སྙིང་པོ་དོན་བསྡུས་ཞེས་བྱ་བ

From Rangjung Yeshe Wiki Texts
Revision as of 21:16, 21 November 2026 by Eric (talk | contribs) (Longchenpa Project: Tibetan in the wiki's TibetanMachineUni font; «…» notes in small print (22 November 2026))
(diff) ← Older revision | Latest revision (diff) | Newer revision → (diff)

LONGCHENPA-PECIN-11-DA-023
Jump to navigation Jump to search

འོད་གསལ་སྙིང་པོ klong chen rab 'byams kyi gsung 'bum (pe cin 2009)· Volume 11(DA) ངེས་དོན་སྙིང་པོ

Title སྙིང་པོ་དོན་བསྡུས་ཞེས་བྱ་བ
Wylie snying po don bsdus zhes bya ba
Catalogue title snying po don bsdus (BDRC outline)
Author Longchenpa ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
Location klong chen rab 'byams kyi gsung 'bum (pe cin 2009), volume 11(DA), text 23, pages 222–223 (BDRC scan pages)
Section snying thig ya bzhi › zab mo yang tig


Tibetan text E-text from the typeset Pe cin edition (input 2020 on rywikitexts), cleaned 21 November 2026; not proofread against the print.
BDRC MW1KG4884, outline 1.5.1.25
Citation Klong chen rab 'byams pa. snying po don bsdus. In Kun mkhyen klong chen rab 'byams kyi gsung 'bum, vol. 11, pp. 222–223. Pe cin: Krung go'i bod rig pa dpe skrun khang, 2009. BDRC MW1KG4884.
Notes Title from the first line of the e-text; text boundaries and page numbers from the BDRC outline of MW1KG4884.
[edit]

༄༅། །སྙིང་པོ་དོན་བསྡུས་ཞེས་བྱ་བ་བཞུགས་སོ།« »།

« སྙིང་པོ་དོན་བསྡུས་ཞེས་བྱ་བ།» «དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །གཞི་དབྱིངས་འོད་གསལ་དྲི་མེད་རྣམ་དག་ལ། །རྟོགས་པ་མངོན་གྱུར་རྒྱལ་བ་དགོངས་བརྒྱུད་དང༌། །རིག་འཛིན་བརྡ་བརྒྱུད་གང་ཟག་སྙན་ཁུང་བརྒྱུད། །དཔལ་མགོན་བླ་མའི་ཚོགས་ལ་ཕྱག་འཚལ་ལོ། །གདོད་ནས་ལྷུན་གྲུབ་འོད་གསལ་སྙིང་པོའི་དོན། །ཇི་ལྟར་བདག་གིས་རྟོགས་བཞིན་བཤད་ཀྱིས་ཉོན། །ཐོག་མའི་འོད་གསལ་ཀ་དག་ལྷུན་གྲུབ་ཉིད། །ངོ་བོ་རང་བཞིན་ཐུགས་རྗེའི་སྙིང་པོ་ཅན། །རྒྱ་ཆད་ཕྱོགས་ལྷུང་མེད་པའི་རང་བཞིན་ཏེ། །གང་དུ་མ་གྲུབ་འཆར་གཞིའི་དབྱིངས་སུ་གནས། །ཤེལ་ལ་འོད་བཞིན་ལྷུན་གྲུབ་མདངས་ཤར་བས། །གཞིར་སྣང་སྤྱི་གཞི་མ་ངེས་ལྷུན་གྲུབ་ལས། །ཐུགས་རྗཻའི་རྩལ་གྱིས་རང་སྣང་རང་ངོ་ཤེས། །ཡུལ་ཕྱིར་མ་འབྲངས་འགྱུ་བ་རང་ཐོག་ ཆོད། །གཞི་ལས་མ་གཡོས་ཤེལ་འོད་བསྡུས་པ་བཞིན། །ཀུན་ཏུ་བཟང་པོ་གཞི་ཐོག་གྲོལ་བ་ཡིན། །དེ་ཉིད་མ་རིག་གསུམ་གྱི་རང་བཞིན་ལས། །འོད་ལས་་ཡུལ་དང་ལུས་ཀྱི་འཁྲུལ་གཞིར་གྱུར། །ཐུགས་རྗེའི་རིག་རྩལ་རྟོག་པའི་སེམས་སུ་འཁྲུལ།» «ཁམས་གསུམ་རིགས་དྲུག་སོ་སོའི་སྣང་བ་ཤར། །འཁྲུལ་དུས་འགྲོ་ལ་བདེ་གཤེགས་སྙིང་པོས་ཁྱབ། །ལུས་ངག་ཡིད་གསུམ་བག་ཆགས་སྦུབས་ཀྱིས་བསྒྲིབས། །འོད་ཀྱང་སྙིང་དབུས་གཞོན་ནུ་བུམ་པའི་ སྐུ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས། །ངོ་བོ་སྐུར་གནས་ཆོས་སྐུ་སྟོང་པའི་དང༌། །རང་བཞིན་འོད་གསལ་ལྷུན་གྲུབ་མདངས་་དང་བཅས། ། ཐུགས་རྗེའི་རིག་པ་སྤྲུལ་སྐུར་འཆར་བྱེད་ཚུལ། །སྐུ་དང་་ཡེ་ཤེས་འདུ་འབྲལ་མེད་པའི་དོན། །གང་གིས་ཉམས་སུ་ལེན་པ་སུས་འདོད་པ། །ལྟ་སྟངས་གཟིགས་སྟངས་གནད་དུ་བཅུན་པ་ཡིས། །དབྱིངས་རིག་རང་སྣང་འོད་གསལ་དོན་ལ་གནས། །མངོན་སུམ་གོང་འཕེལ་ཚད་ཕེབས་ཟད་པ་ཡིས། །རླུང་སེམས་སྟོངས་ཏེ་ཤེལ་འོད་བསྡུས་པ་བཞིན། །ཀ་དག་ངང་དུ་གཟིགས་སྣང་མྱ་ངན་འདས། །གཞི་ཉིད་འབྲས་བུར་སྨིན་པས་ཡེ་ཤེས་གསུམ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུར་རྣམ་པར་དག །ཆོས་སྐུར་གཅིག་པས་ལོངས་སྤྲུལ་འཆར་གཞིའི་ཆ། །ལྷུན་གྲུབ་ཐུགས་རྗེ་གཏིང་གསལ་ཕྲ་མོའི་ཚུལ། །ཤེལ་གོང་རང་སོ་དྲི་མ་མེད་པ་བཞིན། །དེ་ལས་གཞི་སྣང་འབྲས་སྣང་གནས་འགྱུར་ལས། །ལོངས་སྤྲུལ་ཕྱིར་སྣང་གདུལ་བྱའི་ཞིང་ཁམས་སུ། །སངས་རྒྱས་མཛད་པ་མཐའ་ཡས་ལྷུན་གྱིས་གྲུབ། །འདི་ནི་མཐར་ཐུག་དོན་གྱི་དགོངས་པ་ཡིན། །དགེ་བས་འགྲོ་ཀུན་མངོན་པར་བྱང་ཆུབ་ཤོག» «།སྙིང་པོ་དོན་བསྡུས་ཞེས་བྱ་བ། །རྣལ་་འབྱོར་པ་སྣ་ཚོགས་རང་གྲོལ་གྱིས་གངས་རི་ཐོད་དཀར་གྱི་མགུལ་དུ་སྦྱར་བ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ།། །།ཟབ་མོ་ཡང་ཏིག«སྙིང་པོ་དོན་བསྡུས།

[edit]

This page is a cleaned copy of the following rywikitexts page, which stay unchanged:

Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden.

Part of the Longchenpa Collected Works (about this project).