ཟབ་གསང་མཁའ་འགྲོ་སྙིང་ཐིག་གི་གསོལ་འདེབས

From Rangjung Yeshe Wiki Texts
Revision as of 21:16, 21 November 2026 by Eric (talk | contribs) (Longchenpa Project: Tibetan in the wiki's TibetanMachineUni font; «…» notes in small print (22 November 2026))
(diff) ← Older revision | Latest revision (diff) | Newer revision → (diff)

LONGCHENPA-PECIN-06-CHA-028
Jump to navigation Jump to search

གཏེར་སྲུང་ལྡང་ལྷའི་སྒྲུབ་ཐབས klong chen rab 'byams kyi gsung 'bum (pe cin 2009)· Volume 6(CHA) བརྒྱུད་འཛིན་གི་སློབ་བུའི་ལུང་བསྟན

Title ཟབ་གསང་མཁའ་འགྲོ་སྙིང་ཐིག་གི་གསོལ་འདེབས
Wylie zab gsang mkha' 'gro snying thig gi gsol 'debs
Catalogue title gsang zab mkha' 'gro snying thig gi gsol 'debs (BDRC outline)
Author Longchenpa ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
Location klong chen rab 'byams kyi gsung 'bum (pe cin 2009), volume 6(CHA), text 28, pages 193–194 (BDRC scan pages)
Section snying thig ya bzhi › mkha' 'gro snying thig


Tibetan text E-text from the typeset Pe cin edition (input 2020 on rywikitexts), cleaned 21 November 2026; not proofread against the print.
BDRC MW1KG4884, outline 1.2.2.30
Citation Klong chen rab 'byams pa. gsang zab mkha' 'gro snying thig gi gsol 'debs. In Kun mkhyen klong chen rab 'byams kyi gsung 'bum, vol. 6, pp. 193–194. Pe cin: Krung go'i bod rig pa dpe skrun khang, 2009. BDRC MW1KG4884.
Notes Title from the first line of the e-text; text boundaries and page numbers from the BDRC outline of MW1KG4884.
[edit]

༄༅། །ཟབ་གསང་མཁའ་འགྲོ་སྙིང་ཐིག་གི་« »གསོལ་འདེབས་བཞུགས་སོ། །

« ན་མོ་གུ་རུ་དངོས་མེད་མཐའ་བྲལ་ཀ་དག་ཆོས་ཀྱི་སྐུ། །རང་རིག་གསལ་དངས་ལྷུན་གྲུབ་ལོངས་སྤྱོད་རྫོགས། །ཀུན་ཁྱབ་སྣ་ཚོགས་ཤར་གྲོལ་སྤྲུལ་པའི་སྐུ། །དུས་གསུམ་རང་རིག་བླ་མ་རྣམས་ལ་འདུད། །དམིགས་མེད་ཆོས་དབྱིངས་དག་པའི་ཕོ་བྲང་དུ། །ཀུན་བཟང་ཡབ་ཡུམ་གཉིས་ལ་གསོལ་བ་འདེབས། །ངོ་བོ་ཀ་ནས་དག་པར་བྱིན་གྱིས་རློབས། །ལྷུན་གྲུབ་ཆོས་དབྱིངས་དག་པའི་ཕོ་བྲང་དུ། །ལོངས་སྐུའི་ཞི་ཁྲོའི་ཚོགས་ལ་གསོལ་བ་འདེབས། ། རིག་པ་སྐུ་རུ་སྨིན་པར་བྱིན་གྱིས་རློབས། །ཐུགས་རྗེ་ཕྱོགས་རིས་བྲལ་བའི་ཕོ་བྲང་དུ། །སྤྲུལ་སྐུ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །སྣང་སེམས་འཛིན་པ་སྟོངས་པར་བྱིན་གྱིས་རློབས། །དུར་ཁྲོད་མེ་རི་འབར་བའི་ཕོ་བྲང་དུ། །དགའ་རབ་རྡོ་རྗེ་ཉིད་ལ་གསོལ་བ་འདེབས། །ཆོས་ཉིད་དོན་དང་མཇལ་བར་བྱིན་གྱིས་རློབས། །དུར་ཁྲོད་སོ་ས་གླིང་གི་ཕོ་བྲང་དུ། །ཤྲཱི་སིང་ཧ་ཉིད་ལ་གསོལ་བ་འདེབས། །བདེ་ཆེན་འདུ་འབྲལ་མེད་པར་བྱིན་གྱིས་རློབས། །པདྨ་འོད་ཀྱི་ཕོ་བྲང་གཞལ་ཡས་སུ། །ཨོ་རྒྱན་པདྨ་ཡབ་ཡུམ་ལ་གསོལ་བ་འདེབས། །འབྲལ་མེད་གཞན་དོན་འབྱུང་བར་བྱིན་གྱིས་རློབས། །རིག་འཛིན་མཁའ་སྤྱོད་དག་པའི་ཕོ་བྲང་དུ། །པདྨ་ལས་འབྲེལ་རྩལ་ལ་གསོལ་བ་འདེབས། །ཆོས་བཀའ་མ་ལུས་ཚང་བར་བྱིན་གྱིས་རློབས། །བྱར་སྨད་གྲོ་ས་དཔལ་གྱི་ཕོ་བྲང་དུ། ། སྤྲུལ་སྐུ་ལེགས་པའི་དཔལ་ལ་གསོལ་བ་འདེབས། །རིག་འཛིན་གདུང་སོབ་ནུས་པར་བྱིན་གྱིས་རློབས། །བསམ་ཡས་མཆིམས་ཕུ་ངོ་མཚར་ཕོ་བྲང་དུ། ། ཆོས་རྗེ་ཀློང་ཆེན་རབ་འབྱམས་ལ་གསོལ་བ་འདེབས། །བཀའ་བབས་བསྟན་པའི་བདག་པོར་བྱིན་གྱིས་རློབས། །བསམ་གཏན་གླིང་གི་དབེན་གནས་ཕོ་བྲང་དུ། །འཇམ་དབྱངས་ཁྱབ་བརྡལ་ལྷུན་གྲུབ་ལ་གསོལ་བ་འདེབས། །ཕྱི་ནང་འཁྲུལ་པ་ཞིག་པར་བྱིན་གྱིས་རློབས། །ཕྱོགས་མེད་རི་ཁྲོད་དབེན་གནས་ཕོ་བྲང་དུ། །སྤྲུལ་སྐུ་གྲགས་པ་འོད་ཟེར་ལ་གསོལ་བ་འདེབས། །རླབས་ཆེན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས།། »།།

[edit]

This page is a cleaned copy of the following rywikitexts page, which stay unchanged:

Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden.

Part of the Longchenpa Collected Works (about this project).