Chos dbyings mdzod (Longchenpa): Chapter 10 commentary (5)

From Rangjung Yeshe Wiki Texts
Chos dbyings mdzod (Longchenpa)Chos dbyings mdzod (Longchenpa): Chapter 10 commentary (5)
< Chos dbyings mdzod (Longchenpa)
Revision as of 10:49, 24 November 2026 by Eric (talk | contribs) (Chos dbyings mdzod study edition (root verses and Lung gi gter mdzod): ten editions, critical edition, translation, bilingual text, outline and quotations)
(diff) ← Older revision | Latest revision (diff) | Newer revision → (diff)

Chos dbyings mdzod (Longchenpa)/Chapter 10 commentary (5)
Jump to navigation Jump to search
← Chapter 10 commentary (4)Chos dbyings mdzod: contentsChapter 10 commentary (6) →

Chapter 10, commentary · དགོངས་པ་ཆོས་ཉིད་ལས་མི་གཡོ་བར་བསྟན་པ
Pages 459–470 of the corrected base text (W22920 vol. 3), part 5 of 9.

Not in this part's tabs (the edition does not contain it, or its scan lacks these pages): Derge (sde dge par ma).
[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD84), gorn05 tibocr 2026: BDRC OCR on 338 pages, Mitra OCR on 144 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 442] ཞེ་འདོད་མཐའ་དང་བཅས་པའི་གེགས་གསུམ་བསལ། །སྣང་ཤེས་ཐོག་པང་ས་རང་བྱུང་ཆེན་པོའི་འགག །རང་ཤར་སྤྲོས་བྲལ་རྒྱུ་རྐྱེན་བར་དུ་བསྔམ། །ཞེས་སོ། །ཡེ་གྲོལ་རྩ་བ་དང་བྲལ་བར་འགག་པ་སྔ་མ་པ་ནི། མི་འགྱུར་སྤྲོས་དང་བྲལ་བའི་རིག་པ་ལ། །ཤར་བ་ཡེ་ཤར་གནས་པ་ཡི་གནས་ལ། །གྲོལ་བ་ཡེ་གྲོལ་ནམ་མཁའི་རང་བཞིན་ནོ། །སྨིག་རྒྱུའི་ཆུ་ཉིད་དུ་སྣང་བའི་དུས་ཆུར་ཡེ་ནས་མེད་པས་ཆུ་མ་ཡིན་པར་གྲོལ་ཟིན་པ་ལྟར། ཆོས་ཐམས་ཅད་རང་བཞིན་མེད་པར་ཡེ་ནས་སྟོང་ཞིང་བདག་མེད་པས་དངོས་པོ་དང་མཚན་མའི་ཆོས་ལས་ཡེ་ནས་གྲོལ་བ་སྟེ། དེ་ལྟར་ན་ཕྱི་སྣང་བ་དང་ནང་ཤེས་པ་ཇི་ལྟར་སྣང་ཞིང་ཤར་བ་

[p. 443] ཐམས་ཅད་དང་པོར་སྐྱེ་བའི་རྒྱུས་སྟོང་པས་སྐྱེ་བར་སྣང་ཤར་བར་སྣང་བ་དེ་ཉིད་ནས་ཡོད་མ་མྱོང་བར་ཐག་བཅད། བར་དུ་ཤེས་ངོ་ལ་ད་ལྟ་གནས་པ་ལྟར་སྣང་བ་འདི་ཉིད་ནས་གནས་པ་རང་གི་ངོ་བོས་སྟོང་པས་མེད་པ་གསལ་སྣང་དུ་འཕྲང་བསལ། མཐར་འགགས་པ་ལྟར་སྣང་བ་དེ་ཡང་འགག་པ་རང་གི་ངོ་བོས་སྟོང་སྟེ་མ་སྐྱེས་པའི་ཕྱིར་མི་གནས་པ་སྟེ་འགག་པར་མ་གྲུབ་པ་ཉིད། སྨིག་རྒྱུའི་ཆུ་དེ་མི་སྣང་ངོ་། །འགགས་སོ། །ཞེས་སེམས་པ་དང་འདྲ་བས། འཛིན་པ་ལོག་པ་ཙམ་ལས་དངོས་པོ་འགག་པ་མེད་པས་འགག་པ་མ་གྲུབ་པར་ལ་བཟླ་བ་སྟེ། ཡེ་ནས་ཡོད་མ་མྱོང་དུ་གྲོལ་ཟིན་པས་གང་བློ་དོར་ཤར་བ་དེ་གཉེན་པོས་བསྐྱར་ནས་འགྲོ་ལ་མི་དགོས་སོ་ཞེས་ཤེས་པར་བྱ་བ་ནི། མུ་ཏིག་ཕྲེང་བ་ལས། འབད་པས་གྲོལ་བ་མ་ཡིན་ཏེ། །ཡེ་ཉིད་ནས་ནི་གྲོལ་བར་གནས། །ཞེས་སོ། །འདི་ལ་གལ་ན་དུ་འགག་བསྡམ་པ་དངོས་ནི། ཤེས་ངོར་ཡུལ་སྣང་བའི་དུས་ན་གཞི་མེད་དུ་ཤེས་པས་གང་ལའང་བཅོས་བསླད་མེད་པར་ཕྱལ་གྱིས་གཏོར་བ་སྟེ། ཤེས་པ་ཐུག་ཕྲད་ལ་སྣང་བ་ཐུག་ཕྲད་དུ་ཤར་དུས། རིག་པ་ཐུག་ཕྲད་ཟང་ཀར་གཞི་མེད་དུ་བཏང་ནས་སྣང་བ་ལ་ཤེས་པ་མི་དགག །མི་འཛིན། མི་དཔྱོད་པར་རིག་པ་རྗེན་པ་དེ་ཉིད་ཕྱལ་བར་སངས་སངས་ངོས་ཟིན་ལ་མ་ཡེངས་ཙམ་དུ་སྐྱོང་བ་སྟེ། ཁྱུང་ཆེན་ལས། མཚན་མ་ཡེ་དག་ཡོངས་སུ་གྲོལ་བའི་གཞི། །འབད་མེད་བྱ་བྲལ་བློ་ཡི་གེགས་བསལ་ཏེ། ཐུག་ཕྲད་རྣམ་གསུམ་ཡུལ་ལ་རོལ་པའི་འགེག །

[p. 444] གང་ཤར་མ་ཡེངས་ཡུལ་སེམས་བར་དུ་བསྡམ། །ཞེས་པས། སྣང་བ་ལ་ཤེས་པ་ཤར་དུས་ཙོག་གིས་བཞག་པའི་བར་དེར་རིག་པ་ཟང་ཀ་དེ་འཆར་བ་ངོས་ཟིན་པར་བྱེད་པ་སྟེ་འདི་ཤིན་ཏུ་གནད་ཆེ་བར་ཡོད་པས་ཐེབས་པར་གདབ་ཅིང་རྒྱས་སུ་བཤད་དོ། །ཅེར་གྲོལ་མཐོང་ཡལ་ཆེན་པོར་འགག་བསྡམ་པ་ནི། ཤར་གནས་གྲོལ་གསུམ་ཤར་གྲོལ་རྒྱུན་ཆད་མེད། །རྒྱུན་ཆད་མེད་པས་རྒྱུ་འབྲས་བར་མ་ཆོད། །རྒྱུ་འབྲས་མེད་པས་འཁོར་བའི་གཡང་ས་ཆོད། །གཡང་ས་མེད་པས་གོལ་ས་ག་ལ་ཡོད། །འདིར་རིག་པ་རྒྱུན་ཆད་མེད་པས་དེའི་རྩལ་མ་འགགས་ཏེ་ཤེས་པ་ཡུལ་ལ་ཤར་བ་ལྟར་སྣང་དུས། ཡང་ན་འཆར། ཡང་ན་གནས། ཡང་ན་གྲོལ་བ་སྟེ་ཡལ་བ་གསུམ་ལས་མི་འདའ་བས། ཆུ་བོའི་རྒྱུན་འབབ་པ་དང་མཚུངས་ལ། རེང་བུ་སྐད་ཅིག་མ་ལ་རྒྱུ་འབྲས་ཀྱི་སོག་ཡོང་མེད་དེ། ཤར་བ་དང་ཡལ་བ་དུས་མཉམ་པ་ཆུའི་རི་མོ་ལྟ་བུ་སྟེ། གནས་པ་དང་དེ་གཉིས་བློས་རིག་པའི་ཆ་ལ་བརྟགས་པ་ལས། ཤར་གྲོལ་དུས་ལ་ལ་ཡོད་པ་ལ། རྒྱུ་འབྲས་ཡོད་མི་སྲིད་པར་རྗེན་རྗེན་རྟོགས་པས་འཁོར་བའི་རྒྱུ་ཟད་དེ། འབྲས་བུ་ཁམས་གསུམ་རིགས་དྲུག་ཏུ་འཁོར་མི་སྲིད་པས་བློ་བདེ་བའོ། །གནད་འདི་ལ་གོལ་ས་དང་སྒྲིབ་པ་མེད་དེ་ཤར་གྲོལ་དུ་དག་པས་གོལ་སྒྲིབ་ཆོས་ཉིད་དུ་ཆོད་དེ་རེ་དོགས་ཀྱི་གཡང་ས་ཆོད་པ་ཞེས་བྱའོ། །འདི་ལ་གལ་ཆེན་དུ་འགག་བསྡམ་པ་ནི། ཡུལ་ལ་བློ་སྣང་ངམ་བློ་ལ་ཡུལ་སྣང་ངམ་གང་ཅིར་ཤར་ཡང་འདྲ་སྟེ། ཤར་ས་དེར་ཅེར་གྱིས་བཞག་པའི་

[p. 445] སྐད་ཅིག་ལ་རང་ཡལ་རྗེས་མེད་དུ་སངས་སེ་བ་ཅིག་མི་འོང་མི་སྲིད་དོ། །དེའི་དུས་སུ་ཡལ་བའི་ངང་དེ་བཞག་ལ། རིག་པ་གསལ་དག་ཟང་ངེ་བ་ཅིག་འདུག་པ་དེ་ངོས་བཟུང་བས་དྭངས་ཆ་ལྷག་ཏུ་ཆེ་ལ་ཚོད་ཆེ་བ་ཡིན་ནོ། །གཞན་ཀུན་ཡལ་བའི་ངང་སང་ངེ་བ་རྟོག་མེད་དེ་བསྒོམ་ཡང་། ཁོ་བོ་ནི་དེ་རིག་པའི་གནས་ཆ་ཞི་གནས་སུ་འདོད་པས་གནད་མ་གོ་བར་བྱེད་དེ། གང་ལའང་རིག་པ་རྗེན་པར་ཟང་ངེ་ཐལ་ལེ་བ་ཅིག་ངོས་ཟིན་དགོས་པ་དེ་རྫོགས་པ་ཆེན་པོ་འདིའི་ཁྱད་པར་གྱི་ཆོས་སུ་བཞེད་དགོས་པ་ཡིན་ནོ། །ཅེར་གྲོལ་གྱི་འགག་ཕྱི་ཡུལ་སྣང་ལ། ནང་ཤེས་པ་སྟོང་རིག་ཤར་དུས་ཀྱི་བར་དེར་རིག་པ་ངོས་བཟུང་བས་བསྡམ་པ་ཡིན་ཏེ། ཁྱུང་ཆེན་ལས། ཅེར་གྲོལ་རང་དག་མཐའ་གྲོལ་ཡོངས་སུ་རྫོགས། །གང་གི་མཐའ་བྲལ་གང་གཉིས་རང་གསལ་བས། །བྱ་བྲལ་ཀློང་ཆེན་མ་བཙལ་ཆེན་པོའི་འགག །ལུས་ངག་བྱ་བྲལ་སྣང་སྟོང་བར་དུ་བསྡམ། །ཞེས་སོ། །མཐའ་གྲོལ་བསམ་བརྗོད་ལས་འདས་པར་འགག་བསྡམ་པ་ནི། ཡེ་ནས་མི་འགྱུར་ཀུན་ཏུ་བཟང་པོའི་ཀློང་། །འཕོ་འགྱུར་མེད་པས་རྡོ་རྗེ་སེམས་དཔའི་ཀློང་། །གནས་ལུགས་རང་ངོ་ཤེས་པ་ཙམ་ཉིད་ལ། །སངས་རྒྱས་ཞེས་སུ་མིང་འདི་བཏགས་པར་ཟད། །རིག་པའི་ངོ་བོ་ལ་གང་དུའང་མ་གྲུབ་པས་ཀུན་ཏུ་བཟང་པོ་སྟེ་སྟོང་གསལ་ཟང་ཐལ་བས་རྡོ་རྗེ་སེམས་དཔའི་ཀློངཡངས་པ་དེ་ངོས་ཟིན་པ་ལ་སངས་རྒྱས་ངང་ལ་རྙེད་པ་ཞེས་བྱའི། དེ་ལས་གཞན་དུ་བཙལ་

[p. 446] ཡང་མི་རྙེད་དེ། སྒྱུ་འཕྲུལ་ལས། ཕྱོགས་བཅུ་དུས་བཞི་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མཚོ་ལ་ཞིག །ཅེས་པ་དང་། འཕགས་ པ་འདའ་ཀ་ཡེ་ཤེས་ལས། སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མཚོ་ལ་ཅིག །ཅེས་སོ། །འདི་ལག་ཏུ་ལེན་ན་ཤར་རམ་མ་ཤར་རམ་གང་ལའང་འདྲ་བས། ཕྱི་ཡུལ་ལ་ཕར་མི་བསམ། ནང་ སེམས་ལ་ཚུར་མི་རྟོག །བར་སྐྱེ་མེད་ལ་རང་སར་མི་འཇོག་པར་རིག་པ་ཟང་ཐལ་བ་དེ་ཅར་ཕོག་ཏུ་ངོས་བཟུང་བས། གང་ཡང་མ་སྤངས་པར་བློའི་མདུན་ན་མི་གནས་པའི་མཐའ་བྲལ་སྤྲོས་པ་དང་བསམ་བརྗོད་ལས་འདས་པ་ནམ་ མཁའ་ལྟ་བུའི་དགོངས་པ་ལ་སྐད་ཅིག་དེ་ཀར་གནས་ཏེ། རྟོག་པའི་འཕྲོ་འདུ་མེད་པས་བློའི་མདུན་ན་མི་གནས་པ་ཞེས་བྱའོ། །སྣང་བའི་ཡུལ་ལ་མི་རྟོག་པས་དངོས་པོ་མཚན་མ་མེད་པ་ཞེས་བྱའོ། །ཡུལ་སྣང་དངོས་པོ་དང་། ཤེས་པའི་འཕྲོ་འདུ་དངོས་མེད་གཉིས་མེད་དུས། འཁོར་འདས་སུ་འཇལ་ཞིང་འཛིན་བྱེད་ཀྱི་རྣམ་པ་གཞན་མེད་པས། སོ་སོ་རང་གི་རིག་པའི་ཡེ་ཤེས་སྨྲ་བསམ་བརྗོད་པ་མེད་པ་རང་གི་རིག་པ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ ལས༑ མཐའ་གྲོལ་ཡིན་པས་མུ་བཞི་འགགས། །ཞེས་པ་དང་། ཁྱུང་ཆེན་ལས་ཀྱང་། རང་གཞག་ལྟོས་དང་འཁོར་འདས་བྱ་བ་བྲལ། །རང་ཡིན་གཞན་ཡིན་སྣང་ཤེས་ཆོ་འཕྲུལ་ཀྱང་། །འགྱུས་མཐོང་འཛིན་དང་ཞེན་

[p. 447] པའི་གེགས་བསལ་བས། །ཅོག་གཞག་ཚིག་ཏུ་སྤྲོ་བའི་མཐའ་འགགས་ཏེ། །ཡིད་དང་སེམས་ཀྱི་ཆོ་འཕྲུལ་ཅི་སྣང་འགག །ཆོས་བྲལ་ཡིད་དང་བྱེད་པའི་བར་དུ་བསྡམ། །ཞེས་སོ། །གནད་འདི་ནི་འཕགས་པ་རྣམས་གཤེགས་ཤིང་རྗེས་སུ་གཤེགས་པ་སྤྱིའི་ལམ་པོ་ཆེ་སྟེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། སྐྱེ་མེད་རིན་པོ་ཆེའི་མཛོད་ལས། གར་ཡང་མ་རྟོགས་ཅིར་ཡང་མ་བསམས་ཤིག །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། །ཞེས་པ་དང་། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། །མཐའ་གྲོལ་ཆོས་ཉིད་ཀྱི་དོན་ལ་བསྔགས་པ་ནི། འདི་ཉིད་རྟོགས་ནས་བླར་དོར་ཆོས་མེད་པས། །ཐམས་ཅད་ཆོས་ཉིད་གཅིག་ཏུ་ཕྱམ་གདལ་བ། །གསེར་གླིང་ལྟ་བུར་དབྱེ་བསལ་མེད་པ་ཡིན། །མཐའ་ཡིས་མ་རེག་གོལ་སྒྲིབ་གདར་ཤ་ཆོད། །གཡང་ས་མེད་པའི་བྱང་ཆུབ་སེམས་ཉིད་ལ། །འབད་རྩོལ་མེད་པའི་སྐུ་གསུམ་ལྷུན་རྫོགས་ཀྱང་། །བསམ་བརྗོད་འདས་ཞེས་མིང་ཙམ་བརྗོད་པར་ཟད། །ཆོས་ཐམས་

[p. 448] ཅད་གཞི་མེད་ནམ་མཁའ་ལྟར་རྟོགས་ནས་གང་ལའང་བཟང་ངན་དང་བླང་དོར་བྱ་བའི་ཆོས་མེད་པས་མཉམ་པ་ཉིད་དུ་མཐོང་བ་ནི། གསེར་གླིང་ན་དངོས་པོ་ཐམས་ཅད་གསེར་དུ་མཉམས་པས་གཟུགས་ཅི་སྣང་ཡང་བཟང་ངན་མེད་ པའི་དངོས་པོ་ཕལ་པའི་རྫོགས་གམ་མི་རྙེད་དེ་ཐམས་ཅད་གསེར་དུ་ཡོད་པ་ལྟར། ཆོས་ཐམས་ཅད་མཐའ་བྲལ་རྫོགས་པ་ཆེན་པོར་ཕྱམ་གདལ་བས། གོ་ལ་སྒྲིབ་དང་འཁོར་འདས་མིང་མེད་དེ་ཕྱམ་མཉམ་ཡངས་པ་ ཆེན་པོའི་ཆོས་ཉིད་ལ་སྐུ་གསུམ་ལྷུན་གྲུབ་ཏུ་གནས་ཞེས་བརྗོད་པའང་མིང་ཙམ་ལས། དོན་ལ་མཚོན་བརྗོད་ལས་འདས་པར་མཐའ་ཆོད་པས། དགོངས་པ་བློ་འདས་ཆེན་པོར་ལྷུན་གྱིས་གྲུབ་པའོ། །རང་གྲོལ་ལས། མཐའ་ དང་དྲི་མའི་ཆོས་ལས་འདས། །མཐའ་བཞིའི་དྲི་མ་རང་སངས་ཉིད། །འཛིན་པའི་ཕྱོགས་ཆ་ཉིད་དང་བྲལ། །ཞེས་སོ། །གཅིག་གྲོལ་ལ་ཟླ་མེད་པས་ཟང་ཀ་རྗེན་པར་འགག་བསྡམ་པ་ནི། སྣང་བ་རྒྱ་ཡན་རིག་པ་རང་བྱུང་གསལ། ། མ་བསྒྲིབས་ཕྱི་ནང་མེད་པར་ཟང་ཐལ་བས། །མ་བཅོས་རྣལ་གཞག་ཆོས་ཉིད་ཆེན་པོར་གསལ། །བློ་བདེའི་མལ་ན་ལུས་སེམས་ཁོད་གློད་དེ། །ཤེས་པ་བག་ཡངས་བྱར་མེད་སྐྱེས་བུ་བཞིན། །སྒྲིམ་བློད་མེད་པས་ལུས་སེམས་ གང་བདེར་ཞོག །སྐྱེས་བུ་རྣམས་ནི་རིག་པ་རེ་རེ་བ་སྟེ་གཉིས་ལ་སོགས་པ་མེད་པས་ན། འདིར་བཅིང་གྲོལ་རིག་པ་གཅིག་པུ་དེའི་སྟེང་ནས་བརྩི་དགོས་པས་གཅིག་གྲོལ་ཉིད་དེ། རིག་པ་གཅིག་པུ་ཆོས་སྐུ་ཐིག་ལེ་ཉག་གཅིག་

[p. 449] ཡིན་ལ། དེ་རྟོགས་པས་ཐམས་ཅད་གྲོལ་བའི་ཕྱིར་ཡང་གཅིག་གྲོལ་ཞེས་འཐད་པ་དང་བཅས་པའོ། །དེ་ཡང་སྣང་བ་རྒྱ་ཡན་ལ་རིག་པ་ཟང་ཐལ་ཤར་དུས། སྣང་སེམས་ལ་མི་བསམ་པར་རིག་པ་ཟང་ཀ་གཅིག་པུ་དེ་ངོས་བཟུང་བས་ཆོས་ཉིད་རང་ངོ་ན་གསལ་ཏེ། བློ་བདེ་རང་མལ་ན་ཁོང་ཡངས་པ་སྐྱེས་བུ་ལས་ཟིན་པ་ལྟ་བུའི་གདམས་ངག་གོ། །འདི་ལག་ལེན་དུ་བྱེད་པ་ནི་རིག་པ་ཟང་ཀ་དེའི་རྩལ་ཤེས་པ་ཡུལ་སྣང་བ་གསུམ་འཛོམ་དུས་ཤེས་པ་ཡུལ་ལ་འཆར་ཡང་དེ་གཉིས་ལ་མི་བསམ་པར། རིག་པ་གཅིག་པུ་དེ་ངོས་བཟུང་པས། ཡུལ་སེམས་གཉིས་རྒྱ་གྲོལ་ལ་འགྲོ་སྟེ། དོ་ཐག་གི་བརྟོད་ཕུར་གཅིག་པུ་དེ་བཏོན་པས་ཁལ་ཐམས་ཅད་རྒྱ་གྲོལ་ལ་འགྲོ་བ་བཞིན་ནོ། །དེ་ཡང་ཡུལ་ཤེས་པ་ཡིད་ལ་བྱེད་པ་གསུམ་པོ་དེ་ལ་ཀུན་རྟོག་འཁོར་བའི་ཆོས་ཞེས་ཐ་སྙད་བརྗོད་པས། རིག་པ་གཅིག་པུ་ངོས་ཟིན་པས་དེ་གསུམ་རྒྱ་གྲོལ་ལ་ཨར་སངས་པ་ནི་ཚིག་དང་བློ་ཟད་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སོ། །སྤང་བྱ་འཁོར་བ་དང་བླང་བྱ་མྱང་འདས་སུ་འཛིན་པ་ནི་ཡུལ་ཤེས་ཡིད་ལ་བྱེད་པ་གསུམ་ཡིན་པས། བློ་སྤང་གཉེན་དང་བྲལ་བའི་བར་དེར་རིག་པ་ཟང་ཀར་འཆར་བ་ལ་འགག་བསྡམ་པར་བྱའོ། །

[edit]
BDRC typed e-text UT22920_003_0001/0002 as downloaded (the base text was made from it).

ཞེ་འདོད་མཐའ་དང་བཅས་པའི་གེགས་གསུམ་བསལ། །སྣང་ཤེས་ཐོག་བབས་རང་བྱུང་ཆེན་པོའི་འགག །རང་ཤར་སྤྲོས་བྲལ་རྒྱུ་རྐྱེན་བར་དུ་བསྡམ། །ཞེས་སོ། །ཡེ་གྲོལ་རྩ་བ་དང་བྲལ་བར་འགག་བསྡམ་པ་ནི། མི་འགྱུར་སྤྲོས་དང་བྲལ་བའི་རིག་པ་ལ། །ཤར་བ་ཡེ་ཤར་གནས་པ་ཡེ་གནས་ལ། །གྲོལ་བ་ཡེ་གྲོལ་ནམ་མཁའི་རང་བཞིན་ནོ། །སྨིག་རྒྱུའི་ཆུ་ཉིད་དུ་སྣང་བའི་དུས་ཆུར་ཡེ་ནས་མེད་པས་ཆུ་མ་ཡིན་པར་གྲོལ་ཟིན་པ་ལྟར། ཆོས་ཐམས་ཅད་རང་བཞིན་མེད་པ་ཡེ་ནས་སྟོང་ཞིང་བདག་མེད་པས་དངོས་པོ་དང་མཚན་མའི་ཆོས་ལས་ཡེ་ནས་གྲོལ་བ་སྟེ། དེ་ལྟར་ན་ཕྱི་སྣང་བ་དང་ནང་ཤེས་པ་ཇི་ལྟར་སྣང་ཞིང་ཤར་བ་ཐམས་ཅད་དང་པོར་སྐྱེ་བའི་རྒྱུས་སྟོང་པས་སྐྱེ་བར་སྣང་ཤར་བ་སྣང་བ་དེ་ཉིད་ནས་ཡོད་མ་མྱོང་བར་ཐག་བཅད། བར་དུ་ཤེས་ངོ་ལ་ད་ལྟ་གནས་པ་ལྟར་སྣང་བ་འདི་ཉིད་ནས་གནས་པ་རང་གི་ངོ་བོས་སྟོང་པས་མེད་པ་གསལ་སྣང་དུ་འཕྲང་བསལ། མཐར་འགགས་པ་ལྟར་སྣང་བ་དེ་ཡང་འགག་པ་རང་གི་ངོ་བོས་སྟེང་སྟེ་མ་སྐྱེས་པའི་ཕྱིར་མི་གནས་པ་སྟེ་འགག་པར་མ་གྲུབ་པ་ཉིད། སྨིག་རྒྱུའི་ཆུ་དེ་མི་སྣང་ངོ༌། །འགག་སོ། །ཞེས་སེམས་པ་དང་འདྲ་བས། འཛིན་པ་ལོག་པ་ཙམ་ལས་དངོས་པོ་འགག་པ་མེད་པས་འགག་པ་མ་གྲུབ་པ་ལ་བཟླ་བ་སྟེ། ཡེ་ནས་ཡོད་མ་མྱོང་དུ་གྲོལ་ཟིན་པས་གང་བློ་ངོར་ཤར་བ་དེ་གཉེན་པོས་བསྐྱར་ནས་འགྲོལ་མི་དགོས་ཞེས་ཤེས་པར་བྱ་བ་ནི། མུ་ཏིག་ཕྲེང་བ་ལས། འབད་པས་གྲོལ་བ་མ་ཡིན་ཏེ། །ཡེ་ཉིད་ནས་ནི་གྲོལ་བར་གནས། །ཞེས་སོ། །འདི་ལག་ལེན་དུ་འགག་བསྡམ་པ་དངོས་ནི། ཤེས་ངོར་ཡུལ་སྣང་བའི་དུས་ན་གཞི་མེད་དུ་ཤེས་པས་གང་ལའང་བཅོས་བསླད་མེད་པ་ཕྱལ་གྱིས་གཏོང་བ་སྟེ། ཤེས་པ་ཐུག་ཕྲད་ལ་སྣང་བ་ཐུག་ཕྲད་དུ་ཤར་དུས། རིག་པ་ཐུག་ཕྲད་ཟང་ཀར་གཞི་མེད་དུ་བཏང་ནས་སྣང་བ་ལ་ཤེས་པ་མི་དགག །མི་འཛིན། མི་དཔྱོད་པར་རིག་པ་རྗེན་པ་དེ་ཉིད་ཕྱལ་བར་སངས་སངས་ངོས་ཟིན་ལ་མ་ཡེངས་ཙམ་དུ་སྐྱོང་བ་སྟེ། ཁྱུང་ཆེན་ལས། མཚན་མ་ཡེ་དག་ཡོངས་སུ་གྲོལ་བའི་གཞི། །འབད་མེད་བྱ་བྲལ་བློ་ཡི་གེགས་བསལ་ཏེ། ཐུགས་ཕྲད་རྣམ་གསུམ་ཡུལ་ལ་རོལ་པའི་འགེག །གང་ཤར་མ་ཡེང་ཡུལ་སེམས་བར་དུ་བསྡམ། །ཞེས་པས། སྣང་བ་ལ་ཤེས་པ་ཤར་དུས་ཅོག་གིས་བཞག་པའི་བར་དེར་རིག་པ་ཟང་ཀ་དེ་འཆར་བ་ངོས་ཟིན་པར་བྱེད་པ་སྟེ་འདི་ཤིན་ཏུ་གནད་ཆེ་བར་ཡོད་པས་ཐེབ་པར་གདབ་ཅིང་རྒྱས་སུ་བཤད་དོ། །ཅེར་གྲོལ་མཐོང་ཡལ་ཆེན་པོར་འགག་བསྡམ་པ་ནི། ཤར་གནས་གྲོལ་གསུམ་ཤར་གྲོལ་རྒྱུན་ཆད་མེད། །རྒྱུན་ཆད་མེད་པས་རྒྱུ་འབྲས་བར་མ་ཆོད། །རྒྱུ་འབྲས་མེད་པས་འཁོར་བའི་གཡང་ས་ཆོད། །གཡང་ས་མེད་པས་གོལ་ས་ག་ལ་ཡོད། །འདིར་རིག་པ་རྒྱུན་ཆད་མེད་པས་དེའི་རྩལ་མ་འགགས་ཏེ་ཤེས་པ་ཡུལ་ལ་ཤར་བ་ལྟར་སྣང་དུ། ཡང་ན་འཆར། ཡང་ན་གནས། ཡང་ན་གྲོལ་བ་སྟེ་ཡལ་བ་གསུམ་ལས་མི་འདའ་བས། ཆུ་བོའི་རྒྱུན་འབབ་པ་དང་མཚུངས་ལ། རེང་བུ་སྐད་ཅིག་མ་ལ་རྒྱུ་འབྲས་ཀྱི་སོག་ལོང་མེད་དེ། ཤར་བ་དང་ཡལ་བ་དུས་མཉམ་པ་ཆུའི་རི་མོ་ལྟ་བུ་སྟེ། གནས་པ་ཡང་དེ་གཉིས་བློས་རིག་པའི་ཆ་ལ་བརྟགས་པ་ལས། ཤར་གྲོལ་དུས་ལ་ཡོད་པ་ལ། རྒྱུ་འབྲས་ཡོད་མི་སྲིད་པར་རྗེན་རྗེན་རྟོགས་པས་འཁོར་བའི་རྒྱུ་ཟད་དེ། འབྲས་བུ་ཁམས་གསུམ་རིགས་དྲུག་ཏུ་འཁོར་མི་སྲིད་པས་བློ་བདེ་བའོ། །གནད་འདི་ལ་གོལ་ས་དང་སྒྲིབ་པ་མེད་དེ་ཤར་གྲོལ་དུ་དག་པས་གོལ་སྒྲིབ་ཆོས་ཉིད་དུ་ཆོད་དེ་རེ་དོགས་ཀྱི་གཡང་ས་ཆོད་པ་ཞེས་བྱའོ། །འདི་ལག་ལེན་དུ་འགག་བསྡམ་པ་ནི། ཡུལ་ལ་བློ་སྣང་ངམ་བློ་ལ་ཡུལ་སྣང་ངམ་གང་ཅིར་ཤར་ཡང་འདྲ་སྟེ། ཤར་ས་དེར་ཅེར་གྱིས་བཞག་པའི་སྐད་ཅིག་ལ་རང་ཡལ་རྗེས་མེད་དུ་སངས་སེ་བ་ཅིག་མི་འོང་མི་སྲིད་དོ། །དེའི་དུས་སུ་ཡལ་བའི་ངང་དེ་བཞག་ལ། རིག་པ་གསལ་དག་ཟང་ངེ་བ་ཅིག་འདུག་པ་དེ་ངོས་བཟུང་བས་དང་ས་ཆ་ལྷག་ཏུ་ཆེ་ལ་ཆེ་བ་ཡིན་ནོ། །གཞན་ཀུན་ཡལ་བའི་དང་སང་ངེ་བ་རྟོག་མེད་དེ་བསྒོམ་ཡང༌། ཁོ་བོ་ནི་དེ་རིག་པའི་གནས་ཆ་ཞིག་གནས་སུ་འདོད་པས་གནད་མ་གོ་བར་བྱེད་དེ། གང་ལའང་རིག་པ་རྗེན་པར་ཟང་ངེ་ཐལ་ལེ་བ་ཅིག་ངོས་ཟིན་དགོས་པ་དེ་རྫོགས་པ་ཆེན་པོ་འདིའི་ཁྱད་པར་གྱི་ཆོས་སུ་བཞེད་དགོས་པ་ཡིན་ནོ། །ཅེར་གྲོལ་གྱི་འགག་ཕྱི་ཡུལ་སྣང་ལ། ནང་ཤེས་པ་སྟོང་རིག་ཤར་དུས་ཀྱི་བར་དེར་རིག་པ་ངོས་བཟུང་བས་བསྡམ་པ་ཡིན་ཏེ། ཁྱུང་ཆེན་ལས། ཅེར་གྲོལ་རང་དག་མཐའ་གྲོལ་ཡོངས་སུ་རྫོགས། །གང་གི་མཐའ་བྲལ་གང་གཉིས་རང་གསལ་བས། །བྱ་བྲལ་ཀློང་ཆེན་མ་བཙལ་ཆེན་པོའི་འགག །ལུས་ངག་བྱ་བྲལ་སྣང་སྟོང་བར་དུ་བསྡམ། །ཞེས་སོ། །མཐའ་གྲོལ་བསམ་བརྗོད་ལས་འདས་པར་འགག་བསྡམ་པ་ནི། ཡེ་ནས་མི་འགྱུར་ཀུན་ཏུ་བཟང་པོའི་ཀློང༌། །འཕོ་འགྱུར་མེད་པས་རྡོ་རྗེ་སེམས་དཔའི་ཀློང༌། །གནས་ལུགས་རང་ངོ་ཤེས་པ་ཙམ་ཉིད་ལ། །སངས་རྒྱས་ཞེས་སུ་མིང་འདི་བཏགས་པར་ཟད། །རིག་པའི་ངོ་བོ་ལ་གང་དུའང་མ་གྲུབ་པས་ཀུན་ཏུ་བཟང་པོ་སྟེ་སྟོང་གསལ་ཟང་ཐལ་བས་རྡོ་རྗེ་སེམས་དཔའི་ཀློང་ཡངས་པ་དེ་ངོས་ཟིན་པ་ལ་སངས་རྒྱས་རང་ལ་རྙེད་པ་ཞེས་བྱའི། དེ་ལས་གཞན་དུ་བཙལ་ཡང་མི་རྙེད་དེ། སྒྱུ་འཕྲུལ་ལས། ཕྱོགས་བཅུ་དུས་བཞི་གང་ནས་ཀྱང༌། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་ཚོལ་ཞིག །ཅེས་པ་དང༌། འཕགས་པ་འདའ་ཀ་ཡེ་ཤེས་ལས། སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་སོ། །འདི་ལག་ཏུ་ལེན་ན་ཤར་རམ་མ་ཤར་རམ་གང་ལའང་འདྲ་བས། ཕྱི་ཡུལ་ལ་ཕར་མི་བསམ། ནང་སེམས་ལ་ཚུར་མི་རྟོག །བར་སྐྱེ་མེད་ལ་རང་སར་མི་འཇོག་པར་རིག་པ་ཟང་ཐལ་བ་དེ་ཅར་ཕོག་ཏུ་ངོས་བཟུང་བས། གང་ཡང་མ་སྤངས་པར་བློའི་མདུན་ན་མི་གནས་པའི་མཐའ་བྲལ་སྤྲོས་པ་དང་བསམ་བརྗོད་ལས་འདས་པ་ནམ་མཁའ་ལྟ་བུའི་དགོངས་པ་ལ་སྐད་ཅིག་དེ་ཀར་གནས་ཏེ། རྟོག་པའི་འཕྲོ་འདུ་མེད་པས་བློའི་མདུན་ན་མི་གནས་པ་ཞེས་བྱའོ། །སྣང་བའི་ཡུལ་ལ་མི་རྟོག་པས་དངོས་པོ་མཚན་མ་མེད་པ་ཞེས་བྱའོ། །ཡུལ་སྣང་དངོས་པོ་དང༌། ཤེས་པའི་འཕྲོ་འདུ་དངོས་མེད་གཉིས་མེད་དུས། འཁོར་འདས་སུ་འཇལ་ཞིང་འཛིན་བྱེད་ཀྱི་རྣམ་པ་གཞན་མེད་པས། སོ་སོ་རང་གི་རིག་པའི་ཡེ་ཤེས་སྨྲ་བསམ་བརྗོད་པ་མེད་པ་རང་གི་རིག་པ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། མཐའ་གྲོལ་ཡིན་པས་མུ་བཞི་འགགས། །ཞེས་པ་དང༌། ཁྱུང་ཆེན་ལས་ཀྱང༌། རང་གཞག་ལྟོས་དང་འཁོར་འདས་བྱ་བ་བྲལ། །རང་ཡིན་གཞན་ཡིན་སྣང་ཤེས་ཆོ་འཕྲུལ་ཀྱང༌། །འགྱུས་མཐོང་འཛིན་དང་ཞེན་པའི་གེགས་བསལ་བས། །ཅོག་གཞག་ཚིག་ཏུ་སྤྲོ་བའི་མཐའ་འགགས་ཏེ། །ཡིད་དང་སེམས་ཀྱི་ཆོ་འཕྲུལ་ཅིར་སྣང་འགག །ཆོས་བྲལ་ཡིད་དང་བྱེད་པའི་བར་དུ་བསྡམ། །ཞེས་སོ། །གནད་འདི་ནི་འཕགས་པ་རྣམས་གཤེགས་ཤིང་རྗེས་སུ་གཤེགས་པ་སྤྱིའི་ལམ་པོ་ཆེ་སྟེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་པ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པ་དང༌། སྐྱེ་མེད་རིན་པོའི་ཆེའི་མཛོད་ལས། གར་ཡང་མ་རྟོགས་ཅིར་ཡང་མ་བསམས་ཤིག །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། །ཞེས་པ་དང༌། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པ་རབ་ཏུ་ཞི། །ཞེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། །མཐའ་གྲོལ་ཆོས་ཉིད་ཀྱི་དོན་ལ་བསྔགས་པ་ནི། །འདི་ཉིད་རྟོགས་ནས་བླང་དོར་ཆོས་མེད་པས། །ཐམས་ཅད་ཆོས་ཉིད་གཅིག་ཏུ་ཕྱམ་གདལ་བ། །གསེར་གླིང་ལྟ་བུར་དབྱེ་བསལ་མེད་པ་ཡིན། །མཐའ་ཡིས་མ་རེག་གོལ་སྒྲིབ་གདར་ཤ་ཆོད། །གཡང་ས་མེད་པའི་བྱང་ཆུབ་སེམས་ཉིད་ལ། །འབད་རྩོལ་མེད་པའི་སྐུ་གསུམ་ལྷུན་རྫོགས་ཀྱང༌། །བསམ་བརྗོད་འདས་ཞེས་མིང་ཙམ་བརྗོད་པར་ཟད། །ཆོས་ཐམས་ཅད་གཞི་མེད་ནམ་མཁའ་ལྟར་རྟོགས་ནས་གང་ལའང་བཟང་ངན་དང་བླང་དོར་བྱ་བའི་ཆོས་མེད་པས་མཉམ་པ་ཉིད་དུ་མཐོང་བ་ནི། གསེར་གླིང་ན་དངོས་པོ་ཐམས་ཅད་གསེར་དུ་མཉམ་པས་གཟུགས་ཅིར་སྣང་ཡང་བཟང་ངན་མེད་པའི་དངོས་པོ་ཕལ་པའི་རྡོ་གསེར་མི་རྙེད་དེ་ཐམས་ཅད་གསེར་དུ་ཡོད་པ་ལྟར། ཆོས་ཐམས་ཅད་མཐའ་བྲལ་རྫོགས་པ་ཆེན་པོར་ཕྱམ་གདལ་བས། གོལ་སྒྲིབ་དང་འཁོར་འདས་མིང་མེད་དེ་ཕྱམ་མཉམ་ཡངས་པ་ཆེན་པོའི་ཆོས་ཉིད་ལ་སྐུ་གསུམ་ལྷུན་གྲུབ་ཏུ་གནས་ཞེས་བརྗོད་པའང་མིང་ཙམ་ལས། དོན་ལ་མཚོན་བརྗོད་ལས་འདས་པར་མཐའ་ཆོད་པས། དགོངས་པ་བློ་འདས་ཆེན་པོར་ལྷུན་གྱིས་གྲུབ་པའོ། །རང་གྲོལ་ལས། མཐའ་དང་དྲི་མའི་ཆོས་ལས་འདས། །མཐའ་བཞིའི་དྲི་མ་རང་སངས་ཉིད། །འཛིན་པའི་ཕྱོགས་ཆ་ཉིད་དང་བྲལ། །ཞེས་སོ། །གཅིག་གྲོལ་ལ་ཟླ་མེད་པས་ཟང་ཀ་རྗེན་པར་འགག་བསྡམ་པ་ནི། སྣང་བ་རྒྱ་ཡན་རིག་པ་རང་བྱུང་གསལ། །མ་བསྒྲིབས་ཕྱི་ནང་མེད་པར་ཟང་ཐལ་བས། །མ་བཅོས་རྣམ་གཞག་ཆོས་ཉིད་ཆེན་པོར་གསལ། །བློ་བདེའི་མལ་ན་ལུས་སེམས་ཁོང་གློད་དེ། །ཤེས་པ་བག་ཡངས་བྱར་མེད་སྐྱེས་བུ་བཞིན། །སྒྲིམ་གློད་མེད་པས་ལུས་སེམས་གང་བདེར་ཞོག །སྐྱེས་བུ་རྣམས་ནི་རིག་པ་རེ་རེ་བ་སྟེ་གཉིས་ལ་སོགས་པ་མེད་པས་ན། འདིར་བཅིང་གྲོལ་རིག་པ་གཅིག་པུ་དེའི་སྟེང་ནས་བརྩི་དགོས་པས་གཅིག་གྲོལ་ཉིད་དེ། རིག་པ་གཅིག་པུ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན་ལ། དེ་རྟོགས་པ་ཐམས་ཅད་གྲོལ་བའི་ཕྱིར་ཡང་གཅིག་གྲོལ་ཞེས་འཐད་པ་དང་བཅས་པའོ། །དེ་ཡང་སྣང་བ་རྒྱ་ཡན་ལ་རིག་པ་ཟང་ཐལ་ཤར་དུས། སྣང་སེམས་ལ་མི་བསམ་པར་རིག་པ་ཟང་ཀ་གཅིག་པུ་དེ་ངོས་བཟུང་བས་ཆོས་ཉིད་རང་དོན་གསལ་ཏེ། བློ་བདེ་རང་མལ་ན་ཁོང་ཡངས་པ་སྐྱེས་བུ་ལས་ཟིན་པ་ལྟ་བུའི་གདམས་ངག་གོ། །འདི་ལག་ལེན་དུ་བྱེད་པ་ནི་རིག་པ་ཟང་ཀ་དེའི་རྩལ་ཤེས་པ་ཡུལ་སྣང་བ་གསུམ་འཛོམ་དུས་ཤེས་པ་ཡུལ་ལ་འཆར་ཡང་དེ་གཉིས་ལ་མི་བསམ་པར། རིག་པ་གཅིག་པུ་དེ་ངོས་བཟུང་བས། ཡུལ་སེམས་གཉིས་རྒྱལ་གྲོལ་ལ་འགྲོ་སྟེ། དོ་ཐག་གི་བརྟོད་ཕུར་གཅིག་པུ་དེ་བཏོན་པས་ཁལ་ཐམས་ཅད་རྒྱ་གྲོལ་ལ་གྲོལ་བ་བཞིན་ནོ། །དེ་ཡང་ཡུལ་ཤེས་པ་ཡིད་ལ་བྱེད་པ་གསུམ་པོ་དེ་ལ་ཀུན་རྟོག་འཁོར་བའི་ཆོས་ཞེས་ཐ་སྙད་བརྗོད་པས། རིག་པ་གཅིག་པུ་ངོས་ཟིན་པས་དེ་གསུམ་རྒྱ་གྲོལ་ལ་ཨར་སངས་པ་ནི་ཚིག་དང་བློ་ཟད་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སོ། །སྤང་བྱ་འཁོར་བ་དང་བླང་བྱ་མྱང་འདས་སུ་འཛིན་པ་ནི་ཡུལ་ཤེས་ཡིད་ལ་བྱེད་པ་གསུམ་ཡིན་པས། བློ་སྤང་གཉེན་དང་བྲལ་བའི་བར་དེར་རིག་པ་ཟང་ཀར་འཆར་བ་ལ་འགག་བསྡམ་པར་བྱའོ། །

[edit]
rywikitexts e-text of the Beijing 2009 edition (vol. 16), with its page numbers ༼N༽.

ཞེ་འདོད་མཐའ་དང་བཅས་པའི་གེགས་གསུམ་བསལ། །སྣང་ཤེས་ཐོག་བབས་རང་བྱུང་ཆེན་པོའི་འགག» «།རང་ཤར་སྤྲོས་བྲལ་རྒྱུ་རྐྱེན་བར་དུ་བསྡམ། །ཞེས་སོ། །ཡེ་གྲོལ་རྩ་བ་དང་བྲལ་བར་འགག་བསྡམ་པ་ནི། མི་འགྱུར་སྤྲོས་དང་བྲལ་བའི་རིག་པ་ལ། །ཤར་བ་ཡེ་ཤར་གནས་པ་ཡེ་གནས་ལ། །གྲོལ་བ་ཡེ་གྲོལ་ནམ་མཁའི་རང་བཞིན་ནོ། །སྨིག་རྒྱུའི་ཆུ་ཉིད་དུ་སྣང་བའི་དུས་ཆུར་ཡེ་ནས་མེད་པས་ཆུ་མ་ཡིན་པར་གྲོལ་ཟིན་པ་ལྟར། ཆོས་ཐམས་ཅད་རང་བཞིན་མེད་པར་ཡེ་ནས་སྟོང་ཞིང་བདག་མེད་པས་དངོས་པོ་དང་མཚན་མའི་ཆོས་ལས་ཡེ་ནས་གྲོལ་བ་སྟེ། དེ་ལྟར་ན་ཕྱི་སྣང་བ་དང་ནང་ཤེས་པ་ཇི་ལྟར་སྣང་ཞིང་ཤར་བ་ཐམས་ཅད་དང་པོར་སྐྱེ་བའི་རྒྱུས་སྟོང་པས་སྐྱེ་བར་སྣང་ཤར་བར་སྣང་བ་དེ་ཉིད་ནས་ཡོད་མ་མྱོང་བར་ཐག་བཅད། བར་དུ་ཤེས་ངོ་ལ་ད་ལྟ་གནས་པ་ལྟར་སྣང་བ་འདི་ཉིད་ནས་གནས་པ་རང་གི་ངོ་བོས་སྟོང་པས་མེད་པ་གསལ་སྣང་དུ་འཕྲང་བསལ། མཐར་འགགས་པ་ལྟར་སྣང་བ་དེ་ཡང་འགག་པ་རང་གི་ངོ་བོས་སྟོང་སྟེ་མ་སྐྱེས་པའི་ཕྱིར་མི་གནས་པ་སྟེ་འགག་པར་མ་གྲུབ་པ་ཉིད། སྨིག་རྒྱུའི་ཆུ་དེ་མི་སྣང་ངོ་འགགས་སོ་ཞེས་སེམས་པ་དང་འདྲ་བས། འཛིན་པ་ལོག་པ་ཙམ་ལས་དངོས་པོ་འགག་པ་མེད་པས་འགག་པ་མ་གྲུབ་པར་ལ་བཟླ་བ་སྟེ། ཡེ་ནས་ཡོད་མ་མྱོང་དུ་གྲོལ་ཟིན་པས་གང་བློ་ངོར་ཤར་བ་དེ་གཉེན་པོས་བསྐྱར་ནས་འགྲོལ་མི་དགོས་སོ་ཞེས་ཤེས་པར་བྱ་བ་ནི། མུ་ཏིག་ཕྲེང་བ་ལས། འབད་པས་གྲོལ་བ་མ་ཡིན་ཏེ། །ཡེ་ཉིད་ནས་ནི་གྲོལ་བར་གནས། །ཞེས་སོ། །འདི་ལག་ལེན་དུ་འགག་བསྡམ་པ་དངོས་ནི། ཤེས་ངོར་ཡུལ་སྣང་བའི་དུས་ན་གཞི་མེད་དུ་ཤེས་པས་གང་ལའང་བཅོས་བསླད་མེད་པར་ཕྱལ་གྱིས་གཏོང་བ་སྟེ། ཤེས་པ་ཐུག་ཕྲད་ལ་སྣང་བ་ཐུག་ཕྲད་དུ་ཤར་དུས། རིག་པ་ཐུག་ཕྲད་ཟང་ཀར་གཞི་མེད་དུ་བཏང་ནས་སྣང་བ་ལ་ཤེས་པ་མི་དགག» «མི་འཛིན། མི་དཔྱོད་པར་རིག་པ་རྗེན་པ་དེ་ཉིད་ཕྱལ་བར་སངས་སངས་ངོས་ཟིན་ལ་མ་ཡེངས་ཙམ་དུ་སྐྱོང་བ་སྟེ། ཁྱུང་ཆེན་ལས། མཚན་མ་ཡེ་དག་ཡོངས་སུ་གྲོལ་བའི་གཞི། །འབད་མེད་བྱ་བྲལ་བློ་ཡི་གེགས་བསལ་ཏེ། །ཐུག་ཕྲད་རྣམ་གསུམ་ཡུལ་ལ་རོལ་པའི་འགག» «།གང་ཤར་མ་ཡེངས་«༼༡༽«ཡུལ་སེམས་བར་དུ་བསྡམ། །ཞེས་པས། སྣང་བ་ལ་ཤེས་པ་ཤར་དུས་ཅོག་གིས་བཞག་པའི་བར་དེར་རིག་པ་ཟང་ཀ་དེ་འཆར་བ་ངོས་ཟིན་པར་བྱེད་པ་སྟེ་འདི་ཤིན་ཏུ་གནད་ཆེ་བར་ཡོད་པས་ཐེབས་པར་གདབ་ཅིང་རྒྱས་སུ་བཤད་དོ། །ཅེར་གྲོལ་མཐོང་ཡལ་ཆེན་པོར་འགག་བསྡམ་པ་ནི། ཤར་གནས་གྲོལ་གསུམ་ཤར་གྲོལ་རྒྱུན་ཆད་མེད། །རྒྱུན་ཆད་མེད་པས་རྒྱུ་འབྲས་བར་མ་ཆོད། །རྒྱུ་འབྲས་མེད་པས་འཁོར་བའི་གཡང་ས་ཆོད། །གཡང་ས་མེད་པས་གོལ་ས་ག་ལ་ཡོད། །འདིར་རིག་པ་རྒྱུན་ཆད་མེད་པས་དེའི་རྩལ་མ་འགགས་ཏེ་ཤེས་པ་ཡུལ་ལ་ཤར་བ་ལྟར་སྣང་དུས། ཡང་ན་འཆར། ཡང་ན་གནས། ཡང་ན་གྲོལ་བ་སྟེ་ཡལ་བ་གསུམ་ལས་མི་འདའ་བས། ཆུ་བོའི་རྒྱུན་འབབ་པ་དང་མཚུངས་ལ། »«རེང་བུ་«༼༢༽«སྐད་ཅིག་མ་ལ་རྒྱུ་འབྲས་ཀྱི་སོག་ལོང་མེད་དེ། ཤར་བ་དང་ཡལ་བ་དུས་མཉམ་པ་ཆུའི་རི་མོ་ལྟ་བུ་སྟེ། གནས་པ་དང་དེ་གཉིས་བློས་རིག་པའི་ཆ་ལ་བརྟགས་པ་ལས། ཤར་གྲོལ་དུ་ས་ལ་ལ་ཡོད་པ་ལ། རྒྱུ་འབྲས་ཡོད་མི་སྲིད་པར་རྗེན་རྗེན་རྟོགས་པས་འཁོར་བའི་རྒྱུ་ཟད་དེ། འབྲས་བུ་ཁམས་གསུམ་རིགས་དྲུག་ཏུ་འཁོར་མི་སྲིད་པས་བློ་བདེ་བའོ། །གནད་འདི་ལ་གོལ་ས་དང་སྒྲིབ་པ་མེད་དེ་ཤར་གྲོལ་དུ་དག་པས་གོལ་སྒྲིབ་ཆོས་ཉིད་དུ་ཆོད་དེ་རེ་དོགས་ཀྱི་གཡང་ས་ཆོད་པ་ཞེས་བྱའོ། །འདི་ལག་ལེན་དུ་འགག་བསྡམ་པ་ནི། ཡུལ་ལ་བློ་སྣང་ངམ་བློ་ལ་ཡུལ་སྣང་ངམ་གང་ཅིར་ཤར་ཡང་འདྲ་སྟེ། ཤར་ས་དེར་ཅེར་གྱྀས་བཞག་པའི་སྐད་ཅིག་ལ་རང་ཡལ་རྗེས་མེད་དུ་སངས་སེ་བ་ཅིག་མི་འོང་མི་སྲིད་དོ། །དེའི་དུས་སུ་ཡལ་བའི་ངང་དེ་བཞག་ལ། རིག་པ་གསལ་དག་ཟང་ངེ་བ་ཅིག་འདུག་པ་དེ་ངོས་བཟུང་བས་དངས་ཆ་ལྷག་ཏུ་ཆེ་ལ་ཆོད་ཆེ་བ་ཡིན་ནོ། །གཞན་ཀུན་ཡལ་བའི་ངང་སང་ངེ་བ་རྟོག་མེད་དེ་བསྒོམ་ཡང༌། ཁོ་བོ་ནི་དེ་རིག་པའི་གནས་ཆ་ཞི་གནས་སུ་འདོད་པས་གནད་མ་གོ་བར་བྱེད་དོ། །གང་ལའང་རིག་པ་རྗེན་པར་ཟང་ངེ་ཐལ་ལེ་བ་ཅིག་ངོས་ཟིན་དགོས་པ་དེ་རྫོགས་པ་ཆེན་པོ་འདིའི་ཁྱད་པར་གྱི་ཆོས་སུ་བཞེད་དགོས་པ་ཡིན་ནོ། །ཅེར་གྲོལ་གྱི་འགག་ཕྱི་ཡུལ་སྣང་ལ། ནང་ཤེས་པ་སྟོང་རིག་ཤར་དུས་ཀྱི་བར་དེར་རིག་པ་ངོས་བཟུང་བས་བསྡམ་པ་ཡིན་ཏེ། ཁྱུང་ཆེན་ལས། ཅེར་གྲོལ་རང་དག་མཐའ་གྲོལ་ཡོངས་སུ་རྫོགས། །གང་གི་མཐའ་བྲལ་གང་«༼༡༽«གཉིས་རང་གསལ་«༼༢༽«བས། །བྱ་བྲལ་ཀློང་ཆེན་མ་བཙལ་ཆེན་པོའི་» «འགག» «།ལུས་ངག་བྱ་བྲལ་སྣང་སྟོང་བར་དུ་བསྡམ། །ཞེས་སོ། །མཐའ་གྲོལ་བསམ་བརྗོད་ལས་འདས་པར་འགག་བསྡམ་པ་ནི། ཡེ་ནས་མི་འགྱུར་ཀུན་ཏུ་བཟང་པོའི་ཀློང༌། །འཕོ་འགྱུར་མེད་པས་རྡོ་རྗེ་སེམས་དཔའི་ཀློང༌། །གནས་ལུགས་རང་ངོ་ཤེས་པ་ཙམ་ཉིད་ལ། །སངས་རྒྱས་ཞེས་སུ་མིང་འདི་བཏགས་པར་ཟད། །རིག་པའི་ངོ་བོ་ལ་གང་དུའང་མ་གྲུབ་པས་ཀུན་ཏུ་བཟང་པོ་སྟེ་སྟོང་གསལ་ཟང་ཐལ་བས་རྡོ་རྗེ་སེམས་དཔའི་ཀློང་ཡངས་པ་དེ་ངོས་ཟིན་པ་ལ་སངས་རྒྱས་རང་ལ་རྙེད་པ་ཞེས་བྱའི། དེ་ལས་«༼༣༽«གཞན་དུ་བཙལ་ཡང་མི་རྙེད་དེ། སྒྱུ་འཕྲུལ་ལས། ཕྱོགས་བཅུ་དུས་བཞི་གང་ནས་ཀྱང༌། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་ཚོལ་ཅིག» «།ཅེས་པ་དང༌། འཕགས་པ་འདའ་ཀ་ཡེ་ཤེས་ལས། སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་ཚོལ་ཅིག» «།ཅེས་» «སོ། །འདི་ལག་ཏུ་ལེན་ན་ཤར་རམ་མ་ཤར་རམ་གང་ལའང་འདྲ་བས། ཕྱི་ཡུལ་ལ་ཕར་མི་བསམ། ནང་སེམས་ལ་ཚུར་མི་རྟོག» «བར་སྐྱེ་མེད་ལ་རང་སར་མི་འཇོག་པར་རིག་པ་ཟང་ཐལ་བ་དེ་ཅར་ཕོག་ཏུ་ངོས་བཟུང་བས། གང་ཡང་མ་སྤངས་པར་བློའི་མདུན་ན་མི་གནས་པའི་མཐའ་བྲལ་སྤྲོས་པ་དང་བསམ་བརྗོད་ལས་འདས་པ་ནམ་མཁའ་ལྟ་བུའི་དགོངས་པ་ལ་སྐད་ཅིག་དེ་གར་གནས་ཏེ། རྟོག་པའི་འཕྲོ་འདུ་མེད་པས་བློའི་མདུན་ན་མི་གནས་པ་ཞེས་བྱའོ། །སྣང་བའི་ཡུལ་ལ་མི་རྟོག་པས་དངོས་པོ་མཚན་མ་མེད་པ་ཞེས་བྱའོ། །ཡུལ་སྣང་དངོས་པོ་དང༌། ཤེས་པའི་འཕྲོ་འདུ་དངོས་མེད་གཉིས་མེད་དུས། འཁོར་འདས་སུ་འཇལ་«༼༡༽«ཞིང་འཛིན་བྱེད་ཀྱི་རྣམ་པ་གཞན་མེད་པས། སོ་སོ་རང་གི་རིག་པའི་ཡེ་ཤེས་སྨྲ་བསམ་བརྗོད་པ་མེད་པ་རང་གི་རིག་པ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། མཐའ་གྲོལ་ཡིན་པས་མུ་བཞི་འགགས། །ཞེས་པ་དང༌། ཁྱུང་ཆེན་ལས་ཀྱང༌། རང་གཞག་ལྟོས་དང་འཁོར་འདས་བྱ་བ་བྲལ། །རང་ཡིན་གཞན་ཡིན་སྣང་ཤེས་ཆོ་འཕྲུལ་ཀྱང༌། །» «འགྱུས་མཐོང་འཛིན་དང་ཞེན་པའི་གེགས་བསལ་བས། །ཅོག་གཞག་ཚིག་ཏུ་སྤྲོ་བའི་མཐའ་འགགས་ཏེ། །ཡིད་དང་སེམས་ཀྱི་ཆོ་འཕྲུལ་ཅི་སྣང་འགག» «།ཆོས་བྲལ་ཡིད་དང་བྱེད་པའི་བར་དུ་བསྡམ། །ཞེས་སོ། །གནད་འདི་ནི་འཕགས་པ་རྣམས་གཤེགས་ཤིང་རྗེས་སུ་གཤེགས་པ་སྤྱིའི་ལམ་པོ་ཆེ་སྟེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་» «ལོ། །ཞེས་པ་དང༌། སྐྱེ་མེད་རིན་པོ་ཆེའི་མཛོད་ལས། གར་ཡང་མ་རྟོགས༷་ཅིར་ཡང་མ་བསམས་ཤིག» «།བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག» «།མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། །ཞེས་པ་དང༌། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག» «།» «བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། །མཐའ་གྲོལ་ཆོས་ཉིད་ཀྱི་དོན་ལ་བསྔགས་པ་ནི། འདི་ཉིད་རྟོགས་ན་བླང་དོར་ཆོས་མེད་པས། །» «ཐམས་ཅད་ཆོས་ཉིད་གཅིག་ཏུ་ཕྱམ་གདལ་བ། །གསེར་གླིང་ལྟ་བུར་དབྱེ་བསལ་མེད་པ་ཡིན། །མཐའ་ཡིས་མ་རེག་གོལ་སྒྲིབ་གདར་ཤ་ཆོད། །གཡང་ས་མེད་པའི་བྱང་ཆུབ་སེམས་ཉིད་ལ། །འབད་རྩོལ་མེད་པའི་སྐུ་གསུམ་ལྷུན་རྫོགས་ཀྱང༌། །» «བསམ་བརྗོད་འདས་ཞེས་མིང་ཙམ་བརྗོད་པར་ཟད། །ཆོས་ཐམས་ཅད་གཞི་མེད་ནམ་མཁའ་ལྟར་རྟོགས་ནས་གང་ལའང་བཟང་ངན་དང་བླང་དོར་བྱ་བའི་ཆོས་མེད་པས་མཉམ་པ་ཉིད་དུ་མཐོང་བ་ནི། གསེར་གླིང་ན་དངོས་པོ་ཐམས་ཅད་གསེར་དུ་མཉམ་པས་གཟུགས་ཅི་སྣང་ཡང་བཟང་ངན་མེད་པའི་དངོས་པོ་ཕལ་པའི་རྡོ་གསེག་མི་རྙེད་དེ་ཐམས་ཅད་གསེར་དུ་ཡོད་པ་ལྟར། ཆོས་ཐམས་ཅད་མཐའ་བྲལ་རྫོགས་པ་ཆེན་པོར་ཕྱམ་གདལ་བས། གོལ་སྒྲིབ་དང་འཁོར་འདས་མིང་མེད་དེ་ཕྱམ་མཉམ་ཡངས་པ་ཆེན་པོའི་ཆོས་ཉིད་ལ་སྐུ་གསུམ་ལྷུན་གྲུབ་ཏུ་གནས་ཞེས་བརྗོད་པའང་མིང་ཙམ་ལས། དོན་ལ་མཚོན་བརྗོད་ལས་འདས་པར་མཐའ་ཆོད་པས། དགོངས་པ་བློ་འདས་ཆེན་པོར་ལྷུན་གྱིས་གྲུབ་པའོ། །རང་གྲོལ་ལས། མཐའ་དང་དྲི་མའི་ཆོས་ལས་འདས། །མཐའ་བཞིའི་དྲི་མ་རང་སངས་» «ཉིད། །འཛིན་པའི་ཕྱོགས་ཆ་ཉིད་དང་བྲལ། །ཞེས་སོ། །གཅིག་གྲོལ་ལ་ཟླ་«༼༡༽«མེད་པས་ཟང་ཀ་རྗེན་པར་འགག་བསྡམ་པ་ནི། སྣང་བ་རྒྱ་ཡན་རིག་པ་རང་བྱུང་གསལ། །མ་བསྒྲིབས་ཕྱི་ནང་མེད་པར་ཟང་ཐལ་བས། །མ་བཅོས་རྣལ་གཞག་ཆོས་ཉིད་ཆེན་པོར་གསལ། །བློ་བདེའི་མལ་ན་ལུས་སེམས་ཁོང་གློད་» «དེ། །ཤེས་པ་བག་ཡངས་བྱར་མེད་སྐྱེས་བུ་བཞིན། །སྒྲིམ་ཀློད་«༼༡༽«མེད་པས་ལུས་སེམས་གང་བདེར་ཞོག» «།སྐྱེས་བུ་རྣམས་ནི་རིག་པ་རེ་རེ་བ་སྟེ་གཉིས་ལ་སོགས་པ་མེད་པས་ན། འདིར་བཅིང་གྲོལ་རིག་པ་གཅིག་པུ་དེའི་སྟེང་ནས་བརྩི་དགོས་པས་གཅིག་གྲོལ་ཉིད་དེ། རིག་པ་གཅིག་པུ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན་ལ། དེ་རྟོགས་པས་ཐམས་ཅད་གྲོལ་བའི་ཕྱིར་ཡང་གཅིག་གྲོལ་ཞེས་འཐད་པ་དང་བཅས་པའོ། །དེ་ཡང་སྣང་བ་རྒྱ་ཡན་ལ་རིག་པ་ཟང་ཐལ་ཤར་དུས། སྣང་སེམས་ལ་མི་བསམ་པར་རིག་པ་ཟང་ཀ་གཅིག་པུ་དེ་ངོས་བཟུང་བས་ཆོས་ཉིད་རང་ངོ་ན་གསལ་ཏེ། བློ་བདེ་རང་མལ་ན་ཁོང་ཡངས་པ་སྐྱེས་བུ་ལས་ཟིན་པ་ལྟ་བུའི་གདམས་ངག་གོ» «།འདི་ལག་ལེན་དུ་བྱེད་པ་ནི་རིག་པ་ཟང་ཀ་དེའི་རྩལ་ཤེས་པ་ཡུལ་སྣང་བ་གསུམ་འཛོམ་དུས་ཤེས་པ་ཡུལ་ལ་འཆར་ཡང་དེ་གཉིས་ལ་མི་བསམ་པར། རིག་པ་གཅིག་པུ་དེ་ངོས་བཟུང་བས། ཡུལ་སེམས་གཉིས་རྒྱ་གྲོལ་ལ་འགྲོ་སྟེ། དོ་ཐག་གི་བརྟོད་ཕུར་གཅིག་པུ་དེ་བཏོན་པས་ཁལ་ཐམས་ཅད་རྒྱ་གྲོལ་ལ་འགྲོ་བ་བཞིན་ནོ། །དེ་ཡང་ཡུལ་ཤེས་པ་ཡིད་ལ་བྱེད་པ་གསུམ་པོ་དེ་ལ་ཀུན་རྟོག་འཁོར་བའི་ཆོས་ཞེས་ཐ་སྙད་བརྗོད་པས། རིག་པ་གཅིག་པུ་ངོས་ཟིན་པས་དེ་གསུམ་རྒྱ་གྲོལ་ལ་ཨར་སངས་པ་ནི་ཚིག་དང་བློ་ཟད་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སོ། །སྤང་བྱ་འཁོར་བ་དང་བླང་བྱ་མྱང་འདས་སུ་འཛིན་པ་ནི་ཡུལ་ཤེས་ཡིད་ལ་བྱེད་པ་གསུམ་ཡིན་པས། བློ་སྤང་གཉེན་དང་བྲལ་བའི་བར་དེར་རིག་པ་ཟང་ཀར་འཆར་བ་ལ་འགག་བསྡམ་པར་བྱའོ། །

[edit]
OCR of the BDRC scans (I2PD20601, I2PD20602), gorn05 tibocr 2026: BDRC OCR on 244 pages, Mitra OCR on 127 pages (the model with more recognisable syllables on each page).

[p. 173] ཞེ་འདོད་མཐའ་དང་བཅས་པའི་གེགས་གསུམ་བསལ། །སྣང་ཤེས་ཐོག་བབས་རང་བྱུང་ཆེན་པོའི་འགག །རང་ཤར་སྤྲོས་བྲལ་རྒྱུ་རྐྱེན་བར་དུ་བསྡམ། །ཞེས་སོ། །ཡེ་གྲོལ་རྩ་བ་དང་བྲལ་བར་འགག་བསྡམ་པ་ནི། མི་འགྱུར་སྤྲོས་དང་བྲལ་བའི་རིག་པ་

[p. 174] ལ། །ཤར་བ་ཡེ་ཤར་གནས་པ་ཡེ་གནས་ལ། །གྲོལ་བ་ཡེ་གྲོལ་ནམ་མཁའི་རང་བཞིན་ནོ། །སྨིག་རྒྱུའི་ཆུ་ཉིད་དུ་སྣང་བའི་དུས་ཆུར་ཡེ་ནས་མེད་པས་ཆུ་མ་ཡིན་པར་གྲོལ་ཟིན་པ་ལྟར། ཆོས་ཐམས་ཅད་རང་བཞིན་མེད་པར་ཡེ་ནས་སྟོང་ཞིང་བདག་མེད་པས་ དངོས་པོ་དང་མཚན་མའི་ཆོས་ལས་ཡེ་ནས་གྲོལ་བ་སྟེ། དེ་ལྟར་ན་ཕྱི་སྣང་བ་དང་ནང་ཤེས་པ་ཇི་ལྟར་སྣང་ཞིང་ཤར་བ་ཐམས་ཅད་དང་པོར་སྐྱེ་བའི་རྒྱུས་སྟོང་པས་སྐྱེ་བར་སྣང་ཤར་བར་སྣང་བ་དེ་ཉིད་ནས་ཡོད་མ་མྱོང་བར་ཐག་བཅད། བར་དུ་ཤེས་ངོ་ལ་ད་ལྟ་གནས་ པ་ལྟར་སྣང་བ་འདི་ཉིད་ནས་གནས་པ་རང་གི་ངོ་བོས་སྟོང་པས་མེད་པ་གསལ་སྣང་དུ་འཕྲང་བསལ། མཐར་འགགས་པ་ལྟར་སྣང་བ་དེ་ཡང་འགག་པ་རང་གི་ངོ་བོས་སྟོང་སྟེ་མ་སྐྱེས་པའི་ཕྱིར་མི་གནས་པ་སྟེ་འགག་པར་མ་གྲུབ་པ་ཉིད། སྨིག་རྒྱུའི་ཆུ་དེ་མི་སྣང་ངོ་ འགགས་སོ། །ཞེས་སེམས་པ་དང་འདྲ་བས། འཛིན་པ་ལོག་པ་ཙམ་ལས་དངོས་པོ་འགག་པ་མེད་པས་འགག་པ་མ་གྲུབ་པར་ལག་ཟླ་བ་སྟེ། ཡེ་ནས་ཡོད་མ་མྱོང་དུ་གྲོལ་ཟིན་པས་གང་བློ་ངོར་ཤར་བ་དེ་གཉེན་པོས་བསྐྱར་ནས་འགྲོལ་མི་དགོས་སོ་ཞེས་ཤེས་པར་བྱ་བ་ ནི། མུ་ཏིག་ཕྲེང་བ་ལས། འབད་པས་གྲོལ་བ་མ་ཡིན་ཏེ། །ཡེ་ཉིད་ནས་ནི་གྲོལ་བར་གནས། །ཞེས་སོ། །འདི་ལག་ལེན་དུ་འགག་བསྡམ་པ་དངོས་ནི། ཤེས་ངོར་ཡུལ་སྣང་བའི་དུས་ན་གཞི་མེད་དུ་ཤེས་པས་གང་ལའང་བཅོས་བསླད་མེད་པར་བྱ་ལ་ གྱིས་གཏོང་བ་སྟེ། ཤེས་པ་ཐུག་ཕྲད་ལ་སྣང་བ་ཐུག་ཕྲད་དུ་ཤར་དུས། རིག་པ་ཐུག་ཕྲད་ཟང་ཀར་གཞི་མེད་དུ་བཏང་ནས་སྣང་བ་ལ་ཤེས་པ་མི་དགག །མི་འཛིན། མི་དཔྱོད་པར་རིག་པ་རྗེན་པ་དེ་ཉིད་བྱ་ལ་བར་སངས་སངས་ངོས་ཟིན་ལ་མ་ཡེངས་ཙམ་དུ་སྐྱོང་བ་ སྟེ། ཁྱུང་ཆེན་ལས། མཚན་མ་ཡེ་དག་ཡོངས་སུ་གྲོལ་བའི་གཞི། །འབད་མེད་བྱ་བྲལ་བློ་ཡི་གེགས་བསལ་ཏེ། །ཐུག་ཕྲད་རྣམ་གསུམ་ཡུལ་ལ་རལ་པའི་འགག །གང་ཤར་མ་ཡེངས་ཡུལ་སེམས་བར་དུ་བསྡམ། །ཞེས་པས། སྣང་བ་ལ་ཤེས་པ་

[p. 175] ༄༅། །ཤར་དུས་ཙོག་གིས་བཞག་པའི་བར་དེར་རིག་པ་ཟང་ཀ་དེ་འཆར་བ་ངོས་ཟིན་པར་བྱེད་པ་སྟེ་འདི་ཤིན་ཏུ་གནད་ཆེ་བར་ཡོད་པས་ཐེབས་པར་གང་བ་ཅིང་རྒྱས་སུ་བཤད་དོ། །ཅེར་གྲོལ་མཐོང་ཡལ་ཆེན་པོར་འགག་བསྡམ་པ་ནི། ཤར་གནས་གྲོལ་ གསུམ་ཤར་གྲོལ་རྒྱུན་ཆད་མེད། །རྒྱུན་ཆད་མེད་པས་རྒྱུ་འབྲས་བར་མཆོད། །རྒྱུ་འབྲས་མེད་པས་འཁོར་བའི་གཡང་ས་ཆོད། །གཡང་ས་མེད་པས་གོལ་ས་ག་ལ་ཡོད། །འདིར་རིག་པ་རྒྱུན་ཆད་མེད་པས་དེའི་རྩལ་མ་འགགས་ཏེ་ཤེས་པ་ཡུལ་ལ་ཤར་བ་ལྟར་ སྣང་དུས། ཡང་ན་འཆར། ཡང་ན་གནས། ཡང་ན་གྲོལ་བ་སྟེ་ཡལ་བ་གསུམ་ལས་མི་འདའ་བས། ཆུ་བོའི་རྒྱུན་འབབ་པ་དང་མཚུངས་ལ། རེང་བུ་སྐད་ཅིག་མ་ལ་རྒྱུ་འབྲས་ཀྱི་སོག་ལོང་མེད་དེ། ཤར་བ་དང་ཡལ་བ་དུས་མཉམ་པ་ཆུའི་རི་མོ་ལྟ་བུ་སྟེ། ། གནས་པ་ཡང་དེ་གཉིས་བློས་རིག་པའི་ཆ་ལ་བརྟགས་པ་ལས། ཤར་གྲོལ་དུས་ལ་ལ་ཡོད་པ་ལ། རྒྱུ་འབྲས་ཡོད་མི་སྲིད་པར་རྗེ་ན་རྗེ་ན་རྟོགས་པས་འཁོར་བའི་རྒྱུ་ཟད་དེ། འབྲས་བུ་ཁ་མར་གསུར་རིགས་དྲུག་ཏུ་འཁོར་མི་སྲིད་པས་བློ་བདེ་བའོ། །གནད་འདི་ལ་གོལ་ ས་དང་སྒྲིབ་པ་མེད་དེ་ཤར་གྲོལ་དུ་དག་པས་གོལ་སྒྲིབ་ཆོས་ཉིད་དུ་ཆོད་དེ་རེ་རེ་དོགས་ཀྱི་གཡང་ས་ཆོད་པ་ཞེས་བྱའོ། །འདི་ལ་གལ་ལེན་དུ་འགག་བསྡམ་པ་ནི། ཡུལ་ལ་བློ་སྣང་ངམ་བློ་ལ་ཡུལ་སྣང་ངམ་གང་ཅིར་ཤར་ཡང་འདུ་སྟེ། ཤར་ས་དེར་ཅེར་གྱིས་བཞག་ པའི་སྐད་ཅིག་ལ་རང་ཡལ་རྗེས་མེད་དུ་སངས་སེ་བ་ཅིག་མི་འོང་མི་སྲིད་དོ། །དེའི་དུས་སུ་ཡལ་བའི་ངང་དེ་བཞག་ལ། རིག་པ་གསལ་དག་ཟང་ངེ་བ་ཅིག་འདུག་པ་དེ་ངོས་བཟུང་བས་དངས་ཆ་ལྷག་ཏུ་ཆེ་ལ་ཆོད་ཆེ་བ་ཡིན་ནོ། །གཞན་ཀུན་ཡལ་བའི་ངང་སར་ངེ་ བ་རྟོག་མེད་དེ་བསྒོམ་ཡང་། ཁོ་བོ་ནི་དེ་རིག་པའི་གནས་ཆ་ཞི་གནས་སུ་འདོད་པས་གནད་མ་གོ་བར་བྱེད་དེ། གང་ལའང་རིག་པ་རྗེན་པར་ཟང་ངེ་ཐལ་ལེ་བ་ཅིག་ངོས་ཟིན་དགོས་པ་དེ་རྫོགས་པ་ཆེན་པོ་འདིའི་ཁྱད་པར་གྱི་ཆོས་སུ་བཞེད་དགོས་པ་ཡིན་ནོ། །ཅེར་

[p. 176] གྲོལ་གྱི་འགག་ཕྱི་ཡུལ་སྣང་ལ། ནང་ཤེས་པ་སྟོང་རིག་ཤར་དུས་ཀྱི་བར་དེར་རིག་པ་ངོས་བཟུང་བས་བསྡམ་པ་ཡིན་ཏེ། ཁྱུང་ཆེན་ལས། ཅེར་གྲོལ་རང་དག་མཐའ་གྲོལ་ཡོངས་སུ་རྫོགས། །གང་གི་མཐའ་བྲལ་གང་གཉིས་རང་གསལ་བས། །རྩ་བྲལ་ཀློང་ཆེན་མ་བཙལ་ཆེན་པོའི་འགག །ལུས་ངག་བྱ་བྲལ་སྣང་སྟོང་བར་དུ་བསྡམ། །ཞེས་སོ། །མཐའ་གྲོལ་བསམ་བརྗོད་ལས་འདས་པར་འགག་བསྡམ་པ་ནི། ཡེ་ནས་མི་འགྱུར་ཀུན་དུ་བཟང་པོའི་ཀློང་། །འཕོ་འགྱུར་མེད་པས་རྡོ་རྗེ་སེམས་དཔའི་ཀློང་། །གནས་ལུགས་རང་ངོ་ཤེས་པ་ཙམ་ཉིད་ལ། །སངས་རྒྱས་ཞེས་སུ་མིང་འདི་བཏགས་པར་ཟད། །རིག་པའི་ངོ་བོ་ལ་གང་དུའང་མ་གྲུབ་པས་ཀུན་དུ་བཟང་པོ་སྟེ་སྟོང་གསལ་ཟང་ཐལ་བས་རྡོ་རྗེ་སེམས་དཔའི་ཀློང་ཡངས་པ་དེ་ངོས་ཟིན་པ་ལ་སངས་རྒྱས་རང་ལ་རྙེད་པ་ཞེས་བྱའི། དེ་ལས་གཞན་དུ་བཙལ་ཡང་མི་རྙེད་དེ། སྒྱུ་འཕྲུལ་ལས། ཕྱོགས་བཅུ་དུས་བཞི་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་ཚོལ་ཞིག །ཅེས་པ་དང་། འཕགས་པ་འདའ་ཀ་ཡེ་ཤེས་ལས། སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་སོ། །འདི་ལག་ཏུ་ལེན་ན་ཤར་རམ་མ་ཤར་རམ་གང་ལའང་འདྲ་བས། ཕྱི་ཡུལ་ལ་ཕར་མི་བསམ། ནང་སེམས་ལ་ཚུར་མི་རྟོག །བར་སྐྱེ་མེད་ལ་རང་སར་མི་འཇོག་པར་རིག་པ་ཟང་ཐལ་བདེ་ཅར་ཕོག་ཏུ་ངོས་བཟུང་བས། གང་ཡང་མ་སྤངས་པར་བློའི་མདུན་ན་མི་གནས་པའི་མཐའ་བྲལ་སྤྲོས་པ་དང་བསམ་བརྗོད་ལས་འདས་པ་ནམ་མཁའ་ལྟ་བུའི་དགོངས་པ་ལ་སྐད་ཅིག་དེ་ཀར་གནས་ཏེ། རྟོག་པའི་འཕྲོ་འདུ་མེད་པས་བློའི་མདུན་ན་མི་གནས་པ་ཞེས་བྱའོ། །སྣང་བའི་ཡུལ་ལ་མི་རྟོག་པས་དངོས་པོ་མཚན་མ་མེད་པ་ཞེས་བྱའོ། །ཡུལ་སྣང་དངོས་པོ་དང་། ཤེས་པའི་འཕྲོ་འདུ་དངོས་མེད་གཉིས་མེད་དུས། འཁོར་འདས་སུ་མཇལ་ཞིང་འཛིན་བྱེད་ཀྱི་རྣམ་

[p. 177] ༄༅། །པ་གཞན་མེད་པས། སོ་སོ་རང་གི་རིག་པའི་ཡེ་ཤེས་སྨྲ་བསམ་བརྗོད་པ་མེད་པ་རང་གི་རིག་པ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། མཐའ་གྲོལ་ཡིན་པས་མུ་བཞི་འགགས། །ཞེས་པ་དང་། ཁྱུང་ཆེན་ལས་ཀྱང་། རང་གཞག་ལྟོས་དང་ འཁོར་འདས་བྱ་བ་བྲལ། །རང་ཡིན་གཞན་ཡིན་སྣང་ཤེས་ཆོ་འཕྲུལ་ཀྱང་། །འགྱུས་མཐོང་འཛིན་དང་ཞེན་པའི་གེགས་བསལ་བས། །ཅོག་གཞག་ཚིག་ཏུ་སྤྲོ་བའི་མཐའ་འགགས་ཏེ། །ཡིད་དང་སེམས་ཀྱི་ཆོ་འཕྲུལ་ཅི་སྣང་འགག །ཆོས་བྲལ་ཡིད་ དང་བྱེད་པའི་བར་དུ་བསྡམ། །ཞེས་སོ། །གནད་འདི་ནི་འཕགས་པ་རྣམས་གཤེགས་ཤིང་རྗེས་སུ་གཤེགས་པ་སྤྱིའི་ལམ་པོ་ཆེ་སྟེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་ སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། སྐྱེ་མེད་རིན་པོ་ཆེའི་མཛོད་ལས། གར་ཡང་མ་རྟོགས་ཅིར་ཡང་མ་བསམས་ཤིག །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་ མཛོད། །དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། །ཞེས་པ་དང་། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པ་ལ་སོགས་ པ་གསུངས་པ་བཞིན་ནོ། །མཐའ་གྲོལ་ཆོས་ཉིད་ཀྱི་དོན་ལ་བསྔགས་པ་ནི། འདི་ཉིད་རྟོགས་ནས་བླང་དོར་ཆོས་མེད་པས། །ཐམས་ཅད་ཆོས་ཉིད་གཅིག་ཏུ་བྱ་མ་གདལ་པ། །གསེར་གླིང་ལྟ་བུར་དབྱེ་བསལ་མེད་པ་ཡིན། །མཐའ་ཡིས་མ་རེག་གོལ་སྒྲིབ་གདར་ མཆོད། །གཡང་ས་མེད་པའི་བྱང་ཆུབ་སེམས་ཉིད་ལ། །འབད་རྩོལ་མེད་པའི་སྐུ་གསུམ་ལྷུན་རྫོགས་ཀྱང་། །བསམ་བརྗོད་འདས་ཞེས་མིང་ཙམ་བརྗོད་པར་ཟད། །ཆོས་ཐམས་ཅད་གཞི་མེད་ནམ་མཁའ་ལྟར་རྟོགས་ནས་གང་ལའང་བཟང་ངན་དང་བླང་དོར་བྱ་བའི་

[p. 178] ཆོས་མེད་པས་མཉམ་པ་ཉིད་དུ་མཐོང་བ་ནི། གསེར་གླིང་ན་དངོས་པོ་ཐམས་ཅད་གསེར་དུ་མཉམ་པས་གཟུགས་ཅི་སྣང་ཡང་བཟང་ངན་མེད་པའི་དངོས་པོ་ཕལ་པའི་རྡོ་གསེག་མི་རྙེད་དེ་ཐམས་ཅད་གསེར་དུ་ཡོད་པ་ལྟར། ཆོས་ཐམས་ཅད་མཐའ་བྲལ་རྫོགས་པ་ཆེན་པོར་ཕྱམ་གདལ་བས། གོལ་སྒྲིབ་དང་འཁོར་འདས་མིང་མེད་དེ་ཕྱམ་མཉམ་ཡངས་པ་ཆེན་པོའི་ཆོས་ཉིད་ལ་སྐུ་གསུམ་ལྷུན་གྲུབ་ཏུ་གནས་ཞེས་བརྗོད་པའང་མིང་ཙམ་ལས། དོན་ལ་མཚོན་བརྗོད་ལས་འདས་པར་མཐའ་ཆོད་པས། དགོངས་པ་བློ་འདས་ཆེན་པོར་ལྷུན་གྱིས་གྲུབ་པའོ། །རང་གྲོལ་ལས། མཐའ་དང་དྲི་མའི་ཆོས་ལས་འདས། །མཐའ་བཞིའི་དྲི་མ་རང་སངས་ཉིད། །འཛིན་པའི་ཕྱོགས་ཆ་ཉིད་དང་བྲལ། །ཞེས་སོ། །གཅིག་གྲོལ་ལ་ཟླ་མེད་པས་ཟང་ཀ་རྗེན་པར་འགག་བསྡམ་པ་ནི། སྣང་བ་རྒྱ་ཡན་རིག་པ་རང་བྱུང་གསལ། །མ་བསྒྲིབས་ཕྱི་ནང་མེད་པར་ཟང་ཐལ་བས། །མ་བཅོས་རྣལ་གཞག་ཆོས་ཉིད་ཆེན་པོར་གསལ། །བློ་བདེའི་མལ་ན་ལུས་སེམས་ཁོང་གློད་དེ། །ཤེས་པ་བག་ཡངས་བྱར་མེད་སྐྱེས་བུ་བཞིན། །སྒྲིམ་གློད་མེད་པས་ལུས་སེམས་གང་བདེར་ཞོག །སྐྱེས་བུ་རྣམས་ནི་རེག་པ་རེ་རེ་བ་སྟེ་གཉིས་ལ་སོགས་པ་མེད་པས་ན། འདིར་བཅིང་གྲོལ་རིག་པ་གཅིག་པུ་དེའི་སྟེང་ནས་བརྩི་དགོས་པས་གཅིག་གྲོལ་ཉིད་དེ། རིག་པ་གཅིག་པུ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན་ལ། དེ་རྟོགས་པས་ཐམས་ཅད་གྲོལ་བའི་ཕྱིར་ཡང་གཅིག་གྲོལ་ཞེས་འཐད་པ་དང་བཅས་པའོ། །དེ་ཡང་སྣང་བ་རྒྱ་ཡན་ལ་རིག་པ་ཟང་ཐལ་ཤར་དུས། སྣང་སེམས་ལ་མི་བསམ་པར་རིག་པ་ཟང་ཀ་གཅིག་པུ་དེ་ངོས་བཟུང་བས་ཆོས་ཉིད་རང་ངོ་ན་གསལ་ཏེ། བློ་བདེ་རང་མལ་ན་ཁོང་ཡངས་པ་སྐྱེས་བུ་ལས་ཟིན་པ་ལྟ་བུའི་གདམས་ངག་གོ། །འདི་ལག་ལེན་དུ་བྱེད་པ་ནི་རིག་པ་ཟང་ཀ་དེའི་རྩལ་ཤེས་པ་ཡུལ་སྣང་བ་གསུམ་འཛོམ་དུས་ཤེས་པ་ཡུལ་ལ་འཆར་ཡང་དེ་གཉིས་ལ་མི་བསམ་པར། རིག་པ་གཅིག་པུ་དེ་ངོས་བཟུང་པས། ཡུལ་སེམས་གཉིས་རྒྱ་གྲོལ་ལ་

[p. 179] འགྲོ་སྟེ། དོ་ཐག་གི་བརྟོད་པུར་གཅིག་པུ་དེ་བཏེན་པས་ཁལ་ཐམས་ཅད་རྒྱ་གྲོལ་ལ་འགྲོ་བ་བཞིན་ནོ། །དེ་ཡང་ཡུལ་ཤེས་པ་ཡིད་ལ་བྱེད་པ་གསུམ་པོ་དེ་ལ་ཀུན་རྟོག་འཁོར་བའི་ཆོས་ཞེས་ཐ་སྙད་བརྗོད་པས། རིག་པ་གཅིག་པུ་ངོས་ཟིན་པས་དེ་གསུམ་རྒྱ་གྲོལ་ལ་ཨར་སངས་པ་ནི་ཚིག་དང་བློ་ཟད་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སོ། །སྤང་བྱ་འཁོར་བ་དང་བླང་བྱ་མྱང་འདས་སུ་འཛིན་པ་ནི་ཡུལ་ཤེས་ཡིད་ལ་བྱེད་པ་གསུམ་ཡིན་པས། བློ་སྤང་གཉེན་དང་བྲལ་བའི་བར་དེར་རིག་པ་ཟང་ཀར་འཆར་བ་ལ་འགག་བསྡམ་པར་བྱའོ། །

[edit]
OCR of the BDRC scans (I3CN4267), gorn05 tibocr 2026: BDRC OCR on 226 pages, Mitra OCR on 175 pages (the model with more recognisable syllables on each page).

[p. 245] འདོད་མཐའ་དང་བཅས་པའི་གེགས་གསུམ་བསལ། །སྣང་ཤེས་ཐོག་བབས་རང་ བྱུང་ཆེན་པོའི་འགག །རང་ཤར་སྤྲོས་བྲལ་རྒྱུ་རྐྱེན་བར་དུ་བསྡམ། །ཞེས་སོ། །ཡེ་

[p. 246] ༈ ལེའུ་བཅུ་པ་དགོངས་པ་ཆོས་ཉིད་ལས་མི་གཡོ་བར་བསྟན་པ། གྲོལ་རྩ་བ་དང་བྲལ་བར་འགག་བསྡམ་པ་ནི། མི་འགྱུར་སྤྲོས་དང་བྲལ་བའི་རིག་ པ་ལ། །ཤར་བ་ཡེ་ཤར་གནས་པ་ཡེ་གནས་ལ། །གྲོལ་བ་ཡེ་གྲོལ་ནམ་མཁའི་རང་ བཞིན་ནོ། །སྨིག་རྒྱུའི་ཆུ་ཉིད་དུ་སྣང་བའི་དུས་ཆུར་ཡེ་ནས་མེད་པས་ཆུ་མ་ཡིན་ པར་གྲོལ་ཟིན་པ་ལྟར། ཆོས་ཐམས་ཅད་རང་བཞིན་མེད་པར་ཡེ་ནས་སྟོང་ཞིང་ བདག་མེད་པས་དངོས་པོ་དང་མཚན་མའི་ཆོས་ལས་ཡེ་ནས་གྲོལ་བ་སྟེ། དེ་ལྟར་ ན་ཕྱི་སྣང་བ་དང་ནང་ཤེས་པ་ཇི་ལྟར་སྣང་ཞིང་ཤར་བ་ཐམས་ཅད་དང་པོར་སྐྱེ་བའི་ རྒྱུས་སྟོང་པས་སྐྱེ་བར་སྣང་ཤར་བར་སྣང་བ་དེ་ཉིད་ནས་ཡོད་མ་མྱོང་བར་ཐག་ བཅད། བར་དུ་ཤེས་ངོ་ལ་ད་ལྟ་གནས་པ་ལྟར་སྣང་བ་འདི་ཉིད་ནས་གནས་པ་རང་ གི་ངོ་བོས་སྟོང་པས་མེད་པ་གསལ་སྣང་དུ་འཕྲང་བསལ། མཐར་འགགས་པ་ལྟར་ སྣང་བ་དེ་ཡང་འགག་པ་རང་གི་ངོ་བོས་སྟོང་སྟེ་མ་སྐྱེས་པའི་ཕྱིར་མི་གནས་པ་སྟེ་ འགག་པར་མ་གྲུབ་པ་ཉིད། སྨིག་རྒྱུའི་ཆུ་དེ་མི་སྣང་ངོ་འགགས་སོ་ཞེས་སེམས་པ་ དང་འདྲ་བས། འཛིན་པ་ལོག་པ་ཙམ་ལས་དངོས་པོ་འགག་པ་མེད་པས་འགག་པ་ མ་གྲུབ་པར་ལ་བཟླ་བ་སྟེ། ཡེ་ནས་ཡོད་མ་མྱོང་དུ་གྲོལ་ཟིན་པས་གང་བློ་ངོར་ཤར་ བ་དེ་གཉེན་པོས་བསྐྱར་ནས་འགྲོལ་མི་དགོས་སོ་ཞེས་ཤེས་པར་བྱ་བ་ནི། མུ་ཏིག་ ཕྲེང་བ་ལས། འབད་པས་གྲོལ་བ་མ་ཡིན་ཏེ། །ཡེ་ཉིད་ནས་ནི་གྲོལ་བར་གནས། ། ཞེས་སོ། །འདི་ལག་ལེན་དུ་འགག་བསྡམ་པ་དངོས་ནི། ཤེས་ངོར་ཡུལ་སྣང་བའི་ དུས་ན་གཞི་མེད་དུ་ཤེས་པས་གང་ལའང་བཅོས་བསླད་མེད་པར་ཕྱལ་གྱིས་གཏོང་ བ་སྟེ། ཤེས་པ་ཐུག་ཕྲད་ལ་སྣང་བ་ཐུག་ཕྲད་དུ་ཤར་དུས། རིག་པ་ཐུག་ཕྲད་ཟང་ ཀར་གཞི་མེད་དུ་བཏང་ནས་སྣང་བ་ལ་ཤེས་པ་མི་དགག མི་འཛིན། མི་དཔྱོད་ པར་རིག་པ་རྗེན་པ་དེ་ཉིད་ཕྱལ་བར་སངས་སངས་ངོས་ཟིན་ལ་མ་ཡེངས་ཙམ་དུ་

[p. 247] ༈ ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། སྐྱོང་བ་སྟེ། ཁྱུང་ཆེན་ལས། མཚན་མ་ཡེ་དག་ཡོངས་སུ་གྲོལ་བའི་གཞི། །འབད་ མེད་བྱ་བྲལ་བློ་ཡི་གེགས་བསལ་ཏེ། །ཐུག་ཕྲད་རྣམ་གསུམ་ཡུལ་ལ་རོལ་པའི་ འགག །གང་ཤར་མ་ཡེངས་྾ཡུལ་སེམས་བར་དུ་བསྡམ། །ཞེས་པས། སྣང་བ་ལ་ ཤེས་པ་ཤར་དུས་ཅོག་གིས་བཞག་པའི་བར་དེར་རིག་པ་ཟང་ཀ་དེ་འཆར་བ་ངོས་ ཟིན་པར་བྱེད་པ་སྟེ་འདི་ཤིན་ཏུ་གནད་ཆེ་བར་ཡོད་པས་ཐེབས་པར་གདབ་ཅིང་ རྒྱས་སུ་བཤད་དོ། །ཅེར་གྲོལ་མཐོང་ཡལ་ཆེན་པོར་འགག་བསྡམ་པ་ནི། ཤར་ གནས་གྲོལ་གསུམ་ཤར་གྲོལ་རྒྱུན་ཆད་མེད། །རྒྱུན་ཆད་མེད་པས་རྒྱུ་འབྲས་བར་ མ་ཆོད། །རྒྱུ་འབྲས་མེད་པས་འཁོར་བའི་གཡང་ས་ཆོད། །གཡང་ས་མེད་པས་ གོལ་ས་ག་ལ་ཡོད། །འདིར་རིག་པ་རྒྱུན་ཆད་མེད་པས་དེའི་རྩལ་མ་འགགས་ཏེ་ ཤེས་པ་ཡུལ་ལ་ཤར་བ་ལྟར་སྣང་དུས། ཡང་ན་འཆར། ཡང་ན་གནས། ཡང་ན་ གྲོལ་བ་སྟེ་ཡལ་བ་གསུམ་ལས་མི་འདའ་བས། ཆུ་བོའི་རྒྱུན་འབབ་པ་དང་མཚུངས་ ལ༑ ༑རེང་བུ་྾སྐད་ཅིག་མ་ལ་རྒྱུ་འབྲས་ཀྱི་སོག་ལོང་མེད་དེ། ཤར་བ་དང་ཡལ་ བ་དུས་མཉམ་པ་ཆུའི་རི་མོ་ལྟ་བུ་སྟེ། གནས་པ་དང་དེ་གཉིས་བློས་རིག་པའི་ཆ་ལ་ བརྟགས་པ་ལས། ཤར་གྲོལ་དུ་ས་ལ་ལ་ཡོད་པ་ལ། རྒྱུ་འབྲས་ཡོད་མི་སྲིད་པར་ རྗེན་རྗེན་རྟོགས་པས་འཁོར་བའི་རྒྱུ་ཟད་དེ། འབྲས་བུ་ཁམས་གསུམ་རིགས་དྲུག་ ཏུ་འཁོར་མི་སྲིད་པས་བློ་བདེ་བའོ། །གནད་འདི་ལ་གོལ་ས་དང་སྒྲིབ་པ་མེད་དེ་ ཤར་གྲོལ་དུ་དག་པས་གོལ་སྒྲིབ་ཆོས་ཉིད་དུ་ཆོད་དེ་རེ་དོགས་ཀྱི་གཡང་ས་ཆོད་པ་ ཞེས་བྱའོ། །འདི་ལག་ལེན་དུ་འགག་བསྡམ་པ་ནི། ཡུལ་ལ་བློ་སྣང་ངམ་བློ་ལ་ཡུལ་ སྣང་ངམ་གང་ཅིར་ཤར་ཡང་འདྲ་སྟེ། ཤར་ས་དེར་ཅེར་གྱིས་བཞག་པའི་སྐད་ཅིག་ ལ་རང་ཡལ་རྗེས་མེད་དུ་སངས་སེ་བ་ཅིག་མི་འོང་མི་སྲིད་དོ། །དེའི་དུས་སུ་ཡལ་

[p. 248] ། ལེའུ་བཅུ་པ་དགོངས་པ་ཆོས་ཉིད་ལས་མི་གཡོ་བར་བསྟན་པ། བའི་ངང་དེ་བཞག་ལ། རིག་པ་གསལ་དག་ཟང་ངེ་བ་ཅིག་འདུག་པ་དེ་ངོས་བཟུང་ བས་དངས་ཆ་ལྷག་ཏུ་ཆེ་ལ་ཆོད་ཆེ་བ་ཡིན་ནོ། །གཞན་ཀུན་ཡལ་བའི་ངང་སང་ངེ་ བ་རྟོག་མེད་དེ་བསྒོམ་ཡང་། ཁོ་བོ་ནི་དེ་རིག་པའི་གནས་ཆ་ཞི་གནས་སུ་འདོད་ པས་གནད་མ་གོ་བར་བྱེད་དོ། །གང་ལའང་རིག་པ་རྗེན་པར་ཟང་ངེ་ཐལ་ལེ་བ་ ཅིག་ངོས་ཟིན་དགོས་པ་དེ་རྫོགས་པ་ཆེན་པོ་འདིའི་ཁྱད་པར་གྱི་ཆོས་སུ་བཞེད་ དགོས་པ་ཡིན་ནོ། །ཅེར་གྲོལ་གྱི་འགག་ཕྱི་ཡུལ་སྣང་ལ། ནང་ཤེས་པ་སྟོང་རིག་ ཤར་དུས་ཀྱི་བར་དེར་རིག་པ་ངོས་བཟུང་བས་བསྡམ་པ་ཡིན་ཏེ། ཁྱུང་ཆེན་ལས། ཅེར་གྲོལ་རང་དག་མཐའ་གྲོལ་ཡོངས་སུ་རྫོགས། །གང་གི་མཐའ་བྲལ་གང་ གཉིས་རང་གསལ་ཞབས། །བྱ་བྲལ་ཀློང་ཆེན་མ་བཙལ་ཆེན་པོའི་འགག །ལུས་ ངག་བྱ་བྲལ་སྣང་སྟོང་བར་དུ་བསྡམ། །ཞེས་སོ། ། མཐའ་གྲོལ་བསམ་བརྗོད་ལས་འདས་པར་འགག་བསྡམ་པ་ནི། ཡེ་ནས་མི་འགྱུར་ ཀུན་ཏུ་བཟང་པོའི་ཀློང་། །འཕོ་འགྱུར་མེད་པས་རྡོ་རྗེ་སེམས་དཔའི་ཀློང་། །གནས་ ལུགས་རང་ངོ་ཤེས་པ་ཙམ་ཉིད་ལ། །སངས་རྒྱས་ཞེས་སུ་མིང་འདི་བཏགས་པར་ ཟད། །རིག་པའི་ངོ་བོ་ལ་གང་དུའང་མ་གྲུབ་པས་ཀུན་ཏུ་བཟང་པོ་སྟེ་སྟོང་གསལ་ ཟང་ཐལ་བས་རྡོ་རྗེ་སེམས་དཔའི་ཀློང་ཡངས་པ་དེ་ངོས་ཟིན་པ་ལ་སངས་རྒྱས་རང་ ལ་རྙེད་པ་ཞེས་བྱའི། དེ་ལས་གཞན་དུ་བཙལ་ཡང་མི་རྙེད་དེ། སྒྱུ་འཕྲུལ་ལས། ཕྱོགས་བཅུ་དུས་བཞི་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། ། སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་ཚོལ་ཅིག ། ཅེས་པ་དང་། འཕགས་པ་འདའ་ཀ་ཡེ་ཤེས་ལས། སེམས་ཉིད་རྫོགས་པའི་སངས་ རྒྱས་པས། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་སོ། །འདི་ལག་ཏུ་ལེན་ན་

[p. 249] ༈ ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། ཤར་རམ་མ་ཤར་རམ་གང་ལའང་འདྲ་བས། ཕྱི་ཡུལ་ལ་ཕར་མི་བསམ། ནང་ སེམས་ལ་ཚུར་མི་རྟོག བར་སྐྱེ་མེད་ལ་རང་སར་མི་འཇོག་པར་རིག་པ་ཟང་ཐལ་བ་ དེ་ཅར་ཕོག་ཏུ་ངོས་བཟུང་བས། གང་ཡང་མ་སྤངས་པར་བློའི་མདུན་ན་མི་གནས་ པའི་མཐའ་བྲལ་སྤྲོས་པ་དང་བསམ་བརྗོད་ལས་འདས་པ་ནམ་མཁའ་ལྟ་བུའི་ དགོངས་པ་ལ་སྐད་ཅིག་དེ་གར་གནས་ཏེ། རྟོག་པའི་འཕྲོ་འདུ་མེད་པས་བློའི་ མདུན་ན་མི་གནས་པ་ཞེས་བྱའོ། །སྣང་བའི་ཡུལ་ལ་མི་རྟོག་པས་དངོས་པོ་མཚན་ མ་མེད་པ་ཞེས་བྱའོ། །ཡུལ་སྣང་དངོས་པོ་དང་། ཤེས་པའི་འཕྲོ་འདུ་དངོས་མེད་ གཉིས་མེད་དུས། འཁོར་འདས་སུ་འཇལ་༧ཞིང་འཛིན་བྱེད་ཀྱི་རྣམ་པ་གཞན་མེད་ པས། སོ་སོ་རང་གི་རིག་པའི་ཡེ་ཤེས་སྨྲ་བསམ་བརྗོད་པ་མེད་པ་རང་གི་རིག་པ་ ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། མཐའ་གྲོལ་ཡིན་པས་མུ་བཞི་འགགས། །ཞེས་ པ་དང་། ཁྱུང་ཆེན་ལས་ཀྱང་། རང་གཞག་ལྟོས་དང་འཁོར་འདས་བྱ་བ་བྲལ། ། རང་ཡིན་གཞན་ཡིན་སྣང་ཤེས་ཆོ་འཕྲུལ་ཀྱང་། །འགྱུས་མཐོང་འཛིན་དང་ཞེན་ པའི་གེགས་བསལ་བས། །ཅོག་གཞག་ཚིག་ཏུ་སྤྲོ་བའི་མཐའ་འགགས་ཏེ། །ཡིད་ དང་སེམས་ཀྱི་ཆོ་འཕྲུལ་ཅི་སྣང་འགག །ཆོས་བྲལ་ཡིད་དང་བྱེད་པའི་བར་དུ་ བསྡམ། །ཞེས་སོ། །གནད་འདི་ནི་འཕགས་པ་རྣམས་གཤེགས་ཤིང་རྗེས་སུ་ གཤེགས་པ་སྤྱིའི་ལམ་པོ་ཆེ་སྟེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་ སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། ། དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། སྐྱེ་མེད་རིན་པོ་ཆེའི་ མཛོད་ལས། གར་ཡང་མ་རྟོགས་ཅིར་ཡང་མ་བསམས་ཤིག །བཅས་བཅོས་མ་ བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །དུས་

[p. 250] ༈ ལེའུ་བཅུ་པ་དགོངས་པ་ཆོས་ཉིད་ལས་མི་གཡོ་བར་བསྟན་པ། གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། །ཞེས་པ་དང་། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་ གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པ་ལ་སོགས་པ་ གསུངས་པ་བཞིན་ནོ། །མཐའ་གྲོལ་ཆོས་ཉིད་ཀྱི་དོན་ལ་བསྔགས་པ་ནི། འདི་ཉིད་ རྟོགས་ན་བླང་དོར་ཆོས་མེད་པས། །ཐམས་ཅད་ཆོས་ཉིད་གཅིག་ཏུ་ཕྱམ་གདལ་བ། ། གསེར་གླིང་ལྟ་བུར་དབྱེ་བསལ་མེད་པ་ཡིན། །མཐའ་ཡིས་མ་རེག་གོལ་སྒྲིབ་ གདར་ཤ་ཆོད། །གཡང་ས་མེད་པའི་བྱང་ཆུབ་སེམས་ཉིད་ལ། །འབད་རྩོལ་མེད་ པའི་སྐུ་གསུམ་ལྷུན་རྫོགས་ཀྱང་། །བསམ་བརྗོད་འདས་ཞེས་མིང་ཙམ་བརྗོད་པར་ ཟད། ། ཆོས་ཐམས་ཅད་གཞི་མེད་ནམ་མཁའ་ལྟར་རྟོགས་ནས་གང་ལའང་བཟང་ངན་དང་ བླང་དོར་བྱ་བའི་ཆོས་མེད་པས་མཉམ་པ་ཉིད་དུ་མཐོང་བ་ནི། གསེར་གླིང་ན་ དངོས་པོ་ཐམས་ཅད་གསེར་དུ་མཉམ་པས་གཟུགས་ཅི་སྣང་ཡང་བཟང་ངན་མེད་ པའི་དངོས་པོ་ཕལ་པའི་རྡོ་གསེག་མི་རྙེད་དེ་ཐམས་ཅད་གསེར་དུ་ཡོད་པ་ལྟར། ཆོས་ཐམས་ཅད་མཐའ་བྲལ་རྫོགས་པ་ཆེན་པོར་ཕྱམ་གདལ་བས། གོལ་སྒྲིབ་དང་ འཁོར་འདས་མིང་མེད་དེ་ཕྱམ་མཉམ་ཡངས་པ་ཆེན་པོའི་ཆོས་ཉིད་ལ་སྐུ་གསུམ་ ལྷུན་གྲུབ་ཏུ་གནས་ཞེས་བརྗོད་པའང་མིང་ཙམ་ལས། དོན་ལ་མཚོན་བརྗོད་ལས་ འདས་པར་མཐའ་ཆོད་པས། དགོངས་པ་བློ་འདས་ཆེན་པོར་ལྷུན་གྱིས་གྲུབ་པའོ། ། རང་གྲོལ་ལས། མཐའ་དང་དྲི་མའི་ཆོས་ལས་འདས། །མཐའ་བཞིའི་དྲི་མ་རང་ སངས་ཉིད། །འཛིན་པའི་ཕྱོགས་ཆ་ཉིད་དང་བྲལ། །ཞེས་སོ། །གཅིག་གྲོལ་ལ་ཟླ ༡ མེད་པས་ཟང་ཀ་རྗེན་པར་འགག་བསྡམ་པ་ནི། སྣང་བ་རྒྱ་ཡན་རིག་པ་རང་བྱུང་

[p. 251] ༈ ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། གསལ། །མ་བསྒྲིབས་ཕྱི་ནང་མེད་པར་ཟང་ཐལ་བས། །མ་བཅོས་རྣལ་གཞག་ ཆོས་ཉིད་ཆེན་པོར་གསལ། །བློ་བདེའི་མལ་ན་ལུས་སེམས་ཁོང་གློད་དེ། །ཤེས་པ་ བག་ཡངས་བྱར་མེད་སྐྱེས་བུ་བཞིན། །སྒྲིམ་ཀློད་༧མེད་པས་ལུས་སེམས་གང་ བདེར་ཞོག །སྐྱེས་བུ་རྣམས་ནི་རིག་པ་རེ་རེ་བ་སྟེ་གཉིས་ལ་སོགས་པ་མེད་པས་ན། འདིར་བཅིང་གྲོལ་རིག་པ་གཅིག་པུ་དེའི་སྟེང་ནས་བརྩི་དགོས་པས་གཅིག་གྲོལ་ ཉིད་དེ། རིག་པ་གཅིག་པུ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན་ལ། དེ་རྟོགས་པས་ ཐམས་ཅད་གྲོལ་བའི་ཕྱིར་ཡང་གཅིག་གྲོལ་ཞེས་འཐད་པ་དང་བཅས་པའོ། །དེ་ ཡང་སྣང་བ་རྒྱ་ཡན་ལ་རིག་པ་ཟང་ཐལ་ཤར་དུས། སྣང་སེམས་ལ་མི་བསམ་པར་ རིག་པ་ཟང་ཀ་གཅིག་པུ་དེ་ངོས་བཟུང་བས་ཆོས་ཉིད་རང་ངོ་ན་གསལ་ཏེ། བློ་བདེ་ རང་མལ་ན་ཁོང་ཡངས་པ་སྐྱེས་བུ་ལས་ཟིན་པ་ལྟ་བུའི་གདམས་ངག་གོ །འདི་ ལག་ལེན་དུ་བྱེད་པ་ནི་རིག་པ་ཟང་ཀ་དེའི་རྩལ་ཤེས་པ་ཡུལ་སྣང་བ་གསུམ་འཛོམ་ དུས་ཤེས་པ་ཡུལ་ལ་འཆར་ཡང་དེ་གཉིས་ལ་མི་བསམ་པར། རིག་པ་གཅིག་པུ་དེ་ ངོས་བཟུང་བས། ཡུལ་སེམས་གཉིས་རྒྱ་གྲོལ་ལ་འགྲོ་སྟེ། དོ་ཐག་གི་བརྟོད་ཕུར་ གཅིག་པུ་དེ་བཏོན་པས་ཁལ་ཐམས་ཅད་རྒྱ་གྲོལ་ལ་འགྲོ་བ་བཞིན་ནོ། །དེ་ཡང་ ཡུལ་ཤེས་པ་ཡིད་ལ་བྱེད་པ་གསུམ་པོ་དེ་ལ་ཀུན་རྟོག་འཁོར་བའི་ཆོས་ཞེས་ཐ་སྙད་ བརྗོད་པས། རིག་པ་གཅིག་པུ་ངོས་ཟིན་པས་དེ་གསུམ་རྒྱ་གྲོལ་ལ་ཨར་སངས་པ་ ནི་ཚིག་དང་བློ་ཟད་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སོ། །སྤང་བྱ་འཁོར་བ་དང་ བླང་བྱ་མྱང་འདས་སུ་འཛིན་པ་ནི་ཡུལ་ཤེས་ཡིད་ལ་བྱེད་པ་གསུམ་ཡིན་པས། བློ་ སྤང་གཉེན་དང་བྲལ་བའི་བར་དེར་རིག་པ་ཟང་ཀར་འཆར་བ་ལ་འགག་བསྡམ་ པར་བྱའོ། །

[edit]
OCR of the BDRC scans (I3CN14273), gorn05 tibocr 2026: BDRC OCR on 317 pages, Mitra OCR on 187 pages (the model with more recognisable syllables on each page).

[p. 299] ཞི་འདོད་མཐའ་དང་བཅས་པའི་གེགས་གསུམ་བསལ། །སྣང་ཤེས་ཐོག་བབས་རང་བྱུང་ཆེན་པོའི་འགག ། རང་ ཤར་སྤོས་བྲལ་རྒྱུ་རྐྱེན་བར་དུ་བསྡམ། །ཞེས་སོ། །ཡེ་གྲོལ་རྩ་བ་དང་བྲལ་བར་འགག་བསྡམ་པ་ནི། མི་འགྱུར་སྤྲེས་དྲང་བྲལ་བའི་རིག་པ་ལ། །ཤར་བ་ཡེ་ཤར་གནས་པ་ཡེ་གནས་ལ། །གྲོལ་བ་ཡེ་ གྲོལ་ནམ་མཁའི་རང་བཞིན་ནོ། །སྨིག་རྒྱུའི་ཆུ་ཉིད་དུ་སྣང་བའི་དུས་ཆུ་ཡེ་ནས་མེད་པས་ཆུ་མ་ཡིན་པར་གྲོལ་ཟིན་པ་ལྟར། ཆོས་ཐམས་ཅད་རང་བཞིན་མེད་པར་ཡེ་ནས་སྟོང་ཞིང་བདག་མེད་པས་ དངོས་པོ་དང་མཚན་མའི་ཆོས་ལས་ཡེ་ནས་གྲོལ་བ་སྟེ། དེ་ལྟར་ན་ཕྱི་སྣང་བ་དང་ནང་ཤེས་པ་ཇི་ལྟར་སྣང་ཞིང་ཤར་བ་ཐམས་ཅད་དང་པོར་སྐྱེ་བའི་རྒྱུས་སྟོང་པས་སྐྱེ་བར་སྣང་ཤར་བར་སྣང་བ་དེ་ཉིད་ནས་ ཡོད་མ་མྱོང་བར་ཐག་བཅད། བར་དུ་ཤེས་ངོ་ལ་ད་ལྟ་གནས་པ་ལྟར་སྣང་བ་འདི་ཉིད་ནས་གནས་པ་རང་གི་ངོ་བོས་སྟོང་པས་མེད་པ་གསལ་སྣང་དུ་འཕྲད་བསལ། མཐར་འགགས་པ་ལྟར་སྣང་བ་དེ་

[p. 300] ཡང་འགག་པ་རང་གི་ངོ་བོས་སྟོང་སྟེ་མ་སྐྱེས་པའི་ཕྱིར་མི་གནས་པ་སྟེ་འགག་བྱར་མ་གྲུབ་པ་ཉིད། སྨིག་རྒྱུའི་ཆུ་དེ་མི་སྣང་ངོ་འགགས་སོ། །ཞེས་སེམས་མ་དང་འདྲ་བས། འཛིན་པ་ལོག་པ་ཙམ་ལས་དངོས་པོ་འགག་ པ་ཡོད་པས་འགག་པ་མ་གྲུབ་པར་ལ་བཟླ་བ་སྟེ། ཕྱིར་ནས་ཡོད་མ་མྱོང་བ་གོལ་ཟིན་པས་གང་བློ་དོར་ཤར་བ་དེ་གཉེན་པོས་བསྐྱང་ནས་འོག་ལ་མི་དགོས་སོ་ཞེས་ཤེས་པར་བྱ་བ་ནི། མུ་ཏིག་ཕར་བ་ལས། འཕང་ པས་གྲོལ་བ་མ་ཡིན་ཏེ། །ཡོ་ཉིད་ནས་ནི་གྲོལ་བ་གནས། །ཞེས་སོ། །འདི་ལྟར་ལེན་དུ་འགག་བསམ་པ་དངོས་ནི། །བསོད་ནམས་དང་པོའི་དུས་ན་གཞི་མེད་དུ་ཤེས་པས་གང་ལྟའང་བཅོས་བ་སྤྱོད་མེད་པར་ ཕྱལ་གྱིས་གཏོང་བ་སྟེ། ཤེས་པ་ཐུག་ཕྲེང་ལ་སྣང་བ་ཐུག་དང་དུ་འགྱུར་བས། རིག་པ་ཐམས་ཅད་ཟད་ཁར་གཞི་མེད་དུ་རྣམས་སྣང་བ་ལ་ཤེས་པ་མི་དགག་ན་མི་འཛིན། མི་བསྐྱོད་པར་རིག་པ་རྗེན་པ་དེ་ཉིད་ ཕྱལ་བར་སངས་སངས་ངོས་ཟིན་ལ་མ་མཆིས་ཙམ་དུ་སྦྱོང་བ་སྟེ། ཁྱུང་ཆེན་ལས། མཚན་མ་བདག་ཡོངས་སུ་གྲོལ་བའི་གཞི། །འབད་མེད་བྱ་བྲལ་བློ་ཡི་གེགས་བསིལ་ཏེ། །ཐུག་ཕྲད་རྣམ་གསུམ་ཡུལ་ ལ་རོལ་པའི་འགག །གང་ཤར་མ་ཡིངས་ཡུལ་སེམས་བར་དུ་བསྡམ། །ཞེས་པས། སྣང་བ་ལ་ཤེས་པ་ཤར་བས་ཅོག་གིས་བཞག་པའི་བར་དེར་རིག་པ་ཟད་ཀ་དེ་འཆར་བ་ངོས་ཟིན་པར་བྱེད་པ་སྟེ་འདི་ཤིན་

[p. 301] ༄༅། །ཏུ་གནད་ཆེ་བར་ཡོད་པས་ཐེབས་པར་གདབ་ཅིང་རྒྱུས་སུ་བཤད་དོ། །ཅེར་གྲོལ་མཐོང་ཡལ་ཆེན་པོར་འགག་བསྡམ་པ་ནི། ཤར་གནས་གྲོལ་གསུམ་ཤར་གྲོལ་རྒྱུན་ཆད་ མེད། །རྒྱུན་ཆད་མེད་པས་རྒྱུ་འབྲས་བར་མ་ཆོད། །རྒྱུ་འབྲས་མེད་པས་འཁོར་བའི་གཡང་ས་ཆོད། །གཡང་ས་མེད་པས་གྲོལ་སོ་ག་ལ་ཡོད། །འདིར་རིག་པ་རྒྱུན་ཆད་མེད་པས་དེའི་རྩལ་མ་འགགས་ ཏེ་ཤེས་པ་ཡུལ་ལ་ཤར་བ་ལྟར་སྣང་དུས། ཡང་ན་འཆར། ཡང་ན་གནས། ཡང་ན་གྲོལ་བ་སྟེ་ཡལ་བ་གསུམ་ལས་མི་འདའ་བས། ཆུ་བོའི་རྒྱུན་འབབ་པ་དང་མཚུངས་ལ། རེང་བུ་སྐད་ཅིག་མ་ལ་ རྒྱུ་འབྲས་ཀྱི་སོ་ག་ལོང་མེད་དེ། ཤར་བ་དང་ཡལ་བ་དུས་མཉམ་པ་ཆུའི་རི་མོ་ལྟ་བུ་སྟེ། གནས་པ་ཡང་དེ་གཉིས་བློས་དྲི་བ་པའི་ཆ་ལྟ་བརྟགས་པ་ལས། ཤར་གྲོལ་དུ་ས་ལ་ལ་ཡོད་པ་ལ། རྒྱུ་ འབྲས་ཡོད་མི་སྲིད་པར་རྗེན་རྗེན་རྟོགས་པས་འཁོར་བའི་རྒྱུ་ཟད་དེ། འབྲས་བུ་དམིགས་གསུམ་རིགས་དྲུག་ཏུ་འཁོར་མི་སྲིད་པས་བློ་བདེ་བའོ། །གནད་འདི་ལ་གྲོལ་ས་དང་སྒྲིབ་པ་མེད་དེ་ཤོར་ གྲོལ་དུ་དག་པས་གྲོལ་སྒྲིབ་ཆོས་ཉིད་དུ་ཆོད་དེ་རེ་ཕོགས་ཀྱི་གཡང་ས་ཆོད་པ་ཞེས་བྱའོ། །འདི་ལག་ལེན་དུ་བཀག་བསྡམ་པ་ནི། ཡུལ་ལ་བློ་སྣང་ངམ་བློ་ལ་ཡུལ་སྣང་ངམ་གང་ཅིར་ཤར་ཡང་འདྲ་

[p. 302] སྟེ། ཤར་ས་དེར་ཅེར་གྱིས་བཞག་པའི་སྐད་ཅིག་ལ་རང་ཡལ་རྗེས་མེད་དུ་སངས་སེ་བ་ཅིག་མི་འོང་མི་སྲིད་དོ། །དེའི་དུས་སུ་ཡལ་བའི་ངང་དེ་བཞག་ལ། རིག་པ་གསལ་དག་ཟང་ངེ་བ་ཅིག་འདུག་པ་དེ་ངོས་ བཟུང་བས་དངས་ཆ་ལྷག་ཏུ་ཆེ་ལ་ཆོད་ཆེ་བ་ཡིན་ནོ། །གཞན་ཀུན་ཡལ་བའི་ངང་སང་ངེ་བ་རྟོག་མེད་དེ་བསྒོམ་ཡང་། ཁོ་བོ་ནི་དེ་རིག་པའི་གནས་ཆ་ཞི་གནས་སུ་འདོད་པས་གནད་མ་གོ་བར་བྱེད་དེ། གང་་་ ལའང་རིག་པ་རྗེན་པར་ཟང་ངེ་ཐལ་ལེ་བ་ཅིག་ངོས་ཟིན་དགོས་པ་དེ་རྫོགས་པ་ཆེན་པོ་འདིའི་ཁྱད་པར་གྱི་ཆོས་སུ་བཞེད་དགོས་པ་ཡིན་ནོ། །ཅེར་གྲོལ་གྱི་འགག་ཕྱི་ཡུལ་སྣང་ལ། ནང་ཤེས་པ་སྟོང་རིག་ ཤར་དུས་ཀྱི་བར་དེར་རིག་པ་ངོས་བཟུང་བས་བསྡམ་པ་ཡིན་ཏེ། ཁྱུང་ཆེན་ལས། ཅེར་གྲོལ་རང་དག་མཐའ་གྲོལ་ཡོངས་སུ་རྫོགས། །གང་གི་མཐའ་བྲལ་གང་གཉིས་རང་གསལ་བས། །བྱ་བྲལ་ ཀློང་ཆེན་མ་བཙལ་ཆེན་པོའི་འགག །ལུས་ངག་བྱ་བྲལ་སྣང་སྟོང་བར་དུ་བསྡམ། །ཞེས་སོ། །མཐའ་གྲོལ་བསམ་བརྗོད་ལས་འདས་པར་འགག་བསྡམ་པ་ནི། ཡེ་ནས་མི་འགྱུར་ཀུན་དུ་བཟང་པོའི་ ཀློང་། །འཕོ་འགྱུར་མེད་པས་རྡོ་རྗེ་སེམས་དཔའི་ཀློང་། །གནས་ལུགས་རང་ངོ་ཤེས་པ་ཙམ་ཉིད་ལ། །སངས་རྒྱས་ཞེས་སུ་མིང་འདི་བཏགས་པར་ཟད་། །རིག་པའི་ངོ་བོ་ལ་གང་དུའང་མ་གྲུབ་་་་་

[p. 303] ༄༅། །པས་ཀུན་དུ་བཟང་པོ་སྟེ་སྟོང་གསལ་ཟད་ཐལ་བས་རྡོ་རྗེ་སེམས་དཔའི་ཀློང་ཡངས་པ་དེ་ངོས་ཟིན་པ་ལ་སངས་རྒྱས་རང་ལ་རྙེད་པ་ཞེས་བྱའི། དེ་ལས་གཞན་དུ་ བཙལ་ཡང་མི་རྙེད་དེ། སྒྱུ་འཕྲུལ་ལས། ཕྱོགས་བཅུ་དུས་བཞི་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་བཞིན་དུ་མ་ ཚོལ་ཞིང་། །ཅེས་པ་དང་། འཕགས་པ་འདའ་ཀ་ཡེ་ཤེས་ལས། སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་ཚོལ་ཅིག ། ཅེས་སོ། །འདི་ལག་ཏུ་འོ་ན་ན་ཤར་རམ་པ་ ཤར་རམ་གང་ལའང་འདྲ་བས། ཕྱི་ཡུལ་ལ་ཕུར་མི་བསམ། ནང་སེམས་ལ་ཚུར་མི་རྟོག ། བར་སྐྱེ་མེད་ལ་རང་སར་མི་འཇོག་པར་རིག་པ་ཟད་ཐལ་བ་དེ་ཅར་ཕོག་ཏུ་ངོས་བཟུང་བས། གང་ཡང་མ་སྤངས་པར་བློའི་མདུན་ན་མི་གནས་པའི་མཐའ་བྲལ་སྤྲོས་པ་དང་བསམ་བརྗོད་ལས་འདས་པ་ནམ་མཁའ་ལྟ་བུའི་དགོངས་པ་ལ་སྐད་ཅིག་དེ་ཀར་གནས་ཏེ། རྟོག་པའི་འཕྲོ་འདུ་ མེད་པས་བློའི་མདུན་ན་མི་གནས་པ་ཞེས་བྱའོ། །སྣང་བའི་ཡུལ་ལ་མི་རྟོག་པས་དངོས་པོ་མཚན་མ་མེད་པ་ཞེས་བྱའོ། །ཡུལ་སྣང་དངོས་པོ་དང་། ཤེས་པའི་འཕྲོ་འདུ་དངོས་མེད་གཉིས་མེད་དུས།

[p. 304] འཁོར་འདས་སུ་མཇལ་ཞིང་འཛིན་བྱེད་ཀྱི་རྣམ་པ་གཞན་མེད་པས། སོ་སོ་རང་གི་རིག་པའི་ཡེ་ཤེས་སྨྲ་བསམ་བརྗོད་པ་མེད་པ་རང་གི་རིག་པ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། མཐའ་གྲོལ་ཡིན་པས་་་ མུ་བཞི་འགགས། །ཞེས་པ་དང་། ཁྱུང་ཆེན་ལས་ཀྱང་། རང་གཞག་ལྟོས་དང་འཁོར་འདས་བྱ་བ་བྲལ། །རང་ཡིན་གཞན་ཡིན་སྣང་ཤེས་ཆོ་འཕྲུལ་ཀྱང་། །འགྱུས་མཐོང་འཛིན་དང་ཞེན་པའི་གེགས་་་ བསལ་བས། །ཅོག་གཞག་ཚིག་ཏུ་སྤྲོ་བའི་མཐའ་འགགས་ཏེ། །ཡིད་དང་སེམས་ཀྱི་ཆོ་འཕྲུལ་ཅི་སྣང་འགག །ཆོས་བྲལ་ཡིད་དང་བྱེད་པའི་བར་དུ་བསྡུམ། །ཞེས་སོ། །གནད་འདི་ནི་འཕགས་པ། རྣམས་གཤེགས་ཤིང་རྗེས་སུ་གཤེགས་པ་སྤྱིའི་ལམ་པོ་ཆེ་སྟེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་པ། ། དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། སྐྱེ་མེད་རིན་པོ་ཆེའི་མཛོད་ལས། གར་ཡང་མ་རྟོགས་ཅིར་ཡང་མ་བསམས་ཤིག །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག། མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། །ཞེས་པ་དང་། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་

[p. 305] ༄༅། །རྣམ་པ་གཞན་མེད་པས། །དམིགས་པ་མེད་པ་རབ་ཏུ་ཞི། །ཞེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། །མཐའ་བྲལ་ཆོས་ཉིད་ཀྱི་དོན་ལ་བསྔགས་པ་ནི། །འདི་ཉིད་ རྟོགས་ནས་བླང་དོར་ཆོས་མེད་པས། །ཐམས་ཅད་ཆོས་ཉིད་གཅིག་ཏུ་ཕྱམ་གདལ་པ། །གསེར་གླིང་ལྟ་བུར་དབྱེ་བསལ་མེད་པ་ཡིན། །མཐའ་ཡིས་མ་རེག་གོལ་སྒྲིབ་གདར་ཤ་ཆོད། །གཡང་ ས་མེད་པའི་བྱང་ཆུབ་སེམས་ཉིད་ལ། །འབད་རྩོལ་མེད་པའི་སྐུ་གསུམ་ལྷུན་རྫོགས་ཀྱང་། །བསམ་བརྗོད་འདས་ཞེས་མིང་ཙམ་བརྗོད་པར་ཟད། །ཆོས་ཐམས་ཅད་གཞི་མེད་ནམ་མཁའ་ལྟར་ རྟོགས་ནས་གང་ལའང་བཟང་ངན་དང་བླང་དོར་བྱ་བའི་ཆོས་མེད་པས་མཉམ་པ་ཉིད་དུ་མཐོང་བ་ནི། གསེར་གླིང་ན་དངོས་པོ་ཐམས་ཅད་གསེར་དུ་མཉམ་པས་གཟུགས་ཅི་སྣང་ཡང་བཟང་ངན་་་ མེད་པའི་དངོས་པོ་ཕལ་པའི་རྡོག་སེག་མི་རྙེད་དེ་ཐམས་ཅད་གསེར་དུ་ཡོད་པ་ལྟར། ཆོས་ཐམས་ཅད་མཐའ་བྲལ་རྫོགས་པ་ཆེན་པོར་ཕྱམ་གདལ་བས། གོལ་སྒྲིབ་དང་འཁོར་འདས་མིང་མེད་ དེ་ཕྱམ་མཉམ་ཡངས་པ་ཆེན་པོའི་ཆོས་ཉིད་ལ་སྐུ་གསུམ་ལྷུན་གྲུབ་ཏུ་གནས་ཞེས་བརྗོད་པའང་མིང་ཙམ་ལས། དོན་ལ་མཚོན་བརྗོད་ལས་འདས་པར་མཐའ་ཆོད་པས། །དགོངས་པ་བློ་འདས་ཆེན་

[p. 306] བོར་ལྷུན་གྱིས་གྲུབ་པའོ། །རང་གྲོལ་ལས། མཐའ་དང་དྲི་མའི་ཆོས་ལས་འདས། །མཐའ་བཞིའི་དྲི་མ་རང་སངས་ཉིད། །འཛིན་པའི་ཕྱོགས་ཆ་ཉིད་དང་བྲལ། །ཞེས་སོ། །གཅིག་གྲོལ་ལ་བླ་མེད་ པས་ཟང་ཀ་རྗེན་པར་འགག་བསྡམ་པ་ནི། སྣང་བ་རྒྱ་ཡན་རིག་པ་རང་བྱུང་གསལ། །མ་བསྒྲིབས་ཕྱི་ནང་མེད་པར་ཟང་ཐལ་བས། །མ་བཅོས་རྣལ་གཞག་ཆོས་ཉིད་ཆེན་པོར་གསལ། །བློ་བདེའི་ མལ་ན་ལུས་སེམས་ཁོང་གློད་དེ། །ཤེས་པ་བག་ཡངས་བྱར་མེད་སྐྱེས་བུ་བཞིན། །སྒྲིམ་གློད་མེད་པས་ལུས་སེམས་གང་བདེར་ཞོག །སྐྱེས་བུ་རྣམས་ནི་རིག་པ་རེ་རེ་བ་སྟེ་གཉིས་ལ་སོགས་པ་མེད་པས་ ན། འདིར་བཅིང་གྲོལ་རིག་པ་གཅིག་པུ་དེའི་སྟེང་ནས་བརྩི་དགོས་པས་གཅིག་གྲོལ་ཉིད་དེ། རིག་པ་གཅིག་པུ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན་ལ། དེ་རྟོགས་པས་ཐམས་ཅད་གྲོལ་བའི་ཕྱིར་ཡང་གཅིག་ གྲོལ་ཞེས་འཐད་པ་དང་བཅས་པའོ། །དེ་ཡང་སྣང་བ་རྒྱ་ཡན་ལ་རིག་པ་ཟང་ཐལ་ཤར་དུས། སྣང་སེམས་ལ་མི་བསམ་པར་རིག་པ་ཟང་ཀ་གཅིག་པུ་དེ་ངོས་བཟུང་བས་ཆོས་ཉིད་རང་ངོ་ན་གསལ་ཏེ། བློ་བདེ་ རང་མལ་ན་ཁོང་ཡངས་པ་སྐྱེས་བུ་ལས་ཟིན་པ་ལྟ་བུའི་གདམས་ངག་གོ། །འདི་ལག་ལེན་དུ་བྱེད་པ་ནི་རིག་པ་ཟང་ཀ་དེའི་རྩལ་ཤེས་པ་ཡུལ་སྣང་བ་གསུམ་འཛོམ་དུས་ཤེས་པ་ཡུལ་ལ་འཆར་ཡང་དེ་གཉིས་ལ་

[p. 307] ༄༅། །མི་བསམ་པར། རིག་པ་གཅིག་པུ་དེ་ངོས་བཟུང་བས། ཡུལ་སེམས་གཉིས་རྒྱ་གྲོལ་ལ་འགྲོ་སྟེ། དོ་ཐག་གི་བརྟོད་པུར་ཅུད་ཕུན་དེ་བཏོན་པས་ཁལ་ཐམས་ཅད་རྒྱ་གྲོལ་ལ་འགྲོ་བ་་་ བཞིན་ནོ། །དེ་ཡང་ཡུལ་ཤེས་པ་ཡིད་ལ་བྱེད་པ་གསུམ་པོ་དེ་ལ་ཀུན་རྟོག་འཁོར་བའི་ཆོས་ཞེས་ཐ་སྙད་བརྗོད་པས། རིག་པ་གཅིག་པུ་ངོས་ཟིན་པས་དེ་གསུམ་རྒྱ་གྲོལ་ལ་ཨར་སངས་བ་ནི་ཚིག་དང་ བློ་ཟད་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སོ། །སྤང་བྱ་འཁོར་བ་དང་བླང་བྱ་མྱ་ང་འདས་སུ་འཛིན་པ་ནི་ཡུལ་ཤེས་ཡིད་ལ་བྱེད་པ་གསུམ་ཡིན་པས། བློ་སྤང་གཉེན་དང་བྲལ་བའི་བར་དེར་རིག་པ་ཟད་་་ ཀར་འཆར་བ་ལ་འགག་བསྡམ་པར་བྱའོ། །

[edit]
OCR of the BDRC scans (I1CZ2729), gorn05 tibocr 2026: BDRC OCR on 290 pages, Mitra OCR on 133 pages (the model with more recognisable syllables on each page).

[p. 234] ཞེ་འདོད་མཐའ་དང་བཅས་པའི་གེགས་གསུམ་བསལ། །སྣང་ཤེས་ཐོག་བབས་རང་བྱུང་ཆེན་པོའི་འགག །རང་ཤར་སྤྲོས་བྲལ་རྒྱུ་རྐྱེན་པར་དུ་བསྔམ། །ཞེས་སོ། །ཡེ་གྲོལ་རྩ་བ་དང་བྲལ་བར་འགག་པ་སྔ་མ་པ་ནི། མི་འགྱུར་སྤྲོས་དང་བྲལ་བའི་རིག་པ་ལ། །ཤར་བ་ཡེ་ཤར་གནས་པ་ཡེ་གནས་ལ། །གྲོལ་བ་ཡེ་གྲོལ་ནམ་མཁའི་རང་བཞིན་ནོ། །སྨིག་རྒྱུའི་ཆུ་ཉིད་དུ་སྣང་བའི་དུས་ཆུར་ཡེ་ནས་མེད་པས་ཆུ་མ་ཡིན་པར་གྲོལ་ཟིན་པ་ལྟར། ཆོས་ཐམས་ཅད་རང་བཞིན་མེད་པར་ཡེ་ནས་སྟོང་ཞིང་བདག་མེད་པས་དངོས་པོ་དང་མཚན་མའི་ཆོས་ལས་ཡེ་ནས་གྲོལ་བ་སྟེ། དེ་ལྟར་ན་ཕྱི་སྣང་བ་དང་ནང་ཤེས་པ་ཇི་ལྟར་སྣང་ཞིང་ཤར་བ་

[p. 235] ༄༅། །ཐམས་ཅད་དང་ངོར་སྐྱེ་བའི་རྒྱུས་སྟོང་པས་སྐྱེ་བར་སྣང་ཤར་བར་སྣང་བ་དེ་ཉིད་ནས་ཡོད་མ་མྱོང་བར་ཐག་བཅད། བར་དུ་ཤེས་ངོ་ལ་ད་ལྟ་གནས་པ་ལྟར་སྣང་བ་འདི་ཉིད་ནས་གནས་པ་རང་གི་ངོ་བོས་སྟོང་པས་ མེད་པ་གསལ་སྣང་དུ་འཕྲང་བསལ། མཐར་འགགས་པ་ལྟར་སྣང་བ་དེ་ཡང་འགག་པ་རང་གི་ངོ་བོས་སྟོང་སྟེ་མ་སྐྱེས་པའི་ཕྱིར་མི་གནས་པ་སྟེ་འགག་པར་མ་གྲུབ་པ་ཉིད། སྨིག་རྒྱུའི་ཆུ་དེ་མི་སྣང་ངོ་། །འགགས་སོ། །ཞེས་སེམས་ པ་དང་འདྲ་བས། འཛིན་པ་ལོག་པ་ཙམ་ལས་དངོས་པོ་འགག་པ་མེད་པས་འགག་པ་མ་གྲུབ་པར་ལ་བཟླ་བ་སྟེ། ཡེ་ནས་ཡོད་མ་མྱོང་དུ་གྲོལ་ཟིན་པས་གང་བློ་ངོར་ཤར་བ་དེ་གཉེན་པོས་བསྐྱར་ནས་འགྲོལ་མི་དགོས་སོ་ཞེས་ཤེས་ པར་བྱ་བ་ནི། མུ་ཏིག་ཕྲེང་བ་ལས། འབད་པས་གྲོལ་བ་མ་ཡིན་ཏེ། །ཡེ་ཉིད་ནས་ནི་གྲོལ་བར་གནས། །ཞེས་སོ། །འདི་ལ་གལ་ན་དུ་འགག་བསྡམ་པ་དངོས་ནི། ཤེས་ངོར་ཡུལ་སྣང་བའི་དུས་ན་གཞི་མེད་དུ་ཤེས་པས་གང་ལའང་ བཅོས་བསླད་མེད་པར་ཕྱལ་གྱིས་གཏོར་བ་སྟེ། ཤེས་པ་ཐུག་ཕྲད་ལ་སྣང་བ་ཐུག་ཕྲད་དུ་ཤར་དུས། རིག་པ་ཐུག་ཕྲད་ཟང་ཀར་གཞི་མེད་དུ་བཏང་ནས་སྣང་བ་ལ་ཤེས་པ་མི་དགག །མི་འཛིན། མི་དཔྱོད་པར་རིག་པ་རྗེན་པ་དེ་ཉིད་ ཕྱལ་བར་སངས་སངས་ངོས་ཟིན་ལ་མ་ཡེངས་ཙམ་དུ་སྐྱོང་བ་སྟེ། ཁྱུང་ཆེན་ལས། མཚན་མ་ཡེ་དག་ཡོངས་སུ་གྲོལ་བའི་གཞི། །འབད་མེད་བྱ་བྲལ་བློ་ཡི་གེགས་བསལ་ཏེ། ཐུག་ཕྲད་རྣམ་གསུམ་ཡུལ་ལ་རོལ་པའི་འགེག །

[p. 236] གང་ཤར་མ་ཡེངས་ཡུལ་སེམས་བར་དུ་བསྡམ། །ཞེས་པས། སྣང་བ་ལ་ཤེས་པ་ཤར་དུས་ཅོག་གིས་བཞག་པའི་བར་དེར་རིག་པ་ཟང་ཀ་དེ་འཆར་བ་ངོས་ཟིན་པར་བྱེད་པ་སྟེ་འདི་ཤིན་ཏུ་གནད་ཆེ་བར་ཡོད་པས་ཐེབས་པར་གདབ་ཅིང་རྒྱས་སུ་བཤད་དོ། །ཅེར་གྲོལ་མཐོང་ཡལ་ཆེན་པོར་འགག་བསྡམ་པ་ནི། ཤར་གནས་གྲོལ་གསུམ་ཤར་གྲོལ་རྒྱུན་ཆད་མེད། །རྒྱུན་ཆད་མེད་པས་རྒྱུ་འབྲས་བར་མ་ཆོད། །རྒྱུ་འབྲས་མེད་པས་འཁོར་བའི་གཡང་ས་ཆོད། །གཡང་ས་མེད་པས་གོལ་ས་ག་ལ་ཡོད། །འདིར་རིག་པ་རྒྱུན་ཆད་མེད་པས་དེའི་རྩལ་མ་འགགས་ཏེ་ཤེས་པ་ཡུལ་ལ་ཤར་བ་ལྟར་སྣང་དུས། ཡང་ན་འཆར། ཡང་ན་གནས། ཡང་ན་གྲོལ་བ་སྟེ་ཡལ་བ་གསུམ་ལས་མི་འདའ་བས། ཆུ་བོའི་རྒྱུན་འབབ་པ་དང་མཚུངས་ལ། རེང་བུ་སྐད་ཅིག་མ་ལ་རྒྱུ་འབྲས་ཀྱི་སོག་ལོང་མེད་དེ། ཤར་བ་དང་ཡལ་བ་དུས་མཉམ་པ་ཆུའི་རི་མོ་ལྟ་བུ་སྟེ། གནས་པ་དང་དེ་གཉིས་བློས་རིག་པའི་ཆ་ལ་བརྟགས་པ་ལས། ཤར་གྲོལ་དུས་ལ་ལ་ཡོད་པ་ལ། རྒྱུ་འབྲས་ཡོད་མི་སྲིད་པར་རྗེན་རྗེན་རྟོགས་པས་འཁོར་བའི་རྒྱུ་ཟད་དེ། འབྲས་བུ་ཁམས་གསུམ་རིགས་དྲུག་ཏུ་འཁོར་མི་སྲིད་པས་བློ་བདེ་བའོ། །གནད་འདི་ལ་གོལ་ས་དང་སྒྲིབ་པ་མེད་དེ་ཤར་གྲོལ་དུ་དག་པས་གོལ་སྒྲིབ་ཆོས་ཉིད་དུ་ཆོད་དེ་རེ་དོགས་ཀྱི་གཡང་ས་ཆོད་པ་ཞེས་བྱའོ། །འདི་ལག་ལེན་དུ་འགག་བསྡམ་པ་ནི། ཡུལ་ལ་བློ་སྣང་ངམ་བློ་ལ་ཡུལ་སྣང་ངམ་གང་ཅིར་ཤར་ཡང་འདྲ་སྟེ། ཤར་ས་དེར་ཅེར་གྱིས་བཞག་པའི་

[p. 237] སྐད་ཅིག་ལ་རང་ཡལ་རྗེས་མེད་དུ་སངས་སེ་བ་ཅིག་མི་འོང་མི་སྲིད་དོ། །དེའི་དུས་སུ་ཡལ་བའི་ངང་དེ་བཞག་ལ། རིག་པ་གསལ་དག་ཟང་ངེ་བ་ཅིག་འདུག་པ་དེ་ངོས་བཟུང་བས་དངས་ཆ་ལྷག་ཏུ་ཆེ་ལ་ཚོད་ཆེ་བ་ཡིན་ནོ། །གཞན་ཀུན་ཡལ་བའི་ངང་སང་ངེ་བ་རྟོག་མེད་དེ་བསྒོམ་ཡང་། ཁོ་བོ་ནི་དེ་རིག་པའི་གནས་ཆ་ཞི་གནས་སུ་འདོད་པས་གནད་མ་གོ་བར་བྱེད་དེ། གང་ལའང་རིག་པ་རྗེན་པར་ཟང་ངེ་ཐལ་ལེ་བ་ཅིག་ངོས་ཟིན་དགོས་པ་དེ་རྫོགས་པ་ཆེན་པོ་འདིའི་ཁྱད་པར་གྱི་ཆོས་སུ་བཞེད་དགོས་པ་ཡིན་ནོ། །ཅེར་གྲོལ་གྱི་འགག་ཕྱི་ཡུལ་སྣང་ལ། ནང་ཤེས་པ་སྟོང་རིག་ཤར་དུས་ཀྱི་བར་དེར་རིག་པ་ངོས་བཟུང་བས་བསྡམ་པ་ཡིན་ཏེ། ཁྱུང་ཆེན་ལས། ཅེར་གྲོལ་རང་དག་མཐའ་གྲོལ་ཡོངས་སུ་རྫོགས། །གང་གི་མཐའ་བྲལ་གང་གཉིས་རང་གསལ་བས། །བྱ་བྲལ་ཀློང་ཆེན་མ་བཙལ་ཆེན་པོའི་འགག །ལུས་ངག་བྱ་བྲལ་སྣང་སྟོང་བར་དུ་བསྡམ། །ཞེས་སོ། །མཐའ་གྲོལ་བསམ་བརྗོད་ལས་འདས་པར་འགག་བསྡམ་པ་ནི། ཡེ་ནས་མི་འགྱུར་ཀུན་ཏུ་བཟང་པོའི་ཀློང་། །འཕོ་འགྱུར་མེད་པས་རྡོ་རྗེ་སེམས་དཔའི་ཀློང་། །གནས་ལུགས་རང་ངོ་ཤེས་པ་ཙམ་ཉིད་ལ། །སངས་རྒྱས་ཞེས་སུ་མིང་འདི་བཏགས་པར་ཟད། །རིག་པའི་ངོ་བོ་ལ་གང་དུའང་མ་གྲུབ་པས་ཀུན་ཏུ་བཟང་པོ་སྟེ་སྟོང་གསལ་ཟང་ཐལ་བས་རྡོ་རྗེ་སེམས་དཔའི་ཀློངཡངས་པ་དེ་ངོས་ཟིན་པ་ལ་སངས་རྒྱས་ངང་ལ་རྙེད་པ་ཞེས་བྱའི། དེ་ལས་གཞན་དུ་བཙལ་

[p. 238] ཡང་མི་རྙེད་དེ། སྒྱུ་འཕྲུལ་ལས། ཕྱོགས་བཅུ་དུས་བཞི་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མཚོ་ལ་ཞིག །ཅེས་པ་དང་། འཕགས་ པ་འདའ་ཀ་ཡེ་ཤེས་ལས། སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མཚོ་ལ་ཅིག །ཅེས་སོ། །འདི་ལག་ཏུ་ལེན་ན་ཤར་རམ་མ་ཤར་རམ་གང་ལའང་འདྲ་བས། ཕྱི་ཡུལ་ལ་ཕར་མི་བསམ། ནང་ སེམས་ལ་ཚུར་མི་རྟོག །བར་སྐྱེ་མེད་ལ་རང་སར་མི་འཇོག་པར་རིག་པ་ཟང་ཐལ་བ་དེ་ཅར་ཕོག་ཏུ་ངོས་བཟུང་བས། གང་ཡང་མ་སྤངས་པར་བློའི་མདུན་ན་མི་གནས་པའི་མཐའ་བྲལ་སྤྲོས་པ་དང་བསམ་བརྗོད་ལས་འདས་པ་ནམ་ མཁའ་ལྟ་བུའི་དགོངས་པ་ལ་སྐད་ཅིག་དེ་ཀར་གནས་ཏེ། རྟོག་པའི་འཕྲོ་འདུ་མེད་པས་བློའི་མདུན་ན་མི་གནས་པ་ཞེས་བྱའོ། །སྣང་བའི་ཡུལ་ལ་མི་རྟོག་པས་དངོས་པོ་མཚན་མ་མེད་པ་ཞེས་བྱའོ། །ཡུལ་སྣང་དངོས་པོ་དང་། ཤེས་པའི་འཕྲོ་འདུ་དངོས་མེད་གཉིས་མེད་དུས། འཁོར་འདས་སུ་འཇལ་ཞིང་འཛིན་བྱེད་ཀྱི་རྣམ་པ་གཞན་མེད་པས། སོ་སོ་རང་གི་རིག་པའི་ཡེ་ཤེས་སྨྲ་བསམ་བརྗོད་པ་མེད་པ་རང་གི་རིག་པ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ ལས༑ མཐའ་གྲོལ་ཡིན་པས་མུ་བཞི་འགགས། །ཞེས་པ་དང་། ཁྱུང་ཆེན་ལས་ཀྱང་། རང་གཞག་ལྟོས་དང་འཁོར་འདས་བྱ་བ་བྲལ། །རང་ཡིན་གཞན་ཡིན་སྣང་ཤེས་ཆོ་འཕྲུལ་ཀྱང་། །འགྱུས་མཐོང་འཛིན་དང་ཞེན་

[p. 239] པའི་གེགས་བསལ་བས། །ཅོག་གཞག་ཚིག་ཏུ་སྤྲོ་བའི་མཐའ་འགགས་ཏེ། །ཡིད་དང་སེམས་ཀྱི་ཆོ་འཕྲུལ་ཅི་སྣང་འགག །ཆོས་བྲལ་ཡིད་དང་བྱེད་པའི་བར་དུ་བསྡམ། །ཞེས་སོ། །གནད་འདི་ནི་འཕགས་པ་རྣམས་གཤེགས་ཤིང་རྗེས་སུ་གཤེགས་པ་སྤྱིའི་ལམ་པོ་ཆེ་སྟེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། སྐྱེ་མེད་རིན་པོ་ཆེའི་མཛོད་ལས། གར་ཡང་མ་རྟོགས་ཅིར་ཡང་མ་བསམས་ཤིག །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། །ཞེས་པ་དང་། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། །མཐའ་གྲོལ་ཆོས་ཉིད་ཀྱི་དོན་ལ་བསྔགས་པ་ནི། འདི་ཉིད་རྟོགས་ནས་བླར་དོར་ཆོས་མེད་པས། །ཐམས་ཅད་ཆོས་ཉིད་གཅིག་ཏུ་ཕྱམ་གདལ་བ། །གསེར་གླིང་ལྟ་བུར་དབྱེ་བསལ་མེད་པ་ཡིན། །མཐའ་ཡིས་མ་རེག་གོལ་སྒྲིབ་གདར་ཤ་ཆོད། །གཡང་ས་མེད་པའི་བྱང་ཆུབ་སེམས་ཉིད་ལ། །འབད་རྩོལ་མེད་པའི་སྐུ་གསུམ་ལྷུན་རྫོགས་ཀྱང་། །བསམ་བརྗོད་འདས་ཞེས་མིང་ཙམ་བརྗོད་པར་ཟད། །ཆོས་ཐམས་

[p. 240] ཅད་གཞི་མེད་ནམ་མཁའ་ལྟར་རྟོགས་ནས་གང་ལའང་བཟང་ངན་དང་བླང་དོར་བྱ་བའི་ཆོས་མེད་པས་མཉམ་པ་ཉིད་དུ་མཐོང་བ་ནི། གསེར་གླིང་ན་དངོས་པོ་ཐམས་ཅད་གསེར་དུ་མཉམས་པས་གཟུགས་ཅི་སྣང་ཡང་བཟང་ངན་མེད་པའི་དངོས་པོ་ཕལ་པའི་རྡོ་གསེག་མི་རྙེད་དེ་ཐམས་ཅད་གསེར་དུ་ཡོད་པ་ལྟར། ཆོས་ཐམས་ཅད་མཐའ་བྲལ་རྫོགས་པ་ཆེན་པོར་ཕྱམ་གདལ་བས། གོལ་སྒྲིབ་དང་འཁོར་འདས་མིང་མེད་དེ་ཕྱམ་མཉམ་ཡངས་པ་ཆེན་པོའི་ཆོས་ཉིད་ལ་སྐུ་གསུམ་ལྷུན་གྲུབ་ཏུ་གནས་ཞེས་བརྗོད་པའང་མིང་ཙམ་ལས། དོན་ལ་མཚོན་བརྗོད་ལས་འདས་པར་མཐའ་ཆོད་པས། དགོངས་པ་བློ་འདས་ཆེན་པོར་ལྷུན་གྱིས་གྲུབ་པའོ། །རང་གྲོལ་ལས། མཐའ་དང་དྲི་མའི་ཆོས་ལས་འདས། །མཐའ་བཞིའི་དྲི་མ་རང་སངས་ཉིད། །འཛིན་པའི་ཕྱོགས་ཆ་ཉིད་དང་བྲལ། །ཞེས་སོ། །གཅིག་གྲོལ་ལ་ཟླ་མེད་པས་ཟང་ཀ་རྗེན་པར་འགག་བསྡམ་པ་ནི། སྣང་བ་རྒྱ་ཡན་རིག་པ་རང་བྱུང་གསལ། །མ་བསྒྲིབས་ཕྱི་ནང་མེད་པར་ཟང་ཐལ་བས། །མ་བཅོས་རྣལ་གཞག་ཆོས་ཉིད་ཆེན་པོར་གསལ། །བློ་བདེའི་མ་ལན་ལུས་སེམས་ཁོད་གློད་དེ། །ཤེས་པ་བག་ཡངས་བྱར་མེད་སྐྱེས་བུ་བཞིན། །སྒྲིམ་བློད་མེད་པས་ལུས་སེམས་གང་བདེར་ཞོག །སྐྱེས་བུ་རྣམས་ནི་རིག་པ་རེ་རེ་བ་སྟེ་གཉིས་ལ་སོགས་པ་མེད་པས་ན། འདིར་བཅིང་གྲོལ་རིག་པ་གཅིག་པུ་དེའི་སྟེང་ནས་བརྩི་དགོས་པས་གཅིག་གྲོལ་ཉིད་དེ། རིག་པ་གཅིག་པུ་ཆོས་སྐུ་ཐིག་ལེ་ཉག་གཅིག་

[p. 241] ཡིན་ལ། དེ་རྟོགས་པས་ཐམས་ཅད་གྲོལ་བའི་ཕྱིར་ཡང་གཅིག་གྲོལ་ཞེས་འཐད་པ་དང་བཅས་པའོ། །དེ་ཡང་སྣང་བ་རྒྱ་ཡན་ལ་རིག་པ་ཟང་ཐལ་ཤར་དུས། སྣང་སེམས་ལ་མི་བསམ་པར་རིག་པ་ཟང་ཀ་གཅིག་པུ་དེ་ངོས་བཟུང་བས་ཆོས་ཉིད་རང་ངོན་གསལ་ཏེ། བློ་བདེ་རང་མལ་ན་ཁོང་ཡངས་པ་སྐྱེས་བུ་ལས་ཟིན་པ་ལྟ་བུའི་གདམས་ངག་གོ། །འདི་ལག་ལེན་དུ་བྱེད་པ་ནི་རིག་པ་ཟང་ཀ་དེའི་རྩལ་ཤེས་པ་ཡུལ་སྣང་བ་གསུམ་འཛོམ་དུས་ཤེས་པ་ཡུལ་ལ་འཆར་ཡང་དེ་གཉིས་ལ་མི་བསམ་པར། རིག་པ་གཅིག་པུ་དེ་ངོས་བཟུང་པས། ཡུལ་སེམས་གཉིས་རྒྱ་གྲོལ་ལ་འགྲོ་སྟེ། དོ་ཐག་གི་བརྟོད་ཕུར་གཅིག་པུ་དེ་བཏོན་པས་ཁལ་ཐམས་ཅད་རྒྱ་གྲོལ་ལ་འགྲོ་བ་བཞིན་ནོ། །དེ་ཡང་ཡུལ་ཤེས་པ་ཡིད་ལ་བྱེད་པ་གསུམ་པོ་དེ་ལ་ཀུན་རྟོག་འཁོར་བའི་ཆོས་ཞེས་ཐ་སྙད་བརྗོད་པས། རིག་པ་གཅིག་པུ་ངོས་ཟིན་པས་དེ་གསུམ་རྒྱ་གྲོལ་ལ་ཨར་སངས་པ་ནི་ཚིག་དང་བློ་ཟད་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སོ། །སྤང་བྱ་འཁོར་བ་དང་བླང་བྱ་མྱང་འདས་སུ་འཛིན་པ་ནི་ཡུལ་ཤེས་ཡིད་ལ་བྱེད་པ་གསུམ་ཡིན་པས། བློ་སྤང་གཉེན་དང་བྲལ་བའི་བར་དེར་རིག་པ་ཟང་ཀར་འཆར་བ་ལ་འགག་བསྡམ་པར་བྱའོ། །

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 783 typing errors, November 2026), with the variants of the other editions under each page (55 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = root and commentary MW3CN3400; R = root and commentary MW3CN14271; C = commentary MW1CZ2550. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 459] བཅས་པའི་གེགས་གསུམ་བསལ། །སྣང་ཤེས་ཐོག་བབས་རང་བྱུང་ཆེན་པོའི་འགག །རང་ཤར་སྤྲོས་བྲལ་རྒྱུ་རྐྱེན་བར་དུ་བསྡམ། །ཞེས་སོ། །ཡེ་གྲོལ་རྩ་བ་དང་བྲལ་བར་འགག་བསྡམ་པ་ནི། མི་འགྱུར་སྤྲོས་དང་བྲལ་བའི་རིག་པ་ལ། །ཤར་བ་ཡེ་ཤར་གནས་པ་ཡེ་གནས་ལ། །གྲོལ་བ་ཡེ་གྲོལ་ནམ་མཁའི་རང་བཞིན་ནོ། །སྨིག་རྒྱུའི་ཆུ་ཉིད་དུ་སྣང་བའི་དུས་ཆུར་ཡེ་ནས་མེད་པས་ཆུ་མ་ཡིན་པར་གྲོལ་ཟིན་པ་ལྟར། ཆོས་ཐམས་ཅད་རང་བཞིན་མེད་པར་ཡེ་ནས་སྟོང་ཞིང་བདག་མེད་པས་དངོས་པོ་དང་མཚན་མའི་ཆོས་ལས་ཡེ་ནས་གྲོལ་བ་སྟེ། དེ་ལྟར་ན་ཕྱི་སྣང་བ་དང་ནང་ཤེས་པ་ཇི་ལྟར་སྣང་ཞིང་ཤར་བ་ཐམས་ཅད་དང་པོར་སྐྱེ་བའི་རྒྱུས་སྟོང་པས་སྐྱེ་བར་སྣང་ཤར་བ་སྣང་བ་དེ་ཉིད་ནས་ཡོད་མ་མྱོང་བར་ཐག་བཅད། བར་དུ་ཤེས་ངོ་ལ་ད་ལྟ་གནས་པ་ལྟར་སྣང་བ་འདི་ཉིད་ནས་གནས་པ་རང་གི་ངོ་བོས་སྟོང་

རྐྱེན་བར་དུ་བསྡམ་ཞེས་སོ ] བསྔམ A C · བྲལ་བར་འགག་བསྡམ་པ་ནི ] པ་སྔ་མ A C · རང་བཞིན་མེད་པར་ཡེ་ནས ] པ W · བར་སྣང་ཤར་བ་སྣང་བ ] བར A P G S R C

[p. 460] པས་མེད་པ་གསལ་སྣང་དུ་འཕྲང་བསལ། མཐར་འགགས་པ་ལྟར་སྣང་བ་དེ་ཡང་འགག་པ་རང་གི་ངོ་བོས་སྟོང་སྟེ་མ་སྐྱེས་པའི་ཕྱིར་མི་གནས་པ་སྟེ་འགག་པར་མ་གྲུབ་པ་ཉིད། སྨིག་རྒྱུའི་ཆུ་དེ་མི་སྣང་ངོ༌། །འགགས་སོ། །ཞེས་སེམས་པ་དང་འདྲ་བས། འཛིན་པ་ལོག་པ་ཙམ་ལས་དངོས་པོ་འགག་པ་མེད་པས་འགག་པ་མ་གྲུབ་པར་ལ་བཟླ་བ་སྟེ། ཡེ་ནས་ཡོད་མ་མྱོང་དུ་གྲོལ་ཟིན་པས་གང་བློ་ངོར་ཤར་བ་དེ་གཉེན་པོས་བསྐྱར་ནས་འགྲོལ་མི་དགོས་སོ་ཞེས་ཤེས་པར་བྱ་བ་ནི། མུ་ཏིག་ཕྲེང་བ་ལས། འབད་པས་གྲོལ་བ་མ་ཡིན་ཏེ། །ཡེ་ཉིད་ནས་ནི་གྲོལ་བར་གནས། །ཞེས་སོ། །འདི་ལག་ལེན་དུ་འགག་བསྡམ་པ་དངོས་ནི། ཤེས་ངོར་ཡུལ་སྣང་བའི་དུས་ན་གཞི་མེད་དུ་ཤེས་པས་གང་ལའང་བཅོས་བསླད་མེད་པར་ཕྱལ་གྱིས་གཏོང་བ་སྟེ། ཤེས་པ་ཐུག་ཕྲད་ལ་སྣང་བ་ཐུག་ཕྲད་དུ་ཤར་དུས། རིག་པ་ཐུག་ཕྲད་ཟང་ཀར་གཞི་མེད་

གི་ངོ་བོས་སྟོང་སྟེ་མ ] སྟེང W · མི་སྣང་ངོ་འགགས་སོ་ཞེས ] འགག W · པ་མ་གྲུབ་པར་ལ་བཟླ ] པ W · པས་གང་བློ་ངོར་ཤར་བ ] དོར A R · འགྲོལ་མི་དགོས་སོ་ཞེས་ཤེས ] om. W · ཞེས་སོ་འདི་ལག་ལེན་དུ་འགག ] ལ་གལ་ན A C · བཅོས་བསླད་མེད་པར་ཕྱལ་གྱིས ] པ W · པར་ཕྱལ་གྱིས་གཏོང་བ་སྟེ ] གཏོར A C

[p. 461] དུ་བཏང་ནས་སྣང་བ་ལ་ཤེས་པ་མི་དགག །མི་འཛིན། མི་དཔྱོད་པར་རིག་པ་རྗེན་པ་དེ་ཉིད་ཕྱལ་བར་སངས་སངས་ངོས་ཟིན་ལ་མ་ཡེངས་ཙམ་དུ་སྐྱོང་བ་སྟེ། ཁྱུང་ཆེན་ལས། མཚན་མ་ཡེ་དག་ཡོངས་སུ་གྲོལ་བའི་གཞི། །འབད་མེད་བྱ་བྲལ་བློ་ཡི་གེགས་བསལ་ཏེ། ཐུག་ཕྲད་རྣམ་གསུམ་ཡུལ་ལ་རོལ་པའི་འགེག །གང་ཤར་མ་ཡེངས་ཡུལ་སེམས་བར་དུ་བསྡམ། །ཞེས་པས། སྣང་བ་ལ་ཤེས་པ་ཤར་དུས་ཅོག་གིས་བཞག་པའི་བར་དེར་རིག་པ་ཟང་ཀ་དེ་འཆར་བ་ངོས་ཟིན་པར་བྱེད་པ་སྟེ་འདི་ཤིན་ཏུ་གནད་ཆེ་བར་ཡོད་པས་ཐེབས་པར་གདབ་ཅིང་རྒྱས་སུ་བཤད་དོ། །ཅེར་གྲོལ་མཐོང་ཡལ་ཆེན་པོར་འགག་བསྡམ་པ་ནི། ཤར་གནས་གྲོལ་གསུམ་ཤར་གྲོལ་རྒྱུན་ཆད་མེད། །རྒྱུན་ཆད་མེད་པས་རྒྱུ་འབྲས་བར་མ་ཆོད། །རྒྱུ་འབྲས་མེད་པས་འཁོར་བའི་གཡང་ས་ཆོད། །གཡང་ས་མེད་པས་གོལ་ས་

གེགས་བསལ་ཏེ་ཐུག་ཕྲད་རྣམ ] ཐུགས W · ལ་རོལ་པའི་འགེག་གང་ཤར ] འགག P G S R · གང་ཤར་མ་ཡེངས་ཡུལ་སེམས ] ཡེང W · པ་ཤར་དུས་ཅོག་གིས་བཞག ] ཙོག A G · བར་ཡོད་པས་ཐེབས་པར་གདབ ] ཐེབ W

[p. 462] ག་ལ་ཡོད། །འདིར་རིག་པ་རྒྱུན་ཆད་མེད་པས་དེའི་རྩལ་མ་འགགས་ཏེ་ཤེས་པ་ཡུལ་ལ་ཤར་བ་ལྟར་སྣང་དུས། ཡང་ན་འཆར། ཡང་ན་གནས། ཡང་ན་གྲོལ་བ་སྟེ་ཡལ་བ་གསུམ་ལས་མི་འདའ་བས། ཆུ་བོའི་རྒྱུན་འབབ་པ་དང་མཚུངས་ལ། རེང་བུ་སྐད་ཅིག་མ་ལ་རྒྱུ་འབྲས་ཀྱི་སོག་ལོང་མེད་དེ། ཤར་བ་དང་ཡལ་བ་དུས་མཉམ་པ་ཆུའི་རི་མོ་ལྟ་བུ་སྟེ། གནས་པ་ཡང་དེ་གཉིས་བློས་རིག་པའི་ཆ་ལ་བརྟགས་པ་ལས། ཤར་གྲོལ་དུས་ལ་ལ་ཡོད་པ་ལ། རྒྱུ་འབྲས་ཡོད་མི་སྲིད་པར་རྗེན་རྗེན་རྟོགས་པས་འཁོར་བའི་རྒྱུ་ཟད་དེ། འབྲས་བུ་ཁམས་གསུམ་རིགས་དྲུག་ཏུ་འཁོར་མི་སྲིད་པས་བློ་བདེ་བའོ། །གནད་འདི་ལ་གོལ་ས་དང་སྒྲིབ་པ་མེད་དེ་ཤར་གྲོལ་དུ་དག་པས་གོལ་སྒྲིབ་ཆོས་ཉིད་དུ་ཆོད་དེ་རེ་དོགས་ཀྱི་གཡང་ས་ཆོད་པ་ཞེས་བྱའོ། །འདི་ལག་ལེན་དུ་འགག་བསྡམ་པ་ནི། ཡུལ་ལ་བློ་སྣང་ངམ་བློ་ལ་ཡུལ་སྣང་ངམ་གང་

བ་ལྟར་སྣང་དུས་ཡང་ན ] དུ W · སྟེ་གནས་པ་ཡང་དེ་གཉིས ] དང A P S C · ལས་ཤར་གྲོལ་དུས་ལ་ལ ] དུ་ས P S R

[p. 463] ཅིར་ཤར་ཡང་འདྲ་སྟེ། ཤར་ས་དེར་ཅེར་གྱིས་བཞག་པའི་སྐད་ཅིག་ལ་རང་ཡལ་རྗེས་མེད་དུ་སངས་སེ་བ་ཅིག་མི་འོང་མི་སྲིད་དོ། །དེའི་དུས་སུ་ཡལ་བའི་ངང་དེ་བཞག་ལ། རིག་པ་གསལ་དག་ཟང་ངེ་བ་ཅིག་འདུག་པ་དེ་ངོས་བཟུང་བས་དངས་ཆ་ལྷག་ཏུ་ཆེ་ལ་ཆེ་བ་ཡིན་ནོ། །གཞན་ཀུན་ཡལ་བའི་ངང་སང་ངེ་བ་རྟོག་མེད་དེ་བསྒོམ་ཡང༌། ཁོ་བོ་ནི་དེ་རིག་པའི་གནས་ཆ་ཞི་གནས་སུ་འདོད་པས་གནད་མ་གོ་བར་བྱེད་དེ། གང་ལའང་རིག་པ་རྗེན་པར་ཟང་ངེ་ཐལ་ལེ་བ་ཅིག་ངོས་ཟིན་དགོས་པ་དེ་རྫོགས་པ་ཆེན་པོ་འདིའི་ཁྱད་པར་གྱི་ཆོས་སུ་བཞེད་དགོས་པ་ཡིན་ནོ། །ཅེར་གྲོལ་གྱི་འགག་ཕྱི་ཡུལ་སྣང་ལ། ནང་ཤེས་པ་སྟོང་རིག་ཤར་དུས་ཀྱི་བར་དེར་རིག་པ་ངོས་བཟུང་བས་བསྡམ་པ་ཡིན་ཏེ། ཁྱུང་ཆེན་ལས། ཅེར་གྲོལ་རང་དག་མཐའ་གྲོལ་ཡོངས་སུ་རྫོགས། །གང་གི་མཐའ་བྲལ་གང་གཉིས་རང་གསལ་

ས་དེར་ཅེར་གྱིས་བཞག་པའི ] གྱྀས P · ངོས་བཟུང་བས་དངས་ཆ་ལྷག ] དང་ས W · ཏུ་ཆེ་ལ་⁁་ཆེ་བ ] ཆོད P G S R · ཏུ་ཆེ་ལ་⁁་ཆེ་བ ] ཚོད A C · ཀུན་ཡལ་བའི་ངང་སང་ངེ ] དང W · པའི་གནས་ཆ་ཞི་གནས་སུ ] ཞིག W · གོ་བར་བྱེད་དེ་གང་ལའང ] དོ P S

[p. 464] བས། །བྱ་བྲལ་ཀློང་ཆེན་མ་བཙལ་ཆེན་པོའི་འགག །ལུས་ངག་བྱ་བྲལ་སྣང་སྟོང་བར་དུ་བསྡམ། །ཞེས་སོ། །མཐའ་གྲོལ་བསམ་བརྗོད་ལས་འདས་པར་འགག་བསྡམ་པ་ནི། ཡེ་ནས་མི་འགྱུར་ཀུན་ཏུ་བཟང་པོའི་ཀློང༌། །འཕོ་འགྱུར་མེད་པས་རྡོ་རྗེ་སེམས་དཔའི་ཀློང༌། །གནས་ལུགས་རང་ངོ་ཤེས་པ་ཙམ་ཉིད་ལ། །སངས་རྒྱས་ཞེས་སུ་མིང་འདི་བཏགས་པར་ཟད། །རིག་པའི་ངོ་བོ་ལ་གང་དུའང་མ་གྲུབ་པས་ཀུན་ཏུ་བཟང་པོ་སྟེ་སྟོང་གསལ་ཟང་ཐལ་བས་རྡོ་རྗེ་སེམས་དཔའི་ཀློང་ཡངས་པ་དེ་ངོས་ཟིན་པ་ལ་སངས་རྒྱས་རང་ལ་རྙེད་པ་ཞེས་བྱའི། དེ་ལས་གཞན་དུ་བཙལ་ཡང་མི་རྙེད་དེ། སྒྱུ་འཕྲུལ་ལས། ཕྱོགས་བཅུ་དུས་བཞི་གང་ནས་ཀྱང༌། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་ཚོལ་ཞིག །ཅེས་པ་དང༌། འཕགས་པ་འདའ་ཀ་ཡེ་ཤེས་ལས།

མི་འགྱུར་ཀུན་ཏུ་བཟང་པོའི ] དུ G R · གྲུབ་པས་ཀུན་ཏུ་བཟང་པོ ] དུ G R · རྗེ་སེམས་དཔའི་ཀློང་ཡངས་པ་དེ ] ཀློངཡངས A C · ལ་སངས་རྒྱས་རང་ལ་རྙེད ] ངང A C · རྒྱས་གཞན་དུ་མ་ཚོལ་ཞིག་ཅེས ] མཚོ་ལ A C · དུ་མ་ཚོལ་ཞིག་ཅེས་པ ] ཅིག P S

[p. 465] སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་སོ། །འདི་ལག་ཏུ་ལེན་ན་ཤར་རམ་མ་ཤར་རམ་གང་ལའང་འདྲ་བས། ཕྱི་ཡུལ་ལ་ཕར་མི་བསམ། ནང་སེམས་ལ་ཚུར་མི་རྟོག །བར་སྐྱེ་མེད་ལ་རང་སར་མི་འཇོག་པར་རིག་པ་ཟང་ཐལ་བ་དེ་ཅར་ཕོག་ཏུ་ངོས་བཟུང་བས། གང་ཡང་མ་སྤངས་པར་བློའི་མདུན་ན་མི་གནས་པའི་མཐའ་བྲལ་སྤྲོས་པ་དང་བསམ་བརྗོད་ལས་འདས་པ་ནམ་མཁའ་ལྟ་བུའི་དགོངས་པ་ལ་སྐད་ཅིག་དེ་ཀར་གནས་ཏེ། རྟོག་པའི་འཕྲོ་འདུ་མེད་པས་བློའི་མདུན་ན་མི་གནས་པ་ཞེས་བྱའོ། །སྣང་བའི་ཡུལ་ལ་མི་རྟོག་པས་དངོས་པོ་མཚན་མ་མེད་པ་ཞེས་བྱའོ། །ཡུལ་སྣང་དངོས་པོ་དང༌། ཤེས་པའི་འཕྲོ་འདུ་དངོས་མེད་གཉིས་མེད་དུས། འཁོར་འདས་སུ་འཇལ་ཞིང་འཛིན་བྱེད་ཀྱི་རྣམ་པ་གཞན་མེད་པས། སོ་སོ་རང་གི་རིག་པའི་ཡེ་ཤེས་སྨྲ་བསམ་བརྗོད་པ་མེད་

རྒྱས་གཞན་དུ་མ་ཚོལ་ཅིག་ཅེས ] མཚོ་ལ A C · སྐད་ཅིག་དེ་ཀར་གནས་ཏེ ] གར P S · འཁོར་འདས་སུ་འཇལ་ཞིང་འཛིན ] མཇལ G R

[p. 466] པ་རང་གི་རིག་པ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། མཐའ་གྲོལ་ཡིན་པས་མུ་བཞི་འགགས། །ཞེས་པ་དང༌། ཁྱུང་ཆེན་ལས་ཀྱང༌། རང་གཞག་ལྟོས་དང་འཁོར་འདས་བྱ་བ་བྲལ། །རང་ཡིན་གཞན་ཡིན་སྣང་ཤེས་ཆོ་འཕྲུལ་ཀྱང༌། །འགྱུས་མཐོང་འཛིན་དང་ཞེན་པའི་གེགས་བསལ་བས། །ཅོག་གཞག་ཚིག་ཏུ་སྤྲོ་བའི་མཐའ་འགགས་ཏེ། །ཡིད་དང་སེམས་ཀྱི་ཆོ་འཕྲུལ་ཅིར་སྣང་འགག །ཆོས་བྲལ་ཡིད་དང་བྱེད་པའི་བར་དུ་བསྡམ། །ཞེས་སོ། །གནད་འདི་ནི་འཕགས་པ་རྣམས་གཤེགས་ཤིང་རྗེས་སུ་གཤེགས་པ་སྤྱིའི་ལམ་པོ་ཆེ་སྟེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་པ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པ་དང༌། སྐྱེ་མེད་རིན་པོའི་ཆེའི་མཛོད་ལས། གར་ཡང་མ་རྟོགས་ཅིར་ཡང་མ་བསམས་

ཀྱི་ཆོ་འཕྲུལ་ཅིར་སྣང་འགག ] ཅི A P G S R C · ཤེས་སྤྱོད་ཡུལ་པ་དུས་གསུམ ] བ A P G S C · སྐྱེ་མེད་རིན་པོའི་ཆེའི་མཛོད ] པོ A P G S R C

[p. 467] ཤིག །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། །ཞེས་པ་དང༌། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པ་རབ་ཏུ་ཞི། །ཞེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། །མཐའ་གྲོལ་ཆོས་ཉིད་ཀྱི་དོན་ལ་བསྔགས་པ་ནི། །འདི་ཉིད་རྟོགས་ནས་བླང་དོར་ཆོས་མེད་པས། །ཐམས་ཅད་ཆོས་ཉིད་གཅིག་ཏུ་ཕྱམ་གདལ་བ། །གསེར་གླིང་ལྟ་བུར་དབྱེ་བསལ་མེད་པ་ཡིན། །མཐའ་ཡིས་མ་རེག་གོལ་སྒྲིབ་གདར་ཤ་ཆོད། །གཡང་ས་མེད་པའི་བྱང་ཆུབ་སེམས་ཉིད་ལ། །འབད་རྩོལ་མེད་པའི་སྐུ་གསུམ་ལྷུན་རྫོགས་ཀྱང༌། །བསམ་བརྗོད་འདས་ཞེས་མིང་ཙམ་བརྗོད་པར་ཟད། །ཆོས་ཐམས་ཅད་གཞི་མེད་ནམ་

དམིགས་པ་མེད་པ་རབ་ཏུ ] པར A P G S C · འདི་ཉིད་རྟོགས་ནས་བླང་དོར ] ན P S · ཉིད་རྟོགས་ནས་བླང་དོར་ཆོས ] བླར A C · ཏུ་ཕྱམ་གདལ་བ་གསེར་གླིང ] པ G R

[p. 468] མཁའ་ལྟར་རྟོགས་ནས་གང་ལའང་བཟང་ངན་དང་བླང་དོར་བྱ་བའི་ཆོས་མེད་པས་མཉམ་པ་ཉིད་དུ་མཐོང་བ་ནི། གསེར་གླིང་ན་དངོས་པོ་ཐམས་ཅད་གསེར་དུ་མཉམ་པས་གཟུགས་ཅི་སྣང་ཡང་བཟང་ངན་མེད་པའི་དངོས་པོ་ཕལ་པའི་རྡོ་གསེག་མི་རྙེད་དེ་ཐམས་ཅད་གསེར་དུ་ཡོད་པ་ལྟར། ཆོས་ཐམས་ཅད་མཐའ་བྲལ་རྫོགས་པ་ཆེན་པོར་ཕྱམ་གདལ་བས། གོལ་སྒྲིབ་དང་འཁོར་འདས་མིང་མེད་དེ་ཕྱམ་མཉམ་ཡངས་པ་ཆེན་པོའི་ཆོས་ཉིད་ལ་སྐུ་གསུམ་ལྷུན་གྲུབ་ཏུ་གནས་ཞེས་བརྗོད་པའང་མིང་ཙམ་ལས། དོན་ལ་མཚོན་བརྗོད་ལས་འདས་པར་མཐའ་ཆོད་པས། དགོངས་པ་བློ་འདས་ཆེན་པོར་ལྷུན་གྱིས་གྲུབ་པའོ། །རང་གྲོལ་ལས། མཐའ་དང་དྲི་མའི་ཆོས་ལས་འདས། །མཐའ་བཞིའི་དྲི་མ་རང་སངས་ཉིད། །འཛིན་པའི་ཕྱོགས་ཆ་ཉིད་དང་བྲལ། །ཞེས་སོ། །གཅིག་གྲོལ་ལ་ཟླ་མེད་པས་ཟང་ཀ་རྗེན་པར་འགག་བསྡམ་པ་ནི།

ཅད་གསེར་དུ་མཉམ་པས་གཟུགས ] མཉམས A C · མཉམ་པས་གཟུགས་ཅི་སྣང་ཡང ] ཅིར W · ཕལ་པའི་རྡོ་གསེག་མི་རྙེད ] གསེར W

[p. 469] སྣང་བ་རྒྱ་ཡན་རིག་པ་རང་བྱུང་གསལ། །མ་བསྒྲིབས་ཕྱི་ནང་མེད་པར་ཟང་ཐལ་བས། །མ་བཅོས་རྣལ་གཞག་ཆོས་ཉིད་ཆེན་པོར་གསལ། །བློ་བདེའི་མལ་ན་ལུས་སེམས་ཁོང་གློད་དེ། །ཤེས་པ་བག་ཡངས་བྱར་མེད་སྐྱེས་བུ་བཞིན། །སྒྲིམ་གློད་མེད་པས་ལུས་སེམས་གང་བདེར་ཞོག །སྐྱེས་བུ་རྣམས་ནི་རིག་པ་རེ་རེ་བ་སྟེ་གཉིས་ལ་སོགས་པ་མེད་པས་ན། འདིར་བཅིང་གྲོལ་རིག་པ་གཅིག་པུ་དེའི་སྟེང་ནས་བརྩི་དགོས་པས་གཅིག་གྲོལ་ཉིད་དེ། རིག་པ་གཅིག་པུ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན་ལ། དེ་རྟོགས་པས་ཐམས་ཅད་གྲོལ་བའི་ཕྱིར་ཡང་གཅིག་གྲོལ་ཞེས་འཐད་པ་དང་བཅས་པའོ། །དེ་ཡང་སྣང་བ་རྒྱ་ཡན་ལ་རིག་པ་ཟང་ཐལ་ཤར་དུས། སྣང་སེམས་ལ་མི་བསམ་པར་རིག་པ་ཟང་ཀ་གཅིག་པུ་དེ་ངོས་བཟུང་བས་ཆོས་ཉིད་རང་དོན་གསལ་ཏེ། བློ་བདེ་རང་མལ་ན་ཁོང་ཡངས་པ་སྐྱེས་བུ་ལས་

བས་མ་བཅོས་རྣལ་གཞག་ཆོས ] རྣམ W · ན་ལུས་སེམས་ཁོང་གློད་དེ ] ཁོད A C · བུ་བཞིན་སྒྲིམ་གློད་མེད་པས ] ཀློད P S · བུ་བཞིན་སྒྲིམ་གློད་མེད་པས ] བློད A C · ལ་དེ་རྟོགས་པས་ཐམས་ཅད ] པ W · ཆོས་ཉིད་རང་དོན་གསལ་ཏེ ] ངོ་ན A P G S R

[p. 470] ཟིན་པ་ལྟ་བུའི་གདམས་ངག་གོ། །འདི་ལག་ལེན་དུ་བྱེད་པ་ནི་རིག་པ་ཟང་ཀ་དེའི་རྩལ་ཤེས་པ་ཡུལ་སྣང་བ་གསུམ་འཛོམ་དུས་ཤེས་པ་ཡུལ་ལ་འཆར་ཡང་དེ་གཉིས་ལ་མི་བསམ་པར། རིག་པ་གཅིག་པུ་དེ་ངོས་བཟུང་བས། ཡུལ་སེམས་གཉིས་རྒྱ་གྲོལ་ལ་འགྲོ་སྟེ། དོ་ཐག་གི་བརྟོད་ཕུར་གཅིག་པུ་དེ་བཏོན་པས་ཁལ་ཐམས་ཅད་རྒྱ་གྲོལ་ལ་འགྲོ་བ་བཞིན་ནོ། །དེ་ཡང་ཡུལ་ཤེས་པ་ཡིད་ལ་བྱེད་པ་གསུམ་པོ་དེ་ལ་ཀུན་རྟོག་འཁོར་བའི་ཆོས་ཞེས་ཐ་སྙད་བརྗོད་པས། རིག་པ་གཅིག་པུ་ངོས་ཟིན་པས་དེ་གསུམ་རྒྱ་གྲོལ་ལ་ཨར་སངས་པ་ནི་ཚིག་དང་བློ་ཟད་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སོ། །སྤང་བྱ་འཁོར་བ་དང་བླང་བྱ་མྱང་འདས་སུ་འཛིན་པ་ནི་ཡུལ་ཤེས་ཡིད་ལ་བྱེད་པ་གསུམ་ཡིན་པས། བློ་སྤང་གཉེན་དང་བྲལ་བའི་བར་དེར་རིག་པ་ཟང་ཀར་འཆར་བ་ལ་འགག་བསྡམ་པར་བྱའོ། །འུབ་ཀྱིས་དྲིལ་ན་ཕྱི་སྣང་བ་དང་ནང་ཤེས་

དེ་ངོས་བཟུང་བས་ཡུལ་སེམས ] པས A G C · ཡུལ་སེམས་གཉིས་རྒྱ་གྲོལ་ལ ] རྒྱལ W · རྒྱ་གྲོལ་ལ་འགྲོ་བ་བཞིན ] གྲོལ W
[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the chapter's own divisions; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The complete outline of the work is on the contents page.
1 General determination of the essence ངོ་བོ་སྤྱིར་གཏན་ལ་དབབ་པ [p. 412]
1.3 The actual way to put it into practice ཇི་ལྟར་ཉམས་སུ་བླང་བ་དངོས [p. 423]
1.3.3 Securing the crux by definitive binding summaries མདོ་ཆིངས་ངེས་པས་འགག་བསྡམ་པ [p. 456]
1.3.3.3 Securing the crux as primordial freedom devoid of any root ཡེ་གྲོལ་རྩ་བ་དང་བྲལ་བར་འགག་བསྡམ་པ [p. 459]
Like mirage water, phenomena are primordially free: unborn in the beginning, empty in abiding, not established as ceasing, so need no antidote. In practice, appearances are let go as groundless and naked awareness recognized in direct encounter, a point stressed as most important.
1.3.3.4 Securing the crux as naked freedom, the great vanishing upon being seen ཅེར་གྲོལ་མཐོང་ཡལ་ཆེན་པོར་འགག་བསྡམ་པ [p. 461]
Arising and vanishing are simultaneous like drawing on water, so cause and effect cannot accumulate and the abyss of saṃsāra is cut. In practice one recognizes lucid awareness at the moment of vanishing; Longchenpa rejects meditating on the blank vanishing state as mere calm abiding.
1.3.3.5 Securing the crux of freedom from extremes as beyond thought and expression མཐའ་གྲོལ་བསམ་བརྗོད་ལས་འདས་པར་འགག་བསྡམ་པ [p. 464]
Awareness, established as nothing, is Samantabhadra; empty and lucid, it is Vajrasattva's expanse. Recognizing it is 'finding buddha in oneself'; buddha is not found elsewhere, as the Māyājāla and other scriptures state.
1.3.3.6 Securing the crux in unalloyed nakedness, since freedom in oneness has no counterpart གཅིག་གྲོལ་ལ་ཟླ་མེད་པས་ཟང་ཀ་རྗེན་པར་འགག་བསྡམ་པ [p. 468]
Freedom in oneness: realizing one's single awareness frees everything, like pulling the peg that loosens a pack load. Movement, speech, thought, and the kāyas with their realms never leave that awareness, and a Pearl Garland passage summarizes the five modes of freedom.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 459] > the three hindrances that come with them are cleared away.
> The crux of the great self-arisen, the immediate settling of appearances and cognition,
> naturally arising and free of conceptual elaboration (spros bral), is secured in the interval between cause and condition.Khyung chenQuotation (named in the text: ཁྱུང་ཆེན་ལས)
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Soaring Garuḍa · tantra; Nyingma Gyubum, one of the Five Early Translations of the Mind Series
Identification: high confidence
The quoted words were not found among the texts on this wiki.

1.3.3.3 Securing the crux as primordial freedom devoid of any root ཡེ་གྲོལ་རྩ་བ་དང་བྲལ་བར་འགག་བསྡམ་པ1.3.3.3 Securing the crux as primordial freedom devoid of any root
Like mirage water, phenomena are primordially free: unborn in the beginning, empty in abiding, not established as ceasing, so need no antidote. In practice, appearances are let go as groundless and naked awareness recognized in direct encounter, a point stressed as most important.

Securing the crux as primordial freedom (ye grol), devoid of any root:

In awareness, unchanging and free of conceptual elaboration,
arising is primordial arising, abiding is primordial abiding,
and freedom is primordial freedom: this is the nature of space.

At the very time the water of a mirage appears as water, it primordially does not exist as water, and so it is already free, as what is not water. In the same way, all phenomena, being without intrinsic nature, are primordially empty and without self, and so they are primordially free of phenomena that are substantial entities and marks. That being so, all outer appearances and inner cognition, however they appear and arise, are in the beginning empty of any cause for being born. It is therefore settled conclusively that their appearing and arising as though born[159]Note 159 · p. 459 · skye bar snang shar ba snang ba de nyid nas: read as "their appearing and arising as though born… from that very appearing itself". The syntax is compressed, and the drafts agree on the sense. The last sentence is left open, since it continues on p. 460 (Dharmamitra has already translated on into the next page). has never existed, from that very appearing itself. In the middle, from this very appearing itself, which to cognition seems now to abide, abiding is empty of its own essence

[p. 460] and so the perilous pass is cleared[160]Note 160 · p. 460 · The part opens mid-sentence with པས་…འཕྲང་བསལ།, completing the previous part's last clause. GPT-6.2 Astra re-translates that preceding clause; I have not repeated it. as the lucid appearance of what does not exist (med pa gsal snang).

In the end, that which appears as though it had ceased is also such that ceasing is empty of its own essence. Because it was never born, it does not abide, and so it is simply not established as ceasing. This is like thinking, "The water of the mirage no longer appears. It has ceased." There is nothing but the mere reversal of grasping, and no substantial entity ceases; it is therefore decisively resolved that ceasing is not established. Since everything is already free (grol ba), as what has primordially never existed, whatever arises to the intellect need not be freed over again by an antidote. That this is what should be known is stated in the Garland of Pearls:

> It is not through exertion that there is freedom;
> from the very primordial beginning it abides as free.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0409-vol-05-text (a parallel: ཆོས་ཐམས་ཅད་ཀྱི་དོན་སྟོན་པ་རྫོགས་ཆེན་ཐིག་ལེ་ཉག་གཅིག་ཡེ་ནས་བྱ་རྩོལ་བྲལ་བ), 100 % of the words.

The actual securing of the crux of this in practice is as follows. At the time objects appear to cognition, knowing them to be groundless (gzhi med), one lets go in wide openness (phyal ba), without contriving or adulterating anything whatsoever. When, to cognition in direct encounter (thug phrad), appearances arise in direct encounter, awareness in direct encounter is let go, unalloyed and groundless;[161]Note 161 · p. 460 · Throughout, shes pa is "cognition" and grol ba "freedom" per the glossary, against the drafts' "consciousness" (all) and "liberation" (Dharmamitra, Gemini 4 Neon); cer grol is "naked freedom", not GPT-6.2 Astra's "liberation upon looking directly".

[p. 461] then, without blocking the cognition of appearances,[162]Note 162 · p. 461 · སྣང་བ་ལ་ཤེས་པ་མི་དགག །མི་འཛིན། མི་དཔྱོད་པར: Claude Fable 5.2 takes shes pa as the agent ("without consciousness blocking, grasping or examining appearances") and Dharmamitra drops it. With GPT-6.2 Astra and Gemini 4 Neon I take snang ba la shes pa as one phrase, as in སྣང་བ་ལ་ཤེས་པ་ཤར་དུས just below: the cognition of the appearance is not blocked, and there is no grasping or analyzing. without grasping and without analyzing, one recognizes that very naked awareness, wide open and vividly clear, and sustains it simply by not being distracted. As the Great Garuḍa says:

> The ground in which marks, primordially pure (ye dag), are totally free (yongs grol):
> without exertion, free of action (bya bral), the hindrances of the intellect are cleared away,
> and the crux of the display among objects,[163]Note 163 · p. 461 · འགེག in the Khyung chen quotation is read as འགག ("crux"), as in the parallel stanzas. the three direct encounters,
> is secured, undistracted whatever arises, in the interval between object and mind.Khyung chenQuotation (named in the text: ཁྱུང་ཆེན་ལས)
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Soaring Garuḍa · tantra; Nyingma Gyubum, one of the Five Early Translations of the Mind Series
Identification: high confidence
The quoted words are in Klong chen rab byams gsung 'bum/volume 002 028 (a parallel), 81 % of the words.

Accordingly, when cognition arises toward an appearance, in that interval in which it is left just as it is, one recognizes the arising of that unalloyed awareness. Since this is a key point of the utmost importance, it should be driven home, and so it is explained at length.

1.3.3.4 Securing the crux as naked freedom, the great vanishing upon being seen ཅེར་གྲོལ་མཐོང་ཡལ་ཆེན་པོར་འགག་བསྡམ་པ1.3.3.4 Securing the crux as naked freedom, the great vanishing upon being seen
Arising and vanishing are simultaneous like drawing on water, so cause and effect cannot accumulate and the abyss of saṃsāra is cut. In practice one recognizes lucid awareness at the moment of vanishing; Longchenpa rejects meditating on the blank vanishing state as mere calm abiding.

Securing the crux as naked freedom (cer grol), the great vanishing upon being seen:

Arising, abiding and freedom, all three, are freedom upon arising (shar grol), without interruption.
Since there is no interruption, no interval divides cause and effect (rgyu 'bras).
Since there is no cause and effect, the abyss of saṃsāra is cut off.
Since there is no abyss, where could any point of deviation

[p. 462] be found?

Here, since awareness is without interruption, its dynamic energy is unceasing, and when cognition appears as though arising toward an object, it either arises, or abides, or is freed, that is, vanishes. Since it never goes beyond these three, it is like the flowing stream of a river, and in a single isolated instant there is no time for cause and effect to accumulate.

Arising and vanishing are simultaneous, like a drawing on water. Abiding, too, is nothing more than what is imputed[164]Note 164 · p. 462 · གནས་པ་ཡང་དེ་གཉིས (text) / Adzom གནས་པ་དང་དེ་གཉིས: I follow ཡང ("abiding, too, is merely imputed on the intellect's cognizing those two"). Adzom's དང would make abiding and the other two alike imputations, which fits less well after the statement that arising and vanishing are simultaneous. Dharmamitra leaves དེ་གཉིས untranslated. upon the aspect of the intellect's cognizing those two. Given that what there is at any moment is freedom upon arising,[165]Note 165 · p. 462 · ཤར་གྲོལ་དུས་ལ་ལ་ཡོད་པ་ལ is doubtful Tibetan. Dharmamitra and GPT-6.2 Astra render "since arising and freeing are simultaneous", as if reading དུས་མཉམ; Gemini 4 Neon has "in the very moment". I read the text as it stands, with Claude Fable 5.2: what there is at any given moment is freedom upon arising. one realizes in all nakedness that cause and effect cannot possibly exist, and so the cause of saṃsāra is exhausted; and since it is impossible to circle in its effect, the three realms and the six classes of beings, one's mind is at ease.[166]Note 166 · p. 462 · བློ་བདེ་བ is idiomatic, so I render "one's mind is at ease" rather than use the glossary's "intellect" for blo. In this key point there are no points of deviation and no obscurations (sgrib pa). Since they are pure as freedom upon arising, deviations and obscurations (gol sgrib) are cut off in the nature of phenomena, and this is called "cutting off the abyss of hope and fear."

Securing the crux of this in practice is as follows. Whether the intellect appears to an object, or an object appears to the intellect, or whatever

[p. 463] arises in whatever way, it is all the same. In the very instant of leaving it nakedly as it is, right where it arises, it is impossible that there should not come a clearing away in which it vanishes of itself without a trace. At that time, leave aside that state of vanishing;[167]Note 167 · p. 463 · ཡལ་བའི་ངང་དེ་བཞག་ལ: Dharmamitra "resting in the very state of that vanishing" and GPT-6.2 Astra "leave the state of vanishing as it is"; Gemini 4 Neon and Claude Fable 5.2 "set aside". I follow Gemini 4 Neon and Claude Fable 5.2, since the next sentences fault those who meditate on the state of vanishing and require that awareness itself be recognized. there is an awareness present, lucid, pure and utterly unalloyed, and by recognizing it, the limpid clarity becomes greater and greater still. All others meditate on that clear, nonconceptual state of vanishing; I, however, hold that to be calm abiding (zhi gnas), the aspect of stillness of awareness, and so consider that they have not understood the key point. In every case one must recognize awareness in its nakedness, unobstructed and transparent, and this must be held to be the distinctive feature of this Great Perfection.

The crux of naked freedom is secured by recognizing awareness in that interval when, outwardly, objects appear and, inwardly, cognition arises as empty awareness.[168]Note 168 · p. 463 · ནང་ཤེས་པ་སྟོང་རིག་ཤར: stong rig is rendered "empty awareness" (GPT-6.2 Astra "empty cognizance", Gemini 4 Neon "empty-cognizing"), keeping rig as "awareness". As the Great Garuḍa says:

> Naked freedom, natural purity, freedom from extremes (mtha' grol), utterly perfect:
> free of extremes (mtha' bral) of any kind, whatever the two may be, they are naturally lucid[169]Note 169 · p. 463 · གང་གི་མཐའ་བྲལ་གང་གཉིས་རང་གསལ is terse, and what "the two" (གང་གཉིས) are is left open, perhaps the appearance and emptiness of the stanza's last line. The line breaks off before བས ("and so"), which the next part continues.

[p. 464] > and so the crux of the great unsought,[170]Note 170 · p. 464 · The part opens with བས་, which completes the last verse line of the previous part (rang gsal bas); it is rendered "and so" and joined to the next line. the great expanse free of action,
> is secured, free of the actions of body and speech, in the interval between appearance and emptinessKhyung chenQuotation (named in the text: ཁྱུང་ཆེན་ལས)
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Soaring Garuḍa · tantra; Nyingma Gyubum, one of the Five Early Translations of the Mind Series
Identification: high confidence
The quoted words are in Gnas lugs rin po che'i mdzod/Chapter 2/Commentary (a parallel), 59 % of the words.
(snang stong).

So it says.

1.3.3.5 Securing the crux of freedom from extremes as beyond thought and expression མཐའ་གྲོལ་བསམ་བརྗོད་ལས་འདས་པར་འགག་བསྡམ་པ1.3.3.5 Securing the crux of freedom from extremes as beyond thought and expression
Awareness, established as nothing, is Samantabhadra; empty and lucid, it is Vajrasattva's expanse. Recognizing it is 'finding buddha in oneself'; buddha is not found elsewhere, as the Māyājāla and other scriptures state.

Securing the crux of freedom from extremes as beyond thought and expression:

> Primordially unchanging, the expanse of Samantabhadra (kun tu bzang po);
> without transition or change, and hence the expanse of Vajrasattva:
> to the mere recognition of the natural state's own face
> this name "buddha" is given, and nothing more.

Since the essence of awareness is not established as anything whatsoever, it is Samantabhadra; since it is empty and lucid, unobstructed and transparent, it is the vast expanse of Vajrasattva. To recognize that is called "finding buddha in oneself,"[171]Note 171 · p. 464 · Adzom reads sangs rgyas ngang la rnyed pa ("finding buddha within the state") for rang la rnyed pa ("in oneself"). I follow rang la, which the contrast with "seeking elsewhere" (gzhan du btsal) and the two quotations require; ngang is probably a misreading of the print. whereas even if one seeks elsewhere than that, it will not be found. As the Māyājāla says:

> Nowhere in the ten directions or the four times
> will the perfect buddha be found.
> Since mind itself is the perfect buddha,
> do not seek the buddha elsewhere.Gsang snyingQuotation (named in the text: སྒྱུ་འཕྲུལ་ལས)
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ, dpal gsang ba'i snying po de kho na nyid nges pa, The Guhyagarbha Tantra (Secret Essence) (Guhyagarbhatattvaviniścaya) · tantra; Nyingma Gyubum; Toh 832
Identification: high confidence (Longchenpa also cites it under the cycle names Sgyu 'phrul drwa ba and Sgyu 'phrul gsang ba; the Sgyu 'phrul gsang ba line is not verified in the root text.)
The quoted words are in Klong chen rab byams gsung 'bum/volume 023 516 (a parallel), 92 % of the words.
'da' ka ye shesQuotation (named in the text: འཕགས་པ་འདའ་ཀ་ཡེ་ཤེས་ལས)
འཕགས་པ་འདའ་ཀ་ཡེ་ཤེས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ, 'phags pa 'da' ka ye shes zhes bya ba theg pa chen po'i mdo, The Sūtra of Wisdom at the Hour of Death (Ātajñānasūtra) · sutra; Kangyur; Toh 122
Identification: high confidence
The quoted words were not found among the texts on this wiki.

And the noble Primordial Wisdom at the Moment of Death says:

[p. 465] > Since mind itself is the perfect buddha,
> do not seek the buddha elsewhere.

So it says.

When this is put into practice, whether anything has arisen or not, it is all the same. So one does not think outward about external objects, does not conceptualize inward about the inner mind, and does not settle in its own place upon the unborn in between; rather, one recognizes that unobstructed, transparent awareness with direct immediacy. Thereby, without anything at all having been abandoned,[172]Note 172 · p. 465 · gang yang ma spangs par: GPT-6.2 Astra ties it to "nothing stands before the intellect", while Gemini 4 Neon, Claude Fable 5.2, Dharmamitra tie it to "one abides". The Tibetan allows either, and the translation keeps the phrase at the head of the sentence so that it can govern both. one abides in that very instant in the enlightened intent that is like space: free of extremes, with nothing remaining before the intellect, beyond conceptual elaboration (spros pa) and beyond thought and expression. Since there is no going out and gathering in of conceptual thought, it is called "not remaining before the intellect." Since there is no conceptualizing of the objects that appear, it is called "without substantial entities or marks."[173]Note 173 · p. 465 · dngos po mtshan ma med pa: Dharmamitra has "absence of characteristics in entities". I read the two as coordinate ("without substantial entities or marks"), with Gemini 4 Neon and Claude Fable 5.2, since the next sentence treats dngos po and dngos med as the pair that is absent. When both are absent,[174]Note 174 · p. 465 · gnyis med dus: Dharmamitra reads "do not exist as a duality". I follow Gemini 4 Neon, Claude Fable 5.2 and GPT-6.2 Astra ("when both are absent"), since Longchenpa is paraphrasing Bodhicaryāvatāra 9.34, quoted just below, where entity and nonentity both fail to remain before the intellect. the substantial entities that are the appearances of objects and the nonentities that are the going out and gathering in of cognition, there is no other aspect that would measure and grasp things as saṃsāra or nirvāṇa. And so this is called "the primordial wisdom of one's own individual awareness,[175]Note 175 · p. 465 · so so rang gi rig pa'i ye shes … rang gi rig pa: rendered with GPT-6.2 Astra as "the primordial wisdom of one's own individual awareness", so that the gloss "one's own awareness" (rig pa) stands out. In the verse, so so rang rig ye shes follows the glossary ("individually self-knowing primordial wisdom"). beyond speech, thought and expression,"

[p. 466] "one's own awareness." As the Pearl Garland says:

> Since it is freedom from extremes, the four alternatives have ceased.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

And the Great Garuḍa too says:

> Resting naturally, free of reliance and of anything called saṃsāra or nirvāṇa;[176]Note 176 · p. 466 · Great Garuḍa, line 1: ltos is taken as "reliance" (Gemini 4 Neon, Claude Fable 5.2, GPT-6.2 Astra), not as the imperative "look" (Dharmamitra). 'khor 'das bya ba is taken as "anything called saṃsāra or nirvāṇa" (Claude Fable 5.2) rather than "activities of saṃsāra and nirvāṇa" (Gemini 4 Neon, Dharmamitra, GPT-6.2 Astra), in line with the prose just above ('khor 'das su 'jal zhing 'dzin byed … med pas); the other reading is possible.
> though "this is self" and "this is other" are the magical display of appearances and cognition,
> since the hindrances of movement, seeing, grasping and clinging are cleared away,
> in resting just as it is, the extremes of elaboration into words have ceased;[177]Note 177 · p. 466 · Great Garuḍa, line 4: cog gzhag is taken as the state in which verbal elaboration ceases (Gemini 4 Neon), not as the thing elaborated in words (Claude Fable 5.2, GPT-6.2 Astra); the syntax allows both.
> the crux of whatever appears as the magical display[178]Note 178 · p. 466 · Great Garuḍa, lines 5–6: 'gag in cir snang 'gag is read as the noun "crux" (so Claude Fable 5.2), governed by bar du bsdam. This matches the earlier Great Garuḍa quotation (… chen po'i 'gag / … bar du bsdam) and the heading 'gag bsdam pa. Gemini 4 Neon, Dharmamitra and GPT-6.2 Astra read "ceases", but the text distinguishes 'gags (ceased) in line 4 from 'gag here. of mental faculty and mind
> is secured, free of phenomena, in the interval between the mental faculty and its activity.Khyung chenQuotation (named in the text: ཁྱུང་ཆེན་ལས་ཀྱང)
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Soaring Garuḍa · tantra; Nyingma Gyubum, one of the Five Early Translations of the Mind Series
Identification: high confidence
The quoted words are in ཚིག་དོན་རིན་པོ་ཆེའི་མཛོད། (a parallel: ཚིག་དོན་རིན་པོ་ཆེའི་མཛོད), 62 % of the words.

So it says.

This key point is the great common highway along which the noble ones have gone and go on following after:

> Beyond speech, thought and expression, the perfection of wisdom (shes rab pha rol phyin),
> unborn and unceasing, the very essence (ngo bo nyid) of space,
> the domain of individually self-knowing primordial wisdom (rang rig ye shes):
> to the mother of the victors of the three times I pay homage.Shes rab kyi pha rol tu…Quotation (not named in the text)
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་བསྟོད་པ, shes rab kyi pha rol tu phyin ma la bstod pa, Praise of the Perfection of Wisdom (Prajñāpāramitāstotra), by Rāhulabhadra · shastra; Tengyur
Identification: high confidence (The famous verse smra bsam brjod med; the praise is sometimes attributed to Nāgārjuna.)
The quoted words are in ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་པའི་མཐའ་རིན་པོ་ཆེའི་མཛོད་ཅེས་བྱ་བ་བཞུགས། (a parallel: ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་པའི་མཐའ་རིན་པོ་ཆེའི་མཛོད), 84 % of the words.

And the Precious Treasury of the Unborn says:

> Do not conceptualize anywhere;[179]Note 179 · p. 466 · gar yang ma rtogs: read as ma rtog ("do not conceptualize"), parallel to ma bsams shig, as all drafts do; "do not realize" makes no sense here. In the title, rin po'i che'i is a slip for rin po che'i. do not think of anything at all.

[p. 467] > Do not fabricate or contrive; rest naturally, loose and free.
> That which is uncontrived is the precious treasury of the unborn;
> it is the track along which all the victors of the three times have gone.Skye med rin po che'i mdzodQuotation (named in the text: སྐྱེ་མེད་རིན་པོའི་ཆེའི་མཛོད་ལས)
སྐྱེ་མེད་རིན་པོ་ཆེའི་མཛོད, skye med rin po che'i mdzod, The Precious Treasury of the Unborn · other
Identification: low confidence (Not identified; the same lines recur in Longchenpa's Trilogy of Rest.)
The quoted words are in Klong chen rab byams gsung 'bum/volume 021 481 (a parallel), 88 % of the words.

And the Bodhicaryāvatāra says:

> When neither substantial entities nor nonentities
> remain before the intellect,
> then, since there is no other aspect,
> with no reference point, there is utter peace.Spyod 'jugQuotation (named in the text: སྤྱོད་འཇུག་ལས)
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ, byang chub sems dpa'i spyod pa la 'jug pa, The Way of the Bodhisattva (Bodhicaryāvatāra), by Śāntideva · shastra; Tengyur; Toh 3871
Identification: high confidence
The quoted words are in Klong chen rab byams gsung 'bum/volume 022 500 (a parallel: རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོའི་འགྲེལ་པ་ཤིང་རྟ་བཟང་པོ), 100 % of the words.

This is just as taught in these and other such passages.

In praise of the meaning of freedom from extremes, the nature of phenomena:

> Once this itself is realized, there are no phenomena to accept or reject, and so
> everything, extending evenly as the one nature of phenomena,
> is like an island of gold, with nothing to distinguish or exclude.
> Untouched by extremes, with deviations and obscurations settled once and for all,
> in awakened mind itself, where there is no abyss,
> though the three kāyas, without exertion or effort, are spontaneously perfect (lhun rdzogs),
> this is merely given the name "beyond thought and expression," and nothing more.

Once all phenomena are realized to be groundless, like space,[180]Note 180 · p. 467 · The part ends in the middle of a word (nam [mkha']). The English completes the clause through rtogs nas ("realized to be groundless, like space,") and stops there.

[p. 468] there are no phenomena anywhere that are good or bad, to be accepted or rejected, and so they are seen as equality. On an island of gold all things are equal in being gold, so that whatever forms appear, there is no good or bad among them, and no ordinary thing, no stone or pebble,[181]Note 181 · p. 468 · dngos po is rendered "things" rather than the glossary's "substantial entity", since the gold-island analogy speaks of ordinary objects. In bzang ngan med pa'i dngos po phal pa'i rdo gseg the genitive is read loosely ("no good or bad, and no ordinary stones or pebbles"). is to be found, since everything is gold. Just so, since all phenomena extend evenly as the Great Perfection, free of extremes, deviations and obscurations, saṃsāra and nirvāṇa, do not exist even as names. Even to say that the three kāyas abide as spontaneously present in the nature of phenomena, the evenly equal (phyam mnyam) great vastness, is no more than a name; in actuality it is conclusively settled as beyond illustration and expression, and so enlightened intent is spontaneously present as the great state beyond the intellect (blo 'das).

The Natural Freedom says:

> Beyond the phenomena of extremes and stains,
> the stains of the four extremes clear of themselves (rang sangs);
> it is free of any partial aspect of grasping.Rig pa rang grolQuotation (named in the text: རང་གྲོལ་ལས)
རིག་པ་རང་གྲོལ་ཆེན་པོ་ཐམས་ཅད་གྲོལ་བའི་རྒྱུད, rig pa rang grol chen po thams cad grol ba'i rgyud, The Self-Liberated Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0053-vol-01-text (the text itself), 100 % of the words.

1.3.3.6 Securing the crux in unalloyed nakedness, since freedom in oneness has no counterpart གཅིག་གྲོལ་ལ་ཟླ་མེད་པས་ཟང་ཀ་རྗེན་པར་འགག་བསྡམ་པ1.3.3.6 Securing the crux in unalloyed nakedness, since freedom in oneness has no counterpart
Freedom in oneness: realizing one's single awareness frees everything, like pulling the peg that loosens a pack load. Movement, speech, thought, and the kāyas with their realms never leave that awareness, and a Pearl Garland passage summarizes the five modes of freedom.

Securing the crux in unalloyed nakedness, since freedom in oneness (gcig grol)[182]Note 182 · p. 468 · gcig grol: Gemini 4 Neon ("single liberation"), Dharmamitra ("liberation in oneness") and GPT-6.2 Astra ("liberation through the one") were replaced by the glossary's "freedom in oneness", as in Claude Fable 5.2. phyam gdal is "extend evenly" (GPT-6.2 Astra), not "evenly pervaded/pervasive" (Gemini 4 Neon, Dharmamitra, Claude Fable 5.2). has no counterpart:

[p. 469] > Appearances are unconfined (rgya yan); awareness, self-arisen, is lucid.
> Unobscured, with no outside or inside, it is unobstructed and transparent, and so,
> uncontrived and left in its genuine state, it is lucid as the great nature of phenomena.
> On the bed of a mind at ease, with body and mind relaxed from deep within
> and cognition carefree, like a person with nothing to do (byar med),
> without tightening or loosening,[183]Note 183 · p. 469 · Variant sgrim glod / Adzom blod: evident misreading, ignored. leave body and mind in whatever way is comfortable.

Persons each have a single awareness; there are not two or more. Here, therefore, bondage and freedom must be reckoned on the basis of that awareness alone, and so this is indeed freedom in oneness. Awareness alone is dharmakāya, the sole sphere, and since everything is freed through realizing it, for that reason too it is called "freedom in oneness": thus it is stated together with its justification.[184]Note 184 · p. 469 · zhes 'thad pa dang bcas pa'o: read with Claude Fable 5.2 as "stated together with its justification", in line with the later heading gcig grol gyi 'thad pa dgod pa. Gemini 4 Neon, Dharmamitra, GPT-6.2 Astra take it as "the term is well-founded".

Moreover, when awareness in its unobstructed transparency arises amid unconfined appearances, one does not think about appearances or mind but identifies that unalloyed awareness alone, whereby the nature of phenomena becomes lucid in its own true meaning. With the mind at ease in its natural resting place and spacious within, like a person whose work

[p. 470] is finished: such is this oral instruction (gdams ngag).[185]Note 185 · p. 469 · gdams ngag is "oral instruction" per the glossary; Gemini 4 Neon and Dharmamitra have "pith instruction".

As for putting this into practice: when the three come together—the dynamic energy of that unalloyed awareness,[186]Note 186 · p. 470 · rig pa zang ka de'i rtsal shes pa yul snang ba gsum: read with Gemini 4 Neon, Dharmamitra, GPT-6.2 Astra as the dynamic energy of unalloyed awareness, cognition, and the appearance of an object. Claude Fable 5.2 takes cognition as that dynamic energy and counts cognition, object and appearance. The first reading is preferred because the text goes on to set "those two" (cognition and object) against "that awareness alone". cognition, and the appearance of an object—although cognition arises toward the object, one does not think about those two but identifies that awareness alone. Object and mind thereby both pass into freedom from all bounds,[187]Note 187 · p. 470 · rgya grol la 'gro is used both of object and mind and of the load coming unbound; "freedom from all bounds" is kept for the former and echoed in the analogy. just as, when the single fastening peg of the pack ropes is pulled out, the whole load comes free of all that bound it.

Moreover, these three—object, cognition and mental engagement—are spoken of with the conventional designation (tha snyad) "conceptualization, the phenomena of saṃsāra." And so, when awareness alone is recognized, those three clear away utterly into freedom from all bounds; this is self-arisen primordial wisdom, the nature of phenomena in which words and intellect are exhausted.

To grasp at saṃsāra as what is to be abandoned and at nirvāṇa as what is to be adopted is itself these three—object, cognition and mental engagement. Therefore, in that interval where the intellect is free of what is to be abandoned and its antidote, one should secure the crux upon awareness arising in its unalloyed state.

To gather it all into one: in that interval where the two, outer appearances and inner cognition,

Translation notes
  • 159. [p. 459] skye bar snang shar ba snang ba de nyid nas: read as "their appearing and arising as though born… from that very appearing itself". The syntax is compressed, and the drafts agree on the sense. The last sentence is left open, since it continues on p. 460 (Dharmamitra has already translated on into the next page).
  • 160. [p. 460] The part opens mid-sentence with པས་…འཕྲང་བསལ།, completing the previous part's last clause. GPT-6.2 Astra re-translates that preceding clause; I have not repeated it.
  • 161. [p. 460] Throughout, shes pa is "cognition" and grol ba "freedom" per the glossary, against the drafts' "consciousness" (all) and "liberation" (Dharmamitra, Gemini 4 Neon); cer grol is "naked freedom", not GPT-6.2 Astra's "liberation upon looking directly".
  • 162. [p. 461] སྣང་བ་ལ་ཤེས་པ་མི་དགག །མི་འཛིན། མི་དཔྱོད་པར: Claude Fable 5.2 takes shes pa as the agent ("without consciousness blocking, grasping or examining appearances") and Dharmamitra drops it. With GPT-6.2 Astra and Gemini 4 Neon I take snang ba la shes pa as one phrase, as in སྣང་བ་ལ་ཤེས་པ་ཤར་དུས just below: the cognition of the appearance is not blocked, and there is no grasping or analyzing.
  • 163. [p. 461] འགེག in the Khyung chen quotation is read as འགག ("crux"), as in the parallel stanzas.
  • 164. [p. 462] གནས་པ་ཡང་དེ་གཉིས (text) / Adzom གནས་པ་དང་དེ་གཉིས: I follow ཡང ("abiding, too, is merely imputed on the intellect's cognizing those two"). Adzom's དང would make abiding and the other two alike imputations, which fits less well after the statement that arising and vanishing are simultaneous. Dharmamitra leaves དེ་གཉིས untranslated.
  • 165. [p. 462] ཤར་གྲོལ་དུས་ལ་ལ་ཡོད་པ་ལ is doubtful Tibetan. Dharmamitra and GPT-6.2 Astra render "since arising and freeing are simultaneous", as if reading དུས་མཉམ; Gemini 4 Neon has "in the very moment". I read the text as it stands, with Claude Fable 5.2: what there is at any given moment is freedom upon arising.
  • 166. [p. 462] བློ་བདེ་བ is idiomatic, so I render "one's mind is at ease" rather than use the glossary's "intellect" for blo.
  • 167. [p. 463] ཡལ་བའི་ངང་དེ་བཞག་ལ: Dharmamitra "resting in the very state of that vanishing" and GPT-6.2 Astra "leave the state of vanishing as it is"; Gemini 4 Neon and Claude Fable 5.2 "set aside". I follow Gemini 4 Neon and Claude Fable 5.2, since the next sentences fault those who meditate on the state of vanishing and require that awareness itself be recognized.
  • 168. [p. 463] ནང་ཤེས་པ་སྟོང་རིག་ཤར: stong rig is rendered "empty awareness" (GPT-6.2 Astra "empty cognizance", Gemini 4 Neon "empty-cognizing"), keeping rig as "awareness".
  • 169. [p. 463] གང་གི་མཐའ་བྲལ་གང་གཉིས་རང་གསལ is terse, and what "the two" (གང་གཉིས) are is left open, perhaps the appearance and emptiness of the stanza's last line. The line breaks off before བས ("and so"), which the next part continues.
  • 170. [p. 464] The part opens with བས་, which completes the last verse line of the previous part (rang gsal bas); it is rendered "and so" and joined to the next line.
  • 171. [p. 464] Adzom reads sangs rgyas ngang la rnyed pa ("finding buddha within the state") for rang la rnyed pa ("in oneself"). I follow rang la, which the contrast with "seeking elsewhere" (gzhan du btsal) and the two quotations require; ngang is probably a misreading of the print.
  • 172. [p. 465] gang yang ma spangs par: GPT-6.2 Astra ties it to "nothing stands before the intellect", while Gemini 4 Neon, Claude Fable 5.2, Dharmamitra tie it to "one abides". The Tibetan allows either, and the translation keeps the phrase at the head of the sentence so that it can govern both.
  • 173. [p. 465] dngos po mtshan ma med pa: Dharmamitra has "absence of characteristics in entities". I read the two as coordinate ("without substantial entities or marks"), with Gemini 4 Neon and Claude Fable 5.2, since the next sentence treats dngos po and dngos med as the pair that is absent.
  • 174. [p. 465] gnyis med dus: Dharmamitra reads "do not exist as a duality". I follow Gemini 4 Neon, Claude Fable 5.2 and GPT-6.2 Astra ("when both are absent"), since Longchenpa is paraphrasing Bodhicaryāvatāra 9.34, quoted just below, where entity and nonentity both fail to remain before the intellect.
  • 175. [p. 465] so so rang gi rig pa'i ye shes … rang gi rig pa: rendered with GPT-6.2 Astra as "the primordial wisdom of one's own individual awareness", so that the gloss "one's own awareness" (rig pa) stands out. In the verse, so so rang rig ye shes follows the glossary ("individually self-knowing primordial wisdom").
  • 176. [p. 466] Great Garuḍa, line 1: ltos is taken as "reliance" (Gemini 4 Neon, Claude Fable 5.2, GPT-6.2 Astra), not as the imperative "look" (Dharmamitra). 'khor 'das bya ba is taken as "anything called saṃsāra or nirvāṇa" (Claude Fable 5.2) rather than "activities of saṃsāra and nirvāṇa" (Gemini 4 Neon, Dharmamitra, GPT-6.2 Astra), in line with the prose just above ('khor 'das su 'jal zhing 'dzin byed … med pas); the other reading is possible.
  • 177. [p. 466] Great Garuḍa, line 4: cog gzhag is taken as the state in which verbal elaboration ceases (Gemini 4 Neon), not as the thing elaborated in words (Claude Fable 5.2, GPT-6.2 Astra); the syntax allows both.
  • 178. [p. 466] Great Garuḍa, lines 5–6: 'gag in cir snang 'gag is read as the noun "crux" (so Claude Fable 5.2), governed by bar du bsdam. This matches the earlier Great Garuḍa quotation (… chen po'i 'gag / … bar du bsdam) and the heading 'gag bsdam pa. Gemini 4 Neon, Dharmamitra and GPT-6.2 Astra read "ceases", but the text distinguishes 'gags (ceased) in line 4 from 'gag here.
  • 179. [p. 466] gar yang ma rtogs: read as ma rtog ("do not conceptualize"), parallel to ma bsams shig, as all drafts do; "do not realize" makes no sense here. In the title, rin po'i che'i is a slip for rin po che'i.
  • 180. [p. 467] The part ends in the middle of a word (nam [mkha']). The English completes the clause through rtogs nas ("realized to be groundless, like space,") and stops there.
  • 181. [p. 468] dngos po is rendered "things" rather than the glossary's "substantial entity", since the gold-island analogy speaks of ordinary objects. In bzang ngan med pa'i dngos po phal pa'i rdo gseg the genitive is read loosely ("no good or bad, and no ordinary stones or pebbles").
  • 182. [p. 468] gcig grol: Gemini 4 Neon ("single liberation"), Dharmamitra ("liberation in oneness") and GPT-6.2 Astra ("liberation through the one") were replaced by the glossary's "freedom in oneness", as in Claude Fable 5.2. phyam gdal is "extend evenly" (GPT-6.2 Astra), not "evenly pervaded/pervasive" (Gemini 4 Neon, Dharmamitra, Claude Fable 5.2).
  • 183. [p. 469] Variant sgrim glod / Adzom blod: evident misreading, ignored.
  • 184. [p. 469] zhes 'thad pa dang bcas pa'o: read with Claude Fable 5.2 as "stated together with its justification", in line with the later heading gcig grol gyi 'thad pa dgod pa. Gemini 4 Neon, Dharmamitra, GPT-6.2 Astra take it as "the term is well-founded".
  • 185. [p. 469] gdams ngag is "oral instruction" per the glossary; Gemini 4 Neon and Dharmamitra have "pith instruction".
  • 186. [p. 470] rig pa zang ka de'i rtsal shes pa yul snang ba gsum: read with Gemini 4 Neon, Dharmamitra, GPT-6.2 Astra as the dynamic energy of unalloyed awareness, cognition, and the appearance of an object. Claude Fable 5.2 takes cognition as that dynamic energy and counts cognition, object and appearance. The first reading is preferred because the text goes on to set "those two" (cognition and object) against "that awareness alone".
  • 187. [p. 470] rgya grol la 'gro is used both of object and mind and of the load coming unbound; "freedom from all bounds" is kept for the former and echoed in the analogy.
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the commentary announces and opens), gold the quotations, red the words of the root verses (or of a quotation) that the commentary quotes to explain them, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program, the root verses by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Root verses being explainedAuthor's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 459]
བཅས་པའི་གེགས་གསུམ་བསལ།
།སྣང་ཤེས་ཐོག་བབས་རང་བྱུང་ཆེན་པོའི་འགག །རང་ཤར་སྤྲོས་བྲལ་རྒྱུ་རྐྱེན་བར་དུ་བསྡམ།
།ཞེས་སོ། །ཡེ་གྲོལ་རྩ་བ་དང་བྲལ་བར་འགག་བསྡམ་པ་ནི། མི་འགྱུར་སྤྲོས་དང་བྲལ་བའི་རིག་པ་ལ། །ཤར་བ་ཡེ་ཤར་གནས་པ་ཡེ་གནས་ལ། །གྲོལ་བ་ཡེ་གྲོལ་ནམ་མཁའི་རང་བཞིན་ནོ། །སྨིག་རྒྱུའི་ཆུ་ཉིད་དུ་སྣང་བའི་དུས་ཆུར་ཡེ་ནས་མེད་པས་ཆུ་མ་ཡིན་པར་གྲོལ་ཟིན་པ་ལྟར། ཆོས་ཐམས་ཅད་རང་བཞིན་མེད་པར་ཡེ་ནས་སྟོང་ཞིང་བདག་མེད་པས་དངོས་པོ་དང་མཚན་མའི་ཆོས་ལས་ཡེ་ནས་གྲོལ་བ་སྟེ། དེ་ལྟར་ན་ཕྱི་སྣང་བ་དང་ནང་ཤེས་པ་ཇི་ལྟར་སྣང་ཞིང་ཤར་བ་ཐམས་ཅད་དང་པོར་སྐྱེ་བའི་རྒྱུས་སྟོང་པས་སྐྱེ་བར་སྣང་ཤར་བ་སྣང་བ་དེ་ཉིད་ནས་ཡོད་མ་མྱོང་བར་ཐག་བཅད། བར་དུ་ཤེས་ངོ་ལ་ད་ལྟ་གནས་པ་ལྟར་སྣང་བ་འདི་ཉིད་ནས་གནས་པ་རང་གི་ངོ་བོས་སྟོང་

> the three hindrances that come with them are cleared away.
> The crux of the great self-arisen, the immediate settling of appearances and cognition,
> naturally arising and free of conceptual elaboration (spros bral), is secured in the interval between cause and condition.Khyung chenQuotation (named in the text: ཁྱུང་ཆེན་ལས)
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Soaring Garuḍa · tantra; Nyingma Gyubum, one of the Five Early Translations of the Mind Series
Identification: high confidence
The quoted words were not found among the texts on this wiki.

1.3.3.3 Securing the crux as primordial freedom devoid of any root ཡེ་གྲོལ་རྩ་བ་དང་བྲལ་བར་འགག་བསྡམ་པ1.3.3.3 Securing the crux as primordial freedom devoid of any root
Like mirage water, phenomena are primordially free: unborn in the beginning, empty in abiding, not established as ceasing, so need no antidote. In practice, appearances are let go as groundless and naked awareness recognized in direct encounter, a point stressed as most important.

Securing the crux as primordial freedom (ye grol), devoid of any root:

In awareness, unchanging and free of conceptual elaboration,
arising is primordial arising, abiding is primordial abiding,
and freedom is primordial freedom: this is the nature of space.

At the very time the water of a mirage appears as water, it primordially does not exist as water, and so it is already free, as what is not water. In the same way, all phenomena, being without intrinsic nature, are primordially empty and without self, and so they are primordially free of phenomena that are substantial entities and marks. That being so, all outer appearances and inner cognition, however they appear and arise, are in the beginning empty of any cause for being born. It is therefore settled conclusively that their appearing and arising as though born[159]Note 159 · p. 459 · skye bar snang shar ba snang ba de nyid nas: read as "their appearing and arising as though born… from that very appearing itself". The syntax is compressed, and the drafts agree on the sense. The last sentence is left open, since it continues on p. 460 (Dharmamitra has already translated on into the next page). has never existed, from that very appearing itself. In the middle, from this very appearing itself, which to cognition seems now to abide, abiding is empty of its own essence

[p. 460]
པས་མེད་པ་གསལ་སྣང་དུ་འཕྲང་བསལ། མཐར་འགགས་པ་ལྟར་སྣང་བ་དེ་ཡང་འགག་པ་རང་གི་ངོ་བོས་སྟོང་སྟེ་མ་སྐྱེས་པའི་ཕྱིར་མི་གནས་པ་སྟེ་འགག་པར་མ་གྲུབ་པ་ཉིད། སྨིག་རྒྱུའི་ཆུ་དེ་མི་སྣང་ངོ༌། །འགགས་སོ། །ཞེས་སེམས་པ་དང་འདྲ་བས། འཛིན་པ་ལོག་པ་ཙམ་ལས་དངོས་པོ་འགག་པ་མེད་པས་འགག་པ་མ་གྲུབ་པར་ལ་བཟླ་བ་སྟེ། ཡེ་ནས་ཡོད་མ་མྱོང་དུ་གྲོལ་ཟིན་པས་གང་བློ་ངོར་ཤར་བ་དེ་གཉེན་པོས་བསྐྱར་ནས་འགྲོལ་མི་དགོས་སོ་ཞེས་ཤེས་པར་བྱ་བ་ནི། མུ་ཏིག་ཕྲེང་བ་ལས། འབད་པས་གྲོལ་བ་མ་ཡིན་ཏེ།
།ཡེ་ཉིད་ནས་ནི་གྲོལ་བར་གནས།
།ཞེས་སོ། །འདི་ལག་ལེན་དུ་འགག་བསྡམ་པ་དངོས་ནི། ཤེས་ངོར་ཡུལ་སྣང་བའི་དུས་ན་གཞི་མེད་དུ་ཤེས་པས་གང་ལའང་བཅོས་བསླད་མེད་པར་ཕྱལ་གྱིས་གཏོང་བ་སྟེ། ཤེས་པ་ཐུག་ཕྲད་ལ་སྣང་བ་ཐུག་ཕྲད་དུ་ཤར་དུས། རིག་པ་ཐུག་ཕྲད་ཟང་ཀར་གཞི་མེད་

and so the perilous pass is cleared[160]Note 160 · p. 460 · The part opens mid-sentence with པས་…འཕྲང་བསལ།, completing the previous part's last clause. GPT-6.2 Astra re-translates that preceding clause; I have not repeated it. as the lucid appearance of what does not exist (med pa gsal snang).

In the end, that which appears as though it had ceased is also such that ceasing is empty of its own essence. Because it was never born, it does not abide, and so it is simply not established as ceasing. This is like thinking, "The water of the mirage no longer appears. It has ceased." There is nothing but the mere reversal of grasping, and no substantial entity ceases; it is therefore decisively resolved that ceasing is not established. Since everything is already free (grol ba), as what has primordially never existed, whatever arises to the intellect need not be freed over again by an antidote. That this is what should be known is stated in the Garland of Pearls:

> It is not through exertion that there is freedom;
> from the very primordial beginning it abides as free.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0409-vol-05-text (a parallel: ཆོས་ཐམས་ཅད་ཀྱི་དོན་སྟོན་པ་རྫོགས་ཆེན་ཐིག་ལེ་ཉག་གཅིག་ཡེ་ནས་བྱ་རྩོལ་བྲལ་བ), 100 % of the words.

The actual securing of the crux of this in practice is as follows. At the time objects appear to cognition, knowing them to be groundless (gzhi med), one lets go in wide openness (phyal ba), without contriving or adulterating anything whatsoever. When, to cognition in direct encounter (thug phrad), appearances arise in direct encounter, awareness in direct encounter is let go, unalloyed and groundless;[161]Note 161 · p. 460 · Throughout, shes pa is "cognition" and grol ba "freedom" per the glossary, against the drafts' "consciousness" (all) and "liberation" (Dharmamitra, Gemini 4 Neon); cer grol is "naked freedom", not GPT-6.2 Astra's "liberation upon looking directly".

[p. 461]
དུ་བཏང་ནས་སྣང་བ་ལ་ཤེས་པ་མི་དགག །མི་འཛིན། མི་དཔྱོད་པར་རིག་པ་རྗེན་པ་དེ་ཉིད་ཕྱལ་བར་སངས་སངས་ངོས་ཟིན་ལ་མ་ཡེངས་ཙམ་དུ་སྐྱོང་བ་སྟེ། ཁྱུང་ཆེན་ལས། མཚན་མ་ཡེ་དག་ཡོངས་སུ་གྲོལ་བའི་གཞི།
།འབད་མེད་བྱ་བྲལ་བློ་ཡི་གེགས་བསལ་ཏེ།
ཐུག་ཕྲད་རྣམ་གསུམ་ཡུལ་ལ་རོལ་པའི་འགེག །གང་ཤར་མ་ཡེངས་ཡུལ་སེམས་བར་དུ་བསྡམ།
།ཞེས་པས། སྣང་བ་ལ་ཤེས་པ་ཤར་དུས་ཅོག་གིས་བཞག་པའི་བར་དེར་རིག་པ་ཟང་ཀ་དེ་འཆར་བ་ངོས་ཟིན་པར་བྱེད་པ་སྟེ་འདི་ཤིན་ཏུ་གནད་ཆེ་བར་ཡོད་པས་ཐེབས་པར་གདབ་ཅིང་རྒྱས་སུ་བཤད་དོ། །ཅེར་གྲོལ་མཐོང་ཡལ་ཆེན་པོར་འགག་བསྡམ་པ་ནི། ཤར་གནས་གྲོལ་གསུམ་ཤར་གྲོལ་རྒྱུན་ཆད་མེད། །རྒྱུན་ཆད་མེད་པས་རྒྱུ་འབྲས་བར་མ་ཆོད། །རྒྱུ་འབྲས་མེད་པས་འཁོར་བའི་གཡང་ས་ཆོད། །གཡང་ས་མེད་པས་གོལ་ས་

then, without blocking the cognition of appearances,[162]Note 162 · p. 461 · སྣང་བ་ལ་ཤེས་པ་མི་དགག །མི་འཛིན། མི་དཔྱོད་པར: Claude Fable 5.2 takes shes pa as the agent ("without consciousness blocking, grasping or examining appearances") and Dharmamitra drops it. With GPT-6.2 Astra and Gemini 4 Neon I take snang ba la shes pa as one phrase, as in སྣང་བ་ལ་ཤེས་པ་ཤར་དུས just below: the cognition of the appearance is not blocked, and there is no grasping or analyzing. without grasping and without analyzing, one recognizes that very naked awareness, wide open and vividly clear, and sustains it simply by not being distracted. As the Great Garuḍa says:

> The ground in which marks, primordially pure (ye dag), are totally free (yongs grol):
> without exertion, free of action (bya bral), the hindrances of the intellect are cleared away,
> and the crux of the display among objects,[163]Note 163 · p. 461 · འགེག in the Khyung chen quotation is read as འགག ("crux"), as in the parallel stanzas. the three direct encounters,
> is secured, undistracted whatever arises, in the interval between object and mind.Khyung chenQuotation (named in the text: ཁྱུང་ཆེན་ལས)
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Soaring Garuḍa · tantra; Nyingma Gyubum, one of the Five Early Translations of the Mind Series
Identification: high confidence
The quoted words are in Klong chen rab byams gsung 'bum/volume 002 028 (a parallel), 81 % of the words.

Accordingly, when cognition arises toward an appearance, in that interval in which it is left just as it is, one recognizes the arising of that unalloyed awareness. Since this is a key point of the utmost importance, it should be driven home, and so it is explained at length.

1.3.3.4 Securing the crux as naked freedom, the great vanishing upon being seen ཅེར་གྲོལ་མཐོང་ཡལ་ཆེན་པོར་འགག་བསྡམ་པ1.3.3.4 Securing the crux as naked freedom, the great vanishing upon being seen
Arising and vanishing are simultaneous like drawing on water, so cause and effect cannot accumulate and the abyss of saṃsāra is cut. In practice one recognizes lucid awareness at the moment of vanishing; Longchenpa rejects meditating on the blank vanishing state as mere calm abiding.

Securing the crux as naked freedom (cer grol), the great vanishing upon being seen:

Arising, abiding and freedom, all three, are freedom upon arising (shar grol), without interruption.
Since there is no interruption, no interval divides cause and effect (rgyu 'bras).
Since there is no cause and effect, the abyss of saṃsāra is cut off.
Since there is no abyss, where could any point of deviation

[p. 462]
ག་ལ་ཡོད། །འདིར་རིག་པ་རྒྱུན་ཆད་མེད་པས་དེའི་རྩལ་མ་འགགས་ཏེ་ཤེས་པ་ཡུལ་ལ་ཤར་བ་ལྟར་སྣང་དུས། ཡང་ན་འཆར། ཡང་ན་གནས། ཡང་ན་གྲོལ་བ་སྟེ་ཡལ་བ་གསུམ་ལས་མི་འདའ་བས། ཆུ་བོའི་རྒྱུན་འབབ་པ་དང་མཚུངས་ལ། རེང་བུ་སྐད་ཅིག་མ་ལ་རྒྱུ་འབྲས་ཀྱི་སོག་ལོང་མེད་དེ། ཤར་བ་དང་ཡལ་བ་དུས་མཉམ་པ་ཆུའི་རི་མོ་ལྟ་བུ་སྟེ། གནས་པ་ཡང་དེ་གཉིས་བློས་རིག་པའི་ཆ་ལ་བརྟགས་པ་ལས། ཤར་གྲོལ་དུས་ལ་ལ་ཡོད་པ་ལ། རྒྱུ་འབྲས་ཡོད་མི་སྲིད་པར་རྗེན་རྗེན་རྟོགས་པས་འཁོར་བའི་རྒྱུ་ཟད་དེ། འབྲས་བུ་ཁམས་གསུམ་རིགས་དྲུག་ཏུ་འཁོར་མི་སྲིད་པས་བློ་བདེ་བའོ། །གནད་འདི་ལ་གོལ་ས་དང་སྒྲིབ་པ་མེད་དེ་ཤར་གྲོལ་དུ་དག་པས་གོལ་སྒྲིབ་ཆོས་ཉིད་དུ་ཆོད་དེ་རེ་དོགས་ཀྱི་གཡང་ས་ཆོད་པ་ཞེས་བྱའོ། །འདི་ལག་ལེན་དུ་འགག་བསྡམ་པ་ནི། ཡུལ་ལ་བློ་སྣང་ངམ་བློ་ལ་ཡུལ་སྣང་ངམ་གང་

be found?

Here, since awareness is without interruption, its dynamic energy is unceasing, and when cognition appears as though arising toward an object, it either arises, or abides, or is freed, that is, vanishes. Since it never goes beyond these three, it is like the flowing stream of a river, and in a single isolated instant there is no time for cause and effect to accumulate.

Arising and vanishing are simultaneous, like a drawing on water. Abiding, too, is nothing more than what is imputed[164]Note 164 · p. 462 · གནས་པ་ཡང་དེ་གཉིས (text) / Adzom གནས་པ་དང་དེ་གཉིས: I follow ཡང ("abiding, too, is merely imputed on the intellect's cognizing those two"). Adzom's དང would make abiding and the other two alike imputations, which fits less well after the statement that arising and vanishing are simultaneous. Dharmamitra leaves དེ་གཉིས untranslated. upon the aspect of the intellect's cognizing those two. Given that what there is at any moment is freedom upon arising,[165]Note 165 · p. 462 · ཤར་གྲོལ་དུས་ལ་ལ་ཡོད་པ་ལ is doubtful Tibetan. Dharmamitra and GPT-6.2 Astra render "since arising and freeing are simultaneous", as if reading དུས་མཉམ; Gemini 4 Neon has "in the very moment". I read the text as it stands, with Claude Fable 5.2: what there is at any given moment is freedom upon arising. one realizes in all nakedness that cause and effect cannot possibly exist, and so the cause of saṃsāra is exhausted; and since it is impossible to circle in its effect, the three realms and the six classes of beings, one's mind is at ease.[166]Note 166 · p. 462 · བློ་བདེ་བ is idiomatic, so I render "one's mind is at ease" rather than use the glossary's "intellect" for blo. In this key point there are no points of deviation and no obscurations (sgrib pa). Since they are pure as freedom upon arising, deviations and obscurations (gol sgrib) are cut off in the nature of phenomena, and this is called "cutting off the abyss of hope and fear."

Securing the crux of this in practice is as follows. Whether the intellect appears to an object, or an object appears to the intellect, or whatever

[p. 463]
ཅིར་ཤར་ཡང་འདྲ་སྟེ། ཤར་ས་དེར་ཅེར་གྱིས་བཞག་པའི་སྐད་ཅིག་ལ་རང་ཡལ་རྗེས་མེད་དུ་སངས་སེ་བ་ཅིག་མི་འོང་མི་སྲིད་དོ། །དེའི་དུས་སུ་ཡལ་བའི་ངང་དེ་བཞག་ལ། རིག་པ་གསལ་དག་ཟང་ངེ་བ་ཅིག་འདུག་པ་དེ་ངོས་བཟུང་བས་དངས་ཆ་ལྷག་ཏུ་ཆེ་ལ་ཆེ་བ་ཡིན་ནོ། །གཞན་ཀུན་ཡལ་བའི་ངང་སང་ངེ་བ་རྟོག་མེད་དེ་བསྒོམ་ཡང༌། ཁོ་བོ་ནི་དེ་རིག་པའི་གནས་ཆ་ཞི་གནས་སུ་འདོད་པས་གནད་མ་གོ་བར་བྱེད་དེ། གང་ལའང་རིག་པ་རྗེན་པར་ཟང་ངེ་ཐལ་ལེ་བ་ཅིག་ངོས་ཟིན་དགོས་པ་དེ་རྫོགས་པ་ཆེན་པོ་འདིའི་ཁྱད་པར་གྱི་ཆོས་སུ་བཞེད་དགོས་པ་ཡིན་ནོ། །ཅེར་གྲོལ་གྱི་འགག་ཕྱི་ཡུལ་སྣང་ལ། ནང་ཤེས་པ་སྟོང་རིག་ཤར་དུས་ཀྱི་བར་དེར་རིག་པ་ངོས་བཟུང་བས་བསྡམ་པ་ཡིན་ཏེ། ཁྱུང་ཆེན་ལས། ཅེར་གྲོལ་རང་དག་མཐའ་གྲོལ་ཡོངས་སུ་རྫོགས།
།གང་གི་མཐའ་བྲལ་གང་གཉིས་རང་གསལ་

arises in whatever way, it is all the same. In the very instant of leaving it nakedly as it is, right where it arises, it is impossible that there should not come a clearing away in which it vanishes of itself without a trace. At that time, leave aside that state of vanishing;[167]Note 167 · p. 463 · ཡལ་བའི་ངང་དེ་བཞག་ལ: Dharmamitra "resting in the very state of that vanishing" and GPT-6.2 Astra "leave the state of vanishing as it is"; Gemini 4 Neon and Claude Fable 5.2 "set aside". I follow Gemini 4 Neon and Claude Fable 5.2, since the next sentences fault those who meditate on the state of vanishing and require that awareness itself be recognized. there is an awareness present, lucid, pure and utterly unalloyed, and by recognizing it, the limpid clarity becomes greater and greater still. All others meditate on that clear, nonconceptual state of vanishing; I, however, hold that to be calm abiding (zhi gnas), the aspect of stillness of awareness, and so consider that they have not understood the key point. In every case one must recognize awareness in its nakedness, unobstructed and transparent, and this must be held to be the distinctive feature of this Great Perfection.

The crux of naked freedom is secured by recognizing awareness in that interval when, outwardly, objects appear and, inwardly, cognition arises as empty awareness.[168]Note 168 · p. 463 · ནང་ཤེས་པ་སྟོང་རིག་ཤར: stong rig is rendered "empty awareness" (GPT-6.2 Astra "empty cognizance", Gemini 4 Neon "empty-cognizing"), keeping rig as "awareness". As the Great Garuḍa says:

> Naked freedom, natural purity, freedom from extremes (mtha' grol), utterly perfect:
> free of extremes (mtha' bral) of any kind, whatever the two may be, they are naturally lucid[169]Note 169 · p. 463 · གང་གི་མཐའ་བྲལ་གང་གཉིས་རང་གསལ is terse, and what "the two" (གང་གཉིས) are is left open, perhaps the appearance and emptiness of the stanza's last line. The line breaks off before བས ("and so"), which the next part continues.

[p. 464]
བས།
།བྱ་བྲལ་ཀློང་ཆེན་མ་བཙལ་ཆེན་པོའི་འགག །ལུས་ངག་བྱ་བྲལ་སྣང་སྟོང་བར་དུ་བསྡམ།
།ཞེས་སོ། །མཐའ་གྲོལ་བསམ་བརྗོད་ལས་འདས་པར་འགག་བསྡམ་པ་ནི། ཡེ་ནས་མི་འགྱུར་ཀུན་ཏུ་བཟང་པོའི་ཀློང༌། །འཕོ་འགྱུར་མེད་པས་རྡོ་རྗེ་སེམས་དཔའི་ཀློང༌། །གནས་ལུགས་རང་ངོ་ཤེས་པ་ཙམ་ཉིད་ལ། །སངས་རྒྱས་ཞེས་སུ་མིང་འདི་བཏགས་པར་ཟད། །རིག་པའི་ངོ་བོ་ལ་གང་དུའང་མ་གྲུབ་པས་ཀུན་ཏུ་བཟང་པོ་སྟེ་སྟོང་གསལ་ཟང་ཐལ་བས་རྡོ་རྗེ་སེམས་དཔའི་ཀློང་ཡངས་པ་དེ་ངོས་ཟིན་པ་ལ་སངས་རྒྱས་རང་ལ་རྙེད་པ་ཞེས་བྱའི། དེ་ལས་གཞན་དུ་བཙལ་ཡང་མི་རྙེད་དེ། སྒྱུ་འཕྲུལ་ལས། ཕྱོགས་བཅུ་དུས་བཞི་གང་ནས་ཀྱང༌།
།རྫོགས་པའི་སངས་རྒྱས་རྙེད་མི་འགྱུར།
།སེམས་ཉིད་རྫོགས་པའི་སངས་རྒྱས་པས།
།སངས་རྒྱས་གཞན་དུ་མ་ཚོལ་ཞིག
།ཅེས་པ་དང༌།
འཕགས་པ་འདའ་ཀ་ཡེ་ཤེས་ལས།

> and so the crux of the great unsought,[170]Note 170 · p. 464 · The part opens with བས་, which completes the last verse line of the previous part (rang gsal bas); it is rendered "and so" and joined to the next line. the great expanse free of action,
> is secured, free of the actions of body and speech, in the interval between appearance and emptinessKhyung chenQuotation (named in the text: ཁྱུང་ཆེན་ལས)
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Soaring Garuḍa · tantra; Nyingma Gyubum, one of the Five Early Translations of the Mind Series
Identification: high confidence
The quoted words are in Gnas lugs rin po che'i mdzod/Chapter 2/Commentary (a parallel), 59 % of the words.
(snang stong).

So it says.

1.3.3.5 Securing the crux of freedom from extremes as beyond thought and expression མཐའ་གྲོལ་བསམ་བརྗོད་ལས་འདས་པར་འགག་བསྡམ་པ1.3.3.5 Securing the crux of freedom from extremes as beyond thought and expression
Awareness, established as nothing, is Samantabhadra; empty and lucid, it is Vajrasattva's expanse. Recognizing it is 'finding buddha in oneself'; buddha is not found elsewhere, as the Māyājāla and other scriptures state.

Securing the crux of freedom from extremes as beyond thought and expression:

> Primordially unchanging, the expanse of Samantabhadra (kun tu bzang po);
> without transition or change, and hence the expanse of Vajrasattva:
> to the mere recognition of the natural state's own face
> this name "buddha" is given, and nothing more.

Since the essence of awareness is not established as anything whatsoever, it is Samantabhadra; since it is empty and lucid, unobstructed and transparent, it is the vast expanse of Vajrasattva. To recognize that is called "finding buddha in oneself,"[171]Note 171 · p. 464 · Adzom reads sangs rgyas ngang la rnyed pa ("finding buddha within the state") for rang la rnyed pa ("in oneself"). I follow rang la, which the contrast with "seeking elsewhere" (gzhan du btsal) and the two quotations require; ngang is probably a misreading of the print. whereas even if one seeks elsewhere than that, it will not be found. As the Māyājāla says:

> Nowhere in the ten directions or the four times
> will the perfect buddha be found.
> Since mind itself is the perfect buddha,
> do not seek the buddha elsewhere.Gsang snyingQuotation (named in the text: སྒྱུ་འཕྲུལ་ལས)
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ, dpal gsang ba'i snying po de kho na nyid nges pa, The Guhyagarbha Tantra (Secret Essence) (Guhyagarbhatattvaviniścaya) · tantra; Nyingma Gyubum; Toh 832
Identification: high confidence (Longchenpa also cites it under the cycle names Sgyu 'phrul drwa ba and Sgyu 'phrul gsang ba; the Sgyu 'phrul gsang ba line is not verified in the root text.)
The quoted words are in Klong chen rab byams gsung 'bum/volume 023 516 (a parallel), 92 % of the words.
'da' ka ye shesQuotation (named in the text: འཕགས་པ་འདའ་ཀ་ཡེ་ཤེས་ལས)
འཕགས་པ་འདའ་ཀ་ཡེ་ཤེས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ, 'phags pa 'da' ka ye shes zhes bya ba theg pa chen po'i mdo, The Sūtra of Wisdom at the Hour of Death (Ātajñānasūtra) · sutra; Kangyur; Toh 122
Identification: high confidence
The quoted words were not found among the texts on this wiki.

And the noble Primordial Wisdom at the Moment of Death says:

[p. 465]
སེམས་ཉིད་རྫོགས་པའི་སངས་རྒྱས་པས།
།སངས་རྒྱས་གཞན་དུ་མ་ཚོལ་ཅིག
།ཅེས་སོ། །འདི་ལག་ཏུ་ལེན་ན་ཤར་རམ་མ་ཤར་རམ་གང་ལའང་འདྲ་བས། ཕྱི་ཡུལ་ལ་ཕར་མི་བསམ། ནང་སེམས་ལ་ཚུར་མི་རྟོག །བར་སྐྱེ་མེད་ལ་རང་སར་མི་འཇོག་པར་རིག་པ་ཟང་ཐལ་བ་དེ་ཅར་ཕོག་ཏུ་ངོས་བཟུང་བས། གང་ཡང་མ་སྤངས་པར་བློའི་མདུན་ན་མི་གནས་པའི་མཐའ་བྲལ་སྤྲོས་པ་དང་བསམ་བརྗོད་ལས་འདས་པ་ནམ་མཁའ་ལྟ་བུའི་དགོངས་པ་ལ་སྐད་ཅིག་དེ་ཀར་གནས་ཏེ། རྟོག་པའི་འཕྲོ་འདུ་མེད་པས་བློའི་མདུན་ན་མི་གནས་པ་ཞེས་བྱའོ། །སྣང་བའི་ཡུལ་ལ་མི་རྟོག་པས་དངོས་པོ་མཚན་མ་མེད་པ་ཞེས་བྱའོ། །ཡུལ་སྣང་དངོས་པོ་དང༌། ཤེས་པའི་འཕྲོ་འདུ་དངོས་མེད་གཉིས་མེད་དུས། འཁོར་འདས་སུ་འཇལ་ཞིང་འཛིན་བྱེད་ཀྱི་རྣམ་པ་གཞན་མེད་པས། སོ་སོ་རང་གི་རིག་པའི་ཡེ་ཤེས་སྨྲ་བསམ་བརྗོད་པ་མེད་

> Since mind itself is the perfect buddha,
> do not seek the buddha elsewhere.

So it says.

When this is put into practice, whether anything has arisen or not, it is all the same. So one does not think outward about external objects, does not conceptualize inward about the inner mind, and does not settle in its own place upon the unborn in between; rather, one recognizes that unobstructed, transparent awareness with direct immediacy. Thereby, without anything at all having been abandoned,[172]Note 172 · p. 465 · gang yang ma spangs par: GPT-6.2 Astra ties it to "nothing stands before the intellect", while Gemini 4 Neon, Claude Fable 5.2, Dharmamitra tie it to "one abides". The Tibetan allows either, and the translation keeps the phrase at the head of the sentence so that it can govern both. one abides in that very instant in the enlightened intent that is like space: free of extremes, with nothing remaining before the intellect, beyond conceptual elaboration (spros pa) and beyond thought and expression. Since there is no going out and gathering in of conceptual thought, it is called "not remaining before the intellect." Since there is no conceptualizing of the objects that appear, it is called "without substantial entities or marks."[173]Note 173 · p. 465 · dngos po mtshan ma med pa: Dharmamitra has "absence of characteristics in entities". I read the two as coordinate ("without substantial entities or marks"), with Gemini 4 Neon and Claude Fable 5.2, since the next sentence treats dngos po and dngos med as the pair that is absent. When both are absent,[174]Note 174 · p. 465 · gnyis med dus: Dharmamitra reads "do not exist as a duality". I follow Gemini 4 Neon, Claude Fable 5.2 and GPT-6.2 Astra ("when both are absent"), since Longchenpa is paraphrasing Bodhicaryāvatāra 9.34, quoted just below, where entity and nonentity both fail to remain before the intellect. the substantial entities that are the appearances of objects and the nonentities that are the going out and gathering in of cognition, there is no other aspect that would measure and grasp things as saṃsāra or nirvāṇa. And so this is called "the primordial wisdom of one's own individual awareness,[175]Note 175 · p. 465 · so so rang gi rig pa'i ye shes … rang gi rig pa: rendered with GPT-6.2 Astra as "the primordial wisdom of one's own individual awareness", so that the gloss "one's own awareness" (rig pa) stands out. In the verse, so so rang rig ye shes follows the glossary ("individually self-knowing primordial wisdom"). beyond speech, thought and expression,"

[p. 466]
པ་རང་གི་རིག་པ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། མཐའ་གྲོལ་ཡིན་པས་མུ་བཞི་འགགས། །ཞེས་པ་དང༌། ཁྱུང་ཆེན་ལས་ཀྱང༌། རང་གཞག་ལྟོས་དང་འཁོར་འདས་བྱ་བ་བྲལ།
།རང་ཡིན་གཞན་ཡིན་སྣང་ཤེས་ཆོ་འཕྲུལ་ཀྱང༌།
།འགྱུས་མཐོང་འཛིན་དང་ཞེན་པའི་གེགས་བསལ་བས།
།ཅོག་གཞག་ཚིག་ཏུ་སྤྲོ་བའི་མཐའ་འགགས་ཏེ།
།ཡིད་དང་སེམས་ཀྱི་ཆོ་འཕྲུལ་ཅིར་སྣང་འགག །ཆོས་བྲལ་ཡིད་དང་བྱེད་པའི་བར་དུ་བསྡམ།
།ཞེས་སོ། །གནད་འདི་ནི་འཕགས་པ་རྣམས་གཤེགས་ཤིང་རྗེས་སུ་གཤེགས་པ་སྤྱིའི་ལམ་པོ་ཆེ་སྟེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།
།མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད།
།སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་པ།
།དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ།
།ཞེས་པ་དང༌། སྐྱེ་མེད་རིན་པོའི་ཆེའི་མཛོད་ལས། གར་ཡང་མ་རྟོགས་ཅིར་ཡང་མ་བསམས་

"one's own awareness." As the Pearl Garland says:

> Since it is freedom from extremes, the four alternatives have ceased.Mu tig phreng baQuotation (named in the text: མུ་ཏིག་ཕྲེང་བ་ལས)
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

And the Great Garuḍa too says:

> Resting naturally, free of reliance and of anything called saṃsāra or nirvāṇa;[176]Note 176 · p. 466 · Great Garuḍa, line 1: ltos is taken as "reliance" (Gemini 4 Neon, Claude Fable 5.2, GPT-6.2 Astra), not as the imperative "look" (Dharmamitra). 'khor 'das bya ba is taken as "anything called saṃsāra or nirvāṇa" (Claude Fable 5.2) rather than "activities of saṃsāra and nirvāṇa" (Gemini 4 Neon, Dharmamitra, GPT-6.2 Astra), in line with the prose just above ('khor 'das su 'jal zhing 'dzin byed … med pas); the other reading is possible.
> though "this is self" and "this is other" are the magical display of appearances and cognition,
> since the hindrances of movement, seeing, grasping and clinging are cleared away,
> in resting just as it is, the extremes of elaboration into words have ceased;[177]Note 177 · p. 466 · Great Garuḍa, line 4: cog gzhag is taken as the state in which verbal elaboration ceases (Gemini 4 Neon), not as the thing elaborated in words (Claude Fable 5.2, GPT-6.2 Astra); the syntax allows both.
> the crux of whatever appears as the magical display[178]Note 178 · p. 466 · Great Garuḍa, lines 5–6: 'gag in cir snang 'gag is read as the noun "crux" (so Claude Fable 5.2), governed by bar du bsdam. This matches the earlier Great Garuḍa quotation (… chen po'i 'gag / … bar du bsdam) and the heading 'gag bsdam pa. Gemini 4 Neon, Dharmamitra and GPT-6.2 Astra read "ceases", but the text distinguishes 'gags (ceased) in line 4 from 'gag here. of mental faculty and mind
> is secured, free of phenomena, in the interval between the mental faculty and its activity.Khyung chenQuotation (named in the text: ཁྱུང་ཆེན་ལས་ཀྱང)
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Soaring Garuḍa · tantra; Nyingma Gyubum, one of the Five Early Translations of the Mind Series
Identification: high confidence
The quoted words are in ཚིག་དོན་རིན་པོ་ཆེའི་མཛོད། (a parallel: ཚིག་དོན་རིན་པོ་ཆེའི་མཛོད), 62 % of the words.

So it says.

This key point is the great common highway along which the noble ones have gone and go on following after:

> Beyond speech, thought and expression, the perfection of wisdom (shes rab pha rol phyin),
> unborn and unceasing, the very essence (ngo bo nyid) of space,
> the domain of individually self-knowing primordial wisdom (rang rig ye shes):
> to the mother of the victors of the three times I pay homage.Shes rab kyi pha rol tu…Quotation (not named in the text)
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་བསྟོད་པ, shes rab kyi pha rol tu phyin ma la bstod pa, Praise of the Perfection of Wisdom (Prajñāpāramitāstotra), by Rāhulabhadra · shastra; Tengyur
Identification: high confidence (The famous verse smra bsam brjod med; the praise is sometimes attributed to Nāgārjuna.)
The quoted words are in ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་པའི་མཐའ་རིན་པོ་ཆེའི་མཛོད་ཅེས་བྱ་བ་བཞུགས། (a parallel: ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་པའི་མཐའ་རིན་པོ་ཆེའི་མཛོད), 84 % of the words.

And the Precious Treasury of the Unborn says:

> Do not conceptualize anywhere;[179]Note 179 · p. 466 · gar yang ma rtogs: read as ma rtog ("do not conceptualize"), parallel to ma bsams shig, as all drafts do; "do not realize" makes no sense here. In the title, rin po'i che'i is a slip for rin po che'i. do not think of anything at all.

[p. 467]
ཤིག །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། །ཞེས་པ་དང༌། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ།
།དེ་ཚེ་རྣམ་པ་གཞན་མེད་པས།
།དམིགས་པ་མེད་པ་རབ་ཏུ་ཞི།
།ཞེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། །མཐའ་གྲོལ་ཆོས་ཉིད་ཀྱི་དོན་ལ་བསྔགས་པ་ནི། །འདི་ཉིད་རྟོགས་ནས་བླང་དོར་ཆོས་མེད་པས།
།ཐམས་ཅད་ཆོས་ཉིད་གཅིག་ཏུ་ཕྱམ་གདལ་བ།
།གསེར་གླིང་ལྟ་བུར་དབྱེ་བསལ་མེད་པ་ཡིན།
།མཐའ་ཡིས་མ་རེག་གོལ་སྒྲིབ་གདར་ཤ་ཆོད།
།གཡང་ས་མེད་པའི་བྱང་ཆུབ་སེམས་ཉིད་ལ།
།འབད་རྩོལ་མེད་པའི་སྐུ་གསུམ་ལྷུན་རྫོགས་ཀྱང༌།
།བསམ་བརྗོད་འདས་ཞེས་མིང་ཙམ་བརྗོད་པར་ཟད།
།ཆོས་ཐམས་ཅད་གཞི་མེད་ནམ་

> Do not fabricate or contrive; rest naturally, loose and free.
> That which is uncontrived is the precious treasury of the unborn;
> it is the track along which all the victors of the three times have gone.Skye med rin po che'i mdzodQuotation (named in the text: སྐྱེ་མེད་རིན་པོའི་ཆེའི་མཛོད་ལས)
སྐྱེ་མེད་རིན་པོ་ཆེའི་མཛོད, skye med rin po che'i mdzod, The Precious Treasury of the Unborn · other
Identification: low confidence (Not identified; the same lines recur in Longchenpa's Trilogy of Rest.)
The quoted words are in Klong chen rab byams gsung 'bum/volume 021 481 (a parallel), 88 % of the words.

And the Bodhicaryāvatāra says:

> When neither substantial entities nor nonentities
> remain before the intellect,
> then, since there is no other aspect,
> with no reference point, there is utter peace.Spyod 'jugQuotation (named in the text: སྤྱོད་འཇུག་ལས)
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ, byang chub sems dpa'i spyod pa la 'jug pa, The Way of the Bodhisattva (Bodhicaryāvatāra), by Śāntideva · shastra; Tengyur; Toh 3871
Identification: high confidence
The quoted words are in Klong chen rab byams gsung 'bum/volume 022 500 (a parallel: རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོའི་འགྲེལ་པ་ཤིང་རྟ་བཟང་པོ), 100 % of the words.

This is just as taught in these and other such passages.

In praise of the meaning of freedom from extremes, the nature of phenomena:

> Once this itself is realized, there are no phenomena to accept or reject, and so
> everything, extending evenly as the one nature of phenomena,
> is like an island of gold, with nothing to distinguish or exclude.
> Untouched by extremes, with deviations and obscurations settled once and for all,
> in awakened mind itself, where there is no abyss,
> though the three kāyas, without exertion or effort, are spontaneously perfect (lhun rdzogs),
> this is merely given the name "beyond thought and expression," and nothing more.

Once all phenomena are realized to be groundless, like space,[180]Note 180 · p. 467 · The part ends in the middle of a word (nam [mkha']). The English completes the clause through rtogs nas ("realized to be groundless, like space,") and stops there.

[p. 468]
མཁའ་ལྟར་རྟོགས་ནས་གང་ལའང་བཟང་ངན་དང་བླང་དོར་བྱ་བའི་ཆོས་མེད་པས་མཉམ་པ་ཉིད་དུ་མཐོང་བ་ནི། གསེར་གླིང་ན་དངོས་པོ་ཐམས་ཅད་གསེར་དུ་མཉམ་པས་གཟུགས་ཅི་སྣང་ཡང་བཟང་ངན་མེད་པའི་དངོས་པོ་ཕལ་པའི་རྡོ་གསེག་མི་རྙེད་དེ་ཐམས་ཅད་གསེར་དུ་ཡོད་པ་ལྟར། ཆོས་ཐམས་ཅད་མཐའ་བྲལ་རྫོགས་པ་ཆེན་པོར་ཕྱམ་གདལ་བས། གོལ་སྒྲིབ་དང་འཁོར་འདས་མིང་མེད་དེ་ཕྱམ་མཉམ་ཡངས་པ་ཆེན་པོའི་ཆོས་ཉིད་ལ་སྐུ་གསུམ་ལྷུན་གྲུབ་ཏུ་གནས་ཞེས་བརྗོད་པའང་མིང་ཙམ་ལས། དོན་ལ་མཚོན་བརྗོད་ལས་འདས་པར་མཐའ་ཆོད་པས། དགོངས་པ་བློ་འདས་ཆེན་པོར་ལྷུན་གྱིས་གྲུབ་པའོ། །རང་གྲོལ་ལས། མཐའ་དང་དྲི་མའི་ཆོས་ལས་འདས།
།མཐའ་བཞིའི་དྲི་མ་རང་སངས་ཉིད།
།འཛིན་པའི་ཕྱོགས་ཆ་ཉིད་དང་བྲལ།
།ཞེས་སོ། །གཅིག་གྲོལ་ལ་ཟླ་མེད་པས་ཟང་ཀ་རྗེན་པར་འགག་བསྡམ་པ་ནི།

there are no phenomena anywhere that are good or bad, to be accepted or rejected, and so they are seen as equality. On an island of gold all things are equal in being gold, so that whatever forms appear, there is no good or bad among them, and no ordinary thing, no stone or pebble,[181]Note 181 · p. 468 · dngos po is rendered "things" rather than the glossary's "substantial entity", since the gold-island analogy speaks of ordinary objects. In bzang ngan med pa'i dngos po phal pa'i rdo gseg the genitive is read loosely ("no good or bad, and no ordinary stones or pebbles"). is to be found, since everything is gold. Just so, since all phenomena extend evenly as the Great Perfection, free of extremes, deviations and obscurations, saṃsāra and nirvāṇa, do not exist even as names. Even to say that the three kāyas abide as spontaneously present in the nature of phenomena, the evenly equal (phyam mnyam) great vastness, is no more than a name; in actuality it is conclusively settled as beyond illustration and expression, and so enlightened intent is spontaneously present as the great state beyond the intellect (blo 'das).

The Natural Freedom says:

> Beyond the phenomena of extremes and stains,
> the stains of the four extremes clear of themselves (rang sangs);
> it is free of any partial aspect of grasping.Rig pa rang grolQuotation (named in the text: རང་གྲོལ་ལས)
རིག་པ་རང་གྲོལ་ཆེན་པོ་ཐམས་ཅད་གྲོལ་བའི་རྒྱུད, rig pa rang grol chen po thams cad grol ba'i rgyud, The Self-Liberated Awareness · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0053-vol-01-text (the text itself), 100 % of the words.

1.3.3.6 Securing the crux in unalloyed nakedness, since freedom in oneness has no counterpart གཅིག་གྲོལ་ལ་ཟླ་མེད་པས་ཟང་ཀ་རྗེན་པར་འགག་བསྡམ་པ1.3.3.6 Securing the crux in unalloyed nakedness, since freedom in oneness has no counterpart
Freedom in oneness: realizing one's single awareness frees everything, like pulling the peg that loosens a pack load. Movement, speech, thought, and the kāyas with their realms never leave that awareness, and a Pearl Garland passage summarizes the five modes of freedom.

Securing the crux in unalloyed nakedness, since freedom in oneness (gcig grol)[182]Note 182 · p. 468 · gcig grol: Gemini 4 Neon ("single liberation"), Dharmamitra ("liberation in oneness") and GPT-6.2 Astra ("liberation through the one") were replaced by the glossary's "freedom in oneness", as in Claude Fable 5.2. phyam gdal is "extend evenly" (GPT-6.2 Astra), not "evenly pervaded/pervasive" (Gemini 4 Neon, Dharmamitra, Claude Fable 5.2). has no counterpart:

[p. 469]
སྣང་བ་རྒྱ་ཡན་རིག་པ་རང་བྱུང་གསལ། །མ་བསྒྲིབས་ཕྱི་ནང་མེད་པར་ཟང་ཐལ་བས།
།མ་བཅོས་རྣལ་གཞག་ཆོས་ཉིད་ཆེན་པོར་གསལ།
།བློ་བདེའི་མལ་ན་ལུས་སེམས་ཁོང་གློད་དེ།
།ཤེས་པ་བག་ཡངས་བྱར་མེད་སྐྱེས་བུ་བཞིན།
།སྒྲིམ་གློད་མེད་པས་ལུས་སེམས་གང་བདེར་ཞོག །སྐྱེས་བུ་རྣམས་ནི་རིག་པ་རེ་རེ་བ་སྟེ་གཉིས་ལ་སོགས་པ་མེད་པས་ན། འདིར་བཅིང་གྲོལ་རིག་པ་གཅིག་པུ་དེའི་སྟེང་ནས་བརྩི་དགོས་པས་གཅིག་གྲོལ་ཉིད་དེ། རིག་པ་གཅིག་པུ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན་ལ། དེ་རྟོགས་པས་ཐམས་ཅད་གྲོལ་བའི་ཕྱིར་ཡང་གཅིག་གྲོལ་ཞེས་འཐད་པ་དང་བཅས་པའོ། །དེ་ཡང་སྣང་བ་རྒྱ་ཡན་ལ་རིག་པ་ཟང་ཐལ་ཤར་དུས། སྣང་སེམས་ལ་མི་བསམ་པར་རིག་པ་ཟང་ཀ་གཅིག་པུ་དེ་ངོས་བཟུང་བས་ཆོས་ཉིད་རང་དོན་གསལ་ཏེ། བློ་བདེ་རང་མལ་ན་ཁོང་ཡངས་པ་སྐྱེས་བུ་ལས་

> Appearances are unconfined (rgya yan); awareness, self-arisen, is lucid.
> Unobscured, with no outside or inside, it is unobstructed and transparent, and so,
> uncontrived and left in its genuine state, it is lucid as the great nature of phenomena.
> On the bed of a mind at ease, with body and mind relaxed from deep within
> and cognition carefree, like a person with nothing to do (byar med),
> without tightening or loosening,[183]Note 183 · p. 469 · Variant sgrim glod / Adzom blod: evident misreading, ignored. leave body and mind in whatever way is comfortable.

Persons each have a single awareness; there are not two or more. Here, therefore, bondage and freedom must be reckoned on the basis of that awareness alone, and so this is indeed freedom in oneness. Awareness alone is dharmakāya, the sole sphere, and since everything is freed through realizing it, for that reason too it is called "freedom in oneness": thus it is stated together with its justification.[184]Note 184 · p. 469 · zhes 'thad pa dang bcas pa'o: read with Claude Fable 5.2 as "stated together with its justification", in line with the later heading gcig grol gyi 'thad pa dgod pa. Gemini 4 Neon, Dharmamitra, GPT-6.2 Astra take it as "the term is well-founded".

Moreover, when awareness in its unobstructed transparency arises amid unconfined appearances, one does not think about appearances or mind but identifies that unalloyed awareness alone, whereby the nature of phenomena becomes lucid in its own true meaning. With the mind at ease in its natural resting place and spacious within, like a person whose work

[p. 470]
ཟིན་པ་ལྟ་བུའི་གདམས་ངག་གོ། །འདི་ལག་ལེན་དུ་བྱེད་པ་ནི་རིག་པ་ཟང་ཀ་དེའི་རྩལ་ཤེས་པ་ཡུལ་སྣང་བ་གསུམ་འཛོམ་དུས་ཤེས་པ་ཡུལ་ལ་འཆར་ཡང་དེ་གཉིས་ལ་མི་བསམ་པར། རིག་པ་གཅིག་པུ་དེ་ངོས་བཟུང་བས། ཡུལ་སེམས་གཉིས་རྒྱ་གྲོལ་ལ་འགྲོ་སྟེ། དོ་ཐག་གི་བརྟོད་ཕུར་གཅིག་པུ་དེ་བཏོན་པས་ཁལ་ཐམས་ཅད་རྒྱ་གྲོལ་ལ་འགྲོ་བ་བཞིན་ནོ། །དེ་ཡང་ཡུལ་ཤེས་པ་ཡིད་ལ་བྱེད་པ་གསུམ་པོ་དེ་ལ་ཀུན་རྟོག་འཁོར་བའི་ཆོས་ཞེས་ཐ་སྙད་བརྗོད་པས། རིག་པ་གཅིག་པུ་ངོས་ཟིན་པས་དེ་གསུམ་རྒྱ་གྲོལ་ལ་ཨར་སངས་པ་ནི་ཚིག་དང་བློ་ཟད་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སོ། །སྤང་བྱ་འཁོར་བ་དང་བླང་བྱ་མྱང་འདས་སུ་འཛིན་པ་ནི་ཡུལ་ཤེས་ཡིད་ལ་བྱེད་པ་གསུམ་ཡིན་པས། བློ་སྤང་གཉེན་དང་བྲལ་བའི་བར་དེར་རིག་པ་ཟང་ཀར་འཆར་བ་ལ་འགག་བསྡམ་པར་བྱའོ། །འུབ་ཀྱིས་དྲིལ་ན་ཕྱི་སྣང་བ་དང་ནང་ཤེས་

is finished: such is this oral instruction (gdams ngag).[185]Note 185 · p. 469 · gdams ngag is "oral instruction" per the glossary; Gemini 4 Neon and Dharmamitra have "pith instruction".

As for putting this into practice: when the three come together—the dynamic energy of that unalloyed awareness,[186]Note 186 · p. 470 · rig pa zang ka de'i rtsal shes pa yul snang ba gsum: read with Gemini 4 Neon, Dharmamitra, GPT-6.2 Astra as the dynamic energy of unalloyed awareness, cognition, and the appearance of an object. Claude Fable 5.2 takes cognition as that dynamic energy and counts cognition, object and appearance. The first reading is preferred because the text goes on to set "those two" (cognition and object) against "that awareness alone". cognition, and the appearance of an object—although cognition arises toward the object, one does not think about those two but identifies that awareness alone. Object and mind thereby both pass into freedom from all bounds,[187]Note 187 · p. 470 · rgya grol la 'gro is used both of object and mind and of the load coming unbound; "freedom from all bounds" is kept for the former and echoed in the analogy. just as, when the single fastening peg of the pack ropes is pulled out, the whole load comes free of all that bound it.

Moreover, these three—object, cognition and mental engagement—are spoken of with the conventional designation (tha snyad) "conceptualization, the phenomena of saṃsāra." And so, when awareness alone is recognized, those three clear away utterly into freedom from all bounds; this is self-arisen primordial wisdom, the nature of phenomena in which words and intellect are exhausted.

To grasp at saṃsāra as what is to be abandoned and at nirvāṇa as what is to be adopted is itself these three—object, cognition and mental engagement. Therefore, in that interval where the intellect is free of what is to be abandoned and its antidote, one should secure the crux upon awareness arising in its unalloyed state.

To gather it all into one: in that interval where the two, outer appearances and inner cognition,

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 11 quotations, 9 found on this wiki.
# p. Tibetan English Source On this wiki
1 460 འབད་པས་གྲོལ་བ་མ་ཡིན་ཏེ། །ཡེ་ཉིད་ནས་ནི་གྲོལ་བར་གནས། It is not through exertion that there is freedom; > from the very primordial beginning it abides as free. named: མུ་ཏིག་ཕྲེང་བ་ལས
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras high
parallel: ཆོས་ཐམས་ཅད་ཀྱི་དོན་སྟོན་པ་རྫོགས་ཆེན་ཐིག་ལེ་ཉག་གཅིག་ཡེ་ནས་བྱ་རྩོལ་བྲལ་བ, 100 %
2 461 མཚན་མ་ཡེ་དག་ཡོངས་སུ་གྲོལ་བའི་གཞི། ། … གང་ཤར་མ་ཡེངས་ཡུལ་སེམས་བར་དུ་བསྡམ། The ground in which marks, primordially pure (ye dag), … whatever arises, in the interval between object and mind. named: ཁྱུང་ཆེན་ལས
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Soaring Garuḍa · tantra; Nyingma Gyubum, one of the Five Early Translations of the Mind Series high
parallel: Klong chen rab byams gsung 'bum/volume 002 028, 81 %
3 463 ཅེར་གྲོལ་རང་དག་མཐའ་གྲོལ་ཡོངས་སུ་རྫོགས། ། … ལུས་ངག་བྱ་བྲལ་སྣང་སྟོང་བར་དུ་བསྡམ། Naked freedom, natural purity, freedom from extremes (mtha' grol), … and speech, in the interval between appearance and emptiness named: ཁྱུང་ཆེན་ལས
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Soaring Garuḍa · tantra; Nyingma Gyubum, one of the Five Early Translations of the Mind Series high
parallel: Gnas lugs rin po che'i mdzod/Chapter 2/Commentary, 59 %
4 464 ཕྱོགས་བཅུ་དུས་བཞི་གང་ནས་ཀྱང༌། །རྫོགས་པའི་ … རྒྱས་པས། །སངས་རྒྱས་གཞན་དུ་མ་ཚོལ་ཞིག Nowhere in the ten directions or the four times … perfect buddha, > do not seek the buddha elsewhere. named: སྒྱུ་འཕྲུལ་ལས
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ, dpal gsang ba'i snying po de kho na nyid nges pa, The Guhyagarbha Tantra (Secret Essence) (Guhyagarbhatattvaviniścaya) · tantra; Nyingma Gyubum; Toh 832 high
parallel: Klong chen rab byams gsung 'bum/volume 023 516, 92 %
5 465 སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་ … རྒྱས་པས། །སངས་རྒྱས་གཞན་དུ་མ་ཚོལ་ཅིག Since mind itself is the perfect buddha, > do not seek the buddha elsewhere. named: འཕགས་པ་འདའ་ཀ་ཡེ་ཤེས་ལས
འཕགས་པ་འདའ་ཀ་ཡེ་ཤེས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ, 'phags pa 'da' ka ye shes zhes bya ba theg pa chen po'i mdo, The Sūtra of Wisdom at the Hour of Death (Ātajñānasūtra) · sutra; Kangyur; Toh 122 high
not found
6 466 མཐའ་གྲོལ་ཡིན་པས་མུ་བཞི་འགགས། Since it is freedom from extremes, the four alternatives have ceased. named: མུ་ཏིག་ཕྲེང་བ་ལས
མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད, mu tig rin po che phreng ba'i rgyud, The Pearl Garland · tantra; Nyingma Gyubum, one of the Seventeen Tantras high
not found
7 466 རང་གཞག་ལྟོས་དང་འཁོར་འདས་བྱ་བ་བྲལ། ། … ཆོས་བྲལ་ཡིད་དང་བྱེད་པའི་བར་དུ་བསྡམ། Resting naturally, free of reliance and of anything called … the interval between the mental faculty and its activity. named: ཁྱུང་ཆེན་ལས་ཀྱང
ཁྱུང་ཆེན་ལྡིང་བ, khyung chen lding ba, The Great Soaring Garuḍa · tantra; Nyingma Gyubum, one of the Five Early Translations of the Mind Series high
parallel: ཚིག་དོན་རིན་པོ་ཆེའི་མཛོད, 62 %
8 466 སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། ། … དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། Beyond speech, thought and expression, the perfection of wisdom … the victors of the three times I pay homage. not named:
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་བསྟོད་པ, shes rab kyi pha rol tu phyin ma la bstod pa, Praise of the Perfection of Wisdom (Prajñāpāramitāstotra), by Rāhulabhadra · shastra; Tengyur high
parallel: ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་པའི་མཐའ་རིན་པོ་ཆེའི་མཛོད, 84 %
9 466 གར་ཡང་མ་རྟོགས་ཅིར་ཡང་མ་བསམས་ ཤིག ། … དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། Do not conceptualize anywhere; do not think of anything … all the victors of the three times have gone. named: སྐྱེ་མེད་རིན་པོའི་ཆེའི་མཛོད་ལས
སྐྱེ་མེད་རིན་པོ་ཆེའི་མཛོད, skye med rin po che'i mdzod, The Precious Treasury of the Unborn · other low
parallel: Klong chen rab byams gsung 'bum/volume 021 481, 88 %
10 467 གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་ … མེད་པས། །དམིགས་པ་མེད་པ་རབ་ཏུ་ཞི། When neither substantial entities nor nonentities > remain before … > with no reference point, there is utter peace. named: སྤྱོད་འཇུག་ལས
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ, byang chub sems dpa'i spyod pa la 'jug pa, The Way of the Bodhisattva (Bodhicaryāvatāra), by Śāntideva · shastra; Tengyur; Toh 3871 high
parallel: རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོའི་འགྲེལ་པ་ཤིང་རྟ་བཟང་པོ, 100 %
11 468 མཐའ་དང་དྲི་མའི་ཆོས་ལས་འདས། །མཐའ་བཞིའི་དྲི་མ་རང་སངས་ཉིད། །འཛིན་པའི་ཕྱོགས་ཆ་ཉིད་དང་བྲལ། Beyond the phenomena of extremes and stains, > the … it is free of any partial aspect of grasping. named: རང་གྲོལ་ལས
རིག་པ་རང་གྲོལ་ཆེན་པོ་ཐམས་ཅད་གྲོལ་བའི་རྒྱུད, rig pa rang grol chen po thams cad grol ba'i rgyud, The Self-Liberated Awareness · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0053-vol-01-text (the text itself), 100 %