སྙིང་ཐིག་གི་བདུད་རྩི་ཕྱག་མཆོད

From Rangjung Yeshe Wiki Texts
Revision as of 07:00, 21 November 2026 by Eric (talk | contribs) (Longchenpa Project: generated page (21 November 2026))
(diff) ← Older revision | Latest revision (diff) | Newer revision → (diff)

LONGCHENPA-PECIN-06-CHA-016
Jump to navigation Jump to search

མཁའ་འགྲོ་སྔགས་ཀྱི་ལྡེ་མིག klong chen rab 'byams kyi gsung 'bum (pe cin 2009)· Volume 6(CHA) རྟགས་ཡིག་དང་ཚད་ཀྱི་ཡི་གེ

Title སྙིང་ཐིག་གི་བདུད་རྩི་ཕྱག་མཆོད
Wylie snying thig gi bdud rtsi phyag mchod


Author Longchenpa ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
Location klong chen rab 'byams kyi gsung 'bum (pe cin 2009), volume 6(CHA), text 16, pages 120–121 (BDRC scan pages)
Section snying thig ya bzhi › mkha' 'gro snying thig


Tibetan text E-text from the typeset Pe cin edition (input 2020 on rywikitexts), cleaned 21 November 2026; not proofread against the print.
BDRC MW1KG4884, outline 1.2.2.18
Citation Klong chen rab 'byams pa. snying thig gi bdud rtsi phyag mchod. In Kun mkhyen klong chen rab 'byams kyi gsung 'bum, vol. 6, pp. 120–121. Pe cin: Krung go'i bod rig pa dpe skrun khang, 2009. BDRC MW1KG4884.
Notes Title from the first line of the e-text; text boundaries and page numbers from the BDRC outline of MW1KG4884.
[edit]

༄༅། །སྙིང་ཐིག་གི་བདུད་རྩི་ཕྱག་མཆོད་བཞུགས་སོ༔

« རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ ཚོགས་ཀྱི་འཁོར་ལོའི་ལག་མཆོད་བྱ་བ་ནི༔ ཐོད་པ་བདུད་རྩིས་བཀང་བ་མདུན་དུ་བཞག་ལ༔ སེམས་གསུམ་སྔོན་དུ་བཏང་ལ༔ གཡོན་པའི་སྲིན་ལག་གིས་ཆང་ལ་གཏུགས་ལ༔ གཡས་པའི་ལག་མཐིལ་དུ་ཆོས་སྐོར་དུ་མུ་ཁྱུད་གཉིས་ཀྱི་བར་ལ་པད་མ་འདབ་བཞི༔ ལྟེ་བ་ལ་རང་ངོས་ནས་ཆོས་འབྱུང་ཆོས་སྐོར་དུ་བྲི༔ དབུས་སུ་ཧྲཱི་མ་ཞེས་བརྗོད་ལ་ཐིགས་ལེ་གཉིས་བརྩེགས་བྱས་ལ་རྟ་ཕག་ཡབ་ཡུམ་དུ་ཀྲོང་བསྐྱེད༔ སོར་མོའི་ངོས་ནས་ཟླ་གམ་གསུམ་ལ་ཨོཾ་ཨཱཿཧཱུྃ་བརྗོད་ལ་ཐིག་ལེ་རེ་བྱ༔ དེ་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཀྲོང་བསྐྱེད༔ པད་འདབ་བཞི་ལ་རང་ངོས་ཤར་དུ་ར་ཧ་ཞེས་བརྗོད་ལ་ཐིག་ལེ་གཉིས་བརྩེགས༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དུ་ཀྲོང་བསྐྱེད༔ ལྷོར་ཙ་རི་ཞེས་བརྗོད་ལ་ཐིག་ལེ་གཉིས་བརྩེགས་རིན་ཆེན་མཁའ་འགྲོ་ཡབ་ཡུམ་དུ་ཀྲོང་བསྐྱེད༔ ནུབ་ཏུ་ཧྲཱི་ནི་ཞེས་བརྗོད་པས་ཐིག་ལེ་གཉིས་བརྩེགས་པདྨ་མཁའ་འགྲོ་ཡབ་ཡུམ་དུ་ཀྲོང་བསྐྱེད༔ བྱང་དུ་ས་ཡ་ཞེས་བརྗོད་པས་ཐིག་ལེ་གཉིས་བརྩེགས་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་དུ་ཀྲོང་བསྐྱེད༔ དེ་ནས་ཆང་གི་སྟེང་དུ་ཁ་སྦུབ་ལ་ཨོཾ་ཨཱཿཧཱུཾ་ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ས་མ་ཡ་སྟཾ༔ ཞེས་བརྗོད་པས༔ ཡབ་ཡུམ་རྣམས་སྦྱོར་བ་མཛད་པའི་བྱང་སེམས་དཀར་དམར་བབས་པས་ཐོད་པའི་བདུད་རྩི་དང་འདྲེས་ནས་ཁ་དོག་དཀར་དམར་ལ་རོ་མཆོག་བརྒྱ་དང་ལྡན་པར་བསམས་ལ༔ དེ་ནས་ལག་པ་གཡས་གྱེན་ལ་བཏེག་ལ༔ གཡོན་པའི་སྲིན་ལག་གིས་ཐོད་པའི་བདུད་རྩི་བླངས་ལ༔ རང་གི་སྤྱི་གཙུག་གི་བླ་མ་ཡབ་ཡུམ༔ ཕྱག་མཐིལ་གྱི་གཙོ་བོ་ཡབ་ཡུམ༔ སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ༔ རིགས་བཞི་མཁའ་འགྲོ་ཡབ་ཡུམ་རྣམས་ལ་ཚར་རེ་འབུལ༔ ཞལ་དུ་ཐིམ་ནས་དགེས་ཏེ་གང་འདོད་ཀྱི་དངོས་གྲུབ་སྟེར་བར་བསམ་མོ༔ དེ་ནས་ཕྱག་མཐིལ་གཉིས་ཕུལ་ལ་གདོང་པ་ལ་ཕུལ་ཏེ་ལྷ་ཚོགས་རང་ལ་ཐིམ་པར་བསམ་རང་ལྷའི་ང་རྒྱལ་དང་ལྡན་པས་བདུད་རྩི་གསོལ༔ གཞན་དམ་ཚིག་གཅིག་པ་རྣམས་ལ་ཡང་སྦྱིན༔ འདི་ནི་རྩ་གསུམ་ཕྱི་ནང་གི་ཚོགས་མཆོད་ཅེས་བྱ་བ༔ ཨོ་རྒྱན་པདྨས་ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་ལ་གདམས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ «སྙིང་ཐིག་གི་བདུད་རྩི་ཕྱག་མཆོད།

[edit]

This page is a cleaned copy of the following rywikitexts page, which stay unchanged:

Cleaning (21 November 2026): removed 3 Word page fields. The «» marks are kept: in this e-text they enclose the small-print notes of the print.

Part of the Longchenpa Collected Works (about this project).