "lucidity" per the glossary; GPT-6.2 Astra's "luminosity" is reserved for 'od gsal.
  • 162. [p. 608] til gyi gong bu: literally "lump of sesame" (Gemini 4 Neon, GPT-6.2 Astra). It is read as the stock simile til gyi gang bu, "sesame pod" (Claude Fable 5.2), for realms densely filled. Dharmamitra's "become like an accumulation" wrongly makes it a predicate.
  • 163. [p. 608] dgongs pa rnams cig char dang rim gyis…: these open a list of modes of enlightened intent that continues on the next page (mthar chags, thod rgal, ye dag…) and ends with ye grol chen por rang grol nas. The part therefore stops mid-list. Dharmamitra omits this last sentence.
  • 164. [p. 609] The self-referential phrases closing the Six Expanses quotation (rang la rang ngo mtshar, etc.) are prose within the tantra, not verse as Dharmamitra sets them. The quotation breaks off at skyes nas, shown here by the ellipsis.
  • 165. [p. 609] Root verse, first line: the text reads bar snang rdzong, Adzom has rjod. I follow rdzong: the commentary expounds exactly three fortresses (sky, jewel, earth), and rjod gives no sense here.
  • 166. [p. 609] Root verse: Dharmamitra and Gemini 4 Neon take bar snang as a fourth item alongside earth, jewel and sky. Because the commentary names only three fortresses, I read bar snang as qualifying rdzong ("the fortress in midair"), which leads into rten med, "without support", in the next line.
  • 167. [p. 609] srid gsum / srid pa gsum is rendered "the three planes of conditioned existence", to keep "the three realms" for khams gsum.
  • 168. [p. 610] gzhi 'chos: read in the sense of gzhi 'cha', "the ground is laid". Claude Fable 5.2 and Gemini 4 Neon have "settles into its ground", GPT-6.2 Astra "has as its ground"; the sense is the same.
  • 169. [p. 610] rang shar bsnyam byed pa'i mthus: bsnyam is read as snyam, "thinking that", with Dharmamitra. This parallels the sentence that introduces the preceding Six Expanses quotation ("one thinks that … has been born in one's mindstream"). Claude Fable 5.2 and Gemini 4 Neon ("which make all equal") and GPT-6.2 Astra ("bring it to equipoise") take it as snyoms / mnyam, which the syntax (rang shar + snyam byed pa) does not support.
  • 170. [p. 610] la zlos pa is "decisive resolution" per the glossary, not Claude Fable 5.2's "decisive experience". bye ba is "ten million", not Dharmamitra's "millions".
  • 171. [p. 610] gsung gi rdo rje (snying po) is treated as the name of the interlocutor, with gsung as "enlightened speech" per the glossary. GPT-6.2 Astra lowercases it as an epithet.
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the commentary announces and opens), gold the quotations, red the words of the root verses (or of a quotation) that the commentary quotes to explain them, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program, the root verses by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Root verses being explainedAuthor's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 600]
ལོག་པས་ཀ་དག་ཆོས་ཟད་ཀྱི་རིག་པ་རྗེན་ལ་བུད་དེ་རང་བྱུང་ཡེ་ཤེས་ཀྱི་ཟད་ས་མ་བགྲོད་རང་མལ་དུ་གནས་པས་བློ་བདེ་ཁོང་ནས་ཤར། སྤང་བླང་གི་ཆོས་ལ་ལེགས་ཉེས་ཀྱི་འཛིན་པ་སྟོར་བས་ཤོར་གོད་ཀྱི་འཕྲང་ལས་འདས་ཏེ། སྣང་ཤེས་ཕྱམ་ཕྱམ་དུ་གོ་གདལ། སང་སེང་བདེན་མེད་དུ་ཕྱང་ཆད། །འཁོར་འདས་རིག་པའི་ངང་དུ་རུ་ལོག །རིག་པ་ཆོས་དབྱིངས་ཀྱི་དོན་ཞེས་ཆོས་ཉིད་ཟང་ཐལ་དུ་རྟོག་རྟོག་པའང་སོ་ན་མེད། གང་ཡིན་དང་ཅི་ཡིན་གཏད་སོ་མེད་པས་འདི་ཡིན་དང་ངོས་གཟུང་གི་ཕྱོགས་ལས་འདས་ཏེ། ཕྱི་སྣང་བ་ལ་གཟུང་བའི་སེམས་བུད་པས་ཁྱེད་ཅག་གཞན་དུ་སྣང་བ་སྟོང་གཟུགས་ཀྱི་ལྟད་མོར་ཆེ་སྟེ་ཅི་བྱེད། བྱ་བ་དང་བྱེད་པའི་ཞེན་འཛིན་འདི་འདྲ་མི་འོང་དུ་ཐང་སྟེ་གཞི་མེད་རྨི་ལམ་གྱི་སྣང་བ་མཐོང་བས་ཉམས་དགའ། ནང་གཏད་འཛིན་སེམས་ཀྱི་རྟོད་ཕུར་དོན་པས་ང་དང་བདག་འཛིན་གྱི་ཐག་པ་བུད་དེ་

has fallen away, the awareness of primordial purity, of the exhaustion of phenomena, is stripped naked; and since the level of exhaustion (zad sa)[131]Note 131 · p. 600 · zad sa is taken as the short form of zad pa'i sa, "the level of exhaustion", which also brings out the play on a level that is not traversed (ma bgrod). that is self-arisen primordial wisdom[130]Note 130 · p. 600 · ye shes: Claude Fable 5.2 and Dharmamitra have "timeless awareness"; corrected to "primordial wisdom". abides in its natural resting place without having been traversed, ease of mind arises from deep within.

Since the grasping at good and bad in phenomena to be abandoned or adopted has been lost, one has passed beyond the perilous pass of loss and ruin. Appearances and cognition (snang shes) open out, evenly level. Open and clear, without truth, they are cut loose. Saṃsāra and nirvāṇa are overturned into the state of awareness. Even the constant thinking that conceives of the nature of phenomena as unobstructed transparency, saying "awareness is the meaning of the basic space of phenomena," is nowhere in its place. Since there is nowhere to fix upon which it is or what it is, one has passed beyond the side of "it is this" and of identification. Outwardly, since the mind that takes appearances as perceived objects has fallen away, all of you who appear as other are a grand spectacle of empty forms (stong gzugs)—what are you doing? It is plain that such clinging[132]Note 132 · p. 600 · mi 'ong du thang: read as "it is plain that … will not come about" (Claude Fable 5.2, Gemini 4 Neon); Dharmamitra and GPT-6.2 Astra have "might well not occur". The phrase could also mean "plainly will not do". and grasping at action and agent will not come about, and to see the appearances of a groundless dream is a delight. Inwardly, since the tethering stake of the mind[133]Note 133 · p. 600 · Dharmamitra omits the final sentence (nang gtad 'dzin sems kyi rtod phur …); it is supplied from the Tibetan and left open, since it continues on the next page. of fixated grasping (gtad 'dzin) has been pulled out, the rope of "I" and of grasping at a self has slipped off, and

[p. 601]
རིག་པ་རང་ཡན་ཟང་ཐལ་གྱི་རྟ་ཕོ་དེ་བཙལ་གྱིས་མ་རྙེད་པས་གང་ན་འདུག་ཁོ་བོས་ཀྱང་མ་མཐོང་སྟེ། སྐྱེལ་ས་དང་ཐུག་ས་ཡིན་ཡིན་པོའི་ས་ཟིན་ནི་བདག་ལ་མེད། དེ་སྔ་རང་གསལ་རྗེན་པའི་ཆོས་སྐུ་མཚར་པོ་གཅིག་ཡོད་པ་དེ་གར་སོང་ཆ་མེད་ཀྱི་ཡུལ་དུ་བོར་བས། ད་ཡིན་མིན་དང་གནས་ལུགས་ཀྱི་འཛིན་པ་སྟོར་ནས་སྔར་ཤུལ་ཆོས་ཉིད་ཀྱི་རང་མལ་ན་མེད་པ་འདི་ལ། གྲོལ་འཁྲུལ་དང་ཆོས་སྐུའི་འབྲས་བུ་ཅི་བྱ། ཕྱི་སྣང་བ་ལ་བལྟས་པས་ཟང་མ་ཐལ། སང་མ་སེང༌། ཡལ་མ་ཡོལ། ར་མ་རི། འདིར་རྒྱག་དང་ཡིན་མིན་གྱི་ཕྱོགས་རིས་སུ་མི་འདུག །ནང་རང་རིག་གི་ཤེས་པ་རང་མལ་ལ་བལྟས་པས། ཕྱ་སངས། སྟོང་ཡལ། རིས་མེད། རྟོག་སངས། ཕྱང་ཆད། རྗེས་མེད་ཕྱལ་བ་བར་སྣང་སྟོང་པའི་རང་བཞིན་དང་འདྲེས་ནས་ཁོ་བོ་ད་ལྟ་ཅི་ཡང་མེད་ན་ཁྱེད་ཅག་གང་ན་འདུག་ཧ་ཧ། འདིར་རྡོ་རྗེའི་གད་

that stallion of awareness, roaming free in unobstructed transparency, is not found though I search for it, so that even I have not seen where it is. I have no hold on any ground that would surely be "it," a place to lead it to or a place to arrive at.[135]Note 135 · p. 601 · skyel sa dang thug sa yin yin po'i sa zin: read as "a secured ground that is surely 'it,' a place to lead to and a place to arrive at." Gemini 4 Neon makes yin yin po a third item in a list; GPT-6.2 Astra turns it into direct speech. I take it as qualifying sa zin, as Claude Fable 5.2 does. That wondrous dharmakāya that was there before, naturally lucid and naked, has been lost in a land where there is no telling where it went. Now the grasping at[134]Note 134 · p. 601 · Variant: the text reads da yin min ("now … 'is' and 'is not'"); Adzom reads de yin min ("whether it is that or not"). I follow the text (da), which gives the natural "now" after bor bas; the sense is nearly the same. "is" and "is not" and at a natural state has been lost, and it is no longer in its former place, the natural resting place of the nature of phenomena. For such a one, what use are freedom and delusion, or dharmakāya as a fruition? Outwardly, when I look at appearances: utterly transparent (zang ma thal), limpid and clear, fading and evanescent,[137]Note 137 · p. 601 · The strings of expressive words (sang ma seng, yal ma yol, ra ma ri, phya sangs, phyang chad) are rendered by sense. phyang chad is "cut loose," as in the previous part; Dharmamitra's "decisive" is not supported. hazy and shimmering. They take no side, with no "pin it here"[136]Note 136 · p. 601 · 'dir rgyag is colloquial and uncertain; I render it "pin it here" (Claude Fable 5.2 "aim it here," Dharmamitra "being located here"). and no "is" or "is not." Inwardly, when I look at the cognition that is self-knowing awareness, in its natural resting place: cleared wide, empty and vanished, without divisions, cleared of thought, cut loose. Traceless wide openness (phyal ba) has merged[138]Note 138 · p. 601 · rjes med phyal ba is taken as the subject of 'dres nas ("traceless wide openness has merged with the nature of empty space"). Claude Fable 5.2 and GPT-6.2 Astra detach it as one more epithet; the difference is slight. with the nature of empty space, and if I am now nothing whatsoever,[139]Note 139 · p. 601 · ci yang med na is conditional ("if I am now nothing whatsoever"), as in Dharmamitra and GPT-6.2 Astra, not Gemini 4 Neon's "since." where are all of you? Ha ha!

7.2 The twelve vajra laughs རྡོ་རྗེའི་གད་མོ་བཅུ་གཉིས7.2 The twelve vajra laughs (topical division)
Quotes the Tantra of Heaped Jewels, in which Samantabhadra utters twelve laughs to Vajra of Enlightened Speech, each pairing a marvel of empty primordial wisdom with a 'ha ha' on freedom beyond benefit, harm, effort and change.

Here I think that the meaning of the twelve vajra

[p. 602]
མོ་བཅུ་གཉིས་ཀྱི་དོན་རང་གི་རྒྱུད་ལ་སྐྱེས་པ་སྙམ་བྱེད་དོ། །གད་མོ་བཅུ་གཉིས་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་རིན་པོ་ཆེ་སྤུངས་པའི་རྒྱན་གྱིས། ཆོས་ཐམས་ཅད་ཀྱི་འཆར་ཚུལ་ཅིར་ཡང་མ་འགགས་པར་གཟིགས་པས། རང་ལ་ངོ་མཚར་སྐྱེས་ཏེ་རང་གི་གད་མོ་ཆེན་པོ་རྣམས། ཉིད་ཀྱིས་ཉིད་ལ་རང་བགད་པ་འདི་དག་ལྗགས་ཀྱི་དབང་པོ་ལས་རང་ཤར་རོ། །ཀྱེ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་སྙིང་པོ། ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང༌། དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་ངོ་མཚར། གཞི་མ་བསྐྱོད་པས་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོ་དངོས་པོ་གཤིས་ཀྱི་འདུག་ཚུལ་ལ་ལྟོས་དང༌། སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར། བདེ་སྡུག་ཇི་ལྟར་བསམས་ཀྱང་དོན་ལ་འགྱུར་བ་མེད་པ་ཧ་ཧ། ཀྱེ་

laughs has been born in my own mindstream. As for the twelve laughs, the Tantra of Heaped Jewels says:

> Then the teacher Samantabhadra, Ornament of Heaped Jewels,[140]Note 140 · p. 602 · rin po che spungs pa'i rgyan gyis: the agentive is taken as marking the teacher's epithet, "Samantabhadra, Ornament of Heaped Jewels" (Claude Fable 5.2, GPT-6.2 Astra, Gemini 4 Neon). Dharmamitra reads it as instrumental, "through the ornament of heaped jewels," which is possible but less natural with gzigs pas. saw that the way in which all phenomena arise is unceasing in any way whatsoever. Wonder was born in him, and these great laughs of his own, in which he laughed of his own accord at himself, arose naturally (rang shar) from the faculty of his tongue:
>
> "Kye, Vajra Heart Essence (rdo rje snying po) of the Enlightened Speech of all the buddhas! Look at the view, self-arisen primordial wisdom! That it is beyond virtue and wrongdoing, beyond view and meditation—how marvelous! Since the ground is unmoved, whatever actions of body and speech are done are free of benefit and harm—ha ha!
>
> "Kye, Vajra Heart Essence of Enlightened Speech![141]Note 141 · p. 602 · In the second laugh, snying po is taken with the vocative, as in the first laugh and in all the drafts. It could instead begin the object ("the heart essence, the way things abide…"), as snying po'i rig pa does in the sixth laugh. Look at the way substantial entities abide in their fundamental nature! That these appearances have not changed their coat or altered their color—how marvelous! However one may think of happiness and suffering, in actual fact there is no change—ha ha!
>
> "Kye,

[p. 603]
གསུང་གི་རྡོ་རྗེ་སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ལ་ལྟོས་དང༌། དྲན་བསམ་གྱི་སྤྱོད་པ་སྣ་ཚོགས་ཅི་བྱས་ཀྱང་རོལ་པར་ཤར་བ་ངོ་མཚར། ཇི་ལྟར་བྱས་ཀྱང་སྐྱེ་མེད་ཀྱི་ཀློང་དུ་འགག་མེད་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ཆོས་ཉིད་སྟོང་པ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང༌། སྐྱེ་བ་མེད་པ་དང་ཡེ་ནས་ལྷན་ཅིག་ཏུ་གནས་པ་ངོ་མཚར། སྐྱེས་བུས་མཚོན་རྣོན་པོ་ཐོགས་ནས་འགྲོ་བ་རྣམས་དུས་གཅིག་ལ་བསྒྲལ་ཀྱང་གང་ཟག་དེའི་རྒྱུད་ལ་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རང་གི་ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང༌། གང་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་ཤར་བ་ངོ་མཚར། ཅིར་སྣང་རང་གི་གཞི་ལས་གཡོས་པ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོའི་རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང༌། རང་གི་གཉེན་པོར་རང་ཆེ་བ་ངོ་མཚར། ཉོན་མོངས་པ་རྣམས་རང་

> Vajra of Enlightened Speech! Look at great emptiness (stong pa chen po), the primordial wisdom from which all arises! That whatever varied conduct of recollection and thinking is engaged in arises as display—how marvelous! However one acts, it is free, without ceasing,[144]Note 144 · p. 603 · grol ba is "free / freed" throughout, per the glossary (Dharmamitra, GPT-6.2 Astra and Gemini 4 Neon have "liberated"). spong len is rendered "abandoning and adopting," as for spang blang. in the expanse of the unborn (skye med)—ha ha!
>
> "Kye, Vajra of Enlightened Speech! Look at the nature of phenomena, emptiness, the primordial wisdom that pervades all![142]Note 142 · p. 603 · In the formulas of the type "X stong pa kun-Y gyi Z," I keep the three members in apposition (as Claude Fable 5.2), since the series enumerates named emptinesses, and the next page continues with stong pa'i stong pa and mi stong pa'i stong pa. Dharmamitra and Gemini 4 Neon subordinate them in the genitive ("the all-pervading primordial wisdom of empty…"), which the Tibetan does not mark. That it abides primordially together with the unborn[143]Note 143 · p. 603 · skye ba med pa dang ye nas lhan cig tu gnas pa: "abides primordially together with the unborn" (Claude Fable 5.2, GPT-6.2 Astra, Gemini 4 Neon). Dharmamitra's "it is unborn and abides together with it" misreads dang.—how marvelous! Even if a person were to take up a sharp weapon and slay beings all at once, that individual's mindstream would be free of benefit and harm—ha ha!
>
> "Kye, Vajra of Enlightened Speech! Look at one's own cognition, emptiness, the primordial wisdom in which all appears! That all appearances, however they appear, arise as one's own friends—how marvelous! Whatever appears has not stirred from its own ground—ha ha!
>
> "Kye, Vajra of Enlightened Speech! Look at the awareness of the heart essence, emptiness, the appearance in which all is free! That it is itself great as its own antidote—how marvelous! The afflictions are freed by

[p. 604]
གིས་རང་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་སྟོང་པ་ཀུན་དག་གི་ངོ་བོ་ལ་ལྟོས་དང༌། འབད་རྩོལ་མེད་པར་འབྲས་བུ་རང་རྙེད་པ་ངོ་མཚར། གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ངོ་བོ་སྟོང་པ་ཆེན་པོ་ཀུན་གཞག་གི་ཚད་ལ་ལྟོས་དང༌། འགྲོ་དྲུག་སྐུ་གསུམ་དུ་སྣང་བ་ངོ་མཚར། འགྲོ་བ་རྣམས་ཀྱིས་བསྒོམ་པ་རྡུལ་ཙམ་ཡང་མ་བྱས་པར་དུས་གཅིག་ལ་སངས་རྒྱས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང༌། དུས་གསུམ་འདུ་འབྲལ་མེད་པ་ངོ་མཚར། ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པར་ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་ཅེར་གཞག་གི་ངོ་བོ་སྟོང་པ་ཆེན་པོ་ཀུན་མཉམ་ལ་ལྟོས་དང༌། བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ངོ་མཚར། སྤོང་ལེན་ཐམས་ཅད་ལྟ་བར་གྲོལ་བ་ཧ་ཧ།

> themselves, in themselves—ha ha!
>
> "Kye, Vajra of Enlightened Speech! Look at awareness, emptiness, the essence in which all is pure! That the fruition is found of itself, without exertion or effort—how marvelous! By taking hold of the one, all of saṃsāra and nirvāṇa is pure as nondual—ha ha!
>
> "Kye, Vajra of Enlightened Speech! Look at the essence, great emptiness, the measure of all being left as it is! That the six classes of beings appear as the three kāyas—how marvelous! Without having done so much as a speck of meditation, beings awaken to buddhahood all at once—ha ha!
>
> "Kye, Vajra of Enlightened Speech! Look at the three kāyas, great emptiness, the fruition that is primordially perfect (ye rdzogs)! That the three times are without meeting or parting—how marvelous! Without the six perfections having been practiced, the accumulations (tshogs) are complete all at once—ha ha!
>
> "Kye, Vajra of Enlightened Speech! Look at the essence of awareness resting nakedly (cer gzhag), great emptiness, in which all is equal! That all action and agent arise as adornment—how marvelous! All abandoning and adopting are free in the view—ha ha!

[p. 605]
ཀྱེ་གསུང་གི་རྡོ་རྗེ་སྟོང་པའི་སྟོང་པ་ཡེ་སྟོང་ཆེན་པོ་ལ་ལྟོས་དང༌། སངས་རྒྱས་ཐམས་ཅད་གཡང་སར་འདུག་པ་ངོ་མཚར། བྱ་བྱེད་བསྒོམས་པས་ལྟུང་བར་འགྱུར་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་མི་སྟོང་པའི་སྟོང་པ་དངོས་ཅན་ལ་ལྟོས་དང༌། མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་ངོ་མཚར། སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ་ཞེས་གསུངས་པས་གསུང་གི་རྡོ་རྗེ་ལ་སོགས་པའི་འཁོར་དེ་དག་རྣམས་ངོ་མཚར་ཆེན་པོའི་ཚིག་གིས་རབ་ཏུ་ཚིམ་ནས། སྣང་བ་ཐམས་ཅད་ངོ་མཚར་ཆེན་པོར་རང་ཤར། རང་སྣང༌། རང་གྲོལ། རང་ཐོབ་ནས། སྐུ་རྡོ་རྗེ་དང་གཉིས་སུ་མེད་པར་གྱུར་ཏོ་ཞེས་རྒྱ་ཆེར་གསུངས་པ་གང་ཡིན་པའོ། །འདིའི་དུས་ན་རྟོག་པ་རྒྱ་གྲོལ་དུ་ཤར་བས་ཆོས་ཉིད་རང་སྣང་གི་རོལ་པར་ལྷུན་གྱིས་གྲུབ་པ་ནི། སྣང་སྲིད་སྣོད་བཅུད་འཁྲུལ་པ་རུ་ལོག་པས། །ཉིན་མཚན་ཡེ་སངས་རང་སངས་ནམ་མཁའ་སངས། །

> "Kye, Vajra of Enlightened Speech! Look at the emptiness of the empty, great primordial emptiness! That all buddhas sit at the brink of an abyss—how marvelous! By meditating with action and agent,[145]Note 145 · p. 605 · bya byed bsgoms pas: rendered with the glossary's "action and agent", as in the preceding stanza; Gemini 4 Neon, GPT-6.2 Astra, Dharmamitra paraphrase as effortful activity or contriving. one falls—ha ha!
>
> "Kye, Vajra of Enlightened Speech! Look at the emptiness of the non-empty, that which has substance! That there is a vehicle which grasps at a self in what does not exist—how marvelous! By being born, the unborn is attained[146]Note 146 · p. 605 · skyes pas skye med thob pa: the Tibetan allows "by being born" (Gemini 4 Neon) or "by what is born" (Claude Fable 5.2, GPT-6.2 Astra, Dharmamitra); the former is followed.—ha ha!"
>
> Because he had spoken thus, Vajra of Enlightened Speech and the others of that retinue were utterly satisfied by these words of great wonder. All appearances arose naturally as great wonder, appeared of themselves, were naturally free and naturally attained, and they became nondual with Vajra of Enlightened Body.Rin po che spungs paQuotation (named in the text: རིན་པོ་ཆེ་སྤུངས་པའི་རྒྱུད་ལས)
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པ་རྒྱུད་ཀྱི་རྒྱལ་པོ, rin po che spungs pa yon tan chen po ston pa rgyud kyi rgyal po, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0054-vol-01-text (the text itself), 66 % of the words.

This is what is taught there at length.

8 Spontaneous presence as the display of the self-appearance of the nature of phenomena ཆོས་ཉིད་རང་སྣང་གི་རོལ་པར་ལྷུན་གྱིས་གྲུབ་པ8 Spontaneous presence as the display of the self-appearance of the nature of phenomena
Verses and commentary describe how, with deluded grasping collapsed, day and night, times, one and many, and even 'basic space' clear of themselves, leaving nothing to pursue; the Six Expanses is cited on deeds and enlightened intent arising naturally.

At this time, since conceptual thought arises as freedom from all bounds (rgya grol), there is spontaneous presence as the display of the self-appearance of the nature of phenomena:

Since the delusion of all that appears and exists, the world and its inhabitants, has collapsed,
day and night are primordially cleared (ye sangs), naturally cleared, cleared as space.[147]Note 147 · p. 605 · nam mkha' sangs: read as parallel with ye sangs and rang sangs, "cleared as space" (Claude Fable 5.2, Gemini 4 Neon, Dharmamitra). GPT-6.2 Astra makes the sky the subject ("the sky is clear"), which is also possible.

[p. 606]
ཞག་དང་ཚེས་སངས་ལོ་ཟླ་བསྐལ་པ་སངས། །གཅིག་སངས་ཀུན་སངས་ཆོས་དང་ཆོས་མིན་སངས། །འཁོར་འདས་འཁྲུལ་གཞི་གདོད་མའི་དབྱིངས་སུ་སངས། དབྱིངས་ཞེས་ཐ་སྙད་བློ་ཡི་ཆོས་སངས་པས། །གང་སྒྲུབ་ཅི་འབད་ད་ནི་ཅི་ཞིག་གཉེར། །འདོད་བློའི་འཁྲིས་ཟད་ནམ་མཁའ་ཡ་མཚན་ཆེ། །ཆོས་མེད་སྤྲང་པོའི་རང་བཞིན་དེ་འདྲར་ཟད། །རིག་པ་འཛིན་ཞེན་གྱི་ཆོས་ཟད་པས་སྣང་སྲིད་སྣོད་བཅུད་ཀྱི་འཁྲུལ་འཛིན་རུ་ལོག་སྟེ། འདི་ནི་འཁྲུལ་པའོ། །འདི་ནི་མ་འཁྲུལ་པའོ། །ཞེས་ཐ་སྙད་དུ་བདེན་པར་འཛིན་པའི་གཏད་འཛིན་སྟོར་བས། མཐོང་སྣང་ཐམས་ཅད་ཕྱལ་བ་བར་མེད་གཅིག་ཏུ་རྒྱ་གྲོལ་ལ་སོང་སྟེ། དེ་སྔ་ཉིན་ཞག་ལ་སོགས་པའི་ཆ་དང་རིང་ཐུང་དང་ངེས་ཆ་ཡོད་པའང་གཞི་མེད་ཟང་ཐལ་གྱི་སྣང་བར་སངས་ནས། བུ་ཆུང་རང་མལ་ན་བློ་བདེ་བའི་སྣང་བའམ། སྨྱོན་པ་བློ་བདེའི་སྣང་བ་ཤར་བ་ལྟར་ཕྱལ་བར་

Days and dates are cleared; years, months and eons are cleared.
The one is cleared, the all is cleared;[148]Note 148 · p. 606 · gcig sangs kun sangs: Dharmamitra reads "when one is cleared, all are cleared". The commentary glosses it as gcig dang tha dad kyi chos sangs pas, so "the one" and "the all" are two things cleared (Claude Fable 5.2, Gemini 4 Neon, GPT-6.2 Astra). Dharma and non-Dharma are cleared.
Saṃsāra and nirvāṇa, the ground of delusion, are cleared in original basic space.
Since "basic space"—a conventional designation, a phenomenon of the intellect—is cleared,
what is to be accomplished, what striven for,[149]Note 149 · p. 606 · gang sgrub ci 'bad: Dharmamitra takes this concessively ("whatever is accomplished and however one strives"). The commentary's gang yang sgrub tu med pa / ci yang 'bad du med pa supports the rhetorical questions of Claude Fable 5.2, Gemini 4 Neon, GPT-6.2 Astra. what now is there to pursue?
The entanglements of the desiring intellect are exhausted—space, how amazing!
The nature of the beggar without Dharma comes down to just this.[150]Note 150 · p. 606 · chos med sprang po'i rang bzhin de 'drar zad: zad is read in the idiom "…du zad", "amounts to no more than" (Gemini 4 Neon, GPT-6.2 Astra). Claude Fable 5.2 and Dharmamitra read "is exhausted in that way", which the theme of chos zad also allows; the pun is likely intended. chos med may equally mean "without phenomena" (Dharmamitra).

Since for awareness the phenomena of grasping and clinging are exhausted,[151]Note 151 · p. 606 · rig pa 'dzin zhen gyi chos zad pas: Dharmamitra's "grasping and fixation upon awareness" makes awareness the object of grasping. It is read here as that for which grasping and clinging are exhausted (Claude Fable 5.2, Gemini 4 Neon, GPT-6.2 Astra). the deluded grasping at all that appears and exists, the world and its inhabitants, collapses. Since the fixated grasping that holds as true, in conventional terms, "This is delusion; this is not delusion" has been lost,[152]Note 152 · p. 606 · gtad 'dzin stor bas: "has been lost" (Claude Fable 5.2, Gemini 4 Neon, GPT-6.2 Astra); Dharmamitra's "is shattered" overtranslates stor. all that is seen and appears passes into freedom from all bounds as a single, uninterrupted wide openness. Even what formerly had divisions such as days, long and short durations,[154]Note 154 · p. 606 · Variant ring thung / Adzom ring bung: an evident misreading of the print; thung is followed. and definite measure is cleared into groundless, unobstructed appearance. Just as things appear to a small child at ease in its own bed,[153]Note 153 · p. 606 · rang mal na: here literally the child's "own bed", not the glossary's "its natural resting place". or as they arise for a carefree madman, so, in wide openness,

[p. 607]
རང་ཤར་ཏེ། ཉིན་མོའི་སྣང་བ་རང་སངས་ཏེ་ཁྲ་ལམ་ལམ། མཚན་མོའི་སྣང་བ་རང་སངས་ཏེ་དོག་མེར་མེར། ཉིན་ཞག་གི་སྣང་བ་རང་སངས་ཏེ་གཞི་ཕྱལ་ཕྱལ། ཚེས་དང་ཟླ་བའི་སྣང་བ་སངས་ཏེ་ཕྱམ་སངས་སངས། ལོ་དང་བསྐལ་པའི་སྣང་བ་སངས་ཏེ་རྒྱ་ཁྲོལ་ཁྲོལ། གཅིག་དང་ཐ་དད་ཀྱི་ཆོས་སངས་པས་རྗེན་ཡེར་ཡེར། འཁྲུལ་གཞི་གདོད་མའི་དབྱིངས་སུ་སངས་པས་སྟོང་སངས་སངས། དབྱིངས་འཛིན་མཐར་ཐུག་གི་སྐྱེལ་སོ་སངས་པས་ཟང་ཐལ་ཐལ། གང་ཡང་སྒྲུབ་ཏུ་མེད་པ་སྟོང་ཉིད་ཀྱི་གོ་ར། ཅི་ཡང་འབད་དུ་མེད་པ་ཆོས་ཉིད་ཀྱི་ལུང་པ། དོན་གཉེར་སྨོན་པ་ཟད་པ་ཡིད་བཞིན་གྱི་ནོར་བུ། འདོད་བློའི་འཁྲི་བ་མེད་པ་ཆོས་ཟད་ཀྱི་ནམ་མཁའ། ཕྱམ་མཉམ་ཡངས་པ་ཆེན་པོ་ཕྱལ་བ་ཟང་ཐལ་ཏེ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་ས་ལ་ཕྱམ་གདལ་བས། དུས་བཞི་ཆོས་ཉིད་ཀྱི་ཞིང་ན་ལྷུན་གྲུབ་

everything arises naturally. The appearances of daytime clear of themselves—vivid and shimmering. The appearances of night clear of themselves—dim and glimmering.[155]Note 155 · p. 607 · dog mer mer: a rare expressive whose sense is uncertain. The drafts diverge (Claude Fable 5.2 "dimly glimmering", Gemini 4 Neon "duskily brimming", GPT-6.2 Astra "densely dark", Dharmamitra "vibrant depth"). "Dim and glimmering" is given as the counterpart to khra lam lam. The appearances of the full day and night clear of themselves—the ground wide, wide open. The appearances of dates and months clear—evenly, utterly clear. The appearances of years and eons clear—all bounds flung loose. Since the phenomena of one and different are cleared—nakedly vivid. Since the ground of delusion is cleared in original basic space—empty, utterly clear. Since grasping at basic space, the ultimate destination, is cleared[156]Note 156 · p. 607 · dbyings 'dzin mthar thug gi skyel so: taken as grasping at basic space being the final destination to be cleared, glossing the root line on the designation "basic space" (Claude Fable 5.2, GPT-6.2 Astra). Dharmamitra's "ultimate reference point" loses skyel so.—transparent through and through.

Nothing whatever to accomplish—the enclosure of emptiness. Nothing whatever to strive for—the valley of the nature of phenomena. Pursuit and wishing exhausted—the wish-fulfilling jewel. No entanglement of the desiring intellect—the space of the exhaustion of phenomena. Evenly equal (phyam mnyam), a great vastness, wide open and unobstructed, it extends evenly (phyam gdal) at the level where there is neither restriction nor partiality.[157]Note 157 · p. 607 · sa in rgya chad dang phyogs lhung med pa'i sa: rendered "level" per the glossary, where Claude Fable 5.2, Gemini 4 Neon, GPT-6.2 Astra, Dharmamitra have "ground". And so, in the field of the nature of phenomena, the four times,[158]Note 158 · p. 607 · dus bzhi: Dharmamitra reads "the fourth time". The literal "the four times" (Claude Fable 5.2, Gemini 4 Neon, GPT-6.2 Astra) is kept, though the allusion is to the fourth time beyond the three. there is spontaneous presence[159]Note 159 · p. 607 · lhun grub spros pa chod nas: the syntax is ambiguous. Gemini 4 Neon and Dharmamitra take lhun grub adverbially ("spontaneously cutting"); Claude Fable 5.2's "spontaneous presence with elaboration cut through" is followed, close to GPT-6.2 Astra. Dharmamitra also moves shes pa rang sangs before the page marker.

[p. 608]
སྤྲོས་པ་ཆོད་ནས། ཤེས་པ་རང་སངས། དྲན་པ་རང་ཟད། དགོངས་པ་ཡེ་གནས། གསལ་བ་བར་མེད་ལ་ཕྱམ་སངས་ཏེ། ཐམས་ཅད་རང་སྣང་དུ་ཤར་བ་ཙམ་ལས་གཞན་མ་མཐོང་བས། མཛད་པ་རང་ཤར་གྱི་དགོངས་པ་རྒྱུད་ལ་སྐྱེས་པ་སྙམ་བྱེད་དེ། གང་ཞེ་ན་ཀློང་དྲུག་པ་ལས། དེའི་ཚེ་སངས་རྒྱས་ཀྱི་མཛད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཏིལ་གྱི་གོང་བུ་བཞིན་དུ། སངས་རྒྱས་ཀྱི་མཛད་པར་རང་ཤར། རང་སྣང༌། རང་གྲོལ། རང་རིག །རང་ཐོབ་ནས། ལྷ་དང་མི་ལ་སོགས་པ་རྣམས་ཀྱིས་ཀྱང༌། སྟོང་པ་ཉིད་རང་བྱུང་གི་སྤྱོད་པ་ལ་གནས་ནས་ཤེས་པ་རྣམས་ཇི་བཞིན་མཉམ་པའི་ཀློང་དུ་རང་དག་ནས། རང་སངས། རང་སད། རང་རྙེད་ནས། དྲན་པའི་རྒྱུན་རྣམས་དུས་གཅིག་ལ་ཆད་དོ། །བསམ་པ་ཐམས་ཅད་ཀྱང་རང་བཞིན་གྱིས་རྣམ་པར་དག་ནས་དགོངས་པ་རྣམས་ཅིག་ཆར་དང༌། རིམ་གྱིས་

with conceptual elaboration cut through; cognition clears of itself, recollection (dran pa) is exhausted of itself,[160]Note 160 · p. 608 · dran pa: "recollection" (the arising of thoughts), which the glossary allows and the parallel with shes pa requires; Dharmamitra's "mindfulness" does not fit dran pa rang zad or dran pa'i rgyun chad. enlightened intent abides primordially, and there is an even clearing in uninterrupted lucidity.[161]Note 161 · p. 608 · gsal ba: "lucidity" per the glossary; GPT-6.2 Astra's "luminosity" is reserved for 'od gsal. Since nothing is seen other than everything merely arising as self-appearance, one thinks that the enlightened intent in which deeds arise naturally has been born in one's mindstream.

What is this? The Six Expanses says:

> "At that time, through the deeds of the buddhas, all world realms, like a sesame pod,[162]Note 162 · p. 608 · til gyi gong bu: literally "lump of sesame" (Gemini 4 Neon, GPT-6.2 Astra). It is read as the stock simile til gyi gang bu, "sesame pod" (Claude Fable 5.2), for realms densely filled. Dharmamitra's "become like an accumulation" wrongly makes it a predicate. arose naturally as the deeds of the buddhas, appeared of themselves, were naturally free, were self-knowing, and were naturally attained. And gods, humans and the rest also abided in the conduct of self-arisen emptiness. Their cognitions were naturally pure in the expanse of equality (mnyam pa), just as it is; they cleared of themselves, awoke of themselves and were found of themselves, and the streams of recollection were cut off at one and the same time. All thoughts, too, were utterly pure by nature, and the enlightened intents—all at once, gradual,[163]Note 163 · p. 608 · dgongs pa rnams cig char dang rim gyis…: these open a list of modes of enlightened intent that continues on the next page (mthar chags, thod rgal, ye dag…) and ends with ye grol chen por rang grol nas. The part therefore stops mid-list. Dharmamitra omits this last sentence.

[p. 609]
དང༌། མཐར་ཆགས་དང༌། ཐོད་རྒལ་དང༌། ཡེ་དག་དང༌། ཡེ་གནས་དང༌། ཡེ་རྫོགས་དང༌། ཡེ་འབྱུང་དང༌། ཡེ་བཀོད་དང༌། ཡེ་གྲོལ་ཆེན་པོར་རང་གྲོལ་ནས། རང་ལ་རང་ངོ་མཚར། རང་ལ་རང་ཡིད་ཆེས། རང་ལ་རང་སྟོབས་སྐྱེས་ནས་ཞེས་རྒྱ་ཆེར་གསུངས་པ་དག་གོ། །ད་ནི་དགོངས་པ་ཆོས་ཟད་ཀྱི་རྫོང་ལ་གནས་པས་དུས་གསུམ་འཕོ་འགྱུར་མེད་པར་དོན་བསྡུ་བ་ནི། ས་གཞི་རིན་ཆེན་ནམ་མཁའ་བར་སྣང་རྫོང༌། །རྟེན་མེད་ཡེ་གྲོལ་དགོངས་པར་ལྷུན་གྲུབ་པས། །སྲིད་གསུམ་སྣོད་བཅུད་ཡུལ་མེད་ཆེན་པོར་གྲོལ། །ཐམས་ཅད་ཡེ་གདོད་མ་ཉིད་ནས་སྐྱེ་བ་མེད་པ་དང༌། གནས་པ་མེད་པ་དང༌། འགག་པ་མེད་པས་རྟེན་སྣོད་ཀྱི་འཇིག་རྟེན་དུ་སྣང་བ་དང༌། བརྟེན་པ་བཅུད་ཀྱི་སེམས་ཅན་སྲིད་པ་གསུམ་གྱིས་བསྡུས་པ་ཐམས་ཅད་ཡེ་མེད་དང་ཡུལ་མེད་དང༌། རྟེན་མེད་དུ་དག་ཟིན་པས། ཅི་སྣང་

> successive, direct crossing, primordially pure (ye dag), primordially abiding, primordially perfect, primordially arising and primordially arrayed—were naturally free in great primordial freedom; whereupon they marveled at themselves,[164]Note 164 · p. 609 · The self-referential phrases closing the Six Expanses quotation (rang la rang ngo mtshar, etc.) are prose within the tantra, not verse as Dharmamitra sets them. The quotation breaks off at skyes nas, shown here by the ellipsis. found conviction in themselves, and strength was born in them of themselvesKlong drug paQuotation (named in the text: ཀློང་དྲུག་པ་ལས)
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Expanses · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.
…"

Such are the passages that state this at length.

9 Summing up: no transition or change throughout the three times དུས་གསུམ་འཕོ་འགྱུར་མེད་པར་དོན་བསྡུ་བ9 Summing up: no transition or change throughout the three times
Sums up that nothing transitions or changes through the three times: world and beings, unarisen and unsupported, are empty, lucid and one in the fortresses of sky, jewel and earth. Seven wondrous secret statements from the Heap of Jewels declare no difference between opposite kinds of persons in attaining the fruition.

Now, to sum up the meaning—that, by abiding in the fortress (rdzong) of enlightened intent in which phenomena are exhausted, there is no transition or change throughout the three times:

The earth, the jewel and the sky[166]Note 166 · p. 609 · Root verse: Dharmamitra and Gemini 4 Neon take bar snang as a fourth item alongside earth, jewel and sky. Because the commentary names only three fortresses, I read bar snang as qualifying rdzong ("the fortress in midair"), which leads into rten med, "without support", in the next line.—the fortress in midair[165]Note 165 · p. 609 · Root verse, first line: the text reads bar snang rdzong, Adzom has rjod. I follow rdzong: the commentary expounds exactly three fortresses (sky, jewel, earth), and rjod gives no sense here.—
Being spontaneously present as enlightened intent, without support and primordially free,
The three planes of conditioned existence,[167]Note 167 · p. 609 · srid gsum / srid pa gsum is rendered "the three planes of conditioned existence", to keep "the three realms" for khams gsum. the world and its inhabitants, are free in the great absence of objects.

9.1 The meaning of the three fortresses རྫོང་གསུམ་གྱི་དོན9.1 The meaning of the three fortresses (topical division)
Since all of world and beings is unarisen and without support, whatever appears is empty in the fortress of the sky, lucid in the fortress of the jewel, and one in the fortress of the earth, awareness.

Since everything is, primordially and from the very origin, without arising, without abiding and without ceasing, all that appears as the supporting world, the vessel, and all the supported sentient beings, its contents, comprised in the three planes of conditioned existence, are already pure as primordially nonexistent, without object and without support. Therefore, whatever appears and

[p. 610]
ཅི་ཤར་ཡང་སྟོང་པ་ནམ་མཁའི་རྫོང་དུ་ངོ་བོ་ཡེ་སྟོང་ཆེན་པོར་གཞི་འཆོས། གསལ་བ་འགག་མེད་ནོར་བུའི་རྫོང་དུ་མེད་སྣང་སྟོང་པའི་གཟུགས་བརྙན་ཙམ་དུ་རང་གསལ། ཀུན་འབྱུང་རིག་པ་ས་གཞིའི་རྫོང་དུ་དབྱིངས་གཅིག་སྔ་ཕྱི་གྲུབ་བསལ་མེད་པར་རང་གཅིག་པས། ཆོས་ཐམས་ཅད་ཆོས་ཟད་སྟོང་མཉམ་གདལ་བར་ལྷུན་གྱིས་གྲུབ་སྟེ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་དགོངས་པ་མཐའ་གྲོལ་ཀློང་ཡངས་ཆེན་པོར་ལ་ཟློས་པ་ནི། ངོ་མཚར་གྱི་གསང་ཚིག་རྣམ་པ་བདུན་རང་གི་རྒྱུད་ལ་རང་ཤར་བསྙམ་བྱེད་པའི་མཐུས་རང་སྣང་བའོ། །གང་ཞེ་ན་རིན་པོ་ཆེ་སྤུངས་པ་ལས། དེ་ནས་སྟོན་པ་ཉིད་ཀྱིས་རང་ལ་ངོ་མཚར་བའི་ཚིག་གི་རྒྱལ་པོ་འདི་དག་རང་བྱུང་དུ་གསུངས་སོ། །ཨེ་མ་ཧོ། གསུང་གི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག །རང་གི་རིག་པ་ཉིད་སྐྱེ་ཤི་དང་བྲལ་བའི་གནད་ཀྱིས། སེམས་ཅན་བྱེ་བའི་སྲོག་གཅད་པ་དང་ཕ་

whatever arises: in the fortress of the sky, emptiness, its ground is laid[168]Note 168 · p. 610 · gzhi 'chos: read in the sense of gzhi 'cha', "the ground is laid". Claude Fable 5.2 and Gemini 4 Neon have "settles into its ground", GPT-6.2 Astra "has as its ground"; the sense is the same. as the essence, great primordial emptiness; in the fortress of the jewel, unceasing lucidity, it is naturally lucid as mere reflections of emptiness, nonexistent appearance (med snang); and in the fortress of the earth, awareness, the source of all, it is one in itself as the single basic space, with no earlier or later and nothing to be established or eliminated. Thus all phenomena are spontaneously present as the exhaustion of phenomena, pervasive and equal in emptiness.

9.2 The seven wondrous secret statements ངོ་མཚར་གྱི་གསང་ཚིག་རྣམ་པ་བདུན9.2 The seven wondrous secret statements (topical division)
Quotes the Heap of Jewels: owing to key points of awareness, Samantabhadra declares no mote of difference between opposite kinds of persons (killer and practitioner, meditator and non-meditator, etc.) in seeing, realizing or attaining the fruition.

As for the decisive resolution[170]Note 170 · p. 610 · la zlos pa is "decisive resolution" per the glossary, not Claude Fable 5.2's "decisive experience". bye ba is "ten million", not Dharmamitra's "millions". in the great, spacious expanse of freedom from extremes—enlightened intent without restriction or partiality—it appears of itself through the power of the thought that[169]Note 169 · p. 610 · rang shar bsnyam byed pa'i mthus: bsnyam is read as snyam, "thinking that", with Dharmamitra. This parallels the sentence that introduces the preceding Six Expanses quotation ("one thinks that … has been born in one's mindstream"). Claude Fable 5.2 and Gemini 4 Neon ("which make all equal") and GPT-6.2 Astra ("bring it to equipoise") take it as snyoms / mnyam, which the syntax (rang shar + snyam byed pa) does not support. the seven wondrous secret statements have arisen naturally in one's own mindstream.

What are these? The Heap of Jewels says:

> "Then the Teacher himself spoke, as a self-arisen utterance, these kings of statements, marveling at himself:
>
> "Emaho! Vajra Heart Essence of Enlightened Speech,[171]Note 171 · p. 610 · gsung gi rdo rje (snying po) is treated as the name of the interlocutor, with gsung as "enlightened speech" per the glossary. GPT-6.2 Astra lowercases it as an epithet. listen! Owing to the key point that one's own awareness itself is free of birth and death, between one who has taken the lives of ten million sentient beings and a person who has constantly practiced the ten

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 3 quotations, 2 found on this wiki.
# p. Tibetan English Source On this wiki
1 602 དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་རིན་ … རྡོ་རྗེ་དང་གཉིས་སུ་མེད་པར་གྱུར་ཏོ་ Then the teacher Samantabhadra, Ornament of Heaped Jewels, saw … and they became nondual with Vajra of Enlightened Body. named: རིན་པོ་ཆེ་སྤུངས་པའི་རྒྱུད་ལས
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པ་རྒྱུད་ཀྱི་རྒྱལ་པོ, rin po che spungs pa yon tan chen po ston pa rgyud kyi rgyal po, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0054-vol-01-text (the text itself), 66 %
2 608 དེའི་ཚེ་སངས་རྒྱས་ཀྱི་མཛད་པས་འཇིག་རྟེན་ … རང་ཡིད་ཆེས། རང་ལ་རང་སྟོབས་སྐྱེས་ནས་ At that time, through the deeds of the buddhas, … themselves, and strength was born in them of themselves named: ཀློང་དྲུག་པ་ལས
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Expanses · tantra; Nyingma Gyubum, one of the Seventeen Tantras high
not found
3 610 དེ་ནས་སྟོན་པ་ཉིད་ཀྱིས་རང་ལ་ངོ་ … གསུམ་དབྱེར་མེད་དུ་སངས་རྒྱ་བ་ཡིན་ནོ་ Then the Teacher himself spoke, as a self-arisen utterance, … to buddhahood with appearances and the three kāyas inseparable." named: རིན་པོ་ཆེ་སྤུངས་པ་ལས
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པ་རྒྱུད་ཀྱི་རྒྱལ་པོ, rin po che spungs pa yon tan chen po ston pa rgyud kyi rgyal po, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras high
parallel: གནས་ལུགས་རིན་པོའི་ཆེའི་མཛོད, 78 %