མཁའ་འགྲོ་སྙིང་ཐིག་ལས་སྲོག་སྒྲུབ་ནག་མོའི་གཏོར་དབང

From Rangjung Yeshe Wiki Texts
Revision as of 07:00, 21 November 2026 by Eric (talk | contribs) (Longchenpa Project: generated page (21 November 2026))
(diff) ← Older revision | Latest revision (diff) | Newer revision → (diff)

LONGCHENPA-PECIN-06-CHA-032
Jump to navigation Jump to search

སྤྲུལ་སྐུ་ལེགས་པ་ལུང་བསྟན་པ klong chen rab 'byams kyi gsung 'bum (pe cin 2009)· Volume 6(CHA) མཁའ་འགྲོ་ཡང་ཏིག་གི་དབང་བསྐུར་བའི་ལག་ལེན། མཁའ་འགྲོ་སྙིང་ཐིག་གི་དཀྱིལ་འཁོར་བྲི་ཚུལ་རྣམས

Title མཁའ་འགྲོ་སྙིང་ཐིག་ལས་སྲོག་སྒྲུབ་ནག་མོའི་གཏོར་དབང
Wylie mkha' 'gro snying thig las srog sgrub nag mo'i gtor dbang


Author Longchenpa ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
Location klong chen rab 'byams kyi gsung 'bum (pe cin 2009), volume 6(CHA), text 32, pages 203–205 (BDRC scan pages)
Section snying thig ya bzhi › mkha' 'gro snying thig


Tibetan text E-text from the typeset Pe cin edition (input 2020 on rywikitexts), cleaned 21 November 2026; not proofread against the print.
BDRC MW1KG4884, outline 1.2.2.34
Citation Klong chen rab 'byams pa. mkha' 'gro snying thig las srog sgrub nag mo'i gtor dbang. In Kun mkhyen klong chen rab 'byams kyi gsung 'bum, vol. 6, pp. 203–205. Pe cin: Krung go'i bod rig pa dpe skrun khang, 2009. BDRC MW1KG4884.
Notes Title from the first line of the e-text; text boundaries and page numbers from the BDRC outline of MW1KG4884.
[edit]

༄༅། །མཁའ་འགྲོ་སྙིང་ཐིག་ལས་སྲོག་སྒྲུབ་ནག་མོའི་གཏོར་དབང་བཞུགས་སོ༔

« རིགས་ཀྱི་ཌཱཀྐི་ཡབ་ཡུམ་ལྔ་ལ་ཕྱག་འཚལ་ལོ༔ དཔོན་སློབ་བར་ཆད་མི་འབྱུང་ཕྱིར༔ ད་ལ་ས་ཆོག་གྲུབ་པ་ཡི༔ ཤན་པ་ནག་མོའི་སྲོག་དབང་བསྐུར༔ དེ་ནས་དཔོན་སློབ་ཐམས་ཅད་ཀྱིས༔ མདུན་གྱི་ནམ་མཁའི་དཀྱིལ་དག་ཏུ༔ འོད་ཕུང་འབར་བ་མཐའ་ཡས་དཀྱིལ༔ བླ་མ་ཡི་དམ་ཌཱཀྐི་དམ་ཅན་ཚོགས༔ སྤྲིན་ཕུང་བཞིན་དུ་བཏིབས་པར་བསྒོམས་པའི་མདུན༔ ཤན་པ་ནག་མོ་འཁོར་བཅས་བསྐྱེད༔ རྒྱལ་བ་རིག་འཛིན་བསྒོམ་བཞིན་དུ༔ དེ་རིང་ལས་རྣམས་སྒྲུབ་པར་བསམ༔ ཚོགས་གཏོར་མཆོད་པ་རྒྱ་ཆེན་འབུལ༔ གཙོ་བོ་བཞི་ཡི་གཏོར་དབང་བསྐུར༔ བྷྱོ༔ མཁའ་འགྲོ་ནག་མོ་མི་བསྲུན་མ༔ ཤ་ཟ་ཁྲག་མིག་སྲིན་པོའི་གདོང་༔ འཇིགས་པའི་གཟུགས་ཅན་མཁའ་འགྲོའི་གཙོ༔ ནག་མོ་སྲིད་པའི་མཚོན་ཆ་ཐོགས༔ བ་སྤུ་མཚོན་ཆ་བསྐལ་པའི་མེ༔ རླུང་ནག་ཞོན་ནས་རལ་པ་སྤྲུག༔ སྲིད་པའི་ཤུ་ལྟ་མི་ལྤགས་གྱོན༔ སྟོང་གསུམ་སྒྲོལ་བྱེད་«ཞལ་དུ་«སྙིང་དམར་འཛུད༔ ཞལ་ནས་ཁྲག་འཛག་ཀྱུ་རུ་རུ༔ སྤྱན་གསུམ་ཁྲོ་གཉེར་མཆེ་བ་གཙིགས༔ ཨག་ཚོམ་མེ་འབར་འཚུབ་མའི་མཚོན་ཆ་འགྱེད༔ མི་མགོའི་དོ་ཤལ་གསོད་བྱེད་རྒྱ་མཚོས་བསྐོར༔ ཨོ་རྒྱན་བཀའ་དང་རིག་འཛིན་བླ་མའི་བཀའ༔ ཁྱད་པར་མཁའ་འགྲོ་དམ་བཏགས་རྗེས་འབྲེང་ལ༔ དབང་དང་བཀའ་ལུང་བཀའ་ཡི་བསྟན་པ་བསྲུངས༔ ཨོ་ཁྱི་ཁ་ལེ་ནག་མོས་སོད༔ སྲོག་མ་ཏྲི་སོད༔ སྙིང་ཁ་ཁ་ཐམ་ཡ་ཡ་སོད༔ རྩ་བ་བི་རི་མུ་སོད༔ གྷ་ཡ་སོད༔ ནྲི་ཡ་སོད༔ རག་མོ་ཙིཏྟ་རྦུད༔ དམ་ཚིག་མ་བསྲུངས་ན་ཆད་པ་ཆོད་ཅིག༔ བསྲུངས་ན་སྟོང་གྲོགས་མཛོད་ཅིག །གཡས་ཀྱི་གསོད་བྱེད་ཀྱི་གཏོར་མ་བཞག་ལ༔ བྷྱོ༔ ཤ་ཟ་དམར་མོ་ཅེ་སྤྱང་གདོང་༔ རོ་ཞོན་སྙིང་ཁྲག་ཞལ་དུ་གསོལ༔ གཡས་ཀྱི་ཤ་ཟ་ལས་མཛོད་ཅིག ། གཡོན་གྱི་གཏོར་མ་བཞག་ལ༔ བྷྱོ༔ ནག་མོ་ཝ་གདོང་རྔམས་པའི་གཟུགས༔ བ་སྤུ་མཚོན་ཆ་སྤུ་གྲིས་གཏམས༔ རེག་པས་སྟོང་གསུམ་སྒྲོལ་བྱེད་མ༔ ཞགས་པ་སྤུ་གྲིས་གློ་མཆིན་གཅོད༔ ཤ་ཟ་ཁྲག་འཐུང་ཀེང་རུས་མུར༔ བཀའ་ལུང་རྗེས་འབྲངས་ལས་མཛོད་ཅིག༔ མདུན་གྱི་གཏོར་མ་བཞག་ལ༔ བྷྱོ༔ མདུན་གྱི་སྲོག་གཅོད་ཤ་ཟ་མོ༔ ནག་མོ་འུག་གདོང་གནམ་ལྕགས་སྡེར༔ ཁྲག་རལ་མཚོན་སྟོང་དགྲ་སྙིང་འདེབས༔ གནམ་ལྕགས་མཆུ་སྡེར་སྲོག་རྩ་གཅོད༔ སྐད་ཅིག་སྟོང་གསུམ་ཉུལ་བྱེད་མ༔ རྐན་རྡེབ་སྟོང་གསུམ་སྙིང་ཁྲག་འབྲུ༔ སྟོང་གསུམ་ཟས་ཟ་སྲིད་གསུམ་སྐོམ་དུ་འཐུང་༔ གསོད་བྱེད་ལྷ་མོ་འཁོར་བཅས་ལ༔ ཤ་ཟ་ཁྲག་འཐུང་འབུམ་གྱིས་བསྐོར༔ དཔོན་གཡོག་འཁོར་བཅས་ལས་མཛོད་ཅིག༔ དབང་དང་བཀའ་ལུང་གདམས་པའི་སྒོ་ཕྱེས་ལ༔ དམ་ལ་གནས་པའི་རྣལ་འབྱོར་བཀའ་ཆད་སྲུངས༔ ཞེས་དབང་དང་རྗེས་གནང་བྱ༔ རོལ་མོ་སྒྲོག༔ དུས་ཉི་ཤར་རམ༔ ཕྱེད་ཡོལ༔ ས་སྲོས༔ ནམ་ཕྱེད་ཤིས༔ དེ་དུས་ཚོགས་གཏོར་བཟང་བ་གལ་ཆེའོ༔ ཨོ་རྒྱན་བཀའ་ལུང་༔ ཡེ་ཤེས་མཚོ་རྒྱལ་ཞལ་གདམས༔ ཕྱག་ལེན་མེད་ཐབས་མེད་པ་རྫོགས་སོ༔ ཤན་པ་འཁོར་བཅས་བཀའི་བྱ་ར་མཛོད་ལ་ལུང་འདི་ཁྲོལ༔ འདི་ཡི་ཆོས་སྐྱོང་ཁོ་ལ་གཏད་དོ༔ རང་བཟོ་མ་བྱེད་གནང་བཞིན་མཛོད༔ ས་མ་ཡ༔ ཟབ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ པདྨ་ལས་འབྲེལ་རྩལ་གྱི་གཏེར་མའོ༔ »༔

[edit]

This page is a cleaned copy of the following rywikitexts page, which stay unchanged:

Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept: in this e-text they enclose the small-print notes of the print.

Part of the Longchenpa Collected Works (about this project).