Chos dbyings mdzod (Longchenpa): Chapter 10 root verses (2)

From Rangjung Yeshe Wiki Texts
Chos dbyings mdzod (Longchenpa)Chos dbyings mdzod (Longchenpa): Chapter 10 root verses (2)
< Chos dbyings mdzod (Longchenpa)
Revision as of 10:49, 24 November 2026 by Eric (talk | contribs) (Chos dbyings mdzod study edition (root verses and Lung gi gter mdzod): ten editions, critical edition, translation, bilingual text, outline and quotations)
(diff) ← Older revision | Latest revision (diff) | Newer revision → (diff)

Chos dbyings mdzod (Longchenpa)/Chapter 10 root verses (2)
Jump to navigation Jump to search
← Chapter 10 root verses (1)Chos dbyings mdzod: contentsChapter 10 commentary (1) →

Chapter 10, root verses · དགོངས་པ་ཆོས་ཉིད་ལས་མི་གཡོ་བར་བསྟན་པའི
Pages 56–62 of the corrected base text (W22920 vol. 3), part 2 of 2.

[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD84), gorn05 tibocr 2026: BDRC OCR on 338 pages, Mitra OCR on 144 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 190] བྱང་ཆུབ་སེམས་ལ་སྨྲ་བརྗོད་ངང་གིས་མེད། །སྨྲ་བརྗོད་མེད་པ་དུས་གསུམ་རྒྱལ་བའི་གསུང་། །ཇི་ལྟར་བསམས་ཀྱང་རང་གི་ངང་ལ་བསམ། །ཇི་ལྟར་བརྟགས་ཀྱང་རང་གི་ངང་ལ་རྟོག །བྱང་ཆུབ་སེམས་ལ་བསམ་རྟོག་ཡེ་ནས་མེད། །བསམ་རྟོག་བྲལ་བ་དུས་གསུམ་རྒྱལ་བའི་ཐུགས། །མེད་ལ་ཅིར་ཡང་འབྱུང་བ་སྤྲུལ་པའི་སྐུ། །ཉིད་ལ་ཉིད་ལོངས་སྤྱོད་པ་ལོངས་སྤྱོད་རྫོགས། །དེ་ལ་དངོས་གཞི་མེད་པས་ཆོས་སྐུ་སྟེ། །འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཀློང་། །བྱང་ཆུབ་སེམས་ཀྱི་ཀློང་ཆེན་ངང་ཉིད་ལས། །དྲན་པའི་རྣམ་པར་རྟོག་པ་མི་འབྱུང་སྟེ། །ཤེས་པའི་མཚན་མ་ཡིད་ལ་མི་གཡོ་ན། །དེ་ཉིད་སངས་རྒྱས་ཉག་གཅིག་དགོངས་པ་ཡིན། །བྱང་ཆུབ་རང་བཞིན་ནམ་མཁའི་དཀྱིལ་ཡངས་འདྲ། །དྲན་དང་རྟོག་པ་མེད་པ་སྒོམ་པའི་མཆོག །རང་གི་རང་

[p. 191] བཞིན་མ་གཡོས་བཅོས་པ་མེད། །མི་བསམ་ཡིད་ལ་བྱེད་པ་རྣམ་བྲལ་བ། །རང་བབས་ཆོས་ཉིད་དུས་གསུམ་འཕོ་འགྱུར་མེད། །འགྱུ་འཕྲོའི་ཀུན་རྟོག་མེད་ན་སྒོམ་པའི་མཆོག །དེ་བཞིན་ཉིད་དེ་གང་གནས་དམ་པའི་སེམས། །སངས་རྒྱས་ཉག་གཅིག་མཚོན་པ་ཀུན་དང་བྲལ། །མི་གཡོ་ཆོས་དབྱིངས་འཛིན་རྟོག་ཕྱམ་འདས་པ། །རྒྱལ་བའི་དགོངས་ཀློང་རང་བཞིན་ཡངས་པའི་མཆོག །ལུས་སེམས་བཅོས་པའི་འཆིང་བ་རྣམ་སྤངས་ཤིང་། །གྱིན་འདའ་ལྷོད་ཆགས་དྲན་བསམ་ཅི་འགྱུས་ཀྱང་། །གཞི་གཞག་ཆོས་ཉིད་ངང་ལས་མི་གཡོ་ན། །ཐམས་ཅད་ཀུན་བཟང་དགོངས་ཀློང་ཡངས་པ་ཡིན། །མ་བཟུང་མ་བཏང་འཇུར་བུའི་སྒྲིམས་གློད་མེད། །ཇི་བཞིན་རང་བབས་རྒྱ་ཡན་ངང་གིས་ཟིན། །མི་གཡོ་ཕྱམ་གདལ་ཡངས་དོག་མེད་པའི་ཀློང་། །དྲན་བསམ་ཐམས་ཅད་རང་བྱུང་རང་ཞི་ན། །རྡོ་རྗེ་སེམས་དཔའ་ནམ་མཁའི་དགོངས་པ་ཡིན། །མ་བཅོས་ཀློང་དུ་མ་ཡེངས་ངང་ལྡན་ན། །དྲན་རྟོག་ཡུལ་ལ་འཇུག་པའང་ཆོས་ཉིད་ངང་། །ཆེད་དུ་འཇུར་བུས་བཅོས་ན་ཆོས་ཉིད་ཀྱང་། །མི་རྟོག་མཁའ་ལྟར་ཡངས་ཀྱང་མཚན་མའི་གཟེབ། །ཉིན་མཚན་སྒོམ་པས་འདའ་ཡང་འཆིང་ཞེན་ཉིད། །བསམ་གཏན་ལྷ་དང་མཚུངས་པར་རྒྱལ་བས་གསུངས། །དེ་བས་མ་ཡེངས་འབད་རྩོལ་ཞིག་པའི་སེམས། །རང་བབས་འཛིན་རྩོལ་འདས་པ་ཤིན་ཏུ་གཙེས། །རང་བྱུང་ཡེ་ཤེས་ཕྱོགས་

[p. 192] དང་རི་ས་མེད་པས། །འདི་ཞེས་མི་མཚོན་རང་བཞིན་སྤྲོས་ཀུན་ཞི། །དེ་བས་ཡིད་ལ་བྱེད་པ་རྣམས་སྤངས་ཏེ། །གཞི་བྲལ་ཡངས་པ་ཆེན་པོའི་དོན་ལ་བསླབ། །ཆོས་ཉིད་ཉག་གཅིག་རང་བྱུང་ཡེ་ཤེས་ཏེ། །ལྟ་བ་ཉག་གཅིག་སྤྲོས་པའི་མཐའ་དང་བྲལ། །སྒོམ་པ་ཉག་གཅིག་བཏང་གཞག་འགྲོ་འོང་མེད། །སྤྱོད་པ་ཉག་གཅིག་བླང་དོར་ཕྱར་མེད་ཅིང་། །འབྲས་བུ་ཉག་གཅིག་སྤངས་ཐོབ་གཉིས་དང་བྲལ། །འདི་ནི་རང་བྱུང་ལྷུན་གྲུབ་དགོངས་པ་ཡིན། །སྣང་སྲིད་སྣོད་བཅུད་འཁོར་དང་མྱ་ངན་འདས། །ཆོས་སོ་ཅོག་ཀུན་ཆོས་ཉིད་གདོད་མའི་ངང་། །རང་བྱུང་ཡེ་ཤེས་ཉིད་ལས་མ་གཡོས་པས། །གང་ཡང་གཞི་གཞག་དགོངས་པར་ཤེས་པར་ཕྱ། །སྣ་ཚོགས་ཡུལ་དུ་སྣང་བའི་ཆོས་ཉིད་ལ། །གང་དུ་འདི་ལྟར་འཇོག་ཅེས་མི་རྟོག་པར། །རང་བབས་སྤྲོ་བསྡུ་བྲལ་བར་ལྷུན་གྱིས་ཞོག །ཆོས་ཉིད་མཉམ་པའི་ཀློང་དུ་ངང་གིས་གནས། །དཀར་དམར་ཡུལ་དུ་སྣང་བའི་རྣམ་པ་ལ། །དབང་པོ་མི་བསྡུ་མིག་ཀྱང་མི་འགུལ་པས། །བདག་ལ་མི་བསམ་གཞན་ལ་མི་རྟོག་པར། །ཕྱམ་ཕྱམ་ཡངས་པ་ཆེན་པོར་ངང་གིས་ཞོག །རྒྱབ་སྐྱེད་དཔངས་བསྟོད་སྤྲོ་བསྡུ་བྲལ་བའི་སེམས། །ཀུན་མཉམ་རང་བྱུང་ཡེ་ཤེས་དགོངས་པ་ལ། །ཕྱི་ནང་བར་མེད་ནམ་མཁའ་འདྲེས་པའི་ཉམས། །བདེ་གསལ་སྤྲོས་དང་བྲལ་བའི་ཏིང་འཛིན་འཆར། །གཞི་གཞག་མི་གཡོ་མཉམ་པའི་དགོངས་པ་ལ། །ཕྱི་དང་ནང་མེད་

[p. 193] གཟུང་འཛིན་སྤྲོས་དང་བྲལ། །ཡུལ་ཞེས་གཞན་དུ་ཞེན་པའི་སེམས་མེད་པས། །གཟུང་བའི་ཆོས་མེད་སྣོད་བཅུད་སྣང་ཞེན་བྲལ། །འཁོར་བར་སྐྱེ་བའི་ཡུལ་མེད་ནམ་མཁའ་འདྲ། །རང་ཞེས་སེམས་ལ་ནང་དུ་མི་རྟོག་པས། །འཛིན་པའི་ཆོས་མེད་སྲིད་པའི་ཀུན་རྟོག་ཞི། །འཁོར་བར་སྐྱེ་བའི་མཁན་པོ་རྩད་ནས་ཆོད། །དེ་ཚེ་མཁའ་འདྲ་ཕྱི་ནང་འཁྲུལ་པའི་ཆོས། །གང་ཡང་མི་དམིགས་ཆོས་སྐུའི་དགོངས་པར་ཕྱིན། །ཟད་པའི་སར་ཐུག་འགྲོ་དང་འོང་མེད་པས། །ཐམས་ཅད་ཀློང་འབྱམས་ཀུན་ཏུ་བཟང་པོའི་ཞིང་། །ཆོས་སྐུའི་ཕོ་བྲང་མཆོག་ཏུ་ཕྱིན་པ་ཡིན། །ད་ལྟའི་རིག་པ་གཞི་ལས་མ་གཡོས་ན། །དེ་ཉིད་གོམས་ཆས་ཕྱི་མའི་སྲིད་པ་སྟོངས། །ཡང་སྲིད་ལེན་པའི་ལས་དང་བག་ཆགས་བྲལ། །རྒྱུ་འབྲས་ལ་ཟློས་འཁོར་འདས་མཉམ་པར་བརྗོད། །སྲིད་ཞིར་མི་གནས་བྱང་ཆུབ་སྙིང་པོར་ཕྱིན། །འདིར་ཡང་ཞི་གནས་རྩེ་གཅིག་ཕྱེད་པ་གཅེས། །རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་ཡིན། །ངང་ལས་གཡོས་ན་ཡིད་དཔྱོད་འཁོར་བ་ཉིད། །དེ་ལ་རྒྱུ་འབྲས་ཉིད་དེ་ལ་མ་ཟློས། །ནོར་བའི་སྐྱེ་བོ་འོག་ནས་འོག་ཏུ་འགྲོ། །དེས་ན་མཆོག་གསང་རྫོགས་པ་ཆེན་པོ་ནི། །དབྱིངས་ལས་མ་གཡོས་རྩལ་རྣམས་གཞི་ལ་འཁྱོལ། །དགོངས་པ་མི་གཡོ་མཉམ་པར་གནས་པ་ཡིན། །འདི་ཡི་ངང་ལ་རྒྱུ་འབྲས་བྱ་རྩོལ་མེད། །ལྟ་བ་བསྒོམ་དུ་མེད་པ་ལ་སོགས་ཏེ། །མཐའ་དབུས་གཉིས་མེད་འགོག་

[p. 194] པའི་ཚུལ་བརྗོད་ཀྱི། །གཞན་དུ་ངང་ལས་ཕྱིར་འཁྱམ་རྩལ་ཉིད་ལས། །རོལ་པ་སྣ་ཚོགས་སྣང་སྲིད་དགུ་འཆར་བས། །རྒྱུ་འབྲས་མེད་ཅེས་ནམ་ཡང་མ་བརྗོད་ཅིག །རྟེན་འབྲེལ་རྐྱེན་འབྱུང་འདུས་བྱས་གྲངས་བསམ་འདས། །འཁོར་བའི་འཁྲུལ་སྣང་ཞི་བདེའང་གྲངས་བསམ་འདས། །དེ་ཀུན་རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་ཉིད། །གཤིས་ལ་གཞལ་ན་གང་ཡང་མ་གྲུབ་ལྟར། །ལམ་དུ་བྱེད་པས་གཤིས་ཐོག་མི་གཡོའི་དུས། །གང་ཡང་མི་དམིགས་དགོངས་པའི་དུས་ན་རྩི། །གཤིས་ཐོག་མཐར་ཕྱིན་གང་ཡང་གོས་མི་འགྱུར། །ཉོན་མོངས་ལས་དང་བག་ཆགས་གློང་ཆེན་འདི། །རྟེན་མེད་སྒྱུ་མས་སྤྲུལ་པའི་རྩེད་མོ་བྱེད། །འདི་ལས་ཐར་དགོས་རྒྱུ་འབྲས་ལ་ཟློས་འཆའ། །དེ་ཡི་ཐབས་ནི་འདི་ལས་མཆོག་གཞན་མེད། །དེ་ཕྱིར་ཆོས་དབྱིངས་དགོངས་པ་མ་གཡོས་གཅེས། །འདི་ཉིད་ཁོ་བོའི་སྙིང་གཏམ་ཟབ་མོའི་ཀློང་། །ཀུན་ཡིན་ཀུན་མིན་ཡིན་མིན་འདས་པ་གཅེས། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། །དགོངས་པ་ཆོས་ཉིད་ལས་མི་གཡོ་བར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།

[edit]
BDRC typed e-text UT22920_003_0001/0002 as downloaded (the base text was made from it).

བྱང་ཆུབ་སེམས་ལ་སྨྲ་བརྗོད་ངང་གིས་མེད། །སྨྲ་བརྗོད་མེད་པ་དུས་གསུམ་རྒྱལ་བའི་གསུང༌། །ཇི་ལྟར་བསམས་ཀྱང་རང་གི་ངང་ལ་བསམ། །ཇི་ལྟར་རྟོག་ཀྱང་རང་གི་ངང་ལ་རྟོག །བྱང་ཆུབ་སེམས་ལ་བསམ་རྟོག་ཡེ་ནས་མེད། །བསམ་རྟོག་བྲལ་བ་དུས་གསུམ་རྒྱལ་བའི་ཐུགས། །མེད་ལ་ཅིར་ཡང་འབྱུང་བ་སྤྲུལ་པའི་སྐུ། །ཉིད་ལ་ཉིད་ལོངས་སྤྱོད་པ་ལོངས་སྤྱོད་རྫོགས། །དེ་ལ་དངོས་གཞི་མེད་པས་ཆོས་སྐུ་སྟེ། །འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཀློང༌། །བྱང་ཆུབ་སེམས་ཀྱི་ཀློང་ཆེན་ངང་ཉིད་ལས། །དྲན་པའི་རྣམ་པར་རྟོག་པ་མི་འབྱུང་སྟེ། །ཤེས་པའི་མཚན་མ་ཡིད་ལ་མི་གཡོ་ན། །དེ་ཉིད་སངས་རྒྱས་ཉག་ཅིག་དགོངས་པ་ཡིན། །བྱང་ཆུབ་རང་བཞིན་ནམ་མཁའི་དཀྱིལ་ཡངས་འདྲ། །དྲན་དང་རྟོག་པ་མེད་པ་སྒོམ་པའི་མཆོག །རང་གི་རང་བཞིན་མ་གཡོས་བཅོས་པ་མེད། །མི་བསམ་ཡིད་ལ་བྱེད་པ་རྣམ་བྲལ་བ། །རང་བབས་ཆོས་ཉིད་དུས་གསུམ་འཕོ་འགྱུར་མེད། །འགྱུ་འཕྲོའི་ཀུན་རྟོག་མེད་པ་སྒོམ་པའི་མཆོག །དེ་བཞིན་ཉིད་དེར་གང་གནས་དམ་པའི་སེམས། །སངས་རྒྱས་ཉག་ཅིག་མཚོན་པ་ཀུན་དང་བྲལ། །མ་གཡོ་ཆོས་དབྱིངས་འཛིན་རྟོག་ཕྱམ་འདས་པ། །རྒྱལ་བའི་དགོངས་ཀློང་རང་བཞིན་ཡངས་པའི་ཆོས། །ལུས་སེམས་བཅོས་པའི་འཆིང་བ་རྣམས་སྤངས་ཤིང༌། །གྱིན་འདར་ལྷོད་ཆགས་དྲན་བསམ་ཅི་འགྱུས་ཀྱང༌། །གཞི་གཞག་ཆོས་ཉིད་ངང་ལས་མི་གཡོ་ན། །ཐམས་ཅད་ཀུན་བཟང་དགོངས་ཀློང་ཡངས་པ་ཡིན། །མ་བཟུང་མ་བཏང་འཇུར་བུའི་སྒྲིམས་གློད་མེད། །ཇི་བཞིན་རང་བབས་རྒྱ་ཡན་ངང་གིས་ཟིན། །མི་གཡོ་ཕྱམ་གདལ་ཡངས་དོག་མེད་པའི་ཀློང༌། །དྲན་བསམ་ཐམས་ཅད་རང་བྱུང་རང་ཞི་ན། །རྡོ་རྗེ་སེམས་དཔའ་ནམ་མཁའི་དགོངས་པ་ཡིན། །མ་བཅོས་ཀློང་དུ་མ་ཡེངས་ངང་ལྡན་ན། །དྲན་རྟོག་ཡུལ་ལ་འཇུག་པའང་ཆོས་ཉིད་ངང༌། །ཆེད་དུ་འཇུར་བུས་བཅོས་ན་ཆོས་ཉིད་ཀྱང༌། །མི་རྟོག་མཁའ་ལྟར་ཡངས་ཀྱང་མཚན་མའི་གཟེབ། །ཉིན་མཚན་སྒོམ་པས་འདའ་ཡང་འཆིང་ཞེན་ཉིད། །བསམ་གཏན་ལྷ་དང་མཚུངས་པར་རྒྱལ་བས་གསུངས། །དེ་བས་མ་ཡེངས་འབད་རྩོལ་ཞིག་པའི་སེམས། །རང་བབས་འཛིན་རྩོལ་འདས་པ་ཤིན་ཏུ་གཅེས། །རང་བྱུང་ཡེ་ཤེས་ཕྱོགས་དང་རིས་མེད་པས། །འདི་ཞེས་མི་མཚོན་རང་བཞིན་སྤྲོས་ཀུན་ཞི། །དེ་བས་ཡིད་ལ་བྱེད་པ་རྣམས་སྤངས་ཏེ། །གཞི་བྲལ་ཡངས་པ་ཆེན་པོའི་དོན་ལ་བསླབ། །ཆོས་ཉིད་ཉག་ཅིག་རང་བྱུང་ཡེ་ཤེས་ཏེ། །ལྟ་བ་ཉག་ཅིག་སྤྲོས་པའི་མཐའ་དང་བྲལ། །སྒོམ་པ་ཉག་ཅིག་བཏང་གཞག་འགྲོ་འོང་མེད། །སྤྱོད་པ་ཉག་ཅིག་བླང་དོར་བྱར་མེད་ཅིང༌། །འབྲས་བུ་ཉག་ཅིག་སྤངས་ཐོབ་གཉིས་དང་བྲལ། །འདི་ནི་རང་བྱུང་ལྷུན་གྲུབ་དགོངས་པ་ཡིན། །སྣང་སྲིད་སྣོད་བཅུད་འཁོར་དང་མྱ་ངན་འདས། །ཆོས་སོ་ཅོག་ཀུན་ཆོས་ཉིད་དགོངས་པའི་ངང༌། །རང་བྱུང་ཡེ་ཤེས་ཉིད་ལས་མ་གཡོས་པས། །གང་ཡང་གཞི་གཞག་དགོངས་པར་ཤེས་པར་བྱ། །སྣ་ཚོགས་ཡུལ་དུ་སྣང་བའི་ཆོས་ཉིད་ལ། །གང་དུ་འདི་ལྟར་འཇོག་ཅེས་མི་རྟོག་པར། །རང་བབས་སྤྲོ་བསྡུ་བྲལ་བར་ལྷུན་གྱིས་ཞོག །ཆོས་ཉིད་མཉམ་པའི་ཀློང་དུ་ངང་གིས་གནས། །དཀར་དམར་ཡུལ་དུ་སྣང་བའི་རྣམ་པ་ལ། །དབང་པོ་མི་བསྡུ་མིག་ཀྱང་མི་འགུལ་པས། །བདག་ལ་མི་བསམ་གཞན་ལ་མི་རྟོག་པར། །ཕྱམ་ཕྱལ་ཡངས་པ་ཆེན་པོར་ངང་གིས་ཞོག །རྒྱ་བསྐྱེད་དཔངས་བསྟོད་སྤྲོ་བསྡུ་བྲལ་བའི་སེམས། །ཀུན་མཉམ་རང་བྱུང་ཡེ་ཤེས་དགོངས་པ་ལ། །ཕྱི་ནང་བར་མེད་ནམ་མཁའ་འདྲེས་པའི་ཉམས །བདེ་གསལ་སྤྲོས་དང་བྲལ་བའི་ཏིང་འཛིན་འཆར། །གཞི་གཞག་མི་གཡོ་མཉམ་པའི་དགོངས་པ་ལ། །ཕྱི་དང་ནང་མེད་གཟུང་འཛིན་སྤྲོས་དང་བྲལ། །ཡུལ་ཞེས་གཞན་དུ་ཞེན་པའི་སེམས་མེད་པས། །གཟུང་བའི་ཆོས་མེད་སྣོད་བཅུད་སྣང་ཞེན་བྲལ། །འཁོར་བར་སྐྱེ་བའི་ཡུལ་མེད་ནམ་མཁའ་འདྲ། །རང་ཞེས་སེམས་ལ་ནང་དུ་མི་རྟོག་པས། །འཛིན་པའི་ཆོས་མེད་སྲིད་པའི་ཀུན་རྟོག་ཞི། །འཁོར་བར་སྐྱེ་བའི་མཁན་པོ་རྩད་ནས་ཆོད། །དེ་ཚེ་མཁའ་འདྲ་ཕྱི་ནང་འཁྲུལ་པའི་ཆོས། །གང་ཡང་མི་དམིགས་ཆོས་སྐུའི་དགོངས་པར་ཕྱིན། །ཟད་པའི་སར་ཐུག་འགྲོ་དང་འོང་མེད་པས། །ཐམས་ཅད་ཀློང་འབྱམས་ཀུན་ཏུ་བཟང་པོའི་ཞིང༌། །ཆོས་སྐུའི་ཕོ་བྲང་མཆོག་ཏུ་ཕྱིན་པ་ཡིན། །ད་ལྟའི་རིག་པ་གཞི་ལས་མ་གཡོས་ན། །དེ་ཉིད་གོམས་ཆས་ཕྱི་མའི་སྲིད་པ་སྟོངས། །ཡང་སྲིད་ལེན་པའི་ལས་དང་བག་ཆགས་བྲལ། །རྒྱུ་འབྲས་ལ་ཟློས་འཁོར་འདས་མཉམ་པར་བརྗོད། །སྲིད་ཞིར་མི་གནས་བྱང་ཆུབ་སྙིང་པོར་ཕྱིན། །འདིར་ཡང་ཞི་གནས་རྩེ་གཅིག་ཕྱེད་པ་གཅེས། །རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་ཡིན། །ངང་ལས་གཡོས་ན་ཡིད་དཔྱོད་འཁོར་བ་ཉིད། །དེ་ལ་རྒྱུ་འབྲས་ཉིད་དེ་ལ་མ་ཟློས། །ནོར་བའི་སྐྱེ་བོ་འོག་ནས་འོག་ཏུ་འགྲོ། །དེས་ན་མཆོག་གསང་རྫོགས་པ་ཆེན་པོ་ནི། །དབྱིངས་ལས་མ་གཡོས་རྩལ་རྣམས་གཞི་ལ་འཁྱོལ། །དགོངས་པ་མི་གཡོ་མཉམ་པར་གནས་པ་ཡིན། །འདི་ཡི་ངང་ལ་རྒྱུ་འབྲས་བྱ་རྩོལ་མེད། །ལྟ་བ་བསྒོམ་དུ་མེད་པ་ལ་སོགས་ཏེ། །མཐའ་དབུས་གཉིས་མེད་འགོག་པའི་ཚུལ་བརྗོད་ཀྱི། །གཞན་དུ་ངང་ལས་ཕྱིར་འཁྱལ་རྩལ་ཉིད་ལས། །རོལ་པ་སྣ་ཚོགས་སྣང་སྲིད་དགུ་འཆར་པས། །རྒྱུ་འབྲས་མེད་ཅེས་ནམ་ཡང་མ་བརྗོད་ཅིག །རྟེན་འབྲེལ་རྐྱེན་འབྱུང་འདུས་བྱས་གྲངས་བསམ་འདས། །འཁོར་བའི་འཁྲུལ་སྣང་ཞི་བདེའང་གྲངས་བསམ་འདས། །དེ་ཀུན་རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་ཉིད། །གཤིས་ལ་གཞལ་ན་གང་ཡང་མ་གྲུབ་ལྟར། །ལམ་དུ་བྱེད་པས་གཤིས་ཐོག་མི་གཡོའི་དུས། །གང་ཡང་མི་དམིགས་དགོངས་པའི་དུས་ན་རྩི། །གཤིས་ཐོག་མཐར་ཕྱིན་གང་ཡང་གོས་མི་འགྱུར། །ཉོན་མོངས་ལས་དང་བག་ཆགས་ཀློང་ཆེན་འདི། །རྟེན་མེད་སྒྱུ་མས་སྤྲུལ་པའི་རྩེད་མོ་བྱེད། །འདི་ལས་ཐར་དགོས་རྒྱུ་འབྲས་ལ་ཟློས་འཚལ། །དེ་ཡི་ཐབས་ནི་འདི་ལས་མཆོག་གཞན་མེད། །དེ་ཕྱིར་ཆོས་དབྱིངས་དགོངས་པ་མ་གཡོས་གཅེས། །འདི་ཉིད་ཁོ་བོའི་སྙིང་གཏམ་ཟབ་མོའི་ཀློང༌། །ཀུན་ཡིན་ཀུན་མིན་ཡིན་མིན་འདས་པ་གཅེས། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། དགོངས་པ་ཆོས་ཉིད་ལས་མི་གཡོ་བར་བསྟན་པའི་ལེའུ་སྟེ་བཅུ་པའོ།། ༈ །།

[edit]
rywikitexts e-text of the Beijing 2009 edition (vol. 16), with its page numbers ༼N༽.

བྱང་ཆུབ་སེམས་ལ་སྨྲ་བརྗོད་ངང་གིས་མེད། །སྨྲ་བརྗོད་མེད་པ་དུས་གསུམ་རྒྱལ་བའི་གསུང༌། །ཇི་ལྟར་བསམས་ཀྱང་རང་གི་ངང་ལ་བསམ། །ཇི་ལྟར་རྟོག་ཀྱང་རང་གི་ངང་ལ་རྟོག» «།» «བྱང་ཆུབ་སེམས་ལ་བསམ་རྟོག་ཡེ་ནས་» «མེད། །བསམ་རྟོག་བྲལ་བ་དུས་གསུམ་རྒྱལ་བའི་ཐུགས། །མེད་ལ་ཅིར་ཡང་འབྱུང་བ་སྤྲུལ་པའི་སྐུ། །ཉིད་ལ་ཉིད་ལོངས་སྤྱོད་པ་ལོངས་སྤྱོད་རྫོགས། །དེ་ལ་དངོས་གཞི་མེད་པས་ཆོས་སྐུ་སྟེ། །འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་» «ཀློང༌། །བྱང་ཆུབ་སེམས་ཀྱི་ཀློང་ཆེན་ངང་ཉིད་ལས། །དྲན་པའི་རྣམ་པར་རྟོག་པ་མི་འབྱུང་སྟེ། །ཤེས་པའི་མཚན་མ་ཡིད་ལ་མི་གཡོ་ན། །དེ་ཉིད་སངས་རྒྱས་ཉག་གཅིག་དགོངས་པ་ཡིན། །བྱང་ཆུབ་རང་བཞིན་ནམ་མཁའི་དཀྱིལ་ཡངས་» «འདྲ། །དྲན་དང་རྟོག་པ་མེད་པ་སྒོམ་པའི་མཆོག» «རང་གི་རང་བཞིན་མ་གཡོས་བཅོས་པ་མེད། །མི་བསམ་ཡིད་ལ་བྱེད་པ་རྣམ་བྲལ་བ། །རང་བབས་ཆོས་ཉིད་དུས་གསུམ་འཕོ་འགྱུར་མེད། །འགྱུ་འཕྲོའི་ཀུན་རྟོག་མེད་ན་«༼༡༽«སྒོམ་པའི་» «མཆོག» «།དེ་བཞིན་ཉིད་དེར་གང་གནས་དམ་པའི་སེམས། །སངས་རྒྱས་ཉག་གཅིག་མཚོན་པ་ཀུན་དང་བྲལ། །མི་གཡོ་ཆོས་དབྱིངས་འཛིན་རྟོག་ཕྱམ་འདས་པ། །རྒྱལ་བའི་དགོངས་ཀློང་རང་བཞིན་ཡངས་པའི་མཆོག» «།ལུས་སེམས་བཅོས་པའི་འཆིང་བ་རྣམས་སྤངས་ཤིང༌། །གྱིན་འདའ་ལྷོད་ཆགས་དྲན་བསམ་ཅི་འགྱུས་ཀྱང༌། །གཞི་གཞག་ཆོས་ཉིད་ངང་ལས་མི་གཡོ་ན། །ཐམས་ཅད་ཀུན་བཟང་དགོངས་ཀློང་ཡངས་པ་ཡིན། །མ་བཟུང་མ་བཏང་འཇུར་བུའི་སྒྲིམ་གློད་མེད། །ཇི་བཞིན་རང་བབས་རྒྱ་ཡན་ངང་གིས་ཟིན། །མི་གཡོ་ཕྱམ་གདལ་ཡངས་དོག་མེད་པའི་ཀློང༌། །དྲན་བསམ་ཐམས་ཅད་རང་བྱུང་རང་ཞི་ན། །རྡོ་རྗེ་སེམས་དཔའ་ནམ་མཁའི་དགོངས་པ་ཡིན། །མ་བཅོས་ཀློང་དུ་མ་ཡེངས་ངང་ལྡན་ན། །དྲན་རྟོག་ཡུལ་ལ་འཇུག་པའང་ཆོས་ཉིད་ངང༌། །ཆེད་དུ་འཇུར་བུས་བཅོས་ན་ཆོས་ཉིད་ཀྱང༌། །མི་རྟོག་མཁའ་ལྟར་ཡངས་ཀྱང་མཚན་མའི་གཟེབ། །ཉིན་མཚན་སྒོམ་པས་འདའ་ཡང་འཆིང་ཞེན་ཉིད། །བསམ་གཏན་ལྷ་དང་མཚུངས་པར་རྒྱལ་བས་གསུངས། །དེ་བས་མ་ཡེངས་འབད་རྩོལ་ཞིག་པའི་སེམས། །རང་བབས་འཛིན་རྩོལ་འདས་པ་ཤིན་ཏུ་གཅེས། །རང་བྱུང་ཡེ་ཤེས་ཕྱོགས་དང་རིས་མེད་པས། །» «འདི་ཞེས་མི་མཚོན་རང་བཞིན་སྤྲོས་ཀུན་ཞི། །དེ་བས་ཡིད་ལ་བྱེད་པ་རྣམས་སྤངས་ཏེ། །གཞི་བྲལ་ཡངས་པ་ཆེན་པོའི་དོན་ལ་བསླབ། །ཆོས་ཉིད་ཉག་གཅིག་རང་བྱུང་ཡེ་ཤེས་ཏེ། །ལྟ་བ་ཉག་གཅིག་སྤྲོས་པའི་མཐའ་དང་བྲལ། །སྒོམ་པ་ཉག་གཅིག་བཏང་གཞག་འགྲོ་འོང་མེད། །སྤྱོད་པ་ཉག་གཅིག་བླང་དོར་»«བྱར་མེད་ཅིང་«༼༡༽«། །འབྲས་བུ་ཉག་གཅིག་སྤངས་ཐོབ་གཉིས་དང་བྲལ། །འདི་ནི་རང་བྱུང་ལྷུན་གྲུབ་དགོངས་པ་ཡིན། །སྣང་སྲིད་སྣོད་བཅུད་འཁོར་དང་མྱ་ངན་འདས། །» «ཆོས་སོ་ཅོག་ཀུན་ཆོས་ཉིད་གདོད་མའི་ངང༌། །རང་བྱུང་ཡེ་ཤེས་ཉིད་ལས་མ་གཡོས་པས། །གང་ཡང་གཞི་གཞག་དགོངས་པར་ཤེས་པར་བྱ། །སྣ་ཚོགས་ཡུལ་དུ་སྣང་བའི་ཆོས་ཉིད་«༼༢༽«ལ། །གང་དུ་འདི་ལྟར་འཇོག་ཅེས་མི་རྟོག་པར། །རང་བབས་སྤྲོ་བསྡུ་བྲལ་བར་ལྷུན་གྱིས་ཞོག» «།ཆོས་ཉིད་མཉམ་པའི་ཀློང་དུ་ངང་གིས་གནས། །དཀར་དམར་ཡུལ་དུ་སྣང་བའི་རྣམ་པ་ལ། །དབང་པོ་མི་བསྡུ་མིག་ཀྱང་མི་འགུལ་བས། །བདག་ལ་མི་བསམ་གཞན་ལ་མི་རྟོག་པར། །» «ཕྱམ་ཕྱལ་ཡངས་པ་ཆེན་པོར་»«ངང་གིས་«༼༣༽«ཞོག» «།རྒྱ་བསྐྱེད་དཔང་བསྟོད་སྤྲོ་བསྡུ་བྲལ་བའི་སེམས། །ཀུན་མཉམ་རང་བྱུང་ཡེ་ཤེས་དགོངས་པ་ལ། །ཕྱི་ནང་བར་མེད་ནམ་མཁའ་འདྲེས་པའི་ཉམས། །བདེ་གསལ་སྤྲོས་དང་བྲལ་བའི་ཏིང་འཛིན་འཆར། །» «གཞི་གཞག་མི་གཡོ་མཉམ་པའི་དགོངས་པ་ལ། །ཕྱི་དང་ནང་མེད་གཟུང་འཛིན་སྤྲོས་དང་བྲལ། །ཡུལ་ཞེས་གཞན་དུ་ཞེན་པའི་སེམས་མེད་པས། །གཟུང་བའི་ཆོས་མེད་སྣོད་བཅུད་སྣང་ཞེན་བྲལ། །འཁོར་བར་སྐྱེ་བའི་ཡུལ་མེད་ནམ་མཁའ་འདྲ། །རང་ཞེས་སེམས་ལ་ནང་དུ་མི་རྟོག་པས། །འཛིན་པའི་ཆོས་མེད་སྲིད་པའི་ཀུན་རྟོག་ཞི། །འཁོར་བར་སྐྱེ་བའི་མཁན་པོ་རྩད་ནས་ཆོད། །དེ་ཚེ་མཁའ་འདྲ་ཕྱི་ནང་འཁྲུལ་པའི་ཆོས། །གང་ཡང་མི་དམིགས་ཆོས་སྐུའི་དགོངས་པར་ཕྱིན། །ཟད་པའི་སར་ཐུག་འགྲོ་དང་འོང་མེད་པས། །ཐམས་ཅད་ཀློང་འབྱམས་ཀུན་ཏུ་བཟང་པོའི་ཞིང༌། །ཆོས་སྐུའི་ཕོ་བྲང་མཆོག་ཏུ་ཕྱིན་པ་ཡིན། །ད་ལྟའི་རིག་པ་གཞི་ལས་མ་གཡོས་ན། །དེ་ཉིད་གོམས་ཆས་ཕྱི་མའི་སྲིད་པ་སྟོངས། །ཡང་སྲིད་ལེན་པའི་ལས་དང་བག་ཆགས་བྲལ། །རྒྱུ་འབྲས་ལ་ཟློས་འཁོར་འདས་མཉམ་པར་» «བརྗོད། །སྲིད་ཞིར་མི་གནས་བྱང་ཆུབ་སྙིང་པོར་ཕྱིན། །» «འདིར་ཡང་ཞི་གནས་རྩེ་གཅིག་ཕྱེད་པ་གཅེས། །རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་ཡིན། །ངང་ལས་གཡོས་ན་ཡིད་དཔྱོད་འཁོར་བ་ཉིད། །དེ་ལ་རྒྱུ་འབྲས་ཉིད་དེ་ལ་མ་» «ཟློས། །ནོར་བའི་སྐྱེ་བོ་འོག་ནས་འོག་ཏུ་འགྲོ། །དེས་ན་མཆོག་གསང་རྫོགས་པ་ཆེན་པོ་ནི། །དབྱིངས་ལས་མ་གཡོས་རྩལ་རྣམས་གཞི་ལ་འཁྱོལ། །དགོངས་པ་མི་གཡོ་མཉམ་པར་གནས་པ་ཡིན། །འདི་ཡི་ངང་ལ་རྒྱུ་འབྲས་བྱ་རྩོལ་མེད། །ལྟ་བ་བསྒོམ་དུ་མེད་པ་ལ་སོགས་ཏེ། །མཐའ་དབུས་གཉིས་མེད་འགོག་པའི་ཚུལ་བརྗོད་ཀྱི། །གཞན་དུ་ངང་ལས་ཕྱིར་འཁྱམ་རྩལ་ཉིད་ལས། །རོལ་པ་སྣ་ཚོགས་སྣང་སྲིད་དགུ་འཆར་བས། །རྒྱུ་འབྲས་མེད་ཅེས་ནམ་ཡང་མ་བརྗོད་ཅིག» «།རྟེན་འབྲེལ་རྐྱེན་འབྱུང་འདུས་བྱས་གྲངས་བསམ་འདས། །འཁོར་བའི་འཁྲུལ་སྣང་ཞི་བདེའང་གྲངས་བསམ་འདས། །དེ་ཀུན་རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་ཉིད། །» «གཤིས་ལ་གཞལ་ན་གང་ཡང་མ་གྲུབ་ལྟར། །ལམ་དུ་བྱེད་པས་གཤིས་ཐོག་མི་གཡོའི་དུས། །གང་ཡང་མི་དམིགས་དགོངས་པའི་དུས་ན་རྩི། །གཤིས་ཐོག་མཐར་ཕྱིན་གང་ཡང་གོས་མི་འགྱུར། །ཉོན་མོངས་ལས་དང་བག་ཆགས་ཀློང་ཆེན་འདི། །རྟེན་མེད་སྒྱུ་མས་སྤྲུལ་པའི་རྩེད་མོ་བྱེད། །» «འདི་ལས་ཐར་དགོས་རྒྱུ་འབྲས་ལ་ཟློས་འཚལ། །དེ་ཡི་ཐབས་ནི་འདི་ལས་མཆོག་གཞན་མེད། །དེ་ཕྱིར་ཆོས་དབྱིངས་དགོངས་པ་མ་གཡོས་གཅེས།» «།འདི་ཉིད་ཁོ་བོའི་སྙིང་གཏམ་ཟབ་» «མོའི་ཀློང༌།» «།ཀུན་ཡིན་ཀུན་མིན་ཡིན་མིན་འདས་པ་གཅེས།» «།ཆོས་དབྱིངས་རིན་» «པོ་ཆེའི་མཛོད་ལས།» «དགོངས་པ་ཆོས་ཉིད་ལས་མི་གཡོ་བར་བསྟན་པའི་ལེའུ་སྟེ་བཅུ་པའོ།། » «།།

[edit]
OCR of the BDRC scans (I1CZ5001), gorn05 tibocr 2026: BDRC OCR on 236 pages, Mitra OCR on 78 pages (the model with more recognisable syllables on each page).

[p. 753] བྱང་ཆུབ་སེམས་ལ་སྨྲ་བརྗོད་ངང་གིས་མེད། །སྨྲ་བརྗོད་མེད་པ་དུས་གསུམ་རྒྱལ་བའི་གསུང་། །ཇི་ལྟར་བསམས་ཀྱང་རང་

[p. 754] གི་ངང་ལ་བསམ། །ཇི་ལྟར་རྟོག་ཀྱང་རང་གི་ངང་ལ་རྟོག །བྱང་ཆུབ་སེམས་ལ་བསམ་རྟོག་ཡེ་ནས་མེད། །བསམ་རྟོག་བྲལ་བ་དུས་གསུམ་རྒྱལ་བའི་ཐུགས། །མེད་ལ་ཅིར་ཡང་འབྱུང་བ་སྤྲུལ་པའི་སྐུ། །ཉིད་ལ་ཉིད་ ལོངས་སྤྱོད་པ་ལོངས་སྤྱོད་རྫོགས། །དེ་ལ་དངོས་གཞི་མེད་པས་ཆོས་སྐུ་སྟེ། །འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཀློང་། །བྱང་ཆུབ་སེམས་ཀྱི་ཀློང་ཆེན་ངང་ཉིད་ལས། །དྲན་པའི་རྣམ་པར་རྟོག་པ་མི་འབྱུང་སྟེ། ། ཤེས་པའི་མཚན་མ་ཡིད་ལ་མི་གཡོ་ན། །དེ་ཉིད་སངས་རྒྱས་ཉག་གཅིག་དགོངས་པ་ཡིན། །བྱང་ཆུབ་རང་བཞིན་ནམ་མཁའི་དཀྱིལ་ཡངས་འདྲ། །དྲན་དང་རྟོག་པ་མེད་པ་སྒོམ་པའི་མཆོག །རང་གི་རང་བཞིན་མ་ གཡོས་བཅོས་པ་མེད། །མི་བསམ་ཡིད་ལ་བྱེད་པ་རྣམ་པ་ལ་བ། །རང་བབས་ཆོས་ཉིད་དུས་གསུམ་འཕོ་འགྱུར་མེད། །འགྱུ་འཕྲོའི་ཀུན་རྟོག་མེད་ན་སྒོམ་པའི་མཆོག །དེ་བཞིན་ཉིད་དེ་གང་གནས་དམ་པའི་སེམས། །སངས་ རྒྱས་ཉག་གཅིག་མཚོན་པ་ཀུན་དང་བྲལ། །མི་གཡོ་ཆོས་དབྱིངས་འཛིན་རྟོག་ཕྱམ་འདས་པ། །རྒྱལ་བའི་དགོངས་ཀློང་རང་བཞིན་ཡངས་པའི་མཆོག །ལུས་སེམས་བཅོས་པའི་འཆིང་བ་རྣམས་སྤངས་ཤིང་། །གྱི་ན་ འདར་ལྷོད་ཆགས་དྲན་བསམ་ཅི་འགྱུས་ཀྱང་། །གཞི་གཞག་ཆོས་ཉིད་ངང་ལས་མི་གཡོ་ན། །ཐམས་ཅད་ཀུན་བཟང་དགོངས་ཀློང་ཡངས་པ་ཡིན། །མ་བཟུང་མ་བཏང་འཇུར་བུའི་སྒྲིམས་གློད་མེད། །ཇི་བཞིན་ངང་

[p. 755] ༄༅། །བབས་རྒྱ་ཡན་ངང་གིས་ཟིན། །མི་གཡོ་ཕྱམ་གདལ་ཡངས་དོག་མེད་པའི་ཀློང་། །དྲན་བསམ་ཐམས་ཅད་རང་བྱུང་རང་ཞི་ན། །རྡོ་རྗེ་སེམས་དཔའ་ནམ་མཁའི་དགོངས་པ་ཡིན། །མ་ བཅོས་ཀློང་དུ་མ་ཡེངས་ངང་ལྡན་ན། །དྲན་རྟོག་ཡུལ་ལ་འཇུག་པའང་ཆོས་ཉིད་ངང་། །ཕྱེད་དུ་འཇུར་བུས་བཅོས་ན་ཆོས་ཉིད་ཀྱང་། །མི་རྟོག་མཁའ་ལྟར་ཡངས་ཀྱང་མཚན་མའི་གཟབ། །ཉིན་མཚན་སྒོམ་ པས་འདའ་ཡང་འཆིང་ཞེན་ཉིད། །བསམ་གཏན་ལྷ་དང་མཚུངས་པར་རྒྱལ་བས་གསུངས། །དེ་བས་མ་ཡེངས་འབད་རྩོལ་ཞིག་པའི་སེམས་ཀ་རང་བབས་འཛིན་རྩོལ་འདས་པ་ཤིན་ཏུ་གཅེས། །རང་བྱུང་ཡེ་ཤེས་ ཕྱོགས་དང་རིས་མེད་པས། །འདི་ཞེས་མི་མཚོན་རང་བཞིན་སྤྲོས་ཀུན་ཞི། །དེ་བས་ཡིད་ལ་བྱེད་པ་རྣམས་སྤངས་ཏེ། །གཞི་བྲལ་ཡངས་པ་ཆེན་པོའི་དོན་ལ་བསླབ། །ཆོས་ཉིད་ཉག་གཅིག་རང་བྱུང་ཡེ་ཤེས་ཏེ། །ལྟ་བ་ ཉག་གཅིག་སྤྲོས་པའི་མཐའ་དང་བྲལ། །སྒོམ་པ་ཉག་གཅིག་བཏང་གཞག་འགྲོ་འོང་མེད། །སྤྱོད་པ་ཉག་གཅིག་བླང་དོར་བྱར་མེད་ཅིང་། །འབྲས་བུ་ཉག་གཅིག་སྤངས་ཐོབ་གཉིས་དང་བྲལ། །འདི་ནི་རང་བྱུང་ལྷུན་ གྲུབ་དགོངས་པ་ཡིན། །རྩད་སྲིད་སྣོད་བཅུད་འཁོར་དང་མྱ་ངན་འདས། །ཆོས་སོ་ཅོག་ཀུན་ཆོས་ཉིད་གདོད་མའི་ངང་། །རང་བྱུང་ཡེ་ཤེས་ཉིད་ལས་མ་གཡོས་པས། །གང་ཡང་གཞི་གཞག་དགོངས་པར་ཤེས་

[p. 756] པར་བྱ། །སྣ་ཚོགས་ཡུལ་དུ་སྣང་བའི་ཆོས་ཉིད་ལ། །གང་དུ་འདི་ལྟར་འཇོག་ཅེས་མི་རྟོག་པར། །རང་བབས་སྤྲོ་བསྡུ་བྲལ་བར་ལྷུན་གྱིས་ཞོག །ཆོས་ཉིད་མཉམ་པའི་ཀློང་དུ་ངང་གིས་གནས། །དཀར་དམར་ཡུལ་ དུ་སྣང་བའི་རྣམ་པ་ལ། །དབང་པོ་མི་བསྡུ་མིག་ཀྱང་མི་འགུལ་བས། །བདག་ལ་མི་བསམ་གཞན་ལ་མི་རྟོག་པར། །ཕྱམ་ཕྱལ་ཡངས་པ་ཆེན་པོར་ངང་གིས་ཞོག །རྒྱ་བསྐྱེད་དཔངས་བསྟོད་སྤྲོ་བསྡུ་བྲལ་བའི་སེམས་ ཀུན་མཉམ་རང་བྱུང་ཡེ་ཤེས་དགོངས་པ་ལ། །ཕྱི་ནང་བར་མེད་ནམ་མཁའ་འདྲེས་པའི་ཉམས། །བདེ་གསལ་སྤྲོས་དང་བྲལ་བའི་ཏིང་འཛིན་འཆར། །གཞི་གཞག་མི་གཡོ་མཉམ་པའི་དགོངས་པ་ལ། །ཕྱི་དང་ ནང་མེད་གཟུང་འཛིན་སྤྲོས་དང་བྲལ། །ཡུལ་ཞེས་གཞན་དུ་ཞེན་པའི་སེམས་མེད་པས། །གཟུང་པའི་ཆོས་མེད་སྣོད་བཅུད་སྣང་ཞེན་བྲལ། །འཁོར་བར་སྐྱེ་བའི་ཡུལ་མེད་ནམ་མཁའ་འདྲ། །རང་ཞེས་སེམས་ ལ་ནང་དུ་མི་རྟོག་པས། །འཛིན་པའི་ཆོས་མེད་སྲིད་པའི་ཀུན་རྟོག་ཞི། །འཁོར་བར་སྐྱེ་བའི་མཁན་པོ་རྩད་ནས་ཆོད། །དེ་ཚེ་མཁའ་འདྲ་ཕྱི་ནང་འཁྲུལ་པའི་ཆོས། །གང་ཡང་མི་དམིགས་ཆོས་སྐུའི་དགོངས་པར་ཕྱིན། ། ཟད་པའི་སར་ཐུག་འགྲོ་དང་འོང་མེད་པས། །ཐམས་ཅད་ཀློང་འབྱམས་ཀུན་དུ་བཟང་པོའི་ཞིང་། །ཆོས་སྐུའི་ཕོ་བྲང་མཆོག་ཏུ་ཕྱིན་པ་ཡིན། །ད་ལྟའི་རིག་པ་གཞི་ལས་མ་གཡོས་ན། །དེ་ཉིད་གོམས་ཆས་ཕྱི་མའི་

[p. 757] ༄༅། །སྲིད་པ་སྟོངས། །ཡང་སྲིད་ལེན་པའི་ལས་དང་བག་ཆགས་བྲལ། །རྒྱུ་འབྲས་ལ་ཟློས་འཁོར་འདས་མཉམ་པར་བརྗོད། །སྲིད་ཞིར་མི་གནས་བྱང་ཆུབ་སྙིང་པོར་ཕྱིན། །འདིར་ཡང་ ཞི་གནས་རྩེ་གཅིག་ཕྱེད་པ་གཅེས། །རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་ཡིན། །ངང་ལས་གཡོས་ན་ཡིད་དཔྱོད་འཁོར་བ་ཉིད། །དེ་ལ་རྒྱུ་འབྲས་ཉིད་དེ་ལ་མ་ཟློས། །ནོར་བའི་སྐྱེ་བོ་འོག་ནས་འོག་ ཏུ་འགྲོ་།དེས་ན་མཆོག་གསང་རྫོགས་པ་ཆེན་པོ་ནི། །དབྱིངས་ལས་མ་གཡོས་རྩལ་རྣམས་གཞི་ལ་འཁྱོལ། །དགོངས་པ་མི་གཡོ་མཉམ་པར་གནས་པ་ཡིན། །འདི་ཡི་ངང་ལ་རྒྱུ་འབྲས་བྱ་རྩོལ་མེད། །ལྟ་བ་ བསྒོམ་དུ་མེད་པ་ལ་སོགས་ཏེ། །མཐའ་དབུས་གཉིས་མེད་འགོག་པའི་ཚུལ་བརྗོད་ཀྱི། །གཞན་དུ་ངང་ལས་ཕྱིར་འཁྱལ་རྩལ་ཉིད་ལས། །རོལ་པ་སྣ་ཚོགས་སྣང་སྲིད་དགུ་འཆར་བས། །རྒྱུ་འབྲས་མེད་ཅེས་ནམ་ ཡང་མ་བརྗོད་ཅིག །རྟེན་འབྲེལ་རྐྱེན་འབྱུང་འདུས་བྱས་གྲངས་བསམ་འདས། །འཁོར་བའི་འཁྲུལ་སྣང་ཞི་བདེའང་གྲངས་བསམ་འདས། །དེ་ཀུན་རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་ཉིད། །གཤིས་ལ་གཞལ་ ན་གང་ཡང་མ་གྲུབ་ལྟར། །ལམ་དུ་བྱེད་པས་གཤིས་ཐོག་མི་གཡོའི་དུས། །གང་ཡང་མི་དམིགས་དགོངས་པའི་དུས་ན་རྩི། །གཤིས་ཐོག་མཐར་ཕྱིན་གང་ཡང་གོས་མི་འགྱུར། །ཉོན་མོངས་ལས་དང་

[p. 758] བག་ཆགས་ཀློང་ཆེན་འདི། །རྟེན་མེད་སྒྱུ་མས་སྤྲུལ་པའི་རྩེད་མོ་བྱེད། །འདི་ལས་ཐར་དགོས་རྒྱུ་འབྲས་ལ་ཟློས་འཚལ། །དེ་ཡི་ཐབས་ནི་འདི་ལས་མཆོག་གཞན་མེད། །དེ་ཕྱིར་ཆོས་དབྱིངས་དགོངས་པ་མ་གཡོས་ གཅེས། །འདི་ཉིད་ཁོ་བོའི་སྙིང་གཏམ་ཟབ་མོའི་ཀློང་། །ཀུན་ཡིན་ཀུན་མིན་ཡིན་མིན་འདས་པ་གཅེས། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། །དགོངས་པ་ཆོས་ཉིད་ལས་མི་གཡོ་བར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།

[edit]
OCR of the BDRC scans (I2PD20601, I2PD20602), gorn05 tibocr 2026: BDRC OCR on 244 pages, Mitra OCR on 127 pages (the model with more recognisable syllables on each page).

[p. 683] བྱང་ཆུབ་སེམས་ལ་སྨྲ་བརྗོད་ངང་གིས་མེད། །སྨྲ་བརྗོད་མེད་པ་དུས་གསུམ་རྒྱལ་བའི་གསུང་། །ཇི་ལྟར་བསམས་ཀྱང་རང་གི་ངང་ལ་བསམ། །ཇི་ལྟར་རྟོག་ཀྱང་རང་གི་ངང་ལ་རྟོག །བྱང་ཆུབ་སེམས་ལ་བསམ་རྟོག་ཡེ་ནས་མེད། །བསམ་རྟོག་བྲལ་བ་དུས་གསུམ་རྒྱལ་བའི་ཐུགས། །མེད་ལ་ཅིར་ཡང་འབྱུང་བ་སྤྲུལ་པའི་སྐུ། །ཉིད་ལ་ཉིད་ལོངས་སྤྱོད་པ་ལོངས་སྤྱོད་རྫོགས། །དེ་ལ་དངོས་གཞི་མེད་པས་ཆོས་སྐུ་སྟེ། །འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཀློང་། །བྱང་ཆུབ་སེམས་ཀྱི་ཀློང་ཆེན་ངང་ཉིད་ལས། །དྲན་པའི་རྣམ་པར་རྟོག་པ་མི་འབྱུང་སྟེ། །ཤེས་པའི་མཚན་མ་ཡིད་ལ་མི་གཡོ་ན། །དེ་ཉིད་སངས་རྒྱས་ཉག་གཅིག་དགོངས་པ་ཡིན། །བྱང་ཆུབ་རང་བཞིན་ནམ་མཁའི་དཀྱིལ་ཡངས་འདྲ། །དྲན་དང་རྟོག་པ་མེད་པ་སྒོམ་པའི་མཆོག །རང་གི་རང་བཞིན་མ་གཡོས་བཅོས་པ་མེད། །མི་བསམ་ཡིད་ལ་བྱེད་པ་རྣམ་བྲལ་བ། །རང་བབས་ཆོས་ཉིད་དུས་གསུམ་འཕོ་འགྱུར་མེད། །འགྱུ་འཕྲོའི་ཀུན་རྟོག་མེད་པ་སྒོམ་པའི་མཆོག དེ་བཞིན་ཉིད་དེ་གང་གནས་དམ་པའི་སེམས། །སངས་རྒྱས་ཉག་གཅིག་མཚོན་པ་ཀུན་དང་བྲལ། །མི་གཡོ་ཆོས་དབྱིངས་འཛིན་རྟོག་ཕྱམ་འདས་པ། །རྒྱལ་བའི་དགོངས་ཀློང་རང་བཞིན་ཡངས་པའི་མཆོག །ལུས་སེམས་བཅོས་པའི་འཆིང་བ་རྣམས་སྤངས་ཤིང་། །གྱིན་འདར་ལྷོད་ཆགས་དྲན་བསམ་ཅི་འགྱུས་ཀྱང་། །

[p. 684] གཞི་གཞག་ཆོས་ཉིད་ངང་ལས་མི་གཡོན། །ཐམས་ཅད་ཀུན་བཟང་དགོངས་ཀློང་ཡངས་པ་ཡིན། །མ་བཟུང་མ་བཏང་འཇུར་བུའི་སྒྲིམས་གློད་མེད། །ཇི་བཞིན་ངང་བབས་རྒྱ་ཡན་ངང་གིས་ཟིན། །མི་གཡོ་ཕྱམ་གདལ་ཡངས་དོག་མེད་པའི་ཀློང་། །དྲན་བསམ་ཐམས་ཅད་རང་བྱུང་རང་ཞི་ན། །རྡོ་རྗེ་སེམས་དཔའ་ནམ་མཁའི་དགོངས་པ་ཡིན། །མ་བཅོས་ཀློང་དུ་མ་ཡེངས་ངང་ལྡན་ན། །དྲན་རྟོག་ཡུལ་ལ་འཇུག་པའང་ཆོས་ཉིད་ངང་། །བྱེད་དུ་འཇུར་བུས་བཅོས་ན་ཆོས་ཉིད་ཀྱང་། །མི་རྟོག་མཁའ་ལྟར་ཡངས་ཀྱང་མཚན་མའི་གཟེབ། །ཉིན་མཚན་སྒོམ་པས་འདའ་ཡང་འཆིང་ཞེན་ཉིད། །བསམ་གཏན་ལྷ་དང་མཚུངས་པར་རྒྱལ་བས་གསུངས། །དེ་བསམ་ཡེངས་འབད་རྩོལ་ཞིག་པའི་སེམས། །རང་བབས་འཛིན་རྩོལ་འདས་པ་ཤིན་ཏུ་གཅེས། །རང་བྱུང་ཡེ་ཤེས་ཕྱོགས་དང་རིས་མེད་པས། །འདི་ཞེས་མི་མཚོན་རང་བཞིན་སྤྲོས་ཀུན་ཞི། །དེ་བས་ཡིད་ལ་བྱེད་པ་རྣམས་སྤངས་ཏེ། །གཞི་བྲལ་ཡངས་པ་ཆེན་པོའི་དོན་ལ་བསླབ། །ཆོས་ཉིད་ཉག་གཅིག་རང་བྱུང་ཡེ་ཤེས་ཏེ། །ལྟ་བ་ཉག་གཅིག་སྤྲོས་པའི་མཐའ་དང་བྲལ། །སྒོམ་པ་ཉག་གཅིག་བཏང་གཞག་འགྲོ་འོང་མེད། །སྤྱོད་པ་ཉག་གཅིག་བླང་དོར་བྱར་མེད་ཅིང་། །འབྲས་བུ་ཉག་གཅིག་སྤངས་ཐོབ་གཉིས་དང་བྲལ། །འདི་ནི་རང་བྱུང་ལྷུན་གྲུབ་དགོངས་པ་ཡིན། །སྣང་སྲིད་སྣོད་བཅུད་འཁོར་དང་མྱ་ངན་འདས། །ཆོས་སོ་ཅོག་ཀུན་ཆོས་ཉིད་གདོད་མའི་ངང་། །རང་བྱུང་ཡེ་ཤེས་ཉིད་ལས་མ་གཡོས་པས། །གང་ཡང་གཞི་གཞག་དགོངས་པར་ཤེས་པར་བྱ། །སྣ་ཚོགས་ཡུལ་དུ་སྣང་བའི་ཆོས་ཉིད་ལ། །གང་དུ་འདི་ལྟར་འཇོག་ཅེས་མི་རྟོག་པར། །རང་བབས་སྤྲོ་བསྡུ་བྲལ་བར་ལྷུན་གྲུབ་ཞོག །ཆོས་ཉིད་མཉམ་པའི་ཀློང་དུ་ངང་གིས་གནས། །དཀར་དམར་ཡུལ་དུ་སྣང་བའི་རྣམ་པ་ལ། །དབང་པོ་མི་བསྡུ་མིག་ཀྱང་མི་འགུལ་བས། །བདག་ལ་མི་བསམ་གཞན་ལ་མི་རྟོག་པར། །ཕྱམ་ཕྱལ་ཡངས་པ་ཆེན་པོར་ངང་གིས་

[p. 685] ༄༅། །ཞོག །རྒྱབ་སྐྱེད་དཔངས་བསྟོད་སྤྲོ་བསྡུ་བྲལ་བའི་སེམས། །ཀུན་མཉམ་རང་བྱུང་ཡེ་ཤེས་དགོངས་པ་ལ། །ཕྱི་ནང་བར་མེད་ནམ་མཁའ་འདྲེས་པའི་ཉམས། །བདེ་གསལ་སྤྲོས་དང་བྲལ་བའི་ཏིང་འཛིན་འཆར། །གཞི་གཞག་མི་ གཡོ་མཉམ་པའི་དགོངས་པ་ལ། །ཕྱི་དང་ནང་མེད་གཟུང་འཛིན་སྤྲོས་དང་བྲལ། །ཡུལ་ཞེས་གཞན་དུ་ཞེན་པའི་སེམས་མེད་པས། །གཟུང་བའི་ཆོས་མེད་སྣོད་བཅུད་སྣང་ཞེན་པ་ལ། །འཁོར་བར་སྐྱེ་བའི་ཡུལ་མེད་ནམ་མཁའ་འདྲ། །རང་ཞེས་སེམས་ ལ་ནང་དུ་མི་རྟོག་པས། །འཛིན་པའི་ཆོས་མེད་སྲིད་པའི་ཀུན་རྟོག་ཞི། །འཁོར་བར་སྐྱེ་བའི་མཁན་པོ་རྩད་ནས་ཆོད། །དེ་ཚེ་མཁའ་འདྲ་ཕྱི་ནང་འཁྲུལ་པའི་ཆོས། །གང་ཡང་མི་དམིགས་ཆོས་སྐུའི་དགོངས་པར་ཕྱིན། །ཟད་པའི་སར་ཐུག་འགྲོ་དང་འོང་ མེད་པས། །ཐམས་ཅད་ཀློང་འབྱམས་ཀུན་དུ་བཟང་པོའི་ཞིང་། །ཆོས་སྐུའི་ཕོ་བྲང་མཆོག་ཏུ་ཕྱིན་པ་ཡིན། །ད་ལྟའི་རིག་པ་གཞི་ལས་མ་གཡོས་ན། །དེ་ཉིད་གོམས་ཆས་ཕྱི་མའི་སྲིད་པ་སྟེངས། །ཡང་སྲིད་ལེན་པའི་ལས་དང་བག་ཆགས་བྲལ། ། རྒྱུ་འབྲས་ལ་ཟློས་འཁོར་འདས་མཉམ་པར་བརྗོད། །སྲིད་ཞིར་མི་གནས་བྱང་ཆུབ་སྙིང་པོར་ཕྱིན། །འདིར་ཡང་ཞི་གནས་རྩེ་གཅིག་ཕྱེད་པ་གཅེས། །རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་ཡིན། །ངང་ལས་གཡོས་ན་ཡིད་དཔྱོད་འཁོར་བ་ཉིད། །དེ་ལ་ རྒྱུ་འབྲས་ཉིད་དེ་ལ་མ་ཟློས། །ནོར་པའི་སྐྱེ་བོ་འོག་ནས་འོག་ཏུ་འགྲོ། །དེས་ན་མཆོག་གསང་རྫོགས་པ་ཆེན་པོ་ནི། །དབྱིངས་ལས་མ་གཡོས་རྩལ་རྣམས་གཞི་ལ་འཁྱོལ། །དགོངས་པ་མི་གཡོ་མཉམ་པར་གནས་པ་ཡིན། །འདི་ཡི་ངང་ལ་རྒྱུ་འབྲས་བྱ་ རྩོལ་མེད། །ལྟ་བ་བསྒོམ་དུ་མེད་པ་ལ་སོགས་ཏེ། །མཐའ་དབུས་གཉིས་མེད་འགོག་པའི་ཚུལ་བརྗོད་ཀྱི། །གཞན་དུ་ངང་ལས་ཕྱིར་འཁྱལ་རྩལ་ཉིད་ལས། །རོལ་པ་སྣ་ཚོགས་སྣང་སྲིད་དགུ་འཆར་བས། །རྒྱུ་འབྲས་མེད་ཅེས་ནམ་ཡང་མ་བརྗོད་ཅིག །

[p. 686] རྟེན་འབྲེལ་རྐྱེན་འབྱུང་འདུས་བྱས་གྲངས་བསམ་འདས། །འཁོར་བའི་འཁྲུལ་སྣང་ཞི་བདེའང་གྲངས་བསམ་འདས། །དེ་ཀུན་རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་ཉིད། །གཤིས་ལ་གཞལ་ན་གང་ཡང་མ་གྲུབ་ལྟར། །ལམ་དུ་བྱེད་པས་གཤིས་ཐོག་མི་གཡོའི་དུས། །གང་ཡང་མི་དམིགས་དགོངས་པའི་དུས་ན་རྩི། །གཤིས་ཐོག་མཐར་ཕྱིན་གང་ཡང་གོས་མི་འགྱུར། །ཉོན་མོངས་ལས་དང་བག་ཆགས་ཀློང་ཆེན་འདི། །རྟེན་མེད་སྒྱུ་མས་སྤྲུལ་པའི་རྩེད་མོ་བྱེད། །འདི་ལས་ཐར་དགོས་རྒྱུ་འབྲས་ལ་ཟློས་འཚལ། །དེ་ཡི་ཐབས་ནི་འདི་ལས་མཆོག་གཞན་མེད། །དེ་ཕྱིར་ཆོས་དབྱིངས་དགོངས་པ་མ་གཡོས་གཅེས། །འདི་ཉིད་ཁོ་བོའི་སྙིང་གཏམ་ཟབ་མོའི་ཀློང་། །ཀུན་ཡིན་ཀུན་མིན་ཡིན་མིན་འདས་པ་གཅེས། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། དགོངས་པ་ཆོས་ཉིད་ལས་མི་གཡོ་བར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།

[edit]
OCR of the BDRC scans (I3CN4267), gorn05 tibocr 2026: BDRC OCR on 226 pages, Mitra OCR on 175 pages (the model with more recognisable syllables on each page).

[p. 45] སེམས་ལ་སྨྲ་བརྗོད་ངང་གིས་མེད། །སྨྲ་བརྗོད་མེད་པ་དུས་གསུམ་རྒྱལ་བའི་གསུང་། ། ཇི་ལྟར་བསམས་ཀྱང་རང་གི་ངང་ལ་བསམ། །ཇི་ལྟར་རྟོག་ཀྱང་རང་གི་ངང་ལ་རྟོག ། བྱང་ཆུབ་སེམས་ལ་བསམ་རྟོག་ཡེ་ནས་མེད། །བསམ་རྟོག་བྲལ་བ་དུས་གསུམ་ རྒྱལ་བའི་ཐུགས། །མེད་ལ་ཅིར་ཡང་འབྱུང་བ་སྤྲུལ་པའི་སྐུ། །ཉིད་ལ་ཉིད་ལོངས་ སྤྱོད་པ་ལོངས་སྤྱོད་རྫོགས། །དེ་ལ་དངོས་གཞི་མེད་པས་ཆོས་སྐུ་སྟེ། །འབྲས་བུ་སྐུ་ གསུམ་ལྷུན་གྱིས་གྲུབ་པའི་ཀློང་། །བྱང་ཆུབ་སེམས་ཀྱི་ཀློང་ཆེན་ངང་ཉིད་ལས། ། དྲན་པའི་རྣམ་པར་རྟོག་པ་མི་འབྱུང་སྟེ། །ཤེས་པའི་མཚན་མ་ཡིད་ལ་མི་གཡོ་ན། ། དེ་ཉིད་སངས་རྒྱས་ཉག་གཅིག་དགོངས་པ་ཡིན། །བྱང་ཆུབ་རང་བཞིན་ནམ་མཁའི་ དཀྱིལ་ཡངས་འདྲ། །དྲན་དང་རྟོག་པ་མེད་པ་སྒོམ་པའི་མཆོག རང་གི་རང་བཞིན་ མ་གཡོས་བཅོས་པ་མེད། །མི་བསམ་ཡིད་ལ་བྱེད་པ་རྣམ་བྲལ་བ། །རང་བབས་ ཆོས་ཉིད་དུས་གསུམ་འཕོ་འགྱུར་མེད། །འགྱུ་འཕྲོའི་ཀུན་རྟོག་མེད་ན་྾སྒོམ་པའི་ མཆོག །དེ་བཞིན་ཉིད་དེར་གང་གནས་དམ་པའི་སེམས། །སངས་རྒྱས་ཉག་གཅིག་ མཚོན་པ་ཀུན་དང་བྲལ། །མི་གཡོ་ཆོས་དབྱིངས་འཛིན་རྟོག་ཕྱམ་འདས་པ། །རྒྱལ་ བའི་དགོངས་ཀློང་རང་བཞིན་ཡངས་པའི་མཆོག །ལུས་སེམས་བཅོས་པའི་འཆིང་ བ་རྣམས་སྤངས་ཤིང་། །གྱིན་འདའ་ལྷོད་ཆགས་དྲན་བསམ་ཅི་འགྱུས་ཀྱང་། །གཞི་ གཞག་ཆོས་ཉིད་ངང་ལས་མི་གཡོ་ན། །ཐམས་ཅད་ཀུན་བཟང་དགོངས་ཀློང་ ཡངས་པ་ཡིན། །མ་བཟུང་མ་བཏང་འཇུར་བུའི་སྒྲིམ་གློད་མེད། །ཇི་བཞིན་རང་ བབས་རྒྱ་ཡན་ངང་གིས་ཟིན། །མི་གཡོ་ཕྱམ་གདལ་ཡངས་དོག་མེད་པའི་ཀློང་། །

[p. 46] ཆོས་དབྱིངས་རིན་པོ་ཆེའི་མཛོད། དྲན་བསམ་ཐམས་ཅད་རང་བྱུང་རང་ཞི་ན། །རྡོ་རྗེ་སེམས་དཔའ་ནམ་མཁའི་ དགོངས་པ་ཡིན། །མ་བཅོས་ཀློང་དུ་མ་ཡེངས་ངང་ལྡན་ན། །དྲན་རྟོག་ཡུལ་ལ་ འཇུག་པའང་ཆོས་ཉིད་ངང་། །ཆེད་དུ་འཇུར་བུས་བཅོས་ན་ཆོས་ཉིད་ཀྱང་། །མི་ རྟོག་མཁའ་ལྟར་ཡངས་ཀྱང་མཚན་མའི་གཟེབ། །ཉིན་མཚན་སྒོམ་པས་འདའ་ཡང་ འཆིང་ཞེན་ཉིད། །བསམ་གཏན་ལྷ་དང་མཚུངས་པར་རྒྱལ་བས་གསུངས། །དེ་བས་ མ་ཡེངས་འབད་རྩོལ་ཞིག་པའི་སེམས། །རང་བབས་འཛིན་རྩོལ་འདས་པ་ཤིན་ཏུ་ གཅེས། །རང་བྱུང་ཡེ་ཤེས་ཕྱོགས་དང་རིས་མེད་པས། །འདི་ཞེས་མི་མཚོན་རང་ བཞིན་སྤྲོས་ཀུན་ཞི། །དེ་བས་ཡིད་ལ་བྱེད་པ་རྣམས་སྤངས་ཏེ། །གཞི་བྲལ་ཡངས་ པ་ཆེན་པོའི་དོན་ལ་བསླབ། །ཆོས་ཉིད་ཉག་གཅིག་རང་བྱུང་ཡེ་ཤེས་ཏེ། །ལྟ་བ་ ཉག་གཅིག་སྤྲོས་པའི་མཐའ་དང་བྲལ། །སྒོམ་པ་ཉག་གཅིག་བཏང་གཞག་འགྲོ་ འོང་མེད། །སྤྱོད་པ་ཉག་གཅིག་བླང་དོར་བྱར་མེད་ཅིང་། །འབྲས་བུ་ཉག་ གཅིག་སྤངས་ཐོབ་གཉིས་དང་བྲལ། །འདི་ནི་རང་བྱུང་ལྷུན་གྲུབ་དགོངས་པ་ ཡིན། །སྣང་སྲིད་སྣོད་བཅུད་འཁོར་དང་མྱ་ངན་འདས། །ཆོས་སོ་ཅོག་ཀུན་ཆོས་ ཉིད་གདོད་མའི་ངང་། །རང་བྱུང་ཡེ་ཤེས་ཉིད་ལས་མ་གཡོས་པས། །གང་ཡང་གཞི་ གཞག་དགོངས་པར་ཤེས་པར་བྱ། །སྣ་ཚོགས་ཡུལ་དུ་སྣང་བའི་ཆོས་ཉིད་༄༅། ། གང་དུ་འདི་ལྟར་འཇོག་ཅེས་མི་རྟོག་པར། །རང་བབས་སྤྲོ་བསྡུ་བྲལ་བར་ལྷུན་གྱིས་ ཞོག །ཆོས་ཉིད་མཉམ་པའི་ཀློང་དུ་ངང་གིས་གནས། །དཀར་དམར་ཡུལ་དུ་སྣང་ བའི་རྣམ་པ་ལ། །དབང་པོ་མི་བསྡུ་མིག་ཀྱང་མི་འགུལ་བས། །བདག་ལ་མི་བསམ་ གཞན་ལ་མི་རྟོག་པར། །ཕྱམ་ཕྱལ་ཡངས་པ་ཆེན་པོར་ངང་གིས་༤ཞོག །རྒྱ་ བསྐྱེད་དཔང་བསྟོད་སྤྲོ་བསྡུ་བྲལ་བའི་སེམས། །ཀུན་མཉམ་རང་བྱུང་ཡེ་ཤེས་

[p. 47] །ཆོས་དབྱིངས་མཛོད་ཀྱི་རྩ་བ། དགོངས་པ་ལ། །ཕྱི་ནང་བར་མེད་ནམ་མཁའ་འདྲེས་པའི་ཉམས། །བདེ་གསལ་ སྤྲོས་དང་བྲལ་བའི་ཏིང་འཛིན་འཆར། །གཞི་གཞག་མི་གཡོ་མཉམ་པའི་དགོངས་ པ་ལ། །ཕྱི་དང་ནང་མེད་གཟུང་འཛིན་སྤྲོས་དང་བྲལ། །ཡུལ་ཞེས་གཞན་དུ་ཞེན་ པའི་སེམས་མེད་པས། །གཟུང་བའི་ཆོས་མེད་སྣོད་བཅུད་སྣང་ཞེན་བྲལ། ། འཁོར་བར་སྐྱེ་བའི་ཡུལ་མེད་ནམ་མཁའ་འདྲ། །རང་ཞེས་སེམས་ལ་ནང་དུ་མི་ རྟོག་པས། །འཛིན་པའི་ཆོས་མེད་སྲིད་པའི་ཀུན་རྟོག་ཞི། །འཁོར་བར་སྐྱེ་བའི་ མཁན་པོ་རྩད་ནས་ཆོད། །དེ་ཚེ་མཁའ་འདྲ་ཕྱི་ནང་འཁྲུལ་པའི་ཆོས། །གང་ཡང་ མི་དམིགས་ཆོས་སྐུའི་དགོངས་པར་ཕྱིན། །ཟད་པའི་སར་ཐུག་འགྲོ་དང་འོང་མེད་ པས། །ཐམས་ཅད་ཀློང་འབྱམས་ཀུན་ཏུ་བཟང་པོའི་ཞིང་། །ཆོས་སྐུའི་ཕོ་བྲང་ མཆོག་ཏུ་ཕྱིན་པ་ཡིན། །ད་ལྟའི་རིག་པ་གཞི་ལས་མ་གཡོས་ན། །དེ་ཉིད་གོམས་ ཆས་ཕྱི་མའི་སྲིད་པ་སྟོངས། །ཡང་སྲིད་ལེན་པའི་ལས་དང་བག་ཆགས་བྲལ། །རྒྱུ་ འབྲས་ལ་ཟློས་འཁོར་འདས་མཉམ་པར་བརྗོད། །སྲིད་ཞིར་མི་གནས་བྱང་ཆུབ་ སྙིང་པོར་ཕྱིན། །འདིར་ཡང་ཞི་གནས་རྩེ་གཅིག་ཕྱེད་པ་གཅེས། །རང་བཞིན་རྫོགས་ པ་ཆེན་པོའི་དགོངས་པ་ཡིན། །ངང་ལས་གཡོས་ན་ཡིད་དཔྱོད་འཁོར་བ་ཉིད། ། དེ་ལ་རྒྱུ་འབྲས་ཉིད་དེ་ལ་མ་ཟློས། །ནོར་བའི་སྐྱེ་བོ་འོག་ནས་འོག་ཏུ་འགྲོ། ། དེས་ན་མཆོག་གསང་རྫོགས་པ་ཆེན་པོ་ནི། །དབྱིངས་ལས་མ་གཡོས་རྩལ་རྣམས་ གཞི་ལ་འཁྱོལ། །དགོངས་པ་མི་གཡོ་མཉམ་པར་གནས་པ་ཡིན། །འདི་ཡི་ངང་ལ་ རྒྱུ་འབྲས་བྱ་རྩོལ་མེད། །ལྟ་བ་བསྒོམ་དུ་མེད་པ་ལ་སོགས་ཏེ། །མཐའ་དབུས་ གཉིས་མེད་འགོག་པའི་ཚུལ་བརྗོད་ཀྱི། །གཞན་དུ་ངང་ལས་ཕྱིར་འཁྱམ་རྩལ་ཉིད་ ལས། །རོལ་པ་སྣ་ཚོགས་སྣང་སྲིད་དགུ་འཆར་བས། །རྒྱུ་འབྲས་མེད་ཅེས་ནམ་

[p. 48] ཆོས་དབྱིངས་རིན་པོ་ཆེའི་མཛོད། ཡང་མ་བརྗོད་ཅིག །རྟེན་འབྲེལ་རྐྱེན་འབྱུང་འདུས་བྱས་གྲངས་བསམ་འདས། ། འཁོར་བའི་འཁྲུལ་སྣང་ཞི་བདེའང་གྲངས་བསམ་འདས། །དེ་ཀུན་རྒྱུ་རྐྱེན་ཚོགས་ པའི་རྟེན་འབྲེལ་ཉིད། །གཤིས་ལ་གཞལ་ན་གང་ཡང་མ་གྲུབ་ལྟར། །ལམ་དུ་བྱེད་ པས་གཤིས་ཐོག་མི་གཡོའི་དུས། །གང་ཡང་མི་དམིགས་དགོངས་པའི་དུས་ན་རྩི། ། གཤིས་ཐོག་མཐར་ཕྱིན་གང་ཡང་གོས་མི་འགྱུར། །ཉོན་མོངས་ལས་དང་བག་ ཆགས་ཀློང་ཆེན་འདི། །རྟེན་མེད་སྒྱུ་མས་སྤྲུལ་པའི་རྩེད་མོ་བྱེད། །འདི་ལས་ཐར་ དགོས་རྒྱུ་འབྲས་ལ་ཟློས་འཚལ། །དེ་ཡི་ཐབས་ནི་འདི་ལས་མཆོག་གཞན་ མེད། །དེ་ཕྱིར་ཆོས་དབྱིངས་དགོངས་པ་མ་གཡོས་གཅེས། །འདི་ཉིད་ཁོ་བོའི་སྙིང་ གཏམ་ཟབ་མོའི་ཀློང་། །ཀུན་ཡིན་ཀུན་མིན་ཡིན་མིན་འདས་པ་གཅེས། །ཆོས་ དབྱིངས་རིན་པོ་ཆེའི་མཛོད་ལས། དགོངས་པ་ཆོས་ཉིད་ལས་མི་གཡོ་བར་བསྟན་ པའི་ལེའུ་སྟེ་བཅུ་པའོ།། །།

[edit]
OCR of the BDRC scans (I3CN14273), gorn05 tibocr 2026: BDRC OCR on 317 pages, Mitra OCR on 187 pages (the model with more recognisable syllables on each page).

[p. 33] བྱང་ཆུབ་སེམས་ལ་སྨྲ་བརྗོད་ངང་གིས་མེད། །སྨྲ་བརྗོད་མེད་པ་དུས་གསུམ་རྒྱལ་བའི་གསུང་། །ཇི་ལྟར་བསམས་ཀྱང་རང་

[p. 34] གི་ངང་ལ་བསམ། །ཇི་ལྟར་རྟོག་ཀྱང་རང་གི་ངང་ལ་རྟོག །བྱང་ཆུབ་སེམས་ལ་བསམ་རྟོག་ཡེ་ནས་མེད། །བསམ་རྟོག་བྲལ་བ་དུས་གསུམ་རྒྱལ་བའི་ཐུགས། །མེད་ལ་ཅིར་ཡང་འབྱུང་བ་སྤྲུལ་པའི་སྐུ། །ཉིད་ལ་ཉིད་ ལོངས་སྤྱོད་པ་ལོངས་སྤྱོད་རྫོགས། །དེ་ལ་དངོས་གཞི་མེད་པས་ཆོས་སྐུ་སྟེ། །འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཀློང་། །བྱང་ཆུབ་སེམས་ཀྱི་ཀློང་ཆེན་ངང་ཉིད་ལས། །དྲན་པའི་རྣམ་པར་རྟོག་པ་མི་འབྱུང་སྟེ། ། ཤེས་པའི་མཚན་མ་ཡིད་ལ་མི་གཡོ་ན། །དེ་ཉིད་སངས་རྒྱས་ཉག་གཅིག་དགོངས་པ་ཡིན། །བྱང་ཆུབ་རང་བཞིན་ནམ་མཁའི་དཀྱིལ་ཡངས་འདྲ། །དྲན་དང་རྟོག་པ་མེད་པ་སྒོམ་པའི་མཆོག །རང་གི་རང་བཞིན་མ་ གཡོས་བཅོས་པ་མེད། །མི་བསམ་ཡིད་ལ་བྱེད་པ་རྣམ་པལ་བ། །རང་བབས་ཆོས་ཉིད་དུས་གསུམ་འཕོ་འགྱུར་མེད། །འགྱུ་འཕྲོའི་ཀུན་རྟོག་མེད་ན་སྒོམ་པའི་མཆོག །དེ་བཞིན་ཉིད་དེ་གང་གནས་དམ་པའི་སེམས། །སངས་ རྒྱས་ཉག་གཅིག་མཚོན་པ་ཀུན་དང་བྲལ། །མི་གཡོ་ཆོས་དབྱིངས་འཛིན་རྟོག་ཕྱམ་འདས་པ། །རྒྱལ་བའི་དགོངས་ཀློང་རང་བཞིན་ཡངས་པའི་མཆོག །ལུས་སེམས་བཅོས་པའི་འཆིང་བ་རྣམས་སྤངས་ཤིང་། །གྱིན་ འདར་ལྷོད་ཆགས་དྲན་བསམ་ཅི་འགྱུས་ཀྱང་། །གཞི་གཞག་ཆོས་ཉིད་ངང་ལས་མི་གཡོ་ན། །ཐམས་ཅད་ཀུན་བཟང་དགོངས་ཀློང་ཡངས་པ་ཡིན། །མ་བཟུང་མ་བཏང་འཇུར་བུའི་སྒྲིམས་གློད་མེད། །ཇི་བཞིན་ངང་

[p. 35] ༄༅། །བབས་རྒྱ་ཡན་བདག་གིས་ཟིན། །མི་གཡོ་རྒྱམ་ཁང་ལ་ཡངས་དོག་མེད་པའི་ཁྲོད། །དྲན་བསམ་ཐམས་ཅད་རང་བྱུང་རང་ཞེན། །རྡོ་རྗེ་སེམས་དཔའ་ནམ་མཁའི་དགོངས་པ་ཡིན། །མ་ བཅོས་ཀློང་དུ་མ་ཡེངས་དང་ལྡན་ན། །དྲན་རྟོག་ཡུལ་ལ་འཇུག་པའང་ཆོས་ཉིད་དང་། །ཁྱེད་དུ་འཇུར་བུས་བཅོས་ན་ཆོས་ཉིད་བྱུང་། །མི་རྟོག་མཁའ་ལྟར་ཡངས་ཀྱང་མཚན་མའི་གཟེབ། །ཉིན་མཚན་སྒོམ་ པས་འདའ་ཡང་འཆིང་ཞེན་ཉིད། །བསམ་གཏན་ལྷ་དང་མཚུངས་པར་རྒྱལ་བས་གསུངས། །ཁམས་མ་ཡེངས་འབད་རྩོལ་ཞིག་པའི་སེམས། །རང་བབས་འཛིན་རྩོལ་འདས་བ་ཤིན་ཏུ་གཅེས། །རང་བྱུང་ཡེ་ཤེས་ ཕྱོགས་དང་རིས་མེད་པས། །འདི་ཞེས་མི་མཚོན་རང་བཞིན་སྤྲོས་ཀུན་ཞི། །དེ་བས་ཡིད་ལ་བྱེད་པ་རྣམས་སྤོངས་ཏེ། །གཞི་བྲལ་ཡངས་པ་ཆེན་པོའི་དོན་ལ་བསྒྲུབ། །ཆོས་ཉིད་ཉག་གཅིག་རང་བྱུང་ཡེ་ཤེས་ཏེ། །ལྟ་ང་ ཉག་གཅིག་སྤྲོས་པའི་མཐའ་དང་བྲལ། །སྒོམ་པ་ཉག་གཅིག་བཏང་གཞུང་ཕྲ་མོ་འོང་མོད། །སྤོང་བ་ཉག་གཅིག་བྲང་དེར་བྱར་མེད་ཅིང་། །འབྲས་བུ་ཉག་གཅིག་སངས་ཐོབ་གཉིས་དང་བྲལ། །འདི་ནི་རང་བྱུང་ལྷུན་ གྲུབ་དགོངས་པ་ཡིན། །སྣང་སྲིད་སྣོད་བཅུད་ལེ་བོར་རང་མྱ་ངན་འདས། །ཆོས་སོ་ཅོག་ཀུན་ཆོས་ཉིད་གདོད་མའི་ངང་། །རང་བྱུང་ཡེ་ཤེས་ཉིད་ལས་མ་གཡོས་པས། །གང་ཡང་གཞི་གཞག་དགོངས་པར་ཤེས་

[p. 36] པར་བྱ། །སྣ་ཚོགས་ཡུལ་དུ་སྣང་བའི་ཆོས་ཉིད་ལ། །གང་དུ་འདི་ལྟར་འཇོག་ཅེས་མི་རྟོག་པར། །རང་བབས་སྤྲོ་བསྡུ་བྲལ་བར་ལྷུན་གྱིས་ཞོག། ཆོས་ཉིད་མཉམ་པའི་ཀློང་དུ་ངང་གིས་གནས། །དཀར་དམར་ཡུལ དུ་སྣང་བའི་རྣམ་པ་ལ། །དབང་པོ་མི་བསྡུ་མིག་ཀྱང་མི་འགུལ་བས། །བདག་ལ་མི་བསམ་གཞན་ལ་མི་རྟོག་པར། །ཁྱམ་ཕྱལ་ཡངས་པ་ཆེན་པོར་ངང་གིས་ཞོག། རྒྱ་བསྐྱེད་དཔངས་བསྟོད་སྤྲོ་བསྡུ་བྲལ་བའི་སེམས།། ཀུན་མཉམ་རང་བྱུང་ཡེ་ཤེས་དགོངས་པ་ལ། །ཕྱི་ནང་བར་མེད་ནམ་མཁའ་འདྲེས་པའི་ཉམས། །བདེ་གསལ་སྤྲོས་དང་བྲལ་བའི་ཏིང་འཛིན་འཆར། །གཞི་གཞག་མི་གཡོ་མཉམ་པའི་དགོངས་པ་ལ། །ཕྱི་དང་ ནང་མེད་གཟུང་འཛིན་སྤྲོས་དང་བྲལ། །ཡུལ་ཞེས་གཞན་དུ་ཞེན་པའི་སེམས་མེད་པས། །གཟུང་པའི་ཆོས་མེད་སྣོད་བཅུད་སྣང་ཞེན་བྲལ། །འཁོར་བར་སྐྱེ་བའི་ཡུལ་མེད་ནམ་མཁའ་འདྲ། །རང་ཞེས་སེམས་ ལ་ནང་དུ་མི་རྟོག་པས། །འཛིན་པའི་ཆོས་མེད་སྲིད་པའི་ཀུན་རྟོག་ཞི། །འཁོར་བར་སྐྱེ་བའི་མཁན་པོ་རྩད་ནས་ཆོད། །དེ་ཚེ་མཁའ་འདྲ་ཕྱི་ནང་འཁྲུལ་པའི་ཆོས། །གང་ཡང་མི་དམིགས་ཆོས་སྐུའི་དགོངས་པར་ཕྱིན།། ཟད་པའི་སར་ཐུག་འགྲོ་དང་འོང་མེད་པས། །ཐམས་ཅད་ཀློང་འབྱམས་ཀུན་དུ་བཟང་པོའི་ཞིང་། །ཆོས་སྐུའི་ཕོ་བྲང་མཆོག་ཏུ་ཕྱིན་པ་ཡིན། །ད་ལྟའི་རིག་པ་གཞི་ལས་མ་གཡོས་ན། །དེ་ཉིད་གོམས་ཆས་ཕྱི་མའི་

[p. 37] ༄༅། །སྲིད་པ་སྟོངས། །ཡང་སྲིད་ལེན་པའི་ལས་དང་བག་ཆགས་བྲལ། །རྒྱུ་འབྲས་ལ་བློས་འཁོར་འདས་མཉམ་པར་བརྗོད། །སྲིད་ཞིར་མི་གནས་བྱང་ཆུབ་སྙིང་པོར་ཕྱིན། །འདིར་ཡང་ ཞི་གནས་རྩེ་གཅིག་བྱེད་པ་གཅེས། །རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་ཡིན། །དང་པོ་ལས་གཡས་ན་ཡིད་དཔྱོད་འཁོར་བ་ཉིད། །དེ་ལ་རྒྱུ་འབྲས་ཉིད་དེ་ལ་མ་བློས། །ནོར་བའི་སྐྱེ་བོ་འོག་ནས་འོག་ ཏུ་འགྲོ། དེས་ན་མཆོག་གསང་རྫོགས་པ་ཆེན་པོ་ནི། །དབྱིངས་ལས་མ་གཡོས་རྩལ་རྣམས་གཞི་ལ་འཁྱོལ། །དགོངས་པ་མི་གཡོ་མཉམ་པར་གནས་པ་ཡིན། །འདི་ཡི་ངང་ལ་རྒྱུ་འབྲས་བྱ་རྩོལ་མེད། །ལྟ་བ་ བསྒོམ་དུ་མེད་པ་ལ་སོགས་ཏེ། །མཐའ་དབུས་གཉིས་མེད་འགོག་པའི་རྩོལ་བརྗོད་ཀྱི། །གཞན་དུ་ངང་ལས་ཕྱིར་འཁྱལ་རྩལ་ཉིད་ལས། །རོལ་པ་སྣ་ཚོགས་སྣང་སྲིད་དབུ་འཆར་བས། །རྒྱུ་འབྲས་མེད་ཅེས་ནམ་ ཡང་མ་བརྗོད་ཅིག །རྟེན་འབྲེལ་རྐྱེན་འབྱུང་འདུས་བྱས་གྲངས་བསམ་འདས། །འཁོར་བའི་འཁྲུལ་སྣང་ཞི་བདེའང་གྲངས་བསམ་འདས། །དེ་ཀུན་རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་ཉིད། །གཤིས་ལ་གཞལ་ ན་གང་ཡང་མ་གྲུབ་ལྟར། །ལམ་དུ་བྱེད་ལས་གཤིས་ཐོག་མི་གཡོའི་དུས། །གང་ཡང་མི་དམིགས་དགོངས་པའི་དུས་ན་ཅི། །གཤིས་ཐོག་མཐར་ཕྱིན་གང་ཡང་གོས་མི་འགྱུར། །ཉོན་མོངས་ལས་དང་

[p. 38] བག་ཆགས་ཀློང་ཆེན་འདི། །རྟེན་མེད་སྒྱུ་མས་སྤྲུལ་པའི་རྩེད་མོ་བྱེད། །འདི་ལས་ཐར་དགོས་རྒྱུ་འབྲས་ལ་ཟློས་འཚལ། །དེ་ཡི་ཐབས་ནི་འདི་ལས་མཆོག་གཞན་མེད། །དེ་ཕྱིར་ཆོས་དབྱིངས་དགོངས་པ་མ་གཡོས་ གཅེས། །འདི་ཉིད་ཁོ་བོའི་སྙིང་གཏམ་ཟབ་མོའི་ཀློང་། །ཀུན་ཡིན་ཀུན་མིན་ཡིན་མིན་འདས་པ་གཅེས། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། དགོངས་པ་ཆོས་ཉིད་ལས་མི་གཡོ་བར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།

[edit]
OCR of the BDRC scans (I00EGS1017028), gorn05 tibocr 2026: BDRC OCR on 90 pages, Mitra OCR on 19 pages (the model with more recognisable syllables on each page).

[p. 59] བྱང་ཆུབ་སེམས་ལ་སྨྲ་བརྗོད་ངང་གིས་མེད། །སྨྲ་བརྗོད་མེད་པ་དུས་གསུམ་རྒྱལ་བའི་གསུང་། ། ཇི་ལྟར་བསམས་ཀྱང་རང་གི་ངང་ལ་བསམ། །ཇི་ལྟར་རྟོག་ཀྱང་རང་གི་ངང་ལ་རྟོག །བྱང་ཆུབ་སེམས་ལ་བསམ་རྟོག་ཡེ་ནས་་་ མེད། །བསམ་རྟོག་བྲལ་བ་དུས་གསུམ་རྒྱལ་བའི་ཐུགས། །མེད་ལ་ཅིར་ཡང་འབྱུང་བ་སྤྲུལ་པའི་སྐུ། །ཉིད་ལ་ཉིད་ལོངས་་་ སྤྱོད་པ་ལོངས་སྤྱོད་རྫོགས། །དེ་ལ་དངོས་གཞི་མེད་པས་ཆོས་སྐུ་སྟེ། །འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཀློང་། །

[p. 60] བྱང་ཆུབ་སེམས་ཀྱི་ཀློང་ཆེན་ངང་ཉིད་ལས། །དྲན་པའི་རྣམ་པར་རྟོག་པ་མི་འབྱུང་སྟེ། །ཤེས་པའི་མཚན་མ་ཡིད་ལ་མི་གཡོ་ ན༑ ༑དེ་ཉིད་སངས་རྒྱས་ཉག་གཅིག་དགོངས་པ་ཡིན། །བྱང་ཆུབ་རང་བཞིན་ནམ་མཁའི་དཀྱིལ་ཡངས་འདྲ། །དྲན་དང་རྟོག་པ་ མེད་པ་སྒོམ་པའི་མཆོག །རང་གི་རང་བཞིན་མ་གཡོས་བཅོས་པ་མེད། །མི་བསམ་ཡིད་ལ་བྱེད་པ་རྣམ་བྲལ་བ། །རང་བབས་ ཆོས་ཉིད་དུས་གསུམ་འཕོ་འགྱུར་མེད། །འགྱུ་འཕྲོའི་ཀུན་རྟོག་མེད་ན་སྒོམ་པའི་མཆོག །དེ་བཞིན་ཉིད་དེ་གང་གནས་དམ་པའི་ སེམས། །སངས་རྒྱས་ཉག་གཅིག་མཚོན་པ་ཀུན་དང་བྲལ། །མི་གཡོ་ཆོས་དབྱིངས་འཛིན་རྟོག་ཕྱམ་འདས་པ། །རྒྱལ་བའི་ དགོངས་ཀློང་རང་བཞིན་ཡངས་པའི་མཆོག །ལུས་སེམས་བཅོས་པའི་འཆིང་བ་རྣམས་སྤངས་ཤིང་། །གྱིན་འདར་ལྷོད་ཆགས་

[p. 61] ༄༅། །དྲན་བསམ་ཅི་འགྱུས་ཀྱང་། །གཞི་གཞག་ཆོས་ཉིད་ངང་ལས་མི་གཡོ་ན། །ཐམས་ཅད་ཀུན་བཟང་་་་་ དགོངས་ཀློང་ཡངས་པ་ཡིན། །མ་བཟུང་མ་བཏང་འཇུར་བའི་སྒྲིམས་གློད་མེད། །ཇི་བཞིན་རང་བབས་རྒྱ་ཡན་ངང་གིས་ཟིན། ། མི་གཡོ་ཁྱམ་གདལ་ཡངས་དོག་མེད་པའི་ཀློང་། །དྲན་བསམ་ཐམས་ཅད་རང་བྱུང་རང་བཞི་ན། །རྡོ་རྗེ་སེམས་དཔའ་ནམ་མཁའི་་ དགོངས་པ་ཡིན། །མ་བཅོས་ཀློང་དུ་མ་ཡེངས་ངང་ལྡན་ན། །དྲན་རྟོག་ཡུལ་ལ་འཇུག་པའང་ཆོས་ཉིད་ངང་། །ཆེད་དུ་འཇུར་་་་ བུས་བཅོས་ན་ཆོས་ཉིད་ཀྱང་། །མི་རྟོག་མཁའ་ལྟར་ཡངས་ཀྱང་མཚན་མའི་གཟེབ། །ཉིན་མཚན་སྒོམ་པས་འདའ་ཡང་་་་་་ འཆིང་ཞེན་ཉིད། །བསམ་གཏན་ལྷ་དང་མཚུངས་པར་རྒྱལ་བས་གསུངས། །དེ་བས་མ་ཡེངས་འབད་རྩོལ་ཞིག་པའི་་་་

[p. 62] སེམས། །རང་བབས་འཛིན་རྩོལ་འདས་པ་ཤིན་གཅེས། །རང་བྱུང་ཡེ་ཤེས་ཕྱོགས་དང་རིས་མེད་པས། །འདི་ཞེས་མི་མཚོན་ རང་བཞིན་སྤྲོས་ཀུན་ཞི། །དེ་བས་ཡིད་ལ་བྱེད་པ་རྣམས་སྤངས་ཏེ། །གཞི་བྲལ་ཡངས་པ་ཆེན་པོའི་དོན་ལ་བསླབ། །ཆོས་ ཉིད་ཉག་གཅིག་རང་བྱུང་ཡེ་ཤེས་ཏེ། །ལྟ་བ་ཉག་གཅིག་སྤྲོས་པའི་མཐའ་དང་བྲལ། །སྒོམ་པ་ཉག་གཅིག་གཏང་གཞག་འགྲོ་འོང་ མེད། །སྤྱོད་པ་ཉག་གཅིག་བླང་དོར་བྱར་མེད་ཅིང་། །འབྲས་བུ་ཉག་གཅིག་སྤངས་ཐོབ་གཉིས་དང་བྲལ། །འདི་ནི་རང་བྱུང་ ལྷུན་གྲུབ་དགོངས་པ་ཡིན། །སྣང་སྲིད་སྣོད་བཅུད་འཁོར་དང་མྱ་ངན་འདས། །ཆོས་སོ་ཅོག་ཀུན་ཆོས་ཉིད་གདོད་མའི་ངང་། ། རང་བྱུང་ཡེ་ཤེས་ཉིད་ལས་མ་གཡོས་པས། །གང་ཡང་གཞི་གཞག་དགོངས་པར་ཤེས་པར་བྱ། །སྣ་ཚོགས་ཡུལ་དུ་སྣང་

[p. 63] ༄༅། །བའི་ཆོས་ཉིད་ལ། །གང་དུ་འདི་ལྟར་འཇོག་ཅེས་མི་རྟོག་པར། །རང་བབས་སྤྲོ་བསྡུ་བྲལ་བར་ལྷུན་གྱིས་་་ ཞོག །ཆོས་ཉིད་མཉམ་པའི་ཀློང་དུ་ངང་གི་གནས། །དཀར་དམར་ཡུལ་དུ་སྣང་བའི་རྣམ་པ་ལ། །དབང་པོ་མི་བསྡུ་མིག་ཀྱང་མི་་་ འགུལ་བས། །བདག་ལ་མི་བསམ་གཞན་ལ་མི་རྟོག་པར། །ཕྱམ་ཕྱལ་ཡངས་པ་ཆེན་པོར་ངང་གིས་ཞོག །རྒྱ་བསྐྱེད་དཔངས་ བསྟོད་སྤྲོ་བསྡུ་བྲལ་བའི་སེམས། །ཀུན་མཉམ་རང་བྱུང་ཡེ་ཤེས་དགོངས་པ་ལ། །ཕྱི་ནང་བར་མེད་ནམ་མཁའ་འདྲེས་པའི་་་་་ ཉམས། །བདེ་གསལ་སྤྲོས་དང་བྲལ་བའི་ཏིང་འཛིན་འཆར། །གཞི་གཞག་མི་གཡོ་མཉམ་པའི་དགོངས་པ་ལ། །ཕྱི་དང་ནང་་་ མེད་གཟུང་འཛིན་སྤྲོས་དང་བྲལ། །ཡུལ་ཞེས་གཞན་དུ་ཞེན་པའི་སེམས་མེད་པས། །གཟུང་བའི་ཆོས་མེད་སྣོད་བཅུད་སྣང་་་་

[p. 64] ཞེན་བྲལ། །འཁོར་བར་སྐྱེ་བའི་ཡུལ་མེད་ནམ་མཁའ་འདྲ། །རང་ཞེས་སེམས་ལ་ནང་དུ་མི་རྟོག་པས། །འཛིན་པའི་ཆོས་མེད་ སྲིད་པའི་ཀུན་རྟོག་ཞི། །འཁོར་བར་སྐྱེ་བའི་མཁན་པོ་རྩད་ནས་ཆོད། །དེ་ཚེ་མཁའ་འདྲ་ཕྱི་ནང་འཁྲུལ་པའི་ཆོས། །གང་ཡང་ མི་དམིགས་ཆོས་སྐུའི་དགོངས་པར་ཕྱིན། །ཟད་པའི་སར་ཐུག་འགྲོ་དང་འོང་མེད་པས། །ཐམས་ཅད་ཀློང་འབྱམས་ཀུན་ཏུ་བཟང་ པོའི་ཞིང་། །ཆོས་སྐུའི་པོ་བྲང་མཆོག་ཏུ་ཕྱིན་པ་ཡིན། །ད་ལྟའི་རིག་པ་གཞི་ལས་མ་གཡོས་ན། །དེ་ཉིད་གོམས་ཆས་ཕྱི་མའི་ སྲིད་པ་སྟོངས། །ཡང་སྲིད་ལེན་པའི་ལས་དང་བག་ཆགས་བྲལ། །རྒྱུ་འབྲས་ལ་ཟློས་འཁོར་འདས་མ་ཉམ་པར་བརྗོད། །སྲིད་ ཞིར་མི་གནས་བྱང་ཆུབ་སྙིང་པོར་ཕྱིན། །འདིར་ཡང་ཞི་གནས་རྩེ་གཅིག་ཕྱེད་པ་གཅེས། །རང་བཞིན་རྫོགས་པ་ཆེན་པོའི་

[p. 65] ༄༅། །དགོངས་པ་ཡིན། །ངང་ལས་གཡོས་ན་ཡིད་དཔྱོད་འཁོར་བ་ཉིད། །དེ་ལ་རྒྱུ་འབྲས་ཉིད་དེ་ལ་མ་ཟློས། ། ནོར་བའི་སྐྱེ་བོ་འོག་ནས་འོག་ཏུ་འགྲོ། །དོས་ན་མཆོག་གསང་རྫོགས་པ་ཆེན་པོ་ནི། །དབྱིངས་ལས་མ་གཡོས་རྩལ་རྣམས་གཞི་་་ ལ་འཁྱོལ། །དགོངས་པ་མི་གཡོ་མཉམ་པར་གནས་པ་ཡིན། །འདི་ཡི་ངང་ལ་རྒྱུ་འབྲས་བྱ་རྩོལ་མེད། །ལྟ་བ་བསྒོམ་དུ་མེད་པ་ལ་ སོགས་ཏེ། །མཐའ་དབུས་གཉིས་མེད་འགོག་པའི་ཚུལ་བརྗོད་ཀྱི། །གཞན་དུ་ངང་ལས་ཕྱིར་འཁྱལ་རྩལ་ཉིད་ལས། །རོལ་པ་ སྣ་ཚོགས་སྣང་སྲིད་དགུ་འཆར་བས། །རྒྱུ་འབྲས་མེད་ཅེས་ནམ་ཡང་མ་བརྗོད་ཅིག །རྟེན་འབྲེལ་རྐྱེན་འབྱུང་འདུས་བྱས་་་་ གྲངས་བསམ་འདས། །འཁོར་བའི་འཁྲུལ་སྣང་ཞི་བདེའང་གྲངས་བསམ་འདས། །དེ་ཀུན་རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་་་

[p. 66] ཉིད། །གཤིས་ལ་གཞལ་ན་གང་ཡང་མ་གྲུབ་ལྟར། །ལམ་དུ་བྱེད་པས་གཤིས་ཐོག་མི་གཡོའི་དུས། །གང་ཡང་མི་དམིགས་ དགོངས་པའི་དུས་ན་རྩི། །གཤིས་ཐོག་མཐར་ཕྱིན་གང་ཡང་གོས་མི་འགྱུར། །ཉོན་མོངས་ལས་དང་བག་ཆགས་ཀློང་ཆེན་འདི། ། རྟེན་མེད་སྒྱུ་མས་སྤྲུལ་པའི་རྩེད་མོ་བྱེད། །འདི་ལས་ཐར་དགོས་རྒྱུ་འབྲས་ལ་ཟློས་འཚལ། །དེ་ཡི་ཐབས་ནི་འདི་ལས་མཆོག་གཞན་ མེད། །དེ་ཕྱིར་ཆོས་དབྱིངས་དགོངས་པ་མ་གཡོས་གཅེས། །འདི་ཉིད་ཁོ་བོའི་སྙིང་གཏམ་ཟབ་མོའི་ཀློང་། །ཀུན་ཡིན་ཀུན་མིན་ ཡིན་མིན་འདས་པ་གཅེས། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། དགོངས་པ་ཆོས་ཉིད་ལས་མི་གཡོ་བར་བསྟན་པའི་ལེའུ་སྟེ་ བཅུ་པའོ།། །།

[edit]
OCR of the BDRC scans (I1KG3201), gorn05 tibocr 2026: BDRC OCR on 77 pages, Mitra OCR on 12 pages (the model with more recognisable syllables on each page).

[p. 57] བྱང་ཆུབ་སེམས་ལ་སྨྲ་བརྗོད་ངང་གིས་མེད། །སྨྲ་བརྗོད་མེད་པ་དུས་གསུམ་རྒྱལ་བའི་གསུང་། ། ཇི་ལྟར་བསམས་ཀྱང་རང་གི་ངང་ལ་བསམ། །ཇི་ལྟར་རྟོག་ཀྱང་རང་གི་ངང་ལ་རྟོག །བྱང་ཆུབ་སེམས་ལ་བསམ་རྟོག་ཡེ་ནས་ མེད། །བསམ་རྟོག་བྲལ་བ་དུས་གསུམ་རྒྱལ་བའི་ཐུགས། །མེད་ལ་ཅིར་ཡང་འབྱུང་བ་སྤྲུལ་པའི་སྐུ། །ཉིད་ལ་ཉིད་ལོངས་ སྤྱོད་པ་ལོངས་སྤྱོད་རྫོགས། །དེ་ལ་དངོས་གཞི་མེད་པས་ཆོས་སྐུ་སྟེ། །འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཀློང་། །

[p. 58] བྱང་ཆུབ་སེམས་ཀྱི་ཀློང་ཆེན་ངང་ཉིད་ལས། །དྲན་པའི་རྣམ་པར་རྟོག་པ་མི་འབྱུང་སྟེ། །ཤེས་པའི་མཚན་མ་ཡིད་ལ་མི་གཡོ་ ན༑ ༑དེ་ཉིད་སངས་རྒྱས་ཉག་གཅིག་དགོངས་པ་ཡིན། །བྱང་ཆུབ་རང་བཞིན་ནམ་མཁའི་དཀྱིལ་ཡངས་འདྲ། །དྲན་དང་རྟོག་པ་ མེད་པ་སྒོམ་པའི་མཆོག །རང་གི་རང་བཞིན་མ་གཡོས་བཅོས་པ་མེད། །མི་བསམ་ཡིད་ལ་བྱེད་པ་རྣམ་བྲལ་བ། །རང་བབས་ ཆོས་ཉིད་དུས་གསུམ་འཕོ་འགྱུར་མེད། །འགྱུ་འཕྲོའི་ཀུན་རྟོག་མེད་ན་སྒོམ་པའི་མཆོག །དེ་བཞིན་ཉིད་དེ་གང་གནས་དམ་པའི་ སེམས། །སངས་རྒྱས་ཉག་གཅིག་མཚོན་པ་ཀུན་དང་བྲལ། །མི་གཡོ་ཆོས་དབྱིངས་འཛིན་རྟོག་ཕྱམ་འདས་པ། །རྒྱལ་བའི་ དགོངས་ཀློང་རང་བཞིན་ཡངས་པའི་མཆོག །ལུས་སེམས་བཅོས་པའི་འཆིང་བ་རྣམས་སྤངས་ཤིང་། །གྱིན་འདར་ལྷོད་ཆགས་

[p. 59] ༄༅། །དྲན་བསམ་ཅི་འགྱུས་ཀྱང་། །གཞི་གཞག་ཆོས་ཉིད་ངང་ལས་མི་གཡོ་ན། །ཐམས་ཅད་ཀུན་བཟང་་་་་ དགོངས་ཀློང་ཡངས་པ་ཡིན། །མ་བཟུང་མ་བཏང་འཇུར་བའི་སྒྲིམས་གློད་མེད། །ཇི་བཞིན་རང་བབས་རྒྱ་ཡན་ངང་གིས་ཟིན། ། མི་གཡོ་ཁྱམ་གདལ་ཡངས་དོག་མེད་པའི་ཀློང་། །དྲན་བསམ་ཐམས་ཅད་རང་བྱུང་རང་བཞི་ན། །རྡོ་རྗེ་སེམས་དཔའ་ནམ་མཁའི་་ དགོངས་པ་ཡིན། །མ་བཅོས་ཀློང་དུ་མ་ཡེངས་ངང་ལྡན་ན། །དྲན་རྟོག་ཡུལ་ལ་འཇུག་པའང་ཆོས་ཉིད་ངང་། །ཆེད་དུ་འཇུར་་་ བུས་བཅོས་ན་ཆོས་ཉིད་ཀྱང་། །མི་རྟོག་མཁའ་ལྟར་ཡངས་ཀྱང་མཚན་མའི་གཟེབ། །ཉིན་མཚན་སྒོམ་པས་འདའ་ཡང་་་་་་ འཆིང་ཞེན་ཉིད། །བསམ་གཏན་ལྷ་དང་མཚུངས་པར་རྒྱལ་བས་གསུངས། །དེ་བས་མ་ཡེངས་འབད་རྩོལ་ཞིག་པའི་་་་

[p. 60] སེམས། །རང་བབས་འཛིན་རྩོལ་འདས་པ་ཤིན་གཅེས། །རང་བྱུང་ཡེ་ཤེས་ཕྱོགས་དང་རིས་མེད་པས། །འདི་ཞེས་མི་མཚོན་ རང་བཞིན་སྤྲོས་ཀུན་ཞི། །དེ་བས་ཡིད་ལ་བྱེད་པ་རྣམས་སྤངས་ཏེ། །གཞི་བྲལ་ཡངས་པ་ཆེན་པོའི་དོན་ལ་བསླབ། །ཆོས་ ཉིད་ཉག་གཅིག་རང་བྱུང་ཡེ་ཤེས་ཏེ། །ལྟ་བ་ཉག་གཅིག་སྤྲོས་པའི་མཐའ་དང་བྲལ། །སྒོམ་པ་ཉག་གཅིག་གཏང་གཞག་འགྲོ་འོང་ མེད། །སྤྱོད་པ་ཉག་གཅིག་བླང་དོར་བྱར་མེད་ཅིང་། །འབྲས་བུ་ཉག་གཅིག་སྤངས་ཐོབ་གཉིས་དང་བྲལ། །འདི་ནི་རང་བྱུང་ ལྷུན་གྲུབ་དགོངས་པ་ཡིན། །སྣང་སྲིད་སྣོད་བཅུད་འཁོར་དང་མྱ་ངན་འདས། །ཆོས་སོ་ཅོག་ཀུན་ཆོས་ཉིད་གདོད་མའི་ངང་། ། རང་བྱུང་ཡེ་ཤེས་ཉིད་ལས་མ་གཡོས་པས། །གང་ཡང་གཞི་གཞག་དགོངས་པར་ཤེས་པར་བྱ། །སྣ་ཚོགས་ཡུལ་དུ་སྣང་

[p. 61] ༄༅། །བའི་ཆོས་ཉིད་ལ། །གང་དུ་འདི་ལྟར་འཇོག་ཅེས་མི་རྟོག་པར། །རང་བབས་སྤྲོ་བསྡུ་བྲལ་བར་ལྷུན་གྱིས་་་ ཞོག །ཆོས་ཉིད་མཉམ་པའི་ཀློང་དུ་ངང་གི་གནས། །དཀར་དམར་ཡུལ་དུ་སྣང་བའི་རྣམ་པ་ལ། །དབང་པོ་མི་བསྡུ་མིག་ཀྱང་མི་་་ འགུལ་བས། །བདག་ལ་མི་བསམ་གཞན་ལ་མི་རྟོག་པར། །ཕྱམ་ཕྱལ་ཡངས་པ་ཆེན་པོར་ངང་གིས་ཞོག །རྒྱ་བསྐྱེད་དཔངས་ བསྟོད་སྤྲོ་བསྡུ་བྲལ་བའི་སེམས། །ཀུན་མཉམ་རང་བྱུང་ཡེ་ཤེས་དགོངས་པ་ལ། །ཕྱི་ནང་བར་མེད་ནམ་མཁའ་འདྲེས་པའི་་་་་ ཉམས། །བདེ་གསལ་སྤྲོས་དང་བྲལ་བའི་ཏིང་འཛིན་འཆར། །གཞི་གཞག་མི་གཡོ་མཉམ་པའི་དགོངས་པ་ལ། །ཕྱི་དང་ནང་་་ མེད་གཟུང་འཛིན་སྤྲོས་དང་བྲལ། །ཡུལ་ཞེས་གཞན་དུ་ཞེན་པའི་སེམས་མེད་པས། །གཟུང་བའི་ཆོས་མེད་སྣོད་བཅུད་སྣང་་་་

[p. 62] ཞེན་བྲལ། །འཁོར་བར་སྐྱེ་བའི་ཡུལ་མེད་ནམ་མཁའ་འདྲ། །རང་ཞེས་སེམས་ལ་ནང་དུ་མི་རྟོག་པས། །འཛིན་པའི་ཆོས་མེད་སྲིད་པའི་ཀུན་རྟོག་ཞི། །འཁོར་བར་སྐྱེ་བའི་མཁན་པོ་རྩད་ནས་ཆོད། །དེ་ཚེ་མཁའ་འདྲ་ཕྱི་ནང་འཁྲུལ་པའི་ཆོས། །གང་ཡང་མི་དམིགས་ཆོས་སྐུའི་དགོངས་པར་ཕྱིན། །ཟད་པའི་སར་ཐུག་འགྲོ་དང་འོང་མེད་པས། །ཐམས་ཅད་ཀློང་འབྱམས་ཀུན་ཏུ་བཟང་པོའི་ཞིང་། །ཆོས་སྐུའི་ཕོ་བྲང་མཆོག་ཏུ་ཕྱིན་པ་ཡིན། །ད་ལྟའི་རིག་པ་གཞི་ལས་མ་གཡོས་ན། །དེ་ཉིད་གོམས་ཆས་ཕྱི་མའི་སྲིད་པ་སྟོངས། །ཡང་སྲིད་ལེན་པའི་ལས་དང་བག་ཆགས་བྲལ། །རྒྱུ་འབྲས་ལ་ཟློས་འཁོར་འདས་མ་ཉམ་པར་བརྗོད། །སྲིད་ཞིར་མི་གནས་བྱང་ཆུབ་སྙིང་པོར་ཕྱིན། །འདིར་ཡང་ཞི་གནས་རྩེ་གཅིག་ཕྱེད་པ་གཅེས། །རང་བཞིན་རྫོགས་པ་ཆེན་པོའི་

[p. 63] ༄༅། །དགོངས་པ་ཡིན། །ངང་ལས་གཡོས་ན་ཡིད་དཔྱོད་འཁོར་བ་ཉིད། །དེ་ལ་རྒྱུ་འབྲས་ཉིད་དེ་ལ་མ་ཟློས། ། ནོར་བའི་སྐྱེ་བོ་འོག་ནས་འོག་ཏུ་འགྲོ། །དོས་ན་མཆོག་གསང་རྫོགས་པ་ཆེན་པོ་ནི། །དབྱིངས་ལས་མ་གཡོས་རྩལ་རྣམས་གཞི་་་ ལ་འཁྱོལ། །དགོངས་པ་མི་གཡོ་མཉམ་པར་གནས་པ་ཡིན། །འདི་ཡི་ངང་ལ་རྒྱུ་འབྲས་བྱ་རྩོལ་མེད། །ལྟ་བ་བསྒོམ་དུ་མེད་པ་ལ་ སོགས་ཏེ། །མཐའ་དབུས་གཉིས་མེད་འགོག་པའི་ཚུལ་བརྗོད་ཀྱི། །གཞན་དུ་ངང་ལས་ཕྱིར་འཁྱལ་རྩལ་ཉིད་ལས། །རོལ་པ་ སྣ་ཚོགས་སྣང་སྲིད་དགུ་འཆར་བས། །རྒྱུ་འབྲས་མེད་ཅེས་ནམ་ཡང་མ་བརྗོད་ཅིག །རྟེན་འབྲེལ་རྐྱེན་འབྱུང་འདུས་བྱས་་་་ གྲངས་བསམ་འདས། །འཁོར་བའི་འཁྲུལ་སྣང་ཞི་བདེའང་གྲངས་བསམ་འདས། །དེ་ཀུན་རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་་་

[p. 64] ཉིད། །གཤིས་ལ་གཞལ་ན་གང་ཡང་མ་གྲུབ་ལྟར། །ལམ་དུ་བྱེད་པས་གཤིས་ཐོག་མི་གཡོའི་དུས། །གང་ཡང་མི་དམིགས་ དགོངས་པའི་དུས་ན་རྩི། །གཤིས་ཐོག་མཐར་ཕྱིན་གང་ཡང་གོས་མི་འགྱུར། །ཉོན་མོངས་ལས་དང་བག་ཆགས་ཀློང་ཆེན་འདི། ། རྟེན་མེད་སྒྱུ་མས་སྤྲུལ་པའི་རྩེད་མོ་བྱེད། །འདི་ལས་ཐར་དགོས་རྒྱུ་འབྲས་ལ་ཟློས་འཚལ། །དེ་ཡི་ཐབས་ནི་འདི་ལས་མཆོག་གཞན་ མེད། །དེ་ཕྱིར་ཆོས་དབྱིངས་དགོངས་པ་མ་གཡོས་གཅེས། །འདི་ཉིད་ཁོ་བོའི་སྙིང་གཏམ་ཟབ་མོའི་ཀློང་། །ཀུན་ཡིན་ཀུན་མིན་ ཡིན་མིན་འདས་པ་གཅེས། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། དགོངས་པ་ཆོས་ཉིད་ལས་མི་གཡོ་བར་བསྟན་པའི་ལེའུ་སྟེ་ བཅུ་པའོ།། །།

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 783 typing errors, November 2026), with the variants of the other editions under each page (30 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = root and commentary MW3CN3400; R = root and commentary MW3CN14271; M = root MW12639; T = root MW1KG3168. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 56] སྨྲ་བརྗོད་ངང་གིས་མེད། །སྨྲ་བརྗོད་མེད་པ་དུས་གསུམ་རྒྱལ་བའི་གསུང༌། །ཇི་ལྟར་བསམས་ཀྱང་རང་གི་ངང་ལ་བསམ། །ཇི་ལྟར་རྟོག་ཀྱང་རང་གི་ངང་ལ་རྟོག །བྱང་ཆུབ་སེམས་ལ་བསམ་རྟོག་ཡེ་ནས་མེད། །བསམ་རྟོག་བྲལ་བ་དུས་གསུམ་རྒྱལ་བའི་ཐུགས། །མེད་ལ་ཅིར་ཡང་འབྱུང་བ་སྤྲུལ་པའི་སྐུ། །ཉིད་ལ་ཉིད་ལོངས་སྤྱོད་པ་ལོངས་སྤྱོད་རྫོགས། །དེ་ལ་དངོས་གཞི་མེད་པས་ཆོས་སྐུ་སྟེ། །འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཀློང༌། །བྱང་ཆུབ་སེམས་ཀྱི་ཀློང་ཆེན་ངང་ཉིད་ལས། །དྲན་པའི་རྣམ་པར་རྟོག་པ་མི་འབྱུང་སྟེ། །ཤེས་པའི་མཚན་མ་ཡིད་ལ་མི་གཡོ་ན། །དེ་ཉིད་སངས་རྒྱས་ཉག་གཅིག་དགོངས་པ་ཡིན། །བྱང་ཆུབ་རང་བཞིན་ནམ་མཁའི་དཀྱིལ་ཡངས་འདྲ། །དྲན་དང་རྟོག་པ་མེད་པ་སྒོམ་པའི་མཆོག །རང་གི་རང་བཞིན་མ་གཡོས་བཅོས་པ་མེད། །མི་བསམ་ཡིད་ལ་བྱེད་པ་རྣམ་བྲལ་བ། །

སངས་རྒྱས་ཉག་གཅིག་དགོངས་པ ] ཅིག W

[p. 57] རང་བབས་ཆོས་ཉིད་དུས་གསུམ་འཕོ་འགྱུར་མེད། །འགྱུ་འཕྲོའི་ཀུན་རྟོག་མེད་པ་སྒོམ་པའི་མཆོག །དེ་བཞིན་ཉིད་དེར་གང་གནས་དམ་པའི་སེམས། །སངས་རྒྱས་ཉག་གཅིག་མཚོན་པ་ཀུན་དང་བྲལ། །མ་གཡོ་ཆོས་དབྱིངས་འཛིན་རྟོག་ཕྱམ་འདས་པ། །རྒྱལ་བའི་དགོངས་ཀློང་རང་བཞིན་ཡངས་པའི་མཆོག། །ལུས་སེམས་བཅོས་པའི་འཆིང་བ་རྣམས་སྤངས་ཤིང༌། །གྱིན་འདར་ལྷོད་ཆགས་དྲན་བསམ་ཅི་འགྱུས་ཀྱང༌། །གཞི་གཞག་ཆོས་ཉིད་ངང་ལས་མི་གཡོ་ན། །ཐམས་ཅད་ཀུན་བཟང་དགོངས་ཀློང་ཡངས་པ་ཡིན། །མ་བཟུང་མ་བཏང་འཇུར་བུའི་སྒྲིམས་གློད་མེད། །ཇི་བཞིན་རང་བབས་རྒྱ་ཡན་ངང་གིས་ཟིན། །མི་གཡོ་ཕྱམ་གདལ་ཡངས་དོག་མེད་པའི་ཀློང༌། །དྲན་བསམ་ཐམས་ཅད་རང་བྱུང་རང་ཞི་ན། །རྡོ་རྗེ་སེམས་དཔའ་ནམ་མཁའི་དགོངས་པ་ཡིན། །མ་བཅོས་ཀློང་དུ་མ་ཡེངས་ངང་ལྡན་ན། །

ཀུན་རྟོག་མེད་པ་སྒོམ་པའི ] ན A P D S R M T · དེ་བཞིན་ཉིད་དེར་གང་གནས ] དེ A D G R M T · སངས་རྒྱས་ཉག་གཅིག་མཚོན་པ ] ཅིག W · ཀུན་དང་བྲལ་མ་གཡོ་ཆོས ] མི A P D G S R M T · བཞིན་ཡངས་པའི་མཆོག་ལུས་སེམས ] ཆོས W · སྤངས་ཤིང་གྱིན་འདར་ལྷོད་ཆགས ] འདའ A P S · མ་བཏང་འཇུར་བུའི་སྒྲིམས་གློད ] བའི M T · བཏང་འཇུར་བུའི་སྒྲིམས་གློད་མེད ] སྒྲིམ P S · མེད་ཇི་བཞིན་རང་བབས་རྒྱ ] ངང D G R · ཟིན་མི་གཡོ་ཕྱམ་གདལ་ཡངས ] ཁྱམ M T · རང་བྱུང་རང་ཞི་ན་རྡོ ] བཞི M T

[p. 58] དྲན་རྟོག་ཡུལ་ལ་འཇུག་པའང་ཆོས་ཉིད་ངང༌། །ཆེད་དུ་འཇུར་བུས་བཅོས་ན་ཆོས་ཉིད་ཀྱང༌། །མི་རྟོག་མཁའ་ལྟར་ཡངས་ཀྱང་མཚན་མའི་གཟེབ། །ཉིན་མཚན་སྒོམ་པས་འདའ་ཡང་འཆིང་ཞེན་ཉིད། །བསམ་གཏན་ལྷ་དང་མཚུངས་པར་རྒྱལ་བས་གསུངས། །དེ་བས་མ་ཡེངས་འབད་རྩོལ་ཞིག་པའི་སེམས། །རང་བབས་འཛིན་རྩོལ་འདས་པ་ཤིན་ཏུ་གཅེས། །རང་བྱུང་ཡེ་ཤེས་ཕྱོགས་དང་རིས་མེད་པས། །འདི་ཞེས་མི་མཚོན་རང་བཞིན་སྤྲོས་ཀུན་ཞི། །དེ་བས་ཡིད་ལ་བྱེད་པ་རྣམས་སྤངས་ཏེ། །གཞི་བྲལ་ཡངས་པ་ཆེན་པོའི་དོན་ལ་བསླབ། །ཆོས་ཉིད་ཉག་གཅིག་རང་བྱུང་ཡེ་ཤེས་ཏེ། །ལྟ་བ་ཉག་གཅིག་སྤྲོས་པའི་མཐའ་དང་བྲལ། །སྒོམ་པ་ཉག་གཅིག་བཏང་གཞག་འགྲོ་འོང་མེད། །སྤྱོད་པ་ཉག་གཅིག་བླང་དོར་བྱར་མེད་ཅིང༌། །འབྲས་བུ་ཉག་གཅིག་སྤངས་ཐོབ་གཉིས་དང་བྲལ། །འདི་ནི་རང་བྱུང་ལྷུན་གྲུབ་

འདས་པ་ཤིན་ཏུ་གཅེས་རང ] om. M T · ཆོས་ཉིད་ཉག་གཅིག་རང་བྱུང ] ཅིག W · ལྟ་བ་ཉག་གཅིག་སྤྲོས་པའི ] ཅིག W · སྒོམ་པ་ཉག་གཅིག་བཏང་གཞག ] ཅིག W · པ་ཉག་གཅིག་བཏང་གཞག་འགྲོ ] གཏང M T · སྤྱོད་པ་ཉག་གཅིག་བླང་དོར ] ཅིག W · འབྲས་བུ་ཉག་གཅིག་སྤངས་ཐོབ ] ཅིག W

[p. 59] དགོངས་པ་ཡིན། །སྣང་སྲིད་སྣོད་བཅུད་འཁོར་དང་མྱ་ངན་འདས། །ཆོས་སོ་ཅོག་ཀུན་ཆོས་ཉིད་གདོད་མའི་ངང༌། །རང་བྱུང་ཡེ་ཤེས་ཉིད་ལས་མ་གཡོས་པས། །གང་ཡང་གཞི་གཞག་དགོངས་པར་ཤེས་པར་བྱ། །སྣ་ཚོགས་ཡུལ་དུ་སྣང་བའི་ཆོས་ཉིད་ལ། །གང་དུ་འདི་ལྟར་འཇོག་ཅེས་མི་རྟོག་པར། །རང་བབས་སྤྲོ་བསྡུ་བྲལ་བར་ལྷུན་གྱིས་ཞོག །ཆོས་ཉིད་མཉམ་པའི་ཀློང་དུ་ངང་གིས་གནས། །དཀར་དམར་ཡུལ་དུ་སྣང་བའི་རྣམ་པ་ལ། །དབང་པོ་མི་བསྡུ་མིག་ཀྱང་མི་འགུལ་པས། །བདག་ལ་མི་བསམ་གཞན་ལ་མི་རྟོག་པར། །ཕྱམ་ཕྱལ་ཡངས་པ་ཆེན་པོར་ངང་གིས་ཞོག །རྒྱ་བསྐྱེད་དཔངས་བསྟོད་སྤྲོ་བསྡུ་བྲལ་བའི་སེམས། །ཀུན་མཉམ་རང་བྱུང་ཡེ་ཤེས་དགོངས་པ་ལ། །ཕྱི་ནང་བར་མེད་ནམ་མཁའ་འདྲེས་པའི་ཉམས །བདེ་གསལ་སྤྲོས་དང་བྲལ་བའི་ཏིང་འཛིན་འཆར། །གཞི་གཞག་

ཀུན་ཆོས་ཉིད་གདོད་མའི་ངང་རང ] དགོངས་པའི W · ཀློང་དུ་ངང་གིས་གནས་དཀར ] གི M T · ཀྱང་མི་འགུལ་པས་བདག་ལ ] བས P D G S R M T · ངང་གིས་ཞོག་རྒྱ་བསྐྱེད་དཔངས་བསྟོད ] རྒྱབ་སྐྱེད A G · ཞོག་རྒྱ་བསྐྱེད་དཔངས་བསྟོད་སྤྲོ ] དཔང P S

[p. 60] མི་གཡོ་མཉམ་པའི་དགོངས་པ་ལ། །ཕྱི་དང་ནང་མེད་གཟུང་འཛིན་སྤྲོས་དང་བྲལ། །ཡུལ་ཞེས་གཞན་དུ་ཞེན་པའི་སེམས་མེད་པས། །གཟུང་བའི་ཆོས་མེད་སྣོད་བཅུད་སྣང་ཞེན་བྲལ། །འཁོར་བར་སྐྱེ་བའི་ཡུལ་མེད་ནམ་མཁའ་འདྲ། །རང་ཞེས་སེམས་ལ་ནང་དུ་མི་རྟོག་པས། །འཛིན་པའི་ཆོས་མེད་སྲིད་པའི་ཀུན་རྟོག་ཞི། །འཁོར་བར་སྐྱེ་བའི་མཁན་པོ་རྩད་ནས་ཆོད། །དེ་ཚེ་མཁའ་འདྲ་ཕྱི་ནང་འཁྲུལ་པའི་ཆོས། །གང་ཡང་མི་དམིགས་ཆོས་སྐུའི་དགོངས་པར་ཕྱིན། །ཟད་པའི་སར་ཐུག་འགྲོ་དང་འོང་མེད་པས། །ཐམས་ཅད་ཀློང་འབྱམས་ཀུན་ཏུ་བཟང་པོའི་ཞིང༌། །ཆོས་སྐུའི་ཕོ་བྲང་མཆོག་ཏུ་ཕྱིན་པ་ཡིན། །ད་ལྟའི་རིག་པ་གཞི་ལས་མ་གཡོས་ན། །དེ་ཉིད་གོམས་ཆས་ཕྱི་མའི་སྲིད་པ་སྟོངས། །ཡང་སྲིད་ལེན་པའི་ལས་དང་བག་ཆགས་བྲལ། །རྒྱུ་འབྲས་ལ་ཟློས་འཁོར་འདས་མཉམ་པར་བརྗོད། །སྲིད་ཞིར་མི་

མེད་པས་གཟུང་བའི་ཆོས་མེད ] པའི D R · ཀློང་འབྱམས་ཀུན་ཏུ་བཟང་པོའི ] དུ D G R · ཟློས་འཁོར་འདས་མཉམ་པར་བརྗོད ] མ་ཉམ M T

[p. 61] གནས་བྱང་ཆུབ་སྙིང་པོར་ཕྱིན། །འདིར་ཡང་ཞི་གནས་རྩེ་གཅིག་ཕྱེད་པ་གཅེས། །རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་ཡིན། །ངང་ལས་གཡོས་ན་ཡིད་དཔྱོད་འཁོར་བ་ཉིད། །དེ་ལ་རྒྱུ་འབྲས་ཉིད་དེ་ལ་མ་ཟློས། །ནོར་བའི་སྐྱེ་བོ་འོག་ནས་འོག་ཏུ་འགྲོ། །དེས་ན་མཆོག་གསང་རྫོགས་པ་ཆེན་པོ་ནི། །དབྱིངས་ལས་མ་གཡོས་རྩལ་རྣམས་གཞི་ལ་འཁྱོལ། །དགོངས་པ་མི་གཡོ་མཉམ་པར་གནས་པ་ཡིན། །འདི་ཡི་ངང་ལ་རྒྱུ་འབྲས་བྱ་རྩོལ་མེད། །ལྟ་བ་བསྒོམ་དུ་མེད་པ་ལ་སོགས་ཏེ། །མཐའ་དབུས་གཉིས་མེད་འགོག་པའི་ཚུལ་བརྗོད་ཀྱི། །གཞན་དུ་ངང་ལས་ཕྱིར་འཁྱལ་རྩལ་ཉིད་ལས། །རོལ་པ་སྣ་ཚོགས་སྣང་སྲིད་དགུ་འཆར་པས། །རྒྱུ་འབྲས་མེད་ཅེས་ནམ་ཡང་མ་བརྗོད་ཅིག །རྟེན་འབྲེལ་རྐྱེན་འབྱུང་འདུས་བྱས་གྲངས་བསམ་འདས། །འཁོར་བའི་འཁྲུལ་སྣང་ཞི་བདེའང་གྲངས་

འོག་ཏུ་འགྲོ་དེས་ན་མཆོག ] དོས M T · ངང་ལས་ཕྱིར་འཁྱལ་རྩལ་ཉིད ] འཁྱམ A P S · སྲིད་དགུ་འཆར་པས་རྒྱུ་འབྲས ] བས A P D G S R M T

[p. 62] བསམ་འདས། །དེ་ཀུན་རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་ཉིད། །གཤིས་ལ་གཞལ་ན་གང་ཡང་མ་གྲུབ་ལྟར། །ལམ་དུ་བྱེད་པས་གཤིས་ཐོག་མི་གཡོའི་དུས། །གང་ཡང་མི་དམིགས་དགོངས་པའི་དུས་ན་རྩི། །གཤིས་ཐོག་མཐར་ཕྱིན་གང་ཡང་གོས་མི་འགྱུར། །ཉོན་མོངས་ལས་དང་བག་ཆགས་ཀློང་ཆེན་འདི། །རྟེན་མེད་སྒྱུ་མས་སྤྲུལ་པའི་རྩེད་མོ་བྱེད། །འདི་ལས་ཐར་དགོས་རྒྱུ་འབྲས་ལ་ཟློས་འཚལ། །དེ་ཡི་ཐབས་ནི་འདི་ལས་མཆོག་གཞན་མེད། །དེ་ཕྱིར་ཆོས་དབྱིངས་དགོངས་པ་མ་གཡོས་གཅེས། །འདི་ཉིད་ཁོ་བོའི་སྙིང་གཏམ་ཟབ་མོའི་ཀློང༌། །ཀུན་ཡིན་ཀུན་མིན་ཡིན་མིན་འདས་པ་གཅེས། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། དགོངས་པ་ཆོས་ཉིད་ལས་མི་གཡོ་བར་བསྟན་པའི་ལེའུ་སྟེ་བཅུ་པའོ།། ༈ །།

[edit]
The divisions of the commentary (Lung gi gter mdzod) that explain the root verses on these pages, with the divisions above them (in grey): the root verses have no outline of their own; each verse line was found by program in the commentary of the same chapter. Headings and summaries: AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. Each entry links to the part of the commentary where its section begins.
1 General determination of the essence ངོ་བོ་སྤྱིར་གཏན་ལ་དབབ་པ [p. 412]
1.3 The actual way to put it into practice ཇི་ལྟར་ཉམས་སུ་བླང་བ་དངོས [p. 423]
1.3.3 Securing the crux by definitive binding summaries མདོ་ཆིངས་ངེས་པས་འགག་བསྡམ་པ [p. 456]
1.3.3.6 Securing the crux in unalloyed nakedness, since freedom in oneness has no counterpart གཅིག་གྲོལ་ལ་ཟླ་མེད་པས་ཟང་ཀ་རྗེན་པར་འགག་བསྡམ་པ [p. 468]
1.3.3.6.2 All speaking never passes beyond inexpressible awareness, so nothing is expressed སྨྲ་བརྗོད་ཐམས་ཅད་རིག་པ་བརྗོད་མེད་ཀྱི་ངང་ལས་མ་འདས་པས་དོན་ལ་བརྗོད་དུ་མེད་པ root p. 56 · commentary p. 472
All speech occurs within one's own state, like speech in a dream that never leaves sleep; awareness is inexpressible, and this absence of expression is the enlightened speech of the victorious ones.
1.3.3.6.3 Recollection and thought as groundless and rootless དྲན་རྟོག་གཞི་མེད་རྩ་བ་དང་བྲལ་བ root p. 56 · commentary p. 473
Thoughts never existed even as they arise, like thoughts in a dream; beings err by taking them as real. Awareness is beyond thought, the nonconceptual wisdom that is the buddhas' enlightened mind; realizing it, the yogin finds the primordial buddha within and saṃsāra is emptied.
1.3.3.6.4 The three kāyas with their realms as self-knowing awareness alone སྐུ་གསུམ་ཞིང་ཁམས་དང་བཅས་པ་ཡང་རང་རིག་གཅིག་པུར་བསྟན་པ root p. 56 · commentary p. 475
Awareness's baseless essence is dharmakāya, its spontaneously enjoyed natural lucidity is saṃbhogakāya, and its unceasing compassionate arising is nirmāṇakāya; since kāyas and realms are nowhere but in awareness, freeing the one awareness frees all saṃsāra and nirvāṇa.
1.3.3.7 Binding as equal to space, beyond thought and expression མཁའ་མཉམ་བསམ་བརྗོད་འདས་པར་ཆིངས་སུ་བཅིང་བ root p. 56 · commentary p. 477
First of the bindings on essence, nature and compassionate responsiveness: ascertaining the essence, one rests evenly in the basic space of mind itself, free of recollection, thinking, hope and fear, with nothing to contrive or meditate on.
1.3.3.8 Binding the crux as awareness, great lucidity and emptiness རིག་པ་གསལ་སྟོང་ཆེན་པོར་འགག་བཅིང་བ root p. 56 · commentary p. 478
The nature of awareness is luminosity like sun and moon in an unobscured sky; resting vividly in naked lucidity without proliferating thoughts, spontaneous presence is clear. Since thought opposes limpidity and cannot be stopped by thought, one abides in natural limpidity.
1.3.3.9 Binding in nakedness as freedom upon arising without bias ཤར་གྲོལ་རིས་མེད་རྗེན་པར་བཅིང་བ root p. 57 · commentary p. 480
Movements arising from awareness are like waves on water, neither good nor bad; resting in identified awareness, arising and freedom are simultaneous. An objection that this contradicts the earlier call for no thought is rebuked and answered: one does not follow thoughts but sustains naked awareness, concluding the three restings.
1.3.3.10 Clearing the perilous pass into the oneness of purity and equality, beyond the intellect དག་མཉམ་བློ་འདས་གཅིག་ཏུ་འཕྲང་བསལ་བ root p. 57 · commentary p. 482
Opening the perilous-pass bindings: if one is not distracted from the empty-lucid essence, unconfined dynamic energy is no fault, as a crystal emits lights without moving. Distraction is impossible since radiance returns and dissolves into the ground, the single sphere.
1.3.3.11 Binding that clears the pass, since realization and nonrealization are freedom and bondage རྟོགས་མ་རྟོགས་འཆིང་གྲོལ་གྱི་རང་བཞིན་ཡིན་པས་འཕྲང་བསལ་བའི་ཆིངས root p. 58 · commentary p. 484
Without distraction even thoughts engaging objects are the nature of phenomena, while contrived one-pointed meditation clinging to bliss, lucidity and nonthought equals the gods of the dhyānas and binds. Contrived view and meditation are marks; undistracted realization of unalloyed awareness is the victors' nondual intent.
1.3.3.12 Binding as beyond recollection, thinking, proliferation and gathering in དྲན་བསམ་འཕྲོ་འདུ་ལས་འདས་པར་བཅིང་བ root p. 58 · commentary p. 487
Self-arisen wisdom has no sides and cannot be indicated, so one abandons mental engagement. Since ground and path must not diverge, the path is simply not wavering from the realized nature, with no deliberately fixed meditation; this is freedom in total perfection with nothing abandoned.
1.3.3.13 Binding that clears the pass: sole awareness free of elaboration can be designated in any way ཉག་གཅིག་སྤྲོས་པ་དང་བྲལ་བའི་རིག་པ་ལ་གང་ལྟར་ཡང་གདགས་སུ་ཡོད་པར་འཕྲང་བསལ་བའི་ཆིངས root p. 58 · commentary p. 488
The sole sphere of awareness, distinguished conventionally, is the sole dharmakāya, the view free of extremes, the meditation of sole luminosity, the conduct of sole nonduality without accepting or rejecting, and the sole fruition without abandoning or attaining.
1.3.3.14 Binding in the great vastness of the equal ground, everything being self-arisen wisdom ཐམས་ཅད་རང་བྱུང་ཡེ་ཤེས་སུ་འཕྲང་བསལ་བས་གཞི་མཉམ་ཡངས་པ་ཆེན་པོར་བཅིང་བ root p. 59 · commentary p. 489
All of saṃsāra and nirvāṇa never wavers from self-arisen wisdom; like years passing in a dream while one lies in bed, appearances and time never move the essence from basic space. This concludes the five bindings delivering from doubt and conceptual extremes.
1.3.3.15 Holding its own place in unwavering great equality མི་གཡོ་མཉམ་པ་ཆེན་པོར་རང་ས་གཟུང་བ root p. 59 · commentary p. 491
First of the decisive resolutions in the luminosity of a clear ocean: without deciding where or how to rest, one rests naturally, free of projection and withdrawal, in the equality of the nature of phenomena while appearances remain vivid and unceasing.
1.3.3.16 Holding the place in naked, unobstructed transparency, naturally lucid རང་གསལ་ཟང་ཐལ་རྗེན་པར་ས་གཟུང་བ root p. 59 · commentary p. 491
Next binding in the clear-ocean series, holding one's place in naturally lucid, naked transparency of awareness; it runs on beyond this stretch.
1.3.3.17 Exalting its sovereignty in the spacious, evenly extending freedom from all bounds རྒྱ་གྲོལ་ཡངས་པ་ཕྱམ་གདལ་དུ་དབང་བསྟོད་པ root p. 59 · commentary p. 492
Widening awareness, with gaze open and sense doors unconfined, gives rise to experiences of body merging with space and of transparent, traceless cognition in which thoughts cannot be found. It closes the three bindings that resolve awareness in nonmeditation.
1.3.3.18 Differentiation of how deluded appearances of saṃsāra are purified by resting in self-arisen enlightened intent རང་བྱུང་གི་དགོངས་པར་བཞག་པས་འཁྲུལ་སྣང་འཁོར་བ་དག་ལུགས་ཀྱི་ཤན་འབྱེད [p. 494]
1.3.3.18.1 The citadel of perceived object and perceiving subject collapses གཟུང་འཛིན་གྱི་མཁར་པོ་འགྱེལ root p. 60 · commentary p. 495 topical
Since display is not grasped as object and mind not conceived as self, karma and afflictions are emptied, the one born in saṃsāra is cut off, and one reaches the level of exhaustion, the realm of Samantabhadra, the everlasting domain of dharmakāya.
1.3.3.19 Distinguishing awareness in its natural resting place from one-pointed calm abiding རིག་པ་རང་མལ་དུ་ཤན་འབྱེད་པས་ཞི་གནས་རྩེ་གཅིག་དང་སོ་སོར་དབྱེ་བ root p. 60 · commentary p. 500
Awareness in its resting place is the naked aspect of knowing, calm abiding merely the stillness of thought. Familiarity with mindless awareness exhausts karma for rebirth and actualizes dharmakāya; saṃsāra and nirvāṇa are equal in awareness, as tantras and the Bodhicittavivaraṇa and Abhisamayālaṃkāra state.
1.3.3.20 Differentiating the distinction between the all-ground and dharmakāya ཀུན་གཞི་དང་ཆོས་སྐུའི་ཁྱད་པར་ཤན་དབྱེ་བ root p. 61 · commentary p. 502
Distinguishes the all-ground, an indeterminate vessel of habitual tendencies leading to the three realms, from dharmakāya, transparent awareness of the three kāyas. It likewise separates deluded mind from primordial wisdom, a differentiation deemed vital to the Heart Drop.
1.3.3.21 The differentiation that ascertains cause and effect རྒྱུ་འབྲས་ངེས་པའི་ཤན་འབྱེད root p. 61 · commentary p. 511
Absence of cause and effect is taught only regarding ultimate truth; to deny cause and effect for saṃsāra's relative phenomena would be Lokāyata nihilism. Pure and impure realms arise as illusion-like dependent origination, as sūtras on karma confirm.
1.3.3.22 The differentiation concerning the decisive resolution of cause and effect རྒྱུ་འབྲས་ལ་བཟླ་བའི་ཤན་འབྱེད root p. 62 · commentary p. 513
In the fundamental nature nothing is established, so never wavering from it resolves cause and effect in the Great Perfection; recklessness about cause and effect produces saṃsāra. Until stability is seized, training awareness's dynamic energy is vital. Concludes the five great differentiations.
2 Gathering the meaning into the nature of phenomena beyond cause and effect, doing and seeking དེ་དག་གི་དོན་རྒྱུ་འབྲས་བྱ་བཙལ་ལས་འདས་པའི་ཆོས་ཉིད་དུ་བསྡུ་བ root p. 62 · commentary p. 515
Liberation from dreamlike saṃsāra requires stopping its cause, karma and afflictions; the most profound means is the Great Perfection, keeping enlightened intent unwavering from self-arisen wisdom beyond hope, fear and grasping, as the All-Creating King teaches.
3 Chapter conclusion and colophon ལེའུ་བཅུ་པའི་འགྲེལ་པའི་མཇུག root p. 62 · commentary p. 517 topical
States that the chapter gathers the definitive key points of practice as an important binding summary, and closes with the colophon of the commentary on the tenth chapter, showing that enlightened intent does not waver from the nature of phenomena.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 56] there is naturally no speaking or expressing.
The absence of speaking and expressing is the enlightened speech (gsung) of the victorious ones of the three times.
However one thinks, one thinks within one's own state.
However one conceives, one conceives within one's own state.[32]Note 32 · p. 56 · ཇི་ལྟར་རྟོག་ཀྱང: Adzom reads བརྟགས་ཀྱང ("however one has examined"), a past form parallel to བསམས་ཀྱང. I keep རྟོག ("conceives"); the following line's བསམ་རྟོག shows that conceptual thought is meant either way.
In awakened mind there is primordially (ye nas) no thinking or conceptual thought (rtog pa).
Freedom from thinking and conceptual thought is the enlightened mind (thugs) of the victorious ones of the three times.
Nonexistent, yet arising as anything whatsoever: this is the nirmāṇakāya (sprul pa'i sku).
Itself enjoying itself: this is the saṃbhogakāya (longs spyod rdzogs pa).
Since there is no substantial basis in that, it is the dharmakāya (chos sku):
The expanse in which the fruition, the three kāyas, is spontaneously present (lhun gyis grub pa).
From the very state of the great expanse of awakened mind,
Discursive thoughts (rnam par rtog pa) of recollection do not arise,
And if the marks of cognition do not stir in the mental faculty (yid),
That itself is the enlightened intent of the sole (nyag gcig) buddhahood.[33]Note 33 · p. 56 · སངས་རྒྱས་ཉག་གཅིག་དགོངས་པ: Dharmamitra and GPT-6.2 Astra take ཉག་གཅིག with དགོངས་པ ("the singular/one and only intent of the buddha(s)"); Gemini 4 Neon and Claude Fable 5.2 take it with སངས་རྒྱས. I follow the latter, since སངས་རྒྱས་ཉག་གཅིག recurs as a unit on p. 57 and ཉག་གཅིག follows its noun throughout p. 58. GPT-6.2 Astra's "realization" for དགོངས་པ is replaced throughout by the glossary's "enlightened intent".
The nature of awakening is like the wide open midst of space.
The absence of recollection and conceptual thought is the supreme meditation.
One's own nature, unwavering and without contrivance,
Not thinking, wholly free of mental engagement (yid la byed pa),

[p. 57] Is the naturally settled nature of phenomena, without transition or change in the three times.
The absence of conceptualization,[34]Note 34 · p. 57 · ཀུན་རྟོག་མེད་པ་སྒོམ་པའི་མཆོག: Adzom reads མེད་ན ("if there is no conceptualization…, that is the supreme meditation"). I keep མེད་པ, which parallels དྲན་དང་རྟོག་པ་མེད་པ་སྒོམ་པའི་མཆོག on p. 56. with its movement ('gyu ba) and proliferation, is the supreme meditation.
That which abides in that suchness (de bzhin nyid) is the sublime mind,
The sole buddhahood, free of all that would indicate it.
The unwavering basic space of phenomena, evenly beyond grasping ('dzin pa) and conceptual thought,
Is the expanse of the victorious ones' enlightened intent (dgongs klong), supremely vast by nature.
Having abandoned the bonds of contriving body and mind,[35]Note 35 · p. 57 · འཆིང་བ་རྣམས་སྤངས: Adzom reads རྣམ་སྤངས ("utterly abandoned the bonds"). I keep the plural རྣམས; the difference is slight.
Carefree and loosely at ease,[36]Note 36 · p. 57 · གྱིན་འདར་ལྷོད་ཆགས: GPT-6.2 Astra reads འདར as "tremble" ("whether you tremble or settle at ease"). གྱིན་འདར is a variant of གྱི་ན, "casual, carefree"; I follow Gemini 4 Neon and Claude Fable 5.2. whatever movement of recollection and thought there may be,
If one does not waver from the state of the nature of phenomena, resting in the ground (gzhi gzhag),[37]Note 37 · p. 57 · གཞི་གཞག: Dharmamitra omits the term ("the fundamental nature of phenomena") and GPT-6.2 Astra paraphrases it ("leave them as they are", "left just as it is"). I use the glossary's "resting in the ground" throughout.
Everything is the vast expanse of Samantabhadra's (kun bzang) enlightened intent.
Not holding, not letting go, with no tightening or relaxing (glod pa) of tight constraint,
Naturally settled just as it is, the unconfined state is secured of itself.
In the unwavering expanse, extending evenly, with neither wide nor narrow,[38]Note 38 · p. 57 · མི་གཡོ་ཕྱམ་གདལ་ཡངས་དོག་མེད་པའི་ཀློང: Claude Fable 5.2 attaches this line to the preceding one, as a description of what is secured. With Gemini 4 Neon, Dharmamitra and GPT-6.2 Astra I take it as the setting of the following conditional ("In the … expanse, if all recollections and thoughts…").
If all recollections and thoughts arise of themselves and subside of themselves,
That is the space-like enlightened intent of Vajrasattva.
If, within the uncontrived expanse, one has the undistracted state,

[p. 58] Even the engagement of recollection and thought (dran rtog) with objects is the state of the nature of phenomena.
If one deliberately contrives with tight constraint, then even the nature of phenomena,
Though nonconceptual (mi rtog pa) and vast as space, is a cage of marks.
Though one passes day and night in meditation, it is nothing but bondage and clinging (zhen pa).
The Victorious One has said that it is the same as the gods of the dhyānas (bsam gtan).
Therefore the undistracted mind in which exertion and effort have collapsed,
Naturally settled, beyond grasping and effort, is of the utmost importance.
Since self-arisen primordial wisdom is without sides or divisions,
It cannot be indicated as "this"; by nature all conceptual elaboration is stilled.
Therefore, abandoning all mental engagement,
Train in the meaning of the great vastness, free of any ground.
The sole nature of phenomena is self-arisen primordial wisdom.
The sole view is free of the extremes of conceptual elaboration.
The sole meditation has no releasing or placing,[39]Note 39 · p. 58 · བཏང་གཞག: Dharmamitra's "modification" is not what the Tibetan says; the terms mean releasing and placing. no going or coming.
The sole conduct has no accepting or rejecting to be done,[40]Note 40 · p. 58 · བླང་དོར་བྱར་མེད: Gemini 4 Neon, Dharmamitra and GPT-6.2 Astra make two items of it ("nothing to adopt or reject and nothing to do"). I follow Claude Fable 5.2 and the syntax: accepting and rejecting are what is not to be done.
And the sole fruition is free of both abandonment and attainment.
This is the self-arisen, spontaneously present

[p. 59] enlightened intent.
All that appears and exists (snang srid), the world and its inhabitants (snod bcud), saṃsāra ('khor ba) and nirvāṇa (mya ngan 'das pa):
All phenomena whatsoever are the original state, the nature of phenomena.
Since they have never wavered from self-arisen primordial wisdom itself,
Know that anything whatsoever[41]Note 41 · p. 59 · ཤེས་པར་བྱ: Adzom's ཕྱ is an evident misreading of བྱ and is ignored. is the enlightened intent of resting in the ground.
In the nature of phenomena, which appears as manifold objects,
Without the thought, "Here, in this way, I shall rest,"[42]Note 42 · p. 59 · གང་དུ་འདི་ལྟར་འཇོག་ཅེས: Dharmamitra's "How should I rest like this?" misses གང་དུ. The thought denied is of resting in some particular place and manner ("here, in this way").
Rest spontaneously, naturally settled, free of projection and withdrawal (spro bsdu).
One abides naturally in the expanse[43]Note 43 · p. 59 · ངང་གིས་གནས: Dharmamitra and GPT-6.2 Astra take it as an imperative ("abide"). I take it, with Claude Fable 5.2, as stating what follows from the preceding imperative ཞོག; the form allows either. of the equality (mnyam pa) of the nature of phenomena.
Toward the forms that appear as objects, white and red,
Without withdrawing the sense faculties (dbang po), and with the eyes not even moving,
Not thinking of self, not conceiving of other,
Rest naturally in the great vastness, even and wide open (phyal ba).
With a mind broad in scope and lofty in height,[44]Note 44 · p. 59 · རྒྱ་བསྐྱེད་དཔངས་བསྟོད་སྤྲོ་བསྡུ་བྲལ་བའི་སེམས: Gemini 4 Neon and GPT-6.2 Astra make བྲལ་བ govern the whole line ("free of widening or raising…"). Dharmamitra and Claude Fable 5.2 take རྒྱ་བསྐྱེད་དཔངས་བསྟོད as a positive instruction (widen the scope, raise the height of cognition) and only སྤྲོ་བསྡུ as negated. I follow Dharmamitra and Claude Fable 5.2: it is a standard instruction, and it fits the open, undirected gaze of the preceding lines. free of projection and withdrawal,
In the enlightened intent of self-arisen primordial wisdom, the equality of all,
The meditative experience (nyams) of merging with space, with no outside, inside or in between—
The samādhi of bliss and lucidity (gsal ba), free of conceptual elaboration—arises.
Resting in the ground

[p. 60] in the unwavering enlightened intent of equality,
There is no outside or inside; it is free of the conceptual elaboration of perceived and perceiver (gzung 'dzin).
Since there is no mind that clings to an "object" as something other,
There are no phenomena as perceived objects (gzung ba), and one is free of clinging to the appearances of the world and its inhabitants;
There is no place of birth in saṃsāra[45]Note 45 · p. 60 · 'khor bar skye ba'i yul: rendered "place of birth" rather than the glossary's "object", because it is set against skye ba'i mkhan po, "the one who takes birth". The play on yul ("object") from two lines earlier cannot be kept in English.—it is like space.
Since one does not conceive inwardly of mind as "self,"
There are no phenomena as perceiving subject, and the conceptualization of conditioned existence (srid pa) subsides;
The one who takes birth in saṃsāra is cut off at the root.
Then, as with space, of the phenomena of delusion, outer and inner,
None whatsoever is taken as a reference point (dmigs pa),[46]Note 46 · p. 60 · mi dmigs (also p. 62): rendered with the glossary's "reference point" ("none is taken as a reference point"), where the drafts have "discerned", "observed" or "objectified". and one has arrived at the enlightened intent of dharmakāya.
Since the level of exhaustion (zad pa'i sa) has been reached and there is no going or coming,
Everything is the infinite expanse, the realm of Samantabhadra:
One has arrived at the supreme palace of dharmakāya.
If awareness in the present does not waver from the ground,
Through familiarity with just that,[47]Note 47 · p. 60 · goms chas: this is not a standard form. I read it as goms pas (or goms cha), "through familiarity". Gemini 4 Neon "momentum" and Dharmamitra "force" seem to presuppose goms shugs. future existence is emptied.
One is free of the karma (las) and habitual tendencies (bag chags) by which rebirth is taken.
Cause and effect are decisively resolved (la zlos),[48]Note 48 · p. 60 · rgyu 'bras la zlos (also p. 61 and p. 62): GPT-6.2 Astra and Gemini 4 Neon have "transcended", Claude Fable 5.2 "decisively transcended", Dharmamitra "resolved". I follow the glossary's "decisively resolved" for la zlos throughout. The sense is that cause and effect are settled once and for all in the state where they do not apply. and saṃsāra and nirvāṇa are said to be equal.
Abiding in neither conditioned existence nor peace,

[p. 61] One arrives at the heart essence of awakening (byang chub snying po).
Here, too, it is crucial to distinguish this from one-pointed calm abiding (zhi gnas):
This is the enlightened intent of the natural Great Perfection (rang bzhin rdzogs pa chen po).
If one wavers from that state,[49]Note 49 · p. 61 · ngang las g.yos / 'di yi ngang: Gemini 4 Neon has "natural state", which is reserved for gnas lugs. I use "state". there is mental speculation (yid dpyod), which is saṃsāra itself.
There, cause and effect are fully present; they have not been decisively resolved,[50]Note 50 · p. 61 · de la rgyu 'bras nyid de la ma zlos: Dharmamitra makes this a conditional ("if one has not resolved…"), which the Tibetan does not have. I read it with GPT-6.2 Astra and Claude Fable 5.2 as two statements: cause and effect are in force there, and they have not been resolved.
And people who err go lower and lower.
Therefore, as for the supreme secret, the Great Perfection:
Without wavering from basic space, the expressions of dynamic energy come home to the ground;
Enlightened intent abides unwavering, in equality.
Within this state there is no cause and effect, no action and effort (bya rtsol);
"There is no view to be meditated upon," and so forth—
Such things are said by way of negation,[51]Note 51 · p. 61 · mtha' dbus gnyis med 'gog pa'i tshul brjod: Dharmamitra "a mode of cessation" misreads 'gog pa, which here is negation: the statements "there is no cause and effect, no view to meditate on" and so on are made by way of negation. Gemini 4 Neon "free from extremes and center" loses gnyis med. I take mtha' dbus as "edge and center", with GPT-6.2 Astra and Claude Fable 5.2. where there is no duality of edge and center.
But otherwise, since from the very dynamic energy that strays outward from that state
The manifold display, all that appears and exists in its every variety, arises,
Never say, "There is no cause and effect."

Conditioned things ('dus byas), arising from conditions in dependent origination (rten 'brel), are beyond number and thought;
The deluded appearances ('khrul snang) of saṃsāra, and the bliss of peace as well, are beyond number

[p. 62] and thought.
All of these are simply the dependent origination of causes and conditions coming together.
Just as, when measured against the fundamental nature (gshis), nothing whatsoever is established,
So, in taking this as the path, when one does not waver from the fundamental nature itself—
At the time of enlightened intent, in which nothing whatsoever is taken as a reference point—it is reckoned so.[52]Note 52 · p. 62 · dgongs pa'i dus na rtsi: GPT-6.2 Astra and Dharmamitra read "count that as the time of enlightened intent". I follow Claude Fable 5.2 and Gemini 4 Neon: the absence of cause and effect, like the non-establishment of anything in the fundamental nature, is reckoned to hold at the time of enlightened intent. This suits dus na and the argument of the passage.
When the fundamental nature itself is reached in full, one will not be tainted by anything at all.
Afflictions (nyon mongs), karma and habitual tendencies, within this great expanse,[53]Note 53 · p. 62 · nyon mongs las dang bag chags klong chen 'di: GPT-6.2 Astra, Claude Fable 5.2, Gemini 4 Neon, Dharmamitra take this as "this vast expanse of afflictions, karma and habitual tendencies". I take afflictions and the rest as the subject, playing their illusory game within this great expanse, since klong chen in this text is the expanse of awareness. The syntax allows either reading. Adzom's glong for klong is taken as a slip, and klong is kept.
Play out a game emanated (sprul pa) by baseless illusion[54]Note 54 · p. 62 · sgyu mas sprul pa'i rtsed mo: Dharmamitra "an illusory play devoid of support" drops sprul pa and the instrumental. (sgyu ma).
One must be liberated (thar pa) from this, so cause and effect should be decisively resolved.
As for the means (thabs) to that, there is none other superior to this.
Therefore it is crucial not to waver from the enlightened intent of the basic space of phenomena.
This itself is my heartfelt counsel, the expanse of the profound:
It is everything, it is nothing;[55]Note 55 · p. 62 · kun yin kun min yin min 'das pa gces: Claude Fable 5.2 and Dharmamitra make 'das pa govern all three items ("go beyond 'everything is', 'everything is not', and 'is and is not'"). With GPT-6.2 Astra and Gemini 4 Neon I read "it is everything, it is nothing" as statements, followed by "beyond is and is not". Both readings are grammatically possible. what is crucial is to go beyond "is" and "is not."

From The Precious Treasury of the Basic Space of Phenomena (Chos dbyings rin po che'i mdzod), this is the tenth chapter, showing that enlightened intent does not waver from the nature of phenomena.

Translation notes
  • 32. [p. 56] ཇི་ལྟར་རྟོག་ཀྱང: Adzom reads བརྟགས་ཀྱང ("however one has examined"), a past form parallel to བསམས་ཀྱང. I keep རྟོག ("conceives"); the following line's བསམ་རྟོག shows that conceptual thought is meant either way.
  • 33. [p. 56] སངས་རྒྱས་ཉག་གཅིག་དགོངས་པ: Dharmamitra and GPT-6.2 Astra take ཉག་གཅིག with དགོངས་པ ("the singular/one and only intent of the buddha(s)"); Gemini 4 Neon and Claude Fable 5.2 take it with སངས་རྒྱས. I follow the latter, since སངས་རྒྱས་ཉག་གཅིག recurs as a unit on p. 57 and ཉག་གཅིག follows its noun throughout p. 58. GPT-6.2 Astra's "realization" for དགོངས་པ is replaced throughout by the glossary's "enlightened intent".
  • 34. [p. 57] ཀུན་རྟོག་མེད་པ་སྒོམ་པའི་མཆོག: Adzom reads མེད་ན ("if there is no conceptualization…, that is the supreme meditation"). I keep མེད་པ, which parallels དྲན་དང་རྟོག་པ་མེད་པ་སྒོམ་པའི་མཆོག on p. 56.
  • 35. [p. 57] འཆིང་བ་རྣམས་སྤངས: Adzom reads རྣམ་སྤངས ("utterly abandoned the bonds"). I keep the plural རྣམས; the difference is slight.
  • 36. [p. 57] གྱིན་འདར་ལྷོད་ཆགས: GPT-6.2 Astra reads འདར as "tremble" ("whether you tremble or settle at ease"). གྱིན་འདར is a variant of གྱི་ན, "casual, carefree"; I follow Gemini 4 Neon and Claude Fable 5.2.
  • 37. [p. 57] གཞི་གཞག: Dharmamitra omits the term ("the fundamental nature of phenomena") and GPT-6.2 Astra paraphrases it ("leave them as they are", "left just as it is"). I use the glossary's "resting in the ground" throughout.
  • 38. [p. 57] མི་གཡོ་ཕྱམ་གདལ་ཡངས་དོག་མེད་པའི་ཀློང: Claude Fable 5.2 attaches this line to the preceding one, as a description of what is secured. With Gemini 4 Neon, Dharmamitra and GPT-6.2 Astra I take it as the setting of the following conditional ("In the … expanse, if all recollections and thoughts…").
  • 39. [p. 58] བཏང་གཞག: Dharmamitra's "modification" is not what the Tibetan says; the terms mean releasing and placing.
  • 40. [p. 58] བླང་དོར་བྱར་མེད: Gemini 4 Neon, Dharmamitra and GPT-6.2 Astra make two items of it ("nothing to adopt or reject and nothing to do"). I follow Claude Fable 5.2 and the syntax: accepting and rejecting are what is not to be done.
  • 41. [p. 59] ཤེས་པར་བྱ: Adzom's ཕྱ is an evident misreading of བྱ and is ignored.
  • 42. [p. 59] གང་དུ་འདི་ལྟར་འཇོག་ཅེས: Dharmamitra's "How should I rest like this?" misses གང་དུ. The thought denied is of resting in some particular place and manner ("here, in this way").
  • 43. [p. 59] ངང་གིས་གནས: Dharmamitra and GPT-6.2 Astra take it as an imperative ("abide"). I take it, with Claude Fable 5.2, as stating what follows from the preceding imperative ཞོག; the form allows either.
  • 44. [p. 59] རྒྱ་བསྐྱེད་དཔངས་བསྟོད་སྤྲོ་བསྡུ་བྲལ་བའི་སེམས: Gemini 4 Neon and GPT-6.2 Astra make བྲལ་བ govern the whole line ("free of widening or raising…"). Dharmamitra and Claude Fable 5.2 take རྒྱ་བསྐྱེད་དཔངས་བསྟོད as a positive instruction (widen the scope, raise the height of cognition) and only སྤྲོ་བསྡུ as negated. I follow Dharmamitra and Claude Fable 5.2: it is a standard instruction, and it fits the open, undirected gaze of the preceding lines.
  • 45. [p. 60] 'khor bar skye ba'i yul: rendered "place of birth" rather than the glossary's "object", because it is set against skye ba'i mkhan po, "the one who takes birth". The play on yul ("object") from two lines earlier cannot be kept in English.
  • 46. [p. 60] mi dmigs (also p. 62): rendered with the glossary's "reference point" ("none is taken as a reference point"), where the drafts have "discerned", "observed" or "objectified".
  • 47. [p. 60] goms chas: this is not a standard form. I read it as goms pas (or goms cha), "through familiarity". Gemini 4 Neon "momentum" and Dharmamitra "force" seem to presuppose goms shugs.
  • 48. [p. 60] rgyu 'bras la zlos (also p. 61 and p. 62): GPT-6.2 Astra and Gemini 4 Neon have "transcended", Claude Fable 5.2 "decisively transcended", Dharmamitra "resolved". I follow the glossary's "decisively resolved" for la zlos throughout. The sense is that cause and effect are settled once and for all in the state where they do not apply.
  • 49. [p. 61] ngang las g.yos / 'di yi ngang: Gemini 4 Neon has "natural state", which is reserved for gnas lugs. I use "state".
  • 50. [p. 61] de la rgyu 'bras nyid de la ma zlos: Dharmamitra makes this a conditional ("if one has not resolved…"), which the Tibetan does not have. I read it with GPT-6.2 Astra and Claude Fable 5.2 as two statements: cause and effect are in force there, and they have not been resolved.
  • 51. [p. 61] mtha' dbus gnyis med 'gog pa'i tshul brjod: Dharmamitra "a mode of cessation" misreads 'gog pa, which here is negation: the statements "there is no cause and effect, no view to meditate on" and so on are made by way of negation. Gemini 4 Neon "free from extremes and center" loses gnyis med. I take mtha' dbus as "edge and center", with GPT-6.2 Astra and Claude Fable 5.2.
  • 52. [p. 62] dgongs pa'i dus na rtsi: GPT-6.2 Astra and Dharmamitra read "count that as the time of enlightened intent". I follow Claude Fable 5.2 and Gemini 4 Neon: the absence of cause and effect, like the non-establishment of anything in the fundamental nature, is reckoned to hold at the time of enlightened intent. This suits dus na and the argument of the passage.
  • 53. [p. 62] nyon mongs las dang bag chags klong chen 'di: GPT-6.2 Astra, Claude Fable 5.2, Gemini 4 Neon, Dharmamitra take this as "this vast expanse of afflictions, karma and habitual tendencies". I take afflictions and the rest as the subject, playing their illusory game within this great expanse, since klong chen in this text is the expanse of awareness. The syntax allows either reading. Adzom's glong for klong is taken as a slip, and klong is kept.
  • 54. [p. 62] sgyu mas sprul pa'i rtsed mo: Dharmamitra "an illusory play devoid of support" drops sprul pa and the instrumental.
  • 55. [p. 62] kun yin kun min yin min 'das pa gces: Claude Fable 5.2 and Dharmamitra make 'das pa govern all three items ("go beyond 'everything is', 'everything is not', and 'is and is not'"). With GPT-6.2 Astra and Gemini 4 Neon I read "it is everything, it is nothing" as statements, followed by "beyond is and is not". Both readings are grammatically possible.
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the commentary announces and opens), gold the quotations, red the words of the root verses (or of a quotation) that the commentary quotes to explain them, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program, the root verses by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Root verses being explainedAuthor's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 56]
སྨྲ་བརྗོད་ངང་གིས་མེད། །སྨྲ་བརྗོད་མེད་པ་དུས་གསུམ་རྒྱལ་བའི་གསུང༌། །ཇི་ལྟར་བསམས་ཀྱང་རང་གི་ངང་ལ་བསམ། །ཇི་ལྟར་རྟོག་ཀྱང་རང་གི་ངང་ལ་རྟོག །བྱང་ཆུབ་སེམས་ལ་བསམ་རྟོག་ཡེ་ནས་མེད། །བསམ་རྟོག་བྲལ་བ་དུས་གསུམ་རྒྱལ་བའི་ཐུགས།
།མེད་ལ་ཅིར་ཡང་འབྱུང་བ་སྤྲུལ་པའི་སྐུ།
།ཉིད་ལ་ཉིད་ལོངས་སྤྱོད་པ་ལོངས་སྤྱོད་རྫོགས།
།དེ་ལ་དངོས་གཞི་མེད་པས་ཆོས་སྐུ་སྟེ།
།འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཀློང༌།
།བྱང་ཆུབ་སེམས་ཀྱི་ཀློང་ཆེན་ངང་ཉིད་ལས།
།དྲན་པའི་རྣམ་པར་རྟོག་པ་མི་འབྱུང་སྟེ།
།ཤེས་པའི་མཚན་མ་ཡིད་ལ་མི་གཡོ་ན།
།དེ་ཉིད་སངས་རྒྱས་ཉག་གཅིག་དགོངས་པ་ཡིན།
།བྱང་ཆུབ་རང་བཞིན་ནམ་མཁའི་དཀྱིལ་ཡངས་འདྲ།
།དྲན་དང་རྟོག་པ་མེད་པ་སྒོམ་པའི་མཆོག །རང་གི་རང་བཞིན་མ་གཡོས་བཅོས་པ་མེད། །མི་བསམ་ཡིད་ལ་བྱེད་པ་རྣམ་བྲལ་བ། །

there is naturally no speaking or expressing.
The absence of speaking and expressing is the enlightened speech (gsung) of the victorious ones of the three times.
However one thinks, one thinks within one's own state.
However one conceives, one conceives within one's own state.[32]Note 32 · p. 56 · ཇི་ལྟར་རྟོག་ཀྱང: Adzom reads བརྟགས་ཀྱང ("however one has examined"), a past form parallel to བསམས་ཀྱང. I keep རྟོག ("conceives"); the following line's བསམ་རྟོག shows that conceptual thought is meant either way.
In awakened mind there is primordially (ye nas) no thinking or conceptual thought (rtog pa).
Freedom from thinking and conceptual thought is the enlightened mind (thugs) of the victorious ones of the three times.
Nonexistent, yet arising as anything whatsoever: this is the nirmāṇakāya (sprul pa'i sku).
Itself enjoying itself: this is the saṃbhogakāya (longs spyod rdzogs pa).
Since there is no substantial basis in that, it is the dharmakāya (chos sku):
The expanse in which the fruition, the three kāyas, is spontaneously present (lhun gyis grub pa).
From the very state of the great expanse of awakened mind,
Discursive thoughts (rnam par rtog pa) of recollection do not arise,
And if the marks of cognition do not stir in the mental faculty (yid),
That itself is the enlightened intent of the sole (nyag gcig) buddhahood.[33]Note 33 · p. 56 · སངས་རྒྱས་ཉག་གཅིག་དགོངས་པ: Dharmamitra and GPT-6.2 Astra take ཉག་གཅིག with དགོངས་པ ("the singular/one and only intent of the buddha(s)"); Gemini 4 Neon and Claude Fable 5.2 take it with སངས་རྒྱས. I follow the latter, since སངས་རྒྱས་ཉག་གཅིག recurs as a unit on p. 57 and ཉག་གཅིག follows its noun throughout p. 58. GPT-6.2 Astra's "realization" for དགོངས་པ is replaced throughout by the glossary's "enlightened intent".
The nature of awakening is like the wide open midst of space.
The absence of recollection and conceptual thought is the supreme meditation.
One's own nature, unwavering and without contrivance,
Not thinking, wholly free of mental engagement (yid la byed pa),

[p. 57]
རང་བབས་ཆོས་ཉིད་དུས་གསུམ་འཕོ་འགྱུར་མེད། །འགྱུ་འཕྲོའི་ཀུན་རྟོག་མེད་པ་སྒོམ་པའི་མཆོག །དེ་བཞིན་ཉིད་དེར་གང་གནས་དམ་པའི་སེམས། །སངས་རྒྱས་ཉག་གཅིག་མཚོན་པ་ཀུན་དང་བྲལ།
།མ་གཡོ་ཆོས་དབྱིངས་འཛིན་རྟོག་ཕྱམ་འདས་པ།
།རྒྱལ་བའི་དགོངས་ཀློང་རང་བཞིན་ཡངས་པའི་མཆོག།
།ལུས་སེམས་བཅོས་པའི་འཆིང་བ་རྣམས་སྤངས་ཤིང༌།
།གྱིན་འདར་ལྷོད་ཆགས་དྲན་བསམ་ཅི་འགྱུས་ཀྱང༌།
།གཞི་གཞག་ཆོས་ཉིད་ངང་ལས་མི་གཡོ་ན།
།ཐམས་ཅད་ཀུན་བཟང་དགོངས་ཀློང་ཡངས་པ་ཡིན།
།མ་བཟུང་མ་བཏང་འཇུར་བུའི་སྒྲིམས་གློད་མེད།
།ཇི་བཞིན་རང་བབས་རྒྱ་ཡན་ངང་གིས་ཟིན།
།མི་གཡོ་ཕྱམ་གདལ་ཡངས་དོག་མེད་པའི་ཀློང༌།
།དྲན་བསམ་ཐམས་ཅད་རང་བྱུང་རང་ཞི་ན།
།རྡོ་རྗེ་སེམས་དཔའ་ནམ་མཁའི་དགོངས་པ་ཡིན།
།མ་བཅོས་ཀློང་དུ་མ་ཡེངས་ངང་ལྡན་ན།
།

Is the naturally settled nature of phenomena, without transition or change in the three times.
The absence of conceptualization,[34]Note 34 · p. 57 · ཀུན་རྟོག་མེད་པ་སྒོམ་པའི་མཆོག: Adzom reads མེད་ན ("if there is no conceptualization…, that is the supreme meditation"). I keep མེད་པ, which parallels དྲན་དང་རྟོག་པ་མེད་པ་སྒོམ་པའི་མཆོག on p. 56. with its movement ('gyu ba) and proliferation, is the supreme meditation.
That which abides in that suchness (de bzhin nyid) is the sublime mind,
The sole buddhahood, free of all that would indicate it.
The unwavering basic space of phenomena, evenly beyond grasping ('dzin pa) and conceptual thought,
Is the expanse of the victorious ones' enlightened intent (dgongs klong), supremely vast by nature.
Having abandoned the bonds of contriving body and mind,[35]Note 35 · p. 57 · འཆིང་བ་རྣམས་སྤངས: Adzom reads རྣམ་སྤངས ("utterly abandoned the bonds"). I keep the plural རྣམས; the difference is slight.
Carefree and loosely at ease,[36]Note 36 · p. 57 · གྱིན་འདར་ལྷོད་ཆགས: GPT-6.2 Astra reads འདར as "tremble" ("whether you tremble or settle at ease"). གྱིན་འདར is a variant of གྱི་ན, "casual, carefree"; I follow Gemini 4 Neon and Claude Fable 5.2. whatever movement of recollection and thought there may be,
If one does not waver from the state of the nature of phenomena, resting in the ground (gzhi gzhag),[37]Note 37 · p. 57 · གཞི་གཞག: Dharmamitra omits the term ("the fundamental nature of phenomena") and GPT-6.2 Astra paraphrases it ("leave them as they are", "left just as it is"). I use the glossary's "resting in the ground" throughout.
Everything is the vast expanse of Samantabhadra's (kun bzang) enlightened intent.
Not holding, not letting go, with no tightening or relaxing (glod pa) of tight constraint,
Naturally settled just as it is, the unconfined state is secured of itself.
In the unwavering expanse, extending evenly, with neither wide nor narrow,[38]Note 38 · p. 57 · མི་གཡོ་ཕྱམ་གདལ་ཡངས་དོག་མེད་པའི་ཀློང: Claude Fable 5.2 attaches this line to the preceding one, as a description of what is secured. With Gemini 4 Neon, Dharmamitra and GPT-6.2 Astra I take it as the setting of the following conditional ("In the … expanse, if all recollections and thoughts…").
If all recollections and thoughts arise of themselves and subside of themselves,
That is the space-like enlightened intent of Vajrasattva.
If, within the uncontrived expanse, one has the undistracted state,

[p. 58]
དྲན་རྟོག་ཡུལ་ལ་འཇུག་པའང་ཆོས་ཉིད་ངང༌། །ཆེད་དུ་འཇུར་བུས་བཅོས་ན་ཆོས་ཉིད་ཀྱང༌།
།མི་རྟོག་མཁའ་ལྟར་ཡངས་ཀྱང་མཚན་མའི་གཟེབ།
།ཉིན་མཚན་སྒོམ་པས་འདའ་ཡང་འཆིང་ཞེན་ཉིད།
།བསམ་གཏན་ལྷ་དང་མཚུངས་པར་རྒྱལ་བས་གསུངས།
།དེ་བས་མ་ཡེངས་འབད་རྩོལ་ཞིག་པའི་སེམས།
།རང་བབས་འཛིན་རྩོལ་འདས་པ་ཤིན་ཏུ་གཅེས།
།རང་བྱུང་ཡེ་ཤེས་ཕྱོགས་དང་རིས་མེད་པས།
།འདི་ཞེས་མི་མཚོན་རང་བཞིན་སྤྲོས་ཀུན་ཞི།
།དེ་བས་ཡིད་ལ་བྱེད་པ་རྣམས་སྤངས་ཏེ།
།གཞི་བྲལ་ཡངས་པ་ཆེན་པོའི་དོན་ལ་བསླབ།
།ཆོས་ཉིད་ཉག་གཅིག་རང་བྱུང་ཡེ་ཤེས་ཏེ།
།ལྟ་བ་ཉག་གཅིག་སྤྲོས་པའི་མཐའ་དང་བྲལ།
།སྒོམ་པ་ཉག་གཅིག་བཏང་གཞག་འགྲོ་འོང་མེད།
།སྤྱོད་པ་ཉག་གཅིག་བླང་དོར་བྱར་མེད་ཅིང༌།
།འབྲས་བུ་ཉག་གཅིག་སྤངས་ཐོབ་གཉིས་དང་བྲལ།
།འདི་ནི་རང་བྱུང་ལྷུན་གྲུབ་

Even the engagement of recollection and thought (dran rtog) with objects is the state of the nature of phenomena.
If one deliberately contrives with tight constraint, then even the nature of phenomena,
Though nonconceptual (mi rtog pa) and vast as space, is a cage of marks.
Though one passes day and night in meditation, it is nothing but bondage and clinging (zhen pa).
The Victorious One has said that it is the same as the gods of the dhyānas (bsam gtan).
Therefore the undistracted mind in which exertion and effort have collapsed,
Naturally settled, beyond grasping and effort, is of the utmost importance.
Since self-arisen primordial wisdom is without sides or divisions,
It cannot be indicated as "this"; by nature all conceptual elaboration is stilled.
Therefore, abandoning all mental engagement,
Train in the meaning of the great vastness, free of any ground.
The sole nature of phenomena is self-arisen primordial wisdom.
The sole view is free of the extremes of conceptual elaboration.
The sole meditation has no releasing or placing,[39]Note 39 · p. 58 · བཏང་གཞག: Dharmamitra's "modification" is not what the Tibetan says; the terms mean releasing and placing. no going or coming.
The sole conduct has no accepting or rejecting to be done,[40]Note 40 · p. 58 · བླང་དོར་བྱར་མེད: Gemini 4 Neon, Dharmamitra and GPT-6.2 Astra make two items of it ("nothing to adopt or reject and nothing to do"). I follow Claude Fable 5.2 and the syntax: accepting and rejecting are what is not to be done.
And the sole fruition is free of both abandonment and attainment.
This is the self-arisen, spontaneously present

[p. 59]
དགོངས་པ་ཡིན། །སྣང་སྲིད་སྣོད་བཅུད་འཁོར་དང་མྱ་ངན་འདས།
།ཆོས་སོ་ཅོག་ཀུན་ཆོས་ཉིད་གདོད་མའི་ངང༌།
།རང་བྱུང་ཡེ་ཤེས་ཉིད་ལས་མ་གཡོས་པས།
།གང་ཡང་གཞི་གཞག་དགོངས་པར་ཤེས་པར་བྱ།
།སྣ་ཚོགས་ཡུལ་དུ་སྣང་བའི་ཆོས་ཉིད་ལ།
།གང་དུ་འདི་ལྟར་འཇོག་ཅེས་མི་རྟོག་པར།
།རང་བབས་སྤྲོ་བསྡུ་བྲལ་བར་ལྷུན་གྱིས་ཞོག །ཆོས་ཉིད་མཉམ་པའི་ཀློང་དུ་ངང་གིས་གནས། །དཀར་དམར་ཡུལ་དུ་སྣང་བའི་རྣམ་པ་ལ། །དབང་པོ་མི་བསྡུ་མིག་ཀྱང་མི་འགུལ་པས། །བདག་ལ་མི་བསམ་གཞན་ལ་མི་རྟོག་པར། །ཕྱམ་ཕྱལ་ཡངས་པ་ཆེན་པོར་ངང་གིས་ཞོག །རྒྱ་བསྐྱེད་དཔངས་བསྟོད་སྤྲོ་བསྡུ་བྲལ་བའི་སེམས། །ཀུན་མཉམ་རང་བྱུང་ཡེ་ཤེས་དགོངས་པ་ལ། །ཕྱི་ནང་བར་མེད་ནམ་མཁའ་འདྲེས་པའི་ཉམས །བདེ་གསལ་སྤྲོས་དང་བྲལ་བའི་ཏིང་འཛིན་འཆར། །གཞི་གཞག་

enlightened intent.
All that appears and exists (snang srid), the world and its inhabitants (snod bcud), saṃsāra ('khor ba) and nirvāṇa (mya ngan 'das pa):
All phenomena whatsoever are the original state, the nature of phenomena.
Since they have never wavered from self-arisen primordial wisdom itself,
Know that anything whatsoever[41]Note 41 · p. 59 · ཤེས་པར་བྱ: Adzom's ཕྱ is an evident misreading of བྱ and is ignored. is the enlightened intent of resting in the ground.
In the nature of phenomena, which appears as manifold objects,
Without the thought, "Here, in this way, I shall rest,"[42]Note 42 · p. 59 · གང་དུ་འདི་ལྟར་འཇོག་ཅེས: Dharmamitra's "How should I rest like this?" misses གང་དུ. The thought denied is of resting in some particular place and manner ("here, in this way").
Rest spontaneously, naturally settled, free of projection and withdrawal (spro bsdu).
One abides naturally in the expanse[43]Note 43 · p. 59 · ངང་གིས་གནས: Dharmamitra and GPT-6.2 Astra take it as an imperative ("abide"). I take it, with Claude Fable 5.2, as stating what follows from the preceding imperative ཞོག; the form allows either. of the equality (mnyam pa) of the nature of phenomena.
Toward the forms that appear as objects, white and red,
Without withdrawing the sense faculties (dbang po), and with the eyes not even moving,
Not thinking of self, not conceiving of other,
Rest naturally in the great vastness, even and wide open (phyal ba).
With a mind broad in scope and lofty in height,[44]Note 44 · p. 59 · རྒྱ་བསྐྱེད་དཔངས་བསྟོད་སྤྲོ་བསྡུ་བྲལ་བའི་སེམས: Gemini 4 Neon and GPT-6.2 Astra make བྲལ་བ govern the whole line ("free of widening or raising…"). Dharmamitra and Claude Fable 5.2 take རྒྱ་བསྐྱེད་དཔངས་བསྟོད as a positive instruction (widen the scope, raise the height of cognition) and only སྤྲོ་བསྡུ as negated. I follow Dharmamitra and Claude Fable 5.2: it is a standard instruction, and it fits the open, undirected gaze of the preceding lines. free of projection and withdrawal,
In the enlightened intent of self-arisen primordial wisdom, the equality of all,
The meditative experience (nyams) of merging with space, with no outside, inside or in between—
The samādhi of bliss and lucidity (gsal ba), free of conceptual elaboration—arises.
Resting in the ground

[p. 60]
མི་གཡོ་མཉམ་པའི་དགོངས་པ་ལ། །ཕྱི་དང་ནང་མེད་གཟུང་འཛིན་སྤྲོས་དང་བྲལ།
།ཡུལ་ཞེས་གཞན་དུ་ཞེན་པའི་སེམས་མེད་པས།
།གཟུང་བའི་ཆོས་མེད་སྣོད་བཅུད་སྣང་ཞེན་བྲལ།
།འཁོར་བར་སྐྱེ་བའི་ཡུལ་མེད་ནམ་མཁའ་འདྲ།
།རང་ཞེས་སེམས་ལ་ནང་དུ་མི་རྟོག་པས།
།འཛིན་པའི་ཆོས་མེད་སྲིད་པའི་ཀུན་རྟོག་ཞི།
།འཁོར་བར་སྐྱེ་བའི་མཁན་པོ་རྩད་ནས་ཆོད།
།དེ་ཚེ་མཁའ་འདྲ་ཕྱི་ནང་འཁྲུལ་པའི་ཆོས།
།གང་ཡང་མི་དམིགས་ཆོས་སྐུའི་དགོངས་པར་ཕྱིན།
།ཟད་པའི་སར་ཐུག་འགྲོ་དང་འོང་མེད་པས།
།ཐམས་ཅད་ཀློང་འབྱམས་ཀུན་ཏུ་བཟང་པོའི་ཞིང༌།
།ཆོས་སྐུའི་ཕོ་བྲང་མཆོག་ཏུ་ཕྱིན་པ་ཡིན།
།ད་ལྟའི་རིག་པ་གཞི་ལས་མ་གཡོས་ན།
།དེ་ཉིད་གོམས་ཆས་ཕྱི་མའི་སྲིད་པ་སྟོངས།
།ཡང་སྲིད་ལེན་པའི་ལས་དང་བག་ཆགས་བྲལ།
།རྒྱུ་འབྲས་ལ་ཟློས་འཁོར་འདས་མཉམ་པར་བརྗོད།
།སྲིད་ཞིར་མི་

in the unwavering enlightened intent of equality,
There is no outside or inside; it is free of the conceptual elaboration of perceived and perceiver (gzung 'dzin).
Since there is no mind that clings to an "object" as something other,
There are no phenomena as perceived objects (gzung ba), and one is free of clinging to the appearances of the world and its inhabitants;
There is no place of birth in saṃsāra[45]Note 45 · p. 60 · 'khor bar skye ba'i yul: rendered "place of birth" rather than the glossary's "object", because it is set against skye ba'i mkhan po, "the one who takes birth". The play on yul ("object") from two lines earlier cannot be kept in English.—it is like space.
Since one does not conceive inwardly of mind as "self,"
There are no phenomena as perceiving subject, and the conceptualization of conditioned existence (srid pa) subsides;
The one who takes birth in saṃsāra is cut off at the root.
Then, as with space, of the phenomena of delusion, outer and inner,
None whatsoever is taken as a reference point (dmigs pa),[46]Note 46 · p. 60 · mi dmigs (also p. 62): rendered with the glossary's "reference point" ("none is taken as a reference point"), where the drafts have "discerned", "observed" or "objectified". and one has arrived at the enlightened intent of dharmakāya.
Since the level of exhaustion (zad pa'i sa) has been reached and there is no going or coming,
Everything is the infinite expanse, the realm of Samantabhadra:
One has arrived at the supreme palace of dharmakāya.
If awareness in the present does not waver from the ground,
Through familiarity with just that,[47]Note 47 · p. 60 · goms chas: this is not a standard form. I read it as goms pas (or goms cha), "through familiarity". Gemini 4 Neon "momentum" and Dharmamitra "force" seem to presuppose goms shugs. future existence is emptied.
One is free of the karma (las) and habitual tendencies (bag chags) by which rebirth is taken.
Cause and effect are decisively resolved (la zlos),[48]Note 48 · p. 60 · rgyu 'bras la zlos (also p. 61 and p. 62): GPT-6.2 Astra and Gemini 4 Neon have "transcended", Claude Fable 5.2 "decisively transcended", Dharmamitra "resolved". I follow the glossary's "decisively resolved" for la zlos throughout. The sense is that cause and effect are settled once and for all in the state where they do not apply. and saṃsāra and nirvāṇa are said to be equal.
Abiding in neither conditioned existence nor peace,

[p. 61]
གནས་བྱང་ཆུབ་སྙིང་པོར་ཕྱིན། །འདིར་ཡང་ཞི་གནས་རྩེ་གཅིག་ཕྱེད་པ་གཅེས།
།རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་ཡིན།
།ངང་ལས་གཡོས་ན་ཡིད་དཔྱོད་འཁོར་བ་ཉིད།
།དེ་ལ་རྒྱུ་འབྲས་ཉིད་དེ་ལ་མ་ཟློས།
།ནོར་བའི་སྐྱེ་བོ་འོག་ནས་འོག་ཏུ་འགྲོ།
།དེས་ན་མཆོག་གསང་རྫོགས་པ་ཆེན་པོ་ནི།
།དབྱིངས་ལས་མ་གཡོས་རྩལ་རྣམས་གཞི་ལ་འཁྱོལ།
།དགོངས་པ་མི་གཡོ་མཉམ་པར་གནས་པ་ཡིན།
།འདི་ཡི་ངང་ལ་རྒྱུ་འབྲས་བྱ་རྩོལ་མེད།
།ལྟ་བ་བསྒོམ་དུ་མེད་པ་ལ་སོགས་ཏེ།
།མཐའ་དབུས་གཉིས་མེད་འགོག་པའི་ཚུལ་བརྗོད་ཀྱི།
།གཞན་དུ་ངང་ལས་ཕྱིར་འཁྱལ་རྩལ་ཉིད་ལས།
།རོལ་པ་སྣ་ཚོགས་སྣང་སྲིད་དགུ་འཆར་པས།
།རྒྱུ་འབྲས་མེད་ཅེས་ནམ་ཡང་མ་བརྗོད་ཅིག །རྟེན་འབྲེལ་རྐྱེན་འབྱུང་འདུས་བྱས་གྲངས་བསམ་འདས། །འཁོར་བའི་འཁྲུལ་སྣང་ཞི་བདེའང་གྲངས་

One arrives at the heart essence of awakening (byang chub snying po).
Here, too, it is crucial to distinguish this from one-pointed calm abiding (zhi gnas):
This is the enlightened intent of the natural Great Perfection (rang bzhin rdzogs pa chen po).
If one wavers from that state,[49]Note 49 · p. 61 · ngang las g.yos / 'di yi ngang: Gemini 4 Neon has "natural state", which is reserved for gnas lugs. I use "state". there is mental speculation (yid dpyod), which is saṃsāra itself.
There, cause and effect are fully present; they have not been decisively resolved,[50]Note 50 · p. 61 · de la rgyu 'bras nyid de la ma zlos: Dharmamitra makes this a conditional ("if one has not resolved…"), which the Tibetan does not have. I read it with GPT-6.2 Astra and Claude Fable 5.2 as two statements: cause and effect are in force there, and they have not been resolved.
And people who err go lower and lower.
Therefore, as for the supreme secret, the Great Perfection:
Without wavering from basic space, the expressions of dynamic energy come home to the ground;
Enlightened intent abides unwavering, in equality.
Within this state there is no cause and effect, no action and effort (bya rtsol);
"There is no view to be meditated upon," and so forth—
Such things are said by way of negation,[51]Note 51 · p. 61 · mtha' dbus gnyis med 'gog pa'i tshul brjod: Dharmamitra "a mode of cessation" misreads 'gog pa, which here is negation: the statements "there is no cause and effect, no view to meditate on" and so on are made by way of negation. Gemini 4 Neon "free from extremes and center" loses gnyis med. I take mtha' dbus as "edge and center", with GPT-6.2 Astra and Claude Fable 5.2. where there is no duality of edge and center.
But otherwise, since from the very dynamic energy that strays outward from that state
The manifold display, all that appears and exists in its every variety, arises,
Never say, "There is no cause and effect."

Conditioned things ('dus byas), arising from conditions in dependent origination (rten 'brel), are beyond number and thought;
The deluded appearances ('khrul snang) of saṃsāra, and the bliss of peace as well, are beyond number

[p. 62]
བསམ་འདས། །དེ་ཀུན་རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་ཉིད།
།གཤིས་ལ་གཞལ་ན་གང་ཡང་མ་གྲུབ་ལྟར།
།ལམ་དུ་བྱེད་པས་གཤིས་ཐོག་མི་གཡོའི་དུས།
།གང་ཡང་མི་དམིགས་དགོངས་པའི་དུས་ན་རྩི།
།གཤིས་ཐོག་མཐར་ཕྱིན་གང་ཡང་གོས་མི་འགྱུར།
།ཉོན་མོངས་ལས་དང་བག་ཆགས་ཀློང་ཆེན་འདི།
།རྟེན་མེད་སྒྱུ་མས་སྤྲུལ་པའི་རྩེད་མོ་བྱེད།
།འདི་ལས་ཐར་དགོས་རྒྱུ་འབྲས་ལ་ཟློས་འཚལ།
།དེ་ཡི་ཐབས་ནི་འདི་ལས་མཆོག་གཞན་མེད།
།དེ་ཕྱིར་ཆོས་དབྱིངས་དགོངས་པ་མ་གཡོས་གཅེས།
།འདི་ཉིད་ཁོ་བོའི་སྙིང་གཏམ་ཟབ་མོའི་ཀློང༌།
།ཀུན་ཡིན་ཀུན་མིན་ཡིན་མིན་འདས་པ་གཅེས།
།ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། དགོངས་པ་ཆོས་ཉིད་ལས་མི་གཡོ་བར་བསྟན་པའི་ལེའུ་སྟེ་བཅུ་པའོ།། ༈ །།

and thought.
All of these are simply the dependent origination of causes and conditions coming together.
Just as, when measured against the fundamental nature (gshis), nothing whatsoever is established,
So, in taking this as the path, when one does not waver from the fundamental nature itself—
At the time of enlightened intent, in which nothing whatsoever is taken as a reference point—it is reckoned so.[52]Note 52 · p. 62 · dgongs pa'i dus na rtsi: GPT-6.2 Astra and Dharmamitra read "count that as the time of enlightened intent". I follow Claude Fable 5.2 and Gemini 4 Neon: the absence of cause and effect, like the non-establishment of anything in the fundamental nature, is reckoned to hold at the time of enlightened intent. This suits dus na and the argument of the passage.
When the fundamental nature itself is reached in full, one will not be tainted by anything at all.
Afflictions (nyon mongs), karma and habitual tendencies, within this great expanse,[53]Note 53 · p. 62 · nyon mongs las dang bag chags klong chen 'di: GPT-6.2 Astra, Claude Fable 5.2, Gemini 4 Neon, Dharmamitra take this as "this vast expanse of afflictions, karma and habitual tendencies". I take afflictions and the rest as the subject, playing their illusory game within this great expanse, since klong chen in this text is the expanse of awareness. The syntax allows either reading. Adzom's glong for klong is taken as a slip, and klong is kept.
Play out a game emanated (sprul pa) by baseless illusion[54]Note 54 · p. 62 · sgyu mas sprul pa'i rtsed mo: Dharmamitra "an illusory play devoid of support" drops sprul pa and the instrumental. (sgyu ma).
One must be liberated (thar pa) from this, so cause and effect should be decisively resolved.
As for the means (thabs) to that, there is none other superior to this.
Therefore it is crucial not to waver from the enlightened intent of the basic space of phenomena.
This itself is my heartfelt counsel, the expanse of the profound:
It is everything, it is nothing;[55]Note 55 · p. 62 · kun yin kun min yin min 'das pa gces: Claude Fable 5.2 and Dharmamitra make 'das pa govern all three items ("go beyond 'everything is', 'everything is not', and 'is and is not'"). With GPT-6.2 Astra and Gemini 4 Neon I read "it is everything, it is nothing" as statements, followed by "beyond is and is not". Both readings are grammatically possible. what is crucial is to go beyond "is" and "is not."

From The Precious Treasury of the Basic Space of Phenomena (Chos dbyings rin po che'i mdzod), this is the tenth chapter, showing that enlightened intent does not waver from the nature of phenomena.