དགོངས་བརྒྱུད

From Rangjung Yeshe Wiki Texts
Revision as of 07:00, 21 November 2026 by Eric (talk | contribs) (Longchenpa Project: generated page (21 November 2026))
(diff) ← Older revision | Latest revision (diff) | Newer revision → (diff)

LONGCHENPA-PECIN-11-DA-039
Jump to navigation Jump to search

གསང་སྐོར་བརྒྱུད་པའི་ཕྱག་འཚལ་བྱིན་རླབས་སྤྲིན་ཕུང klong chen rab 'byams kyi gsung 'bum (pe cin 2009)· Volume 11(DA) གསང་སྐོར་བླ་བརྒྱུད་རིམ་གྱི་གསོལ་འདེབས

Title དགོངས་བརྒྱུད
Wylie dgongs brgyud
Catalogue title dgongs brgyud gsol 'debs (BDRC outline)
Author Longchenpa ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
Location klong chen rab 'byams kyi gsung 'bum (pe cin 2009), volume 11(DA), text 39, pages 355–358 (BDRC scan pages)
Section snying thig ya bzhi › zab mo yang tig


Tibetan text E-text from the typeset Pe cin edition (input 2020 on rywikitexts), cleaned 21 November 2026; not proofread against the print.
BDRC MW1KG4884, outline 1.5.1.41
Citation Klong chen rab 'byams pa. dgongs brgyud gsol 'debs. In Kun mkhyen klong chen rab 'byams kyi gsung 'bum, vol. 11, pp. 355–358. Pe cin: Krung go'i bod rig pa dpe skrun khang, 2009. BDRC MW1KG4884.
Notes Title from the first line of the e-text; text boundaries and page numbers from the BDRC outline of MW1KG4884.
[edit]

༄༅། །དགོངས་བརྒྱུད་བཞུགས་སོ། །

«གནས་ཉི་མ་ལྟ་བུའི་ཕོ་བྲང་དུ༌། །ཆོས་སྐུ་ཀུན་བཟང་་ཡབ་ཡུམ་ལ་གསོལ་བ་འདེབས། །ཚེ་འདིར་ལྟ་དགོངས་ཏིང་འཛིན་འཕེལ་བ་དང༌། །བར་དོར་འོད་གསལ་འབྱོངས་བར་བྱིན་གྱིས་རློབས། །འཇའ་ཚོན་ལྟ་བུའི་དཀྱིལ་འཁོར་ན། །ལོངས་སྐུ་རིགས་ལྔ་ཡབ་ཡུམ་ལ་གསོལ་བ་འདེབས། །ཚེ་འདིར་ལྟ་དགོངས་ཏིང་འཛིན་འཕེལ་བ་དང༌། །བར་་དོར་འོད་གསལ་འབྱོངས་བར་བྱིན་གྱིས་རློབས། །འོག་མིན་ཆོས་ཀྱི་ཕོ་བྲང་ན། །སྤྲུལ་སྐུ་སེམས་དཔའ་བཅུ་དྲུག་ལ་གསོལ་བ་འདེབས། །ཚེ་འདིར་ལྟ་དགོངས་ཏིང་འཛིན་འཕེལ་བ་ དང༌། །བར་དོར་འོད་གསལ་འབྱོངས་བར་བྱིན་གྱིས་རློབས། །རི་རབ་རི་ཡི་རྩེ་མོ་ན། །རིག་འཛིན་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས། །ཚེ་འདིར་ལྟ་དགོངས་ཏིང་འཛིན་འཕེལ་བ་དང༌། །བར་དོར་འོད་གསལ་འབྱོངས་བར་བྱིན་གྱིས་རློབས། །བསིལ་བ་ཚལ་གྱི་་དུར་ཁྲོད་ན། །གུ་རུ་འཇམ་དཔལ་བཤེས་གཉེན་ལ་གསོལ་བ་འདེབས། །ཚེ་འདིར་ལྟ་དགོངས་ཏིང་འཛིན་འཕེལ་བ་དང༌། །བར་དོར་འོད་གསལ་འབྱོངས་པར་བྱིན་གྱིས་རློབས། །བྱང་ཆུབ་སྙིང་པོའི་ཤིང་དྲུང་ན། །མཁས་མཆོག་ཤྲཱི་སིདྷ་ལ་གསོལ་བ་འདེབས། །ཚེ་འདིར་ལྟ་དགོངས་ཏིང་་འཛིན་འཕེལ་བ་དང༌། །བར་དོར་འོད་གསལ་འབྱོངས་བར་བྱིན་གྱིས་རློབས། །བྷ་སིང་ཆེན་པོའི་དུར་ཁྲོད་ན། །པཎ་ཆེན་བི་མ་མི་ཏྲ་ལ་གསོལ་བ་འདེབས། །ཚེ་འདིར་ལྟ་དགོངས་ཏིང་འཛིན་འཕེལ་བ་དང༌། །བར་དོར་འོད་གསལ་འབྱོངས་བར་བྱིན་གྱིས་རློབས། །བསམ་ཡས་མཆིམས་ཕུའི་དགེ་གོང་ན། །ཉང་ཆེན་ཏིང་འཛིན་བཟང་པོ་ལ་གསོལ་བ་་འདེབས། །ཚེ་འདིར་ལྟ་དགོངས་ཏིང་འཛིན་འཕེལ་བ་དང༌། །བར་དོར་་འོད་གསལ་འབྱོངས་བར་བྱིན་གྱིས་རློབས། །གཡོ་རུ་གཟོང་ཕུག་ཕོ་བྲང་ན། །»སྦ«ས་སྟོན་བློ་གྲོས་དབང་ཕྱུག་ལ་གསོལ་བ་འདེབས། །ཚེ་འདིར་ལྟ་དགོངས་ཏིང་འཛིན་འཕེལ་བ་དང༌། ། བར་དོར་འོད་གསལ་འབྱོངས་པར་བྱིན་གྱིས་རློབས། །བྲག་དཀར་རྟ་སོའི་ཕོ་བྲང་ན། །འབྲོམ་སྟོན་རིན་ཆེན་འབར་བ་ལ་གསོལ་བ་འདེབས། །ཚེ་འདིར་ལྟ་དགོངས་ཏིང་འཛིན་འཕེལ་བ་དང༌། །བར་དོར་འོད་གསལ་འབྱོངས་བར་བྱིན་གྱིས་རློབས། །དབུ་རུ་ཞྭ་ཡི་ལྷ་ཁང་ན། །ལྡང་མ་ལྷུན་གྱིས་རྒྱལ་མཚན་ལ་གསོལ་བ་འདེབས། །ཚེ་འདིར་ལྟ་དགོངས་ཏིང་འཛིན་འཕེལ་བ་དང༌། །བར་དོར་་འོད་གསལ་འབྱོངས་བར་བྱིན་གྱིས་རློབས། །འོད་ལེ་ཟམ་ཁའི་ཕོ་བྲང་ ན། །ལྕེ་བཙུན་སེང་གེ་དབང་ཕྱུག་ལ་གསོལ་བ་འདེབས། །ཚེ་འདིར་ལྟ་དགོངས་ཏིང་འཛིན་འཕེལ་བ་དང༌། བར་དོར་འོད་གསལ་འབྱོངས་པར་བྱིན་གྱིས་རློབས། །གཡོ་རུ་བྲག་དམར་ཕོ་བྲང་ན། །གུ་རུ་ཤོང་པ་རས་པ་ལ་གསོལ་བ་འདེབས། །ཚེ་འདིར་ལྟ་དགོངས་ཏིང་འཛིན་འཕེལ་བ་དང༌། བར་དོར་འོད་གསལ་འབྱོངས་བར་བྱིན་གྱིས་རློབས། །གཡོ་ཕུག་གསལ་བའི་དགེ་སྡིངས་ ན། །བླ་མ་ཟབ་སྟོན་ཆོས་འབར་ལ་གསོལ་བ་འདེབས། །ཚེ་འདིར་ལྟ་དགོངས་ཏིང་འཛིན་འཕེལ་བ་དང༌། །བར་དོར་འོད་གསལ་འབྱོངས་བར་བྱིན་གྱིས་རློབས། །ཉང་སྨད་ཆུ་སྒོའི་དགོན་པ་ན། །དམ་པ་དགྱེར་སྟོན་ཡས་སྲས་ལ་གསོལ་བ་འདེབས། །ཚེ་འདིར་ལྟ་དགོངས་ཏིང་འཛིན་འཕེལ་བ་དང༌། །བར་དོར་འོད་གསལ་འབྱོངས་བར་བྱིན་གྱིས་རློབས། །ཉང་སྨད་ཆོ་སྒོའི་སྨན་སྒང་ན། །གཉེན་སྟོན་ཤེས་རབ་རྩེ་མོ་ལ་གསོལ་བ་འདེབས། །ཚེ་འདིར་ལྟ་དགོངས་ཏིང་འཛིན་འཕེལ་བ་དང༌། །བར་དོར་འོད་གསལ་འབྱོངས་བར་བྱིན་གྱིས་རློབས། །ཡོན་ཏན་སྒང་གི་དབེན་རྩ་ན། །དྲིན་ཆེན་སྤྲུལ་སྐུ་མཆེད་གཉིས་ལ་གསོལ་བ་འདེབས། །ཚེ་འདིར་ལྟ་དགོངས་ཏིང་འཛིན་འཕེལ་བ་དང༌། ། བར་དོར་འོད་གསལ་འབྱོངས་པར་བྱིན་གྱིས་རློབས། །དམིགས་བཞི་འོད་གསལ་རི་ཁྲོད་ན། །འཁྲུལ་ཞིག་ནམ་མཁའ་རྡོ་རྗེ་ལ་གསོལ་བ་འདེབས། །ཚེ་འདིར་ལྟ་དགོངས་ཏིང་འཛིན་འཕེལ་བ་དང༌། །བར་དོར་འོད་གསལ་འབྱོངས་པར་བྱིན་གྱིས་རློབས། །ཤམ་པོ་གངས་ཀྱིས་ར་བ་ན། །རིག་འཛིན་ཀུ་མ་རཱ་ཛ་ལ་གསོལ་བ་འདེབས། །ཚེ་འདིར་ལྟ་དགོངས་ཏིང་འཛིན་འཕེལ་བ་དང༌། ། བར་དོ་འོད་གསལ་འབྱོངས་བར་བྱིན་གྱིས་རློབས། །སྐྱོམ་བུ་དཔལ་གྱི་དགེ་སྡིངས་ན། །རྒྱལ་སྲས་དྲི་མེད་འོད་ཟེར་ལ་གསོལ་བ་འདེབས། །ཚེ་འདིར་ལྟ་དགོངས་ཏིང་འཛིན་འཕེལ་བ་དང༌། །བར་དོར་འོད་གསལ་འབྱོངས་བར་བྱིན་གྱིས་རློབས། །ཐར་པ་གླིང་གི་གནས་མཆོག་ཏུ། །མཁས་གྲུབ་བདེ་ལེགས་རྒྱ་མཚོ་ལ་གསོལ་བ་འདེབས། །ཚེ་འདིར་ལྟ་དགོངས་ཏིང་འཛིན་འཕེལ་བ་ དང༌། །བར་དོར་འོད་གསལ་འབྱོངས་བར་བྱིན་གྱིས་རློབས། །སྨན་རྩ་གསང་སྔགས་ཕོ་བྲང་ན། །མཁས་གྲུབ་བྱ་བཏང་ཆོས་རྗེ་ལ་གསོལ་བ་འདེབས། །ཚེ་འདིར་ལྟ་དགོངས་ཏིང་འཛིན་འཕེལ་བ་དང༌། །བར་དོར་འོད་གསལ་འབྱོངས་བར་བྱིན་གྱིས་རློབས། །བདེ་ཆེན་རྩེ་མོའི་གནས་མཆོག་ཏུ། །བྱང་སེམས་གུ་ཎ་ཤྲི་ལ་གསོལ་བ་འདེབས། །ཚེ་འདིར་ལྟ་དགོངས་ཏིང་འཛིན་འཕེལ་བ་དང༌། ། བར་དོར་་འོད་གསལ་འབྱོངས་བར་བྱིན་གྱིས་རློབས། །སྨན་རྩེ་གྲུབ་པའི་བསྟི་གནས་སུ། །སྤྲུལ་སྐུ་བསམ་འགྲུབ་རྒྱལ་པོ་ལ་གསོལ་བ་འདེབས། །ཚེ་་འདིར་ལྟ་དགོངས་ཏིང་འཛིན་འཕེལ་བ་དང༌། །བར་དོར་འོད་གསལ་འབྱོངས་པར་བྱིན་གྱིས་རློབས། །གར་བཞུགས་ཆོས་ཀྱི་ཕོ་བྲང་ན། །ཆོས་རྗེ་ནམ་མཁའ་གཞོན་ནུ་ལ་གསོལ་བ་འདེབས། །ཚེ་འདིར་ལྟ་དགོངས་ཏིང་འཛིན་འཕེལ་བ་དང༌། །བར་དོར་འོད་གསལ་འབྱོངས་བར་བྱིན་གྱིས་རློབས། །བྱང་ཆུབ་གླིང་གི་གནས་མཆོག་ཏུ། །ཆོས་རྗེ་མཁའ་ཀློང་ཡངས་པ་ལ་གསོལ་བ་འདེབས། ། ཚེ་འདིར་ལྟ་དགོངས་ཏིང་འཛིན་འཕེལ་བ་དང༌། །བར་དོར་འོད་གསལ་འབྱོངས་པར་བྱིན་གྱིས་རློབས། །སྨན་རྩེ་རྒྱལ་བའི་ཕོ་བྲང་དུ། །མཁས་བཙུན་བློ་གྲོས་རྒྱལ་མཚན་ལ་གསོལ་བ་་འདེབས། །ཚེ་འདིར་ལྟ་དགོངས་ཏིང་འཛིན་འཕེལ་བ་དང༌། །བར་དོར་་འོད་གསལ་འབྱོངས་པར་བྱིན་གྱིས་རློབས། །སྤྱི་གཙུག་ཉི་ཟླའི་གདན་སྟེང་་དུ། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་ འདེབས། །ཚེ་འདིར་ལྟ་དགོངས་ཏིང་འཛིན་འཕེལ་བ་དང༌། །བར་དོར་འོད་གསལ་འབྱོངས་པར་བྱིན་གྱིས་རློབས། །དགེའོ། །དགེའོ། །དགེའོ།། །།»༄༅། །གསང་སྐོར་བླ་མ་བརྒྱུད་རིམ་གྱི་« »གསོལ་འདེབས་སོ། །«ཨཱོཾ་ཨཱཿཧཱུྃ། མི་འགྱུར་ལྷུན་གྲུབ་ཀུན་བཟང་རྡོ་རྗེ་སེམས། །དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་དང༌། །ཤྲཱི་སིངྷ་པཎ་ཆེན་བི་མ་ལར། །གུས་པས་གསོལ་འདེབས་ཐུགས་རྗེའི་སྤྱན་གྱིས་གཟིགས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང༌། །ཆོས་མཛད་ཡོངས་ལ་གུས་པས་གསོལ་བ་འདེབས། །ཚེ་འདིར་ནད་གདོན་སྡིག་སྒྲིབ་དག་པ་དང༌། །བར་དོར་འོད་གསལ་འགྲུབ་བར་བྱིན་གྱིས་རློབས། །ཏིང་འཛིན་བཟང་པོ་་བློ་གྲོས་དབང་ཕྱུག་དང༌། །རིན་ཆེན་འབར་བ་ལྷུན་གྱི་རྒྱལ་མཚན་དང༌། །སེང་གེ་དབང་ཕྱུག་ཤོང་པ་རས་པ་ལ། ། གུས་པས་གསོལ་འདེབས་ཐུགས་རྗེའི་སྤྱན་གྱིས་གཟིགས། །བླ་མ་ཡིད་དམ་མཁའ་འགྲོ་སྐྱོང་དང༌། །ཆོས་མཛད་ཡོངས་ལ་གུས་པ་གསོལ་བ་འདེབས། །ཚེ་འདིར་ནད་གདོན་སྡིག་སྒྲིབ་དག་པ་དང༌། །བར་དོར་འོད་གསལ་འགྲུབ་བར་བྱིན་གྱིས་རློབས། །ཟབ་སྟོན་ཆོས་འབར་དམ་པ་དགྱེར་ཞིག་དང༌། །ཤེས་རབ་རྩེ་མོ་སྤྲུལ་སྐུ་མཆེད་གཉིས་དང༌། །ནམ་མཁའ་རྡོ་རྗེ་ཀུ་མ་རཱ་ཛ་ལ། །གུས་པས་གསོལ་འདེབས་ཐུགས་རྗེའི་སྤྱན་གྱིས་གཟིགས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང༌། །ཆོས་མཛད་ཡོངས་ལ་གུས་པས་གསོལ་བ་འདེབས། །ཚེ་འདིར་ནད་གདོན་སྡིག་སྒྲིབ་དག་པ་དང༌། །བར་དོར་འོད་གསལ་འགྲུབ་པར་བྱིན་གྱིས་རློབས། །སྣ་ཚོགས་རང་གྲོལ་བདེ་ལེགས་རྒྱ་མཚོ་དང༌། །མ་ཏི་མཾ་ག་བྱང་སེམས་ཆེན་པོ་དང༌། །སྤྲུལ་སྐུ་བསམ་རྒྱལ་ནམ་མཁའ་གཞོན་ནུ་ལ། ། གུས་པས་གསོལ་འདེབས་ཐུགས་རྗེའི་སྤྱན་གྱིས་གཟིགས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང༌། །ཆོས་མཛད་ཡོངས་ལ་གུས་པས་གསོལ་བ་འདེབས། །ཚེ་འདིར་ནད་གདོན་སྡིག་སྒྲིབ་དག་པ་དང༌། །བར་དོར་འོད་གསལ་འགྲུབ་པར་བྱིན་གྱིས་རློབས། །རྒྱལ་སྲས་དམ་པ་མཁའ་ཀློང་ཡངས་པ་དང༌། །མཁས་བཙུན་ཆེན་པོ་མ་ཏི་དྷྭ་ཛ་དང༌། །རང་གྲོལ་ལྷུག་པ་པུཎྱཻ་རཏྣ་ ལ། །གུས་པས་གསོལ་འདེབས་ཐུགས་རྗེའི་སྤྱན་གྱིས་གཟིགས། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང༌། །ཆོས་མཛད་ཡོངས་ལ་གུས་པས་གསོལ་བ་འདེབས། །ཚེ་འདིར་ནད་གདོན་སྡིག་སྒྲིབ་དག་པ་དང༌། །བར་དོར་འོད་གསལ་འགྲུབ་པར་བྱིན་གྱིས་རློབས། །བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་དང༌། །གདོད་མའི་རྒྱལ་བ་བརྒྱུད་པའི་བླ་མའི་བར། །དངོས་གྲུབ་ཀུན་འབྱུང་བླ་མའི་ཚོགས་རྣམས་ལ། །གུས་པས་གསོལ་འདེབས་ཐུགས་རྗེའི་སྤྱན་གྱིས་གཟིགས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང༌། །ཆོས་མཛད་ཡོངས་ལ་གུས་པས་གསོལ་བ་འདེབས། །ཚེ་འདིར་ནད་གདོན་སྡིག་སྒྲིབ་བདག་པ་ དང༌། །བར་དོར་་འོད་གསལ་འགྲུབ་པར་བྱིན་གྱིས་རློབས། །སྐུ་གསུམ་རྒྱལ་བ་ཞི་ཁྲོ་རབ་་འབྱམས་དང༌། །དུས་གསུམ་རྒྱལ་བ་མ་ལུས་ཚོགས་དང་ བཅས། །ཡི་་དམ་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །གུས་པས་གསོལ་འདེབས་་ཐུགས་རྗེའི་སྤྱན་གྱིས་གཟིགས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང༌། །ཆོས་མཛད་ཡོངས་ལ་གུས་པས་གསོལ་བ་འདེབས། །ཚེ་འདིར་ནད་གདོན་སྡིག་སྒྲིབ་དག་པ་དང༌། །བར་དོར་འོད་གསལ་འགྲུབ་པར་བྱིན་གྱིས་རློབས། །མཁའ་འགྲོའི་གཙོ་བོ་རྡོ་རྗེ་ཕག་མོ་ནས། །རིགས་གསུམ་རིགས་བཞི་རིགས་ལྔའི་མཁའ་འགྲོ་དང༌། །རྡོ་རྗེ་གིང་ཆེན་ཤུགས་འགྲོ་ཐམས་ཅད་ལ། ། གུས་པས་གསོལ་འདེབས་ཐུགས་རྗེའི་སྤྱན་གྱིས་གཟིགས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང༌། །ཆོས་མཛད་ཡོངས་ལ་གུས་པས་གསོལ་བ་འདེབས། །ཚེ་འདིར་ནད་གདོན་སྡིག་སྒྲིབས་་དག་པ་དང། །བར་དོར་འོད་གསལ་འགྲུབ་པར་བྱིན་གྱིས་རློབས། །དཔལ་ཆེན་ཁྲག་འཐུང་འབར་བའི་དབང་ཕྱུག་ནས། །འཇིག་རྟེན་ལས་བྱེད་མཐུ་སྟོབས་རྫུ་འཕྲུལ་ཅན། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ། །གུས་པས་གསོལ་འདེབས་ཐུགས་རྗེའི་སྤྱན་གྱིས་གཟིགས། །རྒྱལ་བ་རིག་འཛིན་གྲུབ་ཆེན་དཔག་མེད་ནས། །ཕྱི་ནང་དམ་ཆོས་གཞུང་བཞིན་སྒྲུབ་མཛད་པའི། །དུས་གསུམ་སྔ་ཕྱིའི་ཆོས་མཛད་ཐམས་ཅད་ལ། །གུས་པས་གསོལ་འདེབས་ཐུགས་རྗེའི་སྤྱན་གྱིས་ གཟིགས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང༌། །ཆོས་མཛད་ཡོངས་ལ་གུས་པས་གསོལ་བ་འདེབས། །ཚེ་འདིར་ནད་གདོན་སྡིག་སྒྲིབ་དག་པ་དང༌། ། བར་དོར་འོད་གསལ་འགྲུབ་པར་བྱིན་གྱིས་རློབས། །དགེའོ། །དགེའོ།། །།»༄༅། །གསོལ་འདེབས་དངོས་གྲུབ་ཀུན་འབྱུང་« »བཞུགས་སོ། །«གདོད་ནས་ལྷུན་གྲུབ་གནས་མཆོག་ཏུ། །ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས། །སྟོང་གསལ་ཀ་དག་ཆོས་ཉིད་ལ། །ཟད་སར་སྐྱོལ་བར་བྱིན་གྱིས་རློབས། །འོག་མིན་ཆོས་དབྱིངས་གནས་མཆོག་ཏུ། །རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས། །ལྷུན་གྲུབ་དག་པའི་འོད་གསལ་ཉིད། །རང་ངོ་ཤེས་པར་བྱིན་གྱིས་རློབས། །རི་རབ་རི་་ཡེ་རྩེ་མོ་རུ། །དགའ་རབ་རྡོ་རྗེར་གསོལ་བ་འདེབས། །མ་འགགས་རང་ཤར་རོལ་བ་ཉིད། །ཐུགས་རྗེར་འཆར་བར་བྱིན་གྱིས་རློབས། །བསིལ་བ་ཚལ་གྱི་གནས་མཆོག་ཏུ། །འཇམ་དཔལ་བཤེས་གཉེན་གསོལ་བ་འདེབས། །རང་གསལ་གཞི་ཡི་བསམ་གཏན་ཉིད། ། དགོངས་པ་རང་གནས་བྱིན་གྱིས་རློབས། །བྱང་ཆུབ་འབྱུང་བའི་གནས་མཆོག་ཏུ། །ཤྲཱི་་སིངྷ་ཧ་གསོལ་བ་འདེབས། །མ་སྤངས་དབྱིངས་སུ་རྣམ་དག་པའི། ། ཆོས་དབྱིངས་རྟོགས་པར་བྱིན་གྱིས་རློབས། །བྷ་སིང་ཆེན་པོའི་གནས་མཆོག་ཏུ། །བི་མ་མི་ཏྲ་ལ་གསོལ་བ་འདེབས། །མ་བཙལ་ལྷུན་གྱིས་རང་གྲུབ་པའི། ། ཆོས་སྐུ་མངོན་གྱུར་བྱིན་གྱིས་རློབས། །མཆིམས་ཕུ་དགེ་གོང་གནས་མཆོག་ ཏུ། །ཉང་བན་ཆེན་པོར་གསོལ་བ་འདེབས། །རང་བྱུང་ཡེ་ཤེས་སྒོམ་པ་ ཉིད། །བར་མཚམས་མེད་པར་བྱིན་གྱིས་རློབས། །གཡོ་རུ་གཟོང་ཕུག་གནས་མཆོག་ཏུ། །བློ་གྲོས་དབང་ཕྱུག་ལ་གསོལ་བ་འདེབས། །ངོ་བོ་སྟོང་གསལ་རང་རིག་ཉིད། །མཐའ་དབུས་མེད་པར་བྱིན་གྱིས་རློབས། །བྲག་དཀར་རྟ་སོའི་གནས་མཆོག་ཏུ། །རིན་ཆེན་འབར་བར་གསོལ་བ་འདེབས། །རང་བཞིན་ལྷུན་གྲུབ་སྣང་བ་ཉིད། །ཚད་ལ་ཕེབས་པར་བྱིན་གྱིས་རློབས། །ཀླུངས་ཤོད་ཞྭ་ཡི་གནས་མཆོག་ཏུ། །ལྡང་མ་ལྷུན་རྒྱལ་གསོལ་བ་འདེབས། །ཐུགས་རྗེ་རང་ཤར་རིག་པ་ཉིད། །རང་གྲོལ་ཆོས་སྐུར་བྱིན་གྱིས་རློབས། །འོད་ལེ་ཟམ་ཁའི་གནས་མཆོག་ཏུ། །སེང་གེ་དབང་ཕྱུག་ལ་གསོལ་བ་འདེབས། །རྡོས་བཅས་སྒྱུ་ལུས་ཕུང་པོ་འདི། །འོད་ལུས་དག་པར་བྱིན་གྱིས་རློབས། །གཡོ་རུ་བྲག་དམར་གནས་མཆོག་ཏུ། །ཤོང་པ་རས་པར་གསོལ་བ་འདེབས། །ཐམས་ཅད་ཟད་པ་ཆོས་ཉིད་དང༌། །རླུང་སེམས་སྟོང་པར་བྱིན་གྱིས་རློབས། །གཡུ་ཕུག་གསལ་བའི་གནས་མཆོག་ཏུ། །ཟབ་སྟོན་ཆོས་འབར་གསོལ་བ་འདེབས། །འཁོར་འདས་རང་སྣང་སྟོང་པའི་ངང༌། །འཁྲུལ་སྣང་ཟད་པར་བྱིན་གྱིས་རློབས། །ཉང་སྨད་ཆུ་སྒོའི་གནས་མཆོག་ན། །དགྱེར་སྟོན་ཞིག་པོར་གསོལ་བ་འདེབས། །སྒོ་གསུམ་བྱ་བྲལ་ཆོས་ཉིད་ངང༌། །བདག་འཛིན་ཞིག་པར་བྱིན་གྱིས་རློབས། ། ཉང་སྨད་སྨན་སྒང་གནས་མཆོག་ཏུ། །ཤེས་རབ་རྩེ་མོར་གསོལ་བ་འདེབས། ། ཡུལ་སྣང་བདེན་མེད་གཞི་བྲལ་ངང༌། གཟུང་རྟོག་གྲོལ་བར་བྱིན་གྱིས་ རློབས། །ཡོན་ཏན་སྒང་གི་གནས་མཆོག་ཏུ། །སྤྲུལ་སྐུ་མཆེད་གཉིས་གསོལ་བ་འདེབས། །རིག་པ་སྟོང་གསལ་ཟང་ཐལ་ངང༌། །འཛིན་རྟོག་གྲོལ་བར་བྱིན་གྱིས་རློབས། །གཡུ་རུ་རྒྱ་སྨད་གནས་མཆོག་ཏུ། །ནམ་མཁའ་རྡོ་རྗེར་གསོལ་བ་འདེབས། །རང་གདངས་རིག་པ་རྒྱ་ཡན་དང༌། །ཆོས་ཟད་དགོངས་པར་བྱིན་གྱིས་རློབས། །ཕྱོགས་མེད་རི་ཁྲོ་གནས་མཆོག་ཏུ། །ཀུ་མ་རཱ་ཛར་གསོལ་བ་འདེབས། །ཐམས་ཅད་རིག་པ་ཟང་ཐལ་དང༌། །ཀ་དག་་དགོངས་པར་བྱིན་གྱིས་རློབས། །ཨོ་རྒྱན་རྫོང་གི་གནས་མཆོག་ཏུ། །སྣ་ཚོགས་རང་གྲོལ་གསོལ་བ་འདེབས། །གཞི་བྲལ་ལྷུན་གྱིས་གྲུབ་པའི་ངང༌། །དགོངས་པ་རྟོགས་པར་བྱིན་གྱིས་རློབས། །ཐར་གླིང་དཔལ་གྱི་གནས་མཆོག་ཏུ། །བདེ་ལེགས་རྒྱ་མཚོར་གསོལ་བ་འདེབས། །མཁྱེན་བརྩེའི་རྟོགས་པ་མངོན་གྱུར་ནས། ། གཞན་དོན་མཐར་ཕྱིན་བྱིན་གྱིས་རློབས། །སྨན་རྩེ་དབེན་པའི་གནས་མཆོག་ཏུ། །མ་ཏི་མཾ་གར་གསོལ་བ་འདེབས། །འཇིག་རྟེན་བྱ་བ་བློས་བཏང་ནས། ། རི་ཁྲོད་གནས་པར་བྱིན་གྱིས་རློབས། །སྨན་རྩེ་གྲུབ་པའི་བསྟི་གནས་སུ། །གུ་ཎ་ཤཱི་ལ་གསོལ་བ་འདེབས། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས། །འགྲོ་རྣམས་སྨིན་པར་བྱིན་གྱིས་རློབས། །སྨན་རྩེ་གསང་སྔགས་ཕོ་བྲང་དུ། །སྤྲུལ་སྐུ་བསམ་རྒྱལ་གསོལ་བ་འདེབས། །མ་ངེས་སྤྲུལ་བས་འགྲོ་བའི་དོན། །མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །གང་བཞུགས་དག་པའི་གནས་མཆོག་ཏུ། ། ནམ་མཁའ་གཞོན་ནུ་གསོལ་བ་་འདེབས། །སེམས་ཉིད་ནམ་མཁའ་ལྟ་བུའི་དོན། །མཐའ་བྲལ་རྟོགས་པར་བྱིན་གྱིས་རློབས། །བྱང་ཆུབ་གླིང་གི་གནས་མཆོག་ཏུ། །མཁའ་ཀློང་ཡངས་པར་གསོལ་བ་འདེབས། །ཆོས་ཉིད་གདོད་མའི་མཁའ་དབྱིངས་སུ། །མྱུར་དུ་འཇུག་པར་བྱིན་གྱིས་རློབས། །སྨན་རྩེ་རྒྱལ་བའི་ཕོ་བྲང་དུ། །མ་ཏི་དྷྭ་ཛར་གསོལ་བ་འདེབས། །རང་རིག་སྟོང་གསལ་ཟུང་འཇུག་དོན། །མངོན་དུ་འགྱུར་བར་བྱིན་གྱིས་རློབས། །སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །རྩ་བའི་བླ་མར་གསོལ་བ་འདེབས། །ཡེ་གྲོལ་བློ་་འདས་གཉུག་མའི་དོན། །མྱུར་དུ་རྟོགས་པར་བྱིན་གྱིས་རློབས། །གདུལ་བྱ་དད་མོས་གནས་མཆོག་ཏུ། །བླ་མ་ཀུན་ལ་གསོལ་བ་འདེབས། །སྣང་སྲིད་གཞི་ནས་གྲོལ་བའི་ངང༌། །དགོངས་པ་ཆོས་སྐུར་བྱིན་གྱིས་རློབས། །གར་བཞུགས་ཆོས་ཀྱི་གནས་མཆོག་ཏུ། །ཚོས་མཛད་ཡོངས་ལ་གསོལ་བ་་འདེབས། །སྣང་བ་ཆོས་སུ་བསྒྱུར་བ་དང༌། །དག་སྣང་འབྱོངས་པར་བྱིན་གྱིས་རློབས། །བྱིན་རླབས་འདུ་བའི་གནས་མཆོག་ཏུ། །མཁའ་འགྲོ་དམ་ཅན་གསོལ་བ་ འདེབས། །སྒྲུབ་ལ་བར་ཆད་མེད་པ་དང༌། །དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །རང་བྱུང་ཡེ་ཤེས་གནས་མཆོག་ཏུ། །འཁོར་འདས་ཡོངས་ལ་གསོལ་བ་འདེབས། །ཐམས་ཅད་ཡེ་གྲོལ་མཉམ་པ་ཉིད། །སྤང་བླང་མེད་པར་བྱིན་གྱིས་རློབས། །རིག་པ་དབང་བསྒྱུར་ཐོབ་པ་དང༌། །རྟོགས་པ་འཆར་བར་བྱིན་གྱིས་རློབས། །སྣང་བ་ལམ་དུ་ལྷོངས་པ་དང༌། །རང་གནས་དགོངས་པར་བྱིན་གྱིས་རློབས། །བྱམས་དང་སྙིང་རྗེ་འབྱོངས་པ་དང༌། །གཞན་དོན་འགྲུབ་པར་བྱིན་གྱིས་རློབས། །ངེས་འབྱུང་བློ་སྣ་ཐུང་བ་དང༌། །འཆི་བ་དྲན་པར་བྱིན་གྱིས་རློབས། །ཚེ་་འདི་བློ་ཡིས་ཐོངས་པ་དང༌། །དགོས་མེད་སྐྱེ་བར་བྱིན་གྱིས་རློབས། །དངོས་འཛིན་འཁྲུལ་བ་ཞིག་པ་དང༌། །གཟུང་འཛིན་གྲོལ་བར་བྱིན་གྱིས་རློབས། །ཅིར་སྣང་སྒྱུ་མར་འབྱོངས་པ་དང༌། །བདག་འཛིན་ཞིག་པར་བྱིན་གྱིས་རློབས། །བན་མ་བུན་མར་བྱིན་གྱིས་རློབས། །ཤག་མ་ཤིག་མར་བྱིན་གྱིས་རློབས། ཁྲལ་མ་ཁྲོལ་མར་བྱིན་གྱིས་རློབས། །སང་མ་སེང་མར་བྱིན་གྱིས་རློབས། །ཕྱག་མ་ཕྱོལ་མར་བྱིན་གྱིས་རློབས། །འར་མ་འུར་མར་བྱིན་གྱིས་རློབས། །ཆལ་མ་ཆིལ་མར་བྱིན་གྱིས་རློབས། །ད་ལྟ་ཉིད་དུ་བྱིན་གྱིས་རླབས། །གསོལ་འདེབས་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ། །ཐེག་པ་མཆོག་གི་རྣལ་འབྱོར་བ་ཀློང་ཆེན་རབ་འབྱམས་ཀྱིས། །གངས་རི་ཐོད་དཀར་དུ་སྦྱར་བ་རྫོགས་སོ། །།།དགེའོ། །དགེའོ། །དགེའོ།། །།

[edit]

This page is a cleaned copy of the following rywikitexts page, which stay unchanged:

Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept: in this e-text they enclose the small-print notes of the print.

Part of the Longchenpa Collected Works (about this project).