སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།

From Rangjung Yeshe Wiki Texts
Revision as of 06:48, 19 March 2020 by Eric (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

རྒྱ་གར་སེ་སྣྲེ་ཏའི་སྐད་དུ། ཏི་ལ་ཀུ་པྲ་པཅི་དྲ་པྲ་ཀ་ཊ་ཏརྒྱ་མ་ཧ་ན་མ།

བོད་སྐད་དུ། སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།

དཔལ་རྡོ་རྗེ་འཆང་ཆེན་པོ་ཐམས་[2.2]ཅད་མཁྱེན་པའི་སྐུ་གསུང་ཐུགས་ལ་ཕྱག་འཚལ་ལོ། །སུམ་ཅུ་རྩ་གསུམ་གྱི་གནས་བརྩེགས་པ་མེད་པའི་ཁང་བཟང་ཆེན་པོ་ན། ལྷ་ཡི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ལྷ་རྣམས་ཀྱི་གཙོ་[2.3]བོར་གྱུར་པ། འཁོར་ལྷ་ཕྲན་མང་པོས་བསྐོར་ནས་བཞུགས་པ་དེས་ལྷ་མ་ཡིན་གྱི་འཁྲུག་པ་ཆེན་པོ་བྱེད་པའི་གཡུལ་ངོར་བཟློག་ནས་བདེ་བ་ལ་འགོད་པའི་མན་ངག དྷརྨ་སརྦ་ཏི་ལ་ཨ་[2.4]ཀ་ཧེ་རུ་བི་ཏི་ཀ་ཡ་ཧྲི་ར་ཀ་རུ་ས་དུ་པ་ཏི་ན་མ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རང་རིག་རྟོགས་པ་མངོན་གྱུར་གྱི་རྡོ་རྗེ་འཆང་ཆེན་པོ་དེ། སྐུ་ཡེ་ཤེས་[3.1]རྩལ་སྣང་ལ་རང་བཞིན་མེད་པ། སྐུ་མདོག་སྣ་ཚོགས་སུ་བཞུགས་པ། ཆ་ལུགས་མཉམ་པའི་སྐྱིལ་མོ་ཀྲུང་ལ། ཕྱག་རྒྱ་ཆོས་འཆད་པའི་ཚུལ་དུ་མཛད་པ། ཡེ་ཤེས་ཀྱི་སྐུ་[3.2]ཡིན་པའི་ཕྱིར། ཞལ་ཕྱོགས་བཅུ་ཀུན་ཏུ་མ་འགགས་པར་ཐལ་ལེ་གསལ་བ། གནས་རང་བཞིན་གྱིས་རྣམ་པར་དག་པ་པད་མ་བདེ་གསལ་ཞེས་བྱ་བ། ཡེ་ཤེས་ཀྱི་རྩལ་འོད་དུ་མ་[3.3]འགགས་པར་ཤར་བ་ལས་རྒྱུ་གྲུབ་སྟེ་ཁ་དོག་ལྔ་ཡིས་རྒྱུ་བྱས། དབྱིབས་གྲུ་བཞིར་གྱུར་པ། རྩིགས་པ་རིན་པོ་ཆེ་ཁ་དོག་ལྔས་བྱས་པ། ཕོ་བྲང་ཟླུམ་པོ། འཁོར་ལོ་རྩིབས་བཞི་མུ་ཁྱུད་[3.4]ཀྱིས་བསྐོར་བ། གྲུ་ཆད་དང་བཅས་པ བར་འཁྱམས་ལྷ་མོ་དང་ལྡན་པ། སྒོ་བཞི་རྟ་བབས་དང་བཅས་པ། འདོད་ཡོན་གྱི་སྣམ་བུ་ལ་མཁའ་འགྲོ་མ་སྣ་ཚོགས་དང་བཅས་པ མཐའ་རྡོ་[4.1]རྗེའི་རྭ་བ་པད་མས་བསྐོར་བ། དེ་དག་སྣང་ལ་རང་བཞིན་མེད་པ། བར་སྣང་གི་གཞའ་ལྟ་བུ། དེ་ལྟ་བུའི་གཞལ་ཡས་ཁང་ཆེན་པོ་ན། སྟོན་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ། །འཁོར་ཡེ་ཤེས་ཀྱི་རྩལ་མ་[4.2]འགགས་པ་རིགས་ལྔར་སྣང་བ་དང་། གཞན་ཡང་ཡེ་ཤེས་ཀྱི་རྩལ་མ་འགགས་པ་སེམས་དཔའ་དང་། སེམས་མ་དང་། ཁྲོ་བོ་དང་། ཁྲོ་མོ་དང་། ཞུ་བ་པོའི་འཁོར་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་། སྡུད་པ་[4.3]པོའི་འཁོར་དགའ་རབ་རྡོ་རྗེ་དང་། གཞན་ཡང་མཁའ་འགྲོ་མ་རྣམ་པ་ལྔ་སྟེ། པྲཁོ་ཉེ་བར་ཞི་བ་དང་། རྡོ་རྗེ་ཁྲོ་གདོང་མ་དང་། གཙུག་གི་རྒྱན་གཅིག་མ་དང་། རོ་ཟན་ཤཱརྙི་ཐོད་པའི་ཕྲེང་བ་ཅན་དང་། རྡོ་རྗེ་རླུང་གི་ག[4.4]ཤོག་པ་ཅན་དང་ལྔ་སྟེ། དེའི་རང་རང་ཉེ་འཁོར་ན་མཁའ་འགྲོ་མ་གྲངས་མེད་པ་དང་བཅས་པས་བསྐོར་ནས་བཞུགས་སོ། །དེའི་ཚེ་གསང་བའི་བདག་པོས་སྣ་དྲངས་ཏེ། འཁོར་རྣམས་ཀྱིས་བསྐོར་བ་ལན་བདུན་བྱས་[4.5]ཏེ་མདུན་དུ་འདུག་ནས་སྟོན་པ་ལ་འདི་སྐད་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་ཆེན་པོ། །རང་རིག་དོན་རྟོགས་རྩལ་ལ་དབང་ཐོབ་པ། །སྐུ་གསུམ་ལྷུན་གྲུབ་ལོངས་སྐུའི་ཚུལ་དུ་བཞུགས། །རིག་པ་སྤྲོས་དང་[4.6]བྲལ་བ་ཆོས་སྐུར་རྫོགས། །འགྱུ་བའི་རྩལ་མི་འགག་པས་སྤྲུལ་སྐུར་འཆར། །སྣང་ལ་རང་བཞིན་མ་གྲུབ་ལོངས་སྐུའི་ཚུལ། །འཁྲུལ་རྟོག་གཉིས་ཀ་བསལ་བས་འགྲོ་དོན་འབྱུང་། །དུས་ཀྱི་སྙིགས་མ་དག་ལ་ཉེ་བའི་[5.1]ཚ། །ཐེག་དགུ་བགྲོད་པའི་ལམ་ནི་གྲུབ་ཐག་རིང་། །ཉོན་མོངས་དུག་ལྔ་རྒྱུད་ལ་ཤིན་ཏུ་སྨིན། །ཡིད་སྨོན་ལྟ་བ་གོམས་ཀྱང་བློ་ཡི་ཆོས། །རང་རིག་ཇི་ལྟར་ཡིན་པའི་དོན་རྟོགས་ནས། །རྩལ་གཉིས་ཇི་[5.2]ལྟར་འཆར་ཡང་རང་གྲོལ་བའི། །ཡུལ་གྱིས་གནོད་མི་ནུས་པའི་གདམས་ངག་ཏུ། །ཚིག་གི་སྒྲོན་མས་དོན་ཆེན་མཚོན་ནས་ནི། །ཚིག་དོན་འབྲེལ་བའི་གཏན་ལ་ཕེབས་ངེས་པའི། །བཀླགས་པས་ཤེས་ནས་དེ་ཡིས་[5.3]དོན་གོ་བས། །ཆོས་སྐུ་ཅིག་ཆར་བསྟན་པའི་གདམས་ངག་ཏུ། །སྤྲོས་བྲལ་དོན་གསལ་རྒྱུད་ཆེན་མན་ངག་ཞུ། །མ་རིག་མུན་པས་ཆོས་སྐུ་བསྒྲིབས་ལགས་ན། །རང་རིག་སྒྲོན་མས་ཆོས་སྐུ་བསྟན་པར་ཞུ། །ཞེ་སྡང་མ་[5.4]ཡིས་རང་རྒྱུད་བསྲེགས་ལགས་ན། །ཡེ་ཤེས་བདུད་རྩིས་མེ་ཆེན་བསད་པར་ཞུ། །མ་རིག་མུན་པས་ཤེས་རབ་རྨོངས་ལགས་ན། །ཡེ་ཤེས་སྒྲོན་མས་གཏི་མུག་བསལ་བར་ཞུ། །འདོད་ཆགས་ལན་ཚའི་ཆུ་ཡིས་གདུང་[5.5]ལགས་ན། །ཡེ་ཤེས་བདུད་རྩིས་གདུང་བ་བསལ་བར་ཞུ། །ང་རྒྱལ་རི་བོས་རང་རིག་མནན་ལགས་ན། །རང་རིག་དོན་རྟོགས་རི་བོ་བསལ་བར་ཞུ། །ཕྲག་དོག་གཅོང་རོང་ལྟ་བུས་བསྡམས་ལགས་ན། །སྤྲོས་བྲལ་[5.6]དོན་རྟོགས་གཅོང་རོང་བསལ་བར་ཞུ། །སྐྱེ་རྒས་ན་འཆིའི་ཆུ་བོ་མ་བརྒལ་ན། །ཡེ་ཤེས་གྲུ་ཡིས་ཆུ་བོ་བསྒྲལ་བར་ཞུ། །སྲིད་པའི་ལ་ཆེན་དག་ལ་མ་བསྒྲལ་ན། །རང་གྲོལ་སྲིད་པའི་ལ་ལས་བསྒྲལ་བར་ཞུ། །འཁོར་[6.1]བའི་གཡེ་ཐང་ཆེན་པོར་བསྒྲོད་ལགས་ན། །ཡེ་ཤེས་བརྩོན་འགྲུས་རྟ་ཡིས་བསྒྲལ་བར་ཞུ། །གཟུང་འཛིན་ལྕགས་སྒྲོག་རང་རྒྱུད་བཅིངས་པ་ལ། །ཡེ་ཤེས་ལྡེ་མིག་ལྕགས་སྒྲོག་དབྱེ་བར་ཞུ། །བདག་ཏུ་ལྟ་བའི་བརྩོན་[6.2]ར་དམ་པོར་ཆུད་ལགས་ན། །ཐུགས་རྗེས་སྒོ་དབྱེ་བདག་འཛིན་དགྲོལ་བར་ཞུ། །མ་རྟོགས་འཁྲུལ་པའི་འདམ་གྱིས་ཟིན་ལགས་ན། །ཡེ་ཤེས་ཆུ་བོས་འདམ་རྫབ་བཀྲུ་བར་ཞུ། །ལོག་རྟོགས་འཛིན་པའི་གཅོང་ནད་[6.3]ཟིན་པ་ན། །ཡེ་ཤེས་སྨན་པས་གཅོང་ནད་གདོན་པར་ཞུ། །ལོག་རྟོགས་ཆད་པའི་མཐའ་རུ་ལྷུང་བ་ལ། །ཡེ་ཤེས་གསལ་ཆའི་ངང་གི་མཐའ་ལས་གདོན་པར་ཞུ། །ཐེག་དགུས་ཕྱོགས་རྟོགས་ཡང་དག་དོན་མ་[6.4]རྟོགས། །ཡང་དག་དོན་ཆེན་མ་ནོར་བསྟན་པར་ཞུ། །ཆོས་རྣམས་ལྡེམ་དགོངས་བློ་སྣ་སྟོར་བ་ལ། །ངེས་དོན་ཅར་ཕོག་དག་ཏུ་བསྟན་པར་ཞུ། །རང་ངོ་མ་ཤེས་ལྟ་བ་སྤྱི་སར་ལས་པ་ལས། །རང་རིག་རང་ལ་ཅར་ཕོག་[6.5]བསྟན་པར་ཞུ། །ལོག་སྣང་རིག་པར་བསྲེས་པའི་གྲུབ་མཐའ་ལ། །སྐུ་གསུམ་རྩལ་དང་བཅས་པའི་མན་ངག་ཞུ། །ཞི་གནས་མུན་པས་ཡེ་ཤེས་འཐིབས་པ་ལ། །ཡེ་ཤེས་ལྷག་མཐོང་སྒྲོན་མ་འདེགས་པར་ཞུ། །རྟག་[6.6]པ་ཐེར་ཟུག་ནད་ཀྱིས་ཟིན་པ་ལས། །རང་བཞིན་སྟོང་པས་རྟག་པ་གཞིག་པར་ཞུ། །ཚིག་ཚོགས་ཐ་སྙད་བྱེད་སྙིང་འཛིན་པ་ལ། །རྩ་བ་རང་རིག་སྙིང་པོ་བསྟན་པར་ཞུ། །ཚིག་གི་སྒྲོན་མས་དོན་གྱི་དཔེར་མཚོན་[7.1]ནས། །དེ་རྣམས་རྟོགས་པའི་གདམས་ངག་ཆེད་པོ་མྲ །ཚིག་དང་དོན་གཉིས་དུས་གཅིག་སྟོན་པ་ཡི། །བཀླགས་པས་ཤེས་ཤིང་བསྟན་པས་གོ་བའི་ཆོས། །རིན་ཆེན་ཀུན་འབྱུང་སྤྲོས་བྲལ་དོན་གསལ་[7.2]གྱི། །མན་ངག་བཤད་པའི་རྒྱུད་ཆེན་བཤད་པར་ཞུ། །སྔར་འདས་ཤཱཀ་ཐུབ་ལ་སོགས་སྟོན་པ་ཡིས། །རྒྱུད་དྲུག་ཉོན་མོངས་ཀུན་གྱི་གཉེན་པོ་མྲ །ཐེག་དགུ་ལ་སོགས་བརྒྱད་ཁྲི་བཞི་སྟོང་རྣམས། །རིག་པ་ཅར་ཕོག་[7.3]དག་ཏུ་བསྟན་པ་མེད། །རང་རིག་ཅར་ཕོག་དག་ཏུ་བསྟན་པར་ཞུ། །ཐུགས་རྗེ་མངའ་བདག་རྡོ་རྗེ་འཆང་ཆེན་གྱིས། །དུས་ཀྱི་སྙིགས་མའི་གདུལ་བྱའི་དོན་ཆེད་དུ། །ཐོས་བསམ་སྒོམ་ལ་རག་མ་ལས་པ་ཡིས རང་[7.4]རིག་སྙིང་པོ་སྤྲོས་དང་བྲལ་བའི་དོན། །ཅིག་ཆར་ཅར་ཕོག་དག་ཏུ་བསྟན་པར་ཞུ། །དེ་སྐད་ཞུས་པའི་དོན་གསན་ནས། །གསང་བདག་ལ་སོགས་འདུས་པའི་ཚོགས་རྣམས་དང་། །མ་འོངས་གདུལ་བྱ་རྣམས་ཀྱི་དོན་[7.5]ཆེད་དུ། །རང་རིག་རང་རྟོགས་རྡོ་རྗེ་འཆང་ཆེན་ངས། །འདུས་པའི་ཚོགས་དང་མ་འོངས་དོན་ཆེད་དུ། །སྔར་བཤད་གཞན་གྱིས་བསྟན་པ་མེད་པ་ཡི། །ཐོས་བསམ་སྒོམ་པར་རག་ལས་མེད་པའི་དོན། །རང་རིག་ཆོས་[7.6]སྐུ་ཅར་ཕོག་བསྟན་པ་ཡི། །ཚེག་ཆུང་དོན་ཆེ་གོ་བར་སླ་བའི་ཆོས། །བསྟན་པ་ཙམ་གྱིས་བློ་དམན་ཀུན་གྱིས་རྟོགས། །ཆོས་རྣམས་ཀུན་གྱི་སྙིང་པོ་དོན་ཆེན་ཡིན། །འཁོར་འདས་ཐེག་པ་ཀུན་གྱི་རྩ་བ་ཡིན། །ལུང་མདོ་[8.1]མན་ངག་ཅིག་ཆར་པ། །རྒྱུད་ཀྱི་སྙིང་པོ་རང་རིག་ཅར་ཕོག་དོན། །དོན་འདྲིལ་མཐའ་གཅོད་སྤྲོས་བྲལ་དོན་ཆོད་བསྟན། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། གླེང་གཞི་དང་གླེང་བསླང་[8.2]བའི་ལེའུ་སྟེ་དང་པོའོ།། །།ཀྱེ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། རྩེ་གཅིག་གུས་པས་ང་ལ་ཉོན། བར་སྣང་གི་ངོ་བོ་མ་གྲུབ་པ་ལ། གང་ཟག་ལ་ལ་ལ་ནམ་བསྲོས། ལ་ལ་ལ་ཉི་མ་ཤར། ནམ་བསྲོས་པ་ནི་སྣང་བ་[8.3]གསལ་བ་མེད་དེ། མུན་པའི་སྨག་ཆེན་པོར་སོང་། ཉི་མ་ཤར་བ་ནི་མུན་པའི་སྐྱེ་མཆེད་དག་ནས་ཉི་མ་ནུབ་མི་སྲིད་དོ། །ཨ་རྙོ་ན་དྷརྨ་ཀྭ་ཡ། མུན་པའི་སྨག་ཆེན་པོ་དེ་བསལ་བའི་ཐབས་དེ་གང་གིས་བྱ་བ་དང་། མུན་[8.4]པའི་སྨག་ཆེན་པོ་དེ་བསལ་ནས་ཉི་མ་ལ་ནུབ་པ་མེད་པའི་དགོངས་པ་བསྟན་པའོ། །དེ་ལ་གང་ཟག་གི་རྒྱུད་ལ་འཆར་ལུགས་ནི། དང་པོ་གཞི་དུས་བསྟན་པ་དང་། དེ་ནས་རྟོགས་དུས་བསྟན་པ་དང་། དེ་ནས་འཁྲུལ་[8.5]དུས་བསྟན་པ་དང་། དེ་རྟོགས་དུས་གོམ་པས་དག་ལུགས་དང་། མཐའ་རུ་དག་པ་ཆེན་པོ་བསྟན་པའོ། །ཞེས་གསུངས་སོ། །གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་ཆེན་པོ། །གང་ཟག་སྣོད་[8.6]ལདན་ཕྱི་མའི་དོན་ཆེད་དུ། །བསྟན་པས་གོ་ཞིང་བཀླགས་པས་ཤེས་པའི་རྒྱུད། །རྩ་རྒྱུད་བཤད་རྒྱུད་གསང་བ་མན་ངག་རྒྱུད། །གཅིག་ཏུ་དྲིལ་ཞིང་ཟབ་ཅིང་རྒྱས་པ་ཞུ། །བཅོམ་ལྡན་རྡོ་རྗེ་འཆང་གིས་ཡང་གསུངས་[9.1]པ། །ལྔ་བརྒྱ་ཐ་མ་དུས་ཀྱི་སྙིགས་མ་ལ། །ཉོན་མོངས་རག་པས་སྡུག་བསྔལ་དྲག་པོ་འབྱུང་། །སྡུག་བསྔལ་དྲག་པོས་དད་པ་རགས་པ་བསྐྱེད། །དད་པ་རགས་ཀྱང་རྒྱུ་འབྲས་ཆོས་ལ་སྤྱད་དབང་[9.2]མེད། །དེ་དུས་བསྟན་པ་ཙམ་གྱིས་གོ་བ་ཡི། །བཀའ་རྒྱུད་ཀུན་གྱི་རྩ་བའི་མན་ངག་འདི། །གདུལ་བྱ་དྲང་ཕྱིར་སྟོན་པ་ང་ཡིས་བཤད། །དང་པོ་གཞི་ཡི་གནས་ལུགས་བསྟན་པ་དང་། །བར་དུ་བཟང་རྩལ་ངན་རྩལ་[9.3]གཉིས་སུ་འཆར་ལུགས་བསྟན་པ་དང་། །ངན་རྩལ་དག་ལས་འགྲོལ་ཐབས་ཐུན་མོང་ཁྱད་པར་བསྟན་པ་དང་། །གྲོལ་ནས་རྩལ་འཆར་ཐིམ་དུས་བསྟན་པའོ། །གཞི་ནི་འཁོར་འདས་གཉིས་ཀའི་གཞི་ཡིན་ཏེ། །དེ་ཡི་[9.4]གནས་ལུགས་མཚོན་ལུགས་རྒྱས་པར་བཤད། །རྩལ་ནི་གཞི་ཡི་རྩལ་དེ་རྟོགས་འཁྲུལ་གཉིས། །རྟོགས་པ་ལོངས་སྐུའི་ས་ཟིན་ཐུགས་རྗེ་ཡིས། །འགྲོ་བའི་དོན་བྱས་ཆོས་སྐུ་ཉིད་དུ་ཐིམ། །མ་རྟོགས་རྩལ་ནི་འཁྲུལ་[9.5]བའི་རྒྱུ་རྐྱེན་གྱིས། །ཁམས་གསུམ་འཁོར་བའི་གནས་སུ་དུག་ལྔས་རང་རྒྱུད་བསྲེག །ངན་རྩལ་དེ་ལས་བཟང་པོའི་རྩལ་དག་གིས། །སྒྲོལ་བའི་ཐབས་སུ་གཉེན་པོ་ཐེག་པའི་བྱེ་བྲག་བསྟན། །དེ་ཡང་བརྒྱད་ཁྲི་བཞི་[9.6]སྟོང་ཆོས་བསྟན་ཀྱང་། །བསྡུ་ན་ཐེག་པ་རིམ་པ་དགུ་རུ་འདུས། །དེ་དག་ཀུན་གྱི་རྩ་བ་ཅར་ཕོག་རྒྱུད་ཆེན་འདི་རུ་འདུས། །འདི་ཉིད་ཁྱད་པར་གྲོལ་ཐབས་ཡིན་ཏེ་ཤིན་ཏུ་ཟབ། གྲོལ་ཐབས་འདི་ལ་ལྟ་སྒོམ་སྤྱོད་འབྲས་[10.1]བཞི་ཡི་ཆ་རྐྱེན་དུ། །མན་ངག་བྱེ་བྲག་མང་དུ་བསྟན་གྱིས་ལེགས་པར་ཡིད་ལ་ཞོག །གྲོལ་དུས་ལོངས་སྐུས་གདུལ་བྱ་གཞན་གྱི་དོན་བྱས་ཏེ། །མཐའ་རུ་ཆོས་སྐུར་ཐིམ་དུས་བསྟན་པའོ། །ཐིམ་ལུགས་ཆོས་སྐུའི་ས་ན་[10.2]གནས་ལུགས་འདི་ལྟར་ཡོད། །རང་གི་རིག་པ་གསལ་བར་མི་རྟོག་དང་། །ཐིམ་པ་ལ་ནི་མ་རྨུགས་དང་། །ཡོད་ལ་བདག་ཏུ་འཛིན་པ་མེད། །སོ་སོར་མ་འདྲེས་ཡོངས་སུ་འབྱེད་པ་མེད། །མཐའ་རྣམས་ཀུན་དང་བྲལ་[10.3]བས་ཕྱོགས་སུ་ལྷུང་བ་མེད། །མྱ་ངན་སྡུག་བསྔལ་བྲལ་བས་བདེ་བ་རྒྱུན་མི་ཆད། །རང་བྱུང་མཐའ་རུ་འདུག་པས་རྐྱེན་གྱིས་འཇིག་བྲལ་མེད། །འབྲས་བུ་མངོན་དུ་བྱས་པས་རེ་དོགས་གཉིས་དང་བྲལ། །མ་བཙལ་[10.4]ལྷུན་གྱིས་གྲུབ་པས་གཞན་ལ་རག་མ་ལས། །འཁྲུལ་པ་རྣམ་པར་དག་པས་འཁོར་བར་ལྡོག་མི་སྲིད། །རིག་པའི་རྩལ་མ་འགགས་པས་ཐམས་ཅད་མཁྱེན་པར་ཤར། །རང་གི་ངོ་བོས་སྟོང་པས་བག་ཆགས་བསག་ཏུ་[10.5]མེད། །རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །དང་པོ་གཞི་ཡི་གནས་ལུགས་བསྟན་པ་ནས། འབྲས་བུ་མཐར་ཐུག་པའི་བར་དུ་དེ་ལྟར་ཤེས་པར་བྱའོ། །ཞེས་བཀའ་སྩལ་ཏོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་[10.6]ལེས། སྤྱི་ཁོག་བསྡུས་པ་མདོར་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།ཨ་ཨ་ཨ་སརྦ་ཙྭ་ན་དྷརྨ་ཀྭ་ཡ་ན་མ། ནམ་མཁའི་མཐའ་འདི་སྤྲོས་དང་བྲལ་བ་ལ་མུན་སྣང་གཉིས་ཀ་མ་གྲུབ་པ་ཞེས་བྱ་བ་རྐོརྐགྲི་ཀེ། གསང་[11.1]བའི་བདག་པོས་ཡང་ཞུས་པ། ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་ཆེན་པོ། །འཁོར་དང་མྱང་འདས་གཉིས་ཀའི་གཞིར་གྱུར་པ། །དངོས་པོའི་གནས་ལུགས་ཇི་ལྷར་གནས་པའི་དོན། །དེ་ལས་རྩལ་བྱུང་ཇི་ལྟར་[11.2]འབྱུང་བའི་རྒྱུ། །དེ་དག་རྒྱས་བཤད་ཇི་ལྟར་ཕྱི་ལ་བཤད། །བཅོམ་ལྡན་རྡོ་རྗེ་འཆང་གིས་བཤད་པར་ཞུ། །བཅོམ་ལྡན་རྡོ་རྗེ་འཆང་གིས་གསུངས་པའི་དོན། །དང་པོ་གཞི་ཡི་གནས་ལུགས་བསྟན་པ་དང་། །གཉིས་པ་[11.3]གཞི་ལས་རྩལ་གྱི་འབྱུང་ལུགས་དང་། །གསུམ་པ་གཞི་ཡི་བྱེ་བྲག་བསྟན་པ་དང་། །བཞི་པ་གཞི་ཡི་མཚོན་དཔེ་བསྟན་པ་དང་། །ལྔ་པ་གཞི་ཡི་བརྗོད་ཚིག་བསྟན་པ་དང་། །དྲུག་པ་གཞི་ཡི་མདོར་བསྡུས་བསྟན་པ་[11.4]དང་། །བདུན་པ་གཞི་ཡི་ངོས་བཟུང་བསྟན་པའོ། །དང་པོ་གཞི་ཡི་གནས་ལུགས་བསྟན་པ་ནི། །འཁོར་འདས་རྟོགས་འཁྲུལ་མེད་པའི་གོང་རོལ་ན། །རྒྱུ་རྐྱེན་གཉིས་ལས་འདས་པ་རང་བྱུང་སྟེ། །བདེ་གཤེགས་ཐུགས་[11.5]རྗེ་དག་ལས་མ་བྱུང་དང་། །སེམས་ཅན་རྣམས་ཀྱི་ལས་ཀྱིས་མ་བསྐྱེད་དང་། །ཕྱི་རོལ་འབྱུང་བ་ལྔ་ཡིས་མ་བསྐྱེད་དང་། །ནང་གི་རྣམ་རྟོག་དག་ལས་མ་གྲུབ་དང་། །གང་ཟག་ལམ་པའི་བློ་ཡིས་མ་བཅོས་པའོ མིང་[11.6]དང་མཚན་མ་གང་ཡང་བཏགས་པ་མེད། ཁེས་མེད་རྟོག་མེད་མ་རིག་འཁྲུལ་པ་མེད། །འཁྲུལ་དང་བག་ཆགས་རྟོག་པ་སྣ་ཚོགས་དང་། །ཡེ་ཤེས་རྩལ་སྣང་འབྲས་བུའི་ཆོས་རྣམས་ནི། །རང་བྱུང་གནས་ལུགས་གཞི་[12.1]ལ་དབྱེ་བ་མེད། །ཐོག་མའི་དུས་དང་སྔ་ཕྱི་གྲུབ་པ་མེད། །བཟང་ངན་བླང་དོར་སྒྲུབ་བྱ་གང་ཡང་མེད། །མཐའ་དང་དབུས་མེད་ཕྱོགས་དང་རིས་སུ་མེད། །ངོ་བོ་མ་བཅོས་མ་བསླད་ག་་མར་གནས། །སོ་མ་རང་[12.2]ལུགས་མ་བྱུང་མ་སྐྱེས་སོ། །གཉིས་མེད་མཉམ་ཉིད་བཟང་ངན་གར་མི་འབྱེད། །བདེན་རྫུན་ཡོད་མེད་གར་ཡང་འཛིན་པ་མེད། །བསམ་མེད་རྟོག་མེད་ནམ་མཁའ་དག་པ་འདྲ། །ངོ་བོ་གཟུགས་དང་དངོས་པོའི་མཚན་[12.3]མ་མེད། །གནས་དང་མི་གནས་སྣང་དང་སྟོང་པ་མེད། །རྟག་དང་ཆད་དང་གཅིག་དང་དུ་མ་མེད། །དགའ་དང་མི་དགའི་རྩིས་གདབ་དག་ལས་འདས། །མདོར་ན་མཐའ་དང་ཕྱོགས་འཛིན་གང་ཡང་མེད། །རིགས་[12.4]དྲུག་སེམས་ཅན་འཁྲུལ་པ་སྣ་ཚོགས་དང་། །རྒྱལ་བའི་སྐུ་དང་ཡེ་ཤེས་སྣང་བ་དང་། །རིམ་དགུ་ལ་སོགས་ཐེག་པའི་བྱེ་བྲག་རྣམས། །དངོས་པོའི་གནས་ལུགས་གཞི་ལ་གྲུབ་པ་མེད། །ཇི་བཞིན་མ་བཅོས་ཀུན་གྱི་གཞི་[12.5]ཡིན་ཏེ། །རང་བྱུང་ལྷུན་གྲུབ་ཀུན་གྱི་འབྱུང་གནས་དེ། །མ་བསླད་སྙིང་པོ་ཀུན་ལ་ཁྱབ་པའི་དོན། །རང་གནས་བྱང་ཆུབ་ཀུན་གྱི་གཞི་མ་ཡིན། །མ་ཕྱེ་མི་འབྱེད་རང་གནས་ངོ་བོ་སྟེ། །འགྲོ་དང་འོང་ཞིང་འབྱུང་འཇུག་[12.6]ཀུན་ལས་འདས། །མྱང་དང་མ་མྱང་འཇུག་དང་མི་འཇུག་མེད། །སྟོར་དང་མ་སྟོར་མེད་པས་བཙལ་མི་དགོས། །དངོས་མེད་ཀུན་གྱི་སྙིང་པོ་ཀུན་གཞི་སྟེ། །ཆགས་དང་མ་ཆགས་བྱ་བྱེད་ཀུན་དང་བྲལ། །སྐྱེ་མེད་འགྱུ་[13.1]མེད་སྣང་བའི་ཡུལ་ལས་འདས། །རང་ལུས་རང་གནས་མ་བཅོས་བྱང་ཆུབ་སེམས། །གདོད་ནས་ལྷུན་གྲུབ་རིན་ཆེན་ཀུན་གྱི་མཛོད། །རྟོག་མེད་མཉམ་ཉིད་གསལ་ཆའི་རྩལ་མ་ཤར། །ཤེས་པ་སྒོ་ལྔར་[13.2]མ་དོན་ཉམས་མྱོང་མེད། །འགྱུ་བ་རང་སྣང་མ་བཅོས་རྣལ་མར་གནས། །ནང་གི་རིག་པའི་རྩལ་ནི་སྔར་མ་འགྱུས། །བསམ་འཕེལ་རིན་པོ་ཆེ་ལས་དགོས་འདོད་འབྱུང་བ་བཞིན། །མན་ཤེལ་རྣམ་པར་དག་ལས་འོད་[13.3]ལྔ་ལྷུན་གྲུབ་བཞིན། །ཏིལ་འབྲུ་ལ་སོགས་མར་ཁུ་ལྷུན་གྲུབ་བཞིན། །སྙིང་པོའི་གཞི་ལ་རྩལ་གཉིས་ལྷུན་གྱིས་གྲུབ། །རྟོགས་ན་གཞི་ལ་རྩལ་གཉིས་སྐུ་རུ་འཆར། །མ་རྟོགས་གཞི་ལ་འཁོར་བ་རང་ཁ་མ། །ཞེས་[13.4]གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། གཞིའི་གནས་ལུགས་ཀྱི་ལེའུ་སྟེ་གསུམ་པའོ།། །།ཨ་ཨ་རཏྣ་དྷརྨ་ཀྭ་ཡ། ནམ་མཁའ་རྒྱ་མཚོ་མེ་ལོང་ཅན་གྱི་གནས་གཡུའི་མཎྜལ་ཆེན་པོ་ཁོད་སྙོམས་[13.5]པའི་སྟེང་ན། རིན་པོ་ཆེའི་མཆོད་རྟེན་ཁྲི་འཕང་ལྔ་པ། ཤེལ་གྱི་ཟ་མ་ཏོག་ཆེན་པོའི་ནང་ན་གནས་པ་ལ། རླུང་གི་རྟ་ཕོས་བདག་པོ་བྱེད་པའི་མན་ངག་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་རྡོ་རྗེ་འཆང་ལ་ཡང་ཞུས་པ།[13.6]གོང་གསུངས་གཞིའི་གནས་ལུགས་དེ་ལགས་ན། །རྩལ་འཆར་གཞི་དང་གཞི་སྣང་དོན། །འདུས་པའི་འཁོར་ལ་གསུང་དུ་གསོལ། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །རིགས་ཀྱི་བུ་རྒྱུད་ཐམས་ཅད་ཀྱི་དོན། གཞི་དང་[14.1]གཞི་སྣང་ཆེན་པོའི་འདུག་ཚུལ་ང་ཡིས་སྨྲ་ཡིས་མ་ནོར་ཡིད་ལ་ཟུང་ཞིག །ངོ་བོ་ཉིད་ཀྱི་སྣང་བ་ལ། ངོ་བོ་ཉིད་ཀྱི་སྐུར་ཤར་ཏེ། ཆོས་སྐུ་ཐིག་ལེ་ཉག་གཅིག་མ་བཅད་པའི་ཡུལ་ཅན། སྙིང་པོ་བཅུད་དུ་འདྲིལ་བ། དཔེ་[14.2]ནམ་མཁའ་དང་ཉི་མ་ལྟ་བུར་གནས་སོ། །ཀྱེ་གསང་བའི་བདག་པོ་ངེས་པར་ཟུང་ཞིག །ངོ་བོ་ཉིད་ཀྱི་སྣང་བ་ནི་ཡུལ་ཆོས་ཀྱི་དབྱིངས། སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་སྟེ། དེ་ལ་ནི་མཐའ་དང་དབུས་མེད་[14.3]པ། སྟེང་འོག་ཕྱོགས་མཚམས་མེད་པ། དུ་མ་དང་རྟེན་པ་མེད་པ། དེ་རྡོས་པ་ཅན་གྱི་ཆོས་མིན་པས་མནན་ན་ནེམ་པ་སྙམ་བྱེད་པ། བཏེགས་ན་འཕར་བ་སྙམ་བྱེད་པ། གར་ཡང་གསལ་བ་ཟང་ཐལ་བ། ཀུན་ཏུ་རྒྱ་མ་[14.4]ཆད་པ། སྤྲོས་བྲལ་གྱི་དབྱིངས། འགྱུར་མེད་ཀྱི་ཀློང་ངོ་། །ངོ་བོ་ཉིད་ཀྱི་སྐུ་ནི་ཕྱོགས་ལྷུང་མེད་པའི་ཤེས་རབ། རྒྱ་མ་ཆད་པའི་ཡེ་ཤེས། ལྷུན་གྱིས་གྲུབ་པའི་སངས་རྒྱས་དངོས་མེད་ཟང་ཐལ་བ། བྱེད་པ་པོའི་[14.5]མཐའ་ཐམས་ཅད་ལས་འདས་པ། མ་བཅོས་པ་སྒྲོ་སྐུར་གྱི་མཐའ་ཐམས་ཅད་ལས་འདས་པ། མ་བསླད་པ་སྐྱོན་གྱི་མཐའ་རྣམ་པར་དག་པ། དང་པོ་རྒྱུ་མེད་པ། བར་དུ་རྐྱེན་མེད་པ། ཐ་མ་གཉེན་པོ་མེད་པས་མི་[14.6]འགྱུར་བ། མ་རིག་པ་དང་ལོག་པར་ལྟ་བ་དང་། མ་དད་པ་དང་ལེ་ལོ་ལ་སོགས་པ་དྲི་མར་མ་གྱུར་པ་རྟག་ཆད་ཀྱི་མཐའ་དང་། ཡོད་མེད་ཀྱི་མཐའ་དང་། བེམ་རིག་དང་གཟུང་འཛིན་གྱི་མཐའ་དང་བྲལ་[15.1]བའོ། །འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་དོན་གྱི་ངོ་བོར་གྱུར་པའོ། ཁྲར་པ་ནི་ཡེ་ཤེས་དབྱིངས་ལས་ཤར། དབྱིངས་རིག་པ་དང་ལྡན། མཐའ་རྣམ་པར་མི་འབྱེད། ཤེས་པས་གུད་དུ་མི་གཅོད་[15.2]དོ། །རིག་པས་དབྱིངས་ལ་ཁྱབ། ཡེ་ཤེས་ཀུན་ཏུ་བརྡལ། ཆོས་ཉིད་རིག་པར་འདུས་སོ། །རིགས་ཀྱི་བུ་དེ་ལྟར་ངོ་བོ་ཉིད་ཀྱི་སྣང་བ་དང་ཆོས་སྐུ་གཉིས་སུ་བརྗོད་ཅིང་མཚོན་ཀྱང་། དོན་གོང་མ་བཞིན་དུ་གཉིས་སུ་[15.3]མེད་པས། མཐའ་བླ་ན་མེད་པའི་སྦུབས་སུ་འདུས་ཤིང་། སྦུབས་བླ་ན་མེད་པས་མཐའ་དབུས་ཡོངས་ལ་ཁྱབ་སྟེ། དོན་གཉིས་མེད་ཆོས་ཀྱི་སྐུ་ཐིག་ལེ་ཉག་གཅིག་གོ །དེ་ཅིའི་ཕྱིར་ཞེ་ན། མ་བཅད་པའི་ཡུལ་ཅན་ཡིན་[15.4]པས་སོ། །དེ་ཡང་མ་བཅད་པའི་རིག་པ་ལ་འཛིན་རྟོགས་མ་སྐྱེས་ཏེ། ཡུལ་དུ་ཡང་མ་བཟུང་། གཟུང་འཛིན་གཉིས་སུ་མེད་ཀྱང་། ཡུལ་རང་སྣང་ཆེན་པོ་དེ་དང་ལྡན་པས། ཡེ་ཤེས་འོད་དུ་གསལ་ནུས་ཏེ། ཡུལ་ཅན་[15.5]ཞེས་ལྡན་ཚིག་གོ །སྙིང་པོ་བཅུད་དུ་དྲིལ་བ་ནི། དབྱིངས་ཀྱི་སྙིང་པོ་རིག་པའོ། །དེའི་སྙིང་པོ་ནི་ཡེ་ཤེས་ཀྱི་རང་གདངས་ལྔའོ། །དེའི་སྙིང་པོ་ནི་ཡེ་ཤེས་ཀྱི་སྐུ་ལྔའོ། །རིགས་ཀྱི་བུ་བཅུད་དང་ཡང་དེ་བཞིན་དུ་སྦྱར་[15.6]རོ། །དྲིལ་བ་ནི་སྒྱུ་མ་ལྟ་བུས་ཡེ་ཤེས་ཀྱི་སྣང་བ་ཡིན་པས་སོ། །དཔེ་ཅི་ལྟ་བུ་ཞེ་ན། ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུའོ། །རིགས་ཀྱི་བུ་ངོ་བོ་ཉིད་ཀྱི་སྣང་བ་ནི། ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའོ། །ངོ་བོ་ཉིད་ཀྱི་[16.1]སྐུ་ནི་ཉི་མའི་སྙིང་པོ་ལྟ་བུའོ། །ཞེས་དོན་གྱི་སྙིང་པོ་དགོས་འབྲེལ་ཆེན་པོ་དང་སྦྱར་ནས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། གཞི་དང་གཞི་སྣང་ཆེན་པོའི་འདུག་ཚུལ་བསྟན་པའི་ལེའུ་སྟེ་བཞི་[16.2]པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་གཞིའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཡང་གསང་བའི་དག་པོས་ཞུས་པ། ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་ཆེན་[16.3]པོ། །གཞི་ཡི་བྱེ་བྲག་གསུང་དུ་གསོལ། །ཞེས་ཞུས་པས་། གཞིའི་ཏིང་ངེ་འཛིན་ལས་བཞེངས་ཏེ་། བཀའ་སྩལ་པ། རིགས་ཀྱི་བུ་གཞིའི་ངོ་བོ་ནི་གཉིས་སུ་མེད་པའོ་། །ངེས་ཚིག་ནི་ཐམས་ཅད་འབྱུང་བས་ན་[16.4]གཞིའོ། །ཡང་ན་འཁོར་འདས་གཉིས་ཀྱི་རྟེན་དུ་གྱུར་པའོ། །མཚན་ཉིད་ནི་ཡེ་ཤེས་ལྔའོ། དབྱེ་བ་ནི་གསུམ་སྟེ། ཡེ་དོན་གྱི་ཀུན་གཞི་ནི་ཡང་དག་པའི་གཞིའོ། །སྣ་ཚོགས་བསགས་པའི་ཀུན་གཞི་ནི་བག་ཆགས་དང་[16.5]འདྲེས་པའི་ཤེས་པ་ཚོགས་བརྒྱད་དོ་། །གནས་ལུགས་དོན་གྱི་ཀུན་གཞི་ནི་འདུག་ཚུལ་བརྒྱད་ཀྱི་དཔེའོ། །གཞན་སེལ་ནི་རིག་པར་འདུག་པས་བེམ་པོ་སེལ། སྟོང་པར་འདུག་པས་དངོས་པོ་སེལ། གཉིས་མེད་ཡིན་[16.6]པས་གཉིས་སྣང་སེལ། རང་བྱུང་ཡིན་པས་རྒྱུ་རྐྱེན་སེལ། ལྷུན་གྲུབ་ཡིན་པས་རེ་དོགས་སེལ། ཡང་དག་ཡིན་པས་དྲི་མ་སེལ། མེད་པས་ཡོད་པའི་རྟག་མཐའ་སེལ། ཡོད་པས་མེད་པའི་ཆད་མཐའ་སེལ། ཀྱེ་རྡོ་[17.1]རྗེ་འཛིན་པ་ལེགས་པར་ཟུང་ཞིག །ཡང་དག་པ་དོན་གྱི་གཞིའི་ཕྱི་མོ་ནི། རང་དང་རིགས་མཐུན་པ་ལས་ཀྱང་འི་ག་པ་སྟེ། རིག་པ་ཙམ་དུ་མཐུན་པ་ཚོགས་བརྒྱད་ལས་གྲོ་ལ་འེl། །དེ་ཡང་ཇི་ལྟར་གྲོ་ལ་ཞེ་[17.2]ན། འཕེལ་འགྲིབ་མེད་པས་ཀུན་གཞིའི་རྣམ་ཤེས་ལས་གྲོལ། ངར་འཛིན་མེད་པས་ཉོན་མོངས་པའི་ཡིད་ལས་གྲོ་ལ། གཟུང་འཛིན་མེད་པས་ཡིད་ཀྱི་རྣམ་ཤེས་ལས་གྲོལ། སྐྱེ་འགག་མེད་པས་སྒོ་ལྔའི་རྣམ་ཤེས་གྲོ་ལ་[17.3]ཞིང་འི་ག་པའོ། །གསང་བའི་བདག་པོ་སྟོང་པར་རིགས་མཐུན་ལས་འོ་ག་སྟེ་། རང་བཞིན་དག་པས་ནམ་མཁའ་ཁ་དོག་དང་བཅས་པ། དབྱིབས་དང་བག་རྡུལ་དང་བཅས་པ་འདི་མ་ཡིན་ནོ། །ཀྱེ་སེམས་དཔའ་ཆེན་[17.4]པོ། །རིགས་མི་མཐུན་པ་ལས་ཀྱང་འི་ག་སྟེ། རིག་པ་དང་རིགས་མི་མཐུན་པས་བེམ་པོ་མིན། སྟོང་པ་དང་ནི་རིགས་མི་མཐུན་པས། ཕྱི་ནང་གཉིས་ཀྱི་འབྱུང་བ་བཞི་ལས་གྲུབ་ཅིང་བསྐྱེད་པའི་དངོས་པོ་མེད་[17.5]དོ། །རིགས་ཀྱི་བུ་དོན་ཆེན་པོ་དེས་ན་། གཉིས་ཀ་ལས་ཀྱང་ལྡོག་པ་ཤེས་པར་བྱའོ། །གཉིས་ཀ་མ་ཡིན་པའི་དངོས་པོར་འཛིན་པ་དང་བྲལ་བའོ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས།[17.6]གཞིའི་བྱེ་བྲག་བཤད་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་མཚོན་པ་དཔེའི་དགོངས་པ་ལ་བཞུགས་སོ། །གསང་བའི་བདག་པོས་ཡང་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། དེ་བཞིན་མཚོན་དཔེ་གསུང་དུ་[18.1]གསོལ། །ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག །ངས་གཞི་དང་གཞི་སྣང་ཆེན་པོ་དཔེ་དང་བརྡས་བཤད་པར་བྱའོ། །མི་གཡོ་བ་རྒྱ་མཚོའི་གཏིང་ལྟ་བུའོ། །སྟོང་པ་ཁྱབ་[18.2]པ་དང་ཡངས་པ་ནམ་མཁའ་ལྟ་བུའོ། །དྲི་མ་མེད་པ་མན་ཤེལ་ལྟ་བུའོ། །དག་ཅིང་གསལ་ལ་མ་རེག་པ་མེ་ལོང་གི་གཟུགས་བརྙན་ལྟ་བུའོ། །སྣ་ཚོགས་སུ་སྣང་ཡང་དྲི་མས་མ་གོས་པ་པདྨ་ལྟ་བུའོ། །འགྱུར་བ་མེད་པ་[18.3]གླང་པོའམ་རྡོ་རྗེ་ལྟ་བུའོ། །ཐམས་ཅད་འབྱུང་བས་ས་གཞི་ལྟ་བུའོ། །དངོས་སུ་མི་སྣང་ལ་བྱིན་རླབས་ལས་འབྱུང་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །རང་གི་ངོ་བོ་གསལ་ལ་མི་འགག་པ་ཉི་མའི་སྙིང་པོ་བཞིན་[18.4]ནོ། །རྒྱུན་ཆད་མེད་པ་ཆུ་བོ་བཞིན་ནོ། །བརྟན་པ་རི་བོ་ལྟ་བུའོ། །གཅིག་དུ་མར་སྣང་བ་ཉི་ཟླ་བཞིན་ནོ། །གཅིག་ཀུན་ལ་ཁྱབ་པ་ཆུའི་ལྗུ་བ་ལ་བྱད་ཀྱི་གཟུགས་བརྙན་བཞིན་ནོ། །ཆོས་ཉིད་ལ་ཆོས་སྐུར་ཤར་བ་ནི་མེ་[18.5]ལོང་ལ་ཉི་མ་ཤར་བ་བཞིན་ནོ། །ཆོས་ཉིད་ལ་ཆོས་སྐུས་ཁྱབ་པ་ནི་འོ་མ་དང་མར་བཞིན་ནོ། །ཆོས་ཉིད་ཀྱི་སྙིང་པོ་རིག་པར་གནས་པ་ནི་ནམ་མཁའ་དང་ཉི་མ་བཞིན་ནོ། །ཆོས་ཉིད་མི་རྟོག་པ་ལ་ཆོས་སྐུའི་རྩལ་[18.6]གཅོད་པ་ནི་སྤུ་གྲིའི་ལྟག་པ་དང་སོ་བཞིན་ནོ། །མ་འདྲེས་པ་ལ་རྫོགས་པ་ནི་ས་འོག་གི་གུར་ཁྱིམ་དང་གཟུགས་བརྙན་བཞིན་ནོ། །སྣ་ཚོགས་སྣང་ལ་གཉིས་སུ་མེད་པ་ནི་ཤིང་གི་གྲིབ་མ་བཞིན་ནོ། །གཞི༷་་་རྩལ[19.1]འདུ་འཕྲོ་ནི་རྒྱ་མཚོ་ལ་ཆུ་བྲན་འདུ་བ་བཞིན་ནོ། །གཞི་ལ་སྐུ་གསུམ་རྫོགས་པ་ནི། ཉི་མའི་སྙིང་པོ་ལ་འོད་ཟེར་མ་འགགས་པ་བཞིན་ནོ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་དཔེ་ནི་རྨ་བྱའི་སྒོ་ངའམ་[19.2]ཉི་མའམ་ནམ་མཁའི་སྤྲིན་དང་ཆར་བཞིན་ནོ། །ཡང་ན་མན་ཤེལ་བཞིན་ནོ། །འཁོར་འདས་གཉིས་སྐྱོན་ཡོན་དུ་ཤར་ཡང་ངོ་བོ་གཅིག་པ་ནི་ག་བུར་བཞིན་ནོ། །གནས་ལུགས་དང་སྣང་ཚུལ་ནི་མར་མེ་དང་མེ་ལོང་[19.3]བཞིན་ནོ། །རིག་པ་དང་ཡེ་ཤེས་ཀྱི་དཔེ་ནི་གསེར་དང་སེར་པོ་བཞིན་ནོ། །སྐུ་གསུམ་ངོ་བོ་རང་ཉིད་ཡིན་ཡང་ངོ་མ་ཤེས་པ་རྒྱལ་བུ་དམངས་སུ་འཁྱམས་པ་བཞིན་ནོ། །རྒྱུ་རྐྱེན་གང་གིས་མ་བྱས་པ་བར་སྣང་འདུས་མ་[19.4]བྱས་པ་ལྟ་བུའོ། །རང་གི་ངོ་བོ་དུས་གསུམ་དུ་འགྱུར་པ་མེད་པས་གསེར་ལྟ་བུའོ། །མིང་གང་དུ་ཡང་མ་ཐོགས་པས་རྒྱུས་མེད་ཀྱི་ཡུལ་དུ་ཕྱིན་པ་ལྟ་བུའོ། །དགོས་འདོད་རང་ལ་ཡོད་ཀྱང་སྤྱད་པར་མ་ཕན་པ་གྱད་ཀྱི་[19.5]ནོར་བུ་ལྟ་བུའོ། །གཞི་སྣང་ཆེན་པོའི་དཔེ་ལ་ཨ་ཞེས་ཟེར་རོ། །དཔེའི་དོན་རྟགས་སུ་འབྱོར་པས། དཔེ་ཨོ་གྱི་སྒྲ་དེ་བཞིན་རྗེས་འཇུག་རྣམས་ཀྱིས་ལེགས་པར་དགོངས། འབོད་སྐད་ཐབས་གསུམ་དོན་གྱི་ཁྲིགས་སྡེབ་[19.6]ལ། གར་བྱུང་དཔེ་དང་དོན་དུ་འབྱོར་པར་ངེས། དཔེ་ཁ་གཅིག་ནི་ཀུན་ཏུ་རྒྱུག་པར་བྱའོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། གཞི་མཚོན་པའི་དཔེ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་[20.1]བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཚིག་དོན་གསལ་བའི་ཏིང་ངེ་འཛི་།་ལ་སྙོམས་པར་ཞུགས་སོ། །དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། དེ་ཡི་བརྗོད་ཚིག་ངོས་བཟུང་[20.2]གསུང་དུ་གསོལ། ཞེས་ཞུས་སོ། །ཡང་སྟོན་པས་གསུངས་པ། ངས་བསྟན་རྒྱུད་ལུང་ཐམས་ཅད་ནས། གཞི་ཡི་ཚིག་ཚོགས་མང་གིས་ཀྱང། །མདོར་བསྡུས་ངས་བཤད་ཁྱོད་ཀྱིས་ཉོན། །འཁོར་འདས་ཀྱི་ཆོས་ཐམས་[20.3]ཅད་ཀྱི་ངོ་བོར་གྱུར་པས་ན། ངོ་བོ་ཉིད་ཀྱི་སྐུའོ། །དེ་རང་སྣང་ཡིན་པས་ན། ངོ་བོ་ཉིད་ཀྱི་སྣང་བའོ། །དེ་ཡང་རང་གདངས་ཆེན་པོ་མི་འགག་པས་སྣང་བ་ཆེན་པོའོ། །འཁོར་འདས་ཀྱི་ཐ་སྙད་ལས་གྲོལ་བས་ཆོས་ཀྱི་[20.4]སྐུའོ། །ཡོན་ཏན་དུས་ཕྱིས་འབྲས་བུ་ཆོས་སྐུར་གསལ་བས། འབྲས་བུའི་མིང་རྒྱུ་ལ་བཏགས་པས་ཆོས་ཀྱི་སྐུའོ། །མ་རིག་པ་དང་བེམ་པོ་ལས་ལོག་སྟེ། ཡང་དག་པའི་ཤེས་པའི་ངོ་བོར་གནས་པ་ནི་རིག་པའོ། །རྒྱུ་[20.5]རྐྱེན་ལས་འདས་པས་རང་བྱུང་ངོ་། །གློ་བུར་དུ་བྱུང་བ་མིན་ཏེ། ཡེ་ནས་གནས་པའི་རིག་པའི་བདག་ཉིད་དུ་གྱུར་པས་ན་ཡེ་ཤེས་སོ། །རང་སྣང་ལས་གཞན་སྣང་མེད་ཅིང་ངོ་བོ་མི་འགྱུར་བས་ན། སྣང་བ་རང་སྣང་[20.6]ཆེན་པོར་གསལ་བའི་ཐིག་ལེ་ཉག་གཅིག་གོ །དེའི་གོང་ན་གཞན་མེད་པས་ཆེན་པོའོ། །དེ་བས་སྔ་བ་གཞན་མེད་པས་སྔོན་བྱུང་ངོ་། །ཐམས་ཅད་དེ་ལས་ཤར་ཅང་སྣང་བས་ཀུན་བྱེད་དོ། །འཁོར་འདས་ཐམས་ཅད་[21.1]དེ་ལས་སྣང་བས་གཞིའོ། །ངོ་བོ་གསལ་ལ་མི་འགག་པས་ཟང་ཐལ་ཏེ། སྒྲིབ་པ་མེད་པས་ཀུན་གཞི་མེ་ལོང་ལྟ་བུའོ། །ཡེ་ཤེས་ཡུལ་ཆོས་ཉིད་སྟོང་པ་དང་། རིག་པ་འདུས་མ་བྱས་སྟོང་པ་དང་། སྟོང་པ་[21.2]དབྱེར་མེད་གསལ་བ་ཟང་ཐལ་གྱི་ངང་ན་སྐུ་གཉིས་ནང་གསལ་དུ་བཞུགས་ཤིང་འདུ་འབྲལ་མེད་དེ། དོན་དབྱེར་མི་ཕྱེད་པ་རྡོ་རྗེ་འཆང་ངོ་། །སྐུ་ལྔ་ངོ་བོ་ཉིད་དང་དྲུག །ཡེ་ཤེས་ལྔ་མི་གནས་པའི་ཡེ་ཤེས་དང་[21.3]དྲུག །ཡུལ་ལྔ་བདག་ཏུ་མེད་པའི་ཀློང་དང་དྲུག །རིགས་ལྔ་ཨའི་རིགས་དང་དྲུག །འོད་ལྔ་རང་བཞིན་གྱི་འོད་དང་དྲུག །འབྱུང་བ་ལྔ་རང་བྱུང་གི་འབྱུང་བ་དང་དྲུག །ཡུལ་ལྔ་དབྱིངས་ཀྱི་ཡུལ་དང་དྲུག །ཉོན་མོངས་[21.4]པ་ལྔ་ཁོང་ཁྲོ་བ་དང་དྲུག །འགྲོ་བ་རིགས་དྲུག་རྣམས་དོན་གཉིས་སུ་མེད་པར་བཞུགས་ཤིང་ཕྱིས་ཡོན་ཏན་དུ་མི་འགག་པས་དྲུག་པ་རྡོ་རྗེ་འཆང་ངོ་། །གཟུགས་སྐུའི་སངས་རྒྱས་གྲངས་ལས་འདས་པས། ཐམས་ཅད་[21.5]དེའི་དོན་རྟོགས་པ་ལས་ཤར་ཅིང་བྱུང་བས་ན། སངས་རྒྱས་ཐམས་ཅད་ཀྱི་མེས་པོའོ། །རང་གི་ངོ་བ་་དྲི་མ་མེད་ཅིང་ཡེ་ཤེས་ཀྱི་རང་གདངས་ཆེན་པོ་མི་འགག་པར་གསལ་བས། དེ་ཀུན་གྱི་གོང་དུ་གྱུར་པ་དང་། རིག་[21.6]པ་རང་ཆས་སུ་མི་འགྱུར་བས་ཐོག་མའི་སངས་རྒྱས་འོད་མི་འགྱུར་བའོ། །ཡོན་ཏན་གྱི་བྱེ་བྲག་ཅིར་ཡང་ ང་བ་ལས། རང་གི་ངོ་བོ་ལ་དབྱེར་མེད་པས་ཐམས་ཅད་གཉིས་མེད་ཆེན་པོར་རོ་གཅིག་པས་ཀུན་ཏུ་བཟང་[22.1]པོའོ། །ཆོས་ཉིད་གསལ་བའི་རང་གདངས་ལ། །ཡེ་ཤེས་དག་པའི་ཟེར་མདངས་ཤར། །འགག་མེད་འོད་ཀྱི་གཞལ་ཡས་ཁང་། །སྙིང་པོ་སྐུ་ལྔ་ནང་ན་གསལ་བས་ན། །གཤོན་ནུའི་སྐུའོ། །བགྲེས་པ་མི་མངའ་བས་[22.2]གཞོན་པའོ། །རིག་པ་དང་ཡེ་ཤེས་འདུ་འབྲལ་མེད་པས། །ཐབས་འགག་པ་མེད་པའི་ཡེ་ཤེས་དང་། ཤེས་རབ་འགྱུར་བ་མེད་པས་ཡེ་ཤེས་སོ། །ཆོས་ཉིད་ཀྱི་ཀློང་དུ་རིག་པ་གྲུབ་ཅིང་རིག་པའི་ཀློང་དུ་ཡེ་ཤེས་ཀྱི་རང་[22.3]གདངས་ལྔ་གྲུབ་སྟེ། འོད་ཀྱི་སྐྲུབས་ན་སྐུ་ལྔ་གྲུབ་པས་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་སོ། །ངོ་བོ་ཉིད་ཀྱི་སྐུ་དབྱེར་མི་ཕྱེད་པའི་ངང་ནས། རང་བཞིན་འོད་ཀྱི་བུམ་པ་ལྔ་གསལ་སྟེ། ཐུགས་རྗེའི་སྙིང་པོ་སྐུ་[22.4]ལྔ་ཕྱག་རྒྱ་མ་སྲེས་པའི་ཚུལ་དུ་གནས་པས་ན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མོ། །ཞེས་རྡོ་རྗེ་འཛིན་པས་ལེགས་པར་ཟུང་ཞིག །གཞན་ཐམས་ཅད་ཐ་སྙད་ཡིན་ལ། ཡང་དག་པའི་དོན་དེ་ལྟར་གསལ་བས་ན[22.5]དང་པོའི་གནས་ལུགས་སོ། །རང་བྱུང་གི་ཡེ་ཤེས་ཡིན་པས་ན། དང་པོའི་སངས་རྒྱས་རྒྱུ་མེད་པ། སངས་རྒྱས་ཐོག་མཐའ་མེད་པའོ། །གཟིགས་སྣང་ལས་འདས་པའི་གསལ་བ་མི་འགག་པས་ཡེ་ཤེས་ཀྱི་མིག་[22.6]གོ །གཉིས་སུ་ ང་བས་རྟག་ཆད་དང་ཡོད་མེད་ཆེ་ཆུང་མཐོ་དམན་དང་། ཡངས་དོག་གཟུང་འཛིན་དགག་བསྒྲུབ་དང་། དག་དང་མ་དག་ཕྱི་ནང་ཡང་དོག་དང་། བླང་དོར་ཡིན་མིན་གཉིས་ཀྱི་ཆོས། དེ་བཞིན་དུ་[23.1]གཉིས་སྣང་མེད་པས་གཉིས་མེད་དོ། །མི་མཐུན་པའི་སྣང་བ་མེད་པས་གཅིག་གོ །སྒྲིབ་པ་མེད་པས་ཟང་ཐལ་ལོ། །འཁོར་འདས་ཐམས་ཅད་དེ་ལས་འབྱུང་ཞིང་ཐུག་པས་ན་རྩ་བའོ། །བརྗོད་མེད་[23.2]བསམ་གྱིས་མི་ཁྱབ་ཀྱང་། དོན་ཡང་དག་པ་དེ་ལས་མི་འདའ་བས་ན་བརྗོདཔ་ཞེས་བྱའོ། །མ་བཅོས་པར་ངང་གིས་གནས་པས་གཤིས་སོ། །ཐམས་ཅད་དེ་ལས་བྱུང་བས་རྒྱུའོ། །གཞི་ཆེན་པོ་དེ་ལས་ཐམས་ཅད་[23.3]བསྐྱེད་ཅིང་འབྲེལ་པས་ས་བོན་ནོ། །ཀ་དག་པའི་ཡེ་ཤེས་ཡིན་ཏེ། དྲི་མ་མི་གནས་པས་རྣམ་པར་དག་པའོ། །འཁོར་འདས་ཐམས་ཅད་དེ་ལས་འབྱུང་བས་ན་རིན་པོ་ཆེའོ། །རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། སྣ་[23.4]ཚོགས་སུ་སྣང་ཞིང་ཤར་ཡང་ངོ་བོ་མི་རྟོག་པས་འབྱེད་པ་མེད་པའི་ཤེས་རབ་བོ། །རང་གི་ངོ་བོ་རིག་པ་དངོས་མེད་ཡེ་ཤེས་ཡེ་དག་ཟང་ཐལ་དུ་གནས་ལ། དེ་རྡོས་པ་ཅན་གྱི་ཆོས་མིན་པས། ཡོན་ཏན་གྱི་སྒོ་ཡངས་པ་[23.5]ནི་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཏེ། ངོ་བོ་རྒྱ་མ་ཆད་པའོ། །ཀྱེ་རྡོ་རྗེ་འཛིན་པ་ངས་བསྟན་རྒྱུད་ལུང་དུ། ཚིག་དེ་རྣམས་གང་བྱུང་ཡང། གཞི་མཚོན་པའི་ཚིག་ཏུ་ཤེས་པར་གྱིས་ཤིག །ངོ་བོ་ཉིད་ཀྱི་སྐུ་ཞེས་པ་ནས་རྒྱ་[23.6]མ་ཆད་དོ། །ཞེས་པ་ཡན་ཆད་དུ་བསྟན་པའི་ཚིག་འདི་རྣམས་ངས་འདིར་བསྟན་ཅིང་བཤད་པ་བཞིན་དུ། རྒྱུད་ལུང་ཐམས་ཅད་དུ་ཤེས་པར་གྱིས་ཤིག །གཞན་ཡང་འབོད་སྐད་ཐབས་གསུམ་དང་སྦྱར་ལ་གཞི་མཚོན་[24.1]པའི་ཚིག་ཏུ་འགྲོ་བ་ལ་འབྱུང་བ་ན་དེ་དང་མཐུན་པར་འབྲུ་མནན་ནོ། །ཞེས་གསུངས་ནས། ཆོས་ཉིད་མཚོན་པའི་ཚིག་བཀའ་སྩལ་པ། ཀྱེ་གསང་བདག་སྣང་བ་ཆེན་པོ་ཟེར་ན། སྣང་བ་ནི་ཡུལ་འགག་པ་མེད་པར་[24.2]གྱིས་ཤིག །ཆེན་པོ་ནི་སྣང་བ་དེ་མ་བྱས་པ་དང། དེའི་གོང་ན་གཞན་མེད་པ་དང་སྣང་བ་གཞན་ལས་འཕགས་པར་ཤེས་པར་བྱའོ། །རང་སྣང་ཟེར་ན་གཞན་མི་སྣང་སྟེ་གཟུང་འཛིན་དང་བྲལ་བའོ། །སྣང་བ་རྣམ་པར་[24.3]དག་པ་ཟེར་ན། སྣང་བ་ལ་དུ་མ་མེད་པར་ཤེས་པར་བྱའོ། །ཆོས་ཉིད་ཟེར་ན་ཡུལ་འགྱུར་བ་མེད་པའོ། །དབྱིངས་ཟེར་ན་ཡུལ་སྤྲོས་པ་དང་བྲལ་བའོ། །ཀློང་ཟེར་ན་ཡངས་པ་ཆེན་པོ་ཆ་ཤས་དང་བྲལ་བའོ། །སྟོང་པ་[24.4]འགྱུར་བ་མེད་པར་ཤེས་པར་བྱའོ། །ཡུལ་ཟེར་ན་བཞུགས་པའི་གནས་དང་དེའི་སྣང་བ་ལ་ཤེས་པར་བྱའོ། །སྟོང་པ་ཟེར་ན་མཚན་མ་ལས་འདས་ཏེ་དངོས་པོ་མེད་པའོ། །ཡངས་པ་ཟེར་ན་གང་ལ་ཡང་དོག་པ་མི་[24.5]མངའ་སྟེ། དེ་ཉིད་ཀྱི་ཁྱད་པར་དང་དེ་ལས་སྣང་བ་དུ་མ་མི་འགག་པར་འཆར་བའི་རྟེན་དུ་ཤེས་པར་བྱའོ། །དབྱིངས་རྣམ་པར་དག་པ་ནི། སྙིགས་མའི་འབྱུང་བ་མ་གྲུབ་པས་བག་རྡུལ་མེད་ཅིང་ཡེ་ཤེས་ཀྱི་གདངས་[24.6]འཆར་ནུས་པ་ལ་བྱའོ། །པདྨ་བདེ་གསལ་ཟེར་ན། དྲི་མ་མེད་པའི་སྣང་བ་ལ་གནོད་པ་མི་སྐྱེལ་སྟེ། རང་གསལ་འཛིན་མེད་དུ་ཤེས་པར་བྱའོ། །སྤྲོས་བྲལ་གྱི་དབྱིངས་ཟེར་ན་འབྱུང་བ་བཞིའི་མཚན་མ་དང་བྲལ་[25.1]བའོ། །འགྱུར་མེད་ཀྱི་ཀློང་ཟེར་ན་ཆོས་ཉིད་ལ་ཁ་གཏིང་མེད་པའོ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། གཞི་དངོས་པོའི་གནས་ལུགས་དང་སྣང་ཚུལ་མཚོན་པའི་ཚིག་ངོས་[25.2]བཟུང་བའི་ལེའུ་སྟེ་བདུན་པའོ།། །།གསང་བའི་བདག་པོས་ཡང་ཞུས་པ། །ཀྱེ་ཀྱེ་རྡོ་རྗེ་འཆང་ཆེན་པོ། །གཞི་ཉིད་རྒྱས་པར་བཤད་པ་དེ་ལགས་ན། གཞི་ཉིད་བསྡུས་ནས་བཤད་པ་དང་། དེ་དོན་ངོས་བཟུང་[25.3]བསྟན་པ་དང་། དེ་ལ་འཁྲུལ་རྟོག་འཆར་ལུགས་དང་། ཡར་ལ་ཇི་ལྟར་གྲོལ་ལུགས་དང་། གྲོལ་ནས་ཐིམ་དུས་བཤད་པར་ཞུ། །དེ་སྐད་ཅེས་ནི་ཞུས་པ་དང་། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །དང་པོ་གཞི་ཡིབསྡུས་[25.4]དོན་ནི། །གཞི་ཉིད་མ་བཅོས་མ་བསླད་པ། །རིག་པ་གསལ་བས་ནམ་མཁའ་ལྟ་བུར་མེད། །དངོས་པོར་མ་གྲུབ་བེམ་པོ་མེད། །རིག་པ་གསལ་སྟོང་གཉིས་མེད་ཟང་ཐལ་ཡིན། །རིག་པ་རླུང་བཞིན་འགྱུ་ཞིང་སྤྱོད་པར་[25.5]ནུས། །རྟག་ཆད་ལ་སོགས་མཐའ་བརྒྱད་དག་དང་བྲལ། རྟོགས་དང་མ་རྟོགས་ཤན་མ་ཕྱེད། རིག་དང་མ་རིག་ཡེངས་དང་མ་ཡེངས་དང་། ཡིན་མིན་གང་གི་འཛིན་པ་མ་ཞུགས་སྟེ། །གོང་གི་མིང་དང་བརྡའ་རུ་[25.6]བཏགས་པ་མེད། །ཤེས་རིག་ཙམ་དུ་ཡོད་ཀྱང་དེར་མ་ཤེས། །ཐམས་ཅད་ལྷུན་གྱིས་གྲུབ་ཀྱང་འབྱུང་མ་ནུས། །གཞི་ཡི་ངོ་བོ་རང་བྱུང་སྟོང་གསལ་དག་ཏུ་ངེས་པ་ལ། །ངེས་པའི་ཤེས་པ་ཤར་དང་མ་ཤར་གཉིས་མ་[26.1]ཕྱེ། །རྩལ་ནི་མ་ངེས་གང་འགྱུ་ངེས་པ་མེད། །དཔེར་ན་ནོར་བུ་རིན་ཆེན་ཡོན་ཏན་ལྷུན་གྲུབ་སྟེ། །བསོད་ནམས་ཆེ་ཆུང་གཉིས་ཀྱི་རྐྱེན་གྱིས་ནི། །དགོས་པ་བཟང་སྣང་ངན་སྣང་ངེས་པ་མེད། །དེ་ལྟ་བུ་ཡི་གཞི་དེ་[26.2]ནི། །ཐ་མལ་རང་རྒྱུད་ད་ལྟའི་ཤེས་པ་ལ། །ངོ་ཡིས་ཙིར་གྱིས་བཟུང་པར་ང་ཡིས་བསྟན། །དེ་ལྟར་གཞི་ཉིད་ངེས་པར་ཤེས་གྱུར་ན། །ལྟ་སྒོམ་སྤྱོད་འབྲས་ངེས་པ་དུས་གཅིག་འཆར། །ཀུན་ལ་སྤེལ་བའི་སྣོད་མི་[26.3]ལྡན། །ཐེག་པ་གཞན་དུ་དེ་ལྟར་བསྟན་པ་མེད། །གཞི་ཡི་ངོ་བོ་མ་བཅོས་མ་བསླད་ཅིང་། །སོ་མ་རང་བྱུང་དངོས་པོའི་གནས་ལུགས་ལས། །རང་རྩལ་མི་འགགས་དང་པོ་གཞི་རུ་འཆར། །དང་པོ་གཞི་ལས་རྩལ་དེ་[26.4]གཡོ་ཙམ་འབྱུང་། །གཡོ་མི་གཡོ་ལས་ཡིད་ཙམ་གཡོས། །དེ་ལས་ཤེས་པ་རྩལ་འགྱུས་པ། །རང་གཟུགས་འོད་དུ་སྣང་བ་མཐོང། །ཚོར་བས་ཡར་ཆད་མར་ཆད་བྱུང་། །ཡར་ཆད་རང་སྣང་འཛིན་མེད་ཀྱིས། །རྡོ་རྗེ་[26.5]འཆང་ཆེན་ཡར་ལ་གྲོལ། །མར་ཆད་འཛིན་པ་བརྟས་པ་ཡིས། །འགྲོ་དྲུག་སེམས་ཅན་མར་ལ་༣བྲུལ། །འལྔུལ་པ་རྟོག་པའི་བྱེ་བྲག་རྣམས། །རྒྱས་པར་འོག་ནས་གསལ་བར་བསྟན། །སྣང་བ་རང་སྣང་འཛིན་མེད་མ་[26.6]ཤེས་པས། །ལྷན་ཅིག་སྐྱེས་པའི་མ་རིག་པ་རུ་བྱུང་། །དེ་ལ་བརྟགས་པས་ཀུན་བརྟགས་མ་རིག་ཡིན། །དེ་ལྟར་རྒྱུ་གཉིས་རྐྱེན་ནི་བཞི་རུརྒྱུ་་ང་། །ཕྱི་ནང་སྣོད་བཅུད་དག་ཏུ་ནི། །ཡེ་ཤེས་དང་ནི་སེམས་ཅན་གཉིས་སུ་[27.1]ཆགས། །ཆོས་ཀྱི་དབྱིངས་ལ་ཡེ་ཤེས་ལྔ་ལས་ནི། །མ་རིག་ཡེ་ཤེས་དུག་ལྔར་འཁྲུལ། །ཆོས་ཀྱི་སྐུ་ཡི་རྩལ་ལས་ལོངས་སྐུ་དེ་ལས་ལུས་སུ་འཁྲུལ། །དེ་གཉིས་ཚོགས་པའི་རྩལ་ལས་ནི། །སྤྲུལ་སྐུ་དེ་[27.2]ལས་ངག་ཏུ་འཁྲུལ། །ཕྱི་ཡི་ཆོས་དབྱིངས་མ་ཤེས་པས། །འགྲོ་བ་རིགས་དྲུག་སྣང་བར་ཤར། །དེ་ལྟར་འཁྲུལ་པས་ཁམས་གསུམ་སེམས་ཅན་ལ། །སྐུ་གསུམ་ཡེ་ཤེས་རྣམ་ལྔ་ལྷུན་གྱི་གྲུབ། །བག་ཆགས་སྦུབས་ན་སྐུ་[27.3]གསུམ་གནས་པ་ལ། །བླ་མའི་གདམས་ངག་རྐྱེན་གྱིས་རྟོགས་པར་བྱ། །རྟོགས་པ་གོམས་ནས་དག་པའི་སྣང་བ་འཆར། །ཟག་བཅས་ལུས་དང་བྲལ་ན་རིན་ཆེན་སྦུབས་འཆར་ཏེ། །ལོངས་སྐུའི་འགྲོ་དོན་བྱས་ནས་[27.4]ཆོས་སྐུར་གསལ། །དེ་ལས་སྐུ་གསུམ་ལྷུན་གྱིས་འགྲུབ། །རྒྱས་པར་འོག་ནས་འབྱུང་བས་ཤེས་པར་གྱིས། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། གཞི་བསྡུས་སྟེ་བསྟན་པ་དང་དངོས་བཟུང་[27.5]བའི་ལེའུ་སྟེ་བརྒྱད་པའོ།། །ཁེལ་གྱི་ཟ་མ་ཏོག་གིས་མ་ཐུབ་པར་གཡུའི་མཎྜལ་ལས་མཆོད་རྟེན་གྱི་གདངས་ཕྱི་རུ་ཕྱུང་བ་སྟེ། གཞིའི་མན་ངག་ལྷ་ཚོགས་ལྔ་ཤར་བའི་མན་ངག །ཨ་སྟི་ཏ་ད་ཀ་ན་པ྅་པྲ་པ་རྭ་[27.6]པྲ་ར་ཀ་ལ་ ་ཨ་ཧ་ར། དེའི་ཚེ་་ན་པ་རྡོ་རྗེ་འཆང་ཆེན་པོ། །ཡེ་ཤེས་གསལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཡང་དེའི་ཚེ་གསང་བའི་བདག་པོས་ཞུས་པ། །གོང་གསུངས་གཞི་ ང་ཆེན་པོ་དེ། །གློ་བུར་[28.1]མ་ཡིན་ཡེ་ཤེས་དེ། །ད་ལྟ་མ་འོངས་རྗེས་འཇུག་ལ། །ཡེ་ཤེས་དོན་རྣམས་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པ་ཡེ་ཤེས་གསལ་བའི་དགོངས་པ་ལས་བཞེངས་ནས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག །ངས་[28.2]ཡེ་ཤེས་ཀྱི་དོན་མདོར་བསྡུས་ལ་བསྟན་ནོ། །ཡེ་ཤེས་ཀྱི་ངོ་བོ་དང་། །ཡེ་ཤེས་ཀྱི་ངེས་ཚིག་དང་། དབྱེ་བ་རྣམ་གྲངས་དང་བཅས་པ་དང་། མཚོན་དཔེ་དང་སྦྱར་ལ་བཤད་དེ། ཡེ་ཤེས་ཀྱི་ངོ་བོ་ནི་གསལ་ལ་མི་རྟོག་[28.3]པའོ། །དེ་ཡང་རང་བཞིན་རྣམ་པར་དག་པ་གཞི་གནས་ཀྱི་ཡེ་ཤེས་དངོས་མེད་ཟང་ཐལ་ལོ། །སྐུ་དང་སྦྱར་ན་ཆོས་སྐུའོ། །རིག་པ་དང་སྦྱར་ན་ངོ་བོའོ། །རིགས་ཀྱི་བུ་འདུག་ཚུལ་འོད་དུ་གནས་པས། སྐུ་དང་སྦྱར་ན་[28.4]གཟུགས་ཀྱི་སྐུའོ། །ཡེ་ཤེས་དང་སྦྱར་ན་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔའོ། །སྣང་ཚུལ་ཕྱི་ནང་མེད་པར་སྣང་བས་སྒྲིབ་མེད་དུ་གསལ་བའི་ཡེ་ཤེས་སོ། །དེ་ཡང་རང་བཞིན་རྣམ་པར་དག་པས་རྟག་པའི་མཐའ་ལས་[28.5]འདས། འདུག་ཚུལ་འོད་དུ་འདུག་པས་ཆད་པའི་མཐའ་ལས་འདས། སྣང་ཚུལ་ཕྱི་ནང་མེད་པས་གཟུང་འཛིན་གྱི་མཐའ་རྣམ་པར་དག་པ་ནི་ཡེ་ཤེས་ཀྱི་ངོ་བོའོ། །ངེས་ཚིག་ནི་ཡེ་ནས་ཡིན་པའི་དོན་དེ་མ་ནོར་བར་[28.6]ཤེས་པས་ཡེ་ཤེས་སོ། །དབྱེ་བ་རྣམ་གྲངས་དང་བཅས་པ་ནི་རིག་པ་དངོས་མེད་ཡེ་དག་ཟང་ཐལ་ཆེན་པོ་དེ་ལས། འཁོར་འདས་ཐམས་ཅད་སྣང་བས་ན་གཞི་གནས་ཀྱི་ཡེ་ཤེས་སོ། །དེ་སྟོང་པར་གནས་པས་ན་ཆོས་[29.1]ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །སྟོང་པ་དེ་རིག་པ་འགག་་་པ་མེད་པར་འདུག་པས་མེ་ལོང་ཡེ་ཤེས་སོ། །སྟོང་པ་དེ་ཉིད་རིག་པ་ཡིན་ལ་རིག་པ་དེ་ཉིད་སྟོང་པ་ཡིན་ཏེ། སྟོང་རིག་དབྱེར་མི་ཕྱེད་པས་མཉམ་[29.2]པ་ཉིད་ཀྱི་ཡེ་ཤེས་སོ། །སྟོང་པ་དང་རིག་པ་གཉིས་སུ་མེད་པ་སོ་སོར་མཁྱེན་པས་སོ་སོར་རྟོགས་པའི་ཡེ་ཤེས་སོ། །རིག་པ་དངོས་མེད་ཀྱི་ཡེ་ཤེས་རྡོས་པ་ཅན་གྱི་ཆོས་མ་་་་ཡིན་པ་ཡོན་ཏན་གྱི་སྒོ་ཡངས་པ་སྟེ། རྩལ་[29.3]ཕྱོགས་མེད་དུ་གང་ལའང་མ་ཐོགས་པར་འབྱུང་བས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ལྟར་ཚིག་ཕྱོགས་རེ་ནས་བརྟགས་ཀྱང་། དོན་ཕྱོགས་ཆ་དང་བཅས་པ་མི་སྣང་བས་མི་གནས་པའི་ཡེ་ཤེས་སོ། །ཀྱེ་ཧོ་རིགས་ཀྱི་བུ་[29.4]དེ་ལྟར་ཤེས་པ་ནི། རང་གིས་རང་རིག་པས་རིག་པའི་ཡེ་ཤེས་སོ། །དེ་ལ་བྱེད་པ་པོ་མེད་པས་རང་བྱུང་གི་ཡེ་ཤེས་སོ། །དེའི་དོན་ལས་མི་འདའ་བས་ན། འདའ་ཀ་ཐུགས་ཀྱི་ཡེ་ཤེས་སོ། །དཔེ་བསྟན་ན་གཞི་གནས་[29.5]ཀྱི་ཡེ་ཤེས་ཀྱི་དཔེ་ནི། ཐམས་ཅད་འབྱུང་བས་ས་གཞི་རིན་པོ་ཆེ་ལྟ་བུའོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་ནམ་མཁའ་ལྟ་བུའོ། །མེ་ལོང་ཡེ་ཤེས་ཀྱི་དཔེ་ཆུ་དངས་པའམ་མེ་ལོང་གཡའ་དག་པ་ལྟ་བུའོ། །མཉམ་པ་[29.6]ཉིད་ཀྱི་ཡེ་ཤེས་ཀྱིས་ནི་དུས་གསུམ་མཉམ་པ་ཉིདཀྱི་དཔེ་ཆུ་བོ་ལྟ་བུའོ། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དཔེ་ནི། གསེར་དང་སེར་པོ་ལྟ་བུའོ། །སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་དཔེ་ནི། རྒྱ་མཚོར་གཟའ་སྐར་ཤར་[30.1]བ་ལྟ་བུའོ། །བྱ་བ་གྲུབ་པའི་ཡིཤེས་ཀྱི་དཔེ་ནི། རླུང་དང་ཉི་མ་བཞིན་ནོ། །མི་གནས་པའི་ཡི་ཤེས་ཀྱི་དཔེ་ནི་ཆུ་ཟླ་བཞིན་ནོ། །རང་རིག་པའི་ཡི་ཤེས་ཀྱི་དཔེ་ནི་མན་ཤེལ་དང་འོད་བཞིན་ནོ། །རང་བྱུང་ཡི་ཤེས་ཀྱི་[30.2]དཔེ་ནི་རྡོ་རྗེ་ལྷ་བུའོ། །འདའ་ཀ་ཐུགས་ཀྱི་ཡི་ཤེས་ཀྱི་དཔེ་ནི། རྒྱལ་པོའི་བཀའ་ཁྲིམས་ལ་གནས་པའི་ཕྱག་རྒྱ་མོ་ལ་མི་ཡིས་གླགས་མི་འཚོལ་བ་བཞིན་ནོ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་[30.3]ལས། ཡེ་ཤེས་ཡོངས་སུ་ངོས་བཟུང་པ་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་སྟོན་པས་བཀའ་སྩལ་པ། ངས་བསྟན་པ་ཡི་རྒྱུད་ལུང་དག་ནས། །ཐམས་ཅད་འབྱུང་བར་སྨྲ་ན། གཞི་གནས་ཀྱི་ཡེ་ཤེས་[30.4]ཡིན། དངོས་མེད་སྟོང་པར་བརྗོད་ན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། འགག་པ་མེད་པར་བརྗོད་ན། མེ་ལོང་ལྟ་བུའི་ཡེ་ཤེས་ཡིན། གཉིས་སུ་མེད་པར་བརྗོད་ན། མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། མ་འདྲེས་ཡོངས་[30.5]སུ་རྫོགས་པར་བརྗོད་ན། །སོ་སོར་རྟོགས་པའི་ཡེ་ཤེས་ཡིན། གང་ལ་ཐོགས་པ་མེད་པར་བརྗོད་ན། བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །མཐའ་དང་བྲལ་བར་བརྗོད་པ་ན། །མི་གནས་པ་ཡི་ཡེ་ཤེས་ཡིན། །རིག་པ་འོད་[30.6]གསལ་བརྗོད་པ་དང་། །རང་རིག་ཞེས་སུ་བརྗོད་པ་ན། །རིག་པའི་ཡེ་ཤེས་ཆེན་པོ་ཡིན། །འགྱུར་བ་མེད་དང་འདུས་མ་བྱས། །རྡོ་རྗེ་ལྟ་བུའི་ཚིག་བརྗོད་ན། །རང་བྱུང་ཡེ་ཤེས་ཆེན་པོར་བཤད། །འདའ་རུ་མེད་པ་དང་[31.1]འདའ་མི་སྲིད་པ་དང་མི་འདའ་བ་ནི་འདའ་ཀ་ཐུགས་སུ་འབྲུ་རྣམས་མནན། ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་ལས། ཡེ་ཤེས་མཚོན་པའི་ཚིག་བསྟན་པའི་ལེའུ་སྟེ་བཅུ་[31.2]པའོ།། །།ཉི་མའི་སྙིང་པོ་ལ་འོད་ཟེར་མི་འགག་པའི་མན་ངག །ཙྭ་ན་ཨུ་ཤ་ཏ་རཏྣ། ཀྭ་ལ་པྲ་ས་ཧ་དུ། བཅོམ་ལྡན་འདས་ཐུགས་རྗེ་རྩལ་གྱི་དགོངས་པ་ལ་ཞུགས་སོ། །ཡང་གསང་པའི་བདག་པོས་དགོངས་པ་[31.3]མཁྱེན་ནས་ཞུས་པ། ཆོས་སྐུ་གཅིག་ལ་ཐ་དད་སྣང་། རིག་པའི་རྩལ་དེ་ཤར་ལུགས་གསུང་དུ་གསོལ། ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རིག་པ་དངོས་མེད་ཟང་ཐལ་ལ། །སྟོང་པ་མི་འགག་དབྱེར་མི་[31.4]ཕྱེད། །དེར་ཤེས་་་ཐོགས་པ་མེད་པ་ནི། ཡེ་ཤེས་ལྔ་རུ་རང་ཤར་བའོ། །ཆོས་དབྱིངས་འོད་ཀྱི་ཡེ་་ཤེས་རང་གདངས་ལས། །སྟོང་པའི་ངང་ནས་མཐིང་ག་གསལ། །མེ་ལོང་ཡེ་ཤེས་རང་གདངས་ནི། །འགག་མེད་ངང་[31.5]ནས་དཀར་པོར་གསལ། །མཉམ་ཉིད་ཡེ་ཤེས་རང་གདངས་ནི། །དབྱེར་མེད་ངང་ནས་སེར་པོར་གསལ། །ཀུན་རྟོགས་ཡེ་ཤེས་རང་གདངས་ནི། །དེ་ཤེས་དང་ནས་དམར་པོར་གསལ། །བྱ་གྲུབ་ཡེ་ཤེས་རང་གདངས་[31.6]ནི། །ཐོགས་མེད་ཀློང་ནས་ལྗང་གུར་གསལ། །དེ་ལྔ་ཆོས་ཉིད་ཀློང་དུ་ཤར། །ཡེ་ཤེས་འོད་དུ་ཤར་ཅེས་བྱ། །རྟོགས་པས་སྐུ་དང་ཡེ་ཤེས་སྣང། །མ་རྟོགས་སྣོད་བཅུད་གཉིས་སུ་ཤར། །དཔེར་ན་མེ་ལོང་དག་པ་[32.1]ལ། །གང་འཕྲད་རྐྱེན་གྱིས་སྣང་མོད་ཀྱང་། །སྣང་བའི་དུས་ནས་གོས་པ་མེད། །གོས་པ་མེད་ཀྱང་དེ་ལྟར་སྣང་། །དེ་བཞིན་རིག་པ་ཆོས་སྐུ་ལ། །ཡོན་ཏན་མ་འགག་སྣ་ཚོགས་ཤར། ཁྲར་ཀྱང་རང་རིག་གཅིག་པུར་[32.2]གསལ། །གཅིག་པུར་གནས་ལ་དུ་མ་མེད། །དུས་དང་གནས་སྐབས་་་་ཐམས་ཅད་དུ། །དངོས་མེད་དག་པ་ཆེན་པོར་གནས། །སྒྲིབ་མེད་གསལ་བ་ཟང་ཐལ་གནས། །གཟུགས་སྐུ་གཉིས་ཀྱི་སྣང་བ་ཡང་ རང་ལ་མི་[32.3]སྣང་རྣམ་པར་དག། །ཅེས་གསུངས་སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་ལས། རིག་པའི་རྩལ་འབྱུང་བ་དང་། རྩལ་རྣམ་པར་དག་པ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་གསང་བའི་[32.4]བདག་པོ་ཞུས་པ། དེས་མཚོན་ཚིག་རྣམས་གསུང་དུ་གསོལ། ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །རྩལ་ཞེས་བྱུང་ན་འདི་སྐད་བཤད། །རིག་པའི་རྩལ་ནི་ཡེ་ཤེས་ལྔ། །དེ་[32.5]ཡི་རྩལ་ནི་འོད་ཟེར་ལྔ། །འོད་ལྔའི་རྩལ་ནི་འབྱུང་བ་ལྔ། །ནམ་མཁའི་རྩལ་ནི་སྤྲིན་དང་ཁུ་རླང་གིས་གོ་འབྱེད། །རླུང་གི་རྩལ་འུར་སྒྲ་དག་བསྐྱོད་པའོ། །ཆུ་ལས་ཤྭ་སྒྲ་དང་རླན་ཅིང་སྡུད་པའོ། །ས་ལས་གཟུགས་དང་[32.6]སྣང་རྟེན་བྱེད་པའོ། །མེ་ལས་ཚ་བ་དང་བསྲེག་པ་སྨིན་པའོ། །འོད་དཀར་པོ་ལས་ཤ་དང་རུས་པ། འོད་སེར་པོ་ལས་མཁྲིས་པ་དང་ཆུ་སེར། འོད་དམར་པོ་ལས་ཁྲག་དང་དྲོད། འོད་ལྗང་གུ་ལས་དབུགས། འོད་ཐིང་[33.1]ག་ལས་ལུས་ཀྱི་སྐབས་འབྱེད་པའོ། །འབྱུང་བ་ལྔའི་རྩལ་ནི་སོ་སོར་ཤར། །ཕྱི་ནང་གཉིས་སུ་བསྟན་པ་ཡིན། །ཐིག་ལེ་ཕྱི་ནང་རྩལ་ཞེས་བྱ། །དེ་ལྟར་སྣང་ནུས་སྟོབས་སུ་བཤད། དེ་ལྟར་འབྱུང་བས་[33.2]རང་བྱུང་ངོ་། །གཞན་ལས་མ་བྱུང་རང་ལས་རང་བྱུང་བས། །ཡོན་ཏན་འབྱུང་བས་རང་བྱུང་ཡིན། །དེ་ལྷར་ཤར་བས་རང་ཤར་ཡིན། །ཡོན་ཏན་ཞེས་བྱ་དེ་ལ་བྱ། །ཐམས་ཅད་འབྱུང་དང་ཀུན་འབྱུང་དང་། །མང་པོ་[33.3]རགས་པ་འབྱུང་བ་རྣམས། །རིག་པར་ཤར་བས་རང་ཤར་ཡིན། །སྐུ་ལྔ་རང་སྣང་ཡུལ་ལྔར་སྣང་། །དེ་བཞིན་སེམས་དཔའ་སེམས་མར་སྣང་། །དེ་བཞིན་ཐུགས་རྗེའི་མཛད་སྤྱོད་སྣང་། །དེ་མཚུངས་སྣང་བ་སྣ་ཚོགས་[33.4]སྣང་། །སྒྱུ་མ་ལྟ་བུར་གསུངས་པ་དང་། །སྣང་ལ་རང་བཞིན་མེད་པ་དང་། །གསལ་ལ་རྟོག་པ་མེད་པའོ། །ཞེས་བྱུང་ན། རྩལ་ལ་རང་བཞིན་མེད་པར་བཤད། ཐམས་ཅད་རང་སྣང་རང་ཤར་ཡིན། །ཞེས་གསུངས་[33.5]སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་ལས། རིག་པའི་རྩལ་འབྱུང་བ་དང་། དེ་མཚོན་པའི་ཚིག་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། །སྟོན་པ་ཐུགས་[33.6]རྗེ་ཆེ་མངའ་བ། །རྩལ་གྱི་ངོ་བོ་ཇི་ལྟར་ལགས། །དེའི་ངེས་ཚིག་དབྱེ་བ་ཇི་ལྟར་ལགས། །དེ་ཡི་མཚོན་དཔེ་ཇི་ལྟར་ལགས། །ཞེས་ཞུས་སོ། །པོན་པས་བཀའ་སྩལ་པ། ངོ་བོ་ནི་མ་འགགས་པའོ། རྩལ་གྱི་ངེས་ཚིག་ནི།[34.1]འབྱུང་བའ་སྟབས་དང་ལྡན་པས་ན་རྩལ་ལ། །དབྱེ་བ་ན་རག་པ་འཁར་འདས་གཉས་སུ་སྣང་བའ། །དཔེར་ན་ཉ་མ་ག་ག་དུ་མར་སྣང་བའམ། ཉ་མ་ལ་འད་དང་འད་ཟེར་མ་འགག་པའམ། བཙན་དུག་གམ། ག་[34.2]པུར་རམ་གློག་འགྱུས་པ་ལྷ་བུའོ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་ལས། རྩལ་བསྡུས་ནས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།གསེར་གྱི་སོར་གདུབ་ལ་གཡུའི་ཕྲ་བཅུག་པའི་མན་[34.3]ངག །རྡོ་ཨ་ཏྲ་ཨུ་ན་ཀྟ་ལ་ཨ་ཉི། དེ་ནས་བཅོམ་ལྡན་འདས་ཆོས་ཉིད་ཀྱི་རྒྱན་མ་འགགས་པར་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཡང་དེའི་ཚེ། གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་སྟོན་པ་ཀུན་[34.4]བཟང་རྡོ་རྗེ་འཆང། །སྣ་ཚོགས་རྩལ་དུ་སྣང་བ་དེ། །རྒྱན་དང་རོལ་པ་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྒྱན་གྱི་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་པའི་སྒོ་ནས་བསྟན། །རོལ་པ་ལ་ཡང་དེ་[34.5]བཞིན་བསྟན། །ངོ་བོ་དབྱེ་བའི་སྒོ་ནས་བསྟན། །ངེས་ཚིག་མཛེས་པའི་རྒྱན་ཞེས་བྱ། །དབྱེ་ན། ཆོས་ཉིད་རྒྱན་ནི་སྐུ་གསུམ་ཡིན། །ཆོས་སྐུའི་རྒྱན་ནི་སྐུ་གཉིས་ཡིན། །མཚན་ཉིད་མཚོན་པའི་ཡེ་ཤེས་ལྔ། །གཉིས་ཀའི་[34.6]རྒྱན་དུ་དེ་བཞིན་བརྗོད། །མཚོན་དཔེ་གསེར་ལ་གཡུས་སྤྲས་འདྲ། །ངེས་ཚིག་དོན་གྱི་དབྱེ་བ་ནི། །ཆོས་ཉིད་དག་ལ་ཆོས་སྐུས་བརྒྱན་པ་ནི། །སྟོང་ལ་ཕྱང་ཆད་གསལ་བས་མཛེས། །ཆོས་ཀྱི་སྐུ་ལ་ཡེ་ཤེས་[35.1]བརྒྱན། །ཡོན་ཏན་འགག་པ་མེད་པར་མཛེས། །ཡེ་ཤེས་གསལ་ལ་ཐུགས་རྗེས་བརྒྱན། །འགྲོ་དྲུག་རང་སར་འདྲེན་པས་མཛེས། །དེ་ཕྱིར་མཛེས་པས་རྒྱན་ཞེས་བྱ། །དེ་ནས་རོལ་བའི་དོན་བསྟན་[35.2]པ། །མ་འགགས་གཉིས་མེད་སྦྱོར་བ་ནི། །རོལ་པའི་ངོ་བོ་ཡིན་པར་བསྟན། །ཅི་ཕྱིར་རོལ་པར་བཏགས་ཤེ་ན། །རང་ལས་ཤར་ཞིང་རང་ལས་གྲོལ། །ངེས་ཚིག་གཏན་ཚིགས་བཅས་པ་ཡིན། །དབྱེ་ན་རྣམ་པ་གཉིས་[35.3]ཡིན་ཏེ། །དག་པ་ཆོས་ཉིད་རོལ་པ་དང་། །འཁོར་བ་རང་་རྒྱུད་རོལ་པའོ། །དག་པ་ཆོས་ཉིད་རོལ་པ་ནི། །མ་བཅོས་པ་ཡི་ཆོས་ཉིད་དང་། །མ་གཡོས་པ་ཡི་ངང་ཉིད་ལས། །རང་བཞིན་འགག་པ་མེད་པར་[35.4]ཤར། །བག་དང་བྲལ་བའི་ནམ་མཁའ་ལ། །འབྱུང་བ་བཞི་ཡི་གདངས་ཤར་བཞིན། །སྣང་ལ་རང་བཞིན་མེད་པར་ཤེས། །མ་འགགས་རང་གདངས་ཆེན་པོར་གསལ། །འཁོར་བ་རང་རྒྱུད་རོལ་པ་ནི། །ཕྱི་ནང་སྣོད་[35.5]བཅུད་བསྡུས་པའི་ཆོས། །གཟུགས་སུ་སྣང་བ་སྐུ་ཡིན་ཏེ། །ཆུ་ཟླ་ལྟ་བུར་གཟུང་དུ་མེད། །སྒྲ་སྐད་ཐམས་ཅད་གསུང་ཡིན་ཏེ། །བྲག་ཆ་བཞིན་དུ་རང་བཞིན་མེད། །དྲན་དང་རྟོག་པ་ཐུགས་ཡིན་ཏེ། །ཆུ་ལ་རི་མོ་བྲིས་[35.6]པ་བཞིན། །འཛིན་པ་རང་རྒྱུད་ཡོད་མ་ཡིན། །དེ་ལྟར་གཟུགས་སྣང་ཐམས་ཅད་སྐུ་ཡི་རོལ་པ་ཡིན། སྒྲ་སྐད་ཐམས་ཅད་གསུང་གི་རོལ་པ་ཡིན། །དྲན་རྟོག་ཐམས་ཅད་ཐུགས་ཀྱི་རོལ་པ་ཡིན། །དེ་ལྟར་མ་ཤེས་མཚན་[36.1]མ་རང་རྒྱུད་འཛིན། །དེ་ནི་འཁོར་བའི་རོལ་པ་ཡིན། །གང་ཞིག་རྣལ་འབྱོར་རྟོགས་ལྡན་ལ། །རྒྱན་དང་རོལ་པ་སྣ་ཚོགས་ཀུན། །སྒྱུ་མའི་དཔེ་བཞིན་སྣང་ཡང་རང་བཞིན་མེད། །ཆོས་ཉིད་ཆོས་སྐུ་མི་སྣང་རང་བཞིན་[36.2]ཡོད། །ཡོད་པས་མེད་པར་རྟོགས་པས་མཚན་མ་ཟིལ་གྱིས་གནོན། །མེད་པས་ཡོད་པར་རྟོགས་པས་རིག་པ་རང་ས་ཟིན། །དེ་ཡི་ཆེད་དུ་རྒྱན་ཏིཀ་བཀོད་པ་བཞི་ལྡན་མཛེས། །ཀྱེ་ཀྱེ་གསང་བའི་བདག་པོ་རྒྱན་དང་[36.3]རོལ་པ་གར་བྱུང་ཡང་། །ངས་དོན་གསལ་འདིར་སྨྲས་པ་བཞིན་དུ་ཤེས་པར་གྱིས། ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་ལས། རྒྱན་དང་རོལ་པ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་[36.4]ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །དེས་མཚོན་ཚིག་རྣམས་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །ཆོས་ཉིད་ངང་[36.5]ལ་ཆོས་སྐུ་གནས། །དེ་སྐད་བརྗོད་པའི་ཚིག་བྱུང་ན། །ཆོས་ཉིད་ལ་ཆོས་སྐུ་རྒྱས་པར་བཤད། །རིག་པའི་མཚན་ཉིད་ལྔར་བཅད་ཅིང་། །དེ་ལྔ་ཡེ་ཤེས་ལྔ་ཡི་མཚན་ཉིད་དང་། །དེ་ཡི་གདངས་སུ་བརྗོད་པས་ན། །ཆོས་[36.6]ཀྱི་སྐུ་ལ་ཡེ་ཤེས་བརྒྱན་པར་བཤད། །ཡེ་ཤེས་འོད་ལྔ་སྐུ་རུ་རྫོགས་ལུགས་དང་། །རིགས་དང་ཁ་དོག་དབྱིབས་བརྗོད་པ། །ཡེ་ཤེས་དག་ལ་ཐུགས་རྗེས་བརྒྱན་པར་བཤད། །རྩལ་དང་རོལ་པ་རྒྱན་དང་མཛད་སྤྱོད་[37.1]དང་། །རིམ་པར་བཀོད་དང་དུ་མར་སྣང་། །པདྨ་ཅན་དང་མཛེས་དང་སྡུག །མ་འགགས་ཤར་དང་ཐུགས་དང་སྟོབས། །སྣང་སྲིད་རྒྱན་དུ་བཀོད་པ་དང་། །ལུང་རྣམས་རྒྱན་དུ་བཀོད་པ་དང་། །མན་[37.2]ངག་རྒྱན་དུ་བཀོད་པ་དང་། །འགྲོ་དྲུག་རྒྱན་དུ་བཀོད་པ་དང་། །དེ་རྣམས་བརྗོད་པའི་ཚིག་ཏུ་མང་ཡང་བསྡུས་པ་ཡིན། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་ལས། རྒྱན་དང་རོལ་པའི་ཚིག་[37.3]མདོར་བསྡུས་ནས་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། དེ་མཚོན་དཔེ་རྣམས་ཇི་ལྟར་ལགས། ཐབས་ལ་མཁས་པས་གསུང་དུ་གསོལ། །ཞེས་ཞུསླ་སོ། །སྟོན་པས་[37.4]བཀའ་སྩལ་པ། ནམ་མཁའི་དཀྱིལ་ན་ཉི་ཟླ་གསལ་བར་གནས་པ་དང་གཅིག །རིན་ཆེན་གསེར་ལ་གཡུའི་ཕྲ་བཅུག་པ་དང་གཉིས། །ཆོས་ཉིད་ཆོས་སྐུའི་བརྒྱན་པའི་དཔེ་རུ་བསྟན། རྨ་བྱའི་སྒོ་ང་ཁ་དོག་ལྔ་ལྡན་[37.5]དང་། །མན་ཤེས་སྐུ་ལྔ་འོད་ལྔ་མི་འགག་པས། །ཆོས་ཀྱི་སྐུ་ལ་ཡེ་ཤེས་བརྒྱན་པའི་དཔེ། །མན་ཤེལ་རྐྱེན་འཕྲད་སྣང་བ་ཕྱིར་འབྱུང་དང་། །སྒོ་ངའི་བྱིས་ཕྲུག་སྨིན་ཏེ་ཕྱིར་འབྱུང་བྱ་བ་བྱེད། །ཉི་མའི་སྙིང་པོ་འོད་དང་[37.6]ཟེར་འབྱུང་བ། །ཡེ་ཤེས་དག་ལ་ཐུགས་རྗེས་བརྒྱན་པའི་དཔེ། །རྒྱ་མཚོར་ཆུ་བྲན་འཕྲོ་ཞིང་འདུ་བ་དང་། །སྒྱུ་མའི་སྦྱོར་པས་གཟུགས་བརྙན་སྣ་ཚོགས་སྣང་། །ཡོན་ཏན་མ་འགགས་རོལ་པ་ཅིར་ཡང་འབྱུང་། །དེ་ཡིས་[38.1]དཔེ་རྣམས་མང་ཡང་བསྡུས་པ་ཡིན། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་ལས། རྒྱན་དང་རོལ་པ་མཚོན་པའི་དཔེ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།ཡུལ་ཡངས་པ་ཆེན་པོ་པདྨ་བདེ་[38.2]གསལ་གྱི་གྲོང་ཁྱེར་བྱ་བ་ན། རྒྱལ་པོ་ནོར་བུ་འོད་ལྡན་ཞེས་བྱ་བ་བཞུགས་པས། ཁོང་ལ་ནོར་བུ་རིན་པོ་ཆེའི་ཟ་མ་ཏོག་ཆེན་པོ་གཅིག་རིན་པོ་ཆེ་ཕྲ་མོ་མང་པོས་བཀང་ནས་ཡོད་པ་ལ་ཁོང་ཕྱི་རོལ་དུ་ཞབས་འཆག་[38.3]ཅིང་ཡུལ་གཟིགས་སུ་བྱོན་པ་ལས། རྒན་མོ་ལིང་ཏོག་ཅན་བྱ་བ་དང་འཕྲད་ནས། རྒན་མོས་སླའོ་ལ་བྲིད། རྐུན་མོ་མི་ལྔས་བར་དུ་ཟ་མ་ཏོག་བརྐུས། སྨེ་ཤ་ཅན་གྱི་གྲོང་ཁྱེར་དྲུག་ཏུ་མུན་པའི་མི་དྲུག་ལ་བཙོངས[38.4]མུན་པའི་མི་དྲུག་གིས་ནོར་བུ་ལ་མཆོད་པ་དང་བཀུར་སྟ་ཆག །ནོར་བུ་ལ་ཡང་དགོས་འདོད་མ་བྱུང་། ཁོང་ཡང་ཡིད་ཅུང་ཐེ་ཙོམ་ཟོས་སོ། །ཕྱིས་རྒྱལ་པོ་ལ་ལྡམ་པོ་གཅིག་བྱུང་། །རྒན་མོས་སླའོ་ལ་བྲིད། རྐུན་མ་མི་[38.5]ལྔས་བརྐུས། སྨེ་ཤ་ཅན་གྱི་གྲོང་ཁྱེར་དྲུག་ཏུ་མུན་པའི་མ་དྲུག་ལ་བཙོངས་སོ་བྱས་པས། རྒྱལ་པོ་ཐུགས་ནུར་ཏེ། རྒན་མོ་བསད། གྲོང་ཁྱེར་དྲུག་བཅོམས་མུན་པའི་མི་དྲུག་ལ་ཆབ་བསལ། རྐུན་མོ་ལྔ་བྲན་དུ་བཀོལ།[38.6]ནོར་བུ་རིན་པོ་ཆེ་དང་ཕྲད་ནས་ཡུལ་བཟུང་བའི་མན་ངག །བཛྲ་ཨ་ཧ༷་རཏྣ། རྙོ་ན་པ྅་པྲ་པ་ར་ཨ་ཧ༷་ ་ཏི། དེ་ནས་ཡང་བཅོམ་ལྡན་འདས་སྣང་བ་རྣམ་པར་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་[39.1]ཚེ་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །གོང་གསུངས་རྩལ་དང་རོལ་པ་དེ། །མ་རྟོགས་གཟུངས་འཛིན་འཁྲུལ་པར་སྣང་། །འཁོར་བ་རང་རྒྱུད་རོལ་པར་བྱུང་། །དེ་ཡི་[39.2]འཁྲུལ་ལུགས་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་པར་ཉོན་ཅིག །གཞི་འགྱུར་བ་མེད་པར་ཡེ་ནས་སངས་རྒྱས་པ། །བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཡིན་པས།[39.3]སྔར་ཡང་འཁྲུལ་མ་མྱོང་། ད་ལྟ་ཡང་མ་འཁྲུལ། ཕྱིས་ཀྱང་འཁྲུལ་མི་སྲིད་དོ། །དཔེར་ན་ཉི་མའི་སྙིང་པོ་དེ་ལ། མུན་པའི་གཞི་མེད་པ་ལྟ་བུའམ། མན་ཤེལ་ལ་རྐྱེན་དང་གང་འཕྲད་དེ་ལ་སྣང་ཡང་། དག་པའི་སྟོབས་[39.4]ཀྱིས་སྣང་མོད་ཀྱི། ཁོ་ལ་འབྱར་དང་གོས་པ་མེད། །དེ་བཞིན་དུ་ཕྱོགས་སུ་ལྷུང་བ་མེད་པའི་ཤེས་རབ་ནི། །མགོན་པོ་གཞི་ནས་རྫོགས་སངས་རྒྱས། །བག་ཆགས་འཁྲུལ་པ་ཀ་ནས་དག །མ་འཁྲུལ་པ་ཡི་སངས་རྒྱས་[39.5]ལ། །འཁྲུལ་པའི་ཐ་སྙད་ག་ལ་ཡོད། །འོན་ཀྱང་དེ་ལྟར་མ་རྟོགས་ཏེ། །ཉི་མ་གཅིག་ལས་མེད་བཞིན་དུ། །ཡུལ་ཁམས་རེ་ན་ཉི་མ་རེ། །མཐོང་བའི་རྟོབས་ཀྱིས་སྣང་བ་ལྟར། །རང་རིག་གཅིག་ལས་མེད་བཞིན་[39.6]དུ། །འཁོར་འདས་གཉིས་ལ་དུ་མར་་ང་། །སྨན་དུག་ག་བུར་དབྱེར་མེད་ཀྱང་། །སྨན་དང་དུག་ཏུ་་ང་བ་བཞིན། །གཉིས་མེད་གཞི་་ང་ཆེན་པོ་དེ། །གཉིས་མེད་ངང་ལས་མ་གཡོས་ཀྱང་། །ཡོན་ཏན་པོབས་ཀྱིས་[40.1]སྣང་བའོ། །དུ་མར་སྣང་བའི་ཡོན་ཏན་ལ། །འཁྲུལ་པར་འགྱུར་བས་ཡོན་ཏན་སྐྱོན་དུ་འཆར། །གོང་ལྟར་རྟོགས་པས་སྐྱོན་ཉིད་ཡོན་ཏན་གྲོལ། །འོན་ཀྱང་འཁྲུལ་ལུགས་རྒྱས་པར་ངས་བསྟན་གྱིས། །འཁྲུལ་པའི་གཞི་[40.2]དང་རྒྱུ་དང་དུས། །འཁྲུལ་པའི་རྐྱེན་དང་འཁྲུལ་པ་དངོས། །འབྲིང་པོ་རྣམས་ལ་ངས་བསྟན་ཉོན། །དང་པོ་འཁྲུལ་པའི་གཞི་བསྟན་པ། །དེ་ལ་ཡང་ནི་རྣམ་པ་གསུམ། །ཆོས་ཉིད་ཡུལ་གྱི་འཁྲུལ་གཞི་དང་། །རིག་པ་[40.3]སེམས་ཀྱི་འཁྲུལ་གཞི་དང་། །འོད་ལྔ་ལུས་ཀྱི་འཁྲུལ་གཞི་བསྟན། །དང་པོ་ཆོས་ཉིད་རིས་མེད་སྟོང་། །བར་དུ་ཡེ་ཤེས་རྣམ་པར་ཤར། །ཐ་མར་འཛིན་རྟོག་བག་ཆགས་བསྟས། །དེ་ལ་སྙིང་པོ་མེད་བཞིན་སྣང་། །དེས་[40.4]ནི་ཡུལ་གྱི་འཁྲུལ་གཞི་བསྟན། །ད་ནི་སེམས་ཀྱི་འཁྲུལ་གཞ་བཤད། །དང་པོ་རིག་པ་འགག་མེད་འགྱུས། །བར་དུ་གདངས་ལ་འཛིན་པ་སྐྱེས། །ཐ་མར་སེམས་ཀྱི་ཡིད་འགྱུས་པ། །དེ་ལས་སེམས་རྟོག་དུ་མ་[40.5]ཤར། །སེམས་ཀྱི་འཁྲུལ་གཞི་དེར་བསྟན་ཏོ།།འདིས་ནི་ལུས་ཀྱི་འཁྲུལ་གཞི་བསྟན། །དང་པོ་རིག་པ་ཀློང་ནས་ཤར། །བར་དུ་ཆོས་ཉིད་ཀློང་དུ་ཤར། །ཐ་མ་དེ་ལ་བག་ཆགས་པས། །གཟུགས་ཀྱི་ཕུང་པོ་རྡོས་བཅས་[40.6]སྣང་། །ལུས་ཀྱི་འཁྲུལ་གཞི་དེས་བསྟན་ཏོ། །ཀྱེ་ཀྱེ་གསང་བདག་ངེས་པར་ཟུང་། །གཞི་གསུམ་འཐད་པ་ངས་བཤད་ཀྱི། །ཆོས་ཉིད་ཡུལ་གྱི་འཁྲུལ་གཞི་འཐད། །ཅི་ཕྱིར་རིག་མེད་དེ་ལ་བེམ་པོར་སྣང་། །རིག་པ་[41.1]སེམས་ཀྱི་འཁྲུལ་གཞིར་འཐད། །ཅི་ཕྱིར་རིག་ཙམ་ཕྱོགས་མཐུན་ཕྱིར། །འོད་ལྔ་ལུས་ཀྱི་འཁྲུལ་གཞིར་འཐད། །ཁ་དོག་དབྱིབས་སུ་ཕྱོགས་མཐུན་ཕྱིར། །ཕྲ་དང་རག་པའི་ཁྱད་པར་ལས། །གཞི་དང་[41.2]དངོས་ཀྱི་ཁྱད་པར་བསྟན། །དེས་མཚོན་ཚིག་རྣམས་ངས་བཤད་ཉོན། །འཁྲུལ་པ་ཞེས་སུ་བཤད་པ་དང་། །རིག་པ་ཞེས་སུ་བརྗོད་པ་དང་། །འོད་ཟེར་ཞེས་སུ་བརྗོད་པ་དང་། །བསྐལ་པ་དང་པོར་བརྗོད་པ་[41.3]དང་། །ཐོག་མ་ཞེས་སུ་བརྗོད་པ་དང་། །འདས་དང་མ་འོངས་གོང་རོལ་ནས། །ཞེས་པ་དང་། ང་མེད་པ་ཡི་སྔོན་རོལ་ན། །སེམས་ཅན་བྱ་བ་གདོད་ནས་མེད། །སེམས་ཅན་མེད་པའི་སྔོན་རོལ་ནས། །འབྱུང་བ་ཆེན་[41.4]པོ་ཡེ་ནས་འཕགས། །འབྱུང་བ་མེད་པའི་སྔོན་རོལ་ནས། །ནམ་མཁའ་ཆེན་པོ་ཡེ་ནས་འཕགས། །ནམ་མཁའ་མེད་པའི་སྔོན་རོལ་ནས། །ཆོས་ཉིད་རྣམ་དག་ཡེ་ནས་འཕགས། །ཆོས་ཉིད་རྣམ་དག་ཀློང་ཡངས་[41.5]ནས། །ཆེན་པོ་ལྔ་ཉིད་ཡེ་ནས་རྣམ་པར་དག །ཆེན་པོ་ལྔ་ཡི་སྙིང་པོ་སྲ །ང་ཉིད་གཅིག་པུ་སྔོན་དུ་བྱུང་། །དེ་ཕྱིར་བསྐལ་པ་འབུམ་ཁྲི་འབུམ་སྟོང་སྔོན་རོལ་དུ། །ང་ཉིད་གཞན་པས་སྔ་བར་བྱུང་བའི་ཕྱིར། །ཞེས་ངས་[41.6]བཤད་པ་རྣམས་ནི། འབོད་སྐད་ཀྱིས་སྡེབས་ལ་འཁྲུལ་གཞིར་འབྲུ་གནོན། རིགས་ཀྱི་བུ་ཞིབ་ཏུ་གཞི་སྣང་གི་སྐབས་སུ་བསྟན་པས་འདིར་མ་བརྗོད་དོ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པའི་རྒྱུད་[42.1]ལས། ཡང་དག་པའི་གཞི་ལ་འཁྲུལ་པ་མེད་པར་བསྟན་པ་དང་། ཡོན་ཏན་གྱི་སྣང་བ་འཁྲུལ་པའི་གཞི་གསུམ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་སྟོན་[42.2]པ་རྡོ་རྗེ་འཆང་། འཁྲུལ་་པའི་རྒྱུ་ནི་གང་གིས་བྱས། །འཁྲུལ་པའི་དུས་ཚོད་ཇི་ཙམ་ལགས། །ཞེས་ཞུས་སོ། །སྟོན་པས་གསུངས་པ། འཁྲུལ་པའི་རྒྱུ་ནི་མ་རིག་པ། །ལྷན་ཅིག་སྐྱེས་དང་ཀུན་ཏུ་བརྟགས། ངོ་བོ་ངེས་ཚིག་[42.3]དབྱེ་བ་དང་། །མཐུན་པའི་ཚུལ་དུ་བརྗོད་ཚིགས་བསྟན། །རིགས་ཀྱི་བུ་མ་རིག་པའི་ངོ་བོ་ནི། གཏི་མུག་དང་དེ་མ་ཡིན་ལ་དེར་འཛིན་པའོ། །ངེས་ཚིག་དོན་ལ་རྨོངས་པའི་ཕྱིར་ན་མ་རིག་པའོ། །དབྱེ་བ་རྣམ་གཉིས་ཏེ།[42.4]ལྷན་ཅིག་སྐྱེས་པའི་མ་རིག་པ་དང་ཀུན་ཏུ་བརྟགས་པའི་མ་རིག་པའོ། །ལྷན་ཅིག་སྐྱེས་པའི་མ་རིག་པ་དེ་གང་ལས་གང་དུ་ལྷན་ཅིག་ཏུ་སྐྱེས་ནས་གང་གི་གང་མ་རིག་ཅེ་ན། རིགས་ཀྱི་བུ་གང་ལས་ཞེ་ན། གཞི་འཛིན་[42.5]པའི་རིག་པ་ལས་སོ། །གང་དང་གང་ཞེ་ན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་མ་རིག་པའོ། །གང་ཞེ་ན་བཅོས་པས་མ་བཅོས་པའི་ཆོས་ཉིད་ཀྱི་ཀློང་དུ་མ་རིག་པའོ། །གང་གི་གང་མ་རིག་ཅེ་ན། རང་བཞིན་གྱི་འོད་[42.6]བྱད་ལྟ་བུས་གཟུགས་བརྙན་གྱི་འོད་བྱད་ཀྱི་རྣམ་པ་མེ་ལོང་ལ་སྣང་བ་ལྟ་བུ་མ་རིག་པའོ། །དོན་དེ་ལྷན་ཅིག་སྐྱེས་པའི་མ་རིག་པ་ཅེས་བྱའོ། །ཀུན་ཏུ་བརྟགས་པའི་མ་རིག་པ་ནི། ཡུལ་ལ་རྟོགས་པ་ཕྲ་རགས་སུ་སྐྱེས་[43.1]ཏེ། སྐད་ཅིག་མ་སྔ་ཕྱིའི་ཚུལ་ལོ། །དཔེ་རྒན་མོ་ལོང་མ་དང་འདྲའོ། །ཀྱེ་མ་རིགས་ཀྱི་བུ། མ་རིག་པ་དེ་ཡང་དག་པར་ཡོད་པ་མ་ཡིན། འོ་ན་ཇི་ལྟ་བུ་ཞེ་ན། ཐོ་ཡོར་རམ་ཐག་པ་ལ་མི་བདེན་པ་བཞིན་དུ་[43.2]རྒྱུས་མེད་དམ་སྔར་སུན་པའི་མི་ལ་དགྲར་སྣང་བའམ། སྣང་བ་མ་དག་པ་ལས་ཐག་པ་ལ་སྦྲུལ་དུ་སྣང་བ་ལྟ་བུའོ། །དེ་ནི་ཡང་དག་པར་མེད་བཞིན་དུ་སྣང། སྣང་བཞིན་དུ་སྟོང་པའོ། །རིགས་ཀྱི་བུ་དཔེ་དེ་བཞིན་དུ།[43.3]མ་རིག་དངོས་སུ་མེད་ལ་ཉམས་སུ་ཡོད་པའོ། །དེ་ཅི་ལས་བྱུང་ཞེན། ལུས་ཀྱི་ཐ་མ་རྫོགས་པས་ཤེས་རབ་ཀྱི་རྩལ་མ་རྫོགས་ཏེ། ཤེས་རབ་ཀྱི་རྩལ་མ་རྫོགས་པས་མཐོང་བའི་ཡུལ་ཡེ་ཤེས་ཀྱི་རང་གདངས་ལྔ་ལ་ཤེས་[43.4]པའི་དྲན་པ་མ་སད་དོ། །དེ་ཡང་མ་གཡོས་པའི་ངང་ཀུན་ཏུ་བཟང་པོ་ལས། ངང་གི་རང་བཞིན་ཡེ་ཤེས་ཀྱི་འབྱུང་བ་ཡུལ་མ་འགགས་པར་སྣང་བ་ལ། སྔར་མཐོང་མ་མྱོང་བ་དེ་ལས་ཡིད་འགྲོགས་ཏེ། རང་སྣང་ཆེན་[43.5]པོར་རྟོགས་པའི་མཐའ་མ་ཆོད་དོ། །རིགས་ཀྱི་བུ་མ་རིག་པའི་གཏན་ཚིགས་སོ། །མ་རིག་པ་དང་། མ་ཤེས་པ་དང་། གཏི་མུག་དང་། མ་རྟོགས་པ་དང་། མ་གོམས་པ་དང་། དོན་མ་མཐོང་བས་འཁྲུལ་པ་དང་། ཕྱིན་[43.6]ཅི་ལོག་པ་ལ་སོགས་པ་བྱུང་ཡང་མ་རིག་པ་གཉིས་སུ་བཤད། ཅེས་གསུངས་སོ། །ཀྱེ་གསང་བའི་བདག་པོ་འཁྲུལ་པའི་དུས་ནི་རང་གི་ལུས་ལས་ཤར་སྟེ་འཛིན་པ་སྐྱེ་བའི་དུས་སོ། ཞེས་གསུངས་སོ། །སྤྲོས་བྲལ་དོན་[44.1]གསལ་གྱི་རྒྱུད་ཆེན་པོ་ལས། འཁྲུལ་པའི་རྒྱུ་དང་དུས་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། འཁྲུལ་པའི་རྐྱེན་རྣམས་གསུང་དུ་[44.2]གསོལ། ཞེས་ཞུས་སོ། སྟོན་པས་བཀའ་སྩལ་པ། རིགས་ཀྱི་བུ་ངས་བཤད་ཁྱོད་ཀྱིས་ཡིད་ལ་ཟུང་། རྒྱུ་དང་རྒྱུ་ཡིས་རྐྱེན་དུ་བསྟན། །བདག་པོའི་རྐྱེན་དང་དམིགས་པའི་རྐྱེན། །མཚུངས་པའི་རྐྱེན་དང་དེ་བཞིའོ། །རྒྱུ་[44.3]དང་རྒྱུ་ཡིས་རྐྱེན་བཤད་པའོ། །རྒྱུ་ནི་རིག་པ་འགག་པ་མེད། རྐྱེན་ནི་ཆོས་ཉིད་སྟོང་པ་ཡིན། རིག་པ་ཆོས་སྐུའི་མཚན་ཉིད་ནི། རིག་སྟོང་དབྱེར་མེད་ཤེས་རབ་ཐོགས་པ་མེད། མཐིང་ག་དཀར་སེར་དམར་དང་ལྗང་[44.4]གུ་ཡིས། སོ་སོའི་མཚན་ཉིད་འཛིན་ཅིང་རང་རང་རྒྱུར་གནས་པའི། །ཆོས་ཉིད་དག་པ་མེ་ལོང་ལྟ་བུར་ཤར། ཡེ་ཤེས་འབྱུང་ལྡན་ནམ་མཁའི་གཞའ་ལྟར་ཡལ། དེ་ཡི་སྐད་ཅིག་ཕྱི་མ་ལ། དེ་ལས་དེ་བཞིན་བྱད་དང་[44.5]གཟུགས་བརྙན་བཞིན། །རང་ལས་བྱུང་བའི་རྣམ་རྟོག་བདག་རྐྱེན་ཤར། །དེ་ཡི་སྐད་ཅིག་ཕྱི་མ་ལ། །དམིགས་པའི་རྣམ་པ་ཡུལ་དུ་སྣང་། །རྐྱེན་དུ་འཛིན་པའི་རྟོག་པ་་་བྱུང་། །དེ་ལ་དམིགས་པའི་རྐྱེན་ཞེས་[44.6]བརྗོད། །དེ་རྣམས་མཚུངས་པས་འཁྲུལ་རྐྱེན་བྱས། །དེ་ལ་མཚུངས་པའི་རྐྱེན་ཞེས་བརྗོད། །དེ་དུས་གཟུང་འཛིན་རྣམ་རྟོག་གིས། །རང་བཞིན་འོད་ལྔ་གསལ་མ་ནུས། །གཟུགས་བརྙན་ལྔ་ལ་བག་ཆགས་[45.1]༄༅ པས། །མཚོ་ལ་དར་ཆགས་ཞོ་ལ་སྤྲིས་ཆགས་ལྟར། །གླིང་བཞི་རི་རབ་གླིང་ཕྲན་སྣང་། །དེ་ཡི་བཅུད་ལ་སྲིད་པའི་སྒོ་ང་དང་། །རྩི་ཤིང་སྨན་དང་མེ་ཏོག་ནགས་ཚལ་འཁྲུངས། །རླན་དང་དྲོད་ལས་སྐྱེས་[45.2]པ་ཡིན། །དེ་ལྟར་བར་གྱི་བསྐལ་པ་ལས། །སྣོད་ཀྱི་འཇིག་རྟེན་ལོགས་སུ་བསྐལ། །ཤེས་པས་མ་བཟུང་རླན་དང་དྲོད་ལས་སྐྱེས། །མཆོག་ཏུ་པདྨའི་སྒ་་ང་གྲུབ། །ཨུ་དུསྨྲ་ར་དག་ལ་བརྟེན། །དྲི་མེད་ཡེ་ཤེས་བརྫུལ་[45.3]ནས་སྐྱེས། །འབྱུང་བ་ལྔ་ཡི་བདག་ཉིད་ཅན། །སྲིད་པའི་སྒོ་ང་མ་དག་སྟེ། །ཤེད་བུ་ཤེད་རིགས་དེ་ལས་སྐྱེས། །ཆགས་སྡང་གཉིས་ཀྱི་བདག་ཉིད་ཅན། །དེ་ནི་ལུས་ཀྱི་རྟེན་ཡིན་ནོ། །ཞེས་གསུངས་སོ། །རིགས་ཀྱི་བུ་[45.4]དེ་ལ་མཚོན་པའི་ཚིག་བསྟན་པ། དང་པོ་གཞི་མཚོན་གོང་དུ་བྱུང་། །སངས་རྒྱས་སེམས་ཅན་འོག་ནས་འབྱུང་། །དེ་གཉིས་བར་དུ་རྩལ་འཕྲོ་བ། །བར་གྱི་བསྐལ་པར་བཤད་པ་ཡིན། །རང་གི་ས་ལ་གནས་པས་[45.5]ན། །མི་བསྐྱོད་པ་ཞེས་དེ་ལ་བྱ། །དེ་མ་ཡིན་ལ་དེར་འཛིན་གྱིས། །འོད་ལྔ་འགྲིབ་ཅིང་རིག་པ་སྟོངས། །མི་བསྐྱོད་རྡོ་རྗེ་ཡིན་པར་བཤད། །འགྲོ་མ་ནུས་པས་འཕྱེ་བོ་ཡིན། །ངོ་བོ་གསལ་ལ་མི་འགོག་པ། །དངོས་སུ་[45.6]གསལ་མ་ ས་པ་ཡིན། །མི་གསལ་གསལ་བའི་བདག་ཉིད་ཅན། གཞི་ལས་འཕགས་ཞིང་སེམས་ཅན་སངས་རྒྱས་དངོས་མ་ཡིན། བར་ན་མྱུ་གུ་ཇི་བཞིན་ནོ། །མྱུ་གུ་འབྱུང་ཞེས་དེ་ལ་བྱ། །དེ་བཞིན་ངས་བ ན་རྒྱུད་[46.1]ལུང་དུ། །གང་བྱུང་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་བཤད་པའི་རྒྱུད་བཀླགས་པས་ཤེས་པ་ལས། འཁྲུལ་པའི་རྐྱེན་དང་བར་གྱི་བསྐལ་པ་ལ་ཡུལ་གྱི་འཁྲུལ་པ་[46.2]ལུས་ཀྱི་རྐྱེན་དང་བཅས་པ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། སྣོད་ཀྱི་འཇིག་རྟེན་དེ་ལྟར་ན། བཅུད་ཀྱི་རིགས་དྲུག་ཇི་ལྟར་ཆགས། ཞེས་ཞུས་སོ། །སྟོན་[46.3]པས་བཀའ་སྩལ་པ། རིགས་ཀྱི་བུ་ངས་བསྟན་གྱི་མ་ནོར་བར་ཟུང་ཞིག །ནམ་མཁའ་སྟོང་པ་ལ་ནི་རླུང་འགྱུ་བཞིན། །ཡིད་ཀྱི་རླུད་ཡང་གླང་ཆེན་ཀུན་ཏུ་རྒྱུག །སྤྱན་གྱི་སྦྱོར་བས་སྲིད་པའི་སྒོ་ང་མཐོང་། །ཐུགས་ཀྱི་[46.4]སྦྱོར་བས་སྲིད་པའི་སྒོ་ང་ལེགས་ཤིང་མཛེས་པར་མཁྱེན། །ཞལ་གྱི་སྦྱོར་བས་དེ་ལ་ཆགས་སེམས་སྐྱེས། །རིག་པ་ཡིད་དང་བཅས་པ་ཞུགས། །སེམས་ཀྱི་རྩ་བ་ཕོ་མོ་གཉིས་སུ་སྨིན། །སྐྱེ་བ་བཞི་ལས་སྒོ་ང་[46.5]ཡིན། །གཞི་ལ་ཆེན་པོ་ལྔ་ཡིས་ཕུང་པོ་ལྔ་གྲུབ་ཅིང་། །རྟེན་ལས་འབྱུང་བ་ལྔ་ཡི་ཆ་རྫོགས་པས། །ཕུང་པོ་ཁམས་དང་སྐྱེ་མཆེད་གྲུབ། །ཤེད་བུ་ཤེད་ལས་རབ་ཏུ་གྲགས། །དེ་ལས་མངའ་ལས་སྐྱེས་པ་བྱུང་། །མི་མཇེད་[46.6]འཇིག་རྟེན་རིམ་པར་ཆགས། །ཉོན་མོང་རགས་ཤིང་འབྲས་བུ་ངན། །མཐའ་མ་མནར་མེད་གནས་ལ་ཐུག །ཅེས་གསུངས་སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་ལས། ནང་བཅུད་ཀྱི་གྲུབ་ཚུལ་བ ན་པའི་ལེའུ་[47.1]སྟེ་ཉི་ཤུ་པའོ།། །།དེ་ནས་ཡང་གསུངས་པ། །ཀྱེ་ཀྱེ་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག །ང་ཡིས་རྒྱུད་ལུང་ཐམས་ཅད་དུ། །བསྐལ་པ་ཐ་མའི་ཚིག་བརྗོད་པ། །ཚོགས་བརྒྱད་ལྡན་པའི་སེམས་ཅན་[47.2]ཡིན། །རྒྱུ་བྱེད་སྦུབས་དང་དབུགས་ཀྱང་བཅས་པའི་རྟོགས་བྱེད་སེམས་སུ་བཤད། མང་པོ་འདུས་པས་ཕུང་པོ་ཡིན། །འདུས་པའི་ཕྱིར་ན་དེ་བཞིན་ནོ། །ཁམས་ནི་མཚན་མའི་ཆོས་ཉིད་ཅན། །མཚན་མ་བསྐྱེད་ཕྱིར་[47.3]སྐྱེ་མཆེད་ཡིན།།སོ་སོ་དག་གི་སྒོ་གསལ་ཞིང་། །རང་རང་ཡུལ་ལ་དབང་བྱེད་དབང་པོར་བསྟན། །གཟུགས་ནི་ཁ་དོགས་དབྱིབས་སུ་བསྟན། །སྒྲ་ནི་རྣ་བའི་ཡུལ་དུ་བསྟན། །དྲི་ནི་སྣ་ཡི་ཡུལ་དུ་བསྟན། །རོ་ནི་ལྕེ་ཡི་[47.4]ཡུལ་དུ་བསྟན། །རེག་ནི་ལུས་ཀྱི་ཡུལ་དུ་བསྟན། །དེ་ཡི་ཕྱིར་ན་དེ་སྐད་བཤད། །ཚོར་བ་དུ་མ་མྱོང་བ་ཡིན། །འདུ་ཤེས་ཡུལ་ལ་མཚན་མར་འཛིན། །འདུ་བྱེད་སེམས་ལ་གཡོ་བར་བྱེད། །ཡིད་ལ་བྱེད་པ་དམིགས་པ་[47.5]སྟེ། །རིག་པ་དག་གིས་གང་གཅོད་པའོ། །རྣམ་ཤེས་རྣམ་པར་རིག་པའོ། །ཐམས་ཅད་ཀུན་ལས་བྱེད་ཕྱིར་དང་། ཁུ་རྐྱེན་ལས་བྱུང་འདུ་བྱེད་ཡིན། །རླན་ལས་སྐྱེས་པས་གློ་བུར་ཡིན། །རྫོགས་པར་སྨིན་པས་རྫུས་[47.6]སྐྱེས་ཡིན། །མངའ་སྐྱེས་རིམ་པར་སྨིན་པའོ། །སྒོ་ང་ལས་སྐྱེས་འགྱུར་ཏེ་སྨིན། །དམྱལ་བ་གདུང་པའི་ལམ་པ་ཡིན། །ཡི་དྭགས་འགོག་པའི་ལམ་པ་ཡིན། །བྱོལ་སོང་མུན་པའི་ལམ་པ་ཡིན། །མི་ཡི་ལམ་ནི་འདོམ་[48.1]པ་ཡིན། །ལྷ་ཡི་ལམ་ནི་གཡེང་བའོ། །གནས་པའི་ཕྱིར་དང་བགྲོད་ཕྱིར་ལམ། །རྐྱེན་དང་རྟེན་པ་མི་འབྲལ་བ། །འཁོར་དང་མྱ་ངན་འདས་པའི་ལམ། །དམྱལ་བའི་གནས་ན་བཟོད་དང་ལྡན། །ཡི་དྭགས་གནས་ན་[48.2]ཡིད་དང་ལྡན། །བྱོལ་སོང་གནས་ན་མྱོས་པ་དང་། །མི་ཡི་གནས་ན་འདོད་དང་ལྡན། །ལྷ་མིན་གནས་ན་རྩོད་དང་ལྡན། །ལྷ་ཡི་གནས་ན་དགའ་ལྡན་ནོ། །རྟེན་པའི་དོན་ཕྱིར་གནས་སུ་བསྟན། རིགས་ཀྱི་བུ་དེ་དག་གི་[48.3]རྒྱུ་ནི་ཉོན་མོངས་པ་སྟེ། དེ་ཡང་རང་རང་སྒྲ་ལ་འཇུག་པའི་རྒྱུ་མཚན་དང་། དོན་གྱི་བྱེ་བྲག་སོ་སོར་ཕྱེ་ན་ལས་རྒྱུ་འབྲས་དང་། དེ་ཁོ་ན་ཉིད་ཀྱི་དོན་མ་ཤེས་པས་མ་རིག་པའོ། །འདོད་ཆགས་ནི་ཞེན་པའོ། །ང་རྒྱལ་ནི་[48.4]ཁེངས་པའོ། །ཁོང་ཁྲོ་བ་ནི་མནར་སེམས་པའོ། །ཞེ་སྡང་ནི་འཁྲུག་པའོ། །ཕྲག་དོག་ནི་མི་བཟོད་པའོ། །དེ་དག་ནི་རྒྱུ་དྲུག་གོ །དེ་ལས་ངོ་བོ་དྲུག་དང་། འབྲས་བུ་དྲུག་སྨིན་པའོ། །ཀྱེ་གསང་བའི་བདག་པོ། །དེ་དག་[48.5]ནི། འགྲོ་བ་དྲུག་ལ་ད་ལྟར་གནས་པའི་ཆོས་ཏེ། རྒྱུད་གར་བྱུང་ཡང་བསྐལ་པ་ཐ་མའི་ཆོས་སུ་འདིར་བཤད་པ་ལྟར་ཤེས་པར་གྱིས་ཤིག །ཅེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། འབྱུང་བ་ལྔ་[48.6]མདོར་བསྡུས་ནས་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། འཁོར་བ་རྒྱན་དང་རོལ་པར་ཤར་བའི་དོན་དེ་ལྟར་ལགས་ན། དེ་ལྟར་འབྱུང་བའི་འབྱུང་བ་ལྔ་བཤད་དུ་[49.1]གསོལ། ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། །འབྱུང་བ་ལྔ་ཡི་ངོ་བོ་ངེས་ཚིག་དང་། །དབྱེ་བ་དཔེ་དང་བཅས་པ་རྣམས། །ངས་བཤད་ཁྱོད་ཀྱིས་ཡིད་ལ་ཟུང་། །ངོ་བོ་དབྱེ་བའི་སྒོ་ནས་བསྟན།[49.2]འབྱུང་བའི་དངས་མ་ལྔ་དང་སྙིགས་མ་ལྔ། །དངས་མ་ལྔ་ཡི་ངོ་བོ་ནི། །མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ། །སྙིགས་མ་ལྔ་ཡི་ངོ་བོ་ནི། །ས་ཆུ་མེ་རླུང་ནམ་མཁའ་ལྔ། །འབྱུ་ང་བ་ལྔ་ཡིས་ངེས་ཚིག་བསྟན་པ་ནི། །རིག་[49.3]པའི་རྩལ་དུ་འཆར་བ་དང་། །རྩལ་ལས་འཁོར་འདས་སྣང་བའོ། །དབྱེ་ན་མུ་བཞིར་ཤེས་པར་བྱ། །དངས་མ་སྙིགས་མ་རྣམ་པ་གཉིས། །རེ་རེ་ལའང་དེ་བཞིན་ཏེ། །རིགས་ཀྱི་བུ་ཁྱོད་ལེགས་པར་ཟུང་ཞིག །འབྱུང་[49.4]བའི་དངས་མ་འོད་ལྔའོ། །སྙིགས་མ་ས་ཆུ་མེ་རླུང་ངོ་། །དངས་མའི་སྙིགས་མ་ཤ་དང་རུས་ལ་སོགས། །སྙིགས་མའི་དངས་མ་འཇའ་ཚོན་རྣམ་པ་ལྔ། །དཔེ་ནི་ཉི་མའི་འོད་ཟེར་དང་། །མན་ཤེལ་དག་ལ་འོད་སྣང་[49.5]བཞིན། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། འབྱུང་བ་ལྔ་མདོར་བསྡུས་ནས་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།ཡང་གསང་བའི་བདག་པོས་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་[49.6]འཆང་། །སྙིགས་མ་དངས་མ་ལྔ་ལས་ཇི་ལྟར་ཤར། །དངས་མ་འབྱུང་བའི་མཚན་ཉིད་ཇི་ལྟར་ལགས། །ཆོས་ཉིད་དོན་ལ་སྦྱར་ན་ཇི་ལྟར་སྦྱར། །སྙིགས་མ་དངས་མར་གྲོལ་ན་ཇི་ལྟར་གྲོལ། །ཞེས་ཞུས་པས། སྟོན་[50.1]པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ཉོན་ཅིག །ས་ཡི་མཚན་ཉིད་སྲ་བ་ཡིན། །ཆུ་ཡི་མཚན་ཉིད་གཤེར་བ་ཡིན། །མེ་ཡི་མཚན་ཉིད་ཚ་བ་ཡིན། །རླུད་གི་མཚན་ཉིད་ཡང་ཞིང་གཡོ། །ནམ་མཁའི་མཚན་ཉིད་ཡངས་[50.2]ཤིང་གོ་འབྱེད་པའོ། །རང་རང་ལས་ཀྱང་དེ་བཞིན་དབྱེ། །དངས་མའི་ས་ལས་འོད་ཟེར་དཀར་པོ་བྱུང་། །དེ་ལས་སྙིགས་མ་ས་རུ་སྣང། །དེ་བཞིན་དངས་མའི་འབྱུང་བ་ལས། །འོད་ཟེར་རྣམ་པ་བཞི་རུ་བྱུང་། །དེ་ལ་[50.3]སྙིགས་མ་བཞི་རུ་སྣང་། །དངས་མའི་སྙིགས་མའི་མཚན་ཉིད་ནི། །སྲ་བ་མེད་པར་བརྟན་པ་དང་། །གཤེར་བ་མེད་པར་སྡུད་པ་དང་། །གཡོ་བ་མེད་པར་བསྐྱོད་པ་དང་། །ཚ་བ་མེད་པར་བསྲེག་པའོ། །ཁྱབ་པ་མེད་[50.4]པའི་གདངས་ཅན་ཡིན། །ཆོས་ཉིད་ཆོས་སྐུ་འགྱུར་བ་མེད། །དབྱེར་མེད་སྲ་བ་མེད་པར་བརྟན་པའི་ས། །ཆོས་ཉིད་ཆོས་སྐུ་གཉིས་མེད་དེ། །དག་པ་ཟང་ཐལ་དྲི་མ་མེད། །ཐམས་ཅད་དེ་ཡི་ངང་དུ་འདུས། །གཤེར་པ་[50.5]མེད་པར་སྡུད་པའིཆུ། །ཆོས་ཉིད་ཆོས་སྐུ་དབྱེར་མེད་དེ། །གཡོ་བ་མེད་པར་ཐོགས་པ་མེད། །གཡོ་བ་མེད་པར་བསྐྱོད་པའི་རླུད་། །མ་སོང་གནས་སུ་ཕྱིན་པའོ། །ཆོས་ཉིད་ཆོས་སྐུ་གཉིས་མེད་པས། །ཡེ་ཤེས་ཆེན་པོ་[50.6]རང་གི་གདངས་ལ་བཞུགས། །གཞན་དུ་སྣང་བའི་རྣམ་པར་རྟོག་པ་མི་མངའ་བས། །ཚ་བ་མེད་པར་བསྲེག་པ་མེད། །གཞན་སྣང་མེད་པར་རང་གསལ་བ། །ཁྱད་པར་ཡེ་ཤེས་གདངས་དང་བཅས། །ནམ་མཁའ་ཁྱབ་[51.1]པ་མེད་པས་གདངས་ཅན་ཡིན། །སྙིགས་མའི་འབྱུང་ལྔ་འོད་ལྔའི་ནང་དུ་གྲོལ། །འོད་ལྔ་དངས་མའི་གོ་རུ་ཐིམ། །དེ་བཞིན་རྟགས་ཀྱང་རིམ་པར་འགྱུར། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་[51.2]ཆེན་པོའི་རྒྱུད་ལས། འབྱུང་བའི་མཚན་ཉིད་བསྟན་པ་དང་། ཤར་ལུགས་ཐིམ་ལུགས་དོན་དང་སྦྱར་ནས་བཤད་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་[51.3]རྗེ་འཆང་། །འབྱུང་བ་ལྔ་ལ་གནས་པ་ལ། །བསྐལ་པ་ཞེས་སུ་གྲགས་པ་སྟེ། །དེ་ཡི་དོན་བཤད་གསུང་དུ་གསོལ། །ཞེས་ཞུསླ་སོ། །དེ་ནས་ཡང་སྟོན་པས་གསུངས་པ། ཀྱེ་ཀྱེ་རྡོ་རྗེ་འཇིན་པ་ཉོན་ཅིག། །བསྐལ་པའི་ངོ་[51.4]བོ་བསྟན་པ་ནི། །དང་པོ་ཡེ་ཤེས་ཡུལ་ཤར་བ། །ཤར་བྱ་ཤར་བྱེད་ལྟར་སྣང་བས། །དང་པོ་དུས་སུ་ཆོས་ཉིད་བསྐལ། །ངར་དུ་འཛིན་པའི་རྣམ་རྟོག་གིས། །ཡེ་ཤེས་སྣང་བ་ནང་དུ་ནུབ། །སྣོད་ཀྱི་འཇིག་རྟེན་བསྐལ་[51.5]ཞེས་བཤད། །མཐའ་མ་བཟུང་འཛིན་གཉིས་སུ་བསྐལ། །སངས་རྒྱས་སེམས་ཅན་དེ་བཞིན་བསྐལ། །ངེས་ཚིག་གཏན་ཚིགས་བཅས་པ་ཡིན། །དབྱེ་བ་རྣམ་པ་གསུམ་ཡིན་ནོ། །ཡུན་དུ་གནས་པའི་བསྐལ་པའི་[51.6]སྒྲ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་ལས། །བསྐལ་པ་གསུམ་བ ན་པའི་ལེའུ་ ་ཉེར་བཞི་པའོ།། །།ནམ་མཁའི་མཐོང་ནས་ ང་གསལ་གྱི་སྒྲོན་མེ་ཤར་བས། མཚན་མོ་མུན་པ་སེལ་བའི་[52.1]མན་ངག །ཨ་བཛྲ་ཧེ༷་མ་རཏྣ་ཀྭ་ཡ་ཨོ་རྙོ་ན་ཀ་ལ་བ་ག་བེ་ཀུ་ལ་ཡ་སན་ཙ་ཧཱུཾ༷་དྷ་རྨ་ས་ར་ཀེ་ཏུ་ཧ་དུ་ཡ་ཨུ། དེའི་ཚེ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ། །ཐུགས་རྗེ་འབྱུང་བ་སྐུ་གསུམ་གྱི་དགོངས་པ་[52.2]ཞུགས་སོ། །དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། འཁོར་བའི་རོལ་པར་ཤར་བ་དེ་ལྟར་ན། །དེ་ཡི་འདུལ་བྱེད་གཉིས་པོ་མྲ །དག་པ་ཆོས་སྐུ་ཆེན་པོ་ལས། །སྐུ་[52.3]ཇི་ལྟར་ཤར། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ཐུགས་རྗེའི་སྐུ་གཉིས་སྣང་བ་ཡང་། །ནམ་མཁའ་ལྟ་བུའི་ཆོས་ཉིད་ལ། །མན་ཤེལ་ལྟ་བུའི་རིག་པ་གསལ། །ཉི་ཟེར་ལྟ་བུའི་ཐུགས་རྗེ་བྱུང་། །[52.4]རིགས་དྲུག་ལ། །མུན་པ་ལྟ་བུའི་གཏི་མུག་པས། །དུག་གསུམ་ནད་རྣམས་སེལ་བར་བྱེད། །ཅེས་གསུངས་སོ། །ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་མགོན་པོ་རྡོ་རྗེ་འོད་དཔག་མེད།[52.5]སྣང་ཆེན་པོ་ལ། །འབྲས་བུ་ལོངས་སྐུ་ཇི་ལྟར་རྫོགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། །ཐུགས་རྗེ་སྐུ་གཉིས་སྣང་བ་ཡང་། །གདུལ་བྱ་རྣམས་ལ་ཤར་བར་བཟད། །རང་ལས་ཤེས་[52.6]བར། །མཚན་མར་བཅས་པའི་སྐུ་མི་ ང་། །ཡེ་ཤེས་རང་རིག་ཆེན་པོ་ལ། །མཚན་མ་གཞན་ ང་རྣམ་རྟོག་མེད། །ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་་ན་པ་ཐུགས་རྗེ་ཆེ་མངའ་བས[53.1]ལྔ་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རིག་པ་གཅིག་གིས་ངོ་བོ་ལས། །ཐམས་ཅད་འཆར་ཞིང་སྣང་བའི་ཕྱིར། །ཀུན་སྣང་ཆེན་པོ་ཞེས་ཀྱང་བྱ། །རང་རིག་ཡོན་ཏན་[53.2]མ་འགགས་པས། །རང་བྱུང་ཆེན་པོ་ཞེས་སུ་བཤད། །ཐུགས་རྗེའི་སྟོབས་དང་ལྡན་པས་འོད་དཔག་མེད། །ཤེས་རབ་ཐོགས་པ་མེད་པས་དོན་ཡོད་གྲུབ། །དེ་ཉིད་འགྱུར་བ་མེད་པས་མི་བསྐྱོད་པ། །སྟོང་པ་རིག་པ་[53.3]གཉིས་མེད་ཡེ་ཤེས་ཐོགས་པ་མེད། །ཤེས་རབ་སྐུ་ལྔའི་ངོ་བོ་ཡིན། །དབྱེ་བ་ཡོན་ཏན་སྒོ་ནས་དབྱེ། །ངེས་ཚིག་ཤེས་རབ་ལ་དེ་ལྟར་མཁྱེན་པ་མ་འགགས་པས་ཤེས་རབ་ཀྱི་སྐུའོ། །ཡང་ན་རང་ལ་ཤེས་རབ་མ་[53.4]འགགས་ལ། གདུལ་བྱ་ལ་སྐུར་སྣང་བའི་ཕྱིར་ན་ཡང་དེ་སྐད་ཅེས་བཏགས་སོ། །ཡང་གསང་བའི་བདག་པོས་ཞུས་པ། རང་ལ་སྐུ་མི་སྣང་བའི་གཏན་ཚིགས་ཇི་ལྟར་ལགས། ཞེས་ཞུས་སོ། །ཀྱེ་གསང་བའི་བདག་པོ་[53.5]ལེགས་པར་ཟུང་ཞིག །རང་གི་རིག་པ་དངོས་མེད་ཡེ་དག་ཟང་ཐལ་ཆེན་པོ་ཡིན། དེ་དོན་རྒྱས་པར་བསྟན་པ་ནི། །གཞན་སྣང་མེད་པའི་རང་བཞིན་གཞི། །གཟུགས་སྐུ་མཚན་མ་མེད་པས་རིག་པ་དངོས་མེད་[53.6]ཡིན། སྤྱན་གཉིས་དག་ནས་ཡེ་ཤེས་སྤྱན་མངའ་ཡེ་དག་ཟང་ཐལ་ཡིན། དེའི་གོང་ན་གཞན་མེད་པས་ཆེན་པོར་བཤད། ཅེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། ཆོས་སྐུ་ལས་ཐུགས་རྗེ་[54.1]གཟུགས་སྐུ་གཉིས་འབྱུང་བར་བསྟན་པ་དང་། ཆོས་སྐུ་ཉིད་ལ་རིག་པར་རང་སྣང་ལས་སྐུ་གཉིས་མེད་པར་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་[54.2]རྡོ་རྗེ་འཆང་། །གདུལ་བྱ་ཞེས་ནི་གང་ལ་བགྱི། །སྐུ་རུ་སྣང་ཚུལ་ཇི་ལྟར་སྣང། །ཞེས་ཞུས་པས། སྟོན་པས་གསུངས་པ། གསང་བའི་བདག་པོ་ལེགས་པར་ཟུང་ཞིག །རྣམ་དག་སྟུག་པཤེ་བཀོད་པ་ཡི། །ཆོས་ཉིད་ཆོས་[54.3]སྐུར་དབྱེར་མེད་ཀློང་། །ཡེ་ཤེས་རང་གདངས་བུམ་པ་ལྔ། །མ་འགགས་པ་ཡ་་མྱུ་གུ་སྣང་། །ཆོས་ཉིད་དག་པའི་སྣང་ཆ་ལྔ། །མཐིངས་ག་དཀར་སེར་དམར་དང་ལྗང་། །མ་འདྲེས་གསལ་བའི་ཡེ་ཤེས་རྫོགས། །དེ་ལྔའི་[54.4]ནང་ནས་སྐུ་ལྔ་གྲུབ། །ཕྱོགསབཞི་དབུས་དང་ལྔར་གནས་ཏེ། །དབུས་ནི་ཀུན་སྣང་ཡེ་ཤེས་ལ། །བཞི་པོ་རྣམ་སྣང་ཀུན་ཏུ་ཞལ། །མི་བསྐྱོད་རིན་འབྱུང་ཆེན་པོ་དང་། །འོད་དཔག་མེད་དང་དོན་གྲུབ་ཆེན་པོར་[54.5]སྣང་། །ཕྱག་མཚན་རང་གི་ཐུགས་ལ་གནས། །ཁ་དོག་ལྔ་ཡི་བདག་ཉིད་འཛིན། །གདན་གསུམ་ངང་ལ་ཡོངས་སུ་རྫོགས། །གདུལ་བྱ་རིགས་བཞིའི་སངས་རྒྱས་ཏེ། །དག་གཙང་གསལ་བའ༤་མེ་ལོང་ལ། །བྱད་ཀྱི་[54.6]རྣམ་པ་ཤར་བ་ལྟར། །མཚན་རྫོགས་རྡོ་རྗེ་འཆང་གིས་ནི། །ཆོས་ཉིད་དག་པའི་སྣང་བ་ལ། །མི་བསྐྱོད་རྡོ་རྗེ་རིན་ཆེན་འབྱུང་ལྡན་དང་། །སྣང་བ་མཐའ་ཡས་དོན་གྲུབ་ཤར། །གདན་གསུམ་ངང་ལ་ལྷུན་གྱིས་[55.1]རྫོགས། །རང་རང་ཕྱག་མཚན་ཐུགས་ལ་གབ། །དབྱེར་མེད་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ཡེ་ཤེས་ལྔ་ཡི་སྦུབས་ན་གསལ། །རང་རང་སོ་སོར་ཆོས་ཉིད་ཆེན་པོ་ལས། །ལྔ་པོ་སོ་སོའི་སྦུབས་ན་[55.2]གནས། །རེ་རེ་ལ་ཡང་བཞི་བཞིས་བསྐོར། །ཡེ་ཤེས་ལྔ་རྫོགས་རྩལ་གྱི་མཚན་ཉིད་འཛིན། །གཉིས་མེད་ཡུལ་ལྔ་ལུས་དང་གྲིབ་མ་བཞིན། །ཐབས་དང་ཤེས་རབ་གཉིས་མེད་ཞལ་སྦྱོར་གནས། །རྣམ་སྣང་ཞལ་[55.3]གཟིགས་དགོངས་པ་གཟིགས་མཁྱེན་ཡང་། །རྣམ་སྣང་རང་ལས་གཞན་སྣང་མེད། །རང་བྱུང་རང་སྣང་རང་ཤར་རང་གི་མཁྱེན། །རང་རྩལ་རྩེ་གཅིག་འབྱེད་པ་མེད། །ཅེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་[55.4]པོའི་རྒྱུད་ལས། །ཤེས་རབ་ཀྱིས་གདུལ་བྱ་ལ་སྐུ་ཕྱག་རྒྱར་གསལ་ལུགས་དང་གདུལ་བྱའི་སྐུར་རྫོགས་ཤིང་མཁྱེན་པར་ཤར་བ་བསྟན་པའི་ལེའུ་སྟེ་ཉེར་དྲུག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་[55.5]པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་ཆེན་པོ། །གནས་དང་གདན་རྣམས་གསུང་དུ་གསོལ། །ཞེས་ཞུསླ་སོ། །སྟོན་པས་བཀའ་སྩལ་པ། གནས་མེད་གནས་ཆེན་ཆོས་ཉིད་རྣམ་དག་ན། མ་བྲིས་དཀྱིལ་འཁོར་འགགས་[55.6]མེད་འོད་དུ་གསལ། །ཡང་དག་གསང་བའི་དཀྱིལ་འཁོར་མཆོག །བཞུགས་གནས་ཆེན་པོར་དེར་བཤད་དོ། །དེར་བཞུགས་གདན་གྱི་ཁྱད་པར་གྱིས། །རྟགས་དང་ཁྱད་པར་ཆོས་ཀྱི་གདན། །རྟགས་ལ་རྣམ་པ་ལྔར་[56.1]བཤད་དེ། །སྐུ་གསུམ་འདུ་འབྲལ་མེད་པའི་རྟགས། །རྩལ་གསུམ་རྫོགས་པ་སེང་ཆེན་གདན། །སྐུ་གསུམ་ཆོས་ཉིད་ངང་ན་གནས། །མི་འགྱུར་གླང་ཆེན་གདན་དུ་བཏིངས། །དངོས་མེད་བརྡའ་ཡིན་ཆོས་ཉིད་ངང་ལ་[56.2]བཞུགས། །སྐུ་གཉིས་ཆོས་ཉིད་སྤྱོད་པའི་རྟགས། །བསྐྱོད་པའི་ཤུགས་འཆང་རྟ་མཆོག་གདན། །མཚོན་པའི་བརྡར་བྱེད་ཐུགས་རྗེའི་ཤུགས་ཀྱིས་བསྐྱོད། །ཐུགས་རྗེས་འགྲོ་ལ་མཛེས་པའི་དོན་བྱེད་པས། །མཛེས་པ་[56.3]རྨ་བྱའི་གདན་མཆོག་བཏིང་། །དེས་མཚོན་དཔེ་ཡིས་མཐུན་པར་སྣང་། །རྫུ་འཕྲུལ་སྟོབས་ཀྱིས་ཕྲིན་ལས་ཐོགས་མེད་མཛད། །དེ་ཡི་རྟགས་སུ་མཁའ་ལྡིང་ཐོགས་མེད་གདན། །དེ་རང་མ་ཡིན་ཆོས་མཐུན་མཚོན་པའི་[56.4]དཔེ། །དངོས་སུ་ཐུགས་རྗེ་རྫུ་འཕྲུལ་སྟོབས་དང་ལྡན། །ཐབས་མ་འགགས་པའི་ཡེ་ཤེས་དང་། ཤེས་རབ་འགྱུར་བ་མེད་པའི་ཆོས་ཉིད་ལས། །གཉིས་མེད་སྐུ་དང་ཡེ་ཤེས་གསལ། །དེ་རྟགས་ཉི་ཟླ་རྣམ་གཉིས་[56.5]གདན། །བརྗོད་མཚོན་སྒྲ་སྟེ་སྟོང་པའི་ཡེ་ཤེས་དངོས། །རང་རིག་ཁོང་ནས་ཡེ་ཤར་དྲི་མས་གོས་པ་མེད། །དེས་མཚོན་པདྨའི་གདན་ཏེ་དངོས་མེད་དོན་ལ་སྦྱོར། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་[56.6]ཆེན་པོ་ལས། བཞུགས་གནས་དང་གདན་བསྟན་པའི་ལེའུ་སྟེ་ཉེར་བདུན་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །གདན་གྱི་ངོ་བོ་ངེས་ཚིག་དང་། །དབྱེ་བ་དཔེ་[57.1]།རྣམས་གསུང་དུ་གསོལ། །ཞེས་ཞུསླ་སོ། །སྟོན་པས་བཀའ་སྩལ་པ། ངོ་བོ་ཆོས་ཉིད་འགྱུར་མེད་ཡིན། །བསྡུས་པ་དེ་ལས་མེད་མོད་ཀྱི། །དབྱེ་བའི་སྒོ་ནས་མཚོན་ནས་ཀྱང་། །རྟགས་ཀྱི་གདན་ལ་རྣམ་[57.2]།ཁྱད་པར་གདན་ལ་རྣམ་པ་གཉིས། །ཆོས་ཉིད་གདན་ལའང་དེ་དང་མཚུངས། །རང་རང་དོན་གྱི་ངོ་ལས་སྦྱོར། །ངེས་ཚིག་དེ་ལ་བཞུགས་ཕྱིར་གདན་ཞེས་བྱ། །དབྱེ་བ་རྣམ་པ་གསུམ་ཡིན་ཏེ། །རྟགས་དང་[57.3]ར་ཆོས་དང་གསུམ། །དེ་ལས་ཕྱེ་བས་གོང་མ་བཞིན། །དཔེ་ནི་རྒྱལ་བློན་གདན་ལ་བཞུགས་པ་བཞིན། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། གདན་གྱི་དོན་བཤད་པ་བསྟན་པའི་[57.4]་ཉེར་བརྒྱད་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །གདན་ལ་རྫོགས་པའི་གཙོ་བོ་ལས། །འཁོར་གྱི་སྣང་བ་ཇི་ལྟར་ཤར། །ཚོམ་བུའི་དཀྱིལ་འཁོར་ཇི་ལྟར་[57.5]། །རྗེས་འཇུག་འཁོར་ལ་བཤད་དུ་གསོལ། །ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅོམ་ལྡན་རྡོ་རྗེ་མི་བསྐྱོད་ལས། །ས་སྙིང་བྱམས་པ་གཡས་དང་གཡོན། །ཐུགས་རྗེ་ཐབས་ཀྱི་སྐུ་རུ་[57.6]།ཡུམ་ཆེན་སངས་རྒྱས་སྤྱན་དག་ལས། །ལྭ་པྱ་པྲསྐྲོ་གཡས་དང་གཡོན། །ཐབས་དང་ཐབས་ཀྱི་ཆ་འཛིན་ལས། །ཤེས་རབ་ཤེས་རབ་ཆ་འཛིན་པས། །རེ་རེ་ལའང་གཉིས་གཉིས་སྣང་། །ཚོམ་བུའི་དཀྱིལ་འཁོར་[58.1]གཅིག་ནང་གསལ། །དེ་བཞིན་རིན་ཆེན་འབྱུང་ལྡན་ལས། །ཀུན་བཟང་ནམ་མཁའི་སྙིང་པོ་གཉིས། །གཡས་དང་གཡོན་དུ་ཤར་ཅིང་གསལ། །མྱ་མ་ཀི་ལས་གཡས་གཡོན་དུ། །མུ་ལེ་དྷ་པེ་གཉིས་སུ་གསལ། །ཚོམ་[58.2]བུའི་དཀྱིལ་འཁོར་ཆེན་པོ་གཅིག །བཅོམ་ལྡན་སྣང་བ་མཐའ་ཡས་ལས། །སྤྱན་རས་གཟིགས་དང་འཇམ་དཔལ་གཉིས། །མ་འགགས་གཡས་དང་གཡོན་ན་གསལ། །ཡུམ་ཆེན་ན་བཛོའ་དཀར་མོ་ལས། །གི་ཏི་མ་[58.3]དང་ཨུ་ལོ་ཀེ །གཡས་དང་གཡོན་དུ་དེ་བཞིན་གནས། །ཚོམ་བུའི་དཀྱིལ་འཁོར་ཆེན་པོ་གཅིག །བཅོམ་ལྡན་དོན་ཡོད་གྲུབ་པ་ལས། །ཕྱག་ན་རྡོ་རྗེ་སྒྲིབ་པ་སེལ། །གཡས་དང་གཡོན་དུ་རྣམ་པར་གསལ། །ཡུམ་ཆེན་[58.4]དམ་ཚིག་སྒྲོལ་མ་ལས། །དྲི་ཏི་གརྙེ་གཡས་དང་གཡོན། །ཚོམ་བུའི་དཀྱིལ་འཁོརམ་ཆེན་པོ་གཅིག །ཡབ་རྣམས་ཀུན་ཏུ་བཟང་པོ་ལ། །ཡུམ་རྣམས་ཀུན་ཏུ་བཟང་མོའོ། །དེ་ཡིས་ཀུན་བཟང་ཡབ་ཡུམ་གསལ། །དེ་[58.5]རྣམས་ཕྱིན་ཅི་ལོག་བཞི་ཡི། །མཐའ་གཉིས་ལས་ནི་རབ་འདས་ཤིང་། །རྟག་ཆད་མཐའ་བཞི་རྣམ་པར་དག །བསྣོལ་བའི་སྒོ་བ་ཡབ་ཡུམ་བརྒྱད། །ཡོན་ཏན་རྩལ་རྫོགས་མ་འགགས་བཞི་བཅུ་གཉིས། །མཚན་དང་[58.6]དཔེ་བྱད་མ་ལུས་རྫོགས། །ཐུགས་རྗེའི་མཛད་སྤྱོད་རྒྱན་དང་རོལ་པར་ཤར། །རྣམ་རྟོག་མི་མངའ་ཅིར་ཡང་ས་ལེར་མཁྱེན། །ཡེ་ཤེས་ལུས་ལ་ཆོས་ཀྱི་སྤྱན་མངའ་བས། །མངོན་པར་རྫོགས་པའི་སངས་རྒྱས་རྣམ་[59.1]༄༅ པ་ཐམས་ཅད་མཁྱེན། །མ་འགགས་རང་བྱུང་ཡེ་ཤེས་གསུང་ནི་འགྱུར་མེད་ཡི་གེ་དྲུག །ཐུགས་རྗེ་སྤྲུལ་སྐུར་བྱ་བའི་གཞི་མ་འགགས། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་[59.2]ལས། །ལོངས་སྐུའི་འཁོར་བསྟན་པའི་ལེའུ་སྟེ་ཉེར་དགུ་པའོ།། །།དེ་ནས་ཡང་སྟོན་པས་གསུངས་པ། དེ་ཡིས་མཚོན་པའི་ཚིག་རྣམས་བཤད་ཀྱིས་ལེགས་པར་ཟུང་ཞིག །རྒྱུད་དང་ལུང་དུ་ངས་བཤད་པའི། །ལོངས་སྐུ་[59.3]ཞེས་སུ་འབྱུང་ན་དེ་སྐད་བཤད། །དཀྱིལ་འཁོར་ཞེས་སུ་འབྱུང་བ་དང་། །གཙོ་འཁོར་ཞེས་སུ་འབྱུང་བ་དང་། །ལྔ་ལྡན་རྫོགས་ལྡན་ཞེས་སུ་འབྱུང་བ་དང་། །དེ་བཞིན་གཤེགས་པ་ཞེས་པ་དང་། །རིགས་ལྔའི་སངས་[59.4]རྒྱས་ཞེས་པ་དང་། །སེམས་པ་སེམས་མ་ཞེས་པ་དང་། །འོད་གསལ་རང་སྣང་ཞེས་པ་དང་། །མཚན་རྫོགས་རྡོ་རྗེ་འཆང་གིས་ཞེས་པ་རྣམས། །ཚིག་དོན་མང་ཡང་མདོར་བསྡུས་བསྟན་པ་ཡིན། །སྐུ་ལ་མཚན་དཔེས་[59.5]རབ་བརྒྱན་པས། །མཚན་རྫོགས་རྡོ་རྗེ་འཆང་ཞེས་སོ། །འབོད་སྐད་ཐབས་གསུམ་དོན་གྱིས་ཁོག་སྡེབས་ལ། །ལོངས་སྐུའི་སྣང་བ་དེ་བཞིན་བཤད། །ཅེས་གསུངས་སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་ལས།[59.6]ལོངས་སྐུ་མཚོན་པའི་ཚིག་བསྟན་པའི་ལེའུ་སྟེ་སུམ་བཅུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཡེ་ཤེས་སྐུ་སྟེ་རང་བྱུང་བ། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །སུམ་ཅུ་རྩ་གཉིས་མཚན་[60.1]འཆང་བ། །ལོངས་སྤྱོད་རྫོགས་སྐུ་སྐུ་ཡི་རྒྱལ། །བཞི་བཅུ་རྩ་གཉིས་འོད་གསལ་བའི། །སྤྱི་ཡི་མཚན་ཉིད་ཇི་ལྟར་ལགས། །རང་རང་དོན་ལ་ཇི་ལྟར་སྦྱར། །ཞེས་ཞུས་སོ། །སྟོན་པའི་བཀའ་རྩལ་པ། སྤྱི་ཡི་མཚན་ཉིད་[60.2]བསྟན་པ་ནི། །མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ། །བྱས་པ་མེད་པར་རང་བྱུང་བས། །ལོངས་སྤྱོད་ཆེན་པོ་འོད་ཀྱི་སྐུ། །གྲུབ་ཚུལ་མཚོན་ཚུལ་བསྡུས་པ་ཡིན། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །མཚན་གྱི་རྣམ་[60.3]གྲངས་གཙོ་བོར་བསྡུས། །རྣམ་སྣང་ལ་སོགས་རིགས་ལྔའི་སྐུ། །མེ་ལོང་ནང་གིས་གཟུགས་བརྙན་བཞིན། །སྣང་ལ་རང་བཞིན་མེད་པའི་སྐུ། །ཐུན་མོང་མཚན་དང་ལྡན་པའི་སྐུ། །སྐུ་རེ་ལ་ཡང་ཡོངས[60.4]རྫོགས་པའི། །ཐུན་མོང་སྤྱི་ཡི་མཚན་དཔེ་བསྟན། །ལོངས་སྤྱོད་རྫོགས་པ་སྐུ་ཡི་རྒྱལ། །སྐུ་ཡི་རྔམས་དང་གཟི་བརྗིད་ཀྱིས། །སྤྲུལ་སྐུའི་མཚན་མ་ཟིལ་གྱིས་གནོན། །ཆེ་བའི་ཡོན་ཏན་མདོར་བསྡུས་ཡིན། །བཞི་བཅུ་[60.5]རྩ་གཉིས་འོད་གསལ་བ། །རང་རང་ལྷ་ཡི་དོན་བཤད་ན། །སྐུ་གཅིག་སྐུ་ལྔར་གསལ་བ་རྣམ་པར་སྣང་མཛད་ཡིན། །དེ་ལ་འགྱུར་བ་མེད་པ་མི་བསྐྱོད་པ། །ཡོན་ཏན་ཕྱོགས་མེད་འབྱུང་བས་རིན་ཆེན་འབྱུང་ལྡན་[60.6]ཡིན། །དྲི་མས་མ་གོས་ཐུགས་རྗེའི་རྩལ་སྣང་ནི། །འོད་དཔག་མེད་དེ་པདྨའི་སྐུ། །གང་ལ་ཐོགས་མེད་བདག་གཞན་དོན་འགྲུབ་པས། །ཕྲིན་ལས་མཐར་ཕྱིན་དོན་ཡོད་གྲུབ་པའི་སྐུ། །ཡོན་ཏན་ཆེན་པོ་ཀུན་ཏུ་རྒྱས་པ་[61.1]དང་། །ཤེས་རབ་རྣམ་གཉིས་ཀུན་བསྐྱོད་ལོངས་སྤྱོད་པས། །ཐུགས་ཀྱི་རང་བཞིན་འཁོར་ལོ་རྩིབས་བརྒྱད་པ། །སྐུ་ལྔ་ཡེ་ཤེས་ལྔ་ལྡན་མི་འགྱུར་མི་ཕྱེད་པས། །ཐུགས་ཀྱི་རང་བཞིན་རྡོ་རྗེ་རྩེ་ལྔ་[61.2]གསལ། །ངོ་བོ་མི་འགྱུར་རང་བཞིན་མི་འགག་པར། །ཐུགས་རྗེའི་ཡོན་ཏན་ཐམས་ཅད་འབྱུང་བས་ན། །ཐུགས་ཀྱི་རང་བཞིན་ནོར་བུ་རིན་ཆེན་གསལ། །རང་གིས་ངོ་བོ་དྲི་མེད་རྣམ་དག་པས། །ཐུགས་ཀྱི་རང་བཞིན་[61.3]པདྨ་འདབ་བརྒྱད་གནས། །ཐུགས་ཀྱི་དགོངས་པ་མཐའ་བཞི་ལས་འདས་ཤིང་། །ཚད་མེད་ཡེ་ཤེས་ཕྲིན་ལས་རྣམ་པ་བཞིས། །འགྲོ་དོན་མ་ལུས་རྫོགས་མཛད་པས། །ཐུགས་ཀྱི་རང་བཞིན་རྡོ་རྗེ་རྒྱ་གྲམ་[61.4]གསལ། །ཡུམ་ནི་ཡེ་ཤེས་སྣང་བ་སྟེ། །སྐུ་མདོག་ཕྱག་མཚན་ཡབ་དང་མཐུན། །གཉིས་མེད་ཡེ་ཤེས་འོད་དུ་གསལ། །མ་བཅོས་རང་བཞིན་ཡོངས་ལ་ཁྱབ་པའི་དབྱིངས། །ཡུམ་གྱུར་ཀུན་ཏུ་བཟང་མོའི་དོན། །རང་[61.5]བཞིན་མི་འགྱུར་ངོ་བོ་འགག་པ་མེད། །ཡུམ་ཆེན་སངས་རྒྱས་སྤྱན་གྱི་དོན་ལ་སྦྱར། །ཡོན་ཏན་མདོར་བསྡུས་རང་བཞིན་མཉམ་པར་སྦྱར། །ཡུམ་གྱུར་མྱ་མ་ཀི་ཡི་དོན་ལ་སྦྱར། །ཡོན་ཏན་སྨིན་བྱེད་རང་བཞིན་ཀུན་དྲོ་[61.6]བས། །འོད་ཀྱི་མདངས་དང་ལྡན་པས་དྲི་མས་མ་གོས་སོ་སོར་སྦྱོར། །ཡུམ་གྱི་རང་བཞིན་གོས་དཀར་མོ་དང་སྦྱར། །རང་བཞིན་སྐྱེ་བ་མེད་ཅིང་མི་ལྡོག་གནས་སུ་སྒྲོལ། །མི་འདའ་འཀྱུར་མེད་ངང་ལ་གནས་པས་[62.1]ན། །དམ་ཚིག་སྒྲོལ་མ་ཞེས་བགྱི་དོན་ལ་སྦྱོར། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། སྤྱིའི་མཚན་ཉིད་བསྟན་པ་དང་། རིགས་ལྔ་ཡུམ་ལྔར་སྦྱོར་བ་བསྟན་པའི་ལེའུ་སྟེ་སོ་གཅིག་[62.2]པའོ།། །།དེ་ནས་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །འཁོར་རྣམས་དོན་ལ་ཇི་ལྟར་སྦྱར། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ཀྱེ་ཀྱེ་རྡོ་རྗེ་འཛིན་པ། འཁོར་གྱི་རྣམ་གྲངས་[62.3]མང་མོད་ཀྱང་། །ཡབ་ཀྱི་ཆ་འཛིན་ཡབ་ལ་སྦྱོར། །ཡུམ་གྱི་ཆ་འཛིན་ཡུམ་ལ་སྦྱོར། །ཡབ་ཡུམ་གང་ཡང་གོང་དུ་སྦྱར་བ་བཞིན། །ཞེས་གསུངས་སོ། །དེ་ནས་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་[62.4]འཆང་། །འཁོར་རྣམས་དོན་དུ་སྦྱར་བ་གསུང་བར་ཞུ། །ཞེས་ཞུསླ་སོ། །སྟོན་པས་བཀའ་སྩལ་པ། མི་བསྐྱོད་ཆེན་པོའི་ཞལ་གཟིགས་པས། །མེ་ལོང་ཡེ་ཤེས་དོན་རིག་པ། །ས་ཡི་སྙིང་པོ་དོན་ཀྱི་མཚན། །གསལ་བའི་[62.5]རྟེན་གྱུར་མ་སྐྱེས་བྱམས་པའི་དོན། །གཟིགས་པའི་རྣམ་པ་མ་འགགས་པས། །དེ་གཉིས་དུས་མཚུངས་ལྭ་པྱ་པྲཚོ་མཚན། །རིན་བྱུང་ཆེན་པོ་ཞལ་གཟིགས་པས། །མཉམ་ཉིད་ཡེ་ཤེས་རིག་པ་ཀུན་ཏུ་[62.6]བཟང་། །གསལ་བའི་རྟེན་གྱུར་མ་སྐྱེས་ནམ་མཁའི་དོན། །དོན་གྱི་དྲི་གསལ་མུ་ལེ་ ་པེའི་དོན། །འོད་དཔག་མེད་ཀྱི་ཞལ་གཟིགས་པས། །སོ་སོར་ཀུན་རྟོགས་ཡེ་ཤེས་དོན་རིག་པ། །སྤྱན་རས་གཟིགས་ཀྱི་དོན་དང་[63.1]སྦྱར། །གསལ་བའི་རྟེན་གྱུར་མ་སྐྱེས་འཇམ་དཔལ་དོན། །སྐྱེས་པའི་ཡུམ་གྱུར་གི་ཏི་མ། །ཡེ་ཤེས་དོན་རྣམས་སོ་སོར་བསྟན། །ཇི་ལྷར་བསྐྱེད་དུ་མར་མེ་གསལ། །དོན་གྲུབ་ཆེན་པོའི་ཞལ་མཐོང་[63.2]བ། །བྱ་གྲུབ་ཡེ་ཤེས་ལྔར་དོན་ཡང་གཟིགས་པས། །ཕྱག་ན་རྡོ་རྗེའི་དོན་གྱི་མཚན། །སྐྱེ་བའི་རྟེན་གྱུར་མ་སྐྱེས་སྒྲིབ་པ་རྣམ་པར་སེལ་བའི་དོན། །བསྐྱེད་བྱ་སྐྱེད་བྱེད་དུས་དེས་དྲི་ཏི་གརྙེ་མ། །བརྗོད་བྱ་མང་ཡང་[63.3]མདོར་བསྡུས་པའོ། །གཉིས་མེད་དབྱིངས་དང་ཡེ་ཤེས་ཀུན་བཟང་ཡབ་ཡུམ་དོན། །མཐའ་བཞི་ལས་གྲོལ་བདུད་བཞི་ངང་གིས་བཅོམ། །ཕྱིན་ཅི་ལོག་ལས་གྲོལ་བའི་སྒོ་བ་བཞི། །ཡེ་ཤེས་ཚད་མེད་བཞི་ཡི་དོན་[63.4]མཛད་སྒོ་མ་བཞི། །སྐུ་ལྔ་ངོ་བོ་ཉིད་ཀྱི་སྐུ་དང་དྲུག །མ་འགགས་ཐུབ་པ་དྲུག་གི་དོན་དང་སྦྱོར། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། །ལོངས་སྐུའི་འཁོར་གྱི་དོན་ངོ་བོ་ལ་སྦྱོར་བ་བསྟན་[63.5]པའི་ལེའུ་སྟེ་སོ་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ལོངས་སྐུ་ཤར་ལུགས་དེ་ལྟར་ན། །སྤྲུལ་པ་སྐུ་ཡི་ཞིང་ཁམས་འདིར། །སྟོན་པ་བྱོན་ལུགས་ཇི་[63.6]ལྟར་ལགས། །སྦྲུལ་པའི་སྐུ་རྣམས་ཇི་ལྟར་ཤར། །ཞེས་ཞུས་སོ། །ཀྱེ་ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག །ཆོས་སྐུའི་འོད་གྱུར་ལོངས་སྐུ་བཞི་བཅུ་གཉིས། །དེ་ཡིས་གསུང་ལས་རོལ་པའི་སྤྲུལ་སྐུ་རྣམས། །གདུལ་བྱ་དྲུག་ལ་[64.1]སོ་སོར་འཆམས་པར་བཤད་པའོ། །ཞེས་གསུངས་སོ། །ཡང་གསང་བའི་བདག་པོས་ཞུས་པ། སྟོན་པ་བྱོན་གཞི་དེ་ལྟར་ན། །སྐུ་ཡི་འཁྲུངས་རྟེན་གང་ཞིག་གིས། །རྟོགས་པའི་ཤེས་རབ་ཇི་ལྟར་སྐྱེས། །ཞེས་ཞུས་[64.2]སོ། །སྟོན་པས་བཀའ་སྩལ་པ། །ཕ་དང་མ་ལ་མ་རྟེན་པར། །བུང་བ་མེ་ཏོག་འཛིན་པ་ལྟར། །ཨུ་དུམ་ཝ་རའི་མེ་ཏོག་ལ། །རིག་པའི་ཡེ་ཤེས་ལས་ཞུགས་བརྫུས་ནས་སྐྱེས། །ཞེས་གསུངས་སོ། །ཡང་བཀའ་སྩལ་པ།[64.3]རྡོ་རྗེ་འཛིན་པ་ཉོན་ཅིག །ངས་ལེན་མ་མྱོང་བའི་ལུས་བླངས་པས། །མཐོང་མ་མྱོང་བའི་ཡུལ་གཉིས་མཐོང་། །ཤེས་མ་མྱོང་བའི་གཏམ་ཅིག་ཤེས། །བརྗོད་མ་མྱོང་བའི་ཚིག་ཅིག་བརྗོད། །དེ་ཚེ་རྟོགས་པའི་ཤེས་རབ་[64.4]སྐྱེས། །ཞེས་གསུངས་སོ། །ཡང་ཞུས་པ། རྟོགས་པའི་ཤེས་རབ་ཇི་ལྟར་སྐྱེས། །ཞུས་སོ། །ང་ཡི་ཆོས་སྐུ་དག་པ་ལས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤར། །ལོངས་སྐུ་མ་བསྐྱེད་ལྷུན་རྫོགས་པས། །རྣམ་པ་ཐམས་[64.5]ཅད་མཁྱེན་པར་ཤར། །ང་རང་སྤྲུལ་པའི་སྐུ་ཡིན་པས། །ཆོས་རྣམས་རང་བྱུང་ཆེན་པོར་ཤར། །ང་ཡི་གཞི་ལ་དབང་བཞི་རྫོགས། །ཆུ་བོ་ཆེན་པོ་བཞི་རུ་བཅས། །དེའི་ཚེ་རང་དབང་ངང་གིས་ཐོབ། །ཐུགས་རྗེའི་སྒོ་ལྔ་[64.6]མ་འགགས་པས། །གདུལ་བྱའི་ཞིང་དག་ཐུགས་རྗེས་ཟིན། །ཡིད་ཀྱི་རྣམ་ཤེས་རང་བྱུང་བས། ཁེས་རབ་འབྱུང་བའི་གཞི་མ་འགགས། །ལྕེ་ཡི་རྣམ་ཤེས་སྤྲུལ་པའི་སྐུ། །ཚིག་རྣམས་རང་རང་དོན་ལ་་ར། །ཞེས་[65.1]གསུངས་སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་ལས། སྤྲུལ་པའི་སྐུ་ཇི་ལྟར་འཇིག་རྟེན་དུ་བྱུང་ཚུལ་བསྟན་པའི་ལེའུ་སྟེ་སོ་གསུམ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་[65.2]ཀྱེ་སྟོན་པ་རྡོ་རྗེ་འཆང་། །སྐུ་གསུམ་གྱི་དོན་བཤད་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ཆོས་སྐུའི་ངོ་བོ་ནི་ཕྱོགས་ལྷུང་མེད་པའི་ཤེས་རབ་དང་གཉིས་སུ་མེད་པའ། །ལོངས་སྐུའི་ངོ་བོ་ནི[65.3]མཚན་ཉིད་འཛིན་བའི་ཡེ་ཤེས་གསལ་བ་ལ་མི་རྟོག་པའོ། །སྤྲུལ་པའི་སྐུའི་ངོ་བོ་ནི། ཐུགས་རྗེ་མ་འགགས་པའོ། །ཆོས་སྐུའི་ངེས་ཚིག་ནི་ཁྱབ་པ་དང་རྟེན་བྱེད་པའོ། །ལོངས་སྐུའི་ངེས་ཚིག་ནི། ཞིང་དག་པ་དང་[65.4]འཁོར་སྨིན་པ་དང་ལོངས་སྤྱོད་པའོ། །སྤྲུལ་སྐུའི་ངེས་ཚིག་ནི་མ་འགགས་པའི་ཐུགས་རྗེ་སྣ་ཚོགས་པར་སྤྲུལ་པའི་ཕྱིར་སྤྲུལ་སྐུའོ། །ཡུན་ཐུང་བའི་ཕྱིར་སྤྲུལ་སྐུའོ། །མཐུན་པར་སྣང་བའི་ཕྱིར་སྤྲུལ་སྐུའོ། །མ་ངེས་པར་[65.5]སྣང་བའི་ཕྱིར་ན་སྤྲུལ་སྐུའོ། །ཆོས་སྐུ་ལ་དབྱེ་ན་གསུམ་སྟེ། རིག་པ་ངོས་བཟུང་བྲལ་ཞིང་མི་འགྱུར་བས། ཆོས་སྐུའི་ཆོས་སྐུའོ། །རིག་པ་ཤེས་རབ་ཀྱིས་སྐུ་ལ་མཁྱེན་པ་མ་འགགས་པས་ཆོས་སྐུའི་ལོངས་[65.6]སྐུའོ། །གདུལ་བྱ་ལ་སྣང་བའི་སྐུ་ལྔ་ནི། ཆོས་སྐུའི་སྤྲུལ་སྐུའོ། །རིགས་ཀྱི་བུ་དེ་ལ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཞེས་ཀྱང་བྱའོ། །གཞི་ལ་གནས་པའི་སྐུ་གསུམ་ཞེས་ཀྱང་བྱའོ། །འབྲས་བུ་གཞི་ལ་གྲུབ་པ་ཞེས་[66.1]ཀྱང་བྱའ། །སྐུ་གསུམ་ཇ་ལོག་ཆེན་པོ་ཞེས་ཀྱང་བྱའོ། །འབྲས་བུའི་ངང་ལ་གནས་པ་ཞེས་ཀྱང་བྱའོ། །ལོངས་སྐུའི་ཆོས་སྐུ་ཆེན་པོ་ནི་རྣམ་པར་སྣང་མཛད་ཆེན་པོའོ། །ལོངས་སྐུའི་ལོངས་སྐུ་རིགས་བཞིའོ། །ལོངས་[66.2]སྐུའི་སྤྲུལ་སྐུ་ནི་སེམས་པ་དང་སེམས་མའོ། །དེ་རྣམས་ལ་མཚན་གྱི་བྱེ་བྲག་ནི། འབྲས་བུ་མངོན་དུ་གསལ་བ་ཞེས་བྱའོ། །སྐུ་གསུམ་རྣམ་པར་བཞག་པ་ཞེས་བྱའོ། །ལོངས་སྐུའི་སྐུ་གསུམ་མོ། །སྤྲུལ་སྐུའི་སྐུ་གསུམ་[66.3]ནི། རིགས་བཞི་ཆོས་ཀྱི་སྐུའོ། །སེམས་དཔའ་སེམས་མ་ལོངས་སྐུའོ། །ཐུགས་རྗེའི་འོད་ཟེར་སྤྲུལ་པའི་སྐུའོ། །ཀྱེ་སེམས་དཔའ་ཆེན་པོ་དེ་ལ་ནི་ཐུགས་རྗེ་འབྱུང་བའི་སྐུ་གསུམ་ཞེས་ཀྱང་བྱའོ། །སྐུ་གསུམ་མཐའ་ལ་[66.4]བསྐྱལ་བ་ཞེས་ཀྱང་བྱ། དེ་རྣམས་རྡོ་རྗེ་སེམས་དཔའི་ཐུགས་ལ་གནས་ཤིང་། སྟོན་པའི་དོན་མཛད་པས་འགྲོ་བ་འདུལ་བའི་སྐུ་གསུམ་ཞེས་བྱའོ། །ཀྱེ་གསང་བའི་བདག་པོ་ངེས་པར་ཟུང་ཞིག །ང་རྡོ་རྗེའི་སེམས་པ་ནི་[66.5]སྤྲུལ་སྐུའི་ཆོས་སྐུའོ། །ང་ཡི་དབུ་ཡི་ཐོ་ཚུགས་དང་། མཛོད་སྤུའི་བུ་ག་དང་། ཤངས་ཀྱི་སྒྲོམ་ལ་སོགས་པ་རྣམས་ནས་སྐུ་འཇམ་དཔལ་དྲི་མེད་སྙིང་པོ་ལ་སོགས་པ་རྣམས་ནི་སྤྲུལ་སྐུའི་ལོངས་སྐུའོ། །ཐུབ་པ་དྲུག་[66.6]དགའ་རབ་རྡོ་རྗེ་ལ་སོགས་པ་རྣམས་ནི་སྤྲུལ་སྐུའི་སྤྲུལ་སྐུའོ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། སྐུ་གསུམ་བྱེ་བྲག་བསྟན་པའི་ལེའུ་སྟེ་སོ་བཞི་པའོ།། །།དེ་ནས་ཡང་གསང་བའི་[67.1]བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །དེ་མཚོན་ཚིག་རྣམས་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། །ཀྱེ་གསང་བའི་བདག་པོ། ངས་བསྟན་རྒྱུད་ལུང་ཐམས་ཅད་[67.2]དུ། ངོ་བོ་ངེས་ཚིག་དབྱེ་བ་རྣམ་གྲངས་གང་བྱུང་ཡང་། །ངས་བསྟན་གོང་བཞིན་ཤེས་པར་གྱིས་ཤིག །ཡང་གསང་བའི་བདག་པོས་ཞུས་པ། རྣམ་གྲངས་དོན་རྣམ་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་[67.3]སྩལ་པ། ངོ་བོ་ནི་མ་བྱས་པ། མ་བཅོས་པ། མ་སླད་པ། མི་འགྱུར་བ་རང་བཞིན་རྣམ་པར་དག་པ། འདུས་མ་བྱས་པའི་ཡེཤེས་ཆེན་པོ། །ནམ་མཁའི་ལྟ་བུའི་ཆོས་ཉིད། སྟོང་པ་རྡོ་རྗེའི་ཆོས་ཅན། རིག་པ་དངོས་མེད་[67.4]ཡེ་དག་ཟང་ཐལ་ཆེན་པོའོ། །རང་བཞིན་ནི་གཞི་གནས་ཀྱི་ཡེ་ཤེས་ཆེན་པོ་ལ། མཚན་འིད་འཛིན་པའི་ཡེ་ཤེས་ལྔ། མ་འགགས་པར་ངོ་བོ་ནང་ན་འོད་གསལ་བའོ། །ཐུགས་རྗེ་ནི་སྙིང་པོ་སྐུ་ལྔ། ཕྱག་རྒྱ་མི་འགགས་[67.5]པར་གསལ་བའོ། །རིགས་ཀྱི་བུ་ངོ་བོ་ཆོས་ཀྱི་སྐུ། རང་བཞིན་ལོངས་སྐུ། ཐུགས་རྗེ་སྤྲུལ་སྐུ་སྟེ། ཐམས་ཅད་ཀྱི་གཞི་མ་འགགས་པར་གནས་པས་གཞི་གནས་ཀྱི་སྐུ་གསུམ་མོ། །རྒྱུ་དག་པ་ཆོས་ཀྱི་སྐུ་ལ། འབྲས་བུ་[67.6]དག་པ་ཆོས་ཉིད་གཟུགས་སྐུ་གཉིས་ནང་གསལ་དུ་གནས་པ་ནི། ཡོན་ཏན་དུ་གྲུབ་པ་སྟེ། གཞི་ལ་གྲུབ་པའི་སྐུ་གསུམ་ཞེས་བྱའོ། །སྐུ་གསུམ་ཇ་ལོག་ཞེས་བྱ་བ་ནི། མཚན་ཉིད་སྡེ་གསུམ་ལས་ཇ་ལོག་སྟེ། འདུས་[68.1]བྱས་ཀྱི་ཆོས་ཀ་ནས་དག་པའི་རང་བྱུང་གི་ཡེ་ཤེས་ལྷུན་གྱིས་གྲུབ་པའོ། །སྔགས་ཕྱི་པ་ལས་ཇ་ལོག་སྟེ། རིགས་ལྔ་གདུལ་བྱ་ལ་སྣང་བས་སྤྲུལ་པ་སྟེ། ལོངས་སྐུ་ལ་སྤྲུལ་སྐུ་ཇ་ལོག་གོ། །རྫོགས་པ་ཆེན་པོ་ལ་སོགས་པ་[68.2]ཕྱི་ཐུན་མོང་ལས་ཇ་ལོག་སྟེ། བདག་གིས་མ་བསྒོམས་མི་བསྒོམ་བདག་ཉིད་ཆེན་པོའི་དགོངས་པ་དང་མི་འབྲལ་བར་གནས་སོ། །འདུག་ཚུལ་ཇ་ལོག་སྟེ། ཆོས་སྐུ་གཟུགས་སྐུ་གཉིས་ཀྱི་བདག་མེད་བསམ་འདས་ཀྱི་[68.3]སྐུ་ཡིན་པས། ཆོས་སྐུ་ཇ་ལོག་གོ། །ལོངས་སྐུ་སྤྲུལ་སྐུར་ཇ་ལོག་ཅིང་། སྤྲུལ་སྐུ་ལོངས་སྐུར་ཇ་ལོག་པས་ན་ཇ་ལོག་གོ། །རིགས་ཀྱི་བུ་དེས་ན་ལོངས་སྐུ་མན་ཆད་ནས་ལྟོས་པའི་བརྗོད་ཚིག་གོ། །དེ་ལ་བྱེད་པ་མེད་[68.4]པར་རང་བཞིན་གྱིས་དེ་ལྟར་གནས་པས་ན་ཆེན་པོའོ། །སྐུ་གཉིས་རང་གི་གཞིའ་ངང་ལ་གནས་ཤིང་འབྲས་བུའི་ངང་ལ་གནས་པས་ན། དོན་འགྱུར་བ་མེད་པར་གནས་སོ། །ཀྱེ་གསང་བའི་བདག་པོ་རྣམ་སྣང་ལ་[68.5]ལོངས་སྐུའི་ཆོས་སྐུར་བཞག་པ་ནི། རྣམ་སྣང་ལ་རིགས་བཞི་འབྱུང་ཞིང་རྣམ་སྣང་གི་ཡོན་ཏན་གྱིས་ཁྱབ་པ་སྟེ། རིགས་བཞིའི་གཞི་འམ་ཤེས་བྱར་གྱུར་པའོ། །རིགས་བཞི་ཡང་ཡང་རྣམ་སྣང་གིས་ཐུགས་རྣམ་པར་[68.6]དག་པ་ལ་ལོངས་སྤྱོད་མར་འཁོར་དུ་སྨིན་པས་སེམས་དཔའ་དང་སེམས་མ་ལ་ཐུགས་རྗེ་སྤྱོད་པའོ། །དེས་ན་རིགས་བཞི་ལོངས་སྐུའོ། །དེ་ལས་ཐུགས་རྗེ་བྱེ་བྲག་མི་འདྲ་བར་མཁྱེན་པས་སེམས་དཔའ་སེམས་མར་[69.1]སྤྲུལ་པའོ། །དེ་བཞན་ཆོས་སྐུ་སྐུ་གསུམ་གྱ་བཞག་ལུགས་དང་སྤྲུལ་སྐུ་སྐུ་གསུམ་གྱ་བཞག་ལུགས་ཀྱང་ཤེས་པར་བྱའོ། །སྐུའ་ཆེ་བ་ཡོངས་སུ་རྫོགས་ཏེ་གདུལ་བྱ་འཁོར་སྨན་པ་རྣམས་ལ་མངོན་པར་[69.2]སྣང་བས། འབྲས་བུ་མངོན་པར་གསལ་བའི་དུས་ཤེས་པར་བྱའོ། །ཐུགས་ཀྱི་མཁྱེན་པས་ཡར་ཆོས་སྐུར་གསལ་ཞིང་། སྤྱན་གྱི་སྤྲུལ་པས་མར་སྤྲུལ་སྐུར་གསལ་ཏེ། བར་ན་སྐུ་མཆོག་གསལ་བས་ན། རྣམ་པར་བཞག་[69.3]པའོ། །ཆོས་ཀྱི་སྤྱན་གྱིས་རྣམ་རྟོག་མི་མངའ་བས་གཟིགས་ལ་ཞལ་གྱི་བར་ནས་ཡི་གེ་དྲུག་གིས་འོད་འཕྲོ་བས། འཛམ་བུ་གླིང་བྱེ་བ་ཕྲག་བརྒྱ་ན་རྡོ་རྗེ་སེམས་དཔར་གསལ་ཞིང་། འགྲོ་དྲུག་སྤྱིའི་སྣང་ན་ཐུབ་[69.4]པ་དྲུག་གནང་བས། ཐུགས་རྗེ་འབྱུང་བའི་སྐུ་གསུམ་ནི། ཐུགས་རྗེ་འབྱུང་ལུགས་པར་པ་ནས་འབྱུང་བའི་ཕྱིར་རོ། །དེས་སེམས་ཅན་གྱི་དོན་དངོས་མཛད་པས་སྤྲུལ་པའི་སྐུ་སྟེ། འགྲོ་བ་འདུལ་བའི་སྐུ་གསུམ་མོ། །མ་[69.5]འགགས་པ་སྤྲུལ་བའི་སྐུ་སྟེ། རྩལ་ལམ་ཐུགས་རྗེ་དེ་ལྷར་སྣང་བའོ། །དེ་ནས་ཆོས་སྐུ་ཞེས་པ་དང་། ལོངས་སྐུ་ཞེས་པ་དང་། ཐུགས་རྗེ་ཞེས་པ་དང་། སྤྲུལ་པའི་སྐུ་ཞེས་པ་དང་། མགོན་པོ་ཞེས་པ་དང་། དཔལ་ཞེས་[69.6]པ་དང་། སྐྱབས་ཞེས་པ་དང་། སྟོན་པ་ཞེས་པ་དང་། འཇིག་རྟེན་གྱི་སྒྲོན་མ་ཞེས་པ་མདོར་བསྡུས་ནས་བསྟན་པའོ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་ལས། སྐུ་གསུམ་མཚོན་པའི་ཚིག་དང་[70.1]སྐུའི་རྣམ་གྲངས་བསྟན་པའི་ལེའུ་སྟེ་སོ་ལྔ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། སྐུ་གསུམ་ཡེ་ནས་སངས་རྒྱས་པའི། །སངས་རྒྱས་ངོ་བོ་ངེས་ཚིག་དང་། །དབྱེ་བ་རྣམ་གྲངས་གསུང་[70.2]དུ་གསོལ། །ཞེས་ཞུས་པས་སྟོན་པས་བཀའ་སྩལ་པ། སངས་རྒྱས་ཀྱི་ངོ་བོ་དྲི་མ་མེད་པའི་ཡེ་ཤེས་སོ། །ངེས་ཚིག་ནི་ཉོན་མོངས་པའི་དྲི་མ་དག་ཅིང་། མཁྱེན་པའི་ཡེ་ཤེས་རྒྱས་པས་ནའོ། །དབྱེ་ན་གཉིས་ཏེ་གཞི་ལྷུན་[70.3]གྲུབ་དང་། རྟོགས་པ་མངོན་གྱུར་ཞེས་བྱའོ། །དེ་ལ་ནི་གོང་གི་གཞི་དེའི་མཚན་དང་ལྡན་པས་ན། སངས་རྒྱས་ཞེས་བྱའོ། །ཆོས་སྐུ་ལས་ལོངས་སྐུ་མཆེད་ཅིང་། དེས་སྤྲུལ་སྐུར་སྟོན་པ་སྟེ། སྤྲུལ་སྐུས་འགྲོ་བ་ལ་འཆད་[70.4]པའི་ཕྱིར་ན་སྟོན་པའོ། །རྟོགས་པའི་ ཤེས་རབ་ཀྱིས་ལོག་པར་རྟོགས་པའི་བདུད་བཅོམ་སྟེ། མཁྱེན་པའི་སྟོབས་དང་ལྡན་ཞིང་། གཟུང་འཛིན་གྱི་མཐའ་ལས་འདས་པས་ན་བཅོམ་ལྡན་འདས་སོ། །དེ་ལྟར་མཁྱེན་[70.5]པས་རྟོགས་པ་བདག་གིས་དཔལ་ལོ། ཀུན་གྱི་དོན་བྱེད་ཅིང་འཆད་པས་ན་ཐུགས་རྗེ་གཞན་གྱི་དཔལ་ལོ། །འགྲོ་བའི་མ་རིག་པའི་མུན་པ་སེལ་པའི་སྒྲོན་མའོ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་[70.6]རྒྱུད་ལས། སངས་རྒྱས་ཀྱི་ངོ་བོ་ངེས་ཚིག་དབྱེ་བ་དང་། མཚན་མདོར་བསྡུས་ནས་བ ན་པའི་ལེའུ་སྟེ་སོ་དྲུག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཆོས་[71.1]སྐུའི་བདུད་འཇོམས་ཇི་ལྟར་ལགས། །ལོངས་སྐུའི་འདུད་འཇོམས་ཇི་ལྟར་ལགས། །སྤྲུལ་སྐུའི་བདུད་འཇོམས་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ཆོས་སྐུ་འགག་པ་མེད་པས་[71.2]འཆི་བདག་གི་བདུད་བཅོམ། མཚན་མ་མེད་པས་ཕུང་པོའི་བདུད་བཅོམ། དེ་གཉིས་སུ་མེད་པས་ཉོན་མོངས་པའི་བདུད་དང་ལྷའི་བུའི་བདུད་བཅོམ། དེ་ནི་ངང་གིས་བཅོམ་པ་ཡིན། སྲོག་མེད་སྐུ་ལྔས་འཆི་བདག་གི་[71.3]བདུད་བཅོམ། ཡེ་ཤེས་སྒྱུ་མས་ཕུང་པོའི་བདུད་བཅོམ། སེམང་།་རྟོ་་ག་མེད་ཀྱིས་ཉོན་མོངས་པའི་བདུད་དང་ལྷའི་བུའི་བདུད་བཅོམ། ཆོས་སྐུ་དོན་ལྡན་རྟོགས་པའི་འཆི་བདག་གི་བདུད་བཅོམ། རྡོ་རྗེ་སེམས་དཔའ་[71.4]སྤྲུལ་པའི་སྐུའི་དོན་ལྡན་རྟོགས་པས་ཉོན་མོངས་བདུད་དང་ལྷའི་བུའི་བདུད་ཀྱང་དེ་བཞིན་བཅོམ། ལོངས་སྐུའི་དོན་ལྡན་རྟོགས་པའི་ཕུང་པོའི་བདུད་ཀྱང་བཅོམ། ཞེས་གསུངས་སོ། །ཡང་གསང་བའི་བདག་པོས་[71.5]ཞུས་པ། ཆོས་སྐུའང་ལྡན་ལུགས་ཇི་ལྟར་ལགས། །ལོངས་སྐུའི་ལྡན་ལུགས་ཇི་ལྟར་ལགས། །སྤྲུལ་སྐུའི་ལྡན་ལུགས་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ཆོས་སྐུ་ཡོན་ཏན་སྒོ་ཡངས་པས། །ཡེ་[71.6]ཤེས་ལྔ་དང་སྐུ་གཉིས་ལྡན། །ལོངས་སྐུ་མཚན་དང་དཔེ་བྱད་ལྡན། །དགོངས་པ་ཡེ་ཤེས་ལྔ་དང་ལྡན། །མངོན་པར་ཤེས་པའི་ཆོས་དྲུག་ལྡན། །སྤྲུལ་སྐུ་ཆོ་འཕྲུལ་རྫུ་འཕྲུལ་ལྡན། །ཟུར་ཙམ་བསྡུས་ནས་བསྟན་པ་[72.1]ཡིན། །ཡང་གསང་བའི་བདག་པོས་ཞུསླ་པ། སྐུ་གསུམ་འདས་ལུགས་ཇི་ལྟར་ལགས། །ཞེས་ཞུསླ་སོ། །སྟོན་པས་བཀའ་སྩལ་པ། ཆོས་སྐུ་མཐའ་རྣམས་ཀུན་ལས་འདས། །ལོངས་སྐུ་གཟུང་འཛིན་འཁོར་བའི་ཆོས་[72.2]ལས་འདས། །སྤྲུལ་སྐུ་ཤེས་རབ་ཆེན་པོ་ཐུགས་རྗེའི་ཐབས་ལྡན་པས། །འཁོར་འདས་གཉིས་ཀའི་མཐའ་ལ་མི་གནས་འདས། །འདས་ལུགས་མང་ཡང་བསྡུས་ནས་བསྟན་པ་ཡིན། །ཞེས་གསུངས་སོ། །ཡང་གསང་[72.3]བའི་བདག་པོས་ཞུས་པ། ཆོས་སྐུའི་སངས་རྒྱས་ཇི་ལྟར་ལགས། །ལོངས་སྐུའི་སངས་རྒྱས་ཇི་ལྟར་ལགས། །སྤྲུལ་སྐུའི་སངས་རྒྱས་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པའི་བཀའ་སྩལ་པ། ཆོས་སྐུ་མཚན་མའི་ཆོས་[72.4]གཉིས་སུ་སྣང་བ་ཐམས་ཅད་སངས། །རང་གསལ་གཉིས་མེད་ཡེ་ཤེས་རྒྱས། །ལོངས་སྐུ་འཁོར་བའི་ཆོས་རྣམས་སངས། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །སྐུ་ཡི་ཆེ་བའི་ཡོན་ཏན་རྒྱས། །སྤྲུལ་པའི་སྐུ་ཡི་མ་[72.5]རིག་པ་དང་། །ལོགས་པར་ལྟ་བ་ཐམས་ཅད་སངས། །འཁོར་བ་འཁྲུལ་བའི་སྣང་བ་སངས། །ཤེས་རབ་ཐབས་དང་ཐུགས་རྗེ་རྒྱས། །ཞེས་གསུངས་སོ། །ཡང་གསང་བའི་བདག་པོས་ཞུས་པ། སྐུ་གསུམ་དྲི་མ་ཇི་ལྟར་[72.6]དག །སྟོན་པས་བཀའ་སྩལ་པ། །ཆོས་སྐུ་ངོ་བོ་ཉིད་ཀྱི་དྲི་མ་དག །ལོངས་སྐུ་ཤེས་བྱའི་དྲི་མ་དག །སྤྲུལ་སྐུ་ཉོན་མོངས་དྲི་མ་དག །ཅེས་གསུངས་སོ། །སྤྲོས་བྲལ་དོན་གསལ་རྒྱུད་ཆེན་པོའི་རྒྱུད་ལས། སྐུ་གསུམ་གྱི་[73.1]བཅོམ་ལྡན་འདས་སངས་རྒྱས་དང་དྲི་མ་དག་ཚུལ་བསྟན་པའི་ལེའུ་སྟེ་སོ་བདུན་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། །སྐུ་གསུམ་ཐུགས་རྗེ་མ་འགགས་པས། །འགྲོ་དོན་མཛད་[73.2]ཚུལ་ཇི་ལྟར་ལགས། །སྟོན་པས་བཀའ་སྩལ་པ། རིགས་ཀྱི་བུང་དང་པོ་བྱིས་པ་ལོ་བརྒྱད་ལོན་པའི་ཚད་དུ་སྐྱེས་སོ། །དེ་ནས་ལོ་བརྒྱད་ཀྱི་བར་དུ་ཤེས་རབ་ཀྱི་སྲོག་ཤིང་ལ་ཡེ་ཤེས་ལྔའི་འཁོར་ལོ་བསྐོར་ནས། རྟོགས་[73.3]པས་བདག་བསྒྲལ་ཏེ། དགོངས་པ་ཉིད་ལ་ཉིད་འགྲེལ་ལོ། །དེ་ནས་ལོ་བརྒྱད་ཀྱི་བར་དུ་སྤྲུལ་པ་མང་དུ་ཕྱུང་ནས་འགྲོ་བའི་དོན་བྱས་ཏེ། ལྷ་གནས་དང་པོར་འཁོར་རྣམས་ཀྱི་སྡུག་བསྔལ་གྱི་གདུང་པ་བསལ་ཏེ། རིན་[73.4]པོ་ཆེའི་དར་སྐུད་ལ་མུ་ཏིག་གི་ཕྲེང་བ་བརྒྱུས་ནས་འཁོར་ལོ་ཕྱིར་བསྐོར་ཏེ། ཐུགས་རྗེ་གཞན་བསྒྲལ་བའི་ཕྱིར། ལྡེམ་པོའི་དོན་ལ་དགོངས་ནས་ཐེག་པ་ཐུན་མོང་རྣམས་བཤད་དོ། །དེ་ནས་ཡང་མེ་རི་འབར་བའི་རྩེ་[73.5]མོ་ལ་སངས་རྒྱས་ཀྱི་བདེན་པ་ངེས་པར་མཐོང་ནས། སྣང་བ་སྟོང་པའི་ཆོས་རྣམས་བཤད་དོ། །དེ་ནས་བྱ་རྒོད་ཕུང་པོའི་རི་ལ། རྒྱུད་ཆེན་པ་་གསང་བ་རྨད་དུ་བྱུང་བ་རྣམས་ཐུགས་ལས་བཀྲོལ། མགུར་གྱི་བུམ་པ་ལ་[73.6]འདྲིལ། ལྗགས་ཀྱི་པདྨ་ལ་བསྐྱོན། ཡོན་ཏན་རྣམ་པ་ལྔའི་རྣམ་པར་ཤེས་པས་བཀྲམས། རིག་པའི་ཁུ་བྱུག་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ་གཅིག་ཏུ་བཤད་དེ། འཁོར་གྱི་བློའི་ཐེ་ཚོམ་དང་སྤྲོས་པ་བཅད་[74.1]དོ། །ལོ་ཉི་ཤུ་རྩ་བཞི་ན་མྱ་ངན་ལས་འདའ་ཁར་ཞལ་ཆེམས་རྣམ་པ་གསུམ་བཤད་དོ། །རྗེས་འཇུག་གི་དོན་དུ་སྤྲོས་བྲལ་དོན་གསལ་དང་གཅིག །གཅིག་ཤེས་ཀུན་གྲོལ་དང་གཉིས། རིན་ཆེན་ཀུན་འདུས་དང་གསུམ་[74.2]བཤད་དོ། །ངའི་རྗེས་སུ་ནི་འཇུག་ལ་ང་དང་ཕྲད་པའི་སྐལ་བ་མེད་པ་རྣམས་ཀྱི་དོན་དུ་བཞག་པའོ། །ངའི་སྐུ་གསུམ་གྱི་གདུང་རྟེན་དེ་བཞིན་དུ་བཞག་ནས། ང་ཡོངས་སུ་མྱ་ངན་ལས་འདས་སོ། །ཞེས་མ་འོངས་པའི་[74.3]དོན་དུ་དེ་སྐད་སྨྲོས་ཤིག །ཅེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། སྤྲུལ་སྐུའི་དོན་འཛད་ལུགས་བསྟན་པའི་ལེའུ་སྟེ་སོ་བརྒྱད་པའོ།། །།དེ་ནས་ཡང་སྟོན་པས་མཚོན་པ་བསམ་གྱི་[74.4]མི་ཁྱབ་པའི་དགོངས་པ་ལ་བཞུགས་སོ། །དེའི་ཚེ་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་ཐབས་ཀྱི་བདག །ལྡེམ་པོའི་དོན་ལ་དགོངས་པ་ཡི། །ཐེག་བརྒྱད་དོན་རྣམས་གསུང་དུ་གསོལ། །ཞེས་ཞུསླ་[74.5]སོ། །རིན་པོ་ཆེ་མཆོད་རྟེན་བང་རིམ་དགུ་པའི་སྟེང་ནས་སྟོན་པ་གཡུའི་བྱ་ཁུ་བྱུག་སྐད་ལན་བཞིན་འདོན་པའི་མན་ངག །གྲྭ་ཧྭ་སརྦ་ཡུ་ན་པྲ་ས་ར་ཡ་དུས་ཡ། སྟོན་པས་བཀའ་སྩལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་[74.6]ལེགས་པར་ཟུང་ཞིག །ང་དང་ང་ཡི་སྤྲུལ་པ་ཡིས། ཐུན་མོང་སྤྱི་དང་ཁྱད་པར་གྱི་འཁོར་གདུལ་བྱ་རྣམ་པ་གཉིས་ལ། ལྡེམ་དགོངས་སུ་བསྟན་པའོ། །ལྡེམ་པོའི་ལྟ་བ་འདི་ལྟར་ཏེ། །ཉན་ཐོས་རང་རྒྱལ་སེམས་དཔའ་[75.1]དང་། ། ་ཡོག་སྡེ་གསུམ་བསྐྱེད་རྫོགས་གཉས། །བདེན་པ་ཕྱོགས་རེ་ནས་བཟུང་ནས། །གཟའ་གཏད་བཅས་པའ་ལྟ་བ་བརྒྱད། །བློ་ཡུལ་གཉས་ཀྱ་མུར་འཛིན་པས། །རང་རག་ཡེ་ཤེས་ལ་མ་[75.2]ཟློས། །དེ་བས་ཕྱིན་ཅི་ལོག་པ་ཡིན། །དོན་ལས་ཉམས་དང་གོལ་བའི་ཕྱིར། །ཞེ་འདོད་བློ་ཡི་ལྟ་བ་ཡིན། །ཀྱེ་གསང་བའི་བདག་པོ་ཞེ་འདོད་ཆས་པའི་ལྟ་བ་བརྒྱད། གང་ཟག་བདག་མེད་རྟོགས་ཀྱང་ཆོས་ཀྱི་བདག་[75.3]མ་སྤངས། །ཆོས་ཀྱི་བདག་ནི་གཟུང་འཛིན་གཉིས་སུ་སྣང་། །འཛིན་པའི་རྒྱུན་རྟོག་སྐད་ཅིག་འགགས། །རྟགས་ཆད་གཉིས་ལས་འདས་པར་བལྟ། །དཔེར་ན་ཆུ་བོ་གདྷ་བཞིན། །གཟུང་བྱ་ཀུན་རྫོབ་རྣམ་པར་[75.4]གསལ། །དོན་དམ་རྡུལ་ཕྲན་རྫས་སུ་འདོད། །དཔེར་ན་གཡག་རྔ་ནེ་སེང་བཞིན། །མདོ་སྡེ་བྱེ་བྲག་གཉིས་སུ་འདོད། །ཉན་ཐོས་ཞེ་འདོད་ཡིན་པས་ན། །གཉིས་མེད་བདེ་ཆེན་དོན་དང་འགལ། །གང་ཟག་བདག་མེད་[75.5]གང་མཐུན་ངེས་རྟོགས་ལ། །ཆོས་ཀྱི་ཁམས་ལ་ཕྱོགས་གཅིག་བདག་མེད་ལྟ། །དེ་གཉིས་མཚན་མར་ངེས་འཛིན་པ། །རང་རྒྱལ་ཞེ་འདོད་ལྟ་བ་ཡིས། །གཉིས་མེད་བདེ་ཆེན་དོན་ལས་ཉམས། །བདག་གཉིས་བྲལ་[75.6]བར་བལྟ་ཞིང་བདེན་གཉིས་ཚུལ་དུ་འདོད། །དོན་དམ་སེམས་སུ་བལྟ་བ་དང་། །ཀུན་རྫོབ་སྐུར་པ་མི་འདེབས་པ། །དཔེར་ན་རྨི་ལམ་སྨིག་རྒྱུ་བཞིན། །བྱང་ཆུབ་སེམས་དཔའི་ལྟ་བ་ཡིན། །གཉིས་མེད་ཡེ་ཤེས་དོན་[76.1]ལས་གོལ། །མི་རྟོག་སྐྱེ་འགག་མེད་པའི་ངང་ལས་མ་གཡོས་ཀྱང་། །སེམས་དཔའ་རྣམ་གཉིས་རྗེ་དང་བྲན་དུ་བལྟ། །ཀྲི་ཡུའི་ལྟ་བ་ཞེ་འདོད་དང་བཅས་པས། །ཀུན་བཟང་བདེ་ཆེན་དོན་དང་འགལ། །མི་རྟོག་ངང་[76.2]ལས་མ་གཡོས་སྐྱེ་འགག་བྲལ་བཞིན་དུ། །སེམས་དཔའ་རྣམས་གཉིས་སྤུན་དང་གྲོགས་པོར་བལྟ། །ཨུ་པ་ཡོ་གའི་འདོད་པ་ཡིས། །དབྱེར་མེད་ཡེ་ཤེས་བདེ་ཆེན་དོན་ལས་འགལ། །མ་སྐྱེས་འགག་པ་མེད་ཅིང་མི་[76.3]རྟོག་གཡོ་བ་མེད་བཞིན་དུ། །ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོར་བལྟ། །མ་ཧྭ་ཞེ་འདོད་མཚན་མར་འཛིན། །སྤྲོས་བྲལ་བདེ་བ་ཆེན་པོའི་དོན་ལས་གོལ། །མ་གཡོས་མི་རྟོག་སྐྱེ་འགག་མེད་བཞིན་དུ། །དབྱིངས་[76.4]དང་ཡེ་ཤེས་ལྷ་དང་ལྷ་མོར་འཛིན། །ཨ་ནུའི་ཞེ་འདོད་ལྟ་བ་ཡིན། །དངོས་མེད་ཟང་ཐལ་རང་སྣང་བདེ་ཆེན་དོན་ལས་གོལ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། །ཐེག་པ་བརྒྱད་ཀྱི་གྲུབ་[76.5]མཐའ་བསྟན་པའི་ལེའུ་སྟེ་སོ་དགུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །ཐེག་པ་བརྒྱད་དུ་དེ་ལྟར་གསུངས་པ་དེ། །དགོངས་པ་ཉམས་སུ་ཇི་ལྟར་ལེན། །ཞེས་ཞུས་[76.6]སོ། །་ན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །དམིགས་གཏད་བཅས་པའི་བསྒོམས་པ་བརྒྱད། །རྩོལ་བའི་བློ་ཡིས་ཡུལ་བཟུང་ནས། །ཉན་ཐོས་ཐེག་པས་འདི་ལྟར་བསྒོམ། །རང་ལུས་རྡོས་[77.1]བཅས་ཕུང་པོ་ལ། །མི་གཙང་རྫས་སུ་འདུ་ཤེས་བསྐྱེད། །རྣམ་པར་སྔོ་དང་བམ་པ་དང་། །རུལ་བ་མྱགས་པར་བསྒོམ་པ་སྟེ། །གཟུགས་ཕུང་ཞེན་པའི་མཐའ་ལས་བཟློག །ཞི་གནས་ཡན་ལག་བཅུ་[77.2]གཉིས་ལྡན། །ཚོགས་དྲུག་ཡུལ་དང་རྟོག་པ་སྤང་། །རང་རྒྱལ་འདོད་པ་འདི་ལྟར་བསྒོམ། །དང་པོ་མ་རིག་ལ་སོགས་ནས། །མཐའ་མ་རྒ་ཤིར་ཐུག་པར་བསྒོམ། །རང་གི་དཔྲལ་བར་སེམས་གཏད་དེ། །ཀེང་རུས་[77.3]དཀར་པོ་མཐེབ་ལོངས་ཙམ། །དེ་ལ་སེམས་ཟིན་བརྟན་པ་དང་། །དེ་ལས་མཆེད་ནས་ཀེང་རུས་བལྟ། །དེ་ནས་རིམ་པར་འགག་པར་བསྒོམ། །བྱང་སེམས་འདོད་པ་འདི་ལྟར་བསྒོམ། །དེ་ཡང་བློ་ཡིས་འདོད་པ་[77.4]ཡིས སེམས་ཙམ་སེམས་ཉིད་རང་གསལ་བསྒོམ། །དབུ་མ་བདེན་པ་དབྱེར་མེད་ནམ་མཁའི་དཀྱིལ་ལྟར་བསྒོམ། །ཀྲི་ཡའི་འདོད་པ་འདི་ལྟར་བསྒོམ། སྟོང་པའི་ལྷ་ཚོགས་སྔོན་སོང་ནས། །རིགས་གསུམ་ཕྱག་རྒྱ་[77.5]ལྡན་པར་བསྒོམ། །ཡོ་གའི་ཞེ་འདོད་འདི་ལྟར་བསྒོམ། །བྱང་ཆུབ་རྣམ་ལྔ་སྔོན་སོང་ནས། །སུམ་ཅུ་རྩ་བདུན་ཕྱག་རྒྱ་བཞི་དང་ལྡན་པར་བསྒོམ། །མ་ཧྭ་ཡོ་གའི་བསྒོམ་པ་ནི། །ཏིང་འའཛན་རྣམ་གསུམ་སྔོན་སོང་[77.6]ནས། །ཞི་ཁྲོ་རབ་འབྱམས་བསྒོམ་པར་བྱེད། །ཕྱག་རྒྱ་བཞི་ལྡན་བསྒོམ་པའི་མཆོག། །ཨ་ནུ་ཡོ་གའི་ཞེ་འདོད་བསྒོམ་པ་ནི། །སྙིང་པོ་བརྗོད་པ་སྔོན་སོང་ནས། །ཕུང་པོ་ལྷ་ཡི་ཕྱག་རྒྱ་བཞི། །དཔེར་ན་ཆུ་ལས་ཆུ་བུར་[78.1]དང་། །ཚྭ་ཚྭ་བརྐོས་ཕོར་ནང་ནས་བཏོན་པ་བཞིན། །སྐད་ཅིག་མ་ལ་གསལ་བར་བསྒོམ། །བསམ་ཏན་ཡན་ལག་སྔོན་སོང་ནས། །དངོས་གཞི་བྱེ་བྲག་དེ་ལྟར་བསྒོམ། །དགོས་ཆེད་མཐར་ཕྱིན་འབྲས་བུ་ཐོབ། །ཅེས་[78.2]གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། ཐེག་པ་བརྒྱད་ཀྱི་བསྒོམ་པ་བསྟན་པའི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། རང་རང་དོན་ལ་བསྒོམ་དུས་[78.3]སུ། །སྤྱོད་པའི་བྱེ་བྲག་ཇི་ལྟར་སྤྱད། །ཅེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། གསང་བའི་བདག་པོ་ལེགས་པར་ཟུང་ཞིག །ཐེག་བརྒྱད་རང་གི་སྤྱོད་པ་བསྟན། །སྡུག་བསྔལ་རྩོལ་བསྒྲུབ་བཅས་པར་སྤྱོད། །སྤྱོད་པ་[78.4]བླང་དོར་མེད་པར་མ་རྟོགས་པས། །ཐུན་མོང་མ་ཡིན་བླང་དོར་སྤྱོད། །ཉན་ཐོས་སྤྱོད་པའི་ཁྱད་པར་ནི། །མ་བྱིན་ཝེན་དང་མི་ཚངས་སྤྱོད། །སྲོག་གཅོད་རྣམ་པར་སྤང་པ་སྟེ། །ལུས་ཀྱི་སྤྱོད་པ་རྣམ་པར་དག །ངག་[78.5]གི་སྤྱོད་པ་དག་པ་ནི། །རྫུན་དང་ངག་འཁྱལ་ཕྲ་མ་དང་། །ཞེ་གཅོད་ཚིག་རྣམས་མེད་པར་སྤྱོད། །ཡིད་ཀྱི་སྤྱོད་པ་དག་པ་ནི། །བརྣབ་སེམས་གནོད་སེམས་ལོག་ལྟ་བྲལ་བ་ཡིན། །དགེ་བཅུ་རྣམས་ནི་རང་གི་དོན་[78.6]དུ་སྤྱོད། །རང་རྒྱལ་བ་ཡི་སྤྱོད་པ་ནི། །རྫུ་འཕྲུལ་ཡ་མ་ཟུང་འགའ་ཡིས། །འགྲོ་དོན་ཤས་ཙམ་སྤྱོད་པར་བྱེད། །བྱང་ཆུབ་སེམས་པའི་སྤྱོད་པ་ནི། །ཚད་མེད་བཞི་དང་བསྡུ་བ་བཞི། །གཙོ་རུ་གཞན་གྱི་དོན་དུ་སྤྱོད། །ཀྲི་[79.1]ཡ་པ་ཡི་སྤྱོད་པ་ནི། །ཕྱི་ནང་རྫས་གསུམ་དག་པར་སྤྱོད། །ཡོ་ག་དག་གི་སྤྱོད་པ་ནི། །ཕྲིན་ལས་རྣམ་པ་བཞི་དག་དང་། །ཁོ་ན་ཉིད་བཞི་སྤྱོད་པར་བྱེད། །མ་ཧྭ་ཡོ་གའི་སྤྱོད་པ་ནི། །ཐབས་དང་ཤེས་རབ་[79.2]གཉིས་སྒོ་ནས། །འགྲོ་དོན་མཐའ་རུ་ཕྱིན་པར་སྤྱོད། །ཨ་ནུ་ཡོ་གའི་སྤྱོད་པའི་གནས་སྐབས་ནི། །གཉིས་སུ་མེད་པའི་ཚུལ་གྱིས་སུ། །དབྱིངས་དང་ཡེ་ཤེས་རྣམ་པ་གཉིས། །གཉིས་མེད་གཅིག་ལ་ཡོངས་[79.3]སུ་སྤྱོད། །ཅེས་གསུངས་སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆན་པོ་ལས། ཐེག་པ་བརྒྱད་ཀྱི་སྤྱོད་པ་བསྟན་པའི་ལེའུ་སྟེ་ཞེ་གཅིག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། སྟོན་པ་ཐུགས་[79.4]རྗེ་ཐབས་ཀྱི་བདག །དེ་ཡིས་འཇུག་སྒོ་བསྲུང་མཚམས་དང། །སྒྲུབ་པའི་ཐབས་རྣམས་ཇི་ལྟར་ལགས། །སོ་སོའི་འབྲས་བུ་ཅི་ལྟར་སྨིན། །ཞེས་ཞུསླ་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ངེས་ཟུང་[79.5]ཞིག །ཞུགས་ནས་དེ་ཡི་དོན་སྤྱོད་པས། །སོ་སོའི་འཇུག་སྒོ་སྤྱོད་པར་བསྡུ། །ལྟ་བའི་དོན་ལས་མི་འདའ་བས། །སོ་སོའི་དམ་ཚིག་ལྟ་བར་བསྡུ། །སོ་སོའི་ལྟ་བ་གོམས་པས་བསྒྲུབ་པའི་མཆོག །དེ་ལ་དེ་ཉིད་དེར་[79.6]བསྡུས་པའོ། །ཐེག་པ་སོ་སོའ་་འབྲས་བུ་ནི། །ལྟ་བ་མངོན་དུ་གྱུར་པ་འབྲས་བུའི་མཆོག །ཉན་ཐོས་དག་གི་འབྲས་བུ་ནི། །ལྟ་སྒོམ་སྤྱོད་པ་མཐར་ཕྱིན་པས། །འབྲས་བུ་ཟུང་བཞི་ཡ་བརྒྱད་སྨིན། །རང་རྒྱལ་དག་གི་[80.1]འབྲས་བུ་ཡང་། །ལྟ་སྒོམ་སྤྱོད་པ་མཐར་ཕྱིན་པས། །དགོས་པ་འབྲས་བུ་རྣམ་གཉིས་ཐོབ། །དཔེར་ན་ནེ་ཙོ་བསེ་རུ་བཞིན། །བྱང་སེམས་དག་གི་འབྲས་བུ་ཡང་། །ལྟ་བ་སྒོམ་པ་སྤྱོད་པ་རྣམས། །མངོན་འགྱུར་ས་བཅུ་[80.2]རིམ་སྦྱངས་ནས། །ཀུན་དུ་འོད་ལ་གནས་པར་འདོད། །ཀྲི་ཡའི་འབྲས་བུ་རྫོགས་པས་ནི། །རང་གི་ལྟ་སྒོམ་དོགས་ཆོད་པས། །རིགས་གསུམ་སྐུ་གསུམ་ངོ་བོར་འདོད། །རྡོ་རྗེ་འཛིན་པའི་ས་ནོན་པའོ། །ཡོ་ག་དག་གི་[80.3]འབྲས་བུ་ནི། །ལྟ་སྒོམ་སྤྱོད་པའི་བྱིན་རླབས་ཀྱིས། །སུམ་ཅུ་རྩ་བདུན་མངོན་རྫོགས་ཏེ། །སྐུ་གསུམ་རང་བཞིན་ལྷུན་གྱིས་གྲུབ། །མ་ཧྭ་ཡོ་གའི་འབྲས་བུ་ནི། །ལྟ་བ་ལ་སོགས་མངོན་གྱུར་ནས། །ཕྱག་རྒྱ་ཆེན་པོར་[80.4]མངོན་རྫོགས་པས། །བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་མངོན་པར་འགྲུབ། ཨ་ནུ་དག་གི་འབྲས་བུ་ཡང་། །ལྟ་བ་དག་གི་དགོས་པ་ནི། །རྡོ་རྗེ་སེམས་དཔའ་མཚན་ཡོངས་སུ་རྫོགས་པའི་ས་མནོན་ནས། མ་ཆག་པདྨ་[80.5]ཅན་གྱི་ས་ལ་གནས། ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། ཐེག་པ་སོ་སོའི་འབྲས་བུ་དང་། འཇུག་སྒོ་བསྲུང་མཚམས་སྒྲུབ་ཐབས་གསུམ་ལྷ་སྒོམ་སྤྱོད་པའི་བསྡུ་ཐབས་བསྟན་པའི་ལེའུ་སྟེ་[80.6]ཞེ་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཐེག་བརྒྱད་ལྟ་སྒོམ་སྤྱོད་པ་དང་། །འབྲས་བུ་མཐར་ཕྱིན་དེ་ལྟར་ན། །ཨ་ཏིའི་དོན་ལ་འཇུག་པ་ཡི། །མན་ངག་[81.1]༄༅ རམ་པ་ ་ལྟར་ལགས། །འགྲོ་བ་སེམས་ཅན་ཐམས་ཅད་ལ། །སྐུ་གསུམ་ཡེ་ཤེས་རྣམ་པ་ལྔ། །རང་ལ་རང་ཆས་ཡོད་པ་ལ། །གང་ཟག་ལམ་དུ་ཞུགས་པ་རྣམས། །ཀུན་གྱ་ ་རྟོགས་ཇ་ལྟར་[81.2]ལགས། །ཕྱི་ཡི་ཡུལ་ཉིད་ཆོས་ཉིད་ལ། །གཞན་གྱི་སྒྲིབ་པ་མེད་པ་སྟེ། །མཐོང་བ་མེད་པ་ཇི་ལྟར་ལགས། །རྡོ་རྗེ་འཆང་གིས་བཤད་དུ་གསོལ། །དེ་སྐད་ཅེས་ནི་ཞུས་པ་ལས། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཉོན་[81.3]ཅིག་གསང་བདག་ཞུ་བ་པོ། །སྐུ་གསུམ་ཡེ་ཤེས་ལྔ་ཡི་དོན། །ངོ་བོ་གཅིག་ལ་མཚོན་ཚུལ་ཕྱེ། །དེ་དོན་གཅིག་ཏུ་དྲིལ་བ་ནི། །རང་རིག་ཆོས་ཀྱི་སྐུ་རུ་འདུས། །རང་རིག་རྟོགས་པར་བྱ་བའི་ཐབས། །དུས་གསུམ་སངས་[81.4]རྒྱས་ཀུན་གྱིས་ཀྱང་། །བརྒྱད་ཁྲི་བཞི་སྟོང་ཆོས་བཤད་ཀྱང་། །ཅར་གྱིས་བསྟན་པའི་གདམས་ངག་མེད། །དེ་ཕྱིར་ལམ་དུ་ཞུགས་ཚད་ཀྱིས། །རང་གི་རིག་པ་ཆོས་ཀྱི་སྐུ། །རང་ལ་རང་ཆས་ཡོད་གྱུར་ཀྱང་། །རྟོགས་[81.5]པར་གྱུར་པ་མ་ཡིན་ནོ། །རང་རིག་ཆོས་སྐུར་མ་རྟོགས་པས། །ཕྱི་ཡི་འབྱུང་བ་རྣམ་པ་ལྔ། །ཆོས་ཀྱི་དབྱིངས་ཉིད་ཡིན་གྱུར་ཀྱང་། །འབྱུང་བ་རྣམ་ལྔ་རང་གར་བཟུང་། །དེ་ཕྱིར་ཆོས་ཉིད་རྟོགས་པར་དཀའ། །དེ་སྐད་[81.6]ཅེས་ནི་གསུངས་པ་དང་། །གསང་བའི་བདག་པོས་ཡང་ཞུས་པ། །སྟོན་པ་རྡོ་རྗེ་འཆང་ཆེན་པོ། །གང་ཟག་ཕྱི་མའི་དོན་ཆེད་དུ། །ད་ལྟ་ཉིད་དུ་རྟོགས་པ་ཡི། །ཅར་གྱིས་བསྟན་པའི་གདམས་ངག་ནི། །ཐུགས་[82.1]རྗེས་འཁོར་ལ་གསུང་དུ་གསོལ། །དེ་སྐད་ཅེས་ན་ཞུས་པ་ཡས། །རྡོ་རྗེ་འཆང་ ས་ཡང་གསུངས་པ། །ཐ་མལ་རང་རྒྱུད་ཤེས་པ་ན། །ཅར་གྱས་བསྟན་པས་རྟོགས་པའ་ཆོས། །གང་ཟག་ཕྱ་མའ་དོན་ཆེད་དུ། །བསྟན་[82.2]ཀྱང་སྣོད་ནི་ཤིན་ཏུ་དཀའ། །དཔེར་ན་ཨུ་དུམ་ཝ་ར་བཞིན། །བརྒྱ་སྟོང་ཁྲི་ལས་རེ་རེ་ཞིག །འགའ་ཙམ་ཟུང་ཙམ་འབྱུང་སྲིད་ན། །དེ་ཡིས་དོན་དུ་ང་ཡིས་བསྟན། །དེ་སྐད་སྟོན་པས་གསུངས་པ་དང་། །གསང་བའི་[82.3]བདག་པོ་ཡང་ཞུས་པ། །སྟོན་པ་རྡོ་རྗེ་འཆང་ཆེན་པོ། །སངས་རྒྱས་ཀུན་གྱི་དགོངས་པ་དང་། །སེམས་ཅན་ཀུན་གྱི་གནས་ལུགས་དོན། །ཅར་གྱི་བསྟན་པས་རྟོགས་པའི་ཆོས། །སལ་གྱིས་བསྟན་པའི་གོ་བའི་[82.4]དོན། །འདི་དོན་སྟོན་པའི་སློབ་དཔོན་དེ། །ཅར་ཕོག་མན་ངག་མཁས་པ་དང་། །སློབ་མའི་སྣོད་རྟོགས་མཁས་པ་དང་། །སྣོད་ལྡན་ཐུགས་རྗེ་འཛིན་པ་དང་། །བལྟ་བསྒོམ་དོན་ལ་གནས་པ་དང་། །སྤྱོད་པ་རྐྱེན་གྱིས་[82.5]མི་ཚུགས་པ། །དེ་ལྟ་བུ་ཡི་སློབ་དཔོན་དེ། །གཞན་གྱི་སྐྱོན་སྣང་མཆིས་གྱུར་ཀྱང་། །ལུས་ངག་ཡིད་གསུམ་དང་བ་ཡིས། །ཡང་དག་སྐྱེ་མེད་དོན་ཆེན་ཞུ། །ཡང་ནི་སྟོན་པས་གསུངས་པ་ནི། །ཡང་དག་སྐྱེ་མེད་བསྟན་[82.6]པའི་སྣོད། །དད་བརྩོན་བརྟུལ་ཞུགས་ཤེས་རབ་ཆེ། །གཏོང་ཕོད་མོས་གུས་བརྣགས་པ་ཆེ། །ལ་བློའི་ཆོས་དང་སློབ་དཔོན་དང་། །འདི་ཉིད་དོན་ལ་མོས་པ་ཆེ། །སེར་སྣའི་མདུད་ཁྲོལ་ལོངས་སྤྱོད་[83.1]འབུལ། །ལོངས་སྤྱོད་མེད་ན་རང་ལུས་འབུལ། །མན་ངག་ཞུ་བའི་དོན་ཆེད་དུ། །བུ་དང་ཆུང་མ་ལ་སོགས་ཏེ། །སྲོག་ལ་བབ་ཀྱང་གཏོང་ནུས་ན། །ཡང་དག་སྐྱེ་མེད་ཅར་གྱིས་བསྟན། །དེ་སྐད་སྟོན་པས་[83.2]གསུངས་པ་དང་། །གསང་བའི་བདག་པོས་ཡང་ཞུས་པ། །སློབ་དཔོན་མན་ངག་ལྡན་པ་དེས། །སློབ་མ་གོང་བཞིན་སྣོད་ལྡན་ལ། །ཅར་གྱིས་བསྟན་པའི་མན་ངག་འདིས། །ལྔ་བརྒྱའི་དུས་ལ་ཉེ་བའི་ཚེ། །ཐོས་པ་བྱ་[83.3]རུ་ཚེ་ཚད་ཐུང་། །དགོན་པ་བསྟེན་དུ་འཚོ་བ་ཉམས། །སྤྱི་རུ་བཤད་པའི་མན་ངག་འདིས། །ཤེས་རབ་ཅན་དང་ཐོས་པ་ཅན། །ཇི་སྲིད་ཆ་ཡིས་རྙོགས་སྲིད་ཀྱང་། །རང་གི་མཚན་ཉིད་མཐོང་བ་མེད། །ཐོས་ཆུང་ཤེས་[83.4]རབ་ཆུང་བ་ཡིས། །རྟོགས་པའི་དོན་དང་མི་ལྡན་པས། །ཐོས་པ་ཆེ་ཆུང་མེད་པ་དང་། ཁོ།ས་རབ་ཆེ་ཆུང་མེད་པ་ཡིས། །རང་གིས་མཚན་ཉིད་མ་ནོར་བར། །བསྟན་པ་ཙམ་གྱིས་རྟོགས་པའི་དོན། །རྡོ་རྗེ་འཆང་གིས་[83.5]གསུང་དུ་གསོལ། །ཨེ་མ་ཐུགས་རྗེ་བདག་པོ་ལགས། །དེ་སྐད་ཅེས་ནི་ཞུས་པ་དང་། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཉོན་གཅིག་གསང་བའི་བདག་པོ་ཉོན། །བརྒྱད་ཁྲི་བཞི་སྟོང་ཆོས་བསྟན་ཀྱང་། །གང་ཟག་[83.6]བློ་དང་སྦྱར་བ་ལས། །ངེས་དོན་ཅར་གྱི་བསྟན་པ་མེད། །བརྒྱད་ཁྲི་བཞི་སྟོང་ཐེག་དགུར་འདུས། །ཐེག་པ་རིམ་དགུ་གསུམ་དུ་འདུས། །མཚན་ཉིད་སྡེ་གསུམ་རྒྱུ་ཡི་ཆོས། །གསུང་གི་སྤྲུལ་པ་ཤཱཀ་ཐུབ་ཀྱིས། །གཏན་[84.1]ལ་ཕབ་ཅིང་བསྟན་པའོ། །ཕྱི་རྒྱུད་སྡེ་གསུམ་འབྲས་བུའི་ཆོས། །སྐུ་ཡི་སྤྲུལ་པ་རྣམ་སྣང་གིས། །གཏན་ལ་ཕབ་ནས་བསྟན་པ་ཡིན། །བསྐྱེད་རྫོགས་རྣམ་གཉིས་ནང་པའི་ཆོས། །ཐུགས་ཀྱི་སྤྲུལ་པ་གསང་བདག་[84.2]གིས། །གཏན་ལ་ཕབ་ནས་བསྟན་པའོ། །ཐེག་བརྒྱད་རྫོགས་ཆེན་མིང་མ་ཐོབ། །དེ་ཕྱིར་གནས་ལུགས་མ་རྟོགས་ཕྱིར། །སྐུ་གསུང་ཐུགས་གསུམ་འདུས་པ་ཡི། །སྤྲུལ་སྐུ་དགའ་རབ་རྡོ་རྗེ་ཡིས། །རྫོགས་པ་ཆེན་པའི་[84.3]ཆོས་རྣམས་བཤད། །དེ་ནི་རྫོགས་ཆེན་མིང་ཐོབ་སྟེ། །དེ་ལ་བཤད་ཐབས་རྣམ་པ་བཞི། །བསྐྱེད་པས་སྣང་བའི་སྤྲོས་པ་ཆོད། །ལུང་སྡེ་རྒྱུད་སྡེ་ཀློང་སྡེ་གསུམ། །སེམས་སྡེ་ལ་སོགས་བཞི་ཡིས་བཤད། །ཡུལ་ལ་སྤྲོས་[84.4]གཅོད་བསྐྱེད་པ་ཡིན། །བསྡུས་པའི་ལུས་སེམས་ཤན་མ་ཕྱེ། །དེ་ཡིས་དོན་ལ་སྤྲོས་གཅོད་པས། །སྡུད་པ་དག་ཏུ་བསྟན་པ་ཡིན། །ཅར་ཕོག་དག་གི་མན་དག་ནི། །རིག་པ་དག་ལ་སྤྲོད་གཅོད་པས། །ཅར་བའི་མན་[84.5]ངག་དག་ཏུ་བསྟན། །དེ་ཡིས་འཁྲུལ་པ་རྩད་གཅོད་མཁས། །གཞན་ལ་ལྟོས་ནས་ཟབ་འགྱུར་ཏེ། །ཅར་གྱི་བསྟན་པའི་མན་ངག་མེད། །དེ་ཕྱིར་དོན་གྱི་ངོ་མ་འཕྲོད། །ངོ་མ་འཕྲོད་པས་དྲང་དོན་ཡིན། །ཡང་དག་དོན་[84.6]གྱི་ངེས་དོན་ནི། །ཚིག་དོན་གཉིས་སུ་འབྲེལ་བ་ཡིས། །ཅར་གྱི་བསྟན་པས་ཡེར་གྱིས་རྟོགས། །སལ་གྱི་བསྟན་པས་ཝལ་གྱིས་རྟོགས། །ཚིག་དོན་བསྟན་པས་རང་ངོ་ཤེས། །དེ་ལྟ་བུ་ཡི་མན་ངག་ལ། །བརྟེན་ན་ངོ་[85.1]སྤྲོད་གཅིག་གིས་ཆོག །དབྱེ་ན་ངོ་སྤྲོད་རྣམ་པ་བདུན། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་ལས། །ཨ་ཏིའི་དོན་ངོ་སྤྲོད་པ་ཞུས་ལེན་དང་བཅས་པ་བསྟན་པའི་ལེའུ་སྟེ་ཞེ་གསུམ་པའོ།། །།ཨ་དྷརྨ་[85.2]ཀྭ་ཡ། མུན་པའི་སྨག་རུམ་ཆེན་པོ་མྲ ཉི་མ་ཤར་བས་མུན་པའི་སྨག་གཏན་ནས་སངས་པར་བྱེད་པའི་མན་ངག་ཅེས་བྱ་བ་འདི། །ངོ་སྤྲོད་བདུན་གྱིས་གཏན་ལ་ཕབ་དགོས་སོ། །ཞེས་གསུངས་སོ། །ཀྱེ་ཀྱེ་རྡོ་རྗེ་འཆང་[85.3]ཆེན་པོ། །ངོ་སྤྲོད་རྣམ་པ་བདུན་པོ་ཡི། །དང་པོ་འབྱུང་བ་དངས་སྙིགས་ནི། །ཕྱི་ལ་རང་ངོ་སྤྲད་པ་དེ། །ཕྱི་རབས་དོན་དུ་གསུང་དུ་གསོལ། །དེ་སྐད་ཅེས་ནི་ཞུས་པ་དང་། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །འབྱུང་བ་[85.4]དངས་སྙིགས་དབྱེ་བ་ཡི། །ངོ་སྤྲོད་བསྟན་པ་འདི་ལྟ་སྟེ། །དང་པོ་ཤན་དབྱེ་སྐྱོན་བསལ་དང་། །བར་དུ་སྤྱི་དང་བྱེ་བྲག་ངོ་ཡིས་བཟུང་། །ཐ་མ་སྐུ་དང་དབྱིངས་སུ་ལ་བཟླ་བ། །དང་པོ་ཤན་དབྱེ་སྐྱོན་བསལ་བ། །ཕྱི་ཡི་[85.5]ཡུལ་དང་ནང་གི་ཤེས་རིག་གཉིས། །ཕྱི་ཡི་ཡུལ་ནི་འབྱུང་བ་རྣམ་པ་ལྔ། །ནང་གི་ཤེས་རིག་རྣམ་པ་བསྟན་པ་ནི། །རྣམ་པར་ཤེས་པའི་ཚོགས་བརྒྱད་ཡིན། །ཕྱི་ཡི་འབྱུང་བ་རྣམ་ལྔ་བསྟན་པ་ནི། །ཆོས་ཀྱི་དབྱིངས་ཉིད་[85.6]མ་ཤེས་གོལ་བ་སྟེ། །གར་བྱུང་གནས་དང་གར་འགྲོ་བ། །དེ་དོན་གོང་འོག་རྣམས་སུ་ཤེས་པར་བྱ། །འཁྲུལ་ནས་རག་པའི་འབྱུང་བ་རྣམ་པ་ལྔ། །ཕྲ་བ་ཡེ་ཤེས་འོད་ཀྱི་ཁ་དོག་ལྔ། །ཆོས་ཉིད་སྟོང་པའི་ངང་དུ་ཤར་བ་[86.1]སྟེ། །རྟོགས་པའི་དོན་ལྡན་རྣམས་ལ་ཆོས་ཉིད་ཡིན། །མ་རྟོགས་པ་ལ་འཁྲུལ་སྣང་ཡུལ་དུ་ཤར། །ཆོས་ཉིད་ངོ་ཡིས་བཟུང་ན་འདི་ལྟ་སྟེ། །ཆོས་ཉིད་སྟོང་པ་ཉིད་དང་ཆོས་ཉིད་མ་འགགས་པ། །ཆོས་ཉིད་གཉིས་སུ་[86.2]མེད་དང་ཆོས་ཉིད་དྲི་མ་མེད། །ཐོགས་པ་མེད་པ་དང་ནི་ལྔ་རུ་བཤད། །ཡུལ་གྱི་དངོས་པོ་སྣང་གྲག་ཆོས་ཅན་འདི། །ཆོས་ཉིད་དེ་ལ་མ་གྲུབ་སྟོང་པའོ། །ཆོས་ཉིད་ངང་དུ་སྐུ་གསུམ་ཡེ་ཤེས་ལྔ། །མི་འགག་པ་རུ་འཆར་[86.3]བ་དེ་ཉིད་དོ། །ཆོས་ཉིད་དག་པ་གཉིས་སྣང་མེད་པ་ཡིན། །ཕྱི་དང་ནང་གཉིས་ཞེས་སུ་བསྟན་པ་ཡིན། །ཆོས་ཉིད་དོན་ལ་སྤྲོས་པ་མེད་པར་དག་པའོ། །ཆོས་ཉིད་ངོ་བོས་ཁྱབ་པས་ན། །ཆོས་ཉིད་ཐོགས་པ་མེད་པར་[86.4]བཤད། །ཆོས་ཉིད་བྱེ་བྲག་ཤན་དབྱེ་ངོས་བཟུང་བསྟན་པ་ནི། །ཆོས་ཉིད་སྐྱོན་གྱི་མཐའ་བསལ་འདི་ལྟ་སྟེ། །རྣམ་རྟོག་དག་པས་དྲི་མ་རགས་པ་སྟེ། །འབྱུང་བ་རྣམ་པ་ལྔ་རུ་བརྟས་པ་ཡིན། །དབུས་ཀྱི་རི་བོ་མཆོག་[86.5]རབ་ནས། །རྡོ་བྲན་ས་བྲན་ཤིང་བྲན་ཡན་ཆད་ནི། །འབྱུང་བ་ས་ཡི་དངོས་པོ་བརྟས་པར་རགས་པ་ཡིན། །རྒྱ་མཚོ་ཆུ་ཀླུང་ཆེན་པོ་མན་ཆད་ནས། །རླན་ཙམ་གཤེར་ཙམ་ཆུ་ཡི་ཐིགས་པ་ཡན་ཆད་ནི། །རྣམ་རྟོག་ཆུ་རུ་[86.6]བརྟས་པས་རགས་པ་ཡིན། །བསྐལ་པའི་མེ་ཆེན་འབར་པ་མན་ཆད་ནས། །གཙུབ་ཤིང་མེ་སྟག་ཕྲ་མོ་ཡན་ཆད་པ། །རྣམ་རྟོག་མེ་རུ་བརྟས་པས་རགས་པ་ཡིན། །རྡོ་རྗེ་རྒྱ་གྲམ་རླུང་ཆེན་ནས་བཟུང་སྟེ། །སེར་བུ་ཕྲ་མོ་[87.1]ཡན་ཆད་རྒྱུ་བ་རྣམས། །རྣམ་རྟོག་རླུང་དུ་བརྟས་པས་རགས་པ་ཡིན། །འབྱུང་བ་རྣམ་པ་བཞི་ཡིས་ནི། །ཆོས་ཉིད་སྟོང་པ་སྤྲོས་བྲལ་དེ་ལ་བསྒྲིབས། །འབྱུང་བ་ཕྲ་བའི་དྲི་མ་སེལ། །ངན་རྩལ་དེ་ནི་ཆོས་[87.2]ཉིད་ངང་དུ་འཆར་བ་ཡིན། །འོད་དང་གདངས་དང་ཡེ་ཤེས་རྩལ་ལ་བསྒྲིབས། །དྲི་མ་ཕྲ་བ་ཡུལ་གྱི་རགས་པ་སྟེ། །ཡུལ་ནི་དངོས་པོ་མཚན་མ་ཅན། །སྣ་ཚོགས་དག་ལ་སྦྱོད་པའི་ཡུལ་གྱི་རགས། །སྐྱེ་ལུགས་རགས་[87.3]པས་ཡུལ་གྱི་དངོས་པོ་ལྔ། །དབང་པོ་སྒོ་ལྔ་དངོས་པོ་མཚན་མར་སྐྱེས་པས་རགས། །དབང་པོ་རྣམ་ལྔ་སྤྱོད་པས་རགས། །དེ་ཡིས་གང་ལ་བསྒྲིབ་གྱུར་ན། །དབང་པོ་སྒོ་ལྔའི་དབྱེ་བར་བཅས་པ་ཡིས། །འབྱེད་པ་མེད་[87.4]པའི་ཤེས་རབ་བསྒྲིབས། །དངོས་པོ་སྣ་ཚོགས་བདག་ཏུ་འཛིན་པ་ཡིས། །དགོངས་པ་འཛིན་མེད་ཉག་ཅིག་དོན་ལ་བསྒྲིབས། །སྒོ་ལྔ་སྐྱེ་འགག་བཅས་པ་དེས། །སྐྱེ་འགག་མེད་པའི་ཡེ་ཤེས་བསྒྲིབས། །ཕྲ་བ་ཡིད་[87.5]གཉིས་དག་ཏུ་བསྟན་པ་དེས། །ཡུལ་གྱིས་ཕྲ་སྟེ་དངོས་པོ་ལ་མི་སྤྱོད། །སྐྱེ་ལུགས་ཕྲ་སྟེ་སྣ་ཚོགས་གཟུགས་མི་སྤྱོད། །གྲངས་ཀྱིས་ཕྲ་སྟེ་དབང་པོ་སྒོ་ལྔ་བལྟ་རུ་མེད། །ཡིད་ཀྱི་རྣམ་ཤེས་གཟུང་འཛིན་ཏེ། །ཉོན་མོངས་[87.6]ཡིད་ནི་ངར་འཛིན་ཡིན། །སྒོ་ལྔའི་རྣམ་པར་ཤེས་པས་ཡུལ་ལ་སྤྱད་པ་ནི། །དེ་ཡི་རྗེས་སུ་རྟོག་པས་ཤེས་པ་ཡིད་ལ་ཝ་ལེ་བ། །དེ་ལྟར་ཤེས་པ་དེ་ནི་ཡིད་ཀྱི་རྣམ་ཤེས་ཡིན། །དེ་ཡིས་གཟུང་འཛིན་ཉོན་མོངས་ཅན་[88.1]གྱ་ཡད། །དེ་ལྟར་ཚོགས་བདུན་ས་བོན་ཏེ། །བསགས་པ་དེ་ལ་ཀུན་ག ་ཞེས་བྱའོ། །ཡད་གཉས་དག་ ས་རང་རག་སྤྲོས་བྲལ་དེ་ལ་བསྒྲབས། །ཡད་ཀྱ་རྣམ་ཤེས་གཟུང་འཛིན་བཅས་པ་དེས། །འ ན་པ་མེད་[88.2]པའི་རང་གསལ་དག་ལ་བསྒྲིབས། །ཉོན་མོངས་ཅན་གྱི་ཡིད་ནི་ངར་འཛིན་བཅས་པ་དེས། །འཛིན་པ་མེད་པའི་རིག་པ་དེ་ལ་བསྒྲིབས། །ཚོགས་བདུན་གཞིའམ་རྩ་བ་ཕྱེད་པའི་ཕྱིར། །སྦྱོར་བ་དོན་གྱི་ཀུན་གཞི་ཞེས་[88.3]སུ་བཤད། །རྣམ་ཤེས་ཚོགས་བདུན་དེ་དག་གིས། །དགེ་བ་སྤྱད་ན་གཞི་ལ་དགེ་བ་འཕེལ་ཞིང་སྡིག་པ་འགྲིབ། །སྡིག་པ་སྤྱད་ན་སྡིག་པ་འཕེལ་ཞིང་དགེ་བ་འགྲིབ། །ལུང་དུ་བསྟན་ན་ལུང་དུ་བསྟན་པ་རྣམ་འཕེལ་[88.4]ཏེ། །མ་བསྟན་སྤྱད་ན་མ་བསྟན་འཕེལ་བར་འགྱུར། །མདོར་ན་སྦྱོར་བ་དོན་གྱི་ཀུན་གཞི་དེ། །ཚོགས་བདུན་སྦྱོད་པས་ལས་རྣམས་འཕེལ་བར་འགྱུར། །ཚོགས་བདུན་མ་སྤྱད་ལས་རྣམས་འགྲིབ། །ཚོགས་བདུན་གཞི་[88.5]རྩ་བྱེད་པ་ཡི། །ཀུན་གཞི་དེ་དག་གིས་ནི་གང་ལ་བསྒྲིབ་འགྱུར་ན། །རིག་པའི་མཚན་ཉིད་ལྔ་ལྡན་དེ་ལ་བསྒྲབས། །སྤྱི་ཡི་ངོས་བཟུང་རིག་པའི་མཚན་ཉིད་བྱེ་བྲག་ནི། །སྐུ་གསུམ་ཤན་དབྱེ་སྐྱོན་གྱི་མཐའ་བསལ་[88.6]དང་། །སྤྱི་དང་བྱེ་བྲག་གཉིས་སུ་ངོས་བཟུང་བའོ། །ཆོས་སྐུ་ངོས་བཟུང་ལ་ཤན་དབྱེ་བ་དང་། །སྐྱོན་གྱི་དྲི་མ་བསལ་བ་དང་། །འབྱུང་བའི་དྲི་མ་ཕྲ་རགས་གསུམ་བྲལ་བ། །ཆོས་ཉིད་དག་གསལ་མེ་ལོང་གི་དཀྱིལ་[89.1]འཁོར་གཡའ་ཕྱིས་པ་ལྟ་བུ་ལ། རིག་པ་སེམས་ཀྱི་དྲི་མ་ཕྲ་རགས་གསུམ་དང་བྲལ་བ་ཡི། རང་གསལ་འཛིན་མེད་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་ནི། ཆོས་ཉིད་ངང་དུ་ཤར་བ་དེ། །ཡེ་ཤེས་[89.2]དབྱིངས་ལས་ཤར་བ་ཡིས། །མཐའ་རྣམས་རྣམ་པར་མི་འབྱེད་དོ། །འཕྲལ་དུ་འབྱུང་བ་ལྟ་བུ་མ་ཡིན་ཏེ། །ཡེ་ཤར་ཡེ་བརྡལ་ཆེན་པོ་ཡིན། །ཆོས་སྐུ་མཚན་ཉིད་བདུན་ལྡན་ཏེ། །སྟོང་པ་འགྱུར་བ་མེད་པ་དང་། །ཡོན་[89.3]ཏན་འབྱུང་ཞིང་དྲི་མ་མེད། །ཐོགས་པ་མེད་དང་མཚན་མ་ཡི། །ཆོས་དང་བྲལ་་བས་སྟོང་པའོ། །རང་བྱུང་ཆོས་སྐུ་རྐྱེན་གྱིས་མི་ཤིགས་འགྱུར་བ་མེད། །སྐུ་དང་ཡེ་ཤེས་མི་འགག་པས། །ཡོན་ཏན་འགག་པ་མེད་[89.4]པའོ། །ངོ་བོ་སྐྱོན་མེད་པས་ནི་དྲི་མ་མེད་པའོ། །རྩལ་མི་འགག་པས་ཕྱོགས་གཅིག་རྒྱ་ཆད་མེད། །མཚན་མའི་ཆོས་ཅན་མ་ཡིན་པས་ནི་སྟོང་། །ཅར་གྱིས་བསྟན་ན་མཚན་ཉིད་བཞི། །རིག་པ་ཆོས་སྐུ་རྣམ་[89.5]པ་གཉིས། །ངོ་བོ་གཅིག་པར་བསྟན་པ་ཡིན། །དེ་ཡི་མཚན་ཉིད་འདི་བཞི་ཡིན། །རང་རིག་ཆོས་སྐུའི་ངོ་བོ་སྟོང་། །དེ་ནི་ཆོས་ཉིད་སྟོང་པའོ། །ངོ་བོ་སྟོང་པ་དེ་ཉིད་གསལ། །རང་གསལ་དག་ཏུ་གནས་པ་[89.6]ཡིན། །གསལ་བའི་རྩལ་ནི་གཉིས་སུ་འབྱུང་། །འགྱུ་བ་རླུང་དང་སྣང་བ་འོད། །འགྱུ་བའི་དབང་གིས་ཉམས་སུ་མྱོང་བ་འཆར། །ཡེ་ཤེས་ལྔ་ཤར་རྩལ་དུ་འོད་ལྔ་ཤར། །དེ་དག་སྐུ་གསུམ་རྫོགས་པར་རྟོག་པ་སྟེ། །ཆོས་[90.1]སྐུ་གསལ་ལ་མི་རྟོག་པའོ། །དེ་ཉིད་ཅར་གྱིས་ངོ་སྤྲད་པ། །དཔེ་སྐྱོན་གཉིས་སུ་ཤེས་བྱ་སྟེ། །དཔེ་ནི་མུན་པའི་སྒྲོན་མ་ཡིས། །རིན་ཆེན་སྟོར་བ་རྙེད་པ་འདྲ། །སྐྱོན་གྱི་མཐའ་གསལ་ཤན་དབྱེ་བ། །ཡོད་པའི་མཐའ་དང་[90.2]རྟག་མཐའ་ཡིས། །ཆོས་སྐུ་སྟོང་པ་སྤྲོས་བྲལ་བསྒྲིབས། །མེད་མཐའ་དང་ནི་ཆད་མཐའ་ཡིས། །འཛིན་པ་མེད་པའི་རང་གསལ་བསྒྲིབས། །དེར་འཛིན་ཤེས་པ་ཆ་ཕྲ་འདིས། །ཆོས་སྐུ་སྟོང་པ་སྤྲོས་བྲལ་བསྒྲིབས། །ཕྲ་[90.3]བའི་ཤིན་དུ་ཕྲ་བ་ཡིས། །ནམ་མཁའ་སྟོང་པ་འདི་ཡིས་ནི། །དྲི་མེད་རྣམ་དག་ཆོས་ཀྱི་སྐུ་ལ་བསྒྲིབས། །དྲི་མ་ཕྲ་རགས་དེ་རྣམས་ཀྱིས། །ཆོས་ཀྱི་དབྱིངས་ལ་བསྒྲིབས་པས་ན། །ཆོས་སྐུ་ངོ་མ་ཤེས་པས་ལྷན་སྐྱེས་མ་[90.4]རིག་བྱུང་། །རྒྱུ་རྐྱེན་གཉིས་ཀྱིས་རྣམ་རྟོག་རགས་པ་བརྟས། །དེ་ཡི་སྐྱོན་གྱིས་སྐུ་གསུམ་དོན་མ་གསལ། །ཆོས་ཉིད་དོན་ཀྱང་མ་གསལ་རགས་པར་བརྟས། །ཕྱི་ཡི་ཡུལ་ཉིད་འཁྲུལ་པ་དང་། །མ་ཞབྲུལ་པ་ཡི་བྱེ་བྲག་[90.5]དེ་ལྟར་བྱུང་། །རིག་པའི་མཚན་ཉིད་སྐུ་གསུམ་ཡེ་ཤེས་ལྔ་ཡིས་དོན་ཡིན་ཏེ། །དེ་ཡང་མཚོན་ཚུལ་སོ་སོར་དབྱེ་བ་ནི། །རིག་པ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང་། །སྟོང་པ་ཉིད་ལ་སོགས་པའི་ཡེ་ཤེས་རྣམ་པ་ལྔ། །དང་[90.6]པོ་རིག་པ་ལ་ཡང་ངོ་ཡིས་བཟུང་བ་དང་། །ཤན་དབྱེ་སྐྱོན་གྱི་དྲི་མ་བསལ་བའོ། །རིག་པ་ངོས་བཟུང་བསྟན་པ་འདི་ལྟ་སྟེ། །མཚན་ཉིད་རྣམ་པ་ལྔ་རུ་བསྟན་པ་ཡིན། །འབྱེད་མེད་འཛིན་མེད་རང་གསལ་དང་། །རྒྱ་མ་[91.1]ཆད་པའི་ཡེ་ཤེས་དང་། །ལྷུན་གྱིས་གྲུབ་པའི་སངས་རྒྱས་དང་། །རང་གི་ཡེ་ཤེས་དེ་ལ་གཞན་སྣང་གི་རྟོག་པ་མེད་པ་ཡིས། ཤན་དབྱེ་ངོས་བཟུང་སྐྱོན་བསལ་བའོ། །སྐྱོན་གྱི་མཐའ་བསལ་བ་འདི་ལྟ་སྟེ།[91.2]རིག་པའི་དྲི་མ་རྣམ་པ་གསུམ་ཡིན་ཏེ། །རགས་དང་ཕྲ་དང་ཤིན་ཏུ་ཕྲ་བའོ། །རགས་པ་དབང་པོའི་སྒོ་ལྔར་ཤར་བའོ། །ཕྲ་བའི་ཡིད་གཉིས་ཕྲ་བ་ཀུན་གཞིའོ། །དབང་པོ་སྒོ་ལྔ་རགས་པར་ཅིའི་ཕྱིར་ན། །ཡུལ་དང་སྐྱེ་[91.3]ལུགས་གྲངས་དང་གསུམ་གྱིས་རགས་པའོ། །ལོངས་སྐུ་ཤན་དབྱེ་སྐྱོན་གྱི་མཐའ་བསལ་དང་། །བར་དུ་སྤྱི་དང་རང་གི་མཚན་ཉིད་ངོས་བཟུང་དང་། །མཐའ་མ་སྐུ་དང་ཡེ་ཤེས་དག་ཏུ་ལ་བཟླའོ། །ལོངས་སྐུའི་ངོ་བོ་[91.4]བསྟན་པ་དང་། །ཆོས་སྐུ་དྲི་མེད་རྣམ་དག་པ། །དོན་ལ་ཡེ་ཤེས་རྣམ་པ་ལྔ་རུ་ཀྲུབ་པ་སྟེ། །ཆོས་སྐུ་རྩལ་བྱུང་ཡེ་ཤེས་ལྔ། །ཡེ་ཤེས་ལྔ་ཡི་གདངས་ཤར་བས། །ལོངས་སྐུའི་མཚན་ཉིད་བསྟན་པའོ། །རང་རིག་ཡེ་ཤེས་[91.5]ལྔ་ལྡན་དེ། །གདངས་གཉིས་འོད་ལྔར་ཤར་བས་རིགས་ལྔའི་སྐུ་རུ་བྱུང་། འོད་ལྔ་གཅིག་ཏུ་གྲུབ་པས་རྣམ་སྣང་ཆེན་པོའི་སྐུ་རུ་རྫོགས། ཡོན་ཏན་རྩལ་ལྔ་ཁ་དོག་རྣམ་པ་ལྔ། སོ་སོའི་ཆ་ལས་རིགས་ལྔར་ཤར་བ་[91.6]ཡིན། །སྐུ་མདོག་ཕྱག་མཚན་གདན་ཁྲི་ལ་སོགས་པ། །སྣང་ཡང་ཡང་དག་དོན་དུ་གྲུབ་པ་མེད། །ཆོས་སྐུའི་ཡོན་ཏན་ཙམ་དུ་སྣང་བ་ཡིན། །རྩལ་དང་མདངས་སུ་མ་འགགས་ཆ་ཙམ་ཤར་བ་ཡིན། །མཁྱེན་པའི་ཤེས་[92.1]རབ་ཙམ་ལས་གསལ་བ་ཡིན། །ལོངས་སྐུའི་སྐྱོན་གྱི་མཐའ་བསལ་བ། །དྲི་མ་རགས་པའི་ཕུང་པོ་རྣམ་པ་ལྔས། །ལོངས་སྐུ་རིགས་ལྔ་དག་ལ་བསྒྲིབས་པ་ཡིན། །དྲིལ་བས་ལོངས་སྐུ་རྣམ་སྣང་དེ་ལ་བསྒྲིབས། །ཕྲ་[92.2]བས་རིགས་ལྔ་བློ་ལ་བསྒོམ་པ་དག་གིས་ཀྱང་། །ལོངས་སྐུ་རིགས་ལྔ་ཆོས་སྐུའི་རྩལ་ཅན་དེ་ལ་བསྒྲིབས། །དངོས་སུ་ཞེན་པ་ཕྲ་མོ་དེ། །ལོངས་སྐུ་བསྒྲིབས་བྱེད་ཕྲ་མོ་ཡིན། །ལོངས་སྐུ་མཐོང་དུ་མི་སྟེར་སྒྲིབ་བྱེད་དྲི་[92.3]མའོ། །ལོངས་སྐུ་དང་ནི་སྒྲིབ་བྱེད་ཕྱི་ལ་ཤན་འབྱེད་དོ། །བར་དུ་སྤྱི་དང་བྱེ་བྲག་ངོས་བཟུང་བ། །སྤྱི་ནི་གོང་དུ་སྨོས་པ་བཞིན། །ལོངས་སྐུའི་བྱེ་བྲག་ངོ་ཡིས་བཟུང་བ་ནི། །ཆོས་སྐུ་གསལ་སྟོང་དེ་ཉིད་ལ། །གསལ་ཆ་[92.4]རླུད་འགྱུས་དུས་སུ་འོད་བྱུང་བ། །དེ་ཉིད་ལོངས་སྐུ་ཁོ་ན་ཡིན་པའོ། །མདོར་ན་གསལ་སྟོང་གཉིས་མེད་ཆོས་ཀྱི་སྐུ། །ལྷུན་གྲུབ་ཆོས་ཀྱི་སྐུ་ཞེས་དེ་ལ་བྱ། །མ་རྟོགས་དུས་ན་ངོ་བོ་ཉིད་ཀྱི་སྐུ། །རྟོགས་པའི་དུས་ན་ཆོས་[92.5]སྐུ་ཁོ་ནའོ། །ཆོས་སྐུའི་རྩལ་མདངས་འཆར་ནས་ལོངས་སྐུ་སྤྲུལ་སྐུའོ། །ཆོས་སྐུ་ངོ་འཕྲོད་དུས་ན་ལོངས་སྐུ་སྤྲུལ་སྐུ་གཉིས་ཀ་འཕྲོད། བྱེ་བྲག་ངོས་འཛིན་ལོངས་སྐུ་ངོ་སྤྲོད་ཁོ་ནའོ། །སྐུ་གསུམ་ལ་ཟློ་གོང་འོག་[92.6]གཞན་ན་གསལ། སྤྲུལ་སྐུ་ཤན་དབྱེ་སྐྱོན་གྱི་མཐའ་བསལ་དང་། བར་དུ་སྤྱི་དང་རང་གི་མཚན་ཉིད་ངོས་བཟུང་དང་། མཐའ་མ་སྐུ་གསུམ་དག་ཏུ་ལ་བཟླ་བའོ། །དང་པོ་ཤན་དབྱེ་སྐྱོན་གྱི་མཐའ་བསལ་བ ཆོས་[93.1]སྐུ་རང་རག་གསལ་སྟོང་ལ། །འོད་གདངས་ལྷུན་གྲུབ་ཤར་བ་ལོངས་སྐུ་སྟེ། །དེ་གཉས་རྩལ་ཤར་གདུལ་བྱའ་ངོ་ལ་ན། །འོད་དང་རག་པའ་རྩལ་གྱས་སྐུར་སྣང་བ། །འགྲོ་བ་དྲུག་ལ་མཐུན་སྣང་འཆར་[93.2]བ་དེ། །ཐུབ་དྲུག་ལ་སོགས་སྤྲུལ་པའི་སྐུར་སྣང་ངོ་། །སྒྲིབ་བྱེད་གཟུགས་ཀྱི་ཕུང་པོ་རགས་པས་བསྒྲིབས། །མདོར་ན་རིག་པ་གསལ་སྟོང་དེ་ལ་ནི། །འོད་དང་རླུང་མ་བྱུང་བའི་ཆ་ནས་ནི། །ཆོས་སྐུའི་ངོ་བོ་ཞེས་ནི་དེ་[93.3]ལ་བྱ། །འགྱུས་ཏེ་འོད་བྱུང་སྐུ་དང་ཐུགས་ཚོགས་པ། །དེ་ལྟར་རྫོགས་པའི་ཆ་ནས་ལོངས་སྐུའོ། །སྐུ་དང་ཐུགས་ལས་བྱུང་བའི་ཆ་ནས་སྤྲུལ་སྐུའོ། །ཆོས་སྐུ་ངོ་འཕྲོད་དུས་ན་སྐུ་གསུམ་ངོ་འཕྲོད་པའོ། །ཅིའི་ཕྱིར་ཞེ་ན་[93.4]སྐུ་གསུམ་ལྷུན་གྲུབ་ཕྱིར། །སྐུ་གསུམ་མ་རྟོགས་ལུས་ངག་ཡིད་གསུམ་སྟེ། །རྟོགས་པའི་དུས་ན་སྐུ་གསུམ་དུས་གཅིག་འཆར། །ཆོས་ཀྱི་སྐུ་ལ་གསུམ་ག་དུས་གཅིག་རྫོགས། །ཅི་ཡི་ཕྱིར་ན་ལྷུན་གྱིས་གྲུབ་པའི་[93.5]ཕྱིར། །སྐྱོན་བསལ་ངོས་བཟུང་ལ་བཟླ་རྣམས། །རང་རང་སྐབས་ནས་རྫོགས་པར་འགྱུར། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། ཆོས་ཀྱི་དབྱིངས་དང་རིག་པ་ཆོས་ཀྱི་སྐུ་ལ་སོགས་པ་སྐུ་[93.6]གསུམ་ངོ་སྤྲོད་པའི་ལེའུ་སྟེ་ཞེ་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོ་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། ཡེ་ཤེས་ལྔ་ཡི་ངོ་སྤྲོས་གསུང་དུ་གསོལ། །ཞེས་ཞུས་པས། རྡོ་རྗེ་འཆང་གིས་བཀའ་སྩལ་[94.1]པ། །སྐུ་གསུམ་དོན་ལས་མ་གཡོས་ཀྱང་། །མཚོན་ཚུལ་ཡེ་ཤེས་ལྔར་བྱུང་བས། །ཡེ་ཤེས་ལྔ་ཡི་ངོ་སྤྲོད་བསྟན། ་།ན་དབྱེ་སྐྱོན་གྱི་མཐའ་བསལ་དང་། །རང་དང་སྤྱི་ཡི་མཚན་ཉིད་ངོས་བཟུང་པ། །ཐ་མ་ཡེ་ཤེས་ལྔ[94.2]རྣམས་ལ་བཟླའོ། །དང་པོ་ཤན་དབྱེ་སྐྱོན་གྱི་མཐའ་བསལ་བ། །རིག་པའི་ངོ་བོ་སྟོང་པར་འདུག་པས་ན། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཡིན། །རིག་པ་སྟོང་པ་དེ་ཉིད་མ་འགགས་གསལ་བ་ཡིས། །མེ་ལོང་ལྟ་བུའི་ཡེ་ཤེས་[94.3]ཡིན། །རིག་པ་སྟོང་གསལ་གཉིས་སུ་མེད་པར་མཉམ་པ་ཡིས། །གཉིས་མེད་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །རིག་པ་དེ་ཡི་ངོ་བོ་ལ། །སྟོང་པའི་ཕྱོགས་ནས་བལྟས་ན་སྟོང་པར་གསལ། །གསལ་བའི་ཕྱོགས་ནས་[94.4]བལྟས་ན་གསལ་བར་འདུག །གཉིས་མེད་ཕྱོགས་ནས་བལྟས་ན་གཉིས་མེད་དེ། །དེ་ལྟར་སོ་སོར་མ་འགགས་ཆ་ནས་ནི། །སོ་སོར་རྟོགས་པའི་ཡེ་ཤེས་སོ། །དོན་དེ་རྟོགས་པའི་རྩལ་གྱིས་ནི། །བྱ་བ་ཐམས་[94.5]ཅད་ཐོགས་པ་མེད་པར་འགྲུབ། །བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ལྔར་མ་རྟོགས་དུག་ལྔར་ཤར། །སྐྱོན་གྱི་མཐའ་བསལ་འདི་ལྟ་སྟེ། །ཡེ་ཤེས་ལྔ་ལ་སྒྲིབ་བྱེད་དེ། །རགས་པ་ཉོན་མོངས་དུག་ལྔས་བསྒྲིབས། །ཕྲ་བ་[94.6]འཛིན་བྱེད་ཕྲ་མོས་བསྒྲིབས། ་གོན་དུ་ཕྲ་བ་ངོ་མ་ཤེས་པས་བསྒྲིབས། །སྒྲིབ་པའི་ཕྱིར་ན་དྲི་མའོ། ་།ན་དབྱེ་བ་ནི་འདི་ལྟ་སྟེ། །ཡེ་ཤེས་ལྔ་དང་དུག་ལྔ་དབྱེ། །སྐྱོན་གྱི་མཐའ་ནི་དུག་ལྔར་གསལ། །ངོས་བཟུང་སྤྱི་རུ་[95.1]༄༅། ཁྲེས་པར་བྱ། །རང་གི་མཚན་ཉིད་ངོས་བཟུང་བ། །རང་བྱུང་ཡེ་ཤེས་རང་སྣང་དེ། །རང་བྱུང་ཡེ་ཤེས་ཆེན་པོ་ཞེས་པ་སྟེ། །དུག་ལྔ་མངོན་དུ་གྱུར་པ་ནི། །བཅོས་པའི་ཤེས་པ་ཞེས་པ་སྟེ། །མ་བཅོས་[95.2]ག་་མར་གནས་པའི་དོན། །དེ་ནི་རང་བྱུངཡེ་ཤེས་ཏེ། །ཡོན་ཏན་ཡེ་ཤེས་ལྔ་རུ་འཆར། །ལ་ཟློ་ལྟ་སྒོམ་སྤྱོད་པར་ཟློ། །ཡེ་ཤེས་ལྔ་པོ་དེ་དག་དང་། །སྐུ་གསུམ་དོན་ལ་དབྱེ་བ་མེད། །ཆོས་ཉིད་སྟོང་ཆ་རིག་གསལ་[95.3]དང་། །གཉིས་སུ་མེད་པའི་ཆ་ཡིས་ནི། །ཆོས་ཀྱི་སྐུ་ཡི་ངོ་བོ་ཡིན། །སྐུ་གཉིས་རྩལ་མི་འགག་པ་སྟེ། །སོ་སོར་མ་འགགས་ཆ་ནས་འོད་འབྱུང་བ། །ལོངས་སྐུའི་ངོ་བོ་དེ་ཉིད་ཡིན། །ཐུགས་རྗེས་འགྲོ་བའི་དོན་མཛད་[95.4]པ། །སྤྲུལ་སྐུ་བྱ་གྲུབ་ཡེ་ཤེས་ཡིན། །སྐུ་གསུམ་ཡེ་ཤེས་ལྔ་པོ་དེ། །ཆོས་སྐུའི་ངང་ལ་ལྷུན་གྱིས་གྲུབ། །ཅེས་གསུངས་སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་ལས། ཡེ་ཤེས་རྣམ་པ་ལྔ་ངོ་སྤྲོད་པའི་ལེའུ་སྟེ་ཞེ་ལྔ་[95.5]པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། ཚོགས་བརྒྱད་གཏན་ལ་ཕབ་སྟེ་ངོ་སྤྲད་པ། །ཕྱི་རབ་དོན་དུ་གསུང་དུ་གསོལ། །ཞེས་ཞུས་པས། རྡོ་རྗེ་འཆང་གིས་བཀའ་[95.6]སྩལ་པ། ཚོགས་བརྒྱད་གཏན་ལ་ཕབ་སྟེ་ངོ་སྤྲོད་འདི་ལྟར་ཤེས་པར་གྱིས། ཚོགས་བརྒྱད་གྲངས་ནི་འདི་ལྟ་སྟེ། སྒོ་ལྔའི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། སྣ་[96.1]ཚོགས་གསོག་པའི་ཀུན་གཞི་དང་བརྒྱད་ཡིན་ཏེ། དེ་དག་ནི་འཁོར་བའི་ཆོས་ཡིན་ནོ། །དེ་འཁོར་བ་འགྲོ་བ་ནི། གཞི་དོན་གྱི་ཀུན་གཞི་ངོ་མ་ཤེས་པས། རིག་པའི་རྩལ་གྱིས་ཡུལ་ལ་འཇུག་པ་ཡིན་ཏེ། དེའི་ཕྱིར་[96.2]ཚོགས་བརྒྱད་འཆར་བ་ཡིན་ཏེ། དེ་ལ་སྒོ་ལྔ་རིག་པ་རྩལ་མ་འགགས་པ་རྟེན་མེད་དེ་རྟེན་དབང་པོ་དང་བཅས་པས་མིག་གི་ཡུལ་དུ་གཟུགས་མཐོང་། གཟུགས་སྡུག་མི་སྡུག་ལ་ཆགས་སྡང་སྐྱེ། དེ་བཞིན་དུ་རྣ་བའི་[96.3]ཡུལ་དུ་སྒྲ་དང་། སྣའི་ཡུལ་དུ་དྲི་དང་། ལྕེའི་ཡུལ་དུ་རོ་དང་། ལུས་ཀྱི་ཡུལ་དུ་རེག་བྱ་ལ་སོགས་སྤྱད་ནས། བྲན་ལྟ་བུར་བྱས་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ལ་བསྐྱལ་ཏེ། ཇོ་བོ་ལ་གཏད་པ་ལྟ་བུའོ། །དེས་ཉོན་མོངས་[96.4]པ་ཅན་གྱི་ཡིད་ལ་བསྐྱལ་ཏེ། དེ་ཆགས་སྡང་ལ་སོགས་པའི་ཉོན་མོངས་པ་ཡིས་དམ་པར་བཟུང་སྟེ། ཁྱོས་ཆུང་མ་ལ་གཏད་ནས་གཉེར་བྱས་པ་ལྟ་བུའོ། །དེས་བག་ཆགས་སུ་སོང་སྟེ། དེ་གསོག་པའི་གཞིའམ་སྣོད་ལྟ་[96.5]བུ་སྟེ། སྣ་ཚོགས་གསོག་པའི་ཀུན་གཞིའོ། །རིག་པ་འགྱུ་བའི་རྩལ་དེ་རླུང་གིས་འགྱུ་བ་ཡིན་ཏེ། དེ་ལ་ཡིད་ཅེས་བྱའོ། །ཡིད་དེ་ཉིད་ལས་བྱེད་པའི་ཆ་ནས་ཚོགས་བརྒྱད་དུ་ཞུགས་པས་ཡིད་དེ་གསལ་ཆ་མི་འགག་[96.6]པར་དེས་ཡུལ་ལྔ་སྤྱོད་པས་ཁ་ཕྱིར་བལྟས་ཏེ་སྒོ་ལྔའོ། །ཡིད་དེ་སྒོ་ལྔས་སྤྱད་པའི་ཉོན་མོངས་པ་བཟུངས་སུ་བཟུང་སྟེ། ཁ་ནང་དུ་བལྟས་པའི་ཆ་ནས་ཉོན་མོངས་པའི་ཡིད་དེ། མདོར་ན་ཡིད་ཁ་ཕྱིར་བལྟས་ནས་[97.1]ཡུལ་སྤྱོད་པའི་ཆ་ནས་སྒོ་ལྔའོ། །ནང་དུ་བལྟས་ནས་བཟུང་བས་ཉོན་མོངས་པའི་ཡིད་དོ། །བསགས་པའི་གཞིའི་ཆ་ནས་སྣ་ཚོགས་གསོགས་པས་ཀུན་གཞིའོ། །རིག་པས་ཕྱིར་བཅད་པ་ནང་དུ་སྐྱེལ་[97.2]བའི་ཆ་ནས་ཡིད་དོ། །མ་རྟོགས་པའི་དབང་གིས་དེ་ལྟར་བྱུང་། །གཞིའི་དངོས་པོའི་གནས་ལུགས་གོང་དུ་སྨོས་པ་ཏེ་རྟོགས་ན་ཡེ་ཤེས་ལྔར་འཆར་ཏེ། ཐམས་ཅད་མཁྱེན་པ་འབྱུང་བ་ཡིན། རྟོགས་པའི་ཐབས་ནི་ངོ་[97.3]སྤྲོད་པའི་རྟོགས་པ་འཆར་ཏེ། དེ་ངོ་སྤྲོད་ཀྱི་གདམས་ངག་ཅར་ཕོག་ཏུ་བསྟན་ན་གོང་གི་ཚིག་གིས་ཤེས་པ་ཡིན་ཏེ། གཞའི་སྐབས་ཀྱི་རང་བྱུང་གི་ཡེ་ཤེས་དེ་ཉིད་ཅར་ཕོག་ཏུ་བསྟན་ན། ཚིག་དོན་འབྲེལ་བ་ཡིན་ཏེ།།ངོ་[97.4]འཕྲོད་པ་ནི་དབང་པོ་རྣོ་རྟུལ་མེད་དོ། །ཐོགས་པ་མེད་པར་རང་ངོ་རང་གིས་ཤེས་སོ། །དེ་མཚན་ཉིད་ལྔ་དང་ལྡན་ཏེ། ངོ་བོ་སྟོང་པ་རང་བཞིན་གསལ་བ། མཚན་ཉིད་གཉིས་སུ་མེད་པ། ཐུགས་རྗེ་འགག་པ་མེད་པ།[97.5]ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་པ་སྟེ། །དེ་ལ་ཡེ་ཤེས་ལྔ་ཞེས་ཀྱང་བྱའོ། །དེ་ལྟར་ངོ་ཤེས་པས་ངོ་བོ་སྟོང་པ་མི་རྟོག་པས་འཛིན་པ་མེད་པའོ། །རང་བཞིན་གསལ་བ་མ་འགགས་པས་སྒོ་ལྔའི་རྣམ་པར་ཤེས་པ་དང་[97.6]བཅས་པ་སྟེ། སེམས་ཅན་གྱི་དུས་ན་ཡུལ་རྣམ་པ་ལྔ་ལ་རང་ཁ་མར་སྤྱོད། རྟོགས་ལྡན་གྱི་དུས་ན་རང་སྣང་འཛིན་མེད་དུ་གྲོལ། སངས་རྒྱས་པའི་དུས་ན་ཐམས་ཅད་མཁྱེན་པར་འབྱུང་སྟེ་སྟོང་པའོ། །གསལ་བ་[98.1]གཞི་ཐོག་ཏུ་རང་གསལ་ལོ། །གསལ་བའི་རྩལ་རླུང་གིས་འགྱུས་ན། ཡུལ་ལ་སྤྱོད་བཞིན་དུ་མི་འཛིན་པ་རྟོགས་པའི་རྩལ་ལོ། །གསལ་བ་དང་སྟོང་པ་ཡེ་ནས་གཉིས་སུ་མེད་དེ། །གསལ་བའི་རྩལ་ལས་གདངས་འོད་[98.2]ལྔ་བྱུང་། གཉིས་མེད་དེ་ལས་རྩལ་ཕྲིན་ལས་ཐོགས་པ་མེད་པ་བྱུང་སྟེ། །དེས་གདུལ་བྱའི་དོན་ཐམས་ཅད་ལྷུན་གྱིས་གྲུབ་པའོ། །འོད་རྣམ་ལྔ་འཆར་བས་སྣང་བ་ལྷུན་གྱིས་གྲུབ་པའོ། །དེ་ལྟར་རྟོགས་པས་ངོ་འཕྲོད་པ་[98.3]ཡིན་ནོ། །ལ་བཟླ་བ་ནི་ལྟ་བའི་སྐབས་སུ་བཤད་དོ། །གསང་བའི་བདག་པོ་དེ་ལྟར་ཤེས་པར་གྱིས་ཤིག །ཅེས་གསུངས་སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་ལས། ཚོགས་བརྒྱད་གཏན་ལ་ཕབ་ནས་ངོ་སྤྲོད་[98.4]པའི་ལེའུ་སྟེ་ཞེ་དྲུག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། ཚོགས་བརྒྱད་ཕྱེ་སྟེ་ངོ་སྤྲད་དེ་ལྟར་ན། །ཐོག་མཐའ་བཅད་དེ་ངོ་སྤྲད་པ། །རྡོ་རྗེ་འཆང་གིས་གསུང་དུ་[98.5]གསོལ། །ཞེས་ཞུས་སོ། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། འཁོར་བ་རྒྱུད་ནས་བ་བདས་མུ་ནས་རྩད་བཅད་པས། །སྙིང་པོ་གཞི་ལ་ཐུག་གིས་ཐུག །གཞི་ཉིད་ངོ་ཡིས་ཙིར་བཟུང་བས། །ངོ་སྤྲོད་ཅེས་སུ་བསྟན་པ་[98.6]ཡིན། །གཞི་ཉིད་རྟོགས་པ་ལྟ་བའི་མཆོག །བ་བདས་གྱེན་ལ་བདས་པ་ནི། །འཁོར་བ་རང་སར་ལྡོག་པ་སྟེ། །འཁོར་བ་འདི་དག་ཅི་ལས་བྱུང་། །འཁོར་བ་རྐྱེན་དང་རྒྱུ་ལས་བྱུང་། །འཁོར་བའི་རྐྱེན་གཞི་བདས་པས་[99.1]ན། །དེ་མ་ཐག་པའ་སྐད་ཅག་འཕེལ། །དེ་ཡང་ད གས་པའ་རྐྱེན་ལས་བྱུང་། །དམགས་པ་ཡུལ་ལ་ད གས་པ་ཡན། །ཡུལ་ད གས་བདག་པོའི་རྐྱེན་ལས་བྱུང་། །བདག་པོ་ཡད་ཀྱ་འཛིན་བཅས་[99.2]ཡིན། །བདག་པོ་རྒྱུ་ཡི་རྐྱེན་ལས་བྱུང་། །རླུད་གིས་ཡིད་འགྱུས་རྒྱུ་ཡི་རྐྱེན། །འཁོར་བའི་རྒྱུ་གཉིས་འདི་ལྟ་སྟེ། །མ་རིག་རྣམ་པ་གཉིས་ཡིན་ཏེ། ། ཀུན་བརྟགས་མ་རིག་འོད་ལྔ་བརྟགས་པས་བརྟས། །ལྷན་སྐྱེས་[99.3]གསལ་ཆ་འོད་ལྔར་སྣང་བ་ལ། །རང་སྣང་ཡིན་པར་ངོ་མ་ཤེས་པའོ། །དེ་དག་འགྱུ་བས་ཡིད་བཞི་བསྐྱེད། །གཡོ་དང་འགྱུ་དང་ཚོར་བ་དང་། །གཅོད་པ་ཡི་ནི་ཡིད་བཞི་ནི། །མ་རིག་རྒྱུ་རྐྱེན་དེ་ལས་བྱུང་། །སྤྱོད་པ་[99.4]འོད་ལས་ཡུལ་དུ་སྤྱོད། །ཚོར་བ་འོད་ཀྱི་སྣང་བ་ཚོར། །འགྱུ་བ་རླུང་གིས་རིག་རྩལ་འགྱུས། །གཡོ་བ་གཞི་ནི་རླུང་གིས་གཡོས། །རླུང་ནི་རང་གི་རིག་པའི་རྩལ། །རླུང་གི་མཚན་ཉིད་འགྱུ་བ་སྟེ། །རིག་པའི་རྩལ་ནི་[99.5]འགྱུ་བའི་རླུང་། །རླུང་ལས་འབྱུང་ལྔ་ལྷུན་གྱིས་གྲུབ། །རླུང་དེ་སྡུད་པས་ཆུ་ཡིན་ནོ། །རླུང་དུ་སྨིན་པས་མེ་ཡིན་ནོ། །རླུང་དུ་བརྟས་པས་ས་ཡིན་ནོ། །རེ་རེ་དག་ལ་རྫོགས་པའོ། །རིག་པ་ཡེ་ཤེས་ལྔ་ལྡན་དེའི། །རྩལ་ནི་[99.6]གདངས་ལྔ་འོད་ལྔ་ཤར། །དེ་དག་ཕྱི་ཡི་ཡུལ་དུ་བརྟགས། །གཞ་ཉིད་རྒྱས་པར་བཤད་པ་སྟེ། །རྒྱུད་ཀྱིས་སྟོན་ནས་གསལ་བར་བཤད། །ངེས་བཟུང་འདི་རུ་བསྟན་པ་སྟེ། །ངོ་སྤྲོད་ཅར་གྱིས་བསྟན་པ་སྟེ། །ཡིད་དང་[100.1]རྒྱུ་རྐྱེན་རྩ་བ་ནི། །འཁོར་འདས་ཀུན་གྱི་གཞིར་གྱུར་པ། །དེ་ཡི་ངོས་འཛིན་འདི་ལྟར་ཡིན། །ཧད་དེ་ས་ལེ་སོ་ལེ་བ། །དེ་ཉིད་ལས་ནི་འཁོར་འདས་ཐམས་ཅད་འབྱུང་། །གཞི་ཡི་རང་རྩལ་གཉིས་ཡིན་ཏེ། །རླུང་དང་[100.2]འོད་གདངས་གཉིས་སུ་བྱུང་། །གཞི་ནི་གཡོ་འགུལ་མེད་པ་ལ། །རྩལ་ནི་མ་འགགས་རླུང་གཡོས་པས། །གཡོ་བ་ཡིས་ནི་འགྱུ་བ་བྱུང་། །འགྱུས་བའི་འོད་ཀྱི་སྣང་བ་ཚོར། །འོད་དེ་རང་སྣང་མ་ཤེས་པས། །ལྷན་[100.3]གཅིག་སྐྱེས་པའི་མ་རིག་བྱུང་། །རང་སྣང་མ་ཤེས་ཡུལ་དུ་བཅད། །གཅོད་པའི་ཡིད་ཅེས་དེ་ལ་བྱ། །འོད་ལ་བརྟགས་པས་ཀུན་བརྟགས་མ་རིག་བྱུང་། །རྩལ་ནི་ཡིད་དུ་འགྱུས་པ་དེས། །རྒྱུ་ཡང་བྱས་ཏེ་རྐྱེན་ཡང་[100.4]བྱས། །རྒྱུ་ཡིས་རྐྱེན་ཞེས་དེ་ལ་བྱ། །འགྱུ་བའི་ཡིད་ནི་རླུད་ཅན་དེས། །འཁོར་བ་བསྐྱེད་ནས་འཁོར་བའི་བདག་པོ་བྱེད། །མྱ་ངན་འདས་ན་དེ་ཡིས་བདག་པོ་བྱེད། །གང་བསྐྱེད་བདག་པོ་དེ་ཡིས་བྱེད། །དེ་ཡིས་རྐྱེན་[100.5]བྱས་བདག་པོའི་རྐྱེན། །འགྱུ་བ་འོད་ལ་དམིགས་པའི་རྐྱེན། །དེ་ལ་འཁྲུལ་པས་བརྟགས་བྱས་ནས། །སྐད་ཅིག་དེ་མ་ཐག་པའི་རྐྱེན། དེ་ལྟར་འཁོར་བ་བསྐྱེད་པས་ཏེ། །གོང་དུ་ཤིན་ཏུ་གསལ་བར་བཤད། །གཞི་ཉིད་[100.6]ངོས་འཛིན་འཕྲད་པའོ། །གཞི་ལས་གསལ་པའི་ཆོས་སྐུ་ཡིས། །སྤངས་ནས་མྱ་ངན་འདས་ལུགས་ནི། །གཞན་ནས་བསྟེན་པ་དེ་བཞིན་དུའོ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། འཁོར་བ་[101.1]རྒྱུ་ནས་བ་བདས་མུ་ནས་རྩད་བཅད་ནས་ངོ་སྤྲོད་པའི་ལེའུ་སྟེ་ཞེ་བདུན་པའོ།། །།གསང་བའི་བདག་པོས་ཡང་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །དུས་གསུམ་ཕྱེ་ལ་ངོ་སྤྲད་པ། །ཐུགས་རྗེ་[101.2]ཅན་གྱིས་གསུང་དུ་གསོལ། །དེ་སྐད་ཅེས་ནི་ཞུས་པ་དང་། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཉོན་ཅིག་གསང་བའི་བདག་པོ་རྡོ་རྗེ་ཅན། །དུས་གསུམ་ཕྱེ་ལ་ངོ་སྤྲད་པ། །གང་ཟག་གཅིག་གི་ཤེས་རྒྱུད་ལ། ཁེས་པ་[101.3]བསམ་གྱིས་མི་ཁྱབ་ཀྱང་། །ཤེས་པ་བཞི་རུ་འདུས་པའོ། །དུས་གསུམ་དག་གི་ཤེས་པ་དང་། །དུས་མེད་རྟོགས་པའི་ཤེས་པའོ། །དུས་གསུམ་ཤེས་པ་ངོས་བཟུང་ན། །འདས་པ་རྗེས་གཅོད་ཤེས་པ་དང་། །མ་འོངས་[101.4]སྔོན་བསུ་ཤེས་པ་དང་། །ད་ལྟ་ཉིད་དུ་འཕྲོས་པ་ཡི། །སྒོ་ལྔ་ཡུལ་ལ་་།ར་བའི་ཤེས་པའོ། །དོན་དྲན་རྟོག་གློ་བུར་ཤེས་པའོ། །འདས་པ་རྗེས་གཅོད་ཤེས་པ་ནི། །སྔར་བྱས་བློ་ལ་དྲན་པའོ། །མ་འོངས་སྔོན་བསུའི་ཤེས་[101.5]པ་ནི། །ཕྱི་མ་བློ་ལ་དྲན་པའོ། །ད་ལྟ་དྲན་རྟོགས་གློ་བུར་བ། །སྒོ་ལྔ་ཡུལ་ལ་བསྐྱེད་པ་ཡིས། །དེ་བཞིན་རྟོགས་པའི་ཤེས་པའོ། །དེ་གསུམ་འཁོར་བའི་ཆོས་ཡིན་ཏེ། །དེ་གསུམ་གློ་བུར་ཤེས་པ་ཡིས། །བདག་མེད་[101.6]འཛན་གྲོལ་དུས་གསུམ་དག །མ་བྱས་མ་བཅོས་མ་སླད་པ། །རང་བྱུང་ཡེ་ནས་གནས་པ་སྟེ། །དེ་ཉིད་ཤེས་པས་ཡེ་ཤེས་ཡིན། །དེ་ཉིད་ལྷག་གིས་ངོ་སྤྲད་པ། །ཧད་དེ་ཝ་ལེ་སལ་ལེ་བ་ཉིད། །དེ་ལས་རང་བྱུང་ཡེ་ཤེས་[102.1]ཏེ། །རྒྱུ་རྐྱེན་མེད་པས་རང་བྱུང་ངོ་། །དེ་ཉིད་ཤེས་པའི་ཡེ་ཤེས་ཡིན། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་ལས། དུས་གསུམ་ཕྱེ་ནས་ངོ་སྤྲད་པའི་ལེའུ་སྟེ་ཞེ་བརྒྱད་པའོ།། །།དེ་ནས་ཡང་[102.2]གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །དུས་གསུམ་ངོ་སྤྲོད་དེ་ལགས་ན། །ངོ་སྤྲོད་རྣམ་བཞི་གསུང་དུ་གསོལ། །ཞེས་ཞུས་པས། །སྟོན་པ་རྡོ་རྗེ་འཆང་གིས་བཀའ་སྩལ་པ། །རྡོ་རྗེ་འཛིན་པ་[102.3]ངེས་བཟུང་ཞིག །རང་གི་བྱད་ཀྱི་མཚན་ཉིད་ནི། །མེ་ལོང་དག་ལ་རབ་བརྟེན་ནས། །ཇི་ལྟར་གཏན་ལ་འབེབས་པ་ལྟར། །སྐུ་གསུམ་འདུ་བྲལ་མེད་པའི་དོན། །ཡེ་ནས་རང་ལ་ལྷུན་གྲུབ་པས། །བརྡའ་ཡིས་གཏན་ལ་[102.4]དབབ་པར་བྱ། །ཀྱེ་གསང་བའི་བདག་པོ་ཁྱོད་ཉོན་ཅིག །ངོ་སྤྲོད་བཞི་རུ་ཤེས་པར་བྱ། །ཅིའི་ཕྱིར་ཡུལ་བཞིར་ངེས་པས་སོ། །བཞི་པོ་གང་ཡིན་ཇི་ལྟར་ཡིན། །སྐུ་ལྔ་རིན་པོ་ཆེའི་སྦུབས་དང་གཅིག །ལོངས་སྐུ་ལྔ་ལྡན་[102.5]དེ་དང་གཉིས། །སྤྲུལ་སྐུའི་བར་དོ་དེ་དང་གསུམ། །སྐུ་གསུམ་འདུ་འབྲལ་མེད་པར་རྫོགས་ལྡན་ནོ། །དེ་བཞི་མི་རྫུན་ངེས་པས་ཐེ་ཚོམ་དང་བྲལ་བའོ། །བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། །ངོ་སྤྲོད་བྱ་བའི་ཤེས་པ་མ་[102.6]འགགས་པའོ། །རིགས་ཀྱི་བུ་ཁྱོད་ལེགས་པར་ཉོན། །གྲངས་ལྡན་གཏན་ཚིགས་བསྟན་པའོ། །བླ་མས་གདམས་ངག་སྒྲོགས་པའི་ཚ། །གོ་རིམ་གཉིས་སུ་བསྟན་པ་ནི། །གཞི་ཉིད་ལྷུན་གྲུབ་དག་གི་གོ་རིམ་[103.1]དང་། །རྟོགས་པ་མངོན་གྱུར་དག་གི་གོ་རིམ་མོ། །ཀྱེ་གསང་བའི་བདག་པོ་ལེགས་པར་ཉོན་ཅིག །དེ་ལ་གཞི་ཉིད་ལྷུན་གྲུབ་ནི། །དང་པོ་ཆོས་སྐུའི་ངོ་སྤྲོད་དང་། །དེ་ནས་ལོངས་སྐུའི་ངོ་སྤྲོད་དང་། །དེ་[103.2]ནས་སྤྲུལ་སྐུའི་ངོ་སྤྲོད་བསྟན་པ་དང་། །དེ་ནས་སྐུ་གསུམ་འདུ་འབྲལ་མེད་པའོ། །སྤྲད་པའི་ཐབས་ལ་གཉིས་ཡིན་ཏེ། །བརྡ་དང་ངག་ཏུ་བསྟན་པའོ། །མཚོན་པའི་བརྡ་ལ་རྣམ་པ་བཞི། །རྡོ་རྗེ་སེམས་དཔའི་མེ་ལོང་[103.3]བསྟན་པ་དང་། །འདྲ་འབག་དག་ལ་བརྟེན་པ་དང་། །འོད་བྱིམ་དག་ལ་བརྟེན་པ་དང་། །ཉི་མ་དག་ལ་བརྟེན་པའོ། །བརྗོད་པའི་སྒྲ་ལ་རྣམ་བཞི་སྟེ། །དང་པོ་ཆོས་སྐུ་མཚོན་པའི་ཚེ། །ཀྱེ་སྣོད་ལྡན་སློབ་མ་ང་ལ་[103.4]ཉོན། །ཐུགས་ཀྱི་མེ་ལོང་མན་ཤེལ་འདི། །ཆོས་སྐུ་དངོས་ནི་མ་ཡིན་ཏེ། །འདི་ཉིད་ཅི་འདྲར་ཤེས་པར་བྱ། །མན་ཤེལ་ཕྱི་ནང་མེད་པ་ལྟར། །རང་གི་རིག་པ་ཆོས་སྐུ་ཡང་། །ཕྱི་ནང་མེད་པར་ཤེས་པར་བྱ། །མན་ཤེལ་[103.5]མདུན་རྒྱབ་མེད་པ་ལྟར། །ཆོས་སྐུ་ཡང་ནི་མདུན་རྒྱབ་མེད། །མན་ཤེལ་ཟང་ཐལ་གསལ་བ་བཞིན། །ཆོས་སྐུ་དྲི་མེད་དག་པ་ཟང་ཐལ་ཡིན། །འདི་ན་ནང་མེད་ནང་ན་རྐྱེན་མེད་འོད་ལྔ་གསལ་བ་ལྟར། །ཆོས་སྐུ་[103.6]ཟང་ཐལ་ནང་ན་ནི། །སྐུ་གསུམ་ནང་གསལ་དུ་ནི་གནས་པ་སྟེ། །སྟོང་པ་ཡེ་ཤེས་སྙིང་པོ་ཅན་དུ་ཤེས་པར་གྱིས། །དཔེ་འདིའི་ནང་ནས་འོད་ལྔ་ཕྱི་རུ་འཆར་བ་ལྟར། །ཆོས་ཀྱི་སྐུ་ལས་གཟུགས་སྐུ་གཉིས། །གདུལ་བྱ་[104.1]གཉིས་ལ་སྣང་བའོ། །རིགས་ཀྱི་བུ་དག་ཚུར་ཉོན་དང་། །ལོངས་སྐུ་དག་ལ་གདམས་པ་ནི། །འདྲ་འབག་མེ་ལོང་ངོས་ལ་བསྟན་པའི་ཚེ། །མེ་ལོང་དག་ཅིང་གསལ་བ་ལྟར། །ཆོས་ཉིད་དག་ཅིང་གསལ་བའོ། །མེ་ལོང་[104.2]ནང་གི་གཟུགས་བརྙན་སྣང་ལ་རང་བཞིན་མེད་པ་ལྟར། །ཆོས་ཉིད་ཀློང་ན་སྐུ་ལྔ་སྣང་ལ་རང་བཞིན་མེད་པར་གསལ་བར་གནས། །ཀྱེ་རིགས་ཀྱི་བུ་དག་ཚུར་ཉོན་དང་། །སྤྲུལ་སྐུ་བརྡའ་དང་ངག་ཏུ་སྦྱར་དུས་[104.3]སུ། །ངག་གི་མེ་ལོང་དག་ཅིང་གསལ་བ་ལྟར། །ཆུ་ཡི་སྒྲོན་མ་དག་གི་དབྱིངས། །མེ་ལོང་ངོས་ལ་སྐུ་ལྔ་གསལ་བ་ལྷར། །རྟགས་ཀྱི་ཡེ་ཤེས་སྤྲུལ་སྐུ་འོད་དུ་གསལ། །སྐུ་གསུམ་འདུ་འབྲལ་མེད་པར་བརྡ་དང་ངག་སྦྱོར་[104.4]བས། །ཀྱེ་མ་གསང་བདག་ངེས་ཟུང་ཞིག །ཉི་མའི་སྙིང་པོ་འོད་ཟེར་བཅས་པ་བཞིན། །ཆོས་ཀྱི་སྐུ་ལ་ཐུགས་རྗེ་གཟུགས་སྐུར་བརྒྱན། །ཉི་མའི་འོད་ཟེར་ཉིད་དང་མི་འབྲལ་ལྟར། །སྐུ་གསུམ་ཡེ་ནས་འདུ་འབྲལ་མེད་[104.5]པར་གནས། །ཀྱེ་གསང་བདག་ངེས་པར་ཟུང་ཞིག །རྟོགས་པ་མངོན་གྱུར་གོ་རིམ་ནི། །བར་དོ་མན་ཆད་རྩི་བ་སྟེ། །སྤྲུལ་པ་སྐུ་ཡི་ངོ་སྤྲོད་ནི། །ཆོས་ཉིད་བར་དོའི་ངོ་སྤྲོད་ཡིན། །ལོངས་སྤྱོད་རྫོགས་སྐུའི་ངོ་སྤྲོད་[104.6]ནི། །ལྔ་ལྡན་དག་གི་ངོ་སྤྲོད་ཡིན། །སྐུ་གསུམ་འདུ་འབྲལ་མེད་པ་ནི། །རྫོགས་ལྡན་དག་གི་ངོ་སྤྲོད་ཡིན། །ཆོས་སྐུ་དག་གི་ངོ་སྤྲོད་ནི། །རྫོགས་ལྡན་ཆེན་པོའི་ངོ་སྤྲོད་ཡིན། །གདམས་ངག་གོང་དང་མཐུན་པ་ལ། །དང་[105.1]པོ་བར་དོའི་ངོ་སྤྲོད་བྱ། །དེ་རྟོགས་སྐུ་རུ་སྣང་བས་ན། །དེ་ནས་ལྔ་ལྡན་ངོ་སྤྲོད་བྱ། །དེ་ནས་མངོན་ཤེས་ལ་སོགས་པའ། །ཆེ་བ་ཡོངས་སུ་རྫོགས་པས་ན། །རྫོགས་ལྡན་ངོ་སྤྲོད་བྱ་བ་ཡན། །ཐུགས་རྗེ་[105.2]བྱུང་ན་མྱ་ངན་འདས། །དེ་བས་རྫོགས་ལྡན་ཆེན་པོ་ཡིན། །ངོ་སྤྲོད་གདམས་ངག་གསལ་བར་བསྟན། །དེས་ནི་གོང་གི་བརྡའ་བཞི་ལ། །རྟགས་ནི་བྱང་ཆུབ་སེམས་ཡིན་ཏེ། །ངོ་སྤྲོད་བཞི་ཡིས་འགྱུར་མེད་[105.3]བསྟན། །དོན་ནི་སྐུ་གསུམ་འདུ་འབྲལ་མེད། །བདེན་དོན་རྣམ་པ་བཅུ་གཉིས་ཡིན། །སྤྲོད་པའི་ཡུལ་བཞི་གང་བསྟན་པས། །དེ་ཉིད་རྣམ་པ་བཅུ་དྲུག་རིག །དེ་ལ་དགོངས་པ་རྣམ་པ་བཞི། །ལྷུན་གྲུབ་ངེས་པའི་[105.4]གདམས་པ་བཞི། །ངོ་སྤྲོད་རྟོགས་པས་ཐོབ་པར་འགྱུར། །མངོན་གྱུར་ཡུལ་གྱི་གདམས་པ་བཞི། །ངོ་སྤྲོད་རྟོགས་པ་ཐོབ་པར་འགྱུར། །དེ་ནི་དགོངས་པ་མདོར་བསྡུས་ཡིན། །དེ་ཡིས་མཚན་ཉིད་བརྒྱད་བཤད་[105.5]ན། །ཐིག་ལེ་ཉག་གཅིག་ངོ་སྤྲོད་ཀྱིས། །ཆོས་སྐུ་རང་གསལ་དོན་རྟོགས་ཤིང་། །རིན་ཆེན་སྦུབས་ཀྱི་དགོངས་པ་ཆོད། །མ་ཧྭ་ཡོ་གའི་ངོ་སྤྲོད་ཀྱིས། །ཡེ་ཤེས་ལྔ་ལྡན་དགོངས་པ་ཆོད། །རྫོགས་པ་ཆེན་པོའི་ངོ་སྤྲོད་[105.6]ཀྱིས། །སྤྲུལ་སྐུ་རང་གནས་དོན་རྟོགས་ཤིང་། །ཆོས་ཉིད་བར་དོའི་དགོངས་པ་ཆོད། །ཨ་ནུ་ཡོ་གའི་ངོ་སྤྲོད་ཀྱིས། །སྐུ་གསུམ་འདུལ་འབྲལ་མེད་པར་རང་གནས་དོན་རྟོགས་ཤིང་། །རྫོགས་ལྡན་དགོངས་པ་ཆོད་པ་[106.1]ཡན། །ངོ་སྤྲོད་རྣམ་བ ་བྱས་པ་ཡས ཡུལ་བ ་ མ་པར་ཤར་བའ་ཚེ། ཤེས་པའ་དྲན་པ་རེ་རེ་སད། །སོ་སོའི་གྲུབ་མཐའ་རྫོགས་པའོ། །མཐོང་བའ་ཡུལ་ལ་ཤེས་པའ་དྲན་པ་སད། །དྲན་པ་བ ་ཡ་ཏང་འཛིན་[106.2]རྒྱལ། །དེ་ཚེ་མངོན་པར་སངས་རྒྱས་ཤིང་། །ཞི་བ་མྱ་ངན་འདས་པས་ན། །རྣམ་པ་ཉི་ཤུས་བྱང་ཆུབ་པའོ། །དེ་ལྟར་རྟོགས་ནས་སངས་རྒྱས་པས། །རྣམ་པ་ཀུན་རིག་སངས་རྒྱས་མཆོག །ངོ་སྤྲོད་བཞི་ཡི་དགོངས་པ་[106.3]ཡིན། །དེ་རྣམས་མི་ལྡན་ངོ་མ་སྤྲད་པའི་སྐྱོན། །རྡོ་རྗེ་འཆང་ཆེན་བདག་གིས་བཤད། །ཅེས་གསུངས་སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་ལས། ངོ་སྤྲོད་བཞི་བསྟན་པའི་ལེའུ་སྟེ་ཞེ་དགུ་པའོ།། །།ཀྱེ་ཀྱེ་[106.4]བཅོམ་ལྡན་རྡོ་རྗེ་འཆང་ཆེན་པོ། །སྐུ་གསུམ་ལྷུན་གྲུབ་ངོ་སྤྲོད་དང་། །དཔེ་དོན་རྟགས་ཀྱི་ངོ་སྤྲོད་ལ། །མདོ་རུ་བསྟན་པ་དེ་ལགས་ན། །ངོ་སྤྲོད་རྣམས་ནི་ལ་བཟླའི་ཕྱིར། །ཕྱི་ནང་གསང་གསུམ་ངོ་སྤྲོད་གསུང་དུ་[106.5]གསོལ། །དེ་སྐད་ཅེས་ནི་ཞུས་པ་དང་། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་འཛིན་པ་སོགས། །ཕྱི་ནང་གསང་གསུམ་སོ་སོའི་ངོ་སྤྲོད་ནི། །ངོ་སྤྲོད་རྣམས་ལ་ལ་བཟླ་སྟེ། །ལྟ་བའི་དོན་དང་སྦྱར་[106.6]བའོ། །དེ་ལ་ཕྱི་ཡི་ངོ་སྤྲོད་ནི། །སྣང་བ་ཆོས་དབྱིངས་ངོ་སྤྲོད་དོ། །ནང་གི་ངོ་སྤྲོད་བསྟན་པ་ནི། །གཟུགས་སྐུ་གཉིས་ཀྱི་ངོ་སྤྲོད་དོ། །གསང་བའི་ངོ་་སྤྲོད་བསྟན་པ་ནི། །རིག་པ་ཆོས་སྐུར་ངོ་སྤྲོད་དོ། །ཀྱེ་ཀྱེ་རྡོ་རྗེ་འཆང་[107.1]ཆེན་པོ། །ཕྱི་ཡི་ངོ་སྤྲོད་ཅི་ལྟར་སྤྲོད། །ནང་གི་ངོ་སྤྲོད་ཅི་ལྟར་སྤྲོད། །གསང་བའི་ངོ་སྤྲོད་ཇི་ལྟར་སྤྲོད། །དེ་དག་དཔེ་དོན་གསུང་དུ་གསོལ། །ཞེས་ཞུས་པས། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །རིག་པ་[107.2]ཆོས་སྐུའི་དཔེ་བསྟན་པ། །མན་ཤེལ་ཡོངས་སུ་དག་པ་སྟེ། །གསལ་བར་ཡོད་ལ་ངོས་གཟུང་མེད་པ་བཞིན། །འོད་ཀྱི་གསལ་ཆ་ཕྱི་རུ་འབྱུང་། །བྱུང་ཡང་མན་ཤེལ་དག་པ་ལ། །རང་རྒྱུད་པ་རུ་གྲུབ་པ་མེད། །གསལ་[107.3]བའི་རྩལ་ནི་གཉིས་སུ་འབྱུང་། །རིག་པའི་གསལ་ཆ་སྒོ་ལྔར་ཤར། །གཟུགས་ཀྱི་གསལ་ཆ་འོད་ལྔར་ཤར། །རིག་པའི་ངོ་བོ་མ་གྲུབ་པ། །མན་ཤེལ་རྣམ་པར་དག་པ་འདྲ། །དེ་ཉིད་མི་འགག་གསལ་བ་དེ། །མན་ཤེལ་[107.4]རྣམ་པར་དག་པ་འདྲ། །གསལ་སྟོང་གཉིས་སུ་མེད་པ་ལ། །གཟུགས་སྐུ་གཉིས་སུ་འཆར་བ་དེ། །མན་ཤེལ་གསལ་བ་སྒོ་ལྔ་དང་། །འོད་ལྔ་མི་འགག་འཆར་བ་འདྲ། །རིག་པ་གསལ་སྟོང་གཉིས་སུ་མེད་པ་ལ། །སྒོ་ལྔ་[107.5]མ་འགག་གསལ་བ་ནི། །ཆོས་སྐུ་སྒོ་ལྔ་ཚང་པའོ། །རིག་པའི་ཆ་ནས་ཆོས་ཀྱི་སྐུ། །འོད་ཀྱི་ཆ་ནས་ལོངས་སྐུའོ། །སྒོ་ལྔ་གསལ་བའི་ཆ་ནས་སྣ་ཚོགས་འགྱུ། །དེ་ཉིད་སྤྲུལ་པའི་སྐུ་རུ་བསྟན། །ལོངས་སྐུའི་དཔེ་བསྟན་[107.6]འདི་ལྟ་སྟེ། །སྤྱིན་མེད་ཉི་མ་ཤར་བ་ལ། །མན་ཤེལ་བསྟན་ཅིང་བྲིས་སྐུ་དགྲམ། །མན་ཤེལ་ཉི་མའི་ངོས་སུ་ཕྱར། །བྲིས་སྐུ་འོད་བརྡལ་དངོས་སུ་དགྲམ། །ཤེལ་དང་བྲིས་སྐུ་གཉིས་ཀ་ལ། །མ་ཡེངས་མིག་ནི་བཙུག་ལ་[108.1]བལྟ། །རེས་མོས་བལྟ་ཞིང་ནམ་མཁར་བལྟ། །མན་ཤེལ་ཉི་མའི་འོད་ཕོག་དང་། །བྲིས་སྐུ་ཁ་དོག་དབྱིབས་ལྡན་པར། །མིག་བཙུག་ལ་ནི་བལྟ་བར་བྱ། །མིག་བསྒྲིམ་ནམ་མཁའ་སྟོང་པར་བལྟ། །བྲིས་སྐུ་གང་ཡིན་ཁ་[108.2]དོག་དབྱིབས། །དབང་པོ་མིག་གི་མངོན་གསུམ་དུ། །སྣང་ལ་རང་བཞིན་མེད་པ་འབྱུང་། །དེ་བཞིན་ལོངས་སྐུ་རྣམ་པ་ཡང་། །ཆོས་སྐུ་གསལ་སྟོང་གཉིས་མེད་ལ། །ཡོན་ཏན་ཡེ་ཤེས་ལྔ་རུ་སྣང་། །དེ་རྩལ་ཁ་དོག་འོད་[108.3]ལྔ་ཤར། །འོད་ཉིད་ལོངས་སྐུར་བསྟན་པ་སྟེ། །འོད་ལྔ་གཅིག་ཏུ་འདྲིལ་བ་ལ། །རྣམ་པར་སྣང་མཛད་ཀུན་ཏུ་བཟང་། །ལོངས་སྐུ་ཆེན་པོར་བསྟན་པ་སྟེ། །མཚན་དང་དཔེ་བྱད་རྫོགས་པས་སྤྲས། །དེ་དག་ཕྱོགས་རེའི་[108.4]ཆ་བཟུང་བ། །རིགས་ལྔ་སེམས་དཔའི་ཚོགས་སུ་བྱུང་། །དེ་དག་སྣང་ལ་རང་བཞིན་མེད། །གསལ་ལ་རྟོག་པ་མེད་པ་སྟེ། །དཔེར་ན་བར་སྣང་འཇའ་དང་འདྲ། །སྐུ་ནི་འོད་ཀྱི་སྐུ་ཡིན་ཏེ། །ཐུགས་ནི་གསལ་སྟོང་ཆོས་[108.5]སྐུ་དེ། །གཉིས་མེད་རྟོག་བྲལ་ཆེན་པོ་ཡིན། །སྐུ་དང་ཐུགས་གཉིས་འདུས་པ་ལས། །རྩལ་ནི་མི་འགག་བདག་ཉིད་ཀྱི། །གདུལ་བྱ་གང་དང་མོས་ཕྱོགས་སུ། །གང་ལ་གང་འདོད་འབྱུང་བ་དེ། །སྤྲུལ་པའི་སྐུ་ཡི་གནས་[108.6]ལུགས་ཡིན། །དཔེ་ནི་སྒྱུ་མ་མཁན་པོ་ཡིས། །རྫས་དང་སྔགས་ཀྱི་རྟེན་འབྲེལ་གྱིས། །ལྟས་མོའི་མི་ཡི་མིག་སྔ་སྲ །གང་འདོད་གཟུགས་སུ་ཡོད་པ་འདྲ། །དེ་བཞིན་དཔེ་ནི་སྒྱུ་མ་ཡི། །གཟུགས་བརྙན་སྣ་ཚོགས་སྣང་[109.1]བ་འདྲ། །ཆོས་སྐུའི་རྩལ་མ་འགགས་པ་ཡིས། །གཟུགས་སྐུ་གཉིས་སུ་སྣང་བའོ། །རིག་པའི་ཆ་ནས་ཆོས་ཀྱི་སྐུ། །དེ་གསལ་གཟུགས་ཆ་མི་འགག་པས། །འོད་སྣང་ཆ་ནས་ལོངས་སྐུའོ། །འགྱུ་བ་དྲན་[109.2]རིག་ཆ་ནས་ནི། །སྒོ་ལྔ་ཡུལ་དུ་སྣ་ཚོགས་འགྱུ། །དེ་དག་སྤྲུལ་པའི་སྐུ་ཡིན་ཏེ། །སྐུ་ནི་ལོངས་སྐུར་བསྟན་པའོ། །གསུང་གི་ཆ་ལས་སྤྲུལ་སྐུའོ། །ཐུགས་ཀྱི་ཆ་ནས་ཆོས་སྐུའོ། །དེ་ལྟར་སྐུ་གསུམ་ལྷུན་གྱིས་གྲུབ། །ཆོས་[109.3]ཀྱི་སྐུ་ལས་གཟུགས་སྐུ་གཉིས། །རྩལ་ལམ་ཤུགས་ལས་བྱུང་བའོ། །དེའི་ཕྱིར་ཆོས་སྐུ་ངོ་སྤྲོད་པས། །གཟུགས་སྐུ་གཉིས་པོ་ཤུགས་ལ་འཕྲོད། །གོང་བཞིན་ཆོས་སྐུའི་གནས་ལུགས་དེ། །ཡེ་ནས་བདག་གི་རང་བཞིན་[109.4]ཡིན། །དེ་དག་རང་ལ་ངོས་བཟུང་སྟེ། །ངོ་བོ་རང་གིས་མཐོང་བ་ན། །དེ་དག་ངོ་ཡིས་ཙིར་བཟུང་ནས། །ཐ་མལ་ཤེས་པ་དེ་ཉིད་ལ། །བྱ་བཏང་རྩོལ དུ་བྲལ་དུས་སུ། །དབང་པོ་ཡིད་ནི་ཧད་དེ་བ། །དེ་དག་གཞི་ཡི་[109.5]ངོ་བོ་སྟེ། །ངོ་བོ་གཉིས་ཀྱི་སྐུ་ཞེས་བྱ། །ལྷུན་གྲུབ་སངས་རྒྱས་ཞེས་ཀྱང་བྱ། །དེ་ཉིད་རྟོགས་པ་མངོན་གྱུར་ནི། །ཕྱི་ལྟར་དབྱེ་བའི་ལྟ་བ་སྟེ། །དེ་ཉིད་རྟོགས་པ་ཞི་གནས་ཡིན། །ནང་གི་ཡེ་ཤེས་མ་ཤར་བས། །སྟོང་པ་[109.6]བཏང་སྙོམས་ཆ་ནས་ནི། །ཕྱི་ཡི་ཉོན་མོངས་ཞི་བ་ཙམ། །དེ་ལ་ཞི་གནས་ཞེས་སུ་བསྟན་པ་ཡིན། །གོང་གི་གཞི་ཉིད་ངོས་བཟུང་བ། །དེ་ལ་གསལ་ཆ་བརྟན་པ་སྟེ། །ལྷག་མཐོང་རིག་པ་ཆོས་སྐུ་ཡིན། །གསལ་ཆ་གོང་[110.1]འོག་ཀུན་ཏུ་ནི། ཁེན་ཏུ་ཞིབ་པར་བསྟན་པ་སྟེ། །སྟོང་པའི་ཆ་དང་གསལ་བའི་ཆ། །གསལ་བ་རང་གསལ་དག་དང་ནི། །འགྱུས་པས་སྒོ་ལྔ་ཡུལ་ལ་གསལ། །རྗེས་སུ་མི་འཛིན་རྟོགས་པ་ཡིན། །གཟུགས་རྩལ་འོད་[110.2]གདངས་དག་ཏུ་འཆར། །རང་གི་སྣང་བ་ཤར་བ་སྟེ། །དེ་ལ་མི་འཛིན་མི་རྟོག་པའོ། །རང་གི་མཚན་ཉིད་རྟོགས་པ་ཡིན། །དེ་ལྟར་ཆོས་སྐུ་གསལ་སྟོང་ལ། །སྐུ་གསུམ་ཡེ་ཤེས་ལྔ་རྫོགས་པ། །ལྟ་བའི་དམ་པ་ཁོ་[110.3]ནའོ། །གསལ་རྩལ་གང་ཡང་མི་འགག་པ། །མི་འཛིན་མི་རྟོག་མི་འབྲང་བ། །ལྟ་བའི་དམ་པ་ཁོ་ནའོ། །གསལ་བའི་རྩལ་དང་མི་ལྡན་ན། །ཞི་གནས་བརྟན་པོ་ཞི་བ་ལས། །གསལ་རྩལ་དག་གིས་བོགས་དབྱུང་[110.4]སྟེ། །འོག་ནས་གོང་དུ་འཕར་བར་འགྱུར། །རྟོག་པ་གསལ་དང་བརྟན་པ་ཡིས། །ཉོན་མོངས་སྒྲིབས་པ་ཆ་ཡིས་འབྲལ། །དོན་ལ་ཆེད་དུ་སྤང་དུ་མེད། །བོགས་དང་འཕར་བ་དག་ཀྱང་མེད། །རྟོག་པ་[110.5]གསལ་དང་གདེངས་ལྡན་པས། །ཉོན་མོངས་ཆ་ཡིས་འགགས་པ་ལ། །ལམ་གྱི་མིང་དུ་བཏགས་པ་ཙམ། །ཡེ་ནས་གནས་པས་གཞི་རུ་བསྟན། །འཁོར་འདས་འབྱུང་ཕྱིར་གཞི་རུ་བསྟན། དེ་དག་རང་ངོ་སྟོན་པ་[110.6]ལ། །ངོ་སྤྲོད་ཞེས་སུ་སྟོན་པ་ཡིན། དེ་དོན་རྟོགས་པ་ལྟ་བ་ཡིན། །རྒྱུད་ལ་གསལ་བ་སྒོམ་པར་སྟོན། ཁུ།ན་དུ་འཁྱེར་བ་སྤྱོད་པའོ། །མངོན་གྱུར་འབྲས་བུའི་གཞི་མར་རིག །དག་པ་ཆེན་པོའི་མཐར་ཐུག་པའོ། །ལྟ་བ་[111.1]མདོར་བསྡུས་བསྟན་པ་ན། །མཐའ་རྣམས་ཀུན་དང་མ་སྤངས་བྲལ། །མཐའ་བྲལ་ཆེན་པོ་གྱུར་པས་ན། །ཕྱོགས་སུ་ལྷུང་བ་གང་ཡང་མེད། །མ་བསྩལ་ལྷུན་རྒྱས་གྲུབ་པས་ན། །རྩལ་རྣམས་གང་ཡང་ ་[111.2]འགག་འཆར། །ཐམས་ཅད་མཁྱེན་པ་དེ་ལས་རྒྱུད། །རྩ་བ་གསལ་སྟོང་ཆེན་པོའོ། །རིག་པ་ཆོས་སྐུར་ངོ་སྤྲད་པས། །གཟུགས་སྐུ་གཉིས་པོ་ཤུགས་ལས་འཆར། །གཟུགས་སྐུ་གཉིས་པོ་ངོ་སྤྲད་པས། །སྐུ་གསུམ་ལྷུན་[111.3]གྱིས་གྲུབ་པས་ན། །ཕྱི་ཡི་ཆོས་དབྱིངས་བསྟན་པ་ནི། །སྟོང་པར་འོད་གདངས་ཤར་བའོ། །སྣང་བ་རང་སྣང་མི་འཛིན་པས། །ཆོས་དབྱིངས་ངོ་ནི་འཕྲད་པའོ། །མ་རྟོགས་འཁྲུལ་པར་རགས་པར་བརྟས། །དེ་ལ་རྟོགས་[111.4]ལྡན་གང་ཟག་གིས། །རང་སྣང་འཛིན་མེད་ཆགས་པ་མེད། །གང་ཟག་རྟོགས་ལྡན་ཆོས་དབྱིངས་ཡིན། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་ལས། ཕྱི་ནང་གསང་བ་གསུམ་གྱི་ངོ་སྤྲོད་[111.5]བསྟན་པའི་ལེའུ་སྟེ་ལྔ་བཅུ་པའོ།། །།རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །ངོ་སྤྲོད་བདུན་གྱིས་ངོ་སྤྲད་པས། །རང་གི་མཚན་ཉིད་རྟོགས་པར་འགྱུར། །ཞེས་གསུངས་སོ། །ཀྱེ་ཀྱེ་རྡོ་རྗེ་འཆང་ཆེན་པོ། །ངོ་སྤྲོད་[111.6]རྣམས་ཀྱི་ངོ་བོ་ངེས་ཚིག་དབྱེ་བ་དང་། །བརྗོད་པའི་ཚིག་རྣམས་གསུང་དུ་གསོལ། །ཞེས་ཞུས་པས། །སྟོན་པས་བཀའ་སྩལ་པ། གསང་བའི་བདག་པོ་ཉོན་ཅིག །ངོ་བོ་ནི་རང་སེམས་རང་གི་ངོ་བོའོ། །ངེས་ཚིག་ནི་[112.1]རང་ངོ་རང་ལ་བསྟན་སྟེ་སྤྲད་པས་འཕྲོད་པའོ། །དབྱེ་བ་ན་བདུན་དུ་བསྟན་པ་སྟེ། །གོང་དུ་གསལ་ཞང་རྒྱས་པར་བསྟན་པའོ། །བརྗོད་པའ་ཚག་ན་ངོ་སྤྲོད་ཅེས་ཀྱང་བྱ། །ངོ་བོ་མཐོང་བ་ཞེས་ཀྱང་བྱ། རང་ངོ་ཤེས་པ་[112.2]ཞེས་ཀྱང་བྱ། གཞའི་དོན་ཤེས་པ་ཞེས་ཀྱང་བྱ། རིག་པ་ཆོས་སྐུར་རྟོགས་པ་ཞེས་ཀྱང་བྱ། དོན་མ་ནོར་བར་མཐོང་བ་ཞེས་ཀྱང་བྱ། རང་གིས་མཚན་ཉིད་བསྟན་པའ་གདམས་ངག་ཅེས་ཀྱང་བྱའོ། །ཞེས་གསུངས་[112.3]སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་ལས། །ངོ་སྤྲོད་འཇུག་བསྡུ་བའི་མན་ངག་གི་ལེའུ་སྟེ་ང་གཅིག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ངོ་སྤྲོད་གཏན་[112.4]ལ་དབབ་པ་ཡིས། །བསྟན་པའི་དོན་འདི་ཇི་ལྟར་ལགས། །ཕྱི་རབས་དོན་དུ་གསུང་དུ་གསོལ། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཨ་ཀྭ་ཡ་ཏྲི་རྙོ་ན་པལྒ ཉི་མའི་སྙིང་པོ་ལ་འོད་ཟེར་གསལ་བས། མུན་པ་གཏན།་མི་[112.5]གནས་པ་ཞེས་བྱ་བ་འདི་གསུངས་སོ། །བལྟར་མེད་ལྟ་བའི་དོན་བསྟན་པ། །ཨ་ཏིའི་ལྟ་བ་གཟའ་གཏད་བྲལ། །དངོས་མེད་ཡེ་ཤེས་ཟང་ཐལ་བས། །རང་རིག་ཡེ་ཤེས་ལྷུན་གྱིས་་གྲུབ། །དེ་ལས་མ་རྟོགས་གཞན་མེད་[112.6]པས སོ་སོར་རང་རིག་ཡེ་ཤེས་ལ། །ཅིར་སྣང་ཡེ་ཤེས་ཆེན་པོའི་གདངས། །ཡེ་ཉིད་བཅོམ་ལྡན་རྡོ་རྗེ་འཆང་། །དེ་བས་གཞི་སྣང་རྫོགས་སངས་རྒྱས། །སངས་རྒྱས་ཡུལ་མེད་གཟུང་འཛན་རྣམ།་པར་དག །རང་རིག་[113.1]ཡེ་ཤེས་རང་གི་གདངས་ལ་བཞུགས། །འབྱུང་བཞི་རང་བཞིན་དག་པའི་ནམ་མཁའ་ལ། །ཆོས་ཉིད་དོན་གྱི་ནམ་མཁས་ཡེ་ནས་ཁྱབ། །ཆོས་ཉིད་དོན་གྱི་ནམ་མཁའ་ལ། །རང་རིག་ཡེ་ཤེས་ཉི་མ་[113.2]ཤར། །ཕྱོགས་རེས་མེད་པ་ཀུན་ཏུ་བཟང་། །ཡིད་ཀྱི་རྣམ་རྟོག་ཅི་འགྱུ་ཡང་། །མ་འགགས་རང་བཞིན་མེད་པའི་དོན། །བལྟས་ཤིང་གསལ་བའི་མཐོང་རྙེད་ལ། །ཕྱི་ནང་གཉིས་ཀ་ཕྱི་ཉིད་ནང་། །ཟབ་པའི་ཆ་ཤས་[113.3]རྟོགས་ཡུལ་བྲལ། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །བྱིས་པའི་སྐྱེ་བོ་རྣམས་ལ་སྣང་མོད་ཀྱི། །ལྟ་བ་རང་རིག་ཡེ་ཤེས་དངོས་མེད་ཟང་ཐལ་བ། །དངོས་པོ་མཚན་མའི་སྒྲིབ་པ་ཡེ་ནས་རྣམ་པར་དག །ཀུན་བཟང་[113.4]ཞལ་ནི་ཕྱོགས་བཅུ་ཀུན་ཏུ་གསལ། །ཡུམ་གྱི་བྷ་ག་བདེ་ཀློང་གཅིག་ཏུ་འཁྱིལ། །དེ་བས་ཁམས་གསུམ་མ་ལུས་སྤྲོས་བྲལ་ཆེན་པོར་གཅིག །ལྟ་བ་རྣམ་དག་རང་རིག་ཡེ་ཤེས་ལ། །སངས་རྒྱས་མེད་པས་སངས་རྒྱས་[113.5]མིང་ཡང་མེད། །སེམས་ཅན་མེད་པས་ཁམས་དང་འབྱུང་བ་མེད། །མན་ཤེལ་སྐུ་ལྟར་རང་གི་རྒྱུད་དག་པས། །དྲི་མེད་ཟང་ཐལ་དག་པ་ཆོས་ཀྱི་སྐུ། །ས་ཆུ་མེ་རླུང་ནམ་མཁར་སྣང་བ་ཡང་། །མ་རྟོགས་བློ་ལ་ཚད་[113.6]མར་སྣང་མོད་ཀྱི། །སྣང་ལ་རང་བཞིན་མེད་དེ་ཡེ་ཤེས་གདངས་སུ་གསལ། །དཔེར་ན་མཁའ་ལ་མཇའ་ཚོན་གསལ་བ་ཡང་། །མཁའ་ལས་ལོགས་ན་མེད་ཀྱང་ལོགས་པར་སྣང་། །མཁའ་ཡི་ངང་དུ་གནས་ཤིང་[114.1]མཁའ་དང་མི་ཕྱེད་ལྟར། །ཆོས་ཉིད་ཆོས་སྐུ་དབྱེར་མེད་དོན་གྱི་ནམ་མཁའ་ལ། །རང་ཤར་རང་སྣང་རང་གསལ་ཡེ་ཤེས་གདངས། །ལོགས་ལྟར་སྣང་ཞིང་འགགས་པ་མེད་པར་གསལ། །གསལ་ལ་རྟོག་མེད་ཡེ་ཤེས་[114.2]ཆོས་ཀྱི་སྐུ། །རང་ལ་རང་སྣང་སྣོད་བཅུད་ཡེ་སངས་རྒྱས། །ལས་དང་ཐུགས་རྗེའི་མཐའ་གཉིས་རྣམ་པར་དག །ས་དང་རྣམ་ཐར་བྱང་ཆུབ་མཆོག་ལ་རིང་། །བགྲོད་དུ་མེད་དེ་ཆོས་ཉིད་བྱང་ཆུབ་མཆོག །བགྲོད་པར་[114.3]འདོད་ན་ཡེ་ཤེས་མཐའ་ལ་རིང་། །མ་བསགས་བཞིན་དུ་ཚོགས་གཉིས་ཡེ་ནས་རྫོགས། །མ་སྦྱངས་བཞིན་དུ་སྒྲིབ་གཉིས་ཡེ་ནས་བྱང་། །མ་བྱུང་མ་སྐྱེས་འོད་ཀྱི་དཀྱིལ་འཁོར་ལ། །བཀོད་པ་ལྷ་ཡི་དཀྱིལ་འཁོར་[114.4]བསྒོམ་མི་དགོས། །དཀྱིལ་འཁོར་ཁྲོ་གཉེར་ཆ་ལུགས་ཀྱིས། །ཁྲོ་བདག་ཆེན་པོའི་སྐུར་བསྐྱེད་ནས། །སྐུ་གསུམ་ཐུགས་ཀྱི་བཟླས་པ་དག །ཆུ་ཡི་རྒྱུན་ལྟར་བཟླས་ན་ཡང་། །རང་རིག་ཡེ་ཤེས་རྒྱབ་ཀྱི་ཕྱོགས། །ཡེ་ནས་[114.5]བྱས་ཟིན་ད་གདོད་བཙལ་བ་མེད། །ཆེད་དུ་བྱར་མེད་ཆེད་དུ་དགག་ཏུ་མེད། །མར་མེའི་སྙིང་པོ་རང་གི་འོད་ལ་གནས་པ་ལྟར། །རང་རིག་ཡེ་ཤེས་རང་གི་གདངས་ལ་གནས། །འདས་དང་མ་བྱོན་ད་ལྟའི་སངས་རྒྱས་[114.6]དང་། །གཉིས་མེད་རོ་གཅིག་ཆུ་ལ་ཆུ་བཞག་བཞིན། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་ལས། བལྟ་བ་སྤྱི་རུ་བསྟན་པའི་ལེའུ་སྟེ་ང་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་[115.1]ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །དེ་ལྟར་ལྟ་བ་བསྟན་པ་དེ། །ཕྱི་ལྟར་དབྱེ་བར་འདུག་པ་ན། །རང་གི་མཚན་ཉིད་ལྷ་བ་དེ། །མ་ནོར་ངེས་པར་བསྟན་དུ་གསོལ། །ཞེས་ཞུསླ་པས། རྡོ་རྗེ་འཆང་[115.2]གིས་བཀའ་སྩལ་པ། །ཕྱི་རབས་དད་ལྡན་དོན་ཆེད་དུ། །རང་གི་མཚན་ཉིད་ལྟ་བ་ནི། །མ་ནོར་ངེས་པར་ངས་བཤད་ཉོན། །སྣང་བ་ཆོས་དབྱིངས་ཆོས་ཉིད་དང་། །རང་བྱུང་རང་རིག་ཆོས་ཀྱི་སྐུ། །ཝལ་གྱིས་རྟོགས་[115.3]པའི་ལྟ་བ་ཡིན། །དེ་ཉིད་ཅར་གྱིས་ངོས་བཟུང་ན། །ཐ་མལ་ཤེས་པ་འདི་ཉིད་ལ། །ཧད་དེ་ས་ལེ་སོ་ལེ་བ། །ཧྲིག་གེ་ས་ལེ་སང་ངེ་བ། །དེ་ཉིད་རང་གི་མཚན་ཉིད་ཡིན། །རིག་པ་ཆོས་སྐུ་བཞི་ལྡན་ཡིན། །རང་གི་ངོ་བོ་[115.4]མ་གྲུབ་པས། །ཆོས་ཉིད་སྟོང་པའི་ཆ་ཡིན་ནོ། །ངོ་བོ་མི་རྟོག་པ་ཞེས་བྱ། །སྟོང་པ་དེ་ཉིད་རང་གསལ་ཡིན། །རིག་པ་རང་གསལ་ཞེས་བྱ་སྟེ། །གསལ་བའི་དུས་ན་དངོས་པོ་མེད། །དངོས་མེད་དེ་ཉིད་གསལ་བར་[115.5]ཤར། །གསལ་སྟོང་གཉིས་སུ་མེད་པའོ། །གསལ་བ་ལ་ནི་རྣམ་པ་གཉིས། །ཡེ་ཤེས་ལྔ་རུ་མ་འགགས་ཏེ། །དེ་ལ་གདངས་ལྔ་འོད་ལྔ་ཤར། །དེ་ཉིད་མ་རྟོགས་དུག་ལྔར་འཁྲུལ། །འོད་ལྔ་མ་རྟོགས་འབྱུང་ལྔར་[115.6]འཁྲུལ། །ཡེ་ཤེས་ལྔ་པོ་མ་ཤེས་པས། །འགྱུ་བའི་རླུད་ནི་དུག་ལྔར་ཤར། །དེ་བཞིན་གཅིག་ལ་ཚང་ལུགས་ཡིན། །དེ་ལ་སྐུ་གསུམ་རྫོགས་ལུགས་ནི། །རང་བྱུང་གསལ་སྟོང་གཉིས་སུ་མེད། །དེ་གཉིས་མི་འཛིན་མི་[116.1]རྟག་པས། །རྟོག་མེད་ཆོས་ཀྱི་སྐུ་ཡིན་སྟེ། །ཆོས་སྐུ་དེ་ལས་གདངས་བྱུང་བས། །འོ།ངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། །དེ་གཉིས་རྩལ་ནི་མི་འགག་པས། །ཐུགས་རྗེ་སྤྲུལ་པའི་སྐུ་ཞེས་བྱ། །རང་བྱུང་རིག་པའི་རྩལ་[116.2]ཞེས་པས། །སྐུ་གསུམ་ཡོངས་སུ་དེ་ལྟར་རྫོགས། །ལྟ་བ་རང་བྱུང་རིག་པ་ལ། །ཡེ་ཤེས་ལྔ་ཡི་རྫོགས་ལུགས་ནི། །རིག་པའི་ངོ་བོ་མ་གྲུབ་པས། །སྟོང་པ་ཉིད་ཀྱི་ཡེ་ཤེས་རྫོགས། །དེ་ཉིད་མ་འགགས་གསལ་བས་[116.3]ན། །མེ་འོ་ང་ལྟ་བུའི་ཡེ་ཤེས་རྫོགས། །དེ་ཉིད་གཉིས་མེད་མཉམ་པས་ན། །མཉམ་པ་ཉིད་ཀྱི་ཡེ་ཤེས་རྫོགས། །མ་འགགས་སོ་སོར་གསལ་བས་ན། །སོ་སོར་རྟོགས་པའ་ཡེ་ ཤེས་རྫོགས། །རྩལ་ནི་སྒོ་ལྔར་བཅས་[116.4]པ་ཡིས། །ཐམས་ཅད་གྲུབ་པར་གྱུར་པས་ན། །བྱ་བ་གྲུབ་པའི་ཡེ་ཤེས་རྫོགས། །རྒྱུད་དང་རྐྱེན་གྱིས་མ་བསྐྱེད་པས། །རང་བྱུང་ཡེ་ཤེས་ཞེས་བྱའོ། །རང་རིག་གཅིག་གི་ཡོན་ཏན་ཡིན། །རང་གི་རིག་པ་ཆོས་སྐུ་[116.5]ལ། །ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ། །གང་ལ་ཐོགས་མེད་ཟང་ཐལ་ཡིན། །མན་ཤེལ་དག་པའི་དཔེ་བཞིན་དུ། །གསལ་དངས་རྟོགས་མེད་ཟང་ཐལ་འོ།། །དཔེར་ན་མར་མེ་གསལ་བ་བཞིན། །རང་གསལ་དག་[116.6]གི་ངོ་བོར་ཡོད། །སྣང་བ་ཆོས་དབྱིངས་ལྟ་བ་ནི། །མཚན་མར་མ་གྲུབ་སྟོང་པ་ལ། །རིག་པ་དག་གི་རྩལ་ཤར་བས། །གདངས་དང་འོད་ཀྱི་རྣམ་པ་བྱུང་། །རང་སྣང་དག་ཏུ་ཤར་བས་ན། །རིག་པ་རང་སར་གྲོལ་བ་[117.1]དང་། །སྣང་བ་རང་སར་དག་པའོ། །དཔེར་ན་ནམ་མཁའ་སྟོང་པ་ལ། །ཉ་མ་གསལ་ཞང་འེཕྱོ་བ་བཞན། །ཡུལ་ཉད་སྟོང་པའ་ཆོས་ཉད་ན། །རང་རིག་ཆོས་སྐུ་གསལ་སྟོང་འཕྱོ། །གང་ཟག་རྟོགས་ལྡན་[117.2]ལམ་ཞུགས་ཀྱིས། །འཁྲུལ་སྣང་འདི་ལ་དེ་བཞིན་སྦྱར། །ཐམས་ཅད་རང་ཉིད་རྟོགས་པས་གྲོལ། །རང་སར་བཞག་པའི་ལྟ་རྔས་ཟིན། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་ལས། ལྟ་བ་རང་གི་[117.3]མཚན་ཉིད་བསྟན་པའི་ལེའུ་སྟེ་ང་གསུམ་པའོ།། །།ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །མ་འོངས་སྐལ་ལྡན་དོན་ཕྱིར་དུ། །ལྟ་བ་རང་གི་མཚན་ཉིད་དེ་ལྟར་ན། །རྒྱས་པར་བཤད་པ་ཇི་ལྟར་ལགས། །དེ་སྐད་ཅེས་ནི་[117.4]ཞུས་པ་ཡིས། །རྡོ་རྗེ་འཆང་གི་བཀའ་སྩལ་པ། །ཕྱི་རབས་རྣལ་འབྱོར་དོན་ཆེད་དུ། །ལྟ།་བ་རྒྱས་པ་ང་ཡིས་བཤད། །སྟ་བའི་རྒྱུ་རྐྱེན།་ངོ་བོ་དང་། །ངེས་ཚིག་རང་བཞིན།་མཆན་ཉིད།་དང་། །དབྱེ་བསྡུ་དགོས་ཆེད་གོལ་ས་[117.5]དང་། །སྐྱོན་དག་ལྷུན་གྱིས་གྲུབ་ལུགས་དང་། །གཏན་ཚིག་མཚོན་པའི་དཔེ་དང་ནི། །རྟོགས་ཆད་མ་རྟོགས་སྐྱོན་བསྟན་དང་། །གཞན་སེལ་རང་ངོ་བཟུང་བ་དང་། །ལ་བཟླ་སྤྲོས་བྲལ་ཆེན་པོའོ། །ལྟ་བའི་རྒྱུ་ནི་རང་[117.6]བྱུང་ཆེན་པོ་ཡིན། །ཅིའི་ཕྱིར་རང་བྱུང་ཆེན་པ་་ཡིན་ཞེ་ན། །རང་རིག་ཆོས་སྐུ་རང་ལ་གནས་པ་དེ། །སངས་རྒྱས་ཐུགས་རྗེ་དག་ལས་མ་བྱུང་དང་། །སེམས་ཅན་རྣམས་ཀྱི་ལས་ཀྱིས་མ་བསྐྱེད་དང་། །ནང་གི་མ་རིག་[118.1]འཁྲུལ་པས་མ་བསྐྱེད་དང་། །ཕྱ་ཡ་འབྱུང་བ་ལྔ་ལས་མ་གྲུབ་དང་། །གང་ཟག་ལམ་པའ་བློ་ཡས་མ་བཅོས་དང་། །སྒྲ་དང་གཏན་ཚིགས་དག་གས་གཏན་ལ་མ་ཕབ་དང་། །སྔགས་དང་ཕྱག་རྒྱའ་བྱན་རླབས་དག་ལས་[118.2]མ་བྱུང་དང་། །རྒྱུ་ཡི་མ་བསྐྱེད་རྐྱེན་གྱིས་འཇིག་མི་འགྱུར། །མ་བཅོས་མ་བསླད་སོ་མ་རང་བྱུང་ཆེན་པོ་ཡིན། །དེ་ཕྱིར་རྒྱུ་མེད་རྒྱུ་དེ་རྒྱུ་ཡི་མཆོག །རྐྱེན་ནི་བླ་མ་དམ་པའི་གདམས་ངག་སྟེ། །ཅིའི་ཕྱིར་མན་ངག་བླ་མ་[118.3]ཡིན་ཞེ་ན། །བླ་མ་དམ་པས་གདམས་ངག་བསྟན་པ་ཡིས། །རང་བྱུང་གསལ་སྟོང་གཉིས་མེད་དོན་རྟོགས་སོ། །དེ་ཕྱིར་རྐྱེན་ནི་བླ་མ་དམ་པའི་གདམས་ངག་ཡིན། །ངོ་བོ་རང་རིག་གསལ་སྟོང་གཉིས་མེད་ཡིན། །དེ་[118.4]དོན་རྟོགས་པ་ལྟ་བའི་ངོ་བོ་ཡིན། །ལྟ་བའི་ངེས་ཚིག་རང་རིག་ཡེ་ཤེས་ཡིན། །གཞན་ལ་རག་མི་དགོས་པས་རང་ཞེས་བྱ། །བེམ་པོ་དག་ལས་ལོག་པས་རིག་པའོ། །དུས་ནི་གློ་བུར་མ་བྱུང་ཡེ་ཞེས་བྱ། །དེ་ཉིད་དོན་[118.5]དང་ངོ་སྤྲོད་ཤེས་པ་ཡིན། །ལྟ་བའི་རང་བཞིན་གསལ་དངས་ཆེན་པོ་ཡིན། །རང་རིག་གསལ་བའི་དེ་རྩལ་འོད་ལྔར་ཤར། །རང་ནི་རང་བྱུང་རིག་པའི་དོན་ཡིན་ཏེ། །གཞི་ལས་གསལ་རྩལ་འོད་གདངས་ཤར་[118.6]པའོ། །དེ་ཡི་གོང་ན་གཞན་མེད་ཆེན་པོ་ཡིན། །ལྟ་བའི་མཚན་ཉིད་ཡེ་ཤེས་ལྔ་ལྡན་ཡིན། །རང་བྱུང་རིག་པ་ཆོས་སྐུ་དེ་ལ་ནི། །ངོ་བོ་མ་གྲུབ་སྟོང་ཉིད་ཡེ་ཤེས་ཡིན། །མ་འགགས་གསལ་བས་མེ་ལོང་ལྟ་བུའི་ཡེ་ཤེས་[119.1]ཡིན། །དེ་ཉིད་གཉིས་སུ་མེད་པར་མཉམ་པ་ཡིས། །གཉིས་མེད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། །དེ་རྣམས་མ་འགགས་སོ་སོར་གསལ་བ་ཡིས། །སོ་སོར་རྟོགས་པའི་ཡེ་ཤེས་ཞེས་བྱའོ། །དེ་ལྟ་བུ་ཡི་ཡེ་[119.2]ཤེས་དེ་རྩལ་གྱིས། །གསལ་བ་མ་འགགས་གང་ཡང་གྲུབ་པས་ན། །བྱ་བ་གྲུབ་པའི་ཡེ་ཤེས་ཞེས་སུ་བསྟན། །དེ་ལས་གསལ་རྩལ་འོད་ལྔ་ཤར་བས་ན། །མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་ཞེས་བྱ། །ལྟ་བའི་དབྱེ་བ་[119.3]རྣམ་པ་གསུམ་དུ་བསྟན། །རང་གི་རིག་པ་ཆོས་སྐུར་བསྟན་པ་དང་། །བར་གྱི་རིག་རྩལ་མ་འགག་བསྟན་པ་དང་། །ཕྱི་ཡི་སྣང་བ་ཆོས་དབྱིངས་བསྟན་པའོ། །ནང་གི་རིག་པ་རྟོགས་ན་ཆོས་ཀྱི་སྐུ། །རྩལ་ནི་གཟུགས་སྐུ་[119.4]གཉིས་སུ་སྣང་བའོ། །ཆོས་སྐུ་ཕྱེ་ན་ཡེ་ཤེས་ལྔ་རུ་བསྟན། །དེ་ཡི་རྩལ་ནི་ཁ་དོག་འོད་ལྔར་ཤར། །ནང་གི་འགྱུ་བ་སྒོ་ལྔར་བཅས་པ་ཡིན། །ཕྱི་ཡི་ཡུལ་ལ་སྦྱོད་ཀྱང་རང་སར་གྲོལ། །འཛིན་རྟོག་མེད་པས་འགྱུ་བ་[119.5]ཟང་ཐལ་ཡིན། །ཕྱི་ཡི་རང་བྱུང་རིག་པ་གསལ་གྱུར་ན། །ཕྱི་ཡི་ཡུལ་ནི་ཆོས་དབྱིངས་སྟོང་པ་ལ། །འོད་ལྔ་ཤར་བས་འབྱུང་བ་ལྔ་རུ་བརྟས། །བར་གྱི་གདངས་ནི་རང་རང་ལུས་སུ་གྲུབ། །མ་རིག་ལས་བྱུང་ཉོན་མོངས་[119.6]དུག་ལྔ་ནི། །རང་རིག་རང་གསལ་འཛིན་མེད་ངོ་ཤེས་ན། །རང་ཆས་ཤར་བས་རང་སྣང་དག་ཏུ་བསྟན། །འཛིན་པ་འགྱུས་ཀྱང་གར་འགྱུས་རང་སར་གྲོལ། །ཕྱི་ཡི་སྣང་བ་ཡུལ་ལ་མ་ཞེན་ཅིང་། །ནང་གི་རང་བྱུང་རིག་[120.1]པ་གསལ་གྱུར་ན། །རང་རིག་ཆོས་ཀྱི་སྐུ་ཞེས་དེ་ལ་བྱ། །སྟོང་གསལ་མི་རྟོག་བདེ་ལྡན་པས། ཀུན་གྱི་དོན་ཤེས་རྗེས་སུ་འཛིན་པ་མེད། །རིག་པ་ཆོས་ཀྱི་སྐུ་ཞེས་དེ་ལ་བྱ། །ལྟ་བའི་བསྡུས་དོན་བསྟན་པ་འདི་ལྟར་[120.2]ཡིན། །རིག་པའི་ངོ་བོ་མ་གྲུབ་སྟོང་པའི་ཆ། །དེ་ཉིད་གསལ་བར་འདུག་པས་སྟོང་གསལ་ཆེན་པོ་ཡིན། །གསལ་བ་མི་འགག་རྩལ་དུ་བསྟན་པ་ནི། །འགྱུ་བ་རྗེས་མེད་ཐམས་ཅད་མཁྱེན་པའི་རྒྱུ། །གསལ་ཆ་གཟུགས་[120.3]མི་འགག་པས་འོད་ལྔའི་གདངས། །ཡུལ་ལ་འཛིན་པ་མ་ཞུགས་ཆོས་ཀྱི་དབྱིངས། །སྟོང་ཆ་གསལ་ཆ་སྣང་ཆ་འགྱུས་ཆ་བཞི། །འཛིན་མེད་དོན་གྱི་ཟིན་པས་ལྟ་བ་ཡིན། །ལྟ་བའི་དགོས་ཆེད་བསྟན་པ་ན། །ལྟ་བ་མིག་[120.4]དང་འདྲ་སྟེ་ཐམས་ཅད་གསལ། །ལྟ་མེད་རྒྱུད་དག་སངས་རྒྱས་ཐོབ་མི་སྲིད། །ལྟ་མེད་མ་རིག་མུན་པ་སངས་མི་སྲིད། །ལྟ་མེད་བསྒོམ་པ་བྱས་ཀྱང་དོན་མི་འགྱུར། །ལྟ་མེད་སྤྱོད་པ་བྱས་ཀྱང་སྤྱོད་རྒྱུ་མེད། །ལྟ་མེད་[120.5]འཁོར་བའི་གནས་ནས་ཐར་མི་སྲིད། །ལྟ་མེད་སྡུག་སྔལ་དག་ལས་གྲོལ་མི་སྲིད། །ལྟ་མེད་བདེ་བ་ཆེན་པོ་ཐོབ་མི་སྲིད། །དེ་ཕྱིར་ལྟ་བ་དགོས་ཆེད་ཤིན་ཏུ་ཆེ། །ལྟ་བའི་གོལ་ས་བཅད་པར་བསྟན་པ་ནི། །རང་བྱུང་[120.6]ཡིན་པས་རྒྱུ་རྐྱེན་གོལ་ས་ཆོད། །སྟོང་པར་འདུག་པས་དངོས་པོའི་གོལ་ས་ཆོད། །གསལ་བར་འདུག་པས་སྟོང་པའི་གོལ་ས་ཆོད། །རིག་པ་ཟང་ཐལ་ཤར་བས་གཞི་གནས་གོལ་ས་ཆོད། །གསལ་བ་འོད་དུ་འཆར་[12.1]བས་རིག་པ་སྟོང་པའི་གོལ་ས་ཆོད། །མ་བཅོས་མ་བསླད་གནས་པས་བསྐྱེད་རིམ་གོལ་ས་ཆོད། །འདུ་འབྲལ་མེད་པར་གསལ་བས་བསྒོམ་པའི་གོལ་ས་ཆོད། །རང་ཉིད་ཡི་རྔ་་་་་་་།ས་གཞན་ལ་རེ་བའི་གོ[12.2]ལ་ས་ཆོད། །ཕྱོགས་མེད་འཆར་བས་ཕྱོགས་མཚམས་གོལ་ས་ཆོད། །ཀུན་གྱི་རྩ་བ་ཡི་་ན་་པྲེས་ཐེག་པའི་གོལ་ས་ཆོད། །བསྟན་པ་ཙམ་གྱིས་རྟོགས་པས་ཐོས་བསམ་གོལ་ས་ཆོདེ། །རྗེང་ངོརྒེར༥་ཛོ་གི་ཤེས་པས་གཞན་དུ་[12.3]གོལ་མི་སྲིད། །སྐྱོན་རྣམས་དག་པར་བསྟན་པ་ནི། །གོལ་ས་ཆོད་པས་སྐྱོན་རྣམས་རྣམ་པར་དག །རྟརྒེ་མཐའ་དག་ལ་ཆད་མཐའ་དརྒེ །ཡོདེ་མཐའ་དག་ལ་མེད་མཐའ་དག །སྣང་མཐའ་དག་ལ་སྟོང་མཐའ་[12.4]དག །གཅིག་མཐའ་དག་ལ་དུ་མ་དག །མཐའ་རྣམས་ཐམས་ཅད་དག།པ་ནི། །ལྟ་བ་རྣམ་དག་ཆེན་པོ་ཡིན། །ཆེན་པོ་ཞེས་ནི་ཅི་ཕྱིར་བྱ། །རྣམ་དག་དོན་ལ་ལྷུན་གྲུབ་པས། །དག་པ་ཆེན་པོ་ཞེས་བྱའོ༑ །ལྟ་བ་ལྷུན་[12.5]གྲུབ་བསྟན་པ་ནི། །སྐྱོན་རྣམས་དག་པས་ཡོན་ཏན་ལྷུན་གྱིས་གྲུབ། །དེ་ཡང་སྐུ་གསུམ་ཡེ་ཤེས་རྣམ་པ་ལྔ། །ལྷུན་གྱིས་གྲུབ་་པས་ཐམས་ཅད་རྫོགས་པ་ཡིན། །བལྟ་བ་ལྷུན་གྲུབ་ཆེན་པོ་ཡིན། །དཔེར་ན་བསམ་འཕེལ་[12.6]ནོར་བུ་ལ། །དགོས་འདོད་ཐམས་ཅད་འབྱུང་བ་འདྲ། །སྐྱོན་རྣམས་དག་པས་ཆེད་དུ་སྤངས་པ་མ་ཡིན་ཏེ། །ར་ང་གི་ངོ་བོ་རྟོགས་པས་རྐྱོན་རྣམ་དག །དཔེར་ན་ཉི་མ་ཤར་བས་མུན་པ་མི་གནས་བཞིན། །ཡོན་[122.1]ཏན་ཐམས་ཅད་ལྷུན་གྱིས་གྲུབ་པ་ནི། །བསྒྲུབས་པས་གྲུབ་པ་མ་ཡིན་ཏེ། །རང་ངོ་རྟོགས་པས་ཐམས་ཅད་མཁྱེན་པར་འཆར། །དཔེར་ན་རིན་ཆེན་རྙེད་པས་དགོས་འདོད་འབྱུང་བ་ལྟར། །ལྟ་བ་མཚོན་པའི་དཔེ་[122.2]བསྟན་པ། །རྒྱས་པར་བསྟན་ན་བསམ་གྱི་མི་ཁྱབ་སྟེ། །བསྡུ་ན་མཚོན་དཔེ་སུམ་ཅུ་དག་ཏུ་བསྟན། །རྣམ་པར་དག་པའི་མན་ཤེལ་དྲི་མེད་འདྲ། །ལྷུན་གྱིས་གྲུབ་པས་ནོར་བུ་རིན་ཆེན་འདྲ། །མཐའ་དང་བྲལ་བའི་ནམ་[122.3]མཁའ་ཆེན་པོ་འདྲ། །ཐམས་ཅད་འབྱུང་བས་ས་གཞི་ཆེན་པོ་འདྲ། །ཉོན་མོངས་སྡིག་སྒྲིབ་བསྲེག་པས་མེ་དང་འདྲ། །མི་གཙང་ལྗན་ལྗིན་འཁྲུ་བས་ཆུ་དང་འདྲ། །གང་ལ་ཐོགས་པ་མེད་པས་རླུད་དང་འདྲ། །ངོ་བོ་མ་[122.4]གྲུབ་བར་སྣང་སྟོང་བ་འདྲ། །གསལ་ལ་མི་འགག་ཉི་མའི་ཟེར་དང་འདྲ། །གསལ་ལ་མི་རྟོག་མེ་ལོང་མན་ཤེལ་རྐྱེན་འཕྲད་འདྲ། །བདེ་ལ་མི་རྟོག་བྱང་ཆུབ་སེམས་དཔའ་འདྲ། །གང་གི་སྐྱོན་གྱིས་མ་གོས་མེ་ཏོག་པདྨ་[122.5]འདྲ། །ཕྱིར་མི་ལྡོག་པས་སེམས་ཅན་དུག་ཟོས་ཚེ་དང་འདྲ། །རྒྱུན་མི་འཆད་པས་ཆུ་བོའི་གཞུད་དང་འདྲ། །ངོ་བོ་གཅིག་ལ་རང་རྩལ་མི་འགག་པ། །རྒྱ་མཚོ་ཆེན་པོ་དག་ལས་རླབས་འཆར་འདྲ། །འོད་གདངས་ལྷུན་[122.6]གྲུབ་མན་ཤེལ་རྐྱེན་འཕྲད་འདྲ། །ཉོན་མོངས་རང་གྲོལ་སྦྲུལ་གྱི་མདུད་པ་འདྲ། །རྟོག་པ་རང་ངོ་རང་གི་ཤེས་པ་ནི། །རྒྱལ་བུ་དམངས་ནས་རྒྱལ་སར་བཏོན་པ་འདྲ། །དུས་གསུམ་འགྱུར་བ་མེད་པས་རིན་ཆེན་གསེར་[123.1]དང་འདྲ། །ནང་དུ་གསལ་བས་བུམ་ནང་མར་མེ་འདྲ། །གཅག་ ས་ཕྱ་ཡ་ཡུལ་ལྔ་སྤྱོད་པས་ན། །རན་ཆེན་གསེར་སྦྲུལ་མག་དང་འདྲ། །ཞེ་ལ་ཡོད་ཀྱང་ཁ་རུ་མ་ཐོན་པ། །དག་པས་ཁ་རུ་བུ་རམ་མྱོང་བ[123.2]འདྲ། །རང་རིག་རྟོགས་པས་མ་རིག་སེལ་བ་ནི། །སྒྲོན་མེ་བཏེག་པས་མུན་པ་སེལ་བ་འདྲ། །ཕར་ལ་འཇོམས་ཤིང་ཚུར་ལ་མི་ཚུགས་པས། །མི་འགྱུར་མི་ཤིགས་རྡོ་རྗེ་ཕ་ལམ་འདྲ། །ངོ་བོ་འདུས་མ་བྱས་པས་ནམ[123.3]མཁའ་འདྲ། །རང་རིག་དོན་རྟོགས་ཉོན་མོངས་དག་པ་ནི། །ཉི་མ་ཤར་བས་ཐམས་ཅད་གསལ་བ་འདྲ། །མ་བསྒོམས་གསལ་རྩལ་བྱད་དང་མེ་ལོང་འདྲ། །མ་བཅོས་མ་བསླད་རང་རིག་ག་་མ་འདྲ། །མཚོན་དཔེ[123.4]སུམ་ཅུ་ཐམ་པས་ལྟ་བའི་དོན་གྱི་ཕྱོགས་རེ་མཚོན། །ལྟ་བ་བློ་དང་འཐས་པའི་ཡུལ་་4ས་འདས་པས་ན། །འདི་ཡིན་འདི་དག་ཁོ་ན་ཞེས་སུ་བསྟན་པ་ཤིན་ཏུ་དཀའ། །དོན་གྱི་ཟུར་ཙམ་ཕྱོགས་ཙམ་མཚོན་པ[123.5]ཡིན། །གཏན་ཚིགས་མང་བར་བསྟན་ཀྱང་གསུམ་ཡིན་ཏེ། །ལུང་གིས་གཏན་ལ་ཕབ་པའི་གཏན་ཚིགས་དང་། །མན་ངག་དག་གི་གཏན་ཚིགས་བསྟན་པ་དང་། །དེ་གཉིས་འཛོམ་པའི་རྗེས་སུ་རིགས་པའི་གཏན[123.6]ཚིགས་སོ། །ལུང་གི་གཏན་ཚིགས་རྡོ་རྗེ་འཆང་གི་བཀའ། །མན་ངག་གཏན་ཚིགས་བཀའ་ལུང་བཅུད་ཀྱི་དོན། །རིག་པའི་གཏན་ཚིགས་རང་རིག་མངོན་སུམ་དོན། །ལུང་དང་མན་ངག་གཉིས་ཀྱིས་ངོ་སྤྲད་པའོ། །ལྟ[124.1]དོན་རང་རིག་མངོན་སུམ་རྟོགས་པའི་ཚེ། །ངོ་སྤྲོད་ཤེས་པས་རང་ངོ་ཤེས་པ་སྟེ། །ཉམས་སུ་མྱོང་བས་རང་ལས་འབྱུང་བའི་དོན། །ཉོན་མོངས་དུག་ལྔ་ལ་སོགས་རང་གྲོལ་དུ། །འདོད་པའི་ཡོན་ཏན་ལྔ་ལ་མ་ཞེན་[124.2]དང་། །ཉམས་རྟོགས་ཐམས་ཅད་རང་ལས་འབྱུང་བ་དང་། །དུས་གསུམ་དག་ཏུ་འགྱུར་བ་མེད་པ་ཡིས། །བར་དུ་གཅོད་པའི་བདུད་ཀྱིས་ཚུགས་མི་འགྱུར། །ནང་གི་རིག་པ་ཆོས་ཀྱི་སྐུ་རུ་རྟོགས། །གསལ་སྟོང་གཉིས་[124.3]མེད་སྤྲོས་དང་བྲལ་བའི་གདེངས། །བར་གྱི་རྩལ་ནི་འགྱུ་བ་རང་སར་གྲོལ། །རིག་པ་ཟང་ཐལ་ཅི་སྤྱོད་ཡེ་ཤེས་སོ། །ཕྱི་ཡི་སྣང་བ་བདེ་སྡུག་རང་སར་གྲོལ། །མ་བཅོས་སྟོང་ཉིད་ཆོས་ཀྱི་དབྱིངས་སུ་གྲོལ། །རིག་པ་[124.4]བསྟན་པས་རྐྱེན་རྣམས་ཐམས་ཅད་བྲལ། །དེ་ལྟར་ཤེས་ན་ལྟ་བ་རྟོགས་པའི་ཚད། །ལྟ་བ་མ་རྟོགས་པ་ཡི་སྐྱོན་བསྟན་པ། །དཔེར་ན་བྱེ་མའི་རི་ལ་མཁར་བརྩིག་འདྲ། །བྱེ་མ་ཉིལ་ནས་མཁར་སྤེ་འཇིག་པ་ལྟར། །ཡང[124.5]དག་མ་རྟོགས་བྱང་ཆུབ་ལམ་ཞུགས་པས། །གནས་སྐབས་ཙམ་ལས་མཐར་ཐུགས་འབྲས་བུ་མེད། །དེ་ཕྱིར་ལྟ་བ་མ་རྟོགས་སངས་མི་རྒྱ། །ལྟ་བའི་ངོས་འཛིན་ངོ་སྤྲོད་སྐབས་ན་གསལ། །ངོ་ཡིས་ཟིན་ན་འཕྲལ་དུ་[124.6]རྟོགས་པ་འཆར། །ཅི་ཕྱིར་ཞེ་ན་ཅར་ཕོག་བ ན་པ་ཡིན། །དེ་ཕྱིར་ངོས་འཛིན་ངོ་སྤྲོད་ཤིན་ཏུ་གཅེས། །ལྟ་བའི་དོགས་བཅད་ཤིན་ཏུ་གཅེས། །མི་མཐུན་པ་ཡི་རྐྱེན་ལས་བཟློག་པར་འགྱུར། །དེ་ཡང་རྣམ་པ་གཉིས་སུ་[125.1]བསྟན་པ་སྟེ། །མི་མཐུན་ཕྱོགས་དང་མཐུན་པའི་ཕྱོགས་ལས་བཟློག །མི་མཐུན་ཕྱོགས་ལས་བཟློག་པར་བསྟན་པ་ནི། །རིག་པ་ཡིན་པས་བེམ་པོ་དག་ལས་བཟློག །མཐུན་པའི་ཕྱོགས་ལས་ལྡོག་པར་[125.2]བསྟན་པ་ནི། །ནང་གི་རྣམ་ཤེས་ཚོགས་བརྒྱད་ལྡོག་པའོ། ཁོ།ས་རིག་ཙམ་དུ་མཐུན་སྣང་གྱུར་ན་ཡང་། །འཛིན་པའི་རྟོགས་པ་ཡོད་མེད་ཁྱད་པར་ཆེ། །དེ་ཡང་སྒོ་ལྔའི་རྣམ་པར་ཤེས་པ་ནི། །ཡུལ་དེ་སྣང་བས་ཤེས་[125.3]པར་སྐྱེ་བར་འགྱུར། །ཡུལ་མི་སྣང་ན་ཤེས་པ་སྐྱེ་མི་འགྱུར། །དེ་ཡང་ཡུལ་ལ་འཛིན་པ་བཅས་ནས་སྐྱེ། །དེ་ཕྱིར་སྒོ་ལྔའི་རྟོགས་པ་རང་ཁ་མ། །རྟོག་པ་གསལ་ན་སྒོ་ལྔའི་འཛིན་པ་འགགས། །ཡིད་ཀྱི་རྣམ་ཤེས་མཚན་[125.4]ཉིད་བསྟན་པ་ནི། །ཕྱི་རུ་ཡུལ་ལྔ་སྤྱོད་པའི་བདག་པོ་བྱེད། །ནང་དུ་དེ་ལས་བཟུང་པའི་ཉོན་མོངས་ཡིད། །གཟུང་དང་འཛིན་པ་གཉིས་ཀྱི་བདག་པོ་ཡིན། །དེ་ཕྱིར་རྣམ་པར་རྟོག་པ་རྣམས། །རང་གི་རིག་པ་དག་[125.5]གི་རྩལ་ཡིན་ཏེ། །འཛིན་མེད་གསལ་བའི་རིག་པ་དེ་ཉིད་ནི། །རིག་པ་འགྱུས་ཀྱང་འཛན་པའི་རྗེས་མེད་དེ། །ཕྱི་རུ་ཡུལ་ལ་སྤྱད་ཀྱང་མ་བཟུང་ན། །ལྟ་བ་ཟང་ཐལ་ཡིན་ཏེ་ཡིད་ལས་ལྡོག །ཉོན་མོངས་ཡིད་ཀྱི་མཚན་[125.6]ཉིད་ནི། །ཡུལ་གྱི་རྟོག་པ་བྱེད་པ་དེ་དག་ནི། །ཡིད་ལ་བཟུང་བའི་ཆ་ནས་ཉོན་མོངས་ཡིད། །འཛིན་མེད་རིག་པ་གསལ་བ་ལྟ་བ་ཡིན། །དོན་ལ་རིག་པའི་རྩལ་ནི་མ་འགགས་པས། །མ་ཤེས་ཡུལ་ལ་གཟུང་བས་རྟོག་[126.1]པའི་ཚོགས་སུ་ཤར། །ཤེས་ནས་ཡུལ་ལ་འཛིན་པ་མེད་པ་ནི། །ཡེ་ཤེས་ཟང་ཐལ་བལྟ་བའི་མཐར་ཐུག་ཡིན། །སྦྱོར་བ་དོན་གྱི་ཀུན་གཞིའི་མཚན་ཉིད་བསྟན་པ་ནི། །ཚོགས་བདུན་རྟོག་པའི་གཞི་ལ་བྱ། །ཚོགས་[126.2]བདུན་དག་ལ་རྟོག་པ་མི་གསོག་ན། །སྦྱོར་བ་དོན་གྱི་ཀུན་གཞི་དེ་ལས་བཟློག །མཐུན་ཕྱོགས་ཚོགས་བརྒྱད་དག་ལས་དེ་ལྟར་བཟློག །ནང་རིག་པའི་ཚོགས་བརྒྱད་དག་ལས་བཟློག་པ་ཡིན། །ཕྱི་ཡི་ཆོས་དབྱིངས་[126.3]དག་ལས་བཟློག་པ་ཡིན། །འབྱུང་བ་ལྔ་ནི་རགས་པ་རྡོས་པ་ཅན། །ལྟ་བ་ཆོས་ཀྱི་དབྱིངས་ནི་སྟོང་པ་ལ། །འོད་གསལ་དག་ནི་རྩལ་གྱི་སྣང་བ་འཆར། །དེ་ཕྱིར་ཆོས་སྐུ་ཆོས་དབྱིངས་ཤར་ཙམ་ན། །འཁྲུལ་པའི་སྣང་བ་[126.4]ལས་ནི་བཟློག་པ་ཡིན། །ལྟ་བའི་ལ་ཟློ་སྤྲོས་དང་བྲལ་བ་ཡིན། །ཅི་ཕྱིར་སྤྲོས་དང་བྲལ་ཞེ་ན། །སྤྲོས་པའི་མཐའ་ནི་མཐའ་ལྷུང་སྟེ། །དེ་དང་བྲལ་ན་སྤྲོས་བྲལ་ལོ། །མཐའ་ཡང་འཁོར་བའི་མཐའ་ཡིན་ཏེ། །འཁོར་[126.5]བའི་མཐའ་ཡང་ཕྱི་ནང་གཉིས་ཡིན་ཏེ། །ཕྱི་ཡི་འབྱུང་ལྔ་རྡོས་པའི་མཐའ། །འབྱུང་བ་ལྔ་ནི་འདུས་བྱས་ཏེ། །འདུས་མ་བྱས་ཤིང་འཛིན་པ་མེད་པས་མཐའ་ལས་གྲོལ། །ནང་ནི་ཉོན་མོངས་དུག་ལྔ་འཛིན་པའི་[126.6]མཐའ། །འཛིན་པའི་ཕྱོགས་སུ་མ་ལྷུང་མཐའ་དང་བྲལ། །ཕྱི་ནང་སྣོད་བཅུད་མཐའ་ལས་དེ་ལྟར་གྲོལ། །གསལ་ལ་འཛིན་པ་མེད་པས་ཆད་པའི་མཐའ་ལས་གྲོལ། །མི་རྟོག་སྟོང་པས་རྟག་པའི་མཐའ་ལས་[127.1]གྲོལ། །ཕྱོགས་ཆ་གང་ཡང་མེད་པས་རིམ་དགུའི་མཐའ་ལས་གྲོལ། །ཕྱི་ནང་སྣོད་བཅུད་ཀུན་གྱི་མཐའ་ལས་གྲོལ། །སྐུ་གསུམ་ཡེ་ཤེས་ལྔ་རུ་འཛིན་མེད་པས། །མྱ་ངན་འདས་པའི་མཐའ་ལས་[127.2]གྲོལ། །ཕྱོགས་རིས་གང་ཡང་མེད་པས་མཐའ་རྣམས་ཀུན་དང་བྲལ། །འཛིན་པ་གང་ཡང་མེད་པས་ཕྱོགས་སུ་ལྷུང་བ་མེད། །བློ་ཡི་ཡུལ་ལས་འདས་པས་བརྗོད་པའི་ཚིག་དང་བྲལ། །དོགས་པ་མེད་ཅིང་རེ་གནས་[127.3]མེད་པས་སངས་རྒྱས་ད་ལྟ་ཉིད། །རེ་དོགས་ཀུན་དང་བྲལ་བས་འབྲས་བུ་ད་ལྟ་ཉིད། །དེ་ལྟར་ཤེས་ཤིང་རྟོགས་པའི་གང་ཟག་དེ། །འཁོར་བའི་གནས་སུ་འདུག་ཀྱང་འབྲས་བུ་སྐུ་གསུམ་རྫོགས། །ཡེ་ཤེས་ལྔ་ཡིས་[127.4]དོན་ལས་འགྱུར་བ་མེད། །རང་བྱུང་རིག་པའི་དོན་དེ་མངོན་དུ་ཤར། །ཡ་ང་བག་ཚ་མེད་པས་ཁྱུང་ཆེན་ནམ་མཁར་ལྡིང་པ་འདྲ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་ལས། ལྟ་བ་རྒྱས་པར་[127.5]བཤད་པའི་ལེའུ་སྟེ་ང་བཞི་པའོ།། །།ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ལྟ་བ་རྒྱས་པར་བསྟན་པ་དེ་ལགས་ན། །ཕྱི་རབས་གང་ཟག་སྣོད་ལྡན་དོན་ཆེད་དུ། །ལྟ་བ་རང་གི་མཚན་ཉིད་དེ་དག་ལ། །གནད་ཀྱི་མན་[127.6]ངག་མི་འཁྲུལ་དེ་དག་གི། །གཅིག་སྲོག་གཅིག་གིས་བཟུང་བ་བཤད་དུ་གསོལ། །ཞེས་ཞུས་པས། དེ་ནས་སྟོན་པས་བཀའ་སྩལ་པ། །རང་རིག་ཆོས་སྐུ་གཏན་ལ་དབབ་པ་ནི། །རང་རིག་ཡོན་ཏན་བརྗོད་ཀྱིས་མི་[128.1]ལངས་ཀྱང་། །ཡོན་ཏན་བཅུ་ལྡན་རང་རིག་ཆོས་ཀྱི་སྐུ། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་རང་བྱུང་ཆ། །དངོས་པོ་མཚན་མར་མ་གྲུབ་སྟོང་པའི་ཆ། །རང་རིག་རང་གསལ་རིག་པ་ནང་གསལ་ཆ། །རིག་རྩལ་སྒོ་ལྔར་ཤར[128.2]བ་ཕྱི་གསལ་ཆ། །སྒོ་ལྔའི་རྗེས་སུ་འཇུག་པ་འགྱུ་བ་ཟང་ཐལ་ཆ། །རིག་རྩལ་འོད་དུ་ཤར་བ་གཟུགས་ཀྱི་ཆ། །གསལ་སྟོང་གཉིས་མེད་དོན་ལ་གཅིག་པའི་ཆ། །ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་པས་ལྷུན་གྲུབ་[128.3]ཆ། །སྐྱོན་རྣམས་མ་སྤངས་དག་པས་རྣམ་དག་ཆ། །ཡུལ་རྐྱེན་རང་སར་གྲོལ་བས་འཛིན་མེད་ཆ། །རྒྱུ་རྐྱེན་གཉིས་ཀྱིས་མ་བསྐྱེད་རང་བྱུང་ནི། །བདེ་གཤེགས་ཐུགས་རྗེ་དག་ལས་མ་བྱུང་རང་བྱུང་དང་། །སེམས་ཅན་[128.4]རྣམས་ཀྱི་ལས་ཀྱིས་མ་བསྐྱེད་དང་། །ཕྱི་ཡི་འབྱུང་བ་ལྔ་ཡིས་མ་བསྐྱེད་དང་། །ནང་གིས་རྣམ་རྟོག་དག་ལས་མ་བྱུང་དང་། །གང་ཟག་ལམ་པའི་བློ་ཡིས་མ་བཅོས་པའོ། །དེ་ཕྱིར་རང་བྱུང་རྒྱུ་རྐྱེན་མེད་པའོ། །དངོས་པོ་[128.5]མཚན་མར་མ་གྲུབ་སྟོང་པ་ནི། །གློ་བུར་མ་ཡིན་གདོད་མ་ནས་ཀྱི་སྟོང་པ་དང་། །གསལ་བའི་ངོ་བོ་མ་གྲུབ་སྟོང་པ་དང་། །བློ་ཡིས་མ་བཅོས་མ་བསླད་པ་ཡི་སྟོང་པ་དང་། །རྫས་དང་མཚན་མར་མ་གྲུབ་སྟོང་པ་[128.6]དང་། །ཉོན་མོངས་བག་ཆགས་མ་གྲུབ་སྟོང་པའོ། །དེ་ཕྱིར་ཆོས་ཉིད་སྟོང་པ་ཉིད་ཅེས་བྱ། །རིག་པ་ནང་གསལ་ངོ་བོ་བསྟན་པ་ནི། །གཞན་ལ་རག་མ་ལས་པར་གསལ་བ་དང་། །གློ་བུར་མ་ཡིན་གདོད་མ་ནས་ཀྱི་[129.1]གསལ་བ་དང་། །གསལ་ཙམ་ཉད་ནས་ང་བ་མ་གྲུབ་གསལ་བ་དང་། །གསལ་བའ་དུས་ན་བདེ་ཡན་གསལ་བ་དང་། །ཡན་ཏན་ལྷུན་གྱས་གྲུབ་པས་གསལ་བའ། །དེ་ཕྱར་རང་ ག་རང་གསལ་དག་[129.2]ཡིན་ནོ། །སྒོ་ལྔའི་རིག་རྩལ་ཕྱི་གསལ་བསྟན་པ་ནི། །མིག་གི་ཡུལ་དུ་གཟུགས་རྣམས་སྣང་བ་དང་། །རྣ་བའི་ཡུལ་དུ་སྒྲ་རྣམས་གྲག་པ་དང་། །སྣ་ཡི་ཡུལ་དུ་དྲི་རྣམས་སྣོམ་པ་དང། །ལྕེ་ཡི་ཡུལ་དུ་རོ་རྣམས་བྲོ་བ་[129.3]དང་། །ལུས་ཀྱི་ཡུལ་དུ་རེག་བྱ་ཚོར་བའོ། །སྒོ་ལྔ་དེ་རྣམས་རིག་པ་དག་ལ་ཆང་། །སྒོ་ལྔའི་རྗེས་འཇུག་འགྱུ་བ་ཟང་ཐལ་ཡིན། །མིག་ལ་བརྟེན་ནས་གཟུགས་ཀྱི་རྣམ་པར་སྤྱོད། །རྣ་བ་ལ་བརྟེན་སྒྲ་ཡི་རྣམ་[129.4]པར་སྤྱོད། །སྣ་ལ་བརྟེན་ནས་དྲི་ཡི་རྣམ་པར་སྤྱོད། །ལྕེ་ལ་བརྟེན་ནས་རོ་ཡི་རྣམ་པར་སྤྱོད། །ལུས་ལ་བརྟེན་ནས་རེག་བྱའི་རྣམ་པར་སྤྱོད། །སྤྱོད་པའི་རྗེས་སུ་འབྲང་ན་འཁྲུལ་པ་ཡིན། །ཡུལ་ལ་མ་སྤྱད་རང་སར་གྲོལ་[129.5]བས་ཟང་ཐལ་ཡིན། །རིག་རྩལ་འོད་དུ་ཤར་བས་གཟུགས་རྩལ་ཡིན། །སྟོང་ཉིད་ཡེ་ཤེས་རྩལ་ནི་མཐིང་གར་ཤར། །མེ་ལོང་ཡེ་ཤེས་རྩལ་ནི་དཀར་པོར་ཤར། །མཉམ་ཉིད་ཡེ་ཤེས་རྩལ་ནི་སེར་པོར་ཤར། །སོར[129.6]རྟོག་ཡེ་ཤེས་རྩལ་ནི་དམར་པོར་ཤར། །བྱ་གྲུབ་ཡེ་ཤེས་རྩལ་ནི་ལྗང་གུར་ཤར། །རྩལ་གཉིས་རང་སར་མི་འཛིན་མི་རྟོག་པ། །རང་སྣང་རང་སར་གྲོལ་བ་རྟོགས་པའི་ཚད། །གསལ་སྟོང་གཉིས་མེད་དོན་ལ་ཅིག་ཅར་[130.1]ནི། །ཐ་དད་གཉིས་སུ་མ་གྲུབ་གཉིས་མེད་དང་། །གསལ་སྟོང་གཉིས་སུ་མ་གྲུབ་གཉིས་མེད་དང་། །གདོད་ནས་འབྲལ་མ་མྱོང་བའི་གཉིས་མེད་དང་། །རང་བྱུང་རྒྱུ་རྐྱེན་མེད་པའི་གཉིས་མེད་དང་། །བཟང་ངན་མེད་[130.2]པས་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། །གཉིས་མེད་སྟེང་དུ་འཛིན་མེད་ལྟ་བའི་མཆོག །ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་པའི་ལྷུན་གྲུབ་ནི། །རྩོལ་བ་གང་གིས་མ་བཙལ་ལྷུན་གྲུབ་དང་། །ཡོན་ཏན་ལྷུན་གྱིས་གྲུབ་[130.3]པས་ལྷུན་གྲུབ་དང་། །འདོད་པའི་ཡོན་ཏན་ཆར་བས་ལྷུན་གྲུབ་དང་། །གློ་བུར་མ་ཡིན་གདོད་ནས་རྫོགས་པས་ལྷུན་གྲུབ་བོ། །དེ་ཕྱིར་མ་བསྒྲུབ་ལྷུན་གྲུབ་ཆེན་པོ་ཡིན། །སྐྱོན་རྣམས་མ་སྤངས་དག་པའི་རྣམ་དག་[130.4]ནི། །རང་གི་རིག་པ་ཆོས་སྐུ་དེ་ལ་ནི། །རྣམ་རྟོག་མཚན་མ་ཐམས་ཅད་རྣམ་པར་དག །དངོས་པོ་རྟག་མཐའ་ཐམས་ཅད་རྣམ་པར་དག །མེད་མཐའ་དང་ནི་ཆད་མཐའ་རྣམ་པར་དག །དྲང་དོན་ཐེག་པའི་བཀྲི་དྲང་རྣམ་[130.5]པར་དག །མ་རིག་གཏི་མུག་བློ་ནི་རྣམ་པར་དག །ཡུལ་རྐྱེན་རང་སར་གྲོལ་བའི་མཚན་ཉིད་ནི། །དོན་རྟོགས་སྣང་རྐྱེན་རང་སར་གྲོལ་བ་སྟེ། །རིག་པ་ཆོས་སྐུ་ལྟ་བའི་དོན་རྟོགས་པས། །ཡུལ་རྐྱེན་ཇི་ཤར་འཛིན་པ་[130.6]མེད་པར་གྲོལ། །མིག་གི་ཡུལ་དུ་གཟུགས་ཤར་འཛིན་མེད་གྲོལ། །རྣ་བའི་ཡུལ་དུ་སྒྲ་བྱུང་འཛིན་མེད་གྲོལ། ། ་ཡི་ཡུལ་དུ་དྲི་བྱུང་འཛིན་མེད་གྲོལ། །ལྕེ་ཡི་ཡུལ་དུ་རོ་མྱོང་འཛིན་མེད་གྲོལ། །ལུས་ཀྱི་ཡུལ་དུ་རེག་[131.1]ཚོར་འཛིན་མེད་གྲོལ། །དོན་རྩལ་རང་ཤར་རིག་པ་ཟང་ཐལ་ཡིན། །རང་རིག་ཆོས་ཀྱི་སྐུ་ཡི་དོན་རྟོགས་ན། །སྣང་བ་རང་སྣང་འཛིན་པ་རང་གྲོལ་ལོ། །དེ་ཕྱིར་རང་སྣང་རང་ཤར་ཞེས་སུ་བཤད། །དེ་[131.2]ལྟར་ཡོན་ཏན་བཅུ་ལྡན་དེ། །གཅིག་སྲོག་གཅིག་གིས་བཟུང་བས་མཐར་མི་ལྟུང་། །ལ་ཟློ་སྤྲོས་པའི་མཐའ་རྣམས་ཀུན་དང་བྲལ། །དེ་ཕྱིར་རང་རིག་བློ་ཡི་ཡུལ་ལས་འདས། །བཏགས་ཚད་མིང་ཡིན་བསམ་ཚད་[131.3]བློ། །སྣང་ཚད་ཡུལ་ཡིན་བྱས་ཚད་འཇིག །དུས་གསུམ་རྟོག་པ་ཐམས་ཅད་འཇིག་པས་ན། །མ་བྱུང་མ་སྐྱེས་རང་བྱུང་ཆེན་པོའི་སྐུ། །མ་བཅོས་མ་བསླད་མ་བསྒྲུབས་མ་ཞེན་པ། །མི་རྟོག་མི་འཛན་མི་ཞེན་མི་ལྟོས་[131.4]སོ། །རིག་པའི་གནས་ལུགས་དེ་ལྟར་གནས་པའོ། །ལྟ་བ་རང་བྱུང་རིག་པའི་དོན་རྟོགས་པས། །སྣང་བ་ཆོས་ཉིད་སྟོང་པའི་ངང་ལས་རིག་རྩལ་འོད་ལྔར་ཤར། །མ་རྟོགས་པ་ལས་འབྱུང་བ་ལྔ་རུ་བརྟས། །རང་གི་[131.5]རྩལ་སྣང་བླང་དོར་མཐའ་དང་བྲལ། །རང་སྣང་རང་གྲོལ་ཞེན་པ་ཀུན་དང་བྲལ། །རང་རིག་དོན་རྟོགས་འགྱུ་བ་རང་གྲོལ་ན། །སྒོ་ལྔའི་ཡུལ་ལྔ་དག་གིས་གནོད་མི་ནུས། །རང་བྱུང་ཡེ་ཤེས་ལྟ་བའི་དོན་རྟོགས་ན། །མ་[131.6]བསླད་མ་བྱུང་མ་བྱས་མ་བཙལ་བ། །མི་འཁྲུལ་མི་རྟོག་མི་ལྟོས་མི་ཞེན་ནོ། །ངོ་བོ་གཅིག་ལ་ཡོན་ཏན་ལྡན་ལུགས་སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་ལས། ལྟ་བ་གཅིག་སྲོག་གཅིག་གིས་བཟུང་ནས་བསྟན་[132.1]པའི་ལེའུ་སྟེ་ང་ལྔ་པའོ།། །།ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ལྟ་བའི་སྲོག་བཟུང་དེ་ལགས་ན། །ལྟ་བ་བསྒོམ་པ་སྤྱོད་པ་གསུམ། །གཅིག་ཏུ་དྲིལ་ཏེ་བསྟན་པར་ཞུ། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ལྟ་[132.2]སྒོམ་སྤྱོད་པ་དྲིལ་བ་ནི། རང་གི་རིག་པ་ཆོས་ཀྱི་སྐུ་སྤྲོས་པ་དང་བྲལ་བ་ཡིན་ཏེ། དེ་ལ་དབྱེ་ན་གསུམ། ནང་རིག་པ་ཆོས་ཀྱི་སྐུ་དང་། ཕྱི་སྣང་བ་ཆོས་ཀྱི་དབྱིངས་དང་། བར་དུ་རིག་པའི་རྩལ་མི་འགག་པ་དང་གསུམ་[132.3]མོ། །ནང་རིག་པ་ཆོས་ཀྱི་སྐུ་ནི་རིག་པ་གསལ་སྟོང་གཉིས་སུ་མེད་པ་ཡིན་ཏེ། །དེ་ཡང་རང་གི་རིག་པ་མ་བཅོས་པར་ས་ལེ་བ་དེ་ཉིད་ཅིའི་ངོ་བོར་ཡང་མ་གྲུབ་པ་དེ་ཆོས་ཉིད་ཀྱི་སྟོང་ཆ་ཡིན་ནོ། །མ་གྲུབ་པ་དེ་ཀ་རང་[132.4]རིག་པ་ས་ལེ་འདུག་པས་རང་རིག་གི་གསལ་ཆའོ། །སྟོང་པ་དང་གསལ་བ་ཐ་དད་དུ་མ་གྱུར་པས་གསལ་སྟོང་གཉིས་སུ་མེད་པའོ། །དེའི་ཕྱིར་ན་གཉིས་མེད་ཀྱི་བདེ་ཆ་ཞེས་བྱའོ། །གཉིས་མེད་ལ་རྩལ་མ་འགགས་[132.5]པར་འགྱུ་བས། རྩལ་གྱི་འགྱུ་ཆ་ཞེས་བྱའོ། །འགྱུ་ཆ་མེད་ན་ཞི་གནས་ལྟེངས་པོ་ཞེས་བྱ་སྟེ། ཐམས་ཅད་མཁྱེན་པ་འཆར་མི་སྲིད་དོ། །རིག་པའི་རྩལ་འགྱུས་པས་དེ་སྒོ་ལྔ་ལ་བརྟེན་ནས། ཡུལ་གར་བྱུང་ཡང་ཤེས་པ་[132.6]འཆར་བས་གསལ་བའི་ཆ་ཡིན་ནོ། །སོ་སོ་སྐྱེ་བོ་ནི་རང་ཁ་མ་ཡིན་ཏེ་འཛིན་པ་དང་བཅས་པའོ། །རྟོགས་ལྡན་ནི་ཡུལ་ལ་འགྱུ་ཡང་འཛིན་པ་རང་སར་གྲོལ་ཏེ་བག་ཆགས་ཀྱིས་གནོད་མི་ནུས་པ་ཡིན་ནོ། །རིག་པ་[133.1]གསལ་སྟོང་གཉིས་སུ་མེད་པ་དེའི་རྩལ་གཟུགས་སུ་ཤར་བ་ནི་འོད་ཁ་དོག་ལྔ་རུ་ཤར་བའོ། །བར་གྱི་རྩལ་མ་འགགས་པ་ནི་རིག་པ་གསལ་སྟོང་གཉིས་སུ་མེད་པ་དེ་གསལ་བའི་ཆའོ། །དེ་ནི་ཕྱིའི་ཡུལ[133.2]ལ་འགྱུ་བ་དེ་ཡིན་ཏེ། དེ་ཡང་འགྱུ་བའི་གསལ་ཆ་མི་འགག་པ་ལ་འཛིན་པ་མེད་དེ་འཛིན་པའི་ཤེས་པ་རང་རྒྱུད་པ་དེ་གྲོལ་བའོ། །དེ་ཡང་འགྱུ་བ་རང་གྲོལ་དུ་སོང་བ་སྟེ། །བར་གྱི་རྩལ་མི་འགགས་པ་དེ་ཡེ་ཤེས་[133.3]ཟང་ཐལ་ཞེས་བྱའོ། །རིག་པ་ཆོས་ཀྱི་སྐུ་གསལ་སྟོང་གཉིས་སུ་མེད་པར་སྤྲོས་པའི་མཐའ་དང་བྲལ་བ་དེ་ལྟ་བུ་གཅིག་རང་བྱུང་དུ་རང་གསལ་ཙམ་ན། ཕྱིའི་ཡུལ་མི་འགག་རིག་པ་འགྱུ་བ་སྒོ་ལྔ་ལ་བརྟེན་ནས་འགྱུ་[133.4]ཡང་འཛན་པ་རང་སར་གྲོལ་བའི་ཡུལ་དེ་གསལ་རུང་མི་གསལ་རུང་། སྣང་རུང་སྟོང་རུང་ཡུལ་ཆོས་ཀྱི་དབྱིངས་ཡིན་པར་ལ་བཅད་དོ། །དེ་ལྟར་རྟོགས་པ་དེ་ལྟ་བ་ཡིན་ཏེ། དེ་ཉིད་རྒྱུད་ལ་གསལ་བ་དེ་བསྒོམ་[133.5]པའོ། །དེ་ཁོ་ན་འགྲོ་ཉལ་འདུག་སྡོད་མི་འབྲལ་བར་མ་ཡེངས་ལ་ཡེངས་ནས་རྣམ་རྟོག་བྱུང་ཡང་རང་སར་གྲོལ་བ་ནི་སྤྱོད་པའོ། །རྟོགས་པའི་དོན་དང་མི་འབྲལ་བ་འབྲས་བུའོ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་[133.6]གསལ་གྱི་རྒྱུད་ཆེན་པོ་ལས། ལྟ་སྒོམ་སྤྱོད་པ་གཅིག་ཏུ་དྲིལ་ནས་བསྟན་པའི་ལེའུ་སྟེ་ང་དྲུག་པའོ།། །།ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །གང་ཟག་སྤྲོས་པ་བཅད་པའི་ཕྱིར། །རང་བྱུང་རིག་པ་ཕྱོགས་རེ་[134.1]ནས། །ཡོན་ཏན་བྱེ་བྲག་བརྗོད་པ་དང་། །སྤྲོས་པའི་མཐའ་རྣམས་བཅད་པའི་ཕྱིར། །རྒྱས་བསྡུས་སྤྲོས་དང་བྱེ་བྲག་མང་བསྟན་ཀྱང་། །རང་བྱུང་རིག་པའི་ངོ་བོ་དེ། །དོན་གྱི་ལ་ཟློ་ཅི་ལྟར་ཟླ། །དེ་སྐད་ཅེས་ནི་ཞུསླ་པ་[134.2]ཡིས། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །རང་རིག་ཆོས་སྐུའི་ངོ་བོ་དེ། །ལྟ་བ་མ་ནོར་དམ་པ་ཡིན། །དཔེ་དང་གཏན་ཚིགས་ཐ་སྙད་དང་། །ངོ་སྤྲོད་ལྟ་བསྒོམ་སྤྱོད་འབྲས་དང་། །འཁྲུལ་དང་རྟོགས་དང་གོམས་པ་[134.3]རྣམས། །བློ་དམན་ལམ་གྱི་ཆ་རྐྱེན་ལས། །དོན་ལ་མ་གྲུབ་བཏགས་པ་ཙམ། །ངོ་བོ་རིག་པ་ཆོས་སྐུའམ། །རང་བྱུང་ཡེ་ཤེས་བྱ་བ་དེ། །རང་རིག་ཆོས་སྐུའི་ངོ་བོ་ལས། །འཁོར་བ་མེད་ཅིང་མྱང་འདས་མེད། །གཞི་མེད་[134.4]ལམ་མེད་འབྲས་བུ་མེད། །ཐེག་པ་མེད་ཅིང་གང་ཟག་མེད། །ཆོས་དང་ཆོས་མིན་གང་ཡང་མེད། །འཁོར་བའི་རྒྱུ་དང་འབྲས་བུ་མེད། །རྒྱུ་ནི་མ་རིག་གཉིས་བསྟན་དང་། །རྐྱེན་གཞི་ལ་སོགས་གང་ཡང་མེད། །འབྲས་[134.5]བུ་འདོད་ཆགས་ཞེ་སྡང་དང་། །གཏི་མུག་ང་རྒྱལ་ཕྲག་དོག་མེད། །དུག་ལྔ་ལ་སོགས་ཉོན་མོངས་མེད། །རིགས་དྲུག་འཁོར་བའི་སེམས་ཅན་མེད། །ཕྱི་ཡི་འབྱུང་བ་ལྔ་ཡང་མེད། །ས་མེད་ཆུ་མེད་མེ་རླུང་མེད། །ནམ་[134.6]མཁའ་དག་ཀྱང་བཏགས་པ་ཙམ། །དེ་ལྟར་སྣོད་བཅུད་གང་ཡང་མེད། །འཁོར་བ་འཁྲུལ་པས་བཏགས་པ་ཙམ། །འཁོར་བ་མེད་ཅིང་མྱང་འདས་མེད། །རྟོགས་པས་སངས་རྒྱས་བཏགས་པ་ལས། །དོན་གྱི་ངོ་བོ་ཆོས་[135.1]སྐུ་ལ། །སངས་མེད་རྒྱས་མེད་གང་ཡང་མེད། །བཅོམ་མེད་ལྡན་མེད་འདས་པ་མེད། །བྱང་མེད་ཆུབ་མེད་སེམས་དཔའ་མེད། །དེ་བ ན་མེད་དེ་གཤེགས་པ་མེད། །དགྲ་བཅོམ་ཟག་པ་ཟད་པ་[135.2]མེད། །སྤང་བྱ་སྤང་ཞིང་ཐོབ་བྱ་ཐོབ་ཏུ་མེད། །སངས་རྒྱས་བྱ་བ་རྡུལ་ཙམ་མིང་ཡང་མེད། །དེས་གསུང་ལམ་དང་ཐེག་པ་མེད། །ལམ་ལྔ་ས་བཅུ་ལ་སོགས་མེད། །ཐེག་དགུ་རྒྱུ་འབྲས་ཕྱི་ནང་མེད། །ཐབས་ལམ་དང་[135.3]ནི་གྲོལ་ལམ་མེད། །རིམ་གྱིས་དང་ནི་གཅིག་ཅར་མེད། །བསྒོམ་དང་མི་བསྒོམ་སྤྱོད་དང་མི་སྤྱོད་མེད། །ལྷ་དང་དཀྱིལ་འཁོར་ཏིང་འཛིན་འཕྲོ་འདུ་མེད། །ཡོད་དང་མེད་དང་སྣང་དང་སྟོང་པ་དང་། །གཅིག་དང་དུ་མ་[135.4]རྟག་དང་ཆད་པ་དང་། །དགའ་དང་མི་དགའ་སྙན་དང་མི་སྙན་དང་། །རྙེད་དང་མ་རྙེད་གྲུབ་དང་མ་གྲུབ་དང་། །སངས་དང་མ་སངས་རྒྱས་དང་མ་རྒྱས་དང་། །བྱེད་དང་མི་བྱེད་ལ་སོགས་གང་ཡང་མེད། །འདོད་དང་[135.5]མ་འདོད་དབང་གིས་གཉིས་སུ་བྱུང་། །དོན་ལ་གཉིས་མེད་བྱ་བ་དག་དང་ནི། །བློ་ཡི་ཡུལ་ལ་སྤང་བླང་རྡུལ་ཙམ་མེད། །ཡོད་པ་བཀག་ནས་མེད་པ་བསྒྲུབ་ཏུ་མེད། །མེད་པ་བཀག་ནས་ཡོད་པ་བསྒྲུབ་ཏུ་[135.6]མེད། །མདོར་ན་མཐའ་ཡི་སྤྲོས་པ་ཀུན་དང་བྲལ། །ཡུལ་ལ་རྩལ་འཕྲོས་སྤྲོས་པ་སྟེ། །ཕྱོགས་སུ་བཟུང་བས་མཐའ་ཞེས་བྱ། །ཡུལ་འཕྲོས་ཞེན་ཅིང་ཆགས་པ་མེད། །མཐའ་ཡི་ཕྱོགས་སུ་མ་ལྷུང་བས། །སྤྲོས་པའི་[136.1]མཐའ་རྣམས་ཀུན་དང་བྲལ། །བློ་འདས་ཡིད་ཀྱི་ཡུལ་ལས་འདས། །ལུས་ཀྱིས་བྱས་ཤིང་ངག་གིས་སྨྲས་པ་དང་། །བློ་ཡིས་བསམས་ཤིང་ཡིད་ཀྱིས་མནོ་ལས་འདས། །རང་རིག་ཆོས་སྐུ་བྱ་བ་ཡང་། །བཏགས་པ་ཙམ་[136.2]ལས་དོན་ལ་འདི་འདྲ་མེད། །སྐུ་གསུམ་ཡེ་ཤེས་ལྔ་སོགས་ཀྱང་། །མཚོན་པ་ཙམ་དུ་བསྟན་པ་ཡིན། །བྱང་ཆུབ་བསྒྲུབ་བྱ་བསྒྲུབ་ཏུ་མེད། །དེ་དག་རང་གི་ངོ་བོ་སྟེ། །རིག་པ་ཆོས་སྐུ་ཙམ་དུ་བཏགས། །ལྟ་བ་ལ་ཟློ་དེ་[136.3]བཞིན་ཡིན། །གདེངས་ཆེན་དེ་ལ་ཡིད་ཆེས་གྱིས། །བརྗོད་མེད་བསམ་མེད་མཐའ་བྲལ་དེ། །ཡེ་ནས་གནས་པའི་ཆ་ནས་གཞི། །དེ་མ་རྟོགས་ལས་ཞབྲུལ་པ་བྱུང་། །དེ་རྟོགས་མཚོན་དཔེ་ངོ་སྤྲོད་ཡིན། །ཇི་ལྟར་གཞི་[136.4]མཐོང་ལྟ་བ་ཡིན། །མཐོང་དོན་གསལ་བས་བསྒོམ་པ་ཡིན། །དེ་ཉིད་དུས་གསུམ་རྒྱུན་ཁྱེར་བ། །སྤྱོད་པ་ཙམ་དུ་བཏགས་པ་ཡིན། །མངོན་གྱུར་འབྲས་བུ་ཞེས་སུ་བསྟན། །ལྟ་བ་ལམ་འཁྱེར་དུས་སུ་ནི། །ངོ་བོ་རྩལ་[136.5]དང་བཅས་པ་གསུམ། །ཕྱི་ཡི་ཡུལ་རྐྱེན་འབྱུང་བའི་ཆ། །དོན་ལ་གྲུབ་པ་མེད་པས་ན། །རང་སྣང་རང་གྲོལ་དངོས་མེད་ཡིན། །ཡུལ་གྱིས་དོན་ལ་གནོད་མི་ནུས། །གདེངས་ཆེན་ལ་ཟློ་དེ་བཞིན་ནོ། །ཞེས་གསུངས་[136.6]སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་ལས། ལྟ་བ་ལ་བཟླ་བའི་ལེའུ་ ་ང་བདུན་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །བསྒོམ་དུ་ཡོད་མེད་ཇི་ལྟར་[137.1]ལགས། །ཞེས་ཞུས་སོ། །དེ་ནས་སྟོན་པས་བཀའ་སྩལ་པ། །རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །ངས་བསྟན་བདེ་ཆེན་གཉིས་མེད་ལ། །བསྒོམ་དུ་ཡོད་དང་མེད་པ་ཡི། །ཐ་སྙད་ཐམས་ཅད་རྣམ་པར་[137.2]དག །ཤེས་རབ་སྟོབས་ཆེན་རང་རིག་དོན་རྟོགས་པས། །གཉིས་མེད་བདེ་ཆེན་ངཛ་དུ་འདུ་བྲལ་མེད། །མ་བཙལ་བཞག་པས་ངང་ལས་མ་གཡོས་ཀྱང་། །རྒྱུན་ཆད་མེད་པར་ཆུ་བོ་གདྷ་བཞིན། །དབང་པོ་ཡང་རབ་[137.3]དོན་དུ་དེ་བསྟན་ཏོ། །རྟེན་གྱི་གང་ཟག་ཤེས་རབ་འབྲིང་རྣམས་ལ་ །མི་བསྒོམ་བསྒོམ་པར་བསྟན་པ་ཡིན། །རྣལ་འབྱོར་ཤེས་རབ་རྩལ་ཆུང་ལ། །མ་བསྒོམས་སངས་མི་རྒྱ་བར་བསྟན། །ཀྱེ་གསང་བདག་ངེས་པར་[137.4]ཟུང་ཞིག །པདྨ་འདམ་ན་གནས་ཀྱང་སྐྱོན་གྱིས་མ་གོས་ལྟར། །ཕྱི་ནང་འཁྲུལ་པར་ཤར་ཀྱང་ནི། །རང་རིག་ཡེ་ནས་གོས་པ་མེད། །མ་འཁྲུལ་པ་ཡི་སངས་རྒྱས་ཡིན། །རིགས་ཀྱི་བུ་གཞི་དག་པ་ཆོས་ཀྱི་སྐུ་ལ། འབྲས་[137.5]བུ་དག་པ་གཟུགས་ཀྱི་སྐུ་གཉིས་ཀྱི་བརྒྱན་ནས། དོན་སྐུ་གསུམ་འདུ་འབྲལ་མེད་པ་ནི། །བུམ་པའི་ནང་གི་མར་མེ་ལྟར། །ཡེ་ཤེས་ནང་ན་གསལ་བའོ། །རིགས་ཀྱི་བུ་གཟུགས་ཀྱི་ཕུང་པོ་ཕྱི་སྣོད་འཇིག་རྟེན། གཞལ་[137.6]ཡས་ཁང་འགྲོ་བ་འདུལ་བའི་དཀྱིལ་འཁོར་གྱི་ནང་ན། སྐུ་གསུམ་གྱི་རང་གདངས་འགག་པ་མེད་པའི་ཡེ་ཤེས་ཀྱི་གཞལ་མེད་ཁང་དུ་འོད་གསལ་ལོ། །དེའི་ནང་ན་སྐུ་བཞི་སྐུ་གསུང་ཐུགས་དང་ལྡན་ཏེ། །རང་བཞིན་[138.1]རྣམཔར་དག་པའིདཀྱིལ་འཁོར་འགག་པ་མེད་པར་གནས་པའོ། །དེའི་ཐུགས་རྗེ་ཧེརུཀ་ལྔར་སྣང་བ་མི་འགགཔས། ཐུགས་རྗེ་རང་བྱུང་གི་དཀྱིལ་འཁོར་སྟེ། དེལྟར་གནསཔ་ནི་མ་འཁྲུལ་བའི་བུདྷའོ། །རིགས་ཀྱི[138.2]བུམའཁྲུལ་པའི་བུདྷལ། མབྱས་པའིཆོས་ཉིདབསྟན་པ་ནི། ཐུགས་ཀྱིམེལོང་ཡིན་ཏེ། དཔེར་ན་ཟག་བཅས་ཀྱི་ཕུང་པོའདིབྱས་པའི་མེ་ལོངགིསགཏན་ལ་ཕེབ་པ་ལྟར། ཟག་པ་མེད་པའི་ཡེཤེས་འགག་པ་མེད[138.3]པར་གསལ་བ། ཀུན་གཞིམེ་ལོང་ལྟ་བུའིཡེ་ཤེས་གསལ་ལ་དག་པ། ཐམས་ཅད་འབྱུང་བའིགཞི་མའགགས་པའི་དོན། མགར་བའི་ལགགིའདུབྱེད་ཀྱིསམ་བྱས་པ། སྣང་བ་མཐའ་ཡས་ཀྱི་ཐུགས་ཀྱིཀློང་ནས།[138.4]རངབྱུངདུརངཤརབའིཤེལ་གྱིམཆོད་རྟེནཁྲིའཕང་ལྔ་པ། ཐུགས་ཀྱི་མེ་ལོངདུགྱུར་པ་སྟེ། བརྡར་བསྟན་པའི་ཚེ་ཟག་བཅས་ཀྱིསྒྲོམ་བུས་ཟག་མེད་ཀྱི་ཡེ་ཤེས་མིཐུབ་པརཐུགས་ཀྱི་ཡེ་ཤེསཀྱིམེ་ལོང་ལཇིལྟ[138.5]བབཞིནདུསྣངངོ་། །དེའི་འཁྲུལགཞིམནངགཏི་ཀ་ཆེན་པོལས་གཏན་ལ་ཕབ་པའོ། །དོནརང་བྱུང་གིཡེ་ཤེསཆེན་པོཡིནཔས། དུས་གསུམ་དུ་འགྱུར་མ་མྱོངསྟེ། མིའགྱུར་བའི་ལྟ་བ་ཐོད་རྒལ་ཆེནཔོའོ། །དེ[138.6]ནིའཁྲུལ་པལོགནསཡེཤེས་ཀྱིདེ་ཁོ་ནཉིད་ཀྱི་ཏིཀ་ཆེན་པོའོ། །དེསནི་རྟགས་ཀྱི་སྒོ་ནསམིའགྱུར་བའིགཟེར་བཏབཔའོ། །ལུང་གི་ཏིཀཆེནཔོསདོན་ལསྦྱོར་རོ། །བདག་ཉིད་ཆེན་པོདེ་ཁོ་ན་ཉིདཀྱིཏི་ཀ་ལ་[139.1]གཞི་བཅས་པའོ། །དེའི་དོན་རྟོགས་ནས་བསྒོམ་དུ་མེད་དེ་ཡོན་ཏན་ནོ། །དེ་ཡང་རང་ཆས་སུ་གནས་པས་འདུ་འབྲལ་མེད་དོ། །ཡུལ་དང་ཡུལ་ཅན། བསྒོམ་བྱ་དང་སྒོམ་བྱེད། དངོས་པོ་དང་མཚན་མར་[139.2]དམིགས་སུ་མེད། དཔེར་ན་གར་སྤྱིན་ལ་སྦྲང་མའི་འདབ་མ་ཆག་པ་ལྟ་བུའོ། །ཆོས་ཉིད་ཀྱི་དོན་ཐ་མལ་གྱིས་མི་རྟོགས་པས། སོ་སོའི་སྐྱེ་བོ་ཐ་མལ་གྱིས་མི་གོ་སྟེ། གོང་ལྷར་རྟོགས་དགོས་པས། ཡེངས་སུ་མེད་དེ་[139.3]སྐྱོན་ཅན་ནོ། །ངེས་པར་རྟོགས་ཙ་ན། ཡེངས་པ་མེད་དེ་ཡོན་ཏན་ནོ། །ཡེངས་སུ་མེད་པ་ནི། །འདུག་ཀྱང་ཆོས་ཉིད་རང་སྣང་གི་ངང་ལས་མ་གཡོས་པ་ཙམ་དུ་འདུག་ལ། འགྲོ་ཡང་ཡེ་ཤེས་ཀྱི་རང་གདངས་ལ། རང་[139.4]བཞིན་མི་འགག་པ་ཙམ་དུ་འགྲོ་སྟེ། མར་མེའམ་ཉི་མ་རང་སྣང་དང་ཆས་ནས་འགྲོ་བ་བཞིན་ནོ། །ཉལ་ཡང་ངང་ལས་མ་གཡོས་པའི་ཀློང་རིག་པ་ཟང་ཐལ་གྱི་ངང་ནས་རྩལ་གཞི་ལ་འདུས་ཏེ། རང་བཞིན་[139.5]གཞི་ལ་ཐིམ་མོ། །མཚན་མ་རང་སར་གྲོལ་ནས་དོན་ལ་སྦྱོར་བ་ཆེན་པོར་འགྱུར་རོ། །ལངས་ཀྱང་ངག་མ་གཡོས་པ་ལས་ལངས། རིག་པ་རང་ཤར་ཏེ་རང་བཞིན་མ་འགགས་པར་གསལ་ལོ། །ཀྱེ་མ་རིགས་ཀྱི་བུ་[139.6]ལེགས་པར་ཡིད་ལ་ཟུང་ཞིག །སྤྱོད་ལམ་བཞི་ཅི་སྤྱད་ཀྱང་། རང་གི་གདངས་ལས་མི་འདའ་ཞིང་། ཆོས་ཉིད་ངང་ལས་མ་གཡོས་པ། དཔེར་ན་བྱ་ཡིས་གར་འཕུར་ཀྱང་། མཁའ་ལས་འདའ་བ་མེད། ཉ་ཡིས་གར་[140.1]འཕྱོས་ཀྱང་ཆུ་ལས་མི་འདའ་བ་དང་། མི་ཡིས་གར་ཕྱིན་ཡང་ས་ལས་མི་འདའ་བ་བཞིན། རྣལ་འབྱོར་རྟོགས་ལྡན་ངང་ལས་གཡོས་པ་མེད། རིགས་ཀྱི་བུ་བསྒོམ་བྱ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དེ་ཡི་[140.2]དོན་ལོགས་ན་མེད་དེ། རང་རིག་ཆོས་ཀྱི་སྐུ་ཁོ་ནའོ། ་།ར་བ་རྣམས་ཐམས་ཅད་ནི་རང་ཤར་བ་སྟེ། རིག་པ་ཆོས་སྐུ་སྟོང་པ་དང་འགག་པ་མེད་པ་དང་། དེ་ཉིད་དབྱེར་མེད་པ་དང་། དེ་ལྟར་ཤེས་པའི་ཤེས་རབ་མི་[140.3]འགག་པ་དང་། དེ་ལ་ཐོགས་པ་མེད་པ་དང་། མཚན་ཉིད་ལྔར་ཤར་རོ། །དེ་ལྔ་ཡེ་ཤེསལྔརཤརརོ། །ཡེ་ཤེས་ལྔ་འོད་དུ་ཤར་རོ། །འོད་ལྔ་རིགས་ལྔར་ཤར་རོ། །རིགས་ལྔ་སྐུ་ལྔར་ཤར་རོ། །སྐུ་ལྔ་ཡུམ་ལྔ་མི་[140.4]འགགས་སོ། །ཡབ་ཡུམ་ལ་སེམས་དཔའ་དང་སེམས་མ་མི་འགགས་སོ། །སེམས་མ་རྣམས་ལས་ཡུལ་དུ་ཤར་རོ། །སེམས་དཔའ་རྣམས་ལས་དབང་པོ་དང་རྣམ་ཤེས་སུ་ཤར་རོ། །དེས་ན་རིག་པ་རང་ཤར་[140.5]གྱི་དགོངས་པས་སྣང་པ་ལ་རྒྱས་གདབ་སྟེ། ཐམས་ཅད་རང་སྣང་གི་ཡེ་ཤེས་ལས་གཞན་སྣང་གི་རྟོག་པ་མེད་དོ། །འགགས་པའི་དུས་སུ་མཚན་མ་རང་གྲོལ་གྱི་དགོངས་པ་རྩལ་གཞི་ལ་འདུག་ཏེ། ཡུལ་ལྔ་སྒོ་ལྔའི་ངང་[140.6]དུ་གྲོལ། སྒོ་ལྔ་སེམས་དཔའ་སེམས་མའི་ངང་དུ་གྲོལ། སེམས་དཔའ་སེམས་མ་རིགས་ལྔ་ཡབ་ཡུམ་གྱི་ངང་དུ་གྲོལ། དེ་ཡང་ཡེ་ཤེས་ལྔ་རུ་གྲོལ། ཡེ་ཤེས་ལྔ་ཡང་རིག་པའི་མཚན་ཉིད་ལྔར་གྲོལ། མཚན་ཉིད་ལྔ་རིག་[141.1]པ་འཛིན་མེད་རང་གསལ་དུ་གྲོལ་སྟེ། དབང་པོ་གནད་བསྡུས་ཀྱི་མན་ངག་འབྱུང་བ་མ་ལ་ཞ། ཡེ་ཤེས་དབྱིངས་སུ་ཐིམ་པའོ། །དེ་ལྟར་གྲོལ་ནས་ངང་ལས་མ་གཡོས་པ་ནི། ཤེས་བྱ་བུམ་པར་ཚུད་པ་སྟེ།[141.2]ཆོས་ཉིད་ཆོས་སྐུ་དབྱེར་མེད་ཟང་ཐལ་གྱི་བུམ་པ་ན། རང་རིག་པའི་ཡེ་ཤེས་མར་མེ་རླུང་གིས་མ་བསྐྱོད་པ་ལྟར་གསལ་བ། ཤེས་བྱ་བུམ་འཇུག་གི་མན་ངག །གཏི་མུག་གཉིད་ལ་སོགས་པ་ཤེས་རབ་ཀྱི་དོན་དེ་ཁོ་ན་[141.3]ཉིད་ལ་འབྱོར་པའོ། །ཐམས་ཅད་བྱུང་ཡང་རང་ལས་བྱུང་། སྣང་ཡང་རང་ལས་སྣང་། གསལ་ཡང་རང་ལས་གསལ། དག་ཅིང་གྲོལ་ཡང་རང་གི་ངང་དུ་གྲོལ་བས་ན། ཡེ་ཤེས་ཡང་དག་ཆེན་པོའོ། །དེ་ནི་ངོ་བོ་ཉིད་ཀྱི་[141.4]སྣང་བ་རང་སྣང་ལས་གཞན་སྣང་མེད་པའོ། །སྤྲིན་དང་ཁུ་རླངས་བྱུང་ཡང་ནམ་མཁའ་ནས་བྱུང་། སྣང་ཡང་ནམ་མཁའི་ངང་ལ་སྣང་། གནས་ཀྱང་ནམ་མཁའི་ངང་ལ་གནས། དག་ཀྱང་ནམ་མཁའི་ངང་དུ་དག །གྲོལ་[141.5]ཡང་ནམ་མཁའི་ངང་དུ་གྲོལ་བ་ལྟ་བུའོ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། བསྒོམ་དུ་ཡོད་མེད་བློ་དང་སྦྱར་བར་བསྟན་པ་སྟེ། བློ་འབྲིང་ལ་རྒྱུན་གྱི་ཏིང་ངེ་འཛིན་གཏན་ཚིགས་དང་[141.6]བཅས་པ་བ ན་པ་ ་ལེའུ་ང་བརྒྱད་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །བསྒོམ་དུ་ཡོད་ལ་བཤད་དུ་གསོལ། །ཞེས་ཞུས་པས། ་ན་པས་བཀའ་སྩལ་པ། རྡོ་རྗེ་[142.1]འཛིན་པ་ངེས་ཟུང་ཞིག །བློ་གཞན་རྣམས་ལ་བསྒོམ་པ་བསྟན། །བསྒོམ་དུ་མེད་པར་མ་ཤེས་ན། །མ་ཚོར་ཡིད་ལ་བྱེད་པ་དང་། །བྱ་རྩོལ་བྲལ་བ་མི་རྟོགས་ཏེ། །རྒྱུན་གྱི་ཏིང་འཛིན་དོན་མི་གསལ། །བསྒོམ་དུ་ཡོད་[142.2]པར་མ་ཤེས་ན། །སྐྱེ་བོ་རྣམས་དང་ཁྱད་པར་མེད། །ཐ་མལ་རང་རྒྱུད་གོལ་བར་འགྲོ། །མི་བསྒོམ་བསྒོམ་པའི་དོན་ཤེས་པས། །སངས་རྒྱས་ཉག་གཅིག་དོན་དུ་འདུ་འབྲལ་མེད། །བསྒོམ་པ་མི་བསྒོམ་དོན་ཤེས་[142.3]པས། །དམིགས་གཏད་བློ་ཡི་མཐའ་ལས་བཟློག །གཉིས་སུ་མེད་པའི་དོན་རྟོགས་པས། །ཕྱོགས་རེར་འཛིན་པའི་མཐའ་དང་བྲལ། །བསྒོམ་དུ་ཡོད་པའི་དོན་བསྟན་པར། །བསླབ་ཐབས་བསླབ་བྱ་ལོབས་པའི་[142.4]ཚད། །རྣམ་པ་གསུམ་དུ་བསྟན་པ་ཡིན། །བསླབ་ཐབས་རྣམ་པ་གསུམ་དུ་བསྟན། །ཕྱི་དང་ནང་དང་གསང་བའོ། །ཕྱི་ནི་ལུས་ངག་ཡིད་གསུམ་གློད། །བྱ་བ་བཏང་ལ་སྡོད་པ་ཡིན། །ནང་ནི་རྩ་ཡི་རླུང་སྒོ་[142.5]བསྡོམས། །རང་བྱུང་དབྱིངས་ཀྱི་ཐིག་ལེ་ལས། །དང་པོར་ལུས་ཀྱི་སྲིད་པ་ཆགས། །དེ་ལས་ཡས་མར་རྩ་གཉིས་ཤར། །རྩ་གཉིས་འདུས་ནས་རྩ་མདུད་ལྟེ་བར་གྱུར། །དེ་ལས་རྩ་བྲན་རྣམས་ཀྱི་ལུས་བྱིངས་[142.6]བསྐྱེད། །དེ་ནས་སྙིང་ལ་སོགས་པའི་ནང་ཁྲོལ་རྒྱས། །དེ་ལས་དབུགས་ཡོད་དེ་ལས་རྣམ་རྟོག་ཤར། །དེ་ལ་རྩ་བར་བཏགས་པ་མིག་ཡིན་པས། །ཅི་ ང་རང་ ང་ཡིན་གྱི་རྣམ་རྟོག་མ་བྱེད་ཅེ་རེ་ལྟོས། །རྟགས་མ་[143.1]བསྐུལ་བས་དེ་ནས་རིག་པ་རྩལ་མི་འགྱུར། །རྩལ་དང་མ་འགྲོགས་རླུང་དང་སེར་བུ་བཞིན། །མ་བསྡུས་རང་སར་ཞོག་ཅིག་འཕྲོ་མི་ནུས། །དེ་བས་རླུང་ཅེས་དེ་ལ་སྐྱོན་མི་བལྟ། །རླུང་ཡོད་རྟོགས་པའི་[143.2]ཤེས་རབ་ཡོངས་སུ་རྒྱས། །ཐབས་ཀྱི་ཟིན་པས་མི་རྟོག་རང་སར་གནས། །སྐབས་སུ་ཧ་དང་ཕཊ་ཅེས་རླུང་རོ་འབུད། །གསང་བར་བསླབ་པའི་ཐབས་གསུམ་སྟེ། །རྒྱལ་པོ་གདན་ལ་བཞག་པ་དང་། །བློན་པོ་བཙོན་དུ་[143.3]བཟུང་བ་དང་། །དམངས་རྣམས་ཆམ་ལ་ཤུགས་ཀྱིས་ཕེབས་པོ་། །ཀྱེ་རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །རྒྱལ་པོ་ནི་རང་རིག་དག་པ་ཆོས་ཀྱི་སྐུའོ། །གདན་ནི་རང་བཞིན་དག་པ་ནམ་མཁའི་ཡུལ་དུ་སྣང་བ་[143.4]འདིའོ། །དོན་ནི་དབྱིངས་ཀྱི་ཐིག་ལེ་ཡུལ་སྣང་བ་འདིའོ། །དེ་ཉིད་ཀྱི་དོན་བདག་དང་བྲལ་བ་ནི། དབྱིངས་རྣམ་པར་དག་པ་རིག་པའི་ཡེ་ཤེས་བཞུགས་པའི་གདན་ཏེ། ད་ལྟ་བྱང་ཆུབ་སེམས་ཀྱི་སྒྲོན་མ། ཆུའི་རང་[143.5]བཞིན་དག་ཅིང་གསལ་བ་ལ་སྦྱར་རོ། །དེ་ཡང་འདུག་ཚུལ་གྱིས་གནས་པ་དང་། སྣང་ཚུལ་གྱིས་འབྱམས་པ་སྟེ། དཔེར་ན་བྱ་ཁྲ་གནས་རི་བྲག་གི་ནང་ན་གནས་བཅས་ནས། སྡོད་ས་ཚང་སྒོར་སྡོད་པ་བཞིན། དཔེ་དེ་[143.6]བཞིན་དུ་རིག་པའི་ཡེ་ཤེས་ཙིལྟི་རིན་པོ་ཆེ་ན་བཞུགས་པ་སྟེ། རང་གི་ངོ་བོ་རྟགས་ལ་མངོན་པར་གསལ་ལོ། །གདན་ལ་བཞུགས་པ་ཡེ་ཤེས་ཀྱི་སྣང་བ་ནི། དེ་ནི་ཀུན་གཞི་མེ་ལོང་ལྷ་བུའི་ཡེ་ཤེས་གསལ་བ་ཟང་ཐལ་[144.1]ལོ། །དེ་བས་ན་དབྱིངས་རྣམ་པར་དག་པའི་ཐིག་ལེ་ནི། ཆུའི་སྒྲོན་མའོ། །ནང་དུ་ཙིརྟི་གོང་བཞིན་དུ་ཡེ་ཤེས་ཀྱི་སྣང་བ་འོད་དུ་གསལ་ལོ། །གདན་ལ་བཞུགས་པ་ཡེ་ཤེས་ཀྱི་སྣང་བ་ནི། ཡེ་ཤེས་ཆེན་པོའི་ཐིག་ལེ་མ་[144.2]འགགས་པར་རང་གསལ་ལོ། །ཡེ་ཤེས་སྙིང་པོ་རིག་པར་གནས་ཤིང་། རིག་པ་ལ་ཡེ་ཤེས་གསལ་བས། ལྷུན་གྱིས་གྲུབ་པའི་ཐིག་ལེས་མཚན་མ་དང་། རྣམ་རྟོག་བཅོམ་པའོ། །དེ་ལྟར་མི་འགྱུར་བར་གནས་ཤིང་།[144.3]རང་སྣང་ལས་གཞན་སྣང་མེད་དོ། །དེ་ནི་ལྷུན་གྱིས་གྲུབ་པའི་ཐིག་ལེ་སྟེ། དོན་སྣང་བ་གསུམ་སྦྱོར་དུ་བསྟན་ན། མཐོང་བྱ་རང་བཞིན་དག་པའི་ནམ་མཁའ་ནི། །ནམ་མཁའ་དག་པའི་རང་གདངས་ཡིན། །དེ་ཡི་ངོ་བོ་[144.4]དག་པ་དང་། །མཐོང་བྱེད་ཆུ་ཡི་སྒྲོན་མ་ནི། །ཆོས་ཉིད་དག་པའི་ཡེ་གདངས་སོ། །རིག་པ་ཡུལ་ལ་ཤར་བའི་སྣང་བ་ནི། །ཡེ་ཤེས་དག་པའི་ཟེར་གདངས་སོ། །ཀྱེ་མ་ནམ་མཁའ་དག་པའི་རང་གདངས་ནི། །མཚམ་[144.5]མོའི་ནམ་མཁའ་ལྟ་བུའོ། །ཆོས་ཉིད་དག་པའི་ཡེ་གདངས་ནི། །ནམ་ལངས་པའི་ནམ་མཁའ་ལྟ་བུའོ། །ཡེ་ཤེས་ཆེན་པོའི་ཟེར་གདངས་ནི། །ནམ་མཁའ་ལ་ནི་ཉི་མ་ཤར་བ་ལྷ་བུའོ། །རྒྱལ་པོ་གདན་ལ་བཞུགས་པ་ནི།[144.6]སྤྲོས་བྲལ་གྱིས་དབྱིངས་འགྱུར་མེད་ཀྱི་ངང་དུ་རིག་པ་ཡེ་ནས་དག་པ་སྟེ། དེ་ལས་མ་གཡོས་པར་བཞག་གོ། །འཆི་བདག་བདུད་ཀྱི་སྒོ་ནས་ཡེ་ཤེས་ཀྱི་རླུང་རྒྱུ་བའི་རྩ་གསུམ་གནས་པས། དེ་གསུམ་གཅུན་ཏེ། དེ་[145.1]བཞིན་གཤེགས་པའི་དགོངས་པ་ལ་ཐུག་པ་མེད་དེ། མཚན་མར་མི་གནས་པས། སྤྱན་ནམ་མཁའི་དཀྱིལ་དུ་བལྟས་ཏེ། རྩ་རླུད་གི་སྒོ་བསྡམས་སོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ནི། སངས་[145.2]རྒྱས་སེམས་ཅན་གྱི་བར་ན་གནས་པས། སྤྱན་བར་སྣང་དུ་བལྟའོ། །མགྲིན་པ་ཅུང་ཟད་གཅུས་ཏེ། དཔུང་པའི་ཁར་ཨོག་མ་བཞག་གོ། །རྩ་གསུམ་རླུད་གི་འགྱུ་སྲང་བཅད་པའོ། །ལྷ་དང་མིའི་བསམ་གཏན་དང་།[145.3]སེམས་འཛིན་ནི་མཚན་མ་ཤས་ཆེ་བས་གོང་མ་གཉིས་པོ་བས་དཀའ་སྟེ། སྤྱན་ས་ལ་བལྟའོ། །དེ་ནི་མགྲིན་པ་ཅུང་ཟད་བཀུག་སྟེ། ཨོག་མ་བྲང་ལ་རེག་ལ་ཁད་དུ་བྱའོ། །དེ་ནི་རྒྱལ་པོ་གདན་ལ་བཞུགས་ཤིང་[145.4]གདན་ཐོག་ཏུ་བཏང་བའི་ཐབས་སོ། །དེས་རིག་པ་རྒྱལ་པོ་དང་འདྲ་སྟེ་རང་ས་འཛིན་པའོ། །བློན་པོ་ནི་སེམས་ཏེ། རིག་པའི་རྩལ་རླུང་ཐོག་ཏུ་མ་ཤོར་བས། རྟོག་བཅས་སུ་མི་རྒྱུ་རྟོག་མེད་དུ་གསལ་ཏེ། དཔེར་ན་བློན་[145.5]པོ་བཙོན་དུ་ཟིན་པས་གྲོས་བློ་དང་བྱ་བ་བྱེད་མཁན་མེད་པ་ལྟ་བུའོ། །ལུས་དང་མ་བྲལ་བར་དབུགས་ཡོད་དེ། རིག་པ་ལ་རྟ་ཡོད་པས་བློན་པོ་ལྟ་བུའོ། །བཙོན་དུ་ཟིན་པ་འདྲ་སྟེ། རྟོག་པའི་རླུང་ཡོད་ལ་རྒྱུ་མི་ནུས་[145.6]སོ། །སྒོ་ལྔ་འབངས་དང་འདྲ་བས་ལས་བྱེད་པ་ཡིན་ནོ། །དུས་དེར་གསལ་ལ་རྟོག་པ་མེད་དོ། །དེ་ནི་འབངས་ཆམ་ལ་འབེབས་པ་ལྟ་བུའོ། །ཀྱེ་རིགས་ཀྱི་བུ་བསླབ་པར་བྱ་བ་ནི། །ངང་དངས་རང་བཞིན་བདག་ཉིད་[146.1]ཆེན་པོའོ། །རང་བཞིན་དག་པའི་ནམ་མཁའ་དང་། །ཆོས་ཉིད་དག་པའི་ནམ་མཁའ་གཉིས། །རྣམ་རྟོག་བྲལ་བའི་རིག་པ་གསུམ། །དབྱེར་མེད་སྟོང་ཞིང་མི་རྟོག་པས། །མ་བཅོས་པ་ཡི་ངང་ཞེས་བྱ། །རང་རིག་ཡེ་[146.2]ཤེས་གསལ་བ་དང་། །འབྱུང་བཞི་གདངས་སུ་ཤར་བ་གཉིས། །རང་བཞིན་མ་འགགས་ཡེ་ཤེས་གདངས། །གསལ་བར་སྣང་ལ་རང་བཞིན་མེད། །སྟོང་པ་མེད་ན་རང་བཞིན་ཡོད། །དབྱེར་མེད་བདག་ཉིད་ཆེན་པོའི་[146.3]དོན། །མདོར་ན་རང་རིག་ཡེ་ཤེས་ཡིན། །ལོབས་པའི་ཚད་ནི། ཤེས་པ་རྐྱེན་གྱི་དབང་དུ་མི་འགྲོ་ཞིང་། རྣམ་རྟོག་རྒྱུན་བཅད་མཚན་མ་ཟིལ་གྱིས་གནོན་པའོ། །དྲོད་རྟགས་མི་འདོད་བཞིན་དུ་འབྱུང་། །འདུས་བྱས་[146.4]ཞིང་ལམས་ཆེན་པོར་ལྡོག །ལུང་སྟོན་རིམ་པར་འབྱུང་བ་ཡིན། །བླ་མ་ཡི་དམ་མཁའ་འགྲོ་ལས། །དངོས་དང་འབྱུང་བའི་སྒྲ་ལ་བརྟེན། །དེ་ཡིས་ངེས་པར་རྒྱུད་ལ་སྐྱེའོ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་[146.5]ཆེན་པོའི་རྒྱུད་ལས། བསྒོམ་དུ་ཡོད་པར་བསྟན་པའི་དགོངས་པ་དང་། བསྒོམ་ཐབས་རྒྱས་པར་བསྟན་པའི་ལེའུ་སྟེ་ང་དགུ་པའོ།། །།ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །བསྒོམ་དུ་ཡོད་མེད་ས་མཚམས་ཡང་ བློ་[146.6]དང་སྦྱོར་བ་དེ་ལགས་ན། །རང་གི་མཚན་ཉིད་བསྒོམ་པ་དེ། །མ་ནོར་ལེགས་པརབསྟན་དུ་གསོལ། །ཞེས་ཞུས་པས། སྟོན་པས་བཀའ་སྩལ་པ། །རང་གི་མཚན་ཉིད་བསྒོམ་པ་དེ། །རང་གི་རིག་པ་ཆོས་ཀྱི་སྐུ། །ངོ་[147.1]སྤྲོད་བདུན་གྱས་རྟོགས་པ་དེ། །ཞེ་ལ་གདེངས་སུ་ཚུད་གྱུར་པས། །དེ་དོན་རྒྱུད་དུ་གསལ་གྱུར་ན། །བསྒོམ་པ་རང་ ་མཚན་ཉད་ཡན། །རག་པ་ཆོས་སྐུར་རྟོགས་གྱུར་ན། །སྐུ་གསུམ་ལྷུན་གྱས་གྲུབ་པ་[147.2]ཡིན། །ཡེ་ཤེས་ལྔ་ཡང་ལྷུན་གྱིས་གྲུབ། །རང་རིག་ཆོས་སྐུ་དེ་ལས་ནི། །རྣམ་རྟོག་ཡུལ་གྱི་རྐྱེན་གྱུར་ནས། །འཁྲུལ་བའི་རྟོག་པ་བྱུང་གྱུར་ན། །སྤྱོད་ལམ་གདམས་པ་བཞིན་དུ་ཁྱེར། །ཡེ་ནས་གནས་པའི་ཆ་ནས་[147.3]གཞི། །དེ་ཉིད་རྟོགས་པ་ལྟ་བུའོ། །དེ་གསལ་བསྒོམ་པ་ཙམ་དུ་བཏགས། ཁུ།ན་དུ་ཁྱེར་བ་སྤྱོད་པའོ། །མངོན་གྱུར་འབྲས་བུར་བསྟན་པའོ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུདལས། བསྒོམ་པ་[147.4]རང་གི་མཚན་ཉིད་བསྟན་པའི་ལེའུ་སྟེ་དྲུག་བཅུ་པའོ།། །།ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །བསྒོམ་ཡོད་བསྒོམ་མེད་བསྟན་པ་དང་། །བསྒོམ་པར་རང་གི་མཚན་ཉིད་བསྒོམ། །རྒྱས་པར་བཤད་པ་དེ་ལགས་[147.5]ན། །ཐེག་པ་བརྒྱད་ཀྱི་གོལ་ས་དང་། །སྤྱི་ཡི་གོལ་ས་བསྟན་པ་རྣམས། །རྡོ་རྗེ་འཆང་གིས་གསུང་དུ་གསོལ། །དེ་སྐད་ཅེས་ནི་ཞུསླ་པ་ལས། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །རིམ་དགུ་བསྒོམ་པའི་གོལ་ས་[147.6]དག །གོང་འོག་སྐབས་ནས་གསལ་བར་བཤད། །སྤྱི་ཡི་གོལ་ས་འདི་ལྟར་བཤད། །ཞི་གནས་སྟོང་པའི་གོལ་ས་ལྔ། །ལྷག་མཐོང་གསལ་བའི་གོལ་ས་ལྔ། །དེ་ཉིད་སྤྱི་ཡི་གོལ་ས་གཉིས། །གོལ་ས་བཅུ་གཉིས་དག་ཏུ་[148.1]བཤད། །སྟང་པའ་ཕྱགས་ཀྱ་གལ་ས་ལྔ་པ་ན། ། ་གནས་ཧད་པ ་གལ་ས་ ། །རྣམ་རྟག་ ་གནས་ཡན་པས་ནའ། །བཏང་སྙམས་ལྟེང་པ ་གལ་ས་ན། །རྩལ་བ་མེད་དེ་ངང་གནས་པའ། །སྟང་པ་ཆད་པ ་གལ་[148.2]ས་ནི། །བེམ་རིག་གང་ཡང་མི་འདོད་པའོ། །མི་རྟོག་འཐོམ་པའི་གོལ་ས་ནི། །དྲན་མེད་གསལ་ཆ་འགགས་པའོ། །འཛིན་མེད་ཧད་པོའི་གོལ་ས་ནི། །ཡུལ་གྱི་རྣམ་པ་སྣང་གྱུར་ཡང་། །གང་ཡང་གཏན་ལ་མ་ཕེབས་[148.3]པས། །རང་ངོ་མ་ཤེས་འཛིན་པ་མེད། །འཛིན་པ་མེད་ཀྱང་གསལ་ཆ་མེད། །དེ་ཕྱིར་གོལ་སར་བསྟན་པའོ། །ཀྱེ་གསང་བའི་བདག་པོ་ཉོན་ཅིག །གསལ་བ་ལྷག་མཐོང་གོལ་ས་ནི། །ཀུན་བརྟགས་ལྷ་ཡི་གོལ་ས་[148.4]དང་། །མཚན་མ་འོད་ཀྱི་གོལ་ས་དང་། །རྩ་རླུད་བདེ་བའི་གོལ་ས་དང་། །གཟུང་འཛིན་ཡུལ་གྱི་གོལ་ས་དང་། །འཁོར་བ་སྡུག་བསྔལ་གོལ་ས་རྣམས། །གསལ་བ་དག་ལས་གོལ་སའོ། །ཆེད་དུ་བྱས་པའི་གོལ་ས་[148.5]ནི། །མ་ཚོར་ཡིད་ལ་བྱེད་པའོ། །མ་བསྒོམས་ཞབྲུལ་པའི་གོལ་ས་ནི། །སྐྱེ་བོ་རང་ཁར་འཛིན་པ་སྟེ། །ཞབྲུལ་པ་ཕྱི་རུ་ཤོར་བ་ཡིན། །ལྟ་བ་རྟོགས་དོན་གསལ་གྱུར་ན། །གོལ་སྒྲིབ་སྡུག་བསྔལ་འབྱུང་མི་སྲིད། །ཅེས་[148.6]གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། བསྒོམ་པའི་གོལ་ས་བསྟན་པའི་ལེའུ་སྟེ་རེ་གཅིག་པའོ།། །།ཀྱེ་ཀྱེ་རྡོ་རྗེ་འཆང་ཆེན་པོ། །བསྒོམ་པ་རང་གི་མཚན་ཉིད་ནི། །མ་ནོར་བསྟན་པ་དེ་ལགས་[149.1]ན། །དེ་ལྟར་མ་ཤེས་བསྒོམ་པའི་སྐྱོན་དུ་འགྱུར་བ་སྟེ། །དེ་ཉིད་མི་གོལ་གདམས་ངག་མ་ནོར་གསུང་དུ་གསོལ། །དེ་སྐད་ཅེས་ནི་ཞུས་པ་དང་། །རྡོ་རྗེ་འཆང་གི་བཀའ་སྩལ་པ། །ཉོན་ཅིག་གསང་བདག་[149.2]རྡོ་རྗེ་འཆང་། །རང་གི་རིག་པ་ཆོས་སྐུ་དེ་ལ་ནི། །རྒྱུ་རྐྱེན་མ་བསྐྱེད་རང་བྱུང་ཡིན་པས་ན། །གློ་བུར་བྱས་བསམ་དག་གི་གོལ་ས་ཆོད། །རང་གི་ངོ་བོ་སྟོང་པར་འདུག་པས་ན། །དངོས་པོ་རྟག་པ་ལ་སོགས་གོལ་ས་[149.3]ཆོད། །དེ་ཉིད་ངོ་བོ་གསལ་བ་ཡིན་པས་ན། །ཆད་པ་སྟོང་པ་རྣམས་ཀྱི་གོལ་ས་ཆོད། །གསལ་སྟོང་གཉིས་མེད་གཅིག་པའི་བདག་ཉིད་པས། །ཏིང་འཛིན་རྣམ་གསུམ་རིག་པའི་གོལ་ས་ཆོད། །ཡོན་ཏན་ཐམས་ཅད་[149.4]ལྷུན་གྱིས་གྲུབ་པས་ན། །འབྲས་བུ་གཞན་ནས་རེ་བའི་གོལ་ས་ཆོད། །ཐུགས་རྗེ་འགག་པ་མེད་པར་འབྱུང་བས་ན། །འགྲོ་བའི་དོན་མེད་ཐུགས་རྗེ་རྒྱུན་ཆད་གོལ་ས་ཆོད། །གསལ་བའི་རྩལ་གཉིས་མི་འགག་[149.5]པས། །ཞི་གནས་བཏང་སྙོམས་མི་རྟོག་གོལ་ས་ཆོད། །ཆོད་སྐུ་རང་གནས་བསྒོམ་མི་དགོས་པ་ཡིས། །ལྟ་སྒོམ་ཀུན་བརྟགས་བསྒོམ་པའི་གོལ་ས་ཆོད། །ཆོས་སྐུ་མཚན་མ་གང་དུ་མི་གནས་པས། །མཚན་མ་འོད་དུ་[149.6]བ་མ་པའི་་ལ་ས་ཆོ རི ་པ་བ་་་ང་ སལ་ལ་མི་་ ་པས རྩ་ ང་ཐི ་ལེ་ལུས་ལ་བ ་པའི་་ལ་ས་ཆོ ངོས་པོ་རང་ ་མ་ཡི ་པས འཇི ་ ་ ངོས་པོ་རང་ ར་འཛི ་པའི་་ལ་ས་[150.1]ཆོད། །ཡེ་གསལ་ཆེན་པོ་ཆུ་བོའི་རྒྱུན་དུ་གནས་པས་ན། །སེམས་འཛིན་ཐུན་བསྒོམ་རྩོལ་བའི་གོལ་ས་ཆོད། །ཡུལ་གཉིས་སེམས་སུ་བསྡུས་ནས་མི་བསྒོམ་པས། །སྣང་བ་ཆོས་སྐུར་འདོད་པ་རྣམས་ཀྱི་གོལ་ས་[150.2]ཆོད། །ད་ལྟའི་དུས་སུ་ཆོས་སྐུ་རང་ཤར་བས། །འབྲས་བུ་ཕྱི་ནས་ཐོབ་པའི་གོལ་ས་ཆོད། །རྩ་བ་ཆོས་ཀྱི་སྐུ་ལ་བདག་འཛིན་མ་གྲུབ་པས། །འཛིན་པ་ཞེ་འདོད་ཅན་གྱི་གོལ་ས་ཆོད། །བསྒོམ་དང་མི་བསྒོམ་ཡེངས་དང་[150.3]མ་ཡེངས་མཐའ་དང་བྲལ་བ་ཡིས། །མ་ཚོར་ཡིད་ལ་བྱེད་པའི་གོལ་ས་ཆོད། །ཆོས་སྐུའི་ངོ་བོ་རྟག་པ་ཆེན་པོ་ལས། །སྨོན་ལམ་་འདུས་བྱས་དག་ལ་རེ་བའི་གོལ་ས་ཆོད། །ད་ལྟ་ཉིད་དུ་འབྲས་བུ་མངོན་དུ་གྱུར་པས་[150.4]ན། །ས་ལམ་རིམ་གྱིས་བགྲོད་པའི་གོལ་ས་ཆོད། །སྤྱི་ཡི་གོལ་ས་བཅོ་བརྒྱད་ཡིན། །ཐེག་པའི་རིམ་པའི་གོལ་ས་རྣམས། །རང་གི་མཚན་ཉིད་མཐོང་ན་གོལ་མི་སྲིད། །ཅེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་[150.5]པོའི་རྒྱུད་ལས། བསྒོམ་པའི་གོལ་ས་བཅད་པའི་ལེའུ་སྟེ་རེ་གཉིས་པའོ།། །།གསང་བའི་བདག་པོས་ཡང་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །སྤྱོད་པའི་བྱེ་བྲག་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་[150.6]བཀའ་སྩལ་པ། །རྡོ་རྗེ་འཛིན་པ་ངེས་ཟུང་ཞིག །བླང་དོར་མེད་པའི་སྤྱོད་པ་ནི། །སྤྱད་རྒྱུ་མེད་པ་སྤྱོད་པའི་མཆོག །ཆོས་ཉིད་དོན་གྱི་སྤྱོད་པ་ནི། །མཚན་མ་མེད་པས་ནམ་མཁའ་བཞིན། །ཆོས་ཅན་མཚན་མར་མི་བལྟ་[151.1]བར། །རྣལ་འབྱོར་ཟག་མེད་རབ་ཀྱིས། །དངོས་མེད་ནམ་མཁའ་བཞིན་དུ་སྤྱད། །རང་རིག་ཡེ་ཤེས་སྦྱོད་པ་ནི། །དཔེར་ན་རིན་ཆེན་མེ་ལོང་བཞིན། །ཡེ་ཤེས་རང་བཞིན་མ་འགགས་པས། །རང་ཤར་[151.2]རང་སྣང་ཆགས་སྡང་བྲལ་བར་སྤྱོད། །ལྟ་བ་དོན་གྱི་སྤྱོད་པ་ནི། །ཁྱུང་ཆེན་མཁའ་ལ་ལྡིང་བ་བཞིན། །བྱ་བྲལ་ལྷུན་གྱིས་རྫོགས་པར་སྤྱད། །དགོངས་པ་དོན་གྱི་སྤྱོད་པ་ན། དཔེར་ན་ཆུ་བོ་གདྷ་བཞིན། །རྒྱུན་གྱི་རྣལ་[151.3]འབྱོར་ཆེན་པོར་སྤྱོད། །འབྲས་བུ་དོན་གྱི་སྤྱོད་པ་ནི། །ཉི་མ་འོད་ཟེར་བཅས་པ་བཞིན། སྐུ་གསུམ་འདུ་འབྲལ་མེད་པར་སྤྱད། །དགོངས་པའི་ངང་ལས་མ་གཡོས་པར། །ཤེས་རབ་ཆེན་པོས་དོན་ལ་སྤྱད། །རྣལ་འབྱོར་[151.4]ཡིད་ཀྱི་སྤྱོད་པ་ཡིན། །རྣལ་འབྱོར་ངག་གི་སྤྱོད་པ་ནི། །དཔེར་ན་བྲག་ཆ་སྒྲ་སྒྲོགས་ལྟར། །སྒྲ་རྣམས་ཞེན་པ་མེད་པར་སྤྱད། །ལུས་ངག་ཡིད་གསུམ་སྤྱོད་པ་ནི། །འཇིག་རྟེན་འཁོར་འདས་ཆོས་འདི་ལ། །དཔེར་ན་མེ་[151.5]ལོང་གཟུགས་བརྙན་བཞིན། །སྣང་ལ་ཞེན་ཆགས་མེད་པར་སྤྱད། །དྲན་པ་མེད་པའི་སྤྱོད་པ་ནི། རྣལ་འབྱོར་ཚུལ་འཆོས་མི་བྱ་བར། །གླང་ཆེན་སྨྱོན་པ་བཞིན་དུ་སྤྱད། ་།བུངབ་མེ་ཏོག་འཇིབ་པ་བཞིན། །གཅིག་ཏུ་[151.6]ཞེན་མེད་རྣལ་འབྱོར་གང་བདེར་སྤྱོད། །ཐུགས་རྗེ་ཆེན་པོའི་སྤྱོད་པ་ནི། །དཔེར་ན་ཉི་མའི་སྙིང་པོ་བཞིན། །ལུས་ངག་ཡིད་ཀྱིས་འགྲོ་དོན་རྫོགས་པར་སྤྱད། །ཐུགས་རྗེ་གདུང་བའི་སྤྱོད་པ་ནི། །བུ་གཅིག་པ་ཡི་མ་[152.1]བཞིན་དུ། །རྣལ་འབྱོར་པ་ཡིས་འགྲོ་དོན་སྤྱད། །གཉིས་སུ་མེད་པའི་སྤྱོད་པ་ནི། །ཆེད་དུ་མི་དགག་ཆེད་དུ་བསྒྲུབ་པ་མེད། །ཆེད་དུ་མི་སྤྱད་ཆེད་དུ་མི་སྤང་ངོ་། །མ་བཅོས་ངང་ལ་རང་བཞིན་འགགས་མེད་སྤྱད། །ཅེས་[152.2]གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོ་རྒྱུད་ལས། སྤྱོད་པ་བསྡུས་ནས་བསྟན་པའི་ལེའུ་སྟེ་རེ་གསུམ་པའོ།། །།གསང་བའི་བདག་པོས་ཡང་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །སྤྱི་ཡི་སྤྱོད་པ་དེ་ལྟར་[152.3]ན། །རང་གི་མཚན་ཉིད་སྤྱོད་པ་གང་། །རྡོ་རྗེ་འཆང་གིས་གསུང་དུ་གསོལ། །ཞེས་ཞུས་སོ། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །སྤྱི་ཡི་སྦྱོད་པ་གོང་བཞིན་ཏེ། །གང་ཟག་ཉམས་སུ་ལེན་པ་ལ། །རང་གི་མཚན་ཉིད་སྤྱོད་[152.4]པ་ནི། །དབང་པོ་ཡང་རབ་གྱུར་པ་ལ། །ལྟ་བ་ལྷག་གིས་རྟོགས་པ་ཡི། །དེ་ཡི་ངང་ལས་མི་འབྲལ་བས། །ལྟ་སྒོམ་སྦྱོད་པ་དུས་གཅིག་རྫོགས། །འབྲས་བུ་གཞན་ནས་མི་འཚོལ་བས། །དུས་དེ་ཉིད་དུ་ཅིག་ཅར་[152.5]རྫོགས། །འབྲིང་དང་ཐ་མའི་སྤྱོད་པ་ནི། །དུས་བཞི་དག་གི་སྤྱོད་པ་དང་། །དུས་གསུམ་གཅིག་པའི་སྤྱོད་པའོ། །དུས་བཞ་དག་གི་སྤྱོད་པ་ནི། །ཉལ་ཁར་རྩལ་ལྔ་གཞི་ལ་བསྡུ། །དབང་པོ་རྣམ་ལྔ་གཞི་ཡི་རྩལ། །གཞི་[152.6]ཡི་གསལ་ཆ་མ་འགགས་པས། །དབང་པོ་ལ་བརྟེན་ཕྱི་ཡུལ་སྤྱོད། །གཟུང་འཛིན་གཉིས་སྣང་དུག་ལྔ་བསྐྱེད། །དེ་དག་གཉིད་དུ་འགྲོ་ཁ་མྲ །གསལ་ཆ་གཞི་ཡི་སྟེང་དུ་འདུས། །ཐ་མལ་གཏི་མུག་ཉིད་དུ་འགྲོ། །གང་[153.1]ཟག་རྟོགས་དང་ལྡན་པ་ལ། །རྨ་ལམ་མེད་པར་སོང་གྱུར་ནས། ཤེས་བྱ་བུམ་པར་ཚུད་པ་ཡན། །མ་བསྒོམས་རྨ་ལམ་འབྱུང་གྱུར་ཡང་། །མེད་པའ་བར་དུ་བུམ་འཇུག་གོ །རྨ་ལམ་དག་དང་སད་དུས་[153.2]སུ། །རིག་པ་རང་གསལ་གདམས་ངག་ཏུ། །རྨི་ལམ་དྲན་རྟོག་བྱུང་བ་འམ། །སད་པའི་དྲན་རྟོག་བྱུང་བ་ན། །དོན་དྲན་འཛིན་པ་རང་གྲོལ་བས། །སྣང་བ་རང་སྣང་རང་སར་དག །འཛིན་པ་གྲོལ་བས་སྣང་བ་[153.3]དག །གོམས་པ་བརྟས་ན་རྨི་ལམ་ཆད། །འཛིན་པ་གྲོལ་བའི་སྤྱོད་པ་ནི། །མར་མེ་བཞིན་དུ་རང་གསལ་ལོ། །ལངས་དུས་ཡུལ་ལྔ་རྒྱས་བཏབ་སྟེ། །མིག་ཡུལ་གཟུགས་ལ་རྣ་ཡུལ་སྒྲ། །སྣ་ཡུལ་དྲི་ལ་ལྕེ་ཡུལ་[153.4]རོ། །ལུས་ཡུལ་རེག་བྱ་ལ་སོགས་པ། །ཡུལ་ནི་རྣམ་པ་ལྔ་ཡང་སྣང་། །རང་སྣང་ཞེས་སུ་བསྟན་པ་ཡིན། །བསྐྱོད་པར་བྱེད་པས་འགྱུ་བ་རླུང་གི་རྩལ། །ཡུལ་དང་སྣང་བ་གཟུགས་ཙམ་ཡིན། །རང་སྣང་ཡུལ་ལ་འཛིན་[153.5]ཞེན་མེད་གྱུར་ན། །ཕྱི་ཡི་ཡུལ་ལ་རྒྱ་ཡིས་ཐེབས་པ་ཡིན། །སྣང་བ་རྒྱ་ཡིས་བཏབ་ཅེས་བྱ། །རྟོག་པ་སྐྱེས་ནས་དོན་དྲན་པས། །འཛིན་མེད་སྐྱེ་བས་འཛིན་པ་གྲོལ། །གྲོལ་འཛིན་ཡུལ་ལ་རྟོག་མི་འཇུག །ཉམས་བླངས་[153.6]གོམས་ན་རྟོག་པ་ཡལ། །དུས་བཞིར་འགྱུ་བ་མེད་པར་ནི། །རང་རིག་ཆོས་སྐུ་རང་གསལ་ཏེ། །དཔེར་ན་ཉི་མའི་སྙིང་པོ་དེ། །གསལ་དང་མི་གསལ་འགྲོགས་ནས་ཡོད། །རིག་པ་ཆོས་སྐུ་དེ་བཞིན་པས། །དུས་བཞི་[154.1]འགྱུར་མེད་གདེངས་ཀྱིས་བཟུང་། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། སྤྱོད་པ་རང་གི་མཚན་ཉིད་དུས་བཞི་མཉམ་སྦྱོར་གྱི་མན་ངག་བསྟན་པའི་ལེའུ་སྟེ་རེ་བཞི་པའོ།། །།དེ་ནས་[154.2]ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་རྡོ་རྗེ་འཆང་ཆེན་པོ། །དུས་བཞིའི་སྤྱོད་པ་དེ་ལྟར་ན། །དུས་གསུམ་སྤྱོད་པ་ཇི་ལྟར་ལགས། །ཞེས་ཞུསླ་སོ། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །གང་ཟག་སྣོད་ལྡན་དོན་[154.3]ཆེད་དུ། །དུས་གསུམ་སྤྱོད་པ་འདི་ལྟར་སྤྱད། །རང་རིག་ཆོས་སྐུ་དུས་གསུམ་དུ། །ཉི་མ་གསལ་དང་མི་འབྲལ་བཞིན། །རང་རིག་གསལ་དང་མི་འབྲལ་ཏེ། །ངོ་མ་ཤེས་པའི་སྟོབས་དག་གི །བག་ཆགས་ངན་པས་[154.4]གསལ་སྒྲིབ་འབྱུང་། །དེ་ཕྱིར་དུས་གསུམ་སྤྱོད་པ་གཅེས། །རང་རིག་རང་གསལ་མཉམ་བཞག་དུས། །དེ་ལས་ཡེངས་པ་རྗེས་ཐོབ་དུས། །དུག་ལྔ་ལངས་པ་རྣམ་རྟོག་དུས། །དེ་གསུམ་ཆོས་སྐུ་མི་འབྲལ་བ། །སྤྱོད་[154.5]པའི་ལ་ཟློ་ཡིན་པར་བཤད། །མཉམ་གཞག་ཆོས་སྐུ་གསལ་བ་ལ། །དེ་ལས་ཡེངས་པ་བྱུང་དུས་སུ། །ཡུལ་ནི་གང་བྱུང་རྩལ་སྣང་དེ། །འཛན་བྱེད་རྟོག་པ་རང་གྲོལ་བས། །རང་རིག་ཆོས་སྐུ་རང་དྲན་པས། །ངར་[154.6]འཛིན་པ་ཡི་་ག་པ་་ང་། །དེ་ཕྱིར་ ང་བ་རང་ ང་ལ། །འཛིན་བྱེད་་ ་པར་རང་སར་གྲོལ། །རགས་པ་ ག་ལྔ་སྐྱེས་པའི་ཚེ། །ཞེ་ ང་དགྲར་ ང་རང་ ང་ལ། །འཛིན་བྱེད་དགྲར་ ང་རང་གྲོལ་ཡིན། །རང་རིག་[155.1]ཆོས་སྐུའི་དོན་རྟོགས་པས། །འཛིན་རྟོག་ཕྲ་རག་རང་སར་གྲོལ། །དུག་ལྔ་གཞན་ལའང་དེ་བཞིན་སྦྱོར། །རང་རིག་ཆོས་སྐུའི་རྩལ་ལས་བྱུང་། །ཞི་ཡང་ཆོས་སྐུའི་ངང་དུ་ཞི། །དཔེར་ན་ནམ་མཁའི་རང་[155.2]བཞིན་ལ། །སྤྲིན་དང་དུ་བ་ཁུ་རླངས་འབྱུང་། །བྱུང་ཡང་ནམ་མཁའི་ངང་ལས་བྱུང་། །ཞི་ཡང་ནམ་མཁའི་ངང་དུ་ཞ། །རང་བྱུང་རང་སྣང་རང་བཞིན་ནམ་མཁའི་ངང་། །ཕྱི་ཡི་ཡུལ་ཉིད་སྣང་བ་ལ། །ནང་གི་རིག་པ་[155.3]རྩལ་ཤར་བ། །འཛིན་པ་དག་གིས་བཟུང་གྱུར་ན། །རྣམ་པར་རྟོག་པ་ཟང་ཐལ་ཡིན། །འཁོར་བའི་སེམས་ཅན་རྣམས་ཀྱི་ལས། །ཡུལ་ལ་འགྱུ་བའི་ཤེས་པ་མ་འགགས་ཏེ། །འཛིན་བྱེད་རྟོག་པ་རང་གྲོལ་པ། །ཡེ་ཤེས་[155.4]ཟང་ཐལ་རྟོག་པའི་ལས། །རང་གི་ཤེས་པས་སྤྱད་ཀྱང་ནི། །རང་སྣང་རང་གྲོལ་འཛིན་པ་མེད། །ཡུལ་སེམས་ཆ་མཉམ་འཕྲད་གྱུར་ན། །འཛིན་པ་གྲོལ་བ་དུས་མཉམ་དག །སྣང་བ་དུས་མཉམ་དག་པ་ཡིན། །ཞེས་[155.5]གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། དུས་གསུམ་མཉམ་སྦྱོར་གྱི་སྤྱོད་པའི་ལེའུ་སྟེ་རེ་ལྔ་པའོ།། །།གསང་བའི་བདག་པོས་ཡང་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ལྟ་སྒོམ་སྤྱོད་པའི་[155.6]གདེང་མེད་པར། །བདུད་ཀྱི་སྤྱོད་ཡུལ་ཇི་ལྟར་འབྱུང་། །དེ་ཡི་བཟློག་ཐབས་ཇ་ལྟར་ལགས། །དེ་སྐད་ཅེས་ནི་ཞུས་པ་ཡིས། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ལྟ་སྒོམ་སྤྱོད་པའི་གདེང་དང་ལྡན་གྱུར་ན། །བདུད་[156.1]ཀྱི་སྤྱོད་ཡུལ་མི་འབྱུང་སྟེ། །ཇི་སྲིད་གདེང་དང་མ་ལྡན་ན། །བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་བྱུང་། །ལྟ་བ་གོལ་ཞིང་གདེང་མེད་ན། །གཟུང་འཛིན་ཉོན་མོངས་དུག་ལྔ་འབྱུང་། །བསྒོམ་པ་གདེང་མེད་གོལ་གྱུར་[156.2]པས། །བྱིང་དང་རྒོད་པའི་བདུད་གཉིས་བྱུང་། །སྤྱོད་པ་གདེང་མེད་གོལ་གྱུར་པས། །སྤྱོད་པ་དག་ལ་བདུད་བདུན་བྱུང་། །ལྟ་སྒོམ་སྤྱོད་པའི་གདེང་མེད་པས། །ཉམས་ཀྱི་བདུད་ནི་བཞི་འབྱུང་སྟེ། །དེ་ལྟར་དོན་དང་མི་[156.3]ལྡན་པས། །བདུད་ཀྱི་སྤྱོད་ཡུལ་འབྱུང་བར་འགྱུར། །རང་འབྱུང་ཡེ་ཤེས་རང་ལ་ཡོད་གྱུར་ཀྱང་། །རྒྱལ་བུ་དམངས་སུ་འཁྱམས་པ་བཞིན། །རང་ངོ་རང་གི་མ་ཤེས་པས། །གདམས་ངག་མེད་དེ་རྟོགས་པ་མ་ཤར་[156.4]བས། །ལྟ་བ་གདེངས་སུ་མ་གྱུར་པ། །དུག་ལྔ་ཡུལ་སྣང་ཤར་བའི་ཚེ། །དེ་ལ་འཛིན་པའི་ཤེས་པ་འཇུག་པར་འགྱུར། །སྒོ་ལྔ་དག་ལ་བརྟེན་ནས་འཇུག །ཞེ་སྡང་གཟུང་ཡུལ་དགྲར་སྣང་ཚེ། །འཛིན་པ་ཡིད་ཀྱི་རྣམ་[156.5]རྟོག་ནི། །མིག་གི་ཡུལ་དུ་གཟུགས་སྣང་བར། །ཞེ་སྡང་བར་ནི་སྐྱེ་འགྱུར་རོ། །རྣ་བར་ཚིག་རྩུབ་བྱུང་བ་དང་། །ཡིད་འཛིན་ཞེ་སྡང་ལྷག་གི་བསྐྱེད། །རང་སྣང་འཛིན་མེད་མི་བདེན་བདུད། །རང་གར་བཟུང་ན་བདུད་[156.6]ཀྱི་ལས། །ཁམས་གསུམ་འཁོར་བའི་གནས་སུ་འཁྱམས། །དེ་བཞིན་ཉོན་མོངས་གཞན་ལ་ཡང་། །གཟུང་འཛིན་གཉིས་ཀྱིས་ལོག་པར་སྤྱོད། །བདུད་ལས་བཟློག་ཕྱིར་ཉོན་མོངས་གྲོལ་བ་ནི། །དགྲ་ཉིད་རིག་པའི་[157.1]རྩལ་སྣང་བ། །རང་གི་ངོ་བོ་སྟོང་གསལ་ཡང་། །སྟོང་གསལ་འཛིན་པ་མ་གྲུབ་པས། །ཞེ་སྡང་འཛིན་པ་རང་སར་གྲོལ། །དེ་བཞིན་ཉོན་མོངས་གང་ལ་ཡང་། །རང་སྣང་རང་གྲོལ་དག་ཡིན་ཏེ། །རང་གི་[157.2]ཡུལ་ལ་ཕར་དཔྱད་ན། །རང་གི་རྩལ་ཤར་རང་སར་གྲོལ། །ཡུལ་ཉིད་ཚུར་ལ་མངོན་ཤར་ན། །དེ་ལ་ཤེས་པ་ཕར་འཇུག་པས། །རང་སྣང་འཛིན་མེད་རང་སར་གྲོལ། །ཡུལ་སེམས་དུས་མཉམ་འཕྲད་གྱུར་ན། །རང་[157.3]གསལ་ཡུལ་གསལ་འཛིན་མེད་གྲོལ། །ཆོས་སྐུ་རང་གསལ་ཆེན་པོ་ལས། །དུས་གསུམ་འགྱུར་བ་མེད་པའོ། །རྣམ་རྟོག་འགྱུ་བ་གློ་བུར་ཡིན། །ཡུལ་ལ་འཛིན་པ་གཉིས་ཀ་ནི། །འཁྲུལ་རྩལ་ཡིན་པས་གློ་བུར་[157.4]ཡིན། །དེ་ལྟར་ཤེས་པས་ལྟ་བདུད་ཆོམ། །བདུད་ཆོམ་སངས་རྒྱས་ད་ལྟ་ཉིད། །ལྟ་བ་གདེང་དང་ལྡན་གྱུར་ན། །སྒོམ་སྤྱོད་ཉམས་ཀྱི་བདུད་ཀྱང་ཆོམ། །སྒོམ་པའི་བདུད་ནི་གཉིས་ཡིན་ཏེ། །བྱིང་དང་རྒོད་པ་རྣམ་[157.5]གཉིས་སོ། །བྱིང་རྒོད་བདུད་ནི་གང་བྱུང་ཡང། །བྱིང་རྒོད་རང་སར་རང་གྲོལ་ལོ། །ཇི་ལྟར་བྱིང་རྒོད་བྱུང་གྱུར་ཀྱང་། །ཆོས་སྐུ་འགྱུར་མེད་གདེང་གིས་བཟུང་། །སྦྱོད་པ་མན་ངག་ཇི་བཞིན་ནོ། །རང་བྱུང་རང་སྣང་རང་[157.6]གསལ་ཏེ། །རང་རིག་འགྱུར་མེད་རྩལ་སྣང་སྟེ། །ཉི་མའི་འོད་བཞིན་གསལ་ཞིང་འབྲལ་བ་མེད། །རྣམ་པར་རྟོག་པ་གློ་བུར་ཙམ། །དེ་ལྟར་རྟོགས་པའི་གང་ཟག་གིས། །བྱིང་རྒོད་བདུད་ལས་གྲོལ་བར་འགྱུར། །སྤྱོད་[158.1]པའི་དོན་ལས་གོལ་གྱུར་པས། །སྤྱོད་པའི་བདུད་ནི་བདུན་དུ་བྱུང། །འདུ་འཛི་ལོངས་སྒྲོད་གཡེང་བའི་བདུད། །ཤེས་བྱ་ཡོན་ཏན་གཡེང་བའི་བདུད། །ལོངས་སྤྱོད་བདུད་ལ་རྣམ་པ་གཉིས། །འདོད་པའི་ལོངས་སྤྱོད་[158.2]འགྲུབ་ཏུ་རེ་བ་དང་། །མི་འདོད་དགྲ་ལྟར་དགག་པའོ། །ཤེས་བྱ་ཡོན་ཏན་ལ་ཡང་གཉེས་སུ་བསྟན། །འགྲུབ་ཏུ་རེ་དང་མ་འགྲུབ་དོགས་པའོ། །གང་ལ་སྤྱོད་པ་གང་ལ་སྐྱེ་གྱུར་ཡང་། །འགྲུབ་པ་མེད་དེ་བདུད་དུ་[158.3]འགྱུར། །ཕྱི་རུ་ཚུལ་འཆོས་བདུད་དང་ནི། །ནང་ན་ཉོན་མོངས་རང་གིས་སྤྱོད་བདུད་དྲུག །བྱེ་བྲག་ཡིན་ཏེ་དེ་ལས་དབྱེ་ན་བསམ་མི་འཁྱབ། གང་ལ་ཆེད་དུ་འཛིན་པ་དེ། །བདུད་རྣམས་ཀུན་གྱི་སྤྱི་ཡིན་ཏེ། །ཆེད་[158.4]འཛིན་མེད་ན་བདུད་མི་འབྱུང་། །སྤྱོད་པའི་བདུད་བདུན་གང་ལ་ཡང་། །རང་ལས་བྱུང་ཞིང་རང་ལས་སྣང་། །དེ་དག་རང་སར་གྲོལ་བ་ཡིས། །གོང་གི་ལྟ་སྒོམ་སྤྱོད་སྐབས་བཞིན། །གོང་གི་གདེང་བཅས་དུས་བཞིན་[158.5]དུ། །ལྟ་བར་རང་བྱུང་རང་སྣང་གདེང་ལྡན་པས། །སྤྱོད་པའི་བདུད་ཀྱེས་མི་ཚུགས་ཏེ། །མདོར་ན་བདུད་རྣམས་གང་བྱུང་ཡང་། །རང་བྱུང་རང་སྣང་རང་སར་གྲོལ། །དེ་ལྟར་རྟོགས་ན་བདུད་དང་བྲལ། །ཉམས་ཀྱི་[158.6]བདུད་བཞི་བསྟན་པ་ནི། །ལུས་ངག་ཡིད་ལས་བྱུང་བ་དང་། །བྱིན་གྱི་རློབ་པ་ལུང་སྟོན་འབྱུང་། །དང་པོ་ལུས་ཀྱི་བདུད་བསྟན་པ། །དེ་བཞིན་གང་ཡང་ཡིད་ལ་ཡང་། །མཚན་མ་རྟགས་སུ་འབྱུང་བ་ནི། །དེ་ལ་ཡང་[159.1]དག་འཛིན་པ་ཡིན། །དེ་བཞིན་ངག་དང་ཡིད་ལ་ཡང་། །མཚན་རྟགས་དམ་པར་བལྟ་བ་ནི། །དེ་ཉིད་ངག་དང་ཡིད་ཀྱི་བདུད། །ལུས་ལ་བདེ་བ་ལ་སོགས་འབྱུང་། །ངག་ལ་བདེ་ཐོབ་ཆོས་སྨྲ་ལ་སོགས་[159.2]འབྱུང་། །སེམས་ལ་མངོན་ཤེས་ལ་སོགས་འབྱུང་། །ཕྱི་རུ་བྱིན་རླབས་ལུང་བསྟན་འབྱུང་། །དེ་ལྟར་དམ་པར་དགོངས་སྤྱོད་དུ། །བཟུང་ན་ཉམས་ཀྱི་བདུད་དུ་འགྱུར། །དེ་དག་བདུད་ལས་འགྲོལ་བ་ནི། །དེ་བཞིན་ལྷ་[159.3]སྒོམ་སྤྱོད་པ་ལ། །གདེང་གིས་ཟིན་པ་ཇི་བཞིན་དུ། །ཉམས་བདུན་བཞི་སོགས་ངོས་ཟིན་ན། །ཉམས་ལ་བདེན་པར་འཛིན་པ་དེ། །རང་སྣང་རང་གྲོལ་དག་ཏུ་འགྱུར། །ཆེད་འཛིན་རང་སར་གྲོལ་གྱུར་བས། །ཉམས་[159.4]ཀྱི་རིམ་པ་ཅི་བྱུང་ཡང་། །དེ་ལྟར་ལྟ་སྒོམ་སྤྱོད་པའི་རྟགས། །རང་བྱུང་ཡེ་ཤེས་རང་ཆས་ལས། །མཚན་རྟགས་ཆེད་དུ་མི་བསྒྲུབ་སྟེ། ཁུགས་ལས་འབྱུང་བ་མི་དགག་གོ །དཔེར་ན་རིན་ཆེན་དགོས་འདོད་འདྲ། །ཞེས་[159.5]གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་བསྟན་པའི་ལེའུ་སྟེ་རེ་དྲུག་པའོ།། །།ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །བདུད་ཀྱི་སྤྱོད་ཡུལ་གྲོལ་གྱུར་ནས། །ཐེ་ཙོམ་[159.6]གེགས་རྣམས་སེལ་གྱུར་ན། །ཉམས་ཀྱི་རིམ་པ་ཇི་ལྟར་འཆར། །རྡོ་རྗེ་འཆང་གིས་གསུང་དུ་གསོལ། །དེ་སྐད་ཅེས་ནི་ཞུས་པ་ལས། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཉོན་ཅིག་གསང་བའི་བདག་པོ་ཁྱོད། །གང་[160.1]ཟག་ཕྱི་མ་ལྟ་སྒོམ་དང་། །སྤྱོད་པ་དག་ལ་གནས་པ་ལ། །ཉམས་ཀྱི་རིམ་པ་འབྱུང་བ་ནི། །དབང་པོ་རབ་འབྲིང་ཐ་གསུམ་ལས། །རབ་ནི་རྟོགས་པས་གྲོལ་བ་སྟེ། །བདུད་དང་ཐེ་ཙོམ་གེགས་རྣམས་སེལ། །སྒོམ་སྤྱོད་[160.2]གཉིས་ལ་སྦྱང་མི་དགོས། །རྟོགས་གྲོལ་སངས་རྒྱས་ད་ལྟ་ཉིད། །ཉམས་ཀྱི་རིམ་པ་བརྩི་རུ་མེད། །ཐ་མལ་ལུས་དང་མ་བྲལ་ཀྱང་། །དགོངས་པ་སངས་རྒྱས་ཐུགས་ལྟར་གནས། །རང་རིག་ཆོས་སྐུ་གསལ་སྟོང་[160.3]འཕྱོ། །ཐིག་ལེ་ཉག་གཅིག་སྤྲོས་དང་བྲལ། །ངོ་བོ་འགྱུར་བ་མེད་པ་ལ། །རྩལ་མི་འགག་སྟེ་སྒོ་ལྔར་ཤར། །དེ་ཕྱིར་རྩལ་ནི་ཟང་ཐལ་འཛིན་པ་མེད། །སྐུ་གསུམ་འགྱུར་བ་མེད་པར་གནས། །གང་ཟག་འབྲིང་དང་ཐ་[160.4]མ་ལ། །བདུད་དང་ཐེ་ཙོམ་གེགས་འབྱུང་སྲིད། །དེ་ལ་གོལ་ས་གོང་ལྟར་ཆད། །བ་ལ་ས་ཆོད་པས་ཉམས་རྟོགས་འབྱུང་། །བདུད་མེད་ཉམས་ནི་མྱུར་དུ་འབྱུང་། །དྲོད་དང་རྟགས་དང་ཉམས་དང་གསུམ། །དྲོད་ནི་རང་[160.5]ལ་གསལ་བ་ཡིན། །རྟགས་ནི་གཞན་ལ་གསལ་བར་འབྱུང་། །གཉིས་ཀ་ལ་ན་ཉམས་སུ་རྟོགས། །དེ་དག་རྣམས་ཀྱི་རིམ་པ་ནི། །ལུས་ངག་ཡིད་ལ་འབྱུང་བར་འགྱུར། །འོག་མ་རྣམས་དང་ཆ་བསྟུན་པ། །གཡོ་ཐོབ་[160.6]གོམས་བ ན་མཐར་ཕྱིན་པའོ། །དེ་ཡང་་གས་དང་དག་པ་དང་། །དག་པ་ཆེན་པོ་ སུམ དུའ ས། །དང་པོ་གཡོ་བའི་ཉམས་བ་ན་པ། །ངོ་དྲོད་གདམས་ངག་ ་དུས་སུ། །རང་ངོ་འཕྲོད་པས་་ག་པ་[161.1]གཡོས། །རྟོགས་པ་ལྷག་གིས་སྐྱེ་བར་འགྱུར། །ལུས་ཀྱང་བདེ་བ་དེ་ལ་འབྱུང་། །ངག་ཀྱང་འཁྲུལ་གཏམ་ཤས་ཆུང་ངོ་། །དེ་ནས་ཐོབ་པའི་རྟགས་བསྟན་པ། །ལྟ་བ་གདེང་དུ་གྱུར་པ་དེ། །ཐོབ་པའི་[161.2]ཉམས་ནི་ཡིན་པར་བསྟན། །དེ་ཕྱིར་ལྟ་བ་གདེང་ཟིན་ཐོབ། །ལྟ་བ་གདེང་གིས་ཟིན་པ་ནི། །རངརིག་ཆོས་སྐུ་རྟོགས་པ་སྟེ། །རང་བྱུང་ཡེ་ཤེས་ཡིན་པའི་ཕྱིར། །དུས་གསུམ་འགྱུར་བ་མེད་པར་གོ། །འགྱུས་པ་རང་སར་[161.3]གྲོལ་བས་ན། །འགྱུ་བ་ཡེ་ཤེས་ཟང་ཐལ་ཡིན། །འགྱུ་བའི་སྲོག་ནི་ཆོད་པའོ། །ཡིད་ནི་ཆེད་འཛིན་བྲལ་བས་སེམས་བདེ་སྟེ། །ངག་ཀྱང་འཁྲུལ་པའི་གཏམ་རྣམས་འགགས། །གོམས་པའི་ཉམས་ནི་འདི་ལྟར་[161.4]འབྱུང་། །གོང་གི་དོན་དང་མ་བྲལ་བ། །དུས་གསུམ་རྒྱུན་དུ་ལམ་འཁྱེར་བས། །གོམས་པའི་ཉམས་སུ་བསྟན་པ་ཡིན། །སྦྱོད་པའི་མན་ངག་ཅེས་པ་སྟེ། །དུས་བཞིའམ་དུས་གསུམ་གོང་ལྟར་རོ། །དེ་དག་ཤིན་ཏུ་[161.5]གོམས་གྱུར་ན། །ཡེངས་དང་མ་ཡེངས་མེད་པ་ཡིན། །མཉམ་བཞག་རྗེས་ཐོབ་གཉིས་དང་བྲལ། །ཡེངས་དང་མ་ཡེངས་གཉིས་ཀ་མེད། །རང་རིག་ཆོས་སྐུའི་ངོ་བོ་ལ། །སྐུ་གསུམ་ཡེ་ཤེས་ལྷུན་གྲུབ་སྟེ། །རང་ཡིན་[161.6]དུས་གསུམ་འབྲལ་བ་མེད། །འཁྲུལ་པའི་སྣང་བ་འབྱུང་གྱུར་ཡང་། །འཛིན་པའི་བློ་དང་བྲལ་བས་ན། །ཡུལ་རྐྱེན་ཅི་བྱུང་རང་སར་གྲོལ། །རིག་པ་དེ་ལྟར་ཤར་བའི་ཚེ། །ལུས་སེམས་འཁྲུལ་པའི་དབང་མི་[162.1]འགྱུར། །རིག་པ་མངོན་ཤེས་ཕྲ་མོ་འབྱུང་། །ངག་ཀྱང་བདེན་པ་ཐོབ་པར་འགྱུར། །ལུས་ལ་ན་ཚ་སྡུག་བསྔལ་བྲལ། །དགྲ་བགེགས་ཕྱི་ནང་སྲིན་འབུ་རྣམས། །དེ་ཡི་གནོད་པས་ཚུགས་མི་འགྱུར། །ངག་གིས་མ་[162.2]བསླབས་ཆོས་རྣམས་སྨྲ། །མཁའ་འགྲོ་བདེ་གཤེགས་ལུང་སྟོན་འགྱུར། །དགྲ་བགེགས་གཉིས་ལ་བདེན་པ་འཇུག །གོམས་པ་བརྟན་པའི་ཉམས་ཡིན་ནོ། །གོམས་པའི་གཞུག་ལ་བརྟན་པ་འབྱུང་། །གོམས་པ་ཤིན་ཏུ་[162.3]གསལ་བར་འབྱུང་བའོ། །དེ་ལ་དག་པའི་སྣང་བ་ཤར། །ཕྱི་ཡི་འཁྲུལ་སྣང་འདི་དག་ལྡོག །དག་པའི་སྣང་བ་འོད་སྣང་འཆར། །ལུས་དག་པ་ནི་འོད་ཀྱི་ལུས། །རིག་པ་ཆོས་སྐུ་འགྱུར་མི་སྲིད། །རྣམ་པར་རྟོག་པ་རྩད་[162.4]ནས་ཆོད། །བདག་ཏུ་འཛིན་པ་གཞི་ནས་གྲོལ། །མངོན་པར་ཤེས་པ་ལྔ་ག་འཆར། །ཐ་མལ་ལུས་དང་བྲལ་དུས་སུ། །ནད་གཅོད་སྐྱེ་ཤིའི་སྡུག་བསྔལ་མེད། །ལུས་དང་བྲལ་ནས་རིན་ཆེན་སྦུབས། །ལོངས་སྐུའི་སྣང་[162.5]བ་འཆར་བར་འགྱུར། །དེ་དག་གོང་འོག་གཞན་ན་གསལ། །མཐར་ཕྱིན་ཉམས་ནི་ལོངས་སྐུའི་དུས། །ཡོན་ཏན་བརྗོད་ཀྱིས་མི་ལངས་སོ། །བདེ་བ་དུས་གསུམ་ཟད་མི་སྲིད། །ཉམས་ལྔ་ལམ་ལྔར་སྦྱར་བ་[162.6]ནི། །ཚོགས་ལམ་སྦྱོར་ལམ་དུས་ན་གཡོ་ཉམས་འབྱུང་། །མཐོང་བའི་ལམ་ལ་ཐོབ་པའོ། །བསྒོམ་པའི་ལམ་དང་གོམས་ཉམས་གཅིག །བརྟན་དང་མཐར་ཕྱིན་ཉམས་གཉིས་ཀྱང་། །མི་སློབ་ལམ་དང་ངོ་བོ་[163.1]གཅིག །ཉམས་དང་ལམ་དུ་སྦྱོར་བའོ། །རྟོགས་པ་དོན་གྱི་ངོ་བོ་ལ། །རང་རིག་ཆོས་སྐུ་འགྱུར་བ་མེད། །དེ་ལ་རྟགས་མཚན་བློ་སྣང་ཡིན། །འབྲིང་དང་ཐ་མའི་བློ་དག་ལ། །རྣམ་རྟོག་དག་གིས་བསྒྲིབས་[163.2]པ་སྟེ། །རྟོག་པ་གསལ་ཞིང་འཁྲུལ་པ་འགགས། །དེ་ལ་ཉམས་ཀྱི་སྣང་བ་འབྱུང་། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། ཉམས་བསྟན་པའི་ལེའུ་སྟེ་རེ་བདུན་པའོ།། །།དེ་ནས་གསང་[163.3]བའི་བདག་པོས་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་ཆེན་པོ། །དང་པོ་གཞི་ཡི་གནས་ལུགས་ནས། །འབྲས་བུའི་དོན་ལ་ཐུག་གི་བར། །ཐེ་ཚོམ་གེགས་རྣམས་ཇི་ལྟར་སེལ། །སེལ་བའི་ཡོན་ཏན་ཇི་ལྷར་[163.4]ལགས། །རྡོ་རྗེ་འཆང་གིས་གསུང་དུ་གསོལ། །དེ་སྐད་ཅེས་ནི་་ཞུས་པ་ལས། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །གསང་བའི་བདག་པོ་་ང་ལ་ཉོན། །གཞི་ནས་འབྲས་བུར་ཐུག་པར་ལ། །གེགས་བདུན་དྲག་གིས་སེལ་[163.5]འགྱུར་ཏེ། །གཞི་ཡི་གེགས་དང་འཁྲུལ་པའི་གེགས། །ལྟ་སྒོམ་སྤྱོད་པ་ཉམས་ཀྱི་གེགས། །འབྲས་བུའི་གེགས་དང་བདུན་གྱིས་བསྟན། །ཀྱེ་ཀྱེ་རྡོ་རྗེ་འཆང་ཆེན་པོ། །གེགས་བདུན་རྒྱས་པར་གསུང་དུ་གསོལ། །ཞུས་[163.6]པའི་དོན་གསན་བཀའ་སྩལ་པ། །དང་པོ་གཞི་ཡི་གེགས་བསྟན་པ། །སངས་རྒྱས་སེམས་ཅན་གཉིས་མེད་དེ། །དངོས་པོའི་དོན་གྱི་གནས་ལུགས་དེ། །ཀ་དག་ཡིན་ནམ་ལྷུན་གྲུབ་ཡིན། །སངས་རྒྱས་ཡིན་ནམ་སེམས་[164.1]ཅན་ཡིན། །སངས་རྒྱས་ཡིན་ན་འཁྲུལ་མི་སྲིད། །ཇི་སྲིད་སེམས་ཅན་ཡིན་གྱུར་ན། །ངེས་པ་ཡིན་ནམ་མ་ངེས་ཡིན། །ཇི་སྲིད་ངེས་པ་ཡིན་གྱུར་ན། །སྤྲོས་བཅས་ཡིན་ནམ་སྤྲོས་མེད་ཡིན། །མཐའ་ཅན་ཡིན་ནམ་མཐའ་[164.2]བྲལ་ཡིན། །གཞི་ཡི་ངོ་བོ་ལྷུན་གྲུབ་དེར། །འཁོར་འདས་ཐམས་ཅད་ལྷུན་གྱིས་གྲུབ། །ངོ་བོ་ངེས་པ་ཆེན་པོ་ལ། །རྩལ་ནི་མ་ངེས་སྣ་ཚོགས་སྣང་། །མཚོན་ཚུལ་གང་དུ་ཤན་མ་ཕྱེད། །གཞི་ཡི་ཐེ་ཚོམ་དེ་ལྟར་[164.3]ཆོད། །འཁྲུལ་བའི་གེགས་ནི་འདི་ལྟར་བསལ། །མེད་ལ་ཡོད་འཛིན་འཁྲུལ་པ་ལ། །ཕྱིན་ཅི་ལོག་ཏུ་རྟགས་པ་ཡིན། །ཡང་དག་རྟོགས་ན་འཁྲུལ་པ་དག །དེ་ཡིས་འཁྲུལ་པའི་ཐེ་ཚོམ་མཆོད། །ལྟ་བའི་གེགས་ནི་གང་[164.4]སེལ་ན། །རང་བྱུང་ཆེན་པོ་ཡིན་པས་ན། །གློ་བུར་སྐྱོན་གྱིས་གོས་པ་མེད། །ངོ་བོ་འགྱུར་མེད་གསལ་སྟོང་ལ། །རྩལ་ནི་སྣ་ཚོགས་འཛིན་མེད་འཆར། །གང་གི་མཐའ་རུ་མི་འགྱུར་བས། །མཐའ་ཡི་སྐྱོན་གྱིས་འཇིགས་[164.5]མེད་པས། །ལྟ་བའི་ཐེ་ཚོམ་དེ་ཡིས་ཆོད། །གོལ་ས་གཅོད་པའི་སྐབས་ན་གསལ། །བསྒོམ་པའི་གེགས་ནི་གང་སེལ་ན། །བསྒོམ་དུ་ཡོད་ན་འོག་མར་འགྱུར། །མེད་ན་རྟོགས་མེད་སངས་རྒྱས་འགྱུར། །ཡང་ན་སོ་སོ་སྐྱེ་[164.6]བོར་འགྱུར། །རང་བྱུང་ཡེ་ཤེས་རང་གནས་པའི། །ངོ་སྤྲོད་རང་ངོ་ཤེས་ཙམ་ན། །རང་གིས་རང་ཉིད་གསལ་བ་ལས། །བློ་ཡིས་བསྡུ་ཞིང་བསྒོམ་དུ་མེད། །དབང་པོ་འབྲིང་ལ་དྲན་པ་ཙམ། །ཆོས་སྐུ་གསལ་ན་དྲན་པ་[165.1]སྟོང་། །མ་བསྒོམས་རྒྱུན་དུ་འབྲལ་མ་མྱོང་། །བསྒོམ་དང་མ་བསྒོམས་དོན་ལ་མེད། །བསྒོམ་པའི་ཐེ་ཚོམ་དེ་ཡི་ཆོད། །སྤྱོད་པའི་གེགས་རྣམས་གང་སེལ་བ། །སྤྱད་པས་གྲོལ་ལམ་མ་སྤྱད་[165.2]གྲོལ། །མ་སྤྱད་གྲོལ་བའི་སྒྲ་མི་འཇུག །སྤྱད་ན་ཆེད་སྤྱད་དག་ཏུ་འགྱུར། །རིག་པ་དང་ནི་སྣང་བ་གཉིས། །རྩལ་མི་འགག་པའི་སྟོབས་ཀྱིས་ནི། །དེ་གཉིས་ཕན་ཚུན་རོལ་པ་ལས། །ཆེད་དུ་སྤྱད་པས་སྤྱད་རྒྱུ་མེད། །ངོ་[165.3]བོ་སྤྲོས་དང་བྲལ་བ་ལ། །རྩལ་ནི་མི་འགག་སྣ་ཚོགས་འཆར། །དེ་ཡང་ཡུལ་ལ་བརྟེན་ནས་འཆར། །རང་ཤར་རང་གྲོལ་སྤྱོད་པ་སྟེ། །ཡུལ་རྐྱེན་སྣ་ཚོགས་ཤར་གྱུར་ཀྱང་། །འཛིན་མེད་རང་སར་གྲོལ་བ་ཡིས། །སྤྱད་[165.4]རྒྱུ་མེད་དེ་ཤུགས་འབྱུང་ཙམ། །སྤྱད་མེད་དོན་དང་མི་འབྲལ་ཙམ། །མ་འགགས་ཞེན་མེད་སྤྱོད་པའི་མཆོག །སྤྱོད་པའི་ཐེ་ཚོམ་དེ་ཡིས་ཆོད། །ཉམས་ཀྱི་གེགས་ནི་གང་སེལ་ན། །རང་བྱུང་ཆོས་སྐུ་འགྱུར་[165.5]མེད་ནི། །ཉམས་མྱོང་མཐའ་ལས་འདས་པ་སྟེ། །རེ་ཞིག་གང་ཟག་མ་གོམས་པས། །བདེན་པ་གསལ་ནི་འདེབས་པ་ལ། །ཆོས་སྐུ་གསལ་ཞིང་རྟག་པ་འགྲིབ། །དེ་ཡི་ཉམས་མྱོང་ཤུགས་ལས་འཆར། །ཉམས་ལ་ཆེད་[165.6]འཛིན་འདོད་པ་མེད། །སྤྲིན་དེངས་ཉི་མ་གསལ་བ་འདྲ། །ཉམས་ཀྱི་ཐེ་ཚོམ་དེ་ཡིས་ཆོད། །འབྲས་བུའི་གེགས་ནི་གང་སེལ་ན། །འབྲས་བུ་རང་བྱུང་ཆོས་སྐུ་དེ། །གདོད་ནས་ཡོད་ན་བཙལ་མ་དགོས། །གློ་བུར་འདུས་[166.1]བྱས་འཇིག་པར་འགྱུར། །གདོད་ནས་རང་བྱུང་ཆོས་སྐུ་དེ། །རང་ངོ་མ་ཤེས་རྟོག་པས་བསྒྲིབས། །དེ་ཉིད་ངོ་ཤེས་རྟོགས་ཙམ་ན། །དང་པོ་རང་བྱུང་རང་ངོ་འཕྲོད། །རྟོགས་པ་གྲོལ་ནས་མངོན་དུ་འགྱུར། །རྒྱལ་བུ་[166.2]དམངས་འཁྱམས་རྒྱལ་སར་བཏོན། །རང་ས་ཟིན་པ་ཇི་བཞིན་ནོ། །འབྲས་བུའི་ཐེ་ཚོམ་དེ་ཡིས་ཆོད། །རང་བྱུང་རིག་པ་ཆོས་སྐུ་དེ། །གང་གི་ངོ་བོར་མ་གྲུབ་པས། །མཚན་མ་འདུས་བྱས་ཐེ་ཚོམ་ཆོད། །གསལ་ལ་མི་[166.3]འགག་འཆར་བ་ཡིས། །སྟོང་པ་ཞི་གནས་ཐེ་ཚོམ་ཆོད། །རྩལ་ནི་འོད་དུ་སྣང་བ་ཡིས། །རིག་པ་རྐྱང་པའི་ཐེ་ཚོམ་ཆོད། །གསལ་བ་སྣ་ཚོགས་འཆར་བ་ཡིས། །མི་རྟོག་ལྟེངས་པོའི་ཐེ་ཚོམ་ཆོད། །གང་ལ་འཛིན་པ་མེད་[166.4]གྱུར་པས། །མ་ཚོར་ཡིད་ལ་བྱེད་པ་བྲལ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། ཐེ་ཚོམ་དང་གེགས་བསལ་བའི་ལེའུ་སྟེ་རེ་བརྒྱད་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་[166.5]པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །དེ་ཡིས་འབྲས་བུ་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། །རྡོ་རྗེ་འཛིན་པ་ལེགས་ཟུང་ཞག །འབྲས་བུ་ལྟ་བ་མངོན་གྱུར་ཏེ། །དེ་ཡི་གནས་ལུགས་བསྟན་པ་[166.6]ནི། །ཆོས་ཉིད་ཕྱི་ནང་མེད་པར་གསལ། །རིག་པ་ཕྱི་ནང་མེད་པར་ཁྱབ། །གཉིས་མེད་ཆོས་་་་་རྗེའི་ལུས། །རང་གསལ་འཛིན་མེད་ངང་ ་གནས། །དེ་ལས་མཁྱེན་པ་མ་འག ས་པས། །རང་རིག་ཡེ་ ས་[167.1]ལོངས་སྤྱོད་རྫོགས་པའི་སྐུ། །ཡུལ་གྱི་རང་བཞིན་ཡེ་ཤེས་སྤྱན་གྱི་བུམ་པ་ལྔ། །སྣང་ལ་དངོས་མེད་ནམ་མཁའི་འཇའ་ཚོན་བཞིན། །དེ་ཡི་ངང་ན་སྤྲུལ་པའི་སྐུ་ལྔ་གསལ། །གསལ་ལ་མི་རྟོག་བུམ་པའི་[167.2]མར་མེ་བཞིན། །སྐུ་གསུམ་ནང་གསལ་འདུ་འབྲལ་མེད་པར་གནས། །རིག་པ་རང་སྣང་གསལ་བ་ཟང་ཐལ་བས། །སྐུ་གཉིས་ཡུལ་དུ་མི་སྣང་ཞིང་། །ཡོན་ཏན་མ་འགགས་འདུ་འབྲལ་མེད། །སྐུ་གཉིས་མ་འགགས་[167.3]ཡོད་པས་མེད་པ་སྟེ། །ཆོས་སྐུ་མི་འགྱུར་མེད་པས་ཡོད་པ་ནི། །མཁར་གཤོང་བཅུད་དང་མེ་ལོང་གཟུགས་བརྙན་བཞིན། །སྣང་ལ་རང་བཞིན་མེད་པས་མཚན་མའི་སྐྱོན་དང་བྲལ། །མི་སྣང་རང་བཞིན་ཡོད་པས་ཆད་[167.4]ལྟ་སྟོང་པའི་སྐྱོན་ལས་འདས། །མཐའ་བཞི་ལས་གྲོལ་འཁོར་བ་རྒྱ་ཡིས་ཐེབས། །དོན་ལ་འགྱུར་མེད་རིག་པ་རང་ས་ཟིན། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། འབྲས་བུ་ཇི་ལྟར་འབྱུང་བ་[167.5]བསྟན་པའི་ལེའུ་སྟེ་རེ་དགུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཐེག་པའི་ངོ་བོ་ངེས་ཚིག་དང་། །དབྱེ་བ་དཔེ་རྣམས་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་[167.6]པ་ལེགས་ཟུང་ཞིག །ཐེག་པའི་ངོ་བོ་ཤེས་རབ་སྙིང་རྗེ་ཡིན། །དེ་གཉིས་ཆེ་ཆུང་ཐེག་པ་ཆེ་ཆུང་སྣང་། །ཐེག་པའི་ངེས་ཚིག་འདེགས་དང་བསྐྱོད་པ་ཡིན། །དབྱེ་ན་མང་ཡང་བསྡུ་ན་གཉིས་ལས་མེད། །རྒྱུ་རྐྱེན་ལམ་ཁྱེར་[168.1]མཚན་ཉིད་ཐེག་པ་དང་། །འབྲས་བུ་ལམ་ཁྱེར་གསང་སྔགས་ཐེག་པ་གཉིས། །རྐྱལ་བ་གྲུ་གཟིངས་མཚན་ཉིད་ཐེག་པའི་དཔེ། །ཟམ་པ་ས་གཞི་གསང་སྔགས་ཐེག་པའི་དཔེ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་[168.2]གསལ་ཆེན་པོའི་རྒྱུད་ལས། ཐེག་པའི་དོན་བཤད་བསྡུས་ཏེ་བསྟན་པའི་ལེའུ་སྟེ་བདུན་བཅུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཐེག་པ་སོ་སོའི་ལྟ་བསྒོམ་[168.3]དང་། །སྤྱོད་པ་འབྲས་བུའི་དོན་གསུངས་པ། །དེ་ཡི་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་དཔེ་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ལྟ་བའི་ངོ་བོ་སོ་སོའི་དབྱེ་བ་ལས་བཤད་པར་བྱའོ། །ངེས་[168.4]པའི་དོན་ལྟ་བ་རང་རིག་ཡེ་ཤེས་ཀྱི་ངོ་བོ་ནི། ཕྱོགས་ལྷུང་མེད་པའི་ཤེས་རབ་པོ། །ངེས་ཚིག་ནི་ཡང་དག་པའི་ཤེས་བྱ་གྲུབ་མཐའི་མཐར་གྱུར་པས་ན་ལྟ་བའོ། །དབྱེ་ན་གཉིས་སོ། །ཡང་དག་པའི་ལྟ་བ་དང་། ཡང་[168.5]དག་པའི་ལྟ་བ་མ་ཡིན་པའོ། །ཡང་དག་པའི་ལྟ་བ་ནི་ཨ་ཏི་ཡོ་གའོ། །ཡང་དག་པའི་ལྟ་བ་མ་ཡིན་པ་ནི་ཨ་ནུ་མན་ཆོད་དོ། །ལྟ་བའི་དཔེ་ནི་གཉིས་ཏེ། ཡང་དག་པའི་དཔེ་ནི་མན་ཤེལ་དང་སྣང་བ་ལྟ་བུའོ། །ཡང་དག་[168.6]པ་མ་ཡིན་པའི་དཔེ་བརྒྱད་དོ། །རིགས་ཀྱི་བུ་ལེགས་པར་ཟུང་ཞིག །ཉན་ཐོས་རང་རྒྱལ་ཆུ་རྒྱུན་ནེ་སེང་བཞིན། བྱང་ཆུབ་སེམས་དཔའི་དཔེ་ནི་ནམ་མཁའ་སྒྱུ་མ་སྐྲ་ཤད་དང་། །ཆུ་ཟླ་ལ་སོགས་མེད་བཞིན་སྣང་། །ཀྲི་[169.1]ཡ་རྗེ་དང་འབངས་ལྟ་བུའོ། །ཡ་་ག་སྤུན་དང་གྲོགས་པོའི་དཔེ། །མ་ཧྭ་ཡོ་ག་རྒྱལ་པོ་མངའ་དར་བཞིན། །ཨ་ནུ་ཡོ་ག་ཕོ་མོ་སྙོམས་འཇུག་བཞིན། །ཨ་ཏི་ཡོ་ག་ཁྱུང་ཆེན་མཁའ་ལ་ལྡིང་བ་བཞིན། །ཞེས་[169.2]གསུངས་སོ། །ཡང་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །དེས་མཚོན་པའི་ཚིག་རྣམས་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། །ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །ལྟ་བ་ཞེས་པའི་ཚིག་[169.3]རྣམས་དང་། །གྲུབ་མཐའ་ཞེས་པའི་ཚིག་རྣམས་དང་། །ཡང་དག་ཞེས་པའི་ཚིག་རྣམས་དང་། །མཐར་ཐུག་པ་དང་མཐར་ཕྱིན་དང་། །འབྲས་བུ་ཞེས་པ་གང་བྱུང་ཡང་། །དེ་མཚོན་ཚིག་ཏུ་བསྡུས་པ་ཡིན། །སོ་སོའི་[169.4]གནས་སྐབས་ཤེས་པར་བྱ། །ཀྱེ་སེམས་པ་ཆེན་པོ། གཟུང་འཛིན་གཉིས་སུ་འདོད་པ་ཉན་ཐོས་ལྟ་བར་བཤད། འཛིན་པ་ཡོད་པས་གཟུང་དུ་མེད་དོ་ཟེར་ན་རང་རྒྱལ་ལྟ་བར་བཤད། སེམས་དང་སེམས་ཀྱི་རྣམ་པར་[169.5]སྨྲ་བ་དང་། དོན་དམ་དང་ཀུན་རྫོབ་ཏུ་སྨྲ་ན། བྱང་ཆུབ་སེམས་དཔའི་ལྟ་བར་བཤད། དོན་དམ་ཐམས་ཅད་མཐུན་པ་ལ། རིགས་གསུམ་འདོད་པ་ཀྲི་ཡའི་ལྟ་བར་བཤད། ཆ་གཉིས་འདོད་པ་ཨུ་པ་ཡ་ཡི་ལྟ་བར་[169.6]བཤད། སེམས་དཔའ་རྩ་བདུན་འདོད་པའི་ཚིག་བྱུང་ན། རྣལ་འབྱོར་ཡོ་གའི་ལྟ་བར་བཤད། བཞི་བཅུ་རྩ་གཉིས་ལྔ་བཅུ་རྩ་བརྒྱད་སོགས་མ་ཧྭ་ཡོ་གའི་བལྟ་བར་བཤད། མ་བསྐྱེད་རྫོགས་པའི་ཚིགས་ཚོགས་[170.1]དང་། །དབྱིངས་དང་ཡེ་ཤེས་ཚིག་བྱུང་ན་། །ཨ་ནུ་ཡོ་གའི་ལྟ་བ་ཡིན། །བྱ་རྩོལ་འདས་པའི་ཚིགས་ཚོགས་དང་། །རང་བྱུང་ཡེ་ཤེས་ཚིག་རྣམས་དང་། །ལྷུན་གྲུབ་ཡེ་སངས་རྒྱས་ལ་སོགས། །འདི་རྣམས་རྫོགས་ཆེན་ལྟ་[170.2]བར་བཤད། །ཟུར་ཙམ་མདོར་བསྡུས་བསྟན་པ་ཡིན། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། ལྷ་བའི་དོན་བཤད་པ་དང་མཚོན་པའི་ཚིགས་བསྟན་པའི་ལེའུ་སྟེ་དོན་གཅིག་[170.3]པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །དགོངས་པ་བསྒོམ་པ་རྣམ་ཕྱེ་བ། །དེ་ཡི་དོན་བཤད་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་[170.4]འཛིན་པ་ལེགས་པར་ཟུང་ཞིག །ངོ་བོ་ངེས་ཚིག་དབྱེ་བ་དང་། །མཐུན་དཔེ་བརྗོད་པའི་ཚིག་ཏུ་བསྟན། །ངོ་བོ་གཅིག་ཏུ་གནས་པ་ཡིན། །བསྒོམ་པའི་ངེས་ཚིག་རྣམ་པ་བཞི། །དོན་ལ་དམིགས་པའི་བསྒོམ་པ་[170.5]ཡིན། །མ་ཡེངས་པས་ན་བསྒོམ་པ་ཡིན། །མི་འབྲལ་བས་ན་བསྒོམ་པ་ཡིན། །གོམས་ཤིང་འདྲིས་དང་མི་འཕྲོ་བའོ། །དབྱེ་བ་རྣམ་པ་གཉིས་སུ་བསྟན། །མཚན་བཅས་མཚན་མེད་གཉིས་ཡིན་ནོ། །མཚན་མེད་ལའང་[170.6]གཉིས་ཡིན་ཏེ། །རྩོལ་བྲལ་ཆེན་པོའི་བསྒོམ་ཐབས་དང་། །རྩོལ་བ་བྲལ་བའི་བསྒོམ་པའོ། །མཚན་བཅས་ལའང་དེ་བཞིན་ནོ། །མདོར་ན་བསྐྱེད་རྫོགས་རྣམ་གཉིས་ཏེ། །བསྒོམ་པ་མཚོན་པའི་དཔེ་བཞི་སྟེ། །མར་ཁུ་[171.1]སྡོང་བུ་གནས་པ་དང་། །ཆུ་དང་འོ་མ་འདྲེས་པ་དང་། །ནོར་བུ་ཆུ་དངས་ལྟ་བུ་དང་། །བུམ་པའི་མར་མེ་ལྟ་བུའོ། །ཀྱེ་གསང་བའི་བདག་པོ་ངེས་པར་ཟུང་ཞིག །དགོངས་པ་ཞེས་པ་གང་བྱུང་[171.2]ཡང་། །བསྒོམ་པ་བསམ་གཏན་ཏིང་འཛིན་དང་། །མ་ཡེངས་མ་འཕྲོས་འདུ་འབྲལ་མེད། །གནས་དང་གོམས་དང་འདྲིས་པ་དང་། །དེ་རྣམས་གང་བྱུང་འབོད་སྐད་སྡེབས་ལ་བཤད། །ཅེས་གསུངས་སོ། །སྤྲོས་བྲལ་[171.3]དོན་གསལ་ཆེན་པོའི་རྒྱུད་ལས། བསྒོམ་པའི་དོན་བཤད་པ་མཚོན་པའི་ཚིག་དང་བཅས་པའི་ལེའུ་སྟེ་དོན་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །བསྒོམ་[171.4]མེད་དོན་བཤད་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ལག་ན་རྡོ་རྗེ་ངེས་ཟུང་ཞིག །བསྒོམ་མེད་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་དཔེ་བརྗོད་ཚིག་བཤད། །ངོ་བོ་རང་རིག་རྒྱུན་ཆད་མེད་[171.5]པ་ཡིན། །ཡིད་ལ་མི་བྱེད་དེ་ཡི་ཕྱིར་ན་བསྒོམ་དུ་མེད་པའི་ཚིག །ངང་གནས་མི་ཕྱེད་ཕྱིར་དང་བྱ་མི་དགོས་པའོ། །བསྒོམ་མེད་དབྱེ་བ་རྣམ་པ་གཉིས། །མཚན་བཅས་བསྒོམ་དུ་མེད་པ་དང་། །མཚན་མེད་བསྒོམ་དུ་[171.6]མེད་པའོ། །རེ་རེ་ལའང་ མ་པ་གཉིས། །གཞི་ལ་བངོམ་ ་མེད་པ་དང་། །་གས་པས་བངོམ་ ་མེད་པའོ། །མ་བཔོམས་ ན་ཆད་མེད་པའི་དཔེ། །ཆུ་བོ་ ་བུར་བ ན་པ་ཡིན། །མ་བཔོམས་དོན་དང་མི་བྲལ་[172.1]བས། །སྦྱོར་སྤྱིན་སྦྲང་མའི་འདབ་མ་བཞིན། །མ་བསྒོམས་ངང་གིས་གསལ་བ་ནི། །གསལ་གདངས་ཉི་མའི་སྙིང་པོ་འདྲ། །ཀྱེ་གསང་བའི་བདག་པོ་ངེས་ཟུང་ཞིག །ངས་བསྟན་རྒྱུད་ལུང་ཐམས་ཅད་ནས། །བསྒོམ་[172.2]མེད་ཞེས་པའི་ཚིག་རྣམས་དང་། །གནས་མི་དགོས་པའི་ཚིག་རྣམས་དང་། །བསྒྲུབ་ཏུ་མེད་པའི་ཚིག་རྣམས་དང་། །འདུ་འབྲལ་མེད་པའི་ཚིག་རྣམས་དང་། །རང་དངས་རང་བཞིན་བདག་ཉིད་ཆེན་པོ་དང་། །ཡེ་ནས་[172.3]འདུ་འབྲལ་མེད་པ་དང་། །བྱ་རྩོལ་རྣམས་ལས་འདས་པ་དང་། །ལམ་ལ་བགྲོད་དུ་མེད་པ་དང་། །རྟོགས་པ་མངོན་གྱུར་སངས་རྒྱས་དང་། །རང་བྱུང་ཡེ་ཤེས་ཆེན་པོ་དང་། །ལྷུན་གྲུབ་ཡེ་སངས་རྒྱས་པ་དང་། །ཡིད་[172.4]ལ་བྱ་རྒྱུ་མེད་པ་དང་། །དམིགས་པའི་ཡུལ་ལས་བྲལ་བ་དང་། །བསྒོམ་མེད་བློ་བཞག་ཅེས་པ་དང་། བསྒོམ་དུ་མེད་པའི་ཚིག་ཐམས་ཅད་ནི། འབོད་སྐད་ཀྱིས་བསྡེབས་ལངས་འདིར་བསྟན་པ་བཞིན་དུ་ཤེས་པར་[172.5]གྱིས་ཤིག །ཅེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། བསྒོམ་མེད་དོན་བཤད་བརྗོད་པའི་ཚིག་དང་བཅས་པ་བསྟན་པའི་ལེའུ་སྟེ་དོན་གསུམ་པའོ།། །།དེ་ནས་ཡང་གསང་བའི་[172.6]བདག་པོས་ ས་པ། ཀྱེ་ཀྱེ་བཅོམ་ ན་ཐབས་ལ་མཁས། །་ད་པའི་དོན་་ ད་གསུང་དུ་གསོལ། །ཞེས་ ས་སོ། །་ན་པས་བཀའ་སྩལ་པ། གསང་བའི་བདག་པོ་ལེགས་པར་ཟུང་ཞིག ་ཟེད་པའི་ངོ་བོ་ངེས་ཚིག་[173.1]དང་། །དབྱེ་བ་མཐུན་དཔེ་བརྗོད་ཚིག་དང་། །བསྡུས་ཏེ་བརྗོད་པའི་དོན་བཤད་པ། སྤྱོད་པའི་ངོ་བོ་ནི། སྤྱོད་པ་མ་འགགས་པར་དོན་ལ་སྦྱོར་བའོ། །སྤྱོད་པའི་ངེས་ཚིག་ནི་དོན་སོ་སོ་དང་མཐུན་པར་[173.2]འཇུག་ཅིང་ལོངས་སྤྱོད་པས་ནའོ། །དབྱེ་ན་རྣམ་པ་གཉིས་ཡིན་ཏེ། བླང་དོར་ཡོད་ཅེས་སྤྱོད་པ་དང་། །བླང་དོར་མེད་ཅེས་སྤྱོད་པའོ། །དཔེ་ནི་སྣ་ཚོགས་སྒྱུ་མའི་གར་མཁན་ལྟ་བུ་དང་། །གང་ལྟར་ཡང་བ་དེ་དོན་ལ་[173.3]སྦྱོར་ཤེས་པའི་དཔེ། །བཟོ་བོ་མཁས་པའི་སྐྱེས་བུ་ལག་གི་འདུ་བྱེད་མཁན་ལྟ་བུའོ། །ཀྱེ་གསང་བའི་བདག་པོ། ངས་བསྟན་རྒྱུད་ལུང་ཐམས་ཅད་ནས། །སྤྱོད་པ་དང་ནི་ཕྲིན་ལས་དང་། །བྱ་བ་བྱེད་པའི་ཚིག་རྣམས་[173.4]དང་། །རྣལ་འབྱོར་རབ་འབྲིང་ཐ་མ་དང་། །གཞི་ལམ་འབྲས་བུའི་སྤྱོད་པ་རྣམས། །གང་བྱུང་ཡང་ངས་བསྟན་པ་བཞིན་དུ་སྤྱོད། །ཅེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། སྤྱོད་པ་བསྡུས་ནས་[173.5]བསྟན་པའི་ལེའུ་སྟེ་དོན་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །འབྲས་བུའི་དོན་བཤད་གསུང་དུ་གསོལ། ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། །ཀྱེ་རྡོ་[173.6]རྗེ་འཛིན་པ་ལེགས་པར་ཟུང་ཞིག །འབྲས་བུའི་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་དཔེ་བརྗོད་ཚག་རྣམས། །བསྡུས་པ་ང་ཡིས་ངེས་པར་བཤད། །འབྲས་བུའི་ངོ་བོ་ནི། སོ་སོའི་ལྟ་བ་ཡོངས་སུ་རྫོགས་པའོ། །ངེས་[174.1]ཚིག་ནི། གྲོལ་སྨིན་རྫོགས་མཐར་ཕྱིན་ཕྱིར་མི་ལྡོག་པའོ། །དབྱེ་ན་ཟག་བཅས་ཟག་པ་མེད་པའོ། །རིམ་བཞིན་གཅིག་ཆར་རྫོགས་པའི་དཔེ། ཁེང་རྟོག་ལོ་རྟོག་སྨིན་པའམ། །ཨུ་དུམ་ཝ་རའི་འབྲས་བུ་བཞིན། །ཀྱེ་[174.2]གསང་བདག་ངེས་པར་ཟུང་ཞིག །ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །སོ་སོའི་འབྲས་བུ་གར་བྱུང་ཡང་། །འདི་བསྟན་བཞིན་དུ་ཤེས་པར་བྱ། །འབྲས་བུ་མཚོན་པའི་ཚིགས་ཚོགས་ནི། །མཐར་ཕྱིན་པ་དང་རྫོགས་[174.3]པ་དང་། །སྨིན་པ་དང་ནི་གྲུབ་པ་དང་། །གྲོལ་དང་ཕྱིར་མི་ལྡོག་ལ་སོགས། །དང་པོ་དགྲ་བཅོམ་ཞེས་པ་ནས། །ཐ་མ་རང་ས་ཟིན་པ་དག །ངས་བསྟན་བཞིན་དུ་ཤེས་པར་གྱིས། །ཞེས་གསུངས་སོ། །སྤྲོས་བྲལ་དོན་[174.4]གསལ་ཆེན་པོའི་རྒྱུད་ལས། འབྲས་བུའི་དོན་བཤད་པའི་ལེའུ་སྟེ་དོན་ལྔ་པའོ།། །།ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ལྟ་སྒོམ་སྤྱོད་པ་ཡོངས་རྫོགས་པའི། །ཐེག་པ་དགུ་ཡི་མིང་གི་ངེས་ཚིག་གསུང་དུ་[174.5]གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། །སོ་སོའི་ངེས་ཚིག་ནི། །ངས་བསྟན་ཁྱོད་ཀྱིས་ཡིད་ལ་ཟུང་། །སྟོན་པས་གསུང་པའི་དོན་ཚིག་རྣམས། །རྣ་བའི་དབང་པོས་ཉན་ཞིང་ཡིད་ཀྱི་དབང་པོས་ཐོས རང་[174.6]རིག་ཁོང་ནས་མི་འཆར་བ། །སྟོན་པའི་གསུངས་ལ་རག་ལུས་པ། །དེ་དོན་གཞན་ལ་སྒྲོག་བྱེད་པ། །ཉན་ཐོས་མིང་གི་ངེས་ཚིག་ཡིན། །སྟོན་པ་གཞན་ལ་མི་ལྟོས་པར། །གོམས་པའི་མཐུ་ཡིས་བསྒྲུབས་པས་རང་[175.1]སངས་རྒྱས། །རང་རྒྱལ་མིང་གི་ངེས་ཚིག་ཡིན། །སྤང་དང་ཡེ་ཤེས་ཐུགས་རྗེ་དང་། །ཕྲིན་ལས་ཕུན་སུམ་ཚོགས་ལྡན་པས། །བྱང་ཆུབ་སེམས་དཔའི་མིང་གི་ངེས་ཚིག་ཡིན། །ཁྲུས་དང་གཙང་སྦྲ་གཟའ་[175.2]དང་རྒྱུ་སྐར་གཙོར་བཏོན་པ། །ཀྲི་ཡའི་མིང་གི་ངེས་ཚིག་ཡིན། །སྤྱོད་པ་མས་འཛེགས་ལྟ་བ་ཡས་འབུབ་པས། །ཨུ་པ་ཡ་ཡི་མིང་གི་ངེས་ཚིག་ཡིན། །རིགས་བཞིའི་སངས་རྒྱས་དོན་གྱི་རྣལ་མ་ལ། །རང་གི་ལུས་ངག་[175.3]ཡིད་གསུམ་སྦྱོར་ཞིང་གཞན་དོན་བྱེད། །ཡོ་གའི་མིང་གི་ངེས་ཚིག་ཡིན། །ཏིང་འཛིན་རྣམ་གསུམ་ཐབས་དང་ཤེས་རབ་གཙོར་བཏོན་པས། །དོན་ལ་འཇུག་ཕྱིར་མ་ཧྭ་ཡོ་གའི་མིང་གི་ངེས་ཚིག་ཡིན། །མ་བསྐྱེད་[175.4]རྫོགས་དང་དེ་ཡི་དོན་ལ་འཇུག་པའི་ཕྱིར། །རྫོགས་པ་ཨ་ནུའི་མིང་གི་ངེས་ཚིག་ཡིན། །སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །ཆོས་སྐུ་ཡེ་ནས་རྫོགས་སངས་རྒྱས། །གཉིས་མེད་ཚུལ་གྱི་འཇུག་པ་ནི། །རྣལ་འབྱོར་[175.5]རྫོགས་ཆེན་མིང་གི་ངེས་ཚིག་ཡིན། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། ཐེག་པ་སོ་སོའི་ངེས་ཚིག་དང་། གཏན་ཚིགས་བསྟན་པའི་ལེའུ་སྟེ་དོན་དྲུག་པའོ།། །།དེ་ནས་ཡང་གསང་[175.6]བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཐེག་པ་དགུ་ཡི་ཁྱད་པར་ཇི་ལྟར་ལགས། །ཞེས་ཞུསླ་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་ཟུང་ཞིག །མ་རྟོགས་ལོག་རྟོགས་གཉིས་ལས་[176.1]ཉན་ཐོས་འཕགས། །དེ་ཡང་ཅི་ལྟར་འཕགས་ཞེ་ན། །གང་ཟག་བདག་མེད་རྟོགས་པས་ལྟ་བ་འཕགས། །དགེ་བཅུ་རང་གིས་དོན་དུ་སྤྱོད་པས་སྤྱོད་པ་འཕགས། །བདེན་པ་བཞི་ཡི་སྒོ་ནས་བསྒྲུབ་པས་སྒྲུབ་པ་[176.2]འཕགས། །དགྲ་བཅོམ་ལ་སོགས་ཟུང་བཞི་ཡ་བརྒྱད་ཐོབ་པས་འབྲས་བུ་འཕགས། །ཉན་ཐོས་དག་ལས་རང་རྒྱལ་འཕགས་པ་ཡང་། །གཟུགས་ཕུང་ཆོས་ཁམས་ཕྱོགས་གཅིག་ལ། །བདག་མེད་རྟོགས་པའི་ལྟ་བ་[176.3]འཕགས། །དགེ་བཅུའི་སྟེང་དུ་རྫུ་འཕྲུལ་ཡ་མ་ཟུང་འགའ་ཡིས། །འགྲོ་དོན་མཛད་ཤས་ཙམ་པས་སྤྱོད་པ་འཕགས། །དགེ་བའི་བཤེས་གཉེན་མི་བསྟེན་པར། །གོམས་པའི་ཤུགས་ཀྱིས་བསྒྲུབ་པས་སྒྲུབ་པ་[176.4]འཕགས། །ནེ་ཙོ་བསེ་རུ་ལྟ་བུའི་འབྲས་བུ་ཁྱད་པར་འཕགས། །རང་རྒྱལ་དག་ལས་བྱང་སེམས་འཕགས་པ་ཡང་། །བདག་མེད་རྣམ་གཉིས་རྟོགས་པས་ལྟ་བ་འཕགས། །ཚད་མེད་བསྡུ་བ་རྣམ་བཞིས་དོན་མཛད་སྤྱོད་[176.5]པ་འཕགས། །ཕ་རོལ་ཕྱིན་བཅུ་བསྒྲུབ་པས་བསྒྲུབ་པ་འཕགས། །ཀུན་ཏུ་འོད་ཀྱི་ས་ནོན་འབྲས་བུ་འཕགས། །བྱང་སེམས་དག་ལས་ཀྲི་ཡ་འཕགས་པ་སྟེ། །དོན་དམ་སྐྱེ་བ་མེད་པར་རབ་རྟོགས་ཏེ། ཀུན་རྫོབ་བདག་[176.6]དང་ཡེ་ཤེས་ལྟ། །རྗེ་འབངས་ལྟ་བུར་བལྷ་བས་ལྟ་བ་འཕགས། །དག་པ་རྣམ་གསུམ་སྤྱོད་པས་སྤྱོད་པ་འཕགས། །གོམས་དང་བསྒྱུར་དང་བྱིན་རླབས་སྒོ་ནས་བསྒྲུབ་པས་སྒྲུབ་པ་འཕགས། །རིགས་གསུམ་འབྲས་[177.1]བུ་ཐོབ་པས་འབྲས་བུ་འཕགས། །ཀྲི་ཡ་དག་ལས་ཨུ་པ་ཡ་འཕགས་ཏེ། །ལྷ་དང་དཔོན་གཡོག་བལྟ་བས་ལྟ་བ་འཕགས། །མཚན་མ་ཡོད་མེད་བསྒོམས་ནས་འགྲོ་དོན་མཛད་པས་སྤྱོད་པ་འཕགས། །དེ་[177.2]ཁོ་ན་ཉིད་བཞི་ཡི་སྒོ་ནས་བསྒྲུབ་པས་སྒྲུབ་པ་འཕགས། །རིགས་བཞིའི་འབྲས་བུ་ཐོབ་པས་འབྲས་བུ་ཁྱད་པར་འཕགས། །ཨུ་པ་ཡ་ལས་ཡོ་ག་འཕགས་པ་ཡང་། །ཀུན་རྫོབ་ལྷ་དང་གྲོགས་པོར་བལྟ་བས་ལྟ་བ་[177.3]འཕགས། །ཕྲིན་ལས་རྣམ་བཞི་སྤྱོད་པས་སྤྱོད་པ་འཕགས། །ཕྱག་རྒྱ་རྣམ་བཞི་བསྒྲུབ་པས་སྒྲུབ་པ་འཕགས། །རིགས་ལྔའི་སངས་རྒྱས་ཉིད་དུ་བསྒྲུབ་པས་འབྲས་བུ་འཕགས། །ཡོ་ག་དག་ལས་མ་ཧྭ་་བཞིས་འཕགས་[177.4]ཏེ། །རང་ལུས་རྒྱལ་བའི་དཀྱིལ་འཁོར་བལྟ་བས་ལྟ་བ་འཕགས། །སྦྱོར་སྒྲོལ་གཉིས་ཀྱིས་འགྲོ་དོན་མཛད་པས་སྤྱོད་པ་འཕགས། །ཐབས་དང་ཤེས་རབ་གཉིས་ཀྱི་སྒོ་ནས་བསྒྲུབ་པས་སྒྲུབ་པ་འཕགས། །ཀུན་ཏུ་འོད་[177.5]ཀྱི་ས་ནོན་འབྲས་བུ་འཕགས། །མ་ཧྭ་དག་ལས་ཨ་ནུ་བཞིས་འཕགས་ཏེ། །དབྱིངས་དང་ཡེ་ཤེས་གཉིས་མེད་རྟོགས་པས་ལྟ་བ་འཕགས། །དབྱིངས་ཀྱི་འོ་ངས་སྤྱོད་ཡེ་ཤེས་དག་ལས་སྤྱོད་པ་དང་། །ཡེ་ཤེས་[177.6]འོ་ངས་་ད་དབྱིངས་ལ་་༣ད་པས་་ད་པ་འཕགས། །ཕུང་པོ་ལྔ་དང་ ང་ལྔ་རིགས་ལྔ་ཡབ་ཡུམ་བ བ་པས་ བ་པ་འཕགས། །མ་ཆགས་པདྨ་ཅན་གྱི་ས་ཐོབ་འབྲས་བུ་འཕགས། །ཨ་ ་དག་ལས་ཨ་ཏི་བཞིས་[178.1]འཕགས་ཏེ། །སྣང་སྲིད་ཐམས་ཅད་ཆོས་སྐུའི་སངས་རྒྱས་བལྟ་བས་ལྟ་བ་འཕགས། །ཆོས་སྐུའི་བྱིན་བརླབས་སྒོ་ནས་འགྲོ་དོན་མཛད་པས་སྤྱོད་པ་འཕགས། །བྱ་རྩོལ་མེད་པར་བསྒྲུབ་པས་སྒྲུབ་པ་འཕགས། །བཅུ་[178.2]གསུམ་འཁོར་ལོ་ཚོགས་ཆེན་ཡན་ཆད་ནས། །ཉི་ཤུ་རྩ་གཅིག་མན་ཆད་ས་ནོན་འབྲས་བུ་འཕགས། །ཀྱེ་རིགས་ཀྱི་བུ། ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །འཕགས་པ་འཕགས་ཆེན་ཨ་ནུ་དང་། །གོང་འོག་ཤན་[178.3]དབྱེ་གང་བྱུང་བ། །འདིར་བཤད་བཞིན་དུ་ཤེས་པར་གྱིས། །ཞེས་གསུངས་སོ། །སྤྲོད་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། ཐེག་པ་བརྒྱད་ཀྱི་འཕགས་ལུགས་བསྡུས་ནས་བསྟན་པའི་ལེའུ་སྟེ་དོན་བདུན་[178.4]པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །འཕགས་པའི་དོན་བཤད་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ངས་བཤད་ཁྱོད་ཀྱིས་ལེགས་[178.5]པར་ཟུང་། །འཕགས་པའི་ངོ་བོ་ངེས་ཚིག་དང་། །དབྱེ་བ་ཞེས་བྱ་འཕགས་པའི་དཔེ། །རྣམ་པ་བཞི་རུ་བསྡུས་ལ་བཤད། །འཕགས་པ་དག་གི་ངོ་བོ་ནི། །ཁྱད་པར་དོན་ཆེན་མཆོག་གྱུར་པའོ། །འཕགས་པ་དག་གི་ངེས་[178.6]ཚིག་ནི། །མི་གནས་རིང་པོར་གང་གྱུར་ཕྱིར། །ངེས་ཚིག་གཏན་ཚིགས་བཅས་པ་ཡིན། །དབྱེ་བ་རྣམ་པ་གཉིས་ཡིན་ཏེ། །གནས་སྐབས་འགྱུར་བས་འཕགས་པ་དང་། །འགྱུར་མེད་མཐར་ཐུག་འཕགས་པཤོ།་།རེ་རེ་[179.1]་༄།།ལའང་བཞང་བཞི་སྟེ།།ལྟ་སྤྱོད་སྒྲུབ་དང་འབྲས་བུ་འ།།དཔེ་ནི་མ་ཆད་རྟེན་ཁྲི་འཕང་བཆིཁི།།ཨ་ཏི་མ་འདྲེས་ཡོངས་སུ་རྫོགས།།གཉིས་མེད་་ཆས་སྐུ་དབྱེར་མེད་ཤ་ས་རབ་ལ།།བཟང་ངན་ཆེ་ཆུང་མཐོ་[179.2]དམན་མི་གནས་ཀྱང་།།བློ་དང་སྦྱར་ནས་དྲང་བའི་ཐབས་སུ་བསྟན།།ཞེས་གསུངས་སོ།།སྤྲོས་བྲལ་དོན་གསལ་ཆེན་་པའི་རྒྱུད་ལས།འཕགས་པངའ་དོན་ངགད་པངའ་ལེའུ་སྟེ་དོན་བརྒྱད་པ་འ།།།།དེ་ནས་ཡང་[179.3]གསང་བངའ་བདག་་པས་ཞུས་པ།།ཀྱ་་ཀྱ་་བ་ཅམ་ལྡན་རྡོ་རྗ་་འཆང་།།སྤྲོས་བྲལ་འཕགས་པ་ཆེ་བ་སྟེ།།ཆེ་བངའ་བྱ་་བྲག་གསུང་དུ་གསོལ།།འི་་ཞུས་སོ།།སྟོན་པས་བཀའ་སྩལ་པ།།རྡོ་རྗ་་འཛིན་པ་ངེས་ཟུང་[179.4]ཞིག།གནས་སྐབས་འགྱུར་བངའ་ཆེ་བ་རྣམས།།ཐེག་པ་སོ་སོའི་ཆེ་བ་ཡངན།།མཐར་ཐུག་ཆེན་་པ་རྣམ་པ་ལྔ།།ཡ་་ནས་འདུ་འབྲལ་མེད་པ་ནི།།ཕུན་སུམ་ཚོགས་པ་རྣམ་པ་ལྔས།།མ་ངན་པར་སངས་རྒྱས་ཆེ་བ་[179.5]དང་།།བཞུགས་གནས་དབྱངངས་ཀྱང་མཚན་ཉིད་ལྔས།།་ཆས་དབྱངངས་སངས་རྒྱས་ཆེ་བ་དང་།།བདག་ཉིད་ཆེན་་པ་རང་ལ་རྫོགས་པ་ཡངས།།བདག་ཉིད་སངས་རྒྱས་ཆེ་བ་དང་།།ག་་ལ་འབེབས་པངའ་ཐབས་ཆེན་[179.6]ས་་ང་སངས་་ས་ཡི་་པས་ཆེ་བ་ང་དྲི་མེ་་མ་པ་་ཡིས་འཕ་ས་པས་ཆེ་བ་ང་ཐམས་ཅ་སངས་་ས་པས་྅་ཆེ་བ་་ཧཱུཾ་་ས་་སུངས་སོཡང་་སང་བའི་བ་་པོས་་ས་པཀྱེ་[180.1]ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །མངོན་པར་སངས་རྒྱས་ཆེ་བ་ཇི་ལྟར་ལགས། །ཞུས་པས། །སྟོན་པས་བཀའ་སྩལ་པ། །བདག་མེད་སྐུ་ནི་སྟོན་པ་ཆེ། །རང་རིག་ཡེ་ཤེས་བསྟན་པ་ཆེ། །མ་བྲིས་དཀྱིལ་འཁོར་གནས་སུ་[180.2]ཆེ། །སྲོག་མེད་སྐུ་ལྔ་འཁོར་དུ་ཆེ། །ཡེ་ནས་ལྷུན་གྲུབ་དུས་སུ་ཆེ། །ཞེས་གསུངས་སོ། །ལག་ན་རྡོ་རྗེ་ཞུས་པ། ཆོས་དབྱིངས་སངས་རྒྱས་ཆེ་བ་ཇི་ལྷར་ལགས། །ཞེས་ཞུས་སོ། །ཡང་སྟོན་པས་བཀའ་སྩལ་པ། །ཆོས་[180.3]སྐུའི་དཀྱིལ་འཁོར་བཞུགས་པའི་གདན། །རྣམ་དག་དབྱིངས་ཀྱི་ཐིག་ལེ་ལ། །གཅིག་ལ་མཚན་ཉིད་ལྔ་དང་ལྡན། །འགྱུར་བ་མེད་པ་རྡོ་རྗེ་དབྱིངས། །ཡོན་ཏན་སྡུད་པ་རིན་ཆེན་དབྱིངས། །དྲི་མ་མེད་པ་པདྨའི་[180.4]དབྱིངས། །ཐོག་མེད་བསྟན་པས་ལས་ཀྱི་དབྱིངས། །མ་བསྒྲིབས་གསལ་ཁྱབ་ནམ་མཁའི་དབྱིངས། །རང་རིག་ཡེ་ཤེས་གདངས་ཤར་བས། །ཡེ་ཤེས་དབང་གི་བུམ་པ་ལྔ། །སྐྱེ་མེད་ཀློང་ནས་འགག་པ་མེད། །དེ་ཡིས་[180.5]ངང་ལ་འདུ་འབྲལ་མེད། །ས་ཆུ་མེ་རླུང་ནམ་མཁའ་ལྔ། །དེ་ཡི་སྩལ་དུ་སྣང་བ་སྟེ། །ཆོས་ཉིད་ལྔ་རུ་ཡེ་སངས་རྒྱས། །ཡེ་ཤེས་ལྔ་དང་སྐུ་གསུམ་གྱི། །བཞུགས་པའི་གནས་ཏེ་ཀུན་ལས་ཁྱད་པར་འཕགས། །ས་ཆུ་མེ་[180.6]རླུང་རྣམ་པར་དག་པས་ཆེ། །ཞེས་གསུངས་སོ། །ལག་ན་རྡོ་རྗེ་ཡང་ཞུས་པ། །བདག་ཉིད་སངས་རྒྱས་ཆེ་བ་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། སྤྲུལ་སྐུའི་སྣོད་གྱུར་འབྱུང་བ་ལྔ། །རང་ལས་བྱུང་[181.1]༄༅ བའི་ཆོས་ཉིད་པས། །ལས་ལ་མ་རྨོངས་ཐབས་ཀྱིས་ཞི། །གཟུང་འཛིན་མི་གནས་རྣམ་པར་དག །བདག་ཉིད་ངང་དུ་མངོན་སངས་རྒྱས་པས་ཆེ། །ཕུང་པོ་ལྔ་རྣམས་སྣང་བ་ཡང་། །རིགས་ལྔའི་སངས་[181.2]རྒྱས་རྣམས་ཀྱི་སྐུ། །སྐུ་ལྔ་རིན་ཆེན་འོད་དུ་འབར། །མ་བཙལ་རང་ལ་ཡེ་ནས་ལྷུན་གྱིས་གྲུབ། །ཡེ་ཤེས་རང་སྣང་ཡིན་པས་ཆེ། །རྣམ་ཤེས་བརྒྱད་དུ་བལྟ་བ་སྣང་བ་ཡང་། །སེམས་དཔའ་བརྒྱད་དུ་རང་ལ་[181.3]རྫོགས། །གཞན་མ་ཡིན་པར་རང་སྣང་ཡིན་པས་ཆེ། །རྣམ་པར་ཤེས་པའི་ཡུལ་བརྒྱད་ཀྱང་། །རང་ལ་སྣང་བའི་སེམས་མ་བརྒྱད། །མ་བཙལ་རང་ལ་ལྷུན་གྱིས་གྲུབ། །ཡེ་ཤེས་རང་སྣང་ཡིན་པས་བདག་ཉིད་[181.4]ཆ། །རང་ལས་བྱུང་ཞིང་རང་ལས་སྣང་། །རང་སྣང་ཡིན་པས་ཡུལ་དང་བྲལ། །ཡུལ་མེད་རང་སྣང་ཆེན་པོ་ལ། །བགྲོད་དུ་མེད་པས་ཀུན་ལས་ཆེ། །རང་ཆས་ཡིན་པས་བཙལ་དུ་མེད། །མ་བཙལ་ལྷུན་གྱིས་གྲུབ་པས་[181.5]ཆེ རང་ལ་རང་ཆས་གྲུབ་པས་ན། །མ་བསྒྲུབས་རྩོལ་བསྒྲུབ་འདས་པས་ཆེ། །རང་བཀའ་སྩལ་པ། དེ་ལྟར་གཏན་ལ་འབེབས་པ་ནི། །མཚོན་པའི་བརྡ་བཞི་ཀུན་ལས་འཕགས་པའི་དཔེ་རུ་ཆེ། །སྐུ་གསུམ་འདུ་[181.6]འབྲལ་མེད་པས་དོན་དུ་ཆེ། །རྒྱང་ཞགས་ཆུ་ལ་ཡེ་ཤེས་སྣང་བ་གསལ་བས་རྟགས་སུ་ཆེ། །བརྡ་བཞི་དཔེ་རུ་ཡིན་པར་ངེས། །སྐུ་གསུམ་འདུ་འབྲལ་མེད་པ་དོན་དུ་ངེས། །ཡེ་ཤེས་སྒྲོན་མ་རྟགས་སུ་ངེས། །དེ་བས་[182.1]ངེས་པ་གསུམ་གྱིས་ཆེ། །དང་པོ་སྟོན་པ་ལ་སོགས་ཚོགས་ནས་གཏན་ལ་ཕབ་པས་གཏན་ཚིགས་ལྔ་ཡིས་ཆེ། །ཞེས་གསུངས་སོ། །ལག་ན་རྡོ་རྗེ་ཡང་ཞུས་པ། ཐམས་ཅད་སངས་རྒྱས་པས་ནི་ཆེ་བ་ཇི་ལྟར་[182.2]ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རང་རིག་འགྱུར་མེད་ཆོས་སྐུ་ལ། །ངོས་བཟུང་མེད་པས་བསམ་ལས་འདས། །བསྒོམ་དུ་མེད་པས་ཁྱད་པར་འཕགས། །ཆོས་སྐུ་དངོས་མེད་ཟང་ཐལ་[182.3]ལ། །དམིགས་པར་བྱ་བའི་ཡུལ་མེད་པས། །གཉིས་སུ་མེད་པར་ཁྱད་པར་འཕགས། །རིག་པ་དངོས་མེད་ཞི་བ་ལས། །སྤྲོས་པའི་དངོས་མེད་མཚན་མ་མེད། །རང་གདངས་ཆེན་པོ་འཕགས་ཏེ་ཆེ། །རང་རིག་ཆོས་སྐུ་[182.4]གཉིས་མེད་ཆེན་པོ་ལ། །མཚོན་དུ་མེད་པས་འཕགས་ཏེ་ཆེ། །ཆོས་སྐུ་རང་བྱུང་ཡེ་ཤེས་ལ། །རྒྱུ་རྐྱེན་མེད་པས་འདུས་བྱས་མེད། །འགྱུར་བ་མེད་པས་འཕགས་ཏེ་ཆེ། །རང་རིག་དྲི་མ་ལྔ་དང་བྲལ་བས་ཐམས་ཅད་ཡེ་[182.5]སངས་རྒྱས། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། ཐེག་པ་བརྒྱད་ལས་ཆེ་བ་ལྔས་འཕགས་པའི་ལེའུ་སྟེ་དོན་དགུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་[182.6]ལྡན་རྡོ་རྗེ་འཆང་། །ཐེག་པ་རིམ་དགུའི་བྱེ་བྲག་རྣམས། །གདུལ་བྱའི་ཡུལ་དང་སྦྱར་ནས་གསུངས། །དེ་ཡི་གོལ་སྒྲིབ་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། །རྡོ་རྗེ་འཛིན་པ་ལེགས་པར་ཟུང་[183.1]ཞིག །ཐེག་པ་དགུ་ཡི་གོལ་སྒྲིབ་རྣམས། །དབྱེ་ན་བསམ་གྱིས་མི་ཁྱབ་སྟེ། །བསྡུ་ན་སུམ་ཅུ་རྩ་དྲུག་ཡོད། །ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི། །མཚན་ཉིད་སྡེ་གསུམ་སྒྲིབ་པ་མང་། །སུམ་ཅུ་རྩ་དྲུག་རྩ་[183.2]གཉིས་དང་། ། རྩ་བརྒྱད་གསུམ་ལ་རིམ་པ་ཡོད། །གོལ་ས་བཅུ་གཉིས་བརྒྱད་དང་བཞི་གནས་སོ། །ཕྱི་པ་སྡེ་གསུམ་གོལ་སྒྲིབ་མཉམ། །སྒྲིབ་པ་བཅུ་གཉིས་མུན་པས་ཆོད། །ལྟུང་ས་གོལ་ས་བཅུ་གཉིས་ཡོད། །ནང་[183.3]པ་སྡེ་གཉིས་གོལ་ས་མང་། །སོ་གཉིས་རྩ་བརྒྱད་རིམ་པར་ཡོད། །སྒྲིབ་པ་བཅུ་དང་དྲུག་ཏུ་གནས། །རྫོགས་ཆེན་ཐིག་ལེ་ཉག་གཅིག་ལ། །གོལ་དང་མ་གོལ་གཉིས་སུ་མེད། །གོལ་ས་རང་བཞིན་རྣམ་པར་དག ཀུན་[183.4]བྲལ་ཉག་གཅིག་སྤྱིར་མ་སྤངས། །ཨ་ཏིའི་ལྟ་སྒོམ་སྤྱོད་པ་དང་། །འབྲས་བུ་ཡེ་ནས་གཉིས་མེད་པས། །གཉིས་སུ་སྣང་བའི་གོལ་སྒྲིབ་མེད། །ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི། །ཡེ་ནས་རང་བྱུང་ཡེ་ཤེས་གསལ། །རྒྱུ་[183.5]རྐྱེན་འདུས་པའི་གོལ་སྒྲིབ་མེད། །རྫོགས་ཆེན་ལྟ་བ་སྒོམ་པ་དང་། །སྤྱོད་པ་འབྲས་བུ་ལྷུན་གྲུབ་པས། །སྒོམ་སྒྲུབ་བརྩོལ་བསྒྲུབ་རེ་དོག་རྩོལ་བ་ཡི། །གོལ་ས་སྒྲིབ་པ་རྣམ་པར་དག །ང་ཡི་གོང་ན་གཞན་མེད་[183.6]པས། །སྒྲིབ་མེད་གསལ་བ་ཡེ་ཤེས་ཡིན། །ཐེག་བརྒྱད་འོག་མ་སྣང་བ་ཡང་། །ང་ཡི་ཐུགས་རྗེའི་མཛད་སྤྱོད་ཡིན། །འབྱེད་མེད་ཤེས་རབ་ངང་ལ་གནས། །ངང་ལས་མ་འདྲེས་རྫོགས་པའི་ཡེ་ཤེས་པས། །ལྟུང་བའི་[184.1]གལ་ས་རྣམ་པར་དག །འབྱེད་པ་མེད་པའི་ཤེས་རབ་རང་གསལ་ལ། །གོལ་ས་སྒྲིབ་པ་གཉིས་སུ་དབྱེར་མེད་གསལ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། གོལ་སྒྲིབ་ཐེག་པ་བརྒྱད་ལ་[184.2]ཡོད་པར་བསྟན་པ་དང་། ཨ་ཏི་ལ་གོལ་སྒྲིབ་མེད་པར་བསྟན་པའི་ལེའུ་སྟེ་བརྒྱད་ཅུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །གོལ་སྒྲིབ་དོན་བཤད་གསུང་དུ་[184.3]གསོལ། །ཞེས་ཞུས་པས། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །ངོ་བོ་ངེས་ཚིག་དབྱེ་བ་དང་། །མཚོན་དཔེ་ཚིག་དང་བཅས་ནས་བསྟན། །གོལ་སྒྲིབ་ངོ་བོ་མ་རིག་པ། །གོལ་སྒྲིབ་ངེས་[184.4]ཚིག་བསྟན་པ་ནི། །གོང་མའི་དོན་མ་མཐོང་བས་སྒྲིབ་པ་ཡིན། །གོང་མས་འོག་མའི་དོན་སྤྱོད་གོལ་བ་ཡིན། །དེ་ཕྱིར་གོལ་སྒྲིབ་མིང་གི་ངེས་ཚིག་ཡིན། །གོལ་སྒྲིབ་དབྱེ་ན་རྣམ་གྲངས་ཏེ། །བསྡུ་ན་རྣམ་པ་བཞི་ཡིན་[184.5]ནོ། །ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི། །རེ་རེ་ལའང་གོལ་སྒྲིབ་གཉིས། །གོལ་སྒྲིབ་མཚོན་པའི་དཔེ་རུ་བསྟན། །བྱང་དུ་དོན་གཉེར་ལྷོ་རུ་ཕྱིན། །ལྷོར་ཕྱིན་བྱང་གི་དོན་མི་འགྲུབ། །གོང་མའི་དོན་འདོད་འོག་[184.6]མ་་ད། །འོག་མས་གོང་མའི་དོན་མི་གཉེར། །ཅེས་གསུངས་སོ། །ཀྱེ་རིགས་ཀྱི་བུ། ངས་བ ན་རྒྱུད་ལུང་ཐམས་ཅད་དུ། །ནོར་ཞེས་ཟེར་ན་དེ་སྐད་བཤད། །མ་ཤེས་མ་རྟོགས་བྱུང་ན་དེ་སྐད་བཤད། །གོལ་ས་སྒྲིབ་[185.1]པ་བྱུང་ན་དེ་ལྟར་བརྗོད། །གོལ་སྒྲིབ་མེད་པར་བཤད་ན་དེ་སྐད་བཤད། །གཞན་ཡང་འབོད་སྐད་ངག་གི་ཁོག་སྡེབས་ལ། །དོན་གསལ་ནང་འདིར་བསྟན་པ་བཞིན་དུ་སྤྱད། །ཅེས་གསུངས་སོ། །སྤྲོས་[185.2]བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། གོལ་ས་བཤད་པ་དང་མཚོན་ཚིག་བསྡུས་པ་བསྟན་པའི་ལེའུ་སྟེ་གྱ་གཅིག་པའོ།། །།དཀོར་མཛོད་གསུམ་གྱི་སྒོ་ཕྱེ་ནས། །གསལ་ཞིང་སྒྲོན་མེས། རྒྱལ་བློན་དམངས་དང་[185.3]གསུམ་གྱིས་ནོར་འབྱིན་ཅིང་མུན་པ་སེལ་བའི་མན་ངག །ཏནྟྲ་ཨ་ནུཨུ་པ་ཨརྟ་ཀ་ལ་ས་ཏཱ་ཧཱུཾ༷། དེའི་ཚེ་བཅོམ་ལྡན་འདས་གསང་བ་བླ་ན་མེད་པ་མཚོན་པའི་དགོངས་པ་ལ་བཞུགས་སོ། །དེ་ནས་ཡང་གསང་[185.4]བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་དོན་གསལ་མཁྱེན། །ཐེག་པ་སྤྱི་ཡི་མཚན་ཉིད་དང་། །རང་གི་དོན་རྣམས་དེ་ལྟར་ན། །རང་དོན་མ་ལུས་ཀུན་བཤད་པའི། །རྒྱུད་ལུང་མན་ངག་ཇི་ལྟར་བཤད། །རྒྱུད་ཀྱི་[185.5]ལྡང་ཚད་ཇི་ལྟར་ལགས། །དེ་ཡི་ནང་ནས་གསུངས་པ་ཡི། །སྦྱང་བ་མེད་པའི་ས་རྣམས་དང་། །བགྲོད་དུ་མེད་པའི་ལམ་རྣམས་དང་། །སྤྱད་མི་དགོས་པའི་ཕ་རོལ་ཕྱིན་པ་རྣམས། །སྒྲ་མཐུན་དོན་དཔག་ཇི་ལྟར་[185.6]ལ་ ས ་བས་ ས་དོས་པ་ཇི་ ར་ལ ས ་ང་བ་ ས་པ་ཇི་ ར་ལ ས ཆ་ལུ ས་ མ་བང་ཇི་ ར་ལ ས སེམས་ ང་ཡེ་་ས་ཇི་ ར་ལ ས བར་་་བང་ང་ཅི་ལ་བགྱི གྲོལ་ ང་མ་གྲོལ་ཇི་ ར་[186.1]ལགས། །སྤྱན་ཞེས་བྱ་བ་ཇི་ལྟར་ལགས། །ལུས་སེམས་བྲལ་ཞེས་བྱ་བ་ཇི་ལྟར་ལགས། །ལྔ་ལྡན་རྫོགས་ལྡན་ཇི་ལྟར་ལགས། །ཐུགས་རྗེའི་བྱེ་བྲག་ཇི་ལྟར་ལགས། །མྱ་ངན་འདའ་ལུགས་ཇི་ལྟར་ལགས། །ཕས་[186.2]རྒོལ་རྩོད་པ་ཅི་ལྟར་བཟློག །སྣ་ཚོགས་འབྲུ་རྣམས་ཇི་ལྟར་གཞོམ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། །ཞུ་ཚིག་ངེས་པའི་སྡོམ་དང་བཅས་པའི་ལེའུ་སྟེ་གྱ་གཉིས་པའོ།། །།དེ་ནས་[186.3]སྟོན་པས་བཀའ་སྩལ་པ། །རྡོ་རྗེ་འཛིན་པ་ངེས་ཟུང་ཞིག །རྒྱུད་ནི་ཕུན་སུམ་ཚོགས་པ་རྣམ་ལྔས་བཤད། །དེ་ལ་དབྱེ་བ་རྣམ་གསུམ་སྟེ། །ཆོས་སྐུ་ཕུན་སུམ་ཚོགས་པ་དང་། །ལོངས་སྐུ་ཕུན་སུམ་ཚོགས་པ་དང་། །སྤྲུལ་[186.4]སྐུ་ཕུན་སུམ་ཚོགས་པའོ། །ཆོས་སྐུ་ཕུན་སུམ་ཚོགས་པ་ལྔ། །སྟོན་པ་འགྱུར་མེད་ཆོས་ཀྱི་སྐུ། །བསྟན་པ་མི་ནུབ་རྒྱལ་མཚན་ནི། །གསང་བ་རིག་པའི་རྒྱུད་ཆེན་ལྔ། །འདུས་པའི་འཁོར་ཚོགས་གཉིས་ལས་མི་[186.5]གཞན་པ། །རིགས་ལྔ་བདེ་གཤེགས་འོད་དུ་འབར་བ་ལྔ། །བཞུགས་གནས་སྐྱེ་མེད་ཆོས་ཀྱི་དབྱིངས། །དུས་ནི་འདས་དུས་མ་བྱོན་སྔོན་རོལ་ནས། །རྟོག་མེད་སྟོན་པས་བྱིན་གྱི་རླབས་ཀྱིས་བཤད། །ཉིད་ལས་མི་[186.6]གཞན་སྐུ་ལྔ་རང་རང་གིས། །རྒྱུད་ཆེན་བྱིན་གྱི་རླབས་ཀྱིས་གོ། །དེ་ནས་ཡང་སྟོན་པས་ལོངས་སྐུའི་ཕུན་སུམ་ཚོགས་པ་ལྔ་གསུངས་་སོ། །སྟོན་པ་རིགས་ལྡ་བདེ་བར་གཤེགས་པ་ལྔ། །བསྟན་པ་གསང་བའི་རྒྱུད་ཆེན་[187.1]ལྔ། །འདུས་པའི་འཁོར་ནི་སེམས་དཔའ་སེམས་མའི་ཚོགས། །བཞུགས་པའི་གནས་ནི་ཡེ་ཤེས་གཞལ་མེད་འོད་ཀྱི་ཀློང་། །དུས་ནི་དེ་རྣམས་རིག་པ་ཡུལ་དུ་ཤར་བའི་ཚེ། །ཚིག་དང་ཡི་གེའི་སྒོ་ནས་མི་[187.2]འཆད་པར། །སྐུ་ཡི་ཆ་བྱད་སྒོ་ནས་སྟོན། །བདེ་གཤེགས་རྣམ་པར་སྣང་མཛད་ཀྱིས། །རིགས་བཞིའི་སངས་རྒྱས་འདུས་པ་ལ། །སྐུ་ཡི་རྒྱུད་ཆེན་རང་གི་ངོ་བོས་བཤད། །བཅོམ་ལྡན་རྡོ་རྗེ་མི་བསྐྱོད་པས། །རྡོ་རྗེ་[187.3]རིགས་ཀྱི་འཁོར་རྣམས་ལ། །ཐུགས་ཀྱི་རྒྱུད་ཆེན་རང་གི་ངོ་བོས་བཤད། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་གྱིས། །རིན་ཆེན་རིགས་ཀྱི་སེམས་དཔའ་སེམས་མ་ལ། །ཡོན་ཏན་རྒྱུད་ཆེན་རང་གི་ངོ་བོས་[187.4]བཤད། །བཅོམ་ལྡན་སྣང་བ་མཐའ་ཡས་ཀྱིས། །པདྨའི་རིགས་ཀྱི་སེམས་དཔའ་སེམས་མ་ལ། །གསུང་གི་རྒྱུད་ཆེན་རང་གི་ངོ་བོས་བཤད། །བཅོམ་ལྡན་དོན་ཡོད་གྲུབ་པ་ཡིས། །ལས་ཀྱི་རིགས་ཀྱི་འཁོར་རྣམས་[187.5]ལ། །ཕྲིན་ལས་རྒྱུད་ཆེན་རང་གི་ངོ་བོས་བཤད། །ཐུགས་ཀྱི་དགོངས་པ་ཡེ་ཤེས་རྣམ་ལྔར་གསལ། །བཤད་པ་མ་ཡིན་མཉན་པ་མེད། །གཙོ་བའི་ཞལ་གཟིགས་ཐུགས་ཀྱི་དགོངས་པ་གསལ། །རང་གི་ངོ་བོས་བཤད་[187.6]ཅེས་བྱ། །ཏིང་ངེ་འཛིན་གྱི་དགོངས་པས་བཤད། །སྟོན་པས་སྤྲུལ་སྐུའི་ཕུན་སུམ་ཚོགས་པ་ལྔ་གསུངས་པ། །སྟོན་པ་རྡོ་རྗེ་འཆང་ཆེན་ངས། །བསྟན་པའི་སྙིང་པོ་གསང་བའི་རྒྱུད་ཆེན་ལྔ། །དེ་སོགས་ཕྱི་ནང་གསང་[188.1]བས་བསྡུས་པ་རྣམས། །ཐུགས་ཀྱི་ཀློང་དུ་ཤེས་རབ་ཆེན་པོས་བཀྲོལ། །མགུར་གྱི་བུམ་པར་ཡེ་ཤེས་རླུང་གིས་དྲིལ། །ཞལ་གྱི་ལྗགས་ལ་མ་འདྲེས་གསལ་བར་བཀྲམ། །ཚེམས་ཀྱི་བར་ནས་ཚིག་དོན་སོ་སོར་[188.2]བབད། །ཡན་ལག་དྲུག་ཅུ་སྡེབ་སྦྱོར་ལེགས་པར་བཤད། །ཁྱུང་ཆེན་ལྡིང་ཐབས་དོན་གྱི་སྤྱི་ཁོག་ཕུབ། །སྟག་མོའི་མཆོང་སྟབས་དཀྱུས་ཀྱི་ས་ཆེན་བཅད། །རུས་སྦལ་འགྲོས་ཀྱིས་ཚིག་གི་འབྲུ་རྣམས་བཅོམ སེང་[188.3]གེའི་གདངས་སྐད་ལྟ་བུས་ཐེག་བརྒྱད་ཟིལ་གྱིས་མནན། །གླག་མོ་གཟན་འཇུམ་ལྟ་བུས་མན་ངག་འདྲིལ། །འདུས་པའི་འཁོར་ཚོགས་སངས་རྒྱས་རབས་བདུན་ལ། །ལྷ་གནས་གསུམ་དུ་བདུད་རྩིའི་ཆར་ཆེན་[188.4]ཕབ། །པདྨ་བརྩེགས་པའི་གནས་མཆོག་རྣམ་གསུམ་མོ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། ཕུན་སུམ་ཚོགས་པ་ལྔ་ཡི་ལེའུ་སྟེ་གྱ་གསུམ་པའོ།། །།དེ་ནས་ཡང་གསང་བའི་བདག་[188.5]པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཕུན་སུམ་ཚོགས་པའི་དོན་བཤད་དང་། །དེ་ཡི་དགོས་པ་གསུང་དུ་གསོལ། །ཞེས་ཞུས་པས། སྟོན་པས་བཀའ་སྩལ་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཛིན་པ་ལེགས་པར་[188.6]ཟུང་ཞིག །ཕུན་སུམ་ཚོགས་པའི་ངོ་བོ་དང་། །ཕུན་སུམ་ཚོགས་པའི་ངེས་ཚིག་དབྱེ་བ་དང་། །ཕུན་སུམ་ཚོགས་པའི་དཔེ་རྣམས་བསྟན། །དང་པོ་ངོ་བོ་བསྟན་པ་ནི། །རྒྱུ་ནི་ངོ་བོ་ཚོགས་པ་ཡིན། །དགོས་པ་རྒྱུ་རྐྱེན་[189.1]ཚོགས་པར་སྦྱོར། །ཅི་ཕྱིར་ཕུན་སུམ་ཚོགས་ཟེར་ན། །ཀུན་ནས་དགོས་པ་ཚང་བས་ཕུན་སུམ་ཚོགས། །ངེས་ཚིག་གཏན་ཚིགས་བཅས་པ་ཡིན། །དབྱེ་བ་གོང་དུ་བསྟན་པ་བཞིན། །དཔེར་ན་རྒྱལ་བློན་[189.2]དམངས་དང་གསུམ། །གང་ལ་གང་ཚོགས་བཀའ་བགྲོས་འབྱུང་། །དེས་མཚོན་ཕྱོགས་གཅིག་དཔེར་བསྟན་པའོ། །ཞེས་གསུངས་སོ། །ཡང་གསང་བའི་བདག་པོས་ཞུས་པ། །ཕུན་སུམ་ཚོགས་པ་རྣམ་པ་ལྔ། །སྨོས་[189.3]པའི་དགོས་པ་ཇི་ལྟར་ལགས། །མ་བསྟན་སྐྱོན་ཏུ་ཇི་ལྟར་འགྱུར། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། སྟོན་པ་ཕུན་སུམ་ཚོགས་པ་སྨོས་པའི་དགོས་པ་ནི། །གང་ཟག་རིག་བཅོས་མ་ཡིན་པར། །སངས་རྒྱས་[189.4]ཞལ་ནས་གསུངས་པ་ཡིད་ཆེས་ཏེ། །མི་བསླུ་བདེན་པའི་གཏན་ཚིགས་དག་ཏུ་འགྱུར། །བསྟན་པ་ཕུན་སུམ་ཚོགས་པ་སྨོས་པའི་དགོས་པ་ནི། །བབ་ཅོལ་མ་ཡིན་དོན་དང་ལྡན་པར་ཡིད་ཀྱང་ཆེས། །འདུས་པའི་འཁོར་[189.5]ཚོགས་སྨོས་པའི་དགོས་པ་ནི། །ཀུན་གྱི་ཐུན་མོང་མ་ཡིན་པའི། །ངེས་པར་སྟོན་པས་གསུངས་པར་ཡིད་ཀྱང་ཆེས། །གནས་ཀྱི་བྱེ་བྲག་གསུངས་པའི་དགོས་པ་ནི། །གཞན་དུ་བསྟན་པའི་སྙིང་པོ་མ་གསུངས་[189.6]པར། །ངེས་པའི་གནས་དེར་གསུངས་པར་ཡིད་ཀྱང་ཆེས། །དུས་ཀྱི་ཕུན་སུམ་ཚོགས་པ་སྨོས་པའི་དགོས་པ་ནི། །གནས་སྐབས་སྔ་ཕྱི་མ་བསྐལ་བར། །དུས་ཚོད་མཚུངས་ཤིང་ཟིན་པས་ཡིད་ཀྱང་ཆེས། །ཞེས་[190.1]གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། ཕུན་སུམ་ཚོགས་པ་ལྔའི་དོན་བཤད་དགོས་པ་དང་བཅས་པའི་ལེའུ་སྟེ་གྱ་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། །ཀྱེ་ཀྱེ་བཅོམ་[190.2]ལྡན་རྡོ་རྗེ་འཆང་། ཁུད་རྣམས་དོན་བཤད་ཇི་ལྟར་ལགས། །ཞེས་ཞུས་པས། སྟོན་པས་བཀའ་སྩལ་པ། །རྒྱུད་ཀྱི་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་པའི་དཔེ་རུ་བཤད། ཁུད་ཀྱི་ངོ་བོ་བསྟན་པ་ནི། །ཚིག་གི་རྒྱུད་[190.3]ཀྱི་ངོ་བོ་དང་། །དོན་གྱི་རྒྱུད་ཀྱི་ངོ་བོའོ། །དོན་གྱི་རྒྱུད་ཀྱི་ངོ་བོ་ནི། །རང་རིག་ཡེ་ཤེས་ཆེན་པོ་ཡིན། །ཚིག་གི་རྒྱུད་ཀྱི་ངོ་བོ་ནི། །མ་བསྣན་མ་ཕྲིས་མ་བྱས་དགོས་པ་ཚང་། །གླེགས་བམ་ཚིག་གི་ཚོགས་སུ་བསྟན། །རྒྱུད་[190.4]ཀྱི་ངེས་ཚིག་རྣམ་པ་ལྔ། །འབྲེལ་དང་མ་ཚང་མེད་པ་དང་། །ཡོངས་སུ་རྫོགས་དང་དཀྲུགས་པ་དང་། །ཕུན་སུམ་ཚོགས་པའི་ཕྱིར་རྒྱུད་དོ། །དབྱེ་བ་ཚིག་དང་དོན་རྒྱུད་གཉིས། །གོང་བཤད་བཞིན་དུ་ཤེས་པར་[190.5]བྱ། །འབྲེལ་བའི་དཔེ་ནི་དྲ་བ་བཞིན། །དགོས་པ་ཚང་བའི་ནོར་བུ་བཞིན། །ཡོངས་སུ་རྫོགས་པ་ལྗོན་ཤིང་བཞིན། །དཀྲུགས་པས་ཐགས་ཀྱི་སྤུན་བཞིན་ནོ། །ངས་བསྟན་རྒྱུད་རྣམས་དེ་ལྟར་བཤད། །ཅེས་གསུངས་[190.6]སོ། །སྤྲོས་བྲལ་དོན་གསལ་གསལ་ཆེན་པོའི་རྒྱུད་ལས། རྒྱུད་ཀྱི་དོན་བཤད་བསྟན་པའི་ལེའུ་སྟེ་གྱ་ལྔ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །གོང་བཤད་རྒྱུད་ཀྱི་[191.1]ལྡང་ཚད་བཤད་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། །རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །རྒྱུད་ཀྱི་ལྡང་ཚད་རྣམ་པ་བཅུ། །དབང་དང་དམ་ཚིག་གཉིས་སུ་བཤད། །དཀྱིལ་འཁོར་[191.2]ཕྲིན་ལས་གཉིས་སུ་བསྟན། །མཆོད་པ་རྣལ་འབྱོར་གཉིས་སུ་བཤད། །སྔགས་དང་ཕྱག་རྒྱ་གཉིས་སུ་བཤད། །བསྙེན་པ་བསྒྲུབ་པ་གཉིས་སུ་བསྟན། །ཀྱེ་རྡོ་རྗེ་འཛིན་པ། །དབང་ལ་རྣམ་པ་གསུམ་དུ་བསྟན། །གཞི་[191.3]ལ་རྫོགས་ཚུལ་བསྟན་པ་དང་། །རིམ་པས་བབས་ལུགས་བསྟན་པ་དང་། །དབང་གི་དངོས་པོ་བསྟན་པའོ། །དང་པོ་གཞ་ལ་རྫོགས་ཚུལ་ནི། །མི་རྟོག་འགྱུར་མེད་ཆོས་སྐུ་ལ། །མཁྱེན་པའི་ཡེ་ཤེས་རྣམ་ལྔ་[191.4]གསལ། །རང་ལས་མི་གཞན་སྣང་བ་ནི། །རིན་ཆེན་འོད་འབར་སྐུར་གསལ་བའི། །ཉིད་ལས་མི་གཞན་དབང་གི་ཆུ་བོ་བཞི། །མ་སྐུར་གཞི་ལ་ཡེ་ནས་རྫོགས། །སྐུ་ལྔའི་ཐུགས་རྗེ་མ་འགགས་པར། །ཁྲག་འཐུང་ཧེ་རུ་[191.5]ལྔར་སྣང་བས། །ཐུགས་རྗེ་རང་བྱུང་དབང་གི་ཆུ་བོ་བཞི། །མ་བཙལ་གཞི་ལ་ཡེ་ནས་རྫོགས། །དེ་ཉིད་ཡེ་ཤེས་ལུས་ཅན་རང་སྣང་ལ། །དེ་ཉིད་ངང་ལ་གནས་ཤིང་ངང་དུ་གྲོལ། །ཡེ་ཤེས་ཆེན་པོའི་དབང་གི་ཆུ་བོ་[191.6]བང མ་བཙལ་མ་བ་ར་ ང་ལ་ཡེ་ ས་རྫོ ས ་ས་མཚོ ་ སུང་ང་ངོ་བོ་ང རི ་པོ་ཆེ་ཡི་ཡི་ ་ལྔ མ་བཙལ་ ང་ལ་ཡེ་ ས་པས པའ་བོ་འ་་ལྔ་ བང་འ་ཆུ་བོ་བང མ་བཙལ་མ་བ་ར་ ་ལ་[192.1]ཡེ་ནས་རྫོགས། །དེ་ལྷ་བས་ན་གཞིའི་ཡེ་ཤེས་གཞན་ལ་རག་མི་ལུས་ཤིང་རྒྱུ་རྐྱེན་གྱི་དབང་དུ་འགྲོ་མི་སྲིད་པའོ། །རིགས་ཀྱི་བུ་རིམ་པས་བབས་ལུགས་བཤད་པ་ནི། ཤེས་རབ་ཀྱི་སྐུ་བཞིས་དེ་བཞིན་གཤེགས་[192.2]པ་ཀུན་སྣང་གི་ཡེ་ཤེས་ལ། དབང་བཞི་རྫོགས་སུ་གནས་པ་སྟེ། མཁྱེན་པའི་སྟོབས་མི་འགགས་པས། གཞི་འགྱུར་བ་མེད་པའི་ཆོས་སྐུ་ལ། ཤེས་རབ་འགགས་པ་མེད་པའི་དབང་ཐོབ་པའོ། ༩།ས་རབ་འགགས་པ་[192.3]མེད་པའི་སྐུ་བཞི་ལས། གདུལ་བྱ་ལ་སྣང་བའི་སྐུ་བཞི་ཤར་བའི་ཚེ། ཉིད་ལས་མི་གཞན་པའི་སྐུ་བཞིའོ། །ཞལ་གཟིགས་པས་ཐུགས་མཁྱེན་ཏ། ཤེས་རབ་རིག་པའི་སྐུ་ལྔ་ལ། རང་དབང་ཡས་བབས་སུ་ཐོབ་[192.4]པའོ། །དེ་བཞིན་དུ་རིགས་བཞི་ལས། སེམས་དཔའ་སེམས་མ་རང་དབང་ཡས་བབས་སུ་ཐོབ་པའོ། །ང་སྤྲུལ་པའི་སྐུ་ཤར་ཏེ། ཐུགས་གྱི་ཀློང་ནས་རང་ཆས་སུ་གནས་པས། ངས་མཐོང་ཞིང་གསལ་ཏེ། དེའི་ཚེ་ངས་[192.5]རྟོགས་པའི་ཡེ་ཤེས་རང་དབང་སྐད་ཅིག་མ་ལ་ཐོབ་བོ། །དེ་བཞིན་དུ་ཁམས་གསུམ་པ་ཐམས་ཅད་རང་ལ་དབང་བཞི་རྫོགས་སུ་གནས་པས། རིམ་པས་རིག་པ་རྩལ་གྱི་དབང་འཐོབ་པར་འགྱུར་བར་ངས་ལུང་བསྟན་[192.6]ཏོ། །ཞེས་གསུངས་སོ། །ཀྱེ་རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །དབང་གི་དངོས་གཞི་ནི་བསྐུར་ཐབས་གཉིས་ཏེ། ཁྱད་པར་གྱི་དབང་རྫས་བཞི་ཤེས་རབ་ལ་བརྟེན་ནས། གཞི་རྫོགས་རིག་པ་རྩལ་དབང་དུ་བསྐུར་[193.1]བདང་། ཐུན་་མང་གིདབང་རྫསབཞིལབརྟེནནས། རྡོརྗེསླ་བད་པནགྱང་གདམསངགདང་སྦྲེལཏ་། བསྐུརཞངང་ཐབཔརབྱེདཔ་འ། །ཁྱདཔར་གྱངདབངརྫསབཞིཤ་སརབལབརྟེནནས་གཞི[193.2]རྫ་གསཆེན་པངརགཔརྩལ་དབངདུབསྐུརབདང་། རྒྱུདའཛིན་བུམ་པ་འདབངལྔསྟ་ངཉངདདུབསྐུརཏ་། མཁའཀླ་ངརྣམཔརདགཔངའངངན། ཡ་ཤ་སཀྱངསྤྱནམའགགསཔ། ་འདཀྱ་བུམཔལྔརགསལཏ་། དེ་[193.3]བཞིནགཤེགསཔལྔ་བཞུགསཔངའརྟེན་དུ་གྱུར་པསན། བུམཔཞེསབྱ་སྟེ། ་ང་བ་དབྱངངསསྟ་ངཔཉིདདུབསྟནཔལས། དོན་སྟོངཔཉིད་དུངརགསྟེ། ད་ངས་་པའིམཐའ་ལས་ལ་གག་། །རྒྱལ་པརངརྟགས་ཕྱག[193.4]རྒྱངའདབངབསྐུརནི། བུམ་པལྔངའཀླ་ངནདེབཞིནགཤེགས་པལྔབཞུགས་ལུགསབཤདདེ། ཤ་ས་རབཀྱང་བདགཉིདཡ་ཤ་ས་ལྔརགསལཞིང། ཐུགསརྗེངའབདགཉིདཕྱགརྒྱལྔརགསལབས། སྣ་ད་བཅུད[193.5]ད་ངས་པ་དངམཚནམརསྣངབཐམསཅདཕྱགརྒྱམ་བསྐྱེདཔངའད་བཞིནགཤ་གསཔལྔདང། ཕྱགརྒྱགསལབངའད་བཞིནགཤ་གསཔལྔར་གྱུརབས། ད་བཞིནགཤ་གསཔཡངནཔལཡངནཔརངརགསྟེ།[193.6]ད་ངས་པདངམཚན་མམལུསཔརསྐུདངཡ་ཤ་ས་སུདགཔ་སྟེ། མཚནམཟིལ་གྱངསགནོནཏོ། །རྒྱལསྲངདངརན་པཆེསྣབདུནགྱངདབངནི། འཕགསཔངའནོར་བདུནཏ་། དཔ་རནརྒྱལ་པལརྒྱལསྲངདནོརབདུན[194.1]ཡོད་པ་འདྲ་བར། རང་གི་ངོ་བོ་གང་ལ་ཡང་མི་གནས་ཤིང་། ཡོན་ཏན་ཅིར་ཡང་སྣང་བས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་རིགས་སོ། །རང་རིག་པའི་ཡེ་ཤེས་རང་བཞིན་[194.2]གྱིས་རྣམ་པར་དག་པ་ཐམས་ཅད་འབྱུང་བའི་གཞི་མ་འགགས་པས། ཡོན་ཏན་འཁོར་འདས་སུ་འབྱུང་ཞིང་ཉོན་མོངས་པ་མི་མདའ་བས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ཏེ་བཙུན་མོ་ལྟ་བུར་རིགས་[194.3]སོ། །རིག་པ་ཆོས་སྐུ་ལ་འགྲན་པའི་ཟླ་མེད་དོ། །རིག་པ་སྐུ་ལྔར་སྣང་ཡང་དོན་གཉིས་སུ་མེད་པས། ཡུལ་གྱི་མཚན་མ་ངང་གིས་བཅོམ་སྟེ། ཉོན་མོངས་པ་མེད་པས་བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་ལྡན་པས།[194.4]དམག་དཔོན་ལྟ་བུར་རིགས་སོ། །རང་རིག་པའི་ཡེ་ཤེས་བྱ་རྩོལ་མི་མངའ་བར་ཡོན་ཏན་རང་ལ་རྫོགས་ཏེ། ཐུགས་རྗེ་ཤུགས་ཀྱིས་འཆར་ལ། བརྗེད་པ་མེད་པའི་གཟུངས་ཐོབ་པའི་བརྩོན་འགྲུས་དང་ལྡན་ཏེ། རྟ་[194.5]རིན་པོ་ཆེ་ལྟ་བུར་རིགས་སོ། །རང་རིག་པའི་ཡེ་ཤེས་དེ་རང་གི་ངོ་བོ་ལས་མི་འདའ་བས། ངང་ལས་མ་གཡོས་པར་གནས་པས་བསམ་གཏན་ཏེ། གླང་པོ་ཆེ་ལྟ་བུར་རིགས་སོ། །རིག་པ་ཆོས་ཀྱི་སྐུ་དེ་ཕྱོགས་ལྷུང་མེད་[194.6]པས་ཤེས་རབ་ཏུ་གནས་ཤིང་། རྩལ་སོ་སོར་རྟོག་པའི་ཤེས་རབ་མི་འགག་པར་དཔྱད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་ལྡན་ཏེ། འཁོར་ལོ་ལྟ་བུར་རིགས་སོ། །རང་རིག་པའི་ཡེ་ཤེས་དེ་ཐབས་མ་འགགས་[195.1]པས་དང་། སྟོབས་མ་འགགས་པས་དང་། ཐམས་ཅད་དུ་རེ་སྨོན་དུ་འགྱུར་པས་ཡེ་ཤེས་ཀྱ་ཡོན་ཏན་ཏེ། དེ་བ ་དུ་བཤད་པའ་ཡོན་ཏན་དང་། ཡེ་ཤེས་ལྡན་ཏེ། བློན་པོ་ལྟ་བུར་རགས་སོ། །དེ་ལྟར་[195.2]ཚིག་དབང་བསྐུར་བས་རྟོགས་པ་རྒྱུད་ལ་སྐྱེས་ཏེ། གྲུབ་པའི་མཐའ་ལ་ཡོན་ཏན་གྱི་སྒོ་མ་འགགས་པས་ཡོན་ཏན་སྐྱོན་དང་བྲལ་བའོ། །དེ་ལྟར་རྟོགས་པའི་སྤྲོས་པ་ཆོད་དེ། སྤྲོས་པ་གཅོད་པའི་ཆོས་བཞིས། རྒྱུད་ཀྱི་[195.3]སྙིང་པོ་གསུམ་གྱི་ལྟ་བ་ལ་ཟློས་པས། དོན་གྱི་དགོངས་པ་བཞི་ལ་གནས་པས་ནི། དོན་བརྒྱད་རྫས་སུ་བསྟན་པའི་མཐུན་མོང་གི་རྫས་ལ་རག་མ་ལུས་ཏེ། ཐུགས་རྗེས་སེམས་ཅན་ལ་འོད་འཕྲོ་བའོ། །རིགས་ཀྱི་བུ་[195.4]དེས་ནི་རིག་པའི་ཚན་ཉིད་རྟོགས་ཤིང་། །རྩལ་མ་འགགས་པར་རྟོགས་པས། དབང་ཡེ་ཤེས་བཞི་རྫོགས་སུ་ཐོབ་པའོ། །ཀྱེ་རྡོ་རྗེ་འཛིན་པ། ཐུན་མོང་གི་རྫས་ལ་བརྟེན་ནས་དབང་བསྐུར་བ་ཐོབ་པས་ཚིག་དབང་རིན་[195.5]པོ་ཆེ་སྟེ། ཕྱིར་དབང་རྫས་ལ་བརྟེན་ཏེ་བསྐུར། ནང་དུ་བག་ཆགས་ལུས་ལ་བསྐུར། སྐུ་གསུམ་བཞི་རྫོགས་སུ་ངོ་བསྟན་ནོ། །རིགས་ཀྱི་བུ་དབང་ནི་ཡེ་ཤེས་སྤྱི་བླུག་དང་། །རྒྱལ་རྟགས་ཕྱག་རྒྱ་དང་། རིག་པ་རྩལ་གྱི་[195.6]དབང་གསུམ་སྟེ། ཕྱིར་རྫས་ཀྱི་བུམ་པ་ལྔ་ལ་བརྟེན་ནས་དབང་བསྐུར། ནང་དུ་ལོངས་སྐུ་རང་ལ་གྲུབ་ལུགས་དང་ལྔ་ལྡན་གྱི་དགོངས་པ་རྫོགས་པར་བཤད་དོ། །ཕྱིར་ཕྱག་མཚན་དྲུག་ལ་བརྟེན་ཏེ་དབང་བསྐུར། ནང་[196.1]དུ་ད་ལྟ་ཚོགས་དྲུག་སྤྲུལ་པ་ཤར་ལུགས་དང་། རྫོགས་ལྡན་གྱི་སྐབས་སུ་སྤྲུལ་སྐུ་བྱོན་ལུགས་སུ་བཤད་དོ། །ཕྱིར་དབང་རྫས་བཞི་ལ་བརྟེན་ལ་དབང་བསྐུར། ནང་དུ་ཆོས་སྐུའི་གནས་ལུགས་དང་། རིན་པོ་ཆེའི་[196.2]སྦུབས་བཤད་དོ། །རིན་པོ་ཆེའི་གདམས་ངག་དང་འབྲེལ་བར་བཤད་དོ། །དེའི་རིམ་པ་ནི་ངས་བསྟན་པའི་ཡེ་ཤེས་བླ་མ་རུ་ཤེས་པར་བྱའོ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། རྒྱུད་ཀྱི་[196.3]ལྡང་ཚད་སྡོམ་དང་། དབང་བསྡུས་ནས་བསྟན་པའི་ལེའུ་སྟེ་གྱ་དྲུག་པའོ།། །།ད་ནས་ཡང་གསང་བའི་བདག་པོས་ཞུསླ་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །དབང་གི་དོན་བཤད་གསུང་དུ་གསོལ། །ཞེས་ཞུས་[196.4]སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །དབང་གི་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་པའི་དཔེ་བཤད་པ། །དབང་གི་ངོ་བོ་རང་བྱུང་གི་ཡེ་ཤེས་གཞན་དབང་དུ་མ་གྱུར་པའོ། །དབང་[196.5]གི་ངེས་ཚིག་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་མངའ་མཛད་ཅིང་དབང་བསྒྱུར་བས་ནའོ། །དབྱེ་ན་ཐུན་མོང་དང་ཁྱད་པར་གོང་བཞིན་ནོ། །དཔེ་ནི་རྒྱལ་པོ་ལ་གླང་པོ་ཆེས་དབང་བསྐུར་བས་རྒྱལ་པོར་རང་[196.6]དབང་ཐོབ་སྟེ། རྒྱལ་ས་ཟིན་པ་ལྟ་བུའོ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། དབང་གི་དོན་བཤད་པ་གསལ་བར་བསྟན་པའི་ལེའུ་སྟེ་རྒྱ་བདུན་པའོ།། །།དེ་ནས་ཡང་གསང་བའི་[197.1]བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །དམ་ཚིག་གསང་བ་བཤད་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རིགས་ཀྱི་བུ་ངེས་པར་ཟུང་ཞིག །དམ་ཚིག་དབང་ལས་སྐྱེ་[197.2]བས་ན། །མ་བསྐུར་པ་ཡི་དབང་ཆེན་ལ། །བསྲུང་དུ་མེད་པའི་དམ་ཚིག་བཞི། །མ་ཉམས་ཡེ་བསྲུངས་གདེངས་དང་ལྡན། །ང་ཡི་དམ་ཚིག་གསང་བ་ནི། །རང་རིག་ཡེ་ཤེས་ཆེན་པོ་ལ། །བསྲུང་བྱ་སྲུང་བྱེད་གཉིས་མེད་[197.3]པས། །ཉམས་དང་མ་ཉམས་གཉིས་སུ་མེད། །ཐེག་བརྒྱད་བཅོས་མའི་དམ་ཚིག་གྲངས། །མི་བསྲུང་བས་ན་མེད་ཅེས་བྱ། །འོག་མའི་དམ་ཚིག་ལས་གྲོལ་ཞིང། །རང་གི་སྒོ་གསུམ་ཡངས་པས་ན། །ཕྱལ་པ་ཞེས་སུ་[197.4]བཏགས་པ་ཡིན། །བསྲུང་དུ་མེད་པའི་དམ་ཚིག་ལ། །འདའ་མི་སྲིད་པའི་བསྲུང་ཐབས་ནི། །རང་རིག་ཡེ་ཤེས་གཅིག་པུ་ལས། །གཅིག་པུ་ཞེས་སུ་བཏགས་པ་ཡིན། །རང་གི་ཡེ་ཤེས་གཅིག་པུ་ལ། །བྱ་བཙལ་མེད་[197.5]པར་ཡེ་བསྲུངས་པས། །ལྷུན་གྲུབ་ཅེས་སུ་བཏགས་པ་ཡིན། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། དམ་ཚིག་བསྟན་པའི་ལེའུ་སྟེ་གྱ་བརྒྱད་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་[197.6]ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །དམ་ཚིག་དོན་བཤད་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། །རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །དམ་ཚིག་ངོ་བོ་ངེས་ཚག་དང་། །དབྱེ་བ་མཐུན་[198.1]པའི་དཔེ་རུ་བསྟན། །དང་པོ་ངོ་བོ་བཤད་པ་ནི། །འདའ་མི་སྲིད་པའི་ངོ་བོ་དེ། །བལྟ་བ་རང་རིག་ཡེ་ཤེས་ཡིན། །བསྲུང་བ་དོན་གྱི་ངེས་ཚིག་ཡིན། །འདའ་རུ་མེད་པའི་དམ་ཚིག་ཡིན། །མ་ནོར་ངེས་པའི་དམ་[198.2]ཚིག་ཡིན། །དེ་ལས་མི་འདའ་བས་ན་དམ་ཚིག་གོ། །དབྱེ་བ་རྣམ་པ་གཉིས་ཡིན་ཏེ། །བསྲུང་མཚམས་བཅས་པའི་དམ་ཚིག་དང་། །བསྲུང་མཚམས་མེད་པའི་དམ་ཚིག་གོ། །གོང་དང་འོག་ཏུ་ཤེས་པར་བྱ། །དམ་ཚིག་[198.3]དོན་ལ་མི་འདའ་བ། །ཐམས་ཅད་ནམ་མཁའི་ངང་ལས་མི་འདའ་ལྟར། །རང་རིག་ཡེ་ཤེས་དོན་ལས་འདའ་བ་མེད། །འདའ་མི་སྲིད་པའི་དམ་ཚིག་ཡིན། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གཇོ།ལ་ཆེན་པོའི་རྒྱུད་[198.4]ལས། དམ་ཚིག་གི་དོན་བསྟན་པའི་ལེའུ་སྟེ་གྱ་དགུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །དཀྱིལ་འཁོར་ཕྲིན་ལས་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་[198.5]བཀའ་སྩལ་པ། །རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །དང་པོ་དཀྱིལ་འཁོར་བཤད་པར་བྱ། །ངོ་བོ་དང་ནི་ངེས་ཚིག་དང་། །དབྱེ་བ་མཐུན་པའི་དཔེ་རུ་བཤད། །དབྱེ་ན་རྣམ་པ་གསུམ་དུ་བཤད། །མཚོན་པ་བརྡའ་ཡི་[198.6]དཀྱིལ་འཁོར་དང་། །དམ་ཚིག་ཏིང་འཛིན་དཀྱིལ་འཁོར་དང་། །རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རོ། །ངོ་བོ་རྣམ་པ་གསུམ་ཡིན་ཏེ། །མཚོན་པ་བརྡའ་ཡི་དཀྱིལ་འཁོར་ངོ་བོ་ནི། །བྲིས་དང་འབུར་དུ་[199.1]བཏོང་བ་ཡིན། །དམ་ཚིག་ཏིང་འཛིན་ངོ་བོ་ནི། །གང་བསྒོམ་ཡིད་ལ་གསལ་བ་ཡིན། །རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནི། །སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ཡིན། །རིག་པ་དཀྱིལ་ལ་[199.2]ཡེ་ཤེས་འཁོར། །ཆོས་སྐུའི་ངོ་བོ་ངེས་ཚིག་ཡིན། །གཙོ་བོ་དཀྱིལ་ལ་སེམས་དཔའ་ཡབ་ཡུམ་འཁོར། །ལོངས་སྐུའི་ངོ་བོ་ངེས་ཚིག་ཡིན། ཀུན་གཞི་དཀྱིལ་ལ་ཚོགས་བརྒྱད་འཁོར། །སྤྲུལ་སྐུའི་ངོ་བོ་ངེས་ཚིག་[199.3]ཡིན། །དཔེ་ནི་ཉི་ཟླ་གཟའ་སྐར་ཤར་བ་བཞིན། །བརྗོད་ལུགས་མང་ཡང་བསྡུས་པ་ཡིན། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་དགུ་བཅུ་[199.4]པའོ།། །།དེ་ནས་ཡང་སྟོན་པས་བཀའ་སྩལ་པ། །རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །མ་བྲིས་མ་བསྐྱེད་མ་བསྒོམས་པར། །རང་བཞིན་གསལ་བའི་དཀྱིལ་འཁོར་ལ། །བྱ་རྩོལ་འདས་པའི་ཕྲིན་ལས་[199.5]ཀྱིས། །ཐོག་མ་མེད་པར་དོན་མཛད་དེ། །སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་དུ། །སྟོན་པས་སྐུ་གསུམ་དོན་མཛད་དེ། །སྐུ་ཡི་འོད་དང་གསུང་གི་འོད་ཟེར་ལས། །སྟོན་པས་སྐུ་གསུམ་རྩལ་དུ་གྲུབ། །བྱིན་རླབས་ངང་[199.6]གི་ཚིག་སྦྱོར་གྱིས། །ཕྲིན་ལས་འགྲོ་དོན་ཐོགས་མེད་མཛད། །བྱས་པ་མེད་པར་ལྷུན་གྱིས་གྲུབ། །ཅེས་གསུངས་སོ། །ཡང་གསང་བའི་བདག་པོས་ཞུས་པ། །ཕྲིན་ལས་དོན་བཤད་གསུང་དུ་གསོལ། །ཞེས་ཞུས་[200.1]ས། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །ཕྲིན་ལས་ཀྱི་ངོ་བོ་བྱ་བ་གྲུབ་པའི་ཡེ་ཤེས་ཡིན། ཕྲིན་ལས་ཀྱི་ངེས་ཚིག་ནི། །རང་བཞིན་བྱ་རྩོལ་ལས་འདས་པས། །སོ་སོའི་དོན་མཛད་ཕྲིན་[200.2]ལས་ཡིན། །དབྱེ་བ་རྣམ་པ་གཉིས་ཡིན་ཏེ། །རྩོལ་བ་ཡོད་དང་མེད་པའོ། །རྩོལ་བྲལ་ཕྲིན་ལས་རྣམ་པ་བཞི། །ཆོས་སྐུ་དངོས་མེད་སྤྲོས་དང་བྲལ། །རྟོགས་པས་སྤྲོས་པ་ཐམས་ཅད་ཞི། །ཞི་བའི་ཕྲིན་ལས་ཞེས་སུ་[200.3]བྱ། །ཡོན་ཏན་ནོར་བུ་བཞིན་དུ་འབྱུང་། །རྒྱས་པའི་ཕྲིན་ལས་ཞེས་སུ་བྱ། །ཐམས་ཅད་འབྱུང་ཡང་དེ་ལས་འབྱུང་། །ཐམས་ཅད་གནས་ཀྱང་དེ་ལ་གནས། །ཐམས་ཅད་ཐིམ་ཡང་དེ་ལ་ཐིམ། །ཐམས་ཅད་ལ་ཡང་[200.4]དབང་བསྐུར་པས། །དབང་གི་ཕྲིན་ལས་ཞེས་སུ་བྱ། །རིག་པ་དངོས་མེད་རྡོས་པའི་ཆོས་མེད་པས། །ཕྱོགས་མེད་གང་ལའང་ཐོགས་པ་མེད་པར་འཆར། །ཐུགས་རྗེའི་སྟོབས་ཀྱིས་སྣང་ཞིང་བསྡུས་པས་ན། །དྲག་པོའི་[200.5]ཕྲིན་ལས་ཞེས་སུ་གསུངས་པ་ཡིན། །བྱ་རྩོལ་མེད་པར་ཉི་མའི་འོད་ཟེར་གྱིས། །ཁམས་གསུམ་མཚན་མའི་མུན་པ་སེལ་བ་ལྟར། །ཐོགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ཡིས། །བྱ་རྩོལ་མེད་པའི་ཕྲིན་ལས་ཆེན་པོ་[200.6]ཡིན། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། ཕྲིན་ལས་ཀྱི་རང་བཞིན་བྱ་རྩོལ་མེད་པའི་དོན་བསྟན་པའི་ལེའུ་སྟེ་གོ་གཅིག་པའོ།། །།དེ་ནས་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་[201.1]བཅོམ་ལྡན་རྡོ་རྗེ་འཆང་། །མཆོད་པའ་རྣལ་འབྱོར་ཇ་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་པར་ཟུང་ ག །ཆོས་ཉད་དག་པའ་ཕོ་བྲང་དུ། །རང་ ག་ཡེ་ཤེས་[201.2]མ་འགགས་ཤར། །ཡེ་ཤེས་དབྱིངས་ལ་ཤར་བ་ཡིས། །དབྱིངས་དང་ཡེ་ཤེས་གཉིས་མེད་འགྱུར། །ཡེ་ཤེས་གཉིས་མེད་མཆོད་པ་ཡིན། །མཚན་རྫོགས་རྡོ་རྗེ་འཆང་གི་སར། །ཡབ་ཡུམ་བཞི་བཅུ་རྩ་གཉིས་[201.3]འཕྲོས། །ཡེ་ཤེས་ལྔ་ཡི་ངང་ལ་རོལ། །མ་འགགས་གཉིས་མེད་མཆོད་པ་ཡིན། །སྤྲུལ་སྐུའི་མཆོད་པ་རྣམ་པ་ལྔ། །མཆོད་རྫས་གཟུགས་སྒྲ་དྲི་རོ་རེག །སེམས་དཔའི་ཁྱིའུ་ཆུང་ལྔས་བླངས་ནས། །རིག་བྱེད་ངང་དུ་[201.4]གཉིས་མེད་ཐིམ། །རྒྱ་མཚོ་ཆུ་ཡི་འཕྲོ་འདུ་བཞིན། །མཆོད་པ་རྒྱུན་མི་ཆད་པའོ། །ཞེས་གསུངས་སོ། །དེ་ནས་ཡང་རྣལ་འབྱོར་གསུངས་པ། །སྐུ་གསུམ་འདུ་འབྲལ་མེད་པ་ནི། །དོན་ལ་མོས་བྱེད་རྣལ་འབྱོར་[201.5]ཡིན། །རྣལ་འབྱོར་ཆེན་པོ་བསྒོམ་ལས་འདས་པར་རྟོགས། །རྟོགས་པའི་དོན་ལ་བྱ་རྩོལ་མི་མངའ་བར། །རང་གདངས་ཆེན་པོའི་ངང་ལས་གནས་པ་ཡིན། །རྣལ་འབྱོར་དབང་ཆེན་བྱ་རྩོལ་འདས་པ་ཡིན། །དེ་དོན་[201.6]རང་ལ་གནས་པ་ནི། །རྣལ་འབྱོར་བླ་ན་མེད་པ་ཡིན། །རྣལ་འབྱོར་དག་གི་ངོ་བོ་ཡང་། །གཉིས་སུ་མེད་པའི་དགོངས་པ་ཡིན། །རྣལ་འབྱོར་དག་གི་ངེས་ཚིག་ཀྱང་། །བློ་དངོས་གཉིས་མེད་འབྱོར་པ་དང་། །སྐུ་གསུམ་[202.1]གཉིས་མེད་འབྱོར་པས་འབྱོར་ཞེས་བྱ། །དབྱེ་བ་རྣམ་པ་གཉིས་ཡིན་ཏེ། །མིང་དང་དོན་དུ་ང་ཡིས་བཤད། །དོན་གྱི་རྣལ་འབྱོར་གོང་བསྟན་བཞིན། །ཞེས་གསུངས་སོ།། སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས།[202.2]མཆོད་པ་དང་རྣལ་འབྱོར་བསྟན་པའི་ལེའུ་སྟེ་གོ་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། སྔགས་དང་ཕྱག་རྒྱ་ཇི་ལྟར་ལགས། ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་[202.3]ལེགས་པར་ཟུང་ཞིག །དང་པོ་སྔགས་ཀྱི་དོན་བཤད་པ། །མཆོག་ཏུ་གྱུར་པའི་སྔགས་དོན་ནོ། །ངོ་བོ་ངེས་ཚིག་དབྱེ་བ་བསྟན། །དབྱེ་བ་རྣམ་པ་གསུམ་ཡིན་ཏེ། །གསང་སྔགས་རིག་སྔགས་གཟུངས་སྔགས་[202.4]གསུམ། །གསང་སྔགས་དག་གི་ངོ་བོ་ནི། ཁོས་རབ་སྙིང་རྗེ་གཉིས་སུ་བསྟན། །རིག་སྔགས་དག་གི་ངོ་བོ་ནི། ཁྲེས་རབ་དང་ནི་ཡེ་ཤེས་ཡིན། །གཟུངས་སྔགས་དག་གི་ངོ་བོ་ནི། ཁྲེས་རབ་དང་ནི་ཏིང་[202.5]འཛིན་ཡིན། །སྔགས་གསུམ་དག་གི་ངེས་ཚིག་ནི། ཁེས་སྐྱོབས་ཕྱིར་ན་དེས་བརྗོད་པའོ། །སྔགས་གསུམ་དག་གི་ཕྲིན་ལས་ནི། །གཞི་གནས་བག་ཆགས་སེལ་བ་དང་། །མ་རིག་ལོག་ལྟ་སེལ་བ་དང་། །འཕྲལ་བྱུང[202.6]བག་ཆགས་སེལ་བར་བྱེད་པ་ཡིན། །ཞེས་གསུངས་སོ། །སྟོན་པས་བཀའ་སྩལ་པ། །ཕྱག་རྒྱ་ཆེན་པོའི་ངོ་བོ་ནི། །འགྱུར་བ་མེད་པའི་རང་བཞིན་ཡིན། །ཕྱག་རྒྱ་ཆེན་པོའི་ངེས་ཚིག་ནི། །མི་འདའ་བས་ན་ཕྱག་རྒྱ་[203.1]ཡིན། །དབྱེ་བ་ཕྱེ་དང་བསྡུས་པ་ཡིན། །ཕྱག་རྒྱ་བཞི་དང་རྩ་ལྔ་ཡོད། །འདི་རུ་བསྡུས་ཏེ་བཞི་བསྟན་པ། །ཆོས་ཉིད་མ་བྲལ་ཆོས་ཀྱི་སྐུ། །ཕྱག་རྒྱ་ཆེན་པོ་ཡིན་པར་བཤད། །རང་རིག་ཡེ་ཤེས་དབྱིངས་[203.2]ལས་ཤར། །དབྱིངས་ཉིད་རིག་པ་དང་ལྡན་པས། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ནི། །དམ་ཚིག་ཕྱག་རྒྱ་ཡིན་པར་བཤད། །རང་བྱུང་ཡེ་ཤེས་མ་འགགས་པ། །གསལ་བ་ཆོས་ཀྱི་ཕྱག་རྒྱ་ཡིན། །ཐུགས་རྗེའི་[203.3]སྐུ་གཉིས་མི་འགག་པས། །རྟོག་མེད་ཐུགས་རྗེའི་དོན་འཛིན་པ། །ལས་ཀྱི་ཕྱག་རྒྱར་ངས་བསྟན་པའོ། །ཕྱག་རྒྱའི་དཔེ་ནི་ནམ་མཁའ་དང་། །རྒྱལ་པོས་ཕྱག་རྒྱས་བཏབ་པ་ལ། །དེ་ལས་འདའ་བར་མི་ནུས་[203.4]བཞིན། །གསང་སྔགས་མ་ཡིན་ཤེས་རབ་མ་འགགས་པའོ། །ཕྱག་རྒྱ་མ་ཡིན་ཐུགས་རྗེ་མ་འགགས་པའོ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། སྔགས་དང་ཕྱག་རྒྱ་བསྟན་པའི་ལེའུ་སྟེ་གོ་[203.5]གསུམ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། །བསྙེན་པ་བསྒྲུབ་པ་ཇི་ལྟར་ལགས། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །ལྟ་བ་རང་རིག་ཡེ་ཤེས་དེ། །ངོ་སྤྲོད་བཞི་[203.6]ཡི་གཏན་ལ་འབེབས། །རང་རིག་མཚན་ཉིད་ཉམས་སུ་མྱོང་། །དེ་ནི་བསྙེན་པའི་དོན་དུ་བསྟན། །ལམ་ལ་གནས་པ་ཉེ་བསྙེན་ཡིན། །ལམ་གྲོལ་གྱུར་པ་བསྒྲུབ་པ་ཡིན། །ལམ་གྱི་འབྲས་བུ་མཐར་ཕྱིན་པས། །བསྒྲུབ་[204.1]པ་ཆེན་པོར་གྱུར་པའོ། །གསང་སྔགས་མི་བཟླའ་དོན་ལ་བཞག །ཕྱག་རྒྱ་མི་བསྒོམ་མ་བསྐྱེད་ལྷུན་གྱིས་རྫོགས། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། །བསྙེན་བསྒྲུབ་རྣམ་པ་གཉིས་བསྟན་[204.2]པའི་ལེའུ་སྟེ་གོ་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཞལ་ནས་གསུངས་པའི་ལུང་ཆེན་རྣམས། །བཤད་པའི་ཐབས་རྣམས་གསུང་དུ་གསོལ། །ཞེས་ཞུས་[204.3]སོ། །སྟོན་པས་བཀའ་སྩལ་པ། །རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །ལུང་རྣམས་ཆེ་བ་ངས་བཤད་དེ། །སྟོན་པའི་ཞལ་ནས་གསུངས་པ་ལས། །གཞན་གྱི་ལུང་ལ་མ་བརྟེན་པར། །ལུང་གིས་ཡིད་ཆེས་པའི་ཆེ་བ་[204.4]དང་། སྟོན་པའི་ཐུགས་རྣམ་པར་དག་པ་ལ། དང་པོ་རྒྱུ་མེད་བར་དུ་རྐྱེན་མེད། ཐ་མ་མི་འགྱུར་བས། འགྱུར་མེད་ནམ་མཁའི་ལུང་གིས་ཆེ་བ་དང་། ཉེས་པ་ཟད་པས་རྫུན་གྱི་ཚིག་སྨྲ་བར་མི་བྱེད་པས་རྫུན་མེད་པའི་[204.5]ཞལ་ནས་གསུངས་པའི་བདེན་པའོ། །སྟོན་པ་མཁས་པའི་བདག་ཉིད་ལས། །ཚིག་དང་འབྲུ་གཉིས་དོན་སྡེབས་ལེགས། །དེ་བཞིན་ཉིད་ལས་མི་འདའ་བས། །ཡིད་ཆེས་ལུང་གི་ཆེ་བའོ། །ངས་འཁོར་ཀུན་ལས་[204.6]འཕགས་གྱུར་པའི། །དགའ་རབ་རྡོ་རྗེའི་དོན་ཆེད་དུ། །སྟོན་པས་ཞལ་ནས་གསུངས་པ་ལ། །ལུང་མ་ནོར་བར་བྲིས་པ་ནི། །རིན་ཆེན་གསེར་གྱི་གླེགས་བམ་ལ། །བིཌར་ཡ་ནི་ཞུན་མ་ཡིས། །རང་ནན་དག་ཏུ་ལེགས་[205.1]བྲིས་པས། །ཚིག་གི་ལྷག་ཆད་མ་ཞུགས་སྟེ། །དེས་ནི་ལུང་གི་ཆེ་བའོ། །བསྐྱེད་དང་རྫོགས་པ་རྣམ་པ་གསུམ། །འདུ་འབྲལ་མེད་པའི་དགོངས་པ་ནི། །ལོ་མ་མེ་ཏོག་འབྲས་བུའི་ཚུལ། །ཐ་མི་དད་དུ་[205.2]བསྟན་པས་ནི། །གསང་སྔགས་ཀུན་དང་མཐུན་གྱུར་ཏེ། །གསང་སྔགས་སྤྱི་ལུང་མི་འགལ་བས། །གསང་སྔགས་ཀུན་གྱི་བཀའ་འདུས་པས། །ལུང་གི་ཡིད་ཆེས་ཆེ་བའོ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་[205.3]ཆེན་པོའི་རྒྱུད་ལས། ལུང་གི་ཆེ་བ་ལྔ་བཤད་པའི་ལེའུ་སྟེ་གོ་ལྔ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ལུང་གི་དོན་བཤད་གསུང་དུ་གསོལ། །ཞེས་ཞུསླ་[205.4]སོ། །སྟོན་པས་བཀའ་སྩལ་པ། །རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །ལུང་གི་ངོ་བོ་ངེས་ཚིག་དང་། །དབྱེ་བ་ཐུན་མོང་དཔེ་རྣམས་བཤད། །རིགས་ཀྱི་བུ་ལུང་གི་ངོ་བོ་ནི། དབྱེ་བའི་སྒོ་ནས་བསྟན་པར་བྱ་སྟེ། དོན་གྱི་[205.5]ལུང་གི་ངོ་བོ་ནི། །མི་འགྱུར་སེམས་ཀྱི་ལུང་ཞེས་བྱ་སྟེ། རིག་པ་ཉིད་དོ། །ཚིག་གི་ལུང་གི་ངོ་བོ་ནི། །སྟོན་པའི་ཞལ་ནས་གསུངས་པ་ལས། །མ་བསྣན་མ་ཕྲིས་མ་བྱས་པའི་ཚིག་གོ། །ཚིག་གི་ལུང་ལ་གཉིས་ཏེ། སྙན་[205.6]ཁུང་ལས་རྒྱུད་པ་དང་། མངོན་དུ་ཕྱུང་བའོ། །དེ་ལ་གཉིས་སྟེ། དྲང་དོན་དང་ངེས་དོན་ནོ། །ལུང་གི་ངེས་ཚིག་ནི། ཚིག་གི་དོན་མཚོན་པས་ལུང་ཞེས་བྱ། ཡིད་ཆེས་པར་བྱ་བའི་ཕྱིར་ལུང་ཞེས་བྱ། ཟིན་པས་ལུང་ཞེས་[206.1]བྱ། བདེ་བླག་ཏུ་རྟོགས་པར་བྱ་བས་ལུང་། བཀྱེར་བདེ་བས་ཀྱང་ལུང་། ཀུན་དང་འབྲེལ་དུ་བ་་པས་ཀྱང་ལུང་ངོ་། །དཔེ་ནི་རྒྱལ་པོས་བཀའ་སྩལ་པ་ལྟ་བུ། སྣོད་སྤྱད་ལུང་ནས་ཟིན་པ་ལྟ་བུ་དང་། སྣོད་ལུང་མེད་[206.2]བཀྱེར་མི་བདེ་བ་ལས། ལུང་ཅན་བཀྱེར་བདེ་བ་ལྟ་བུ་དང་། འདམས་ཀྱི་ཕུར་པ་ལྟ་བུའོ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། ལུང་གི་དོན་བཤད་བསྟན་པའི་ལེའུ་སྟེ་གོ་དྲུག་[206.3]པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །མན་ངག་བཤད་ལུགས་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་པར་ཟུང་[206.4]ཞིག །མན་ངག་དོན་གྱིས་བཤད་ལུགས་ནི། །སྤྱི་དོན་རྣམ་པ་ལྔ་ཡིས་བཤད། །ལོ་རྒྱུས་དོན་དང་རྩ་བའི་དོན་དུ་བཤད་པའོ། །ཚིག་གི་དོན་དུ་བཤད་པ་དང་། །ཡོ་གའི་དོན་དུ་བཤད་པ་དང་། །དགོས་ཆེད་ཀྱི་དོན་དུ་[206.5]བཤད་པའོ། །ལོ་རྒྱུས་ཀྱི་དོན་ལ་གསུམ་སྟེ། གང་ཟག་དག་གིས་འཕྲལ་ལ་བྱས་པ་མ་ཡིན་པར། །དུས་གསུམ་སངས་རྒྱས་ཀུན་གྱི་དགོངས་པ་རྒྱུད་པས་བཤད། །སངས་རྒྱས་ཞལ་ནས་གསུངས་པ་ཡིད་ཆེས་[206.6]འགྱུར། །ངེས་པ་དོན་གྱི་འཁོར་ཡིན་པས། །རིག་འཛིན་བརྡ་ཡི་བརྒྱུད་པས་བཤད། །ལྡེམ་པོའི་དོན་ལ་དགོངས་པ་མ་ཡིན་པར། །ངེས་པའི་དོན་དུ་གསུངས་པའི་ཡིད་ཆེས་འགྱུར། །དེ་བཞིན་བཤད་པའི་དུས་སུ་གང་[207.1]ཟག་རྣ་བར་བརྒྱུད་ནས་བཤད། །བརྒྱུད་པ་འབྲེལ་མ་ཆད་པས་ངེས་པར་ཡད་ཆེས་འགྱུར། །རྩ་བའ་དོན་དུ་བཤད་པ་ ། །རང་རག་ཡེ་ཤེས་ཆེན་པོར་བཤད། །ཚིག་ ་དོན་དུ་བཤད་པ་ན། །བྱན་[207.2]རླབས་ངོ་བོ་ངེས་ཚིག་བསྡེབ་པ་སྟེ། །སྐུ་གསུམ་རྒྱལ་བའི་བཤད་ལུགས་ཡིན། །མཚོན་བྱེད་ཚིག་གིས་ངེས་པའི་དོན་བཤད་པས། །གོང་དུ་བཤད་པ་བཞིན་དུ་ཤེས་པར་བྱ། །ཡོ་གའི་དོན་དུ་བཤད་པ་ནི། །ཐེག་པའི་[207.3]ལ་ཤན་ཕྱི་ལ་བཤད། །དེ་ཡང་དོན་གསལ་འདིར་བསྟན་བཞིན། །དགོས་ཆེད་དོན་དུ་བཤད་པ་ནི། །འཁྲུལ་པ་གསུམ་པོ་རབ་འབྲིང་རིམ་པས་གྲོལ། །རིན་ཆེན་སྦུབས་སུ་གྲུབ་མཐའ་རྫོགས་པར་བསྟན། །ཞེས་[207.4]གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། མན་ངག་དགོས་ཆེད་ལྔས་བཤད་པའི་ལེའུ་སྟེ་གོ་བདུན་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །མན་[207.5]ངག་རྣམ་གསུམ་མཛོད་གྱུར་ཇི་ལྟར་ལགས། ཞེས་ཞུས་པས་སྟོན་པས་བཀའ་སྩལ་པ། །རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །སྐུ་དང་གསུང་དང་ཐུགས་དང་གསུམ་གྱི་མཛོད། །མན་ངག་ཀུན་གྱི་གཞི་ཡི་གནས་[207.6]ལུགས་དང་། །དེ་བརྗོད་ཚིག་གི་མན་ངག་དང་། །ཚིག་དང་དོན་སྦྱོར་མན་ངག་གསུམ། །བསྡུས་པའི་མན་ངག་ཚིག་གསུམ་པ། །སྐུ་གསུང་ཐུགས་ཀྱི་མཛོད་ནས་ཕྱུང་། །སྙིང་པོ་གསུམ་དུ་ཤེས་པར་བྱ། །ཞེས་གསུངས་[208.1]སོ། །ཡང་གསུངས་པ། མན་ངག་དོན་གྱི་ངོ་བོ་དང་། །མིང་གི་ངེས་ཚིག་བསྟན་པ་དང་། །དེ་ཡི་བྱེ་བྲག་ཇི་ལྟར་དཔེ་དང་བཅས་པ་བསྟན། །དེ་ཡི་དབྱེ་བ་བསྟན་པ་ནི། །ཚིག་དང་དོན་དུ་ཤེས་པར་བྱ། །དོན་གྱི་མན་[208.2]ངག་ངོ་བོ་ནི། །ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེ་ཐུགས་ལ་གནས། །གསལ་བར་ཞལ་དུ་བརྗོད་པའོ། །ཚིག་གི་མན་ངག་ངོ་བོ་ནི། །ཞལ་ནས་གསུངས་པའི་ཚིག་དོན་ཀུན། །མ་ནོར་དོན་དང་ཁྲིགས་[208.3]བསྡེབས་ནས། །བདེ་བླག་རྟོགས་ཕྱིར་དཀར་ཆག་མནན། །ཚིག་དོན་གསལ་བར་བྱེད་པ་ཡིན། །ངོ་བོ་དབྱེ་བ་དེ་བསྟན་ནོ། །དེ་ཡི་ངེས་ཚིག་བསྟན་པ་ནི། །ཚིག་ཆུང་དོན་ཆེའི་མན་ངག་གོ། །ངེས་དོན་གདམས་ངག་[208.4]གང་ཡིན་པ། །བརྗོད་བྲལ་གསང་ཕྱིར་མན་ངག་གོ། །ངེས་ཚིག་གཏན་ཚིགས་བཅས་པ་ཡིས། །མ་ཡིས་གདམས་པ་བུ་ལ་སྨྲས་པ་བཞིན། །སྤྱིར་ན་རྒྱུད་ལུང་མན་ངག་གསུམ། །རྗེ་བློན་འབངས་དང་འདྲ་བར་[208.5]བཤད། །ཅེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། མན་ངག་དོན་བཤད་པའི་ལེའུ་སྟེ་གོ་བརྒྱད་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། མན་ངག་ལུང་གི་ས་ལམ་དང་། །ཕ་[208.6]རོལ་ཕྱིན་པ་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །མན་ངག་རྫོགས་པ་ཆེན་པོ་ལ། །ས་ལ་སྦྱང་དུ་མེད་པ་ཡིན། །ལམ་ལ་བགྲོད་དུ་མེད་པ་ཡིན། །ཕ་[209.1]རོལ་ཕྱིན་བཅུ་སྤྱད་དུ་མེད། །འོན་ཀྱང་ཐེག་པ་སྤྱི་དང་སྒོ་བསྟུན་པས། །སྦྱང་དུ་མེད་པའི་ས་རིམ་དང་། །བགྲོད་དུ་མེད་པའི་ལམ་རིམ་དང་། །སྤྱོད་དུ་མེད་པའི་ཕ་རོལ་ཕྱིན་པ་སྤྱད། །ཅེས་གསུངས་[209.2]སོ། །དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། སྦྱང་དུ་མེད་པའི་ས་རིམ་གསུང་དུ་གསོལ། །ཞེས་ཞུས་སོ། །རྫོགས་ཆེན་ཆོས་ཉིད་ས་གཅིག་པ། །ཡོན་ཏན་རྟོགས་ཚུལ་བཅོ་ལྔ་བརྩིས། །རྒྱུད་ལུང་སྤྱི་ཡི་[209.3]ཁོག་དོན་ཀུན་བཀྲོལ་ནས། །ངོ་སྤྲོད་རྣམ་བཞིས་ཚེ་འདིར་བདེན་པ་མཐོང་། །དེ་ལ་རབ་ཏུ་དགའ་བའི་ས་ཞེས་བྱ། །མན་ངག་དོན་གྱིས་བློ་ཡི་ཐེ་ཚོམ་བསལ། །རང་གི་རྒྱུད་ལ་ངེས་པའི་ཤེས་པ་སྐྱེས། །དྲི་མ་མེད་པའི་[209.4]ས་རུ་བཏགས་པ་ཡིན། །གསུམ་པ་འོད་བྱེད་པ་ནི་སེམས་ཉིད་ཡེ་ཤེས་སུ་དབང་དུ་འདུས་སྟེ། དེ་ཉིད་རྩལ་དུ་ཤེས་པས་དོན་བརྗོད་རག་མ་ལུས། །བཞི་པ་འོད་འཕྲོ་དེ་དོན་ཀུན་ཏུ་སྒྲོགས། །ལྔ་པ་དུག་ལྔ་དུག་གསུམ་[209.5]ནང་དུ་དག །དྲུག་པ་སྦུབས་གསུམ་སྐབས་ཀྱི་སྐུ་གསུམ་གསལ། །བདུན་པ་ཐེགས་བརྒྱད་དོན་ལས་རབ་ཏུ་འཕགས། །བརྒྱད་པ་རང་གི་དོན་ལས་མ་གཡོས་མཁྱེན། །དགུ་པ་ཡོན་ཏན་རང་ལ་རྫོགས་པར་[209.6]མཁྱེན། །བཅུ་པ་ཆོས་རྣམས་གང་ལའང་ཐོགས་མེད་མཁྱེན། །བག་ཆགས་སྦུབས་སུ་རྟོགས་པ་སྐྱེ་ལུགས་ཡིན། །རྟོགས་ལྡན་འཁྲུལ་པའི་སྣང་བ་འགགས་པའི་ཚེ། །ཆོས་ཉིད་ཀློང་དུ་ཡེ་ཤེས་འོད་དུ་གསལ། །བཅུ་[210.1]རྫོགས་གཅིག་ལ་གནས་པ་ཀུན་ཏུ་འོད་ཀྱི་ས། །དེ་ཉིད་རང་སྣང་ཡིན་པས་མཁྱེན་པ་ཁོང་ནས་ཤར། ཁྲེས་རབ་སྐྱེས་པའི་སྟོབས་ཀྱི་སྐུར་གསལ་བ། །ཚོམ་བུ་ལྔ་པ་ཆོས་ཀྱི་སྤྱན་དྲུག་ཤར། །གསལ་ལ་མི་གནས་པདྨ་[210.2]ཅན་གྱི་ས། །གསུང་གི་ངོ་བོ་རང་བྱུང་ཡི་གེ་དྲུག །ལྗགས་ལས་འོད་འཕྲོས་སྤྲུལ་པའི་སྐུར་གྱུར་པས། །བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་ས། །སྤྲུལ་པའི་སྐུ་ཡི་འགྲོ་དོན་རྫོགས་མཛད་པ། །རྡོ་རྗེ་འཛིན་པ་བཅུ་[210.3]བཞིའི་ས་རུ་བཞག །ཡེ་ཤེས་སྦུབས་སུ་རྫོགས་སངས་རྒྱས་པ་ཡིས། །ཐུགས་རྗེས་གནས་ནས་སྒྲོལ་ཞིང་རང་རང་གཞི་ལ་སྦྱོར། །གསང་བའི་དོན་གྱིས་སྦྱོར་སྒྲོལ་ཞེས་སུ་བཏགས། །རང་བྱུང་ཚིག་ལྔ་ཞི་བ་མྱ་ངན་[210.4]འདས། །རིན་ཆེན་སྐྲུབས་སུ་སྐུ་ལྔ་ཀློང་ནས་འཁྱིལ། །དཔེར་ན་གནམ་སྟོང་ཟླ་བ་ཡོངས་རྫོགས་ཀྱང་། །ཉི་མའི་སྟོབས་ཀྱིས་ཟླ་བ་མི་སྣང་བ། །ཚེས་གཅིག་དགོང་ནས་བཅོ་ལྔ་རྫོགས་གྱུར་ཏེ། །དེ་ནས་ཟླ་བ་སྐྱེ་བ་[210.5]མེད་པ་ལྟར། །རིན་ཆེན་སྦུབས་སུ་འདུ་འབྲལ་མེད་ཀྱིས་ཀྱང་། །འཁྲུལ་པའི་སྟོབས་ཀྱིས་དངོས་སུ་གསལ་མ་ནུས། །དང་པོའི་ས་ནས་བཅོ་ལྔ་ཡོངས་རྫོགས་ཏེ། །དེ་ལས་ཡར་གཤེགས་དགུ་ལ་ཤུལ་མི་མངའ། །ཉི་ཤུ་[210.6]རྩ་གཅིག་སུམ་ཅུ་རྩ་སོགས་རྣམས། །བཅོ་ལྔའི་འདུག་ཚུལ་ཡོན་ཏན་ཟུར་ཙམ་ཡིན། །བརྩི་བ་མས་བརྩི་ཤེས་པ་ཐད་ཀར་ཆོད། །གཟིགས་པ་མ་འགགས་ཡས་གཟིགས་ཏེ། །རྣམ་རྟོག་མི་མངའ་ས་ལེར་མཁྱེ༷ན་[211.1]པའོ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། །ས་དང་ཕ་རོལ་ཕྱིན་པ། ལམ་ལྔ་འཁྲུགས་པའི་བསྡེབ་དང་། སའི་རིམ་པ་དངོས་བསྟན་པའི་ལེའུ་སྟེ་གོ་དགུ་པའོ།། །།དེ་[211.2]ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ས་ཡི་དོན་བཤད་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །ངོ་བོ་ངེས་ཚིག་དབྱེ་[211.3]བ་དང་། །མཐུན་པའི་དཔེ་རུ་བསྡུས་ལ་བཤད། །ཀྱེ་རིགས་ཀྱི་བུ་ས་ཡི་དོན་གྱི་ངོ་བོ་ནི། ཆོས་ཉིད་མི་འགྱུར་བའོ། །མཐོ་དམན་གྱི་ངོ་བོ་ནི། ཤེས་རབ་དང་སྙིང་རྗེ་ཆེ་ཆུང་ངོ་། །ས་ཡི་དབྱེ་བ་ནི། འཇིག་རྟེན་པའི་ས་[211.4]དང་འདས་པའི་སའོ། །འདས་པའི་ས་ལ་གཉིས་ཏེ། ཐེག་པ་ཆེན་པོའི་ས་དང་། ཐེག་པ་འོག་མའི་སའོ། །ཐེག་པ་ཆེན་པོའི་ས་ལ་ཐུན་མོང་དང་ཁྱད་པར་རོ། །ཁྱད་པར་འདིར་བསྟན་པའོ། །ངེས་ཚིག་ནི་མི་འགྱུར་[211.5]གནས་པའི་ཕྱིར་སའོ། །དཔེ་ནི་མ་འདྲེས་ལ་རྫོགས་པ་མཆོད་རྟེན་གྱི་ཁྲི་འཕང་ལྟ་བུའོ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། སའི་དོན་བཤད་བསྟན་པའི་ལེའུ་སྟེ་བརྒྱ་ཐམ་[211.6]པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །བགྲོད་ཅིང་འཇུག་ཏུ་མེད་པ་ཡི། །ལམ་གྱི་རིམ་པ་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། །ལག་[212.1]ན་རྡོ་རྗེ་ངེས་པར་ཟུང་ཞིག ལམ་མེད་ལམ་དུ་འཇུག་པ་རྣམས་ལམ་གྱི་ནད་ཆེ་བ། ཕྱིན་པར་འདོད་པ་རི་དགས་སྨིག་རྒྱུར་བསྙེགས་པ་འདྲ། དེ་བས་ངེས་པའི་ལམ་མ་ཡིན། །བགྲོད་མེད་ལམ་ལ་རབ་གནས་[212.2]པའི། །འདུ་འབྲལ་མེད་པའི་དགོངས་པ་ལས། །མ་ནོར་ངེས་པའི་ལམ་ཆེན་གཅིག །བགྲོད་དུ་མེད་པའི་ཆོས་ཉིད་བྱང་ཆུབ་སེམས་། །རྩོལ་བས་འགྲོ་བས་ཡེ་ཤེས་མཐའ་ལ་རིང་། །འཇུག་དུ་མེད་དོ་རང་རིག་ཡེ་ཤེས་[212.3]ལམ། །འཇུག་པའི་རྩོལ་བས་སྡུག་བསྔལ་མཐའ་རུ་ལྷུང་། །འོན་ཀྱང་མ་བཤད་གོ་བར་མི་འགྱུར་བས། །བགྲོད་མེད་ལམ་གཅིག་རྟོགས་པའི་ཐབས། །སྒྲ་མཐུན་དོན་འཕགས་ལམ་ལྔ་བཤད། །བླ་མར་བསྙེན་བཀུར་[212.4]ཡོངས་རྫོགས་ནས། །དམ་པའི་དྲུང་ན་གནས་པ་ནི། །ཚོགས་ཀྱི་ལམ་ཞེས་དེ་ལ་བྱ། །བླ་མས་དམ་པའི་དོན་བཤད་དེ། །གདམས་ངག་གཉིས་ཀྱི་དོན་ལ་སྦྱོར། །སྦྱོར་པའི་ལམ་དུ་ང་ཡིས་བཤད། །ངོ་སྤྲོད་རྣམ་པ་[212.5]བཞིའི་སྒོ་ནས། །ཚེ་འདིར་ངེས་པའི་བདེན་པ་མཐོང་ མཐོང་བའི་ལམ་དུ་ང་ཡིས་བཤད། །བསྒོམ་དུ་མེད་པའི་བསྒོམ་པ་དང་། །བསྒོམ་དུ་ཡོད་པའི་མེད་པ་གཉིས། །འདུ་འབྲལ་མེད་པར་གནས་པ་ནི། །བསྒོམ་[212.6]པའི་ལམ་དུ་ང་ཡིས་བསྟན། །སངས་རྒྱས་དགོངས་པ་གདེང་ཆེན་བཞི། །མི་གནས་ཚུལ་གྱིས་མཐར་ཕྱིན་པས། །མཐར་ཕྱིན་ལམ་དུ་ང་ཡིས་བཤད། །ཅེས་གསུངས་སོ། །སྤྲོད་བྲསལ་དོན་གསལ་ཆེན་པོའི་རྒྱུད་ལས།[213.1]འབྲས་བུ་ངེས་པའི་ལམ་ལྔ་བསྟན་པའི་ལེའུ་སྟ་བརྒྱ་དང་གཅིག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ལམ་གྱི་དོན་བཤད་གསུངདུ་[213.2]གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། །གསང་བའི་བདག་པོ་ངེས་ཟུང་ཞིག །ལམ་གྱི་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་པའི་དཔེ་རུ་བཤད། །ངས་བསྟན་ལམ་གྱི་ངོ་བོ་ནི། །འདུ་འབྲལ་མེད་པའི་[213.3]རྣལ་འབྱོར་ཡིན། །ལམ་གྱི་ངེས་ཚིག་བསྟན་པ་ནི། །གཞན་དུ་བགྲོད་ཅིང་འཇུག་ཏུ་མེད། །མི་འབྲལ་གནས་པས་ལམ་ཞེས་བྱ། །དབྱེ་བ་རྣམ་པ་གཉིས་ཡིན་ཏེ། །རྒྱུ་ཡི་ལམ་དང་འབྲས་བུ་ངེས་པའི་ལམ། །དཔེ་ནི་[213.4]འཇིག་རྟེན་ལམ་དང་འདྲ། །རྩོལ་བྲལ་ལམ་གྱི་མཚོན་དཔེ་ནི། །མཁའ་ལ་ཁྱུང་ཆེན་ལྡིང་བ་འདྲ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། ལམ་གྱི་དོན་བཤད་བསྟན་པའི་ལེའུ་སྟེ་བརྒྱ་དང་[213.5]གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །རྩོལ་བསྒྲུབ་དག་ལས་འདས་པ་ཡི། །སྤྱད་མེད་ལྷུན་གྱིས་གྲུབ་པ་ཡི། །འབྲས་བུ་ཕ་རོལ་ཕྱིན་པ་བཅུ། །སྒྲ་[213.6]མཐུན་དོན་འཕགས་གསུང་དུ་གསོལ། །ཞེས་ཞུསླ་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །ཕ་རོལ་ཕྱིན་པ་ཆེན་པོ་བཅུ། །ཟིན་པས་རྩོལ་པའི་ནད་སྤངས་པ། །ལྷུན་གྱིས་གནས་པས་[214.1]བཞག་པ་ཡིན། །སྙིང་པོ་ཡེ་ནས་སངས་རྒྱས་པས། །རྩོལ་བའི་བསམ་པས་དབྱིངས་མི་བསྐྱོད། །བསམ་གཏན་ཏིང་འཛིན་སངས་རྒྱས་སྐུ་ལ་བསྒྲིབས། །སངས་རྒྱས་སྐུ་ནི་མ་སྒྲིབས་ཀུན་ཏུ་གསལ། །ལྷུན་གྲུབ་ཆེན་[214.2]པོར་མ་རྟོགས་པ། །ངེས་པའི་ཕ་རོལ་ཕྱིན་པ་མིན། །ཡང་དག་ངེས་པའི་དོན་ཆེན་དེ། །ངོ་བོ་ནམ་མཁའ་ལྟ་བུ་ལ། །ཡོན་ཏན་སྣང་བ་ཕྱོགས་མེད་ཤར། ཁྲར་ཡང་རང་རིག་རྣམ་པར་དག །དེ་ཉིད་སྦྱིན་པའི་ཕ་རོལ་[214.3]ཕྱིན། །དྲི་མེད་རྣམ་དག་ཚུལ་ཁྲིམས་ཕ་རོལ་ཕྱིན། །འགྲན་ཟླ་མེད་པས་བཟོད་པའི་ཕ་རོལ་ཕྱིན། །བརྗེད་པ་མེད་པས་བརྩོན་འགྲུས་ཕ་རོལ་ཕྱིན། །གཡོ་བ་མེད་པས་བསམ་གཏན་ཕ་རོལ་ཕྱིན། །འགག་པ་མེད་པས་[214.4]ཤེས་རབ་ཕ་རོལ་ཕྱིན། །གཏི་མུག་མ་རིག་མེད་པས་དེ་བཞིན་ནོ། །བྱ་རྩོལ་མི་མངའ་ཐབས་ཀྱི་ཕ་རོལ་ཕྱིན། །སྐད་ཅིག་སྤྱོད་པས་སྟོབས་ཀྱི་ཕ་རོལ་ཕྱིན། །ཡོན་ཏན་རང་ལ་རྫོགས་པས་སྨོན་ལམ་ཕ་རོལ་[214.5]ཕྱིན། །གཞི་གནས་ཡེ་ཤེས་ཡིན་པས་ཡེ་ཤེས་ཕ་རོལ་ཕྱིན། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། ཕ་རོལ་ཏུ་ཕྱིན་པ་བཅུའི་སྤྱོད་པའི་ལམ་གཞི་རྫོགས་སུ་བསྟན་པའི་ལེའུ་སྟེ་བརྒྱ་དང་[214.6]གསུམ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །དོན་གྱིས་ཕ་རོལ་ཕྱིན་པ་བཅུ། །དེ་ཡི་དོན་བཤད་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་[215.1]རྗེ་འཛིན་པ་ལེགས་པར་ཟུང་ཞིག །ཕ་རོལ་ཕྱིན་པའི་ངོ་བོ་དང་། །ངེས་ཚིག་དབྱེ་བ་མཐུན་དཔེ་རྣམས། །བསྡུས་ཏེ་དོན་དུ་གསལ་བར་བཤད། །དང་པོ་ངོ་བོ་བཤད་བྱ་བ། །རྣམ་གྲངས་ངེས་པའི་དོན་[215.2]ལ་བཞག །དབྱེ་བའི་སྒོ་ནས་ཤེས་པ་ཡིན། །ངེས་ཚིག་གཏན་ཚིག་བཅས་པ་ནི། །མི་གནས་མཐར་རྫོགས་ཕ་རོལ་ཕྱིན། །དབྱེ་བ་རྣམ་པ་གཉིས་སུ་འདུས། །རྒྱུ་ཡི་ཕ་རོལ་ཕྱིན་པ་དང་། །འབྲས་བུའི་ཕ་རོལ་ཕྱིན་[215.3]པའོ། །དཔེར་ན་དོན་གཉེར་ལམ་ཞུགས་པས། །འདོད་པའི་ཡུལ་དུ་ཕྱིན་པའམ། །གྲུ་ལ་བརྟེན་ནས་མཚོ་ལས་ཐར། །སྐྱེས་བུའི་མཐེབ་མོས་མདའ་བསྐྱོད་བཞིན། །མཐར་ཕྱིན་གྲུབ་པའི་ས་ལ་གནས། །ཞེས་གསུངས་[215.4]སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། འབྲས་བུ་ཕ་རོལ་དུ་ཕྱིན་པའི་དོན་བཤད་བསྟན་པའི་ལེའུ་སྟེ་བརྒྱ་དང་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་[215.5]འཆང་། །སྟོན་པས་གསུངས་པའི་རྒྱུད་ལུང་ལས། །སྦུབས་ཞེས་གསུངས་པ་ཇི་ལྟར་ལགས། །ཞེས་ཞུསླ་སོ། །སྟོན་པས་བཀའ་སྩལ་པ། །རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །སྦུབས་ཀྱི་ངོ་བོ་ངེས་ཚིག་དང་། །དབྱེ་[215.6]བ་མཐུན་པའི་དཔེ་ཡིས་བཤད། །དབྱེ་བ་རྣམ་པ་གསུམ་ཡིན་ཏེ། །རིན་ཆེན་སྦུབས་དང་འོད་ཀྱི་སྦུབས། །བག་ཆག་སྦུབས་དང་གསུམ་ཡིན་ནོ། །དང་པོ་མཚན་ཉིད་འཛིན་པ་ནི། །རྣམ་དག་ཟང་ཐལ་མི་རྟོག་འགྱུར་བ་[216.1]མེད། །འགག་མེད་ཀུན་གསལ་ཡེ་ཤེས་སྐུ། །ཕྱོགས་གཅིག་མཚན་མ་མན་ཤེལ་བཞིན། །ཞིབ་ཏུ་གོང་བསྟན་གཞི་སྣང་བཞིན། །རིན་ཆེན་སྦུབས་ཞེས་ཆོས་སྐུ་ཡིན། །བར་པའི་མཚན་ཉིད་བསྟན་པ་ནི། །འགག་མེད་[216.2]ཡེ་ཤེས་འོད་ཀྱི་སྐུ། །སུམ་ཅུ་རྩ་གཉིས་མཚན་འཆང་བ། །ཚོམ་བུའི་དཀྱིལ་འཁོར་ཆེན་པོ་ལྔ། །གསལ་མཚེར་ལྷུན་སྡུག་གཟི་བརྗིད་འབར། །འོད་ཀྱི་སྦུབས་དེ་ལོངས་སྐུ་ཡིན། །ཐ་མའི་མཚན་ཉིད་བསྟན་པ་[216.3]ནི། །བག་ཆགས་རྣམ་བཞི་ཡོངས་རྫོགས་པ། །ཕུང་པོ་ཁམས་དང་སྐྱེ་མཆེད་བཅས། །ཚོགས་བརྒྱད་སེམས་དང་བཅས་པ་ནི། །བག་ཆགས་སྦུབས་སུ་ང་ཡིས་བསྟན། །དེ་ལ་སྦུབས་གསུམ་ངོ་བོ་ནི། །གོང་བསྟན་སྐུ་[216.4]གསུམ་ཡིན་པར་བཤད། །སྦུབས་ཞེས་བྱ་བའི་གཏན་ཚིགས་ནི། །ཞུགས་པའི་རྟེན་དུ་གྱུར་པ་ཡིན། །སྦུབས་ཞེས་བྱ་བའི་བརྗོད་ཚིག་ནི། །སོ་སོའི་ངེས་ཚིག་བསྟན་པ་ཡིན། །ཡོན་ཏན་ཀུན་འབྱུང་རིན་ཆེན་[216.5]སྦུབས། །སྣང་ལ་རང་བཞིན་མེད་པ་འོད་ཀྱི་སྦུབས། །ཆུ་ཟླ་མེ་ལོང་གཟུགས་བརྙན་དང་། །འཇའ་ཚོན་ལྟ་བུའི་དཔེ་ཡིས་བསྟན། །རྣམ་རྟོག་མཐུ་བརྟས་བག་ཆགས་སྦུབས། །ཞེས་གསུངས་སོ། །སྤྲོས་བྲལ་དོན་[216.6]གསལ་ཆེན་པོའི་རྒྱུད་ལས། སྦུབས་བསྟན་པའི་ལེའུ་སྟེ་བརྒྱ་དང་ལྔ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །སྟོན་པས་གསུངས་པའི་རྒྱུད་ལུང་དུ། །སྣང་བའི་བྱེ་[217.1]བྲག་གསུངས་པ་རྣམས། །དེ་ཡི་དོན་བཤད་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། །རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །སྣང་བའི་ངོ་བོ་ངེས་ཚིག་དང་། །དབྱེ་བ་སོ་སོའ་དཔེ་[217.2]རུ་བསྟན། །དང་པོ་དབྱེ་བ་རྒྱས་བསྡུས་གཉིས། །རྒྱས་པ་ལ་ཡང་རྣམ་པ་བཞི། །འགྲོ་དྲུག་ཞེན་པའི་སྣང་བ་དྲུག །རྒྱུ་འབྲས་བློ་ཡི་སྣང་བ་བཅུ། །རྟོགས་ལྡན་དོན་གྱི་སྣང་བ་གཅིག །དབྱེར་མེད་ཀུན་ཏུ་བཟང་པོའི་[217.3]སྣང་བ་བཞི། །བསྡུས་པའི་སྣང་བ་རྣམ་པ་གསུམ། །མ་དག་འཁྲུལ་པའི་སྣང་བ་དང་། །དག་པ་འཇིག་རྟེན་པའི་སྣང་བ་དང་། །ཡང་དག་པ་ཡེ་ཤེས་ཀྱི་སྣང་བའོ། །དང་པོ་སྣང་བ་རྒྱས་བཤད་པ། །འགྲོ་དྲུག་ཞེན་པའི་[217.4]སྣང་བ་དྲུག །ཤེས་བྱའི་དཀྱིལ་འཁོར་མ་འགགས་པས། །སྣང་བའི་དངོས་པོ་འདི་ཉིད་ལ། །དམྱལ་བས་ཚ་གྲངས་གཉིས་སུ་མཐོང་། །ཡི་དྭགས་གསུམ་ལ་སྣང་བ་གསུམ། །ཕྱི་ནང་སྤྱི་མཐུན་སྣང་བའོ། །ཕྱི་ཡིས་ཟས་[217.5]ལ་རྣག་ཁྲག་དང་། །གོས་ལ་ཚར་མ་ལྟ་བུའོ། །གཅིག་ལ་ཟས་སྣང་སྲུང་མས་བསྲུང་། །གཅིག་ལ་སྲུང་མེད་ཟོས་པ་དུག །དེ་བཞིན་ཡི་དྭགས་གསུམ་དུ་སྣང་། །བྱོལ་སོང་གཉིས་ལ་སྣང་བ་གཉིས། །བྱིངས་ན་གནས་[217.6]པས་མུན་པ་སྟེ། །ཁ་འཐོར་གནས་པས་གྱེན་ཐུར་སྣང་། །མི་ལ་མཐུན་སྣང་འདི་ཉིད་སྟེ། །རང་རང་ཡུལ་མི་ཁྱིམ་ཚེས་སོགས། །ལྷ་མ་ཡིན་ལ་གོ་མཚོན་སྣང་། །ལྷ་ལ་རིན་ཆེན་བདུད་རྩིར་སྣང་། །བློ་སྣང་ཞེན་པའི་[218.1]བག་ཆགས་ཡིན། །རྒྱུ་འབྲས་བློ་ཡིསྣང་བ་བཅུ། །མུ་སྟེགས་རྟག་པའི་སྣང་བ་ཡང་། །རྟག་པའི་དངོས་ལས་གཞན་མི་སྣང་། །མུ་སྟེགས་ཆད་པའི་སྣང་བ་ཡང་། །འདི་ཡོད་ཕྱི་མ་མེད་པ་སྟེ། །སྣང་འདི་གློ་བུར་བྱུང་བ་[218.2]དང་། །ཞིག་པས་འབྱུང་ལྔའི་ངང་དུ་ཞ། །ཆད་པར་སྣང་ལས་གཞན་མི་སྣང་། །ཉན་ཐོས་གཡག་རྔ་ནེའུ་སེང་དང་། །གོང་བུ་ཆ་ཤས་མེད་པ་ལྟར། །གཟུང་འཛིན་ཆོས་ཀྱི་བདག་ཏུ་འཛིན། །རང་རྒྱལ་གོང་མཐུན་[218.3]ཕྱོགས་གཅིག་སྟོང་། །ཕུང་པོ་ཁམས་ལ་ཕྱོགས་གཅིག་བདག་མེད་པ། །མདོ་སྡེ་དོན་དམ་སྟོང་པ་ཉིད། །ཀུན་རྫོབ་སྒྱུ་མ་ཙམ་དུ་སྣང་། །གསང་སྔགས་ཕྱི་ནང་གཉིས་ཀ་ཡང་། །དོན་དམ་མདོ་སྡེ་མཐུན་པ་ལ། །ཀུན་[218.4]རྫོབ་སྣང་བ་སོ་སོར་མཐོང་། །ཀྲི་ཡས་རིགས་གསུམ་རྗེ་ཁོལ་མཐོང་། །ཨུ་པས་ལྷ་དང་དཔོན་གཡོག་མཐོང་། །ཡོ་གས་སྤུན་དང་གྲོགས་པོར་མཐོང་། །མ་ཧྭས་ཕུང་པོ་ལྷར་སྣང་མཐོང་། །ཨ་ནུས་དབྱིངས་དང་ཡེ་[218.5]ཤེས་མཐོང་། །ཀུན་གྱིས་རྒྱུ་འབྲས་མི་སྤངས་ཤིང་། །དངོས་པོ་མི་བདེན་བློ་ལ་སྣང་། ཁུ་འབྲས་བློ་ཡི་སྣང་བ་ཡིན། །རྟོགས་ལྡན་དོན་གྱི་སྣང་བ་ནི། །རྫོགས་ཆེན་རྟོགས་པའི་སྣང་བ་ཡིན། །ཐམས་ཅད་ཆོས་སྐུའི་[218.6]ངོ་བོ་མཐོང་། །ཀུན་ཏུ་བཟང་པོའི་སྣང་བ་ཡིན། །གོང་མ་དང་མཚུངས་གཉིས་མེད་སྣང་། །ཐོག་མའི་གཞི་སྣང་འདུག་ཚུལ་ཡིན། །བསྡུས་པའི་སྣང་བ་རྣམ་པ་གསུམ། །མ་དག་འཁྲུལ་སྣང་གོང་བསྟན་རིགས་དྲུག་[219.1]ཡན། །དག་པ་འཇག་རྟེན་པའ་སྣང་བ་བཅུ་ན་བྱང་ཆུབ་སེམས། །ཡང་དག་ཡེ་ཤེས་སྣང་བ་བ ་པོ་གོང་དང་མཚུངས། །སྣང་བའ་དབྱེ་བ་རྒྱས་བསྡུས་བསྟན་པའོ། །སྣང་བའ་ངོ་བོ་བསྟན་པ་ན། །དབྱེ་[219.2]བ་གོང་ནས་ཤེས་པར་གྱིས། །འོག་ཏུ་ཟུར་ཙམ་བརྗོད་མི་ལང་། །ཡང་དག་ངེས་པའི་ངོ་བོ་ནི། །ཆོས་ཉིད་གདངས་དང་སྣང་བ་དག་གི་ངེས་ཚིག་ནི། །འགག་མེད་ཡུལ་དུ་མཐོང་བས་སྣང་བར་བཏགས། །དཔེ་ནི་དབྱེ་[219.3]བའི་ཁོག་ཏུ་བསྟན། །འདི་རུ་ངེས་པའི་དཔེ་བསྟན་པ། །ཉི་མ་དག་ལས་ཟེར་སྣང་དང་། །མར་མེ་ལ་སོགས་སྣང་འོད་བཞིན། །སྣང་ཞིང་རང་གི་གདངས་ལ་ཞུགས། །དེ་བཞིན་ཡེ་ཤེས་ཆེན་པོ་ལས། །ཡེ་ཤེས་རང་[219.4]གདངས་ཟང་ཐལ་སྣང་། །ཡེ་ཤེས་རང་གི་གདངས་ལ་ཞུགས། །ཆོས་ཉིད་དག་པའི་དཔེ་བསྟན་པ། །མེ་ལོང་ལ་སོགས་བཞིན་སྣང་བཞིན། །གོང་དུ་བཤད་པས་འདིར་མ་བརྗོད། །བསྡུས་པས་གནས་པའི་ཡུལ་མ་[219.5]ཡིན། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། སྣང་བའི་དོན་བསྡུས་གསལ་བར་བསྟན་པའི་ལེའུ་སྟེ་བརྒྱ་དང་དྲུག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་[219.6]ལྡན་རྡོ་རྗེ་འཆང་། །སྣང་བ་དེ་ལ་གནས་པ་ཡི། །འཆར་ལུགས་བཞི་པོ་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ལག་ན་རྡོ་རྗེ་ལེགས་པར་ཟུང་ཞིག །དང་པོ་ཐུགས་རྗེ་རྩལ་གྱི་འཆར་ལུགས་[220.1]ན། །རིག་པ་མཚན་ཉིད་ལྔར་སྣང་བས། །རང་བྱུང་ཡེ་ཤེས་འོད་དུ་གསལ། །དེ་ལས་གཟུང་འཛིན་རྟོག་འགྱུས་པས། །འོད་དེ་ལུས་ཀྱི་རྟེན་དུ་གྱུར། །ཐུགས་རྗེ་རྩལ་གྱི་འཆར་ལུགས་ལ། །དེ་ནི་འཁྲུལ་པའི་སེམས་[220.2]ཅན་ལའོ། །ཐུགས་རྗེ་སྤྲུལ་སྐུའི་འཆར་ལུགས་ནི། །ལོངས་སྐུ་ཡབ་ཡུམ་ཞལ་བར་ནས། །ཡི་གེ་དྲུག་པ་འོད་དུ་འཕྲོ་བའོ། །སྲིད་པ་བཞི་ཡི་འཛིན་ལུགས་ནི། །དང་པོ་བག་ཆགས་ལུས་འདི་ལ། །བརྟགས་ནས་སྲིད་པ་[220.3]གཟུང་བའོ། །དེ་ནས་ལུས་བྱིངས་བསྐྱེད་པའོ། །མིག་གཉིས་དག་ནས་རྩ་གཉིས་ཤར། །དེ་ལས་རྩ་ཡི་མདུད་པར་གྱུར། །དེ་ལས་ལུས་བསྐྱེད་རྩ་ཡིས་ཡན་ལག་རྒྱས། །དེ་ཡི་ནང་དུ་ཙིརྟི་དང་། །གློ་བ་ལ་སོགས་ནང་[220.4]ཁྲོལ་རྣམས། །དོན་སྙིང་སོ་སོར་རྫོགས་པར་འགྱུར། །སྡུད་བྱེད་ལུས་ཀྱི་ཆགས་ལུགས་ཡིན། །ལུས་བྱིངས་བསྐྱེད་རྫོགས་གཡོ་བར་བྱེད། །ནང་གི་བཅུད་ཀྱི་ཆགས་ལུགས་ནི། །མ་བུའི་ལྟེ་བ་གཉིས་འབྲེལ་ཏེ། །ལྟེ་[220.5]བས་ནང་ནས་བསྐྱེད་པར་བྱེད། །དེ་ཡིས་སྟོབས་དང་གཟི་མདངས་འཕེལ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། ཆགས་ལུགས་བཞི་བསྟན་པའི་ལེའུ་སྟེ་བརྒྱ་དང་བདུན་པའོ།། །།དེ་[220.6]ནས་ཡང་གསང་བའི་བདག་པོས་ཞུསླ་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །རྒྱུད་ལུང་ཀུན་ནས་གསུངས་པ་ཡི། །བར་དོ་རྣམ་བཞི་གསུང་དུ་གསོལ། །ཞེས་ཞུས་སོ། །་ན་པས་བཀའ་སྩལ་པ། །རིགས་ཀྱི་བུ་ལེགས་[221.1]པར་ཉོན་ཅིག །བར་དོ་རྣམ་པ་བཞི་པོ་་ནི། །རང་བཞིན་དག་པའི་བར་དོ་དང་། །ཏིང་ངེ་འཛིན་གྱི་བར་དོ་དང་། །ཆོས་ཉིད་འོད་གསལ་གྱི་བར་དོ་དང་། །སྲིད་པའི་བར་དོ་དང་རྣམ་པ་བཞིའོ། །དེ་ལ་[221.2]རང་བཞིན་བར་དོ་ནི། །ད་ལྟའི་འཁྲུལ་སྣང་འདི་ཉིད་ཡིན། །ཏིང་ངེ་འཛིན་གྱི་བར་དོ་ནི། །ལས་སུ་མ་རུངས་བསྒོམ་དུས་ཡིན། །ཆོས་ཉིད་བར་དོ་ཞེས་བྱ་བ། །འཁྲུལ་སྣང་འགགས་ནས་ཞག་ལྔའི་བར། །རང་རིག་ཡེ་[221.3]ཤེས་འོད་དུ་ཤར། །འོད་ལ་གནས་པ་བར་དོ་ཡིན། །སྲིད་པའི་བར་དོ་ཞེས་བྱ་བ། །ཆོས་ཉིད་འོད་གསལ་སྣང་བ་ཡང་། །རྟོགས་པའི་ཤེས་རབ་མ་སྐྱེས་པས། །སྔ་ནས་ཡེ་ཤེས་བག་ལ་ཞ། །སྔར་གྱི་བག་ཆགས་སྣང་[221.4]བ་ཤར། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། །སྲིད་པའི་ཤ་གཟུགས་སྔོན་དུ་ཤར། །རང་དང་རིགས་མཐུན་ལྷ་མིག་མཐོང་། །ལུས་དང་འདུག་ས་ཚོལ་བར་བྱེད། །ངོ་བོ་དབྱེ་བར་བཅས་པའོ། །ངེས་པའི་དོན་ལ་མི་[221.5]གནས་པས། །རང་ས་མ་ཟིན་བར་དོ་ཡིན། །ངེས་པའི་གཏན་ཚིགས་ཞེས་བྱའོ། །དཔེར་ན་འཇིག་རྟེན་དོན་གཉེར་བ། །འགྲོ་སར་མ་ཕྱིན་ཞག་ས་བཞིན། །རང་བཞིན་གནས་པའི་བར་དོ་ལ། །རྒྱུད་ལུང་ཀུན་གྱི་ཁོག་[221.6]གྲོལ་་ ངོ་དྲོ ་བ ་གྱིས་༨ ་་ལ་ཕབ རང་རི ་ ་བས་ཐ ་ཆོ ་པའོ ངང་འཛི ་བར་་་ སལ་བར་བྱ ཆོས་ཉི ་བར་་་ཡེ་་ས་ངོས་བཟུང་བའོ ལ་་་ ་ ར་མ་ ར་པས སྲི ་པའི་བར་་་[222.1]ལས་ཀྱི་འཕྲོ་མཐུད་པའོ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། བར་དོ་བཞི་བསྟན་པའི་ལེའུ་སྟེ་བརྒྱ་དང་བརྒྱད་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། །ཀྱེ་ཀྱེ་བཅོམ་[222.2]ལྡན་རྡོ་རྗེ་འཆང་། །ཆོས་ཉིད་བར་དོར་གྲོལ་བའི་ཐབས། །སེམས་དང་ཡེ་ཤེས་ཇི་ལྟར་དབྱེ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ངེས་པར་ཟུང་ཞིག །སེམས་དང་ཡེ་ཤེས་རྣམ་པ་[222.3]གཉིས། །གཅིག་མིན་ཐ་དད་མ་ཡིན་ཏེ། །དབྱེ་བ་རབ་ཏུ་དཀའ་བའི་ཆོས། །སེམས་ཉིད་ཡེ་ཤེས་རྩལ་ཡིན་ཏེ། །སེམས་ཀྱི་གཞི་མ་ཡེ་ཤེས་ཡིན། །དེ་ལ་སེམས་དང་ཡེ་ཤེས་གཉིས། །གཅིག་པ་དང་ནི་ཐ་དད་[222.4]པས། །གྲོལ་དང་མ་གྲོལ་ཞེས་བྱའོ། །སེམས་དང་ཡེ་ཤེས་དབྱེ་བ་ནི། །ངོ་བོའི་སྒོ་ནས་དབྱེ་བ་དང་། །གནས་ཀྱི་སྒོ་ནས་དབྱེ་བ་དང་། །ལམ་གྱི་སྒོ་ནས་དབྱེ་བ་དང་། །འབྱུང་བའི་སྒོ་ནས་དབྱེ་བ་དང་། །སྐྱོན་ཡོན་སོ་[222.5]སོའི་སྒོ་ནས་དབྱེ་བའོ། །དེ་ལ་ཡེ་ཤེས་ངོ་བོ་ནི། །རང་བཞིན་རྣམ་པར་དག་པ་ཆོས་ཀྱི་སྐུ། །འདུག་ཚུལ་འོད་དུ་འདུག་པས་གཟུགས་ཀྱི་སྐུ། །སྣང་ཚུལ་ཕྱི་ནང་མེད་པས་ཡེ་ཤེས་ཟང་ཐལ་ཡིན། །སྐུ་གསུམ་དབྱེ་མེད་[222.6]དངོས་པོའི་སྒྲིབ་ལས་འདས། །ཞིབ་ཏུ་གོང་བཤད་འདིར་ནི་མ་བརྗོད་དོ། །སེམས་ཀྱི་ངོ་བོ་བསྟན་པ་ནི། །སྦུབས་དང་བཅས་པའི་གཟུང་འཛིན་ཡིན། །སེམས་དང་ཡེ་ཤེས་གནས་བསྟན་པ། །ཡེ་ཤེས་ཆེན་པོའི་[223.1]བཞུགས་གནས་ཡིན། །རྣམ་དག་དབྱིངས་ཀྱི་ཐིག་ལེ་ཡིན། །དེ་ལྟར་རིན་ཆེན་སྦུབས་ན་བཞུགས། །འདུག་ཚུལ་གནས་དང་སྣང་ཚུལ་རྣམས། །གོང་དང་འོག་ཏུ་ཤེས་པར་བྱ། །སེམས་ནི་རླུད་ཅན་གྲོང་[223.2]ན་བཞུགས། །ལམ་ཡང་རྣམ་པ་གཉིས་སུ་བསྟན། །རིན་ཆེན་རྒྱ་མཚོར་འབྲེལ་བ་ཡིན། །དཀར་འཇམ་ཁོག་པ་སྟོང་པའི་རྩ། །ཐིག་ལེ་ཁྲག་གིས་མ་གང་བར། །ཡེ་ཤེས་ཆེན་པོ་ཀུན་ཏུ་རྒྱུ། །དེ་ནི་ཡེ་ཤེས་ལམ་དུ་[223.3]བཤད། །མགྲིན་པ་སེམས་ཀྱི་ལམ་དུ་བཤད། །དེ་ནང་དབུགས་རྒྱུའི་འགྱུ་སྲང་ཡིན། །སྒོ་ནི་རྣམ་པ་གཉིས་སུ་བཤད། །ཡེ་ཤེས་སྒོ་དང་སེམས་ཀྱི་སྒོ། །ཡེ་ཤེས་སྒོ་ནི་གཉིས་ཡིན་ཏེ། །ཁྱབ་པ་མི་སྣང་སྒོ་དང་ལྐོག་གྱུར་[223.4]སྒོ། །རྣམ་པ་གཉིས་སུ་བསྟན་པ་ཡིན། །གསལ་བའི་བདག་ཉིད་ཟང་ཐལ་བས། །མངོན་གྱུར་སྒོ་དེ་སྤྱན་དུ་བསྟན། །སེམས་སྒོ་འདོད་པའི་སྒོ་གསུམ་ཡིན། །དབུགས་རྒྱུ་མི་རྒྱུའི་རྣམ་ཤེས་དབྱེའོ། །ཡེ་ཤེས་ཡོན་[223.5]ཏན་ཀུན་སྣང་རྫོགས། །སེམས་ཀྱི་སྐྱོན་ནི་འཁོར་བའི་ཆོས། །དེ་དང་དེ་ལས་བྱུང་བའི་རྩི། །ཀྱེ་མ་རིག་ཀྱི་བུ་ལེགས་པར་ཉོན་ཅིག །དོན་དེ་ཟབ་མོའི་བརྡར་བསྟན་ན། སྔོན་རི་རབ་ཀྱི་རྩེ་མོ་རྒྱ་མཚོའི་ཉི་མ་ཅན་ན།[223.6]ཀླུའི་རྒྱལ་པོ་ནོར་བུ་འོད་ལྡན་བྱ་བ་བཞུགས་སྐད། ཁོ་སྐྱོ་ནས་ཡས་མར་གཟིགས་པས། རྣམ་དག་པད་མའི་ཚལ་བྱ་བ་ན་རིན་པོ་ཆེའི་ཁང་པ་ཉི་ཟླས་བརྒྱན་པ་བྱ་བ་འདུག་པ་མཐོང་། དེར་ཁོང་ཡང་བྱོན་ཏེ་བཞུགས་[224.1]པགི་ཕོ་བྲང་བྱས་སྐད་དོ། །གོང་མ་ལ་མཆོད་ཁང་བྱས་ཏེ་བཞུགས་སྐད། དེ་ནས་མར་གཟིགས་པས་རླུང་ཅན་གྱི་གྲོང་ན། བློན་པོ་ཀུན་བྱེད་བྱ་བ་འདུག་པ་མཐོང་ངོ། །དེར་བྱོན་ནས་བློན་པོར་བསྐོས་སོ། །རྒྱལ་བློན་[224.2]འཁྲུགས་པར་གྱུར་སྐད་དོ། །དེ་ནས་བློན་པོས་བསྐྱོད་པ་ཤུགས་ཀྱི་རྟ་ལ་ཤོན་ནས། ཀུན་ཏུ་རྒྱུའི་སྲང་དུ་ཕྱིན་ཏེ། འཐབ་རྩོད་ཀྱི་སྒོ་གསུམ་དུ་བྱོན་ཏེ། རིན་པོ་ཆེ་རྣམ་པ་ལྔ་བཙལ་ནས། རྒྱལ་པོ་ལ་དཔྱ་ཕུལ་བས[224.3]རྒྱལ་པོ་མཉེས་པ་དང་ཚིམས་པར་མ་གྱུར་ཏེ། དམངས་དང་བློན་པོ་ཡི་མུག་ག་ཆད་ནས། རྒྱལ་བློན་འཐབ་པས། རྒྱལ་པོས་བློན་པོ་ལ་ཆབ་བསལ འབངས་ཆམ་ལ་ཕབས་ནས། རྒྱལ་བློན་བྲལ་བས་མཆོད་པ་རྒྱུན་[224.4]ཆད་དེ། རྒྱལ་པོ་ཕོ་བྲང་དུ་བསྐྱོད་དེ། འཐབ་ཟླ་མེད་པས་ཤིན་ཏུ་སོ་བསོད་དོ་སྐད། རྙོ་ན་ཙིལྟི་པྲ་བེ་ཤ་ཡ་ས་དུ་ཨ་ཧྭ་ཀྭ་ལ། ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། སེམས་དང་ཡེ་ཤེས་དབྱེ་[224.5]བ་བསྟན་པའི་ལེའུ་སྟེ་བརྒྱ་དང་དགུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །གང་གསུངས་དོན་རྣམས་རྟོགས་པ་ཡིས། །འཁྲུལ་བའི་སྣང་བ་ཇི་ལྟར་[224.6]འགགས། །ཡེ་ཤེས་སྣང་བ་ཇི་ལྷར་འཆར་། །རང་རིག་ཤེས་པ་ཇི་ལྟར་འཇུག །རྟགས་ཀྱི་ཤེས་པ་ཇི་ལྟར་འབྱུང་། །རབ་འབྲིང་གྲོལ་ལུགས་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། །གསང་བདག་[225.1]༄༅ ངེས་པའི་དོན་འདི་ཟུང་། །འཇིག་རྟེན་འཁྲུལ་པའི་སྣང་བ་འདི། །དང་པོ་རང་ལས་ཤར་བའི་ཕྱིར། །མཐའ་མར་རང་གི་ངང་དུ་གྲོལ། །གང་བསྟན་རང་ཤར་རང་གྲོལ་བཞིན། །སྣང་བ་སེམས་ཀྱི་དབང་[225.2]དུ་འདུས། །གཟུང་བར་བྱ་བའི་ཡུལ་དང་བྲལ། །སེམས་རྟོགས་ཡེ་ཤེས་དབང་འདུས་པས། །འཛིན་པར་བྱེད་པའི་སེམས་དང་བྲལ། །གཟུང་འཛིན་བྲལ་བའི་རིག་པ་ལ། །ཡེ་ཤེས་རང་དངས་འོད་གསལ་བ། །མཁའ་[225.3]ལ་འཇའ་ཚོན་གསལ་བ་ལྟར། །ཆོས་ཉིད་ཀློང་ན་ཡེ་ཤེས་གསལ། །མཐའ་དབུས་མེད་པར་ཀུན་ཏུ་ཁྱབ། །དེ་ཚེ་ཤེས་པ་དེ་ལ་འཇུག །དངས་མའི་འབྱུང་བ་རྣམ་པ་ལྔ། །ཆོས་ཉིད་ངོ་བོ་ཉིད་ལ་ཤར། །དེ་ལ་སྣང་བའི་[225.4]འབྱུང་བ་ལྔ། །རང་རང་ངང་དུ་དག་ཅིང་ཐིམ། །འབྱུང་བའི་སྐབས་སུ་བསྟན་པ་ཡིན། །དང་པོ་ས་ལ་ས་ཐིམ་པས། །ལུས་ལྕི་ཤེས་པ་འཐིབ་པ་ཡིན། །དེ་ནས་ཆུ་ལ་ཆུ་ཐིམས་པས། །ལུས་པོ་ཁ་སྣ་སྐམ་པ་ཡིན། །དེ་[225.5]ནས་རླུང་ལ་རླུང་ཐིམ་པས། །ལུས་དང་ཤེས་པ་ལྗི་ཞིང་བྱིངས། །དེ་ཚ་མེ་ལ་མེ་ཐིམ་པས། །ལུས་ནི་དྲོད་དང་བྲལ་བ་ཡིན། །རྣམ་ཤེས་ནམ་མཁའི་ངང་དུ་ཐིམ། །ཚོར་བ་བདེ་སྡུག་རྣམ་རྟོག་བྲལ། །ཁྱབ་པ་མེད་པའི་[225.6]གདངས་ལ་གནས། །ཆོས་ཉིད་རང་གི་ངོ་བོ་ལྔ། །ཐིག་ལེ་ལྔ་ཡི་བདག་ཉིད་ཅན། །རང་བཞིན་དག་པའི་ནམ་མཁའ་དང་། །གཉིས་མིན་གཅིག་མིན་དོན་གྱིས་གནས། །ཅི་ཡི་ཕྱིར་ན་ལོགས་ན་མེད། །བག་དང་མ།་[226.1]བྲལ་ཁ་དོག་དབྱིབས། །དེ་ལ་དེ་སྣང་དེ་ཡི་ངོ་བོ་ལ། །དེ་ཕྱིར་དེ་ལ་དེ་སྐད་ཅེས་བརྗོད་པའོ། །ཡེ་ཤེས་གཞི་ལ་འབྲོས་པའི་རྟགས། །རི་རབ་རྩེ་ནས་ཉི་མ་ནུབ། །རླུད་བཞི་རིམ་པས་ཞི་གྱུར་ནས། །ལས་ཀྱི་རླུང་གིས་[226.2]བསྐྱོད་པའི་བདག །འཆི་བདག་བདུད་ཀྱི་གྲོང་ཁྱེར་ནས། །བདུད་ཀྱི་སོ་བ་མིག་གཅིག་པོ། །དུས་ལ་བབ་དང་མ་བབ་བལྟ། །མང་ཡང་རྟགས་ཀུན་བསྡུས་པ་ཡིན། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་[226.3]པོའི་རྒྱུད་ལས། གྲོལ་ས་སྤྱིའི་མཚན་ཉིད་བསྡམས་པ་དང་་རྟགས་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །གང་ཟག་[226.4]ལུས་སེམས་འབྲལ་མི་འབྲལ། །རྟགས་ཀྱི་བྱེ་བྲག་ཇི་ལྟར་འབྱུང་། །དེ་སྐད་ཞུས་པའི་ལན་གསུངས་པ། །ཉོན་ཅིག་གསང་བའི་བདག་པོ་ཁྱོད། །གང་ཟག་ལུས་སེམས་འབྲལ་མི་འབྲལ། །རྟགས་ཀྱི་བྱེ་བྲག་ངས་[226.5]བསྟན་ཉོན། །འཆི་ལྟས་བཅུ་གསུམ་དག་ཏུ་བསྟན། །གངས་ཀྱི་རླངས་པ་ཡལ་མ་ཡལ། །ཉི་མའི་ངོས་ལ་རླངས་པ་ཡལ་མ་ཡལ། །རླངས་པ་ཡལ་ན་ལུས་སེམས་འབྲལ་བར་འགྱུར། །གཞུང་རྩ་ཉམས་ཏེ་རླངས་པ་[226.6]མེད་པ་ཡིན། །གསལ་བ་ཤེལ་གྱི་མེ་ལོང་གི །གདངས་དེ་ནུབ་བམ་མ་ནུབ་བལྟ། །མེ་ལོང་བཙིར་བས་བལྟས་པ་དེར། །མདངས་ཤོར་གཞི་འདུས་འཆི་བས་རྟགས། །དཔགས་བསམ་འདབ་མ་ཆག་གམ་མ་ཆག་[227.1]བལྟ། །སྐྲ་དང་བ་སྤུ་ལོག་ན་ལོ་འདབ་བསྐམས། །རྩ་བྲན་ནང་དུ་འཁུམས་པས་འཆི་བའི་རྟགས། །མཁའ་འགྲོའི་སྒྲ་སྒྲོགས་ཆག་གམ་མ་ཆག་བརྟག །རྣ་བ་གཉིས་བཙིར་བས་ནི་མངོན་པ་སྟེ། །སྒྲ་ཆག་[227.2]གཞི་ལ་རྩལ་འདུས་འཆི་བའོ། །གནམ་སའི་འབྲེལ་ཐག་ཆད་དམ་མ་ཆད་བརྟག །ལག་ངར་མིག་སྔར་ཕྱར་བས་བརྟག །ཆད་ན་ཨ་ཏོ་ལི་ཀ་ཉམས་ཏེ་འཆི། །ཐབས་དང་ཤེས་རབ་བྲལ་ལམ་མ་བྲལ་ནི། །སྣ་བུག་[227.3]གཉིས་ཀྱི་དབུགས་ལ་བལྟ་བ་སྟེ། །དབུགས་ལ་རིང་ཐུང་བྱུང་ན་རྩ་འགགས་འཆི། །རྟ་མཆོག་ཁང་བཟང་གཏིབ་བམ་མ་གཏིབ་བརྟག །སྣ་བུག་ཤོམ་ན་ཁང་བཟང་གཏིབ་སྟེ་འཆི། །དོན་སྙིང་གློ་རྩ་ཉམས་པས་[227.4]འཆིའོ། །ཁྲག་གི་རྒྱ་མཚོ་བསྐམས་སམ་མ་བསྐམས་བལྟ། །མཁུར་ཚོས་བཀྲག་ལ་བལྟ་ཏེ་ཉམས་ན་འཆི། །ཁྲག་རྣམས་ནང་དུ་འདུས་པ་ཡིན། །ཀློག་དབང་བྲི་འམ་མ་བྲི་ལྕེ་ལ་བརྟགས། །ལྕེ་ལྡིབས་གྱུར་ན་ལྕེ་རྩ་[227.5]འཁུམས་པས་འཆི། །བཙན་པོའི་མཁར་གྱི་སྒོ་མོ་ཆོད་དམ་མ་ཆོད་མཆུ། །མཚེར་རྩ་ནང་དུ་བྲོས་པས་མཆུ་ནི་བསུམ་མི་ཤེས། །རི་རབ་སྐེད་ནས་བདུད་ནག་ལངས་མ་ལངས། །མཛུབ་བུ་ཁ་སྦྱར་སྲིན་ལག་[227.6]བ་མ སྲི ་ལ ་ཕྱེ ་ མ་མ་ཕྱེ ་བ ཕྱེ ་ ་ ང་རྩ་འཁུམས་པས་འཆི ཟུ ས་བ ་ཆོ་ ལ་ཡལ་མ་ཡལ རང་གྲིབ་བར་ ང་ ཟུ ས་ལ་བ ཟུ ས་མེ ་ ང་བ་ལོ ་པས་འཆི ས་ཀྱི་ཆུ་[228.1]ཀླང་མལ་ན་ཉལ་མ་ཉལ། །བླ་རྩ་འཁྱམས་པོ་མེད་ན་འཆི། །དེ་ལྟར་འཆི་ལྟས་བྱུང་ན་ནི། །ཚེ་ཡི་འདུ་བྱེད་བྱེར་བར་འགྱུར། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། འཆི་ལྟས་རྒྱས་པར་[228.2]ཐྲོསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་གཅིག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །གང་ཟག་རྟོགས་ཤིང་གོམས་ལྡན་ལ། །བར་དོའི་སྣང་བ་ཇི་ལྟར་འཆར། །དེ་[228.3]ཉིད་ཞུས་པའི་ལན་གསུངས་པ། །སྤྱི་དང་བྱེ་བྲག་གཉིས་སུ་བསྟན། །བྱེ་བྲག་དབང་པོ་རབ་འབྲིང་གི །གོ་རིམ་བཞིན་དུ་འཆར་བར་འགྱུར། །རྟོགས་ལྡན་སྤྱི་རུ་འདི་ལྟར་འབྱུང་། །ལུས་སེམས་བྲལ་ཏེ་སྐུ་གསུམ་[228.4]འཆར་དུས་སུ། །འཁོར་བའི་ཆུ་བོ་བཞི་ལས་བརྒལ། །སྐྱེ་རྒས་ན་འཆི་བཞི་ཡིན་ནོ། །སྲིད་པའི་ལམ་ཆེན་ལྔ་ལས་བརྒལ། །ཉོན་མོངས་ཆགས་སྡང་རྣམས་ལྔའོ། །སེམས་ཀྱི་རྟེན་ཕུར་ཕྱུང་བ་སྟེ། །བེམ་རིག་བྲལ་བའི་[228.5]དུས་ཡིན་ནོ། །མྱ་ངན་ཐང་ཆེན་དག་ལས་བརྒལ། །འཇིག་རྟེན་འདི་ཡི་སྡུག་བསྔལ་ལོ། །ལྷན་ཅིག་སྐྱེས་པའི་གྲོགས་དང་བྲལ། །ལྷན་སྐྱེས་མ་རིག་སངས་པ་ཡིན། །རྟག་པའི་ཡུལ་དང་བྲལ་བར་གྱུར། །འཇིག་རྟེན་[228.6]སྣང་བ་འདི་ཉིད་འགགས། །ཡུན་རིང་འགྲོགས་པའི་གྲོགས་དང་བྲལ། །འཇིག་རྟེན་འདི་ཡི་སེམས་ཡིན་ནོ། །འགྱུར་ལྡོག་ཅན་གྱི་བློ་དང་བྲལ། །གཟུང་འཛིན་རྟོག་པ་སྣ་ཚོགས་སོ། །རྟག་ཏུ་ན་བའི་ནད་དང་[229.1]བྲལ། །དེ་ནི་འཁོར་བའི་སྡུག་བསྔལ་ལོ། །དུས་ཀྱི་དམར་ཐག་ཆད་པ་ཡིན། །སྐད་ཅིག་དུས་མཐའ་ཟད་པའི་དུས། །དངས་མའི་རང་སྣང་ཤར་བའི་དུས། །རིག་པ་རང་ངོ་རང་གི་ཤེས་པའོ། །འཇན་[229.2]པའི་ཤེས་པ་མེད་པས་ན། །སྣང་བའི་རྐྱེན་གྱིས་བསླུར་མི་ཚུགས། །རང་སྣང་ཤར་ཀྱང་རང་སར་གྲོལ། །འགྱུ་བ་མི་ཤེས་ཟང་ཐལ་ཡིན། །འོག་འགྱུའི་སྲོག་གཅོད་དང་མ་སངས། །རིག་པ་རང་སར་ཟིན་པ་[229.3]ཡིན། །རིག་པ་མ་དང་འཕྲད་དེ་ལྡོག་མི་སྲིད། །སྣང་བ་རང་སྣང་ཉིད་དུ་སྣང་བ་ལ། །རིག་པ་འཛིན་མེད་འཁྲུལ་མི་སྲིད། །སྐུ་གསུམ་ལྷུན་གྱིས་གྲུབ་པ་ལ། །འབྲས་བུ་གཞན་ནས་མི་འཚོལ་རྩོལ་སྒྲུབ་བྲལ། །ལོངས་[229.4]སྐུར་བྱོན་ནས་གཞན་དོན་མཐའ་རུ་འབྱུང་། །གཞན་དོན་རྫོགས་ནས་ཆོས་སྐུ་ཉིད་དུ་ཐིམ། །དེ་ཉིད་དུས་ན་གཞན་དོན་གཟུགས་སྐུ་མན་ཆད་ནས། །འཇིག་རྟེན་དག་དང་ཐེག་པའི་མཐའ་རྣམས་བྲལ། །ཞེས་གསུངས་[229.5]སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། བར་དོའི་འབྲས་བུས་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །སྤྱི་ཡི་[229.6]བྱེ་བྲག་དེ་ལྟར་ན། །རབ་འབྲིང་ཐ་མའི་གྲོལ་ལུགས་རྣམས། །མ་ནོར་རིམ་པས་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། །དབང་པོ་ཡང་རབ་གྱུར་པ་ལ། །ཡེ་ནས་ཟང་ཐལ་ཆེན་པོ་པས། །བར་[230.1]དོ་མེད་ཅིང་སྐད་ཅིག་མར། །དེ་ལྟ་ཉིད་དུ་གནས་པ་ཡིན། །རང་བཞིན་དག་པའི་ནམ་མཁའ་ལ། །ཆོས་ཉིད་དག་པའི་ངོ་བོ་གནས། །དེ་ལ་རིག་པ་ཟང་ཐལ་ཤར། ཁྲར་བ་མ་ཡིན་གནས་པ་ཡིན། །དཔེར་ན་ནམ་[230.2]མཁའ་ཟང་ཐལ་ལ། །ཁང་ཁྱིམ་བྱས་པས་ནམ་མཁའ་གུད་དུ་བཅད། །ཁང་པའི་ནང་གི་ནམ་མཁའ་དང་། །རང་བཞིན་དག་པའི་ནམ་མཁའ་གཉིས། །སྒོ་འམ་མཐོང་ན་སྒྲིབ་མེད་པས། །ནམ་མཁའ་གཉིས་པོ་སྒྲིབ་[230.3]མེད་གསལ། །བག་ཆགས་སྦུབས་ཀྱི་རིག་པ་དང་། །མཁའ་ལ་གནས་པའི་རིག་པ་གཉིས། །ཡེ་ཤེས་སྒོ་ཡིས་མཚམས་སྦྱར་ནས། །བག་ཆགས་ལུས་ཀྱིས་མ་བསྒྲིབས་པར། །གཉིས་མེད་ཟང་ཐལ་ཆེན་པོར་[230.4]གནས། །རྟོགས་པའི་དོན་ཆེན་དེ་ལྟར་ནི། །སེང་གེའི་མཆོངས་པས་ས་ཆོད་ལྟར། །ཡེ་ཤེས་ཟང་ཐལ་ཆེན་པོ་ཡིས། །བར་དོ་སྐྱེ་འགགས་མི་གནས་པར། །རིན་ཆེན་སྦུབས་ཀྱི་ནང་དུ་གཅོད། །དེ་བས་ཡེ་གྲོལ་ཆེན་[230.5]པོར་གནས། །དེ་ལ་རྩིས་གདབ་མི་བྱའོ། །ཇི་ལྟར་དོན་བརྗོད་མི་ཤེས་པ། །དབང་པོ་དམན་པའི་གང་ཟག་ལ། །གྲོལ་ལུགས་རྩིས་གདབ་བྱ་རུ་མེད། །བྱས་ཀྱང་ངེས་པ་མི་རྙེད་པས། །སྐྱེ་བ་གཅིག་གིས་ཐོགས་པར་[230.6]བཤད། །དེ་ནས་དེ་ཉིད་འཕྲད་པར་འགྱུར། །འབྲིང་ལ་རབ་འབྲིང་ཐ་མ་གསུམ། །འབྲིང་གི་རབ་དང་འབྲིང་གི་འབྲིང་། །འབྲིང་གི་ཐ་མ་རྣམ་པ་གསུམ། །འབྲིང་གི་རབ་ཀྱི་གྲོལ་ལུགས་ནི། །སྐད་ཅིག་གསུམ་ལ་[231.1]གྲོལ་བར་འགྱུར། །དང་པོ་སྣང་བ་ཚུམ་ལ་འཇུག །སྒོ་ལྔའ་རྣམ་ཤེས་དག་ལའོ། །ནང་ ་འབྱུང་བ་འོད་ལ་འདུ། །རྣམ་ཤེས་ལྔ་པོ་དེ་ལྟར་འཇུག །རྩལ་སྣང་བ ་ལ་འདུས་པ་ ། །ཚོན་གྱ་གྲུ་གུ་བསྡོག་[231.2]པ་བཞིན། །དེ་ཚེ་རླུད་བཞི་རིམ་བཞི་ནས། །སྙིང་རྗེ་མེད་པའི་ལས་ཀྱི་རླུང་། །སྲོག་པ་རྩ་ནས་ལྡང་བར་འགྱུར། །དེ་ཚིག་གནས་ནས་ལམ་དུ་འཇུག །ལམ་ནས་སྒོ་རུ་མྱུར་དུ་འཇུག །སྒོ་ཡི་སྣང་བ་ཆོས་ཉིད་ཀློང་དུ་[231.3]འཆར། །ཐུགས་རྗེ་རྒྱུན་གྱི་ཐེག་པ་ཟང་ཐལ་ལ། །ཞོན་ནས་ཡེ་ཤེས་རང་གི་གདངས་ལ་འཇུག །དེ་ཡི་སྐད་ཅིག་དང་པོ་ལའོ། །དེའི་ཚེ་སྐུར་སྣང་ཤེས་རབ་སྐྱེ། །བཞི་བཅུ་རྩ་གཉིས་མངོན་གསལ་བ། །མེ་ལོང་ནང་གི་[231.4]གཟུགས་བརྙན་བཞིན། །ཡེ་ཤེས་ལྔ་ལྡན་དགོངས་པ་ཡིན། །གོང་དུ་ཞིབ་པར་བརྗོད་པའི་ཕྱིར། །འདི་རུ་བརྗོད་པར་མི་བྱའོ། །དེ་ལས་མངོན་ཤེས་ཆོས་སྤྱན་ཤར། །སྐུ་གསུམ་རྣམ་པར་བཞག་པ་སྟེ། །ཡི་གེ་དྲུག་པོ་[231.5]འོད་ཟེར་འཕྲོ། །སྤྲུལ་པའི་སྐུར་འགྱུར་དོན་རྣམས་བྱེད། །དེ་ཚེ་རྫོགས་ལྡན་དགོངས་པ་རྫོགས། །དེ་ཡི་སྐད་ཅིག་གཉིས་པ་ལའོ། །དེ་ནས་མྱ་ངན་འདས་གྱུར་ཏེ། །བློ་དང་འཁོར་བའི་ཆོས་ཅན་ལས། །འདས་ཏེ་མི་[231.6]གནས་ངང་དུ་ཐིམ། །ཡེ་ཤེས་སྤྱན་གཅིག་འགྱུར་མེད་གསལ། །རྫོགས་ལྡན་ཆེན་པོའི་དགོངས་པ་རྫོགས། །དེ་ཡི་སྐད་ཅིག་གསུམ་པའོ། །འབྲིང་གི་འབྲིང་གི་གྲོལ་ཚུལ་ནི། །དང་པོ་ཕྱི་ནང་འཁྲུལ་པ་དག །གཉིས[232.1]པར་རང་གདངས་འད་དུ་གསལ། །གསུམ་པར་དེ་ལ་སྐད་ཅག་གནས། །བ ་པར་རང་སྣང་ཤེས་རབ་སྐྱེ། །མ་རག་བདུད་བ ་ངེས་བཅམ་སྟེ། །བ ་བཅུ་རྩ་གཉས་མངན་སངས་རྒྱས། །འབྲང་ ་འ ང་ ས་ལྔ[232.2]ལྡན་དགོངས་པ་རྫོགས། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །ནམ་མཁའི་མཐོངས་ནས་ཉི་ཤར་ལྟར། །རྣམ་པ་ཀུན་མཁྱེན་ཡེ་ཤེས་ཤར། །འ་སོགས་ཡི་གེ་རྣམ་དྲུག་འཕྲོ། །དེ་ནི་སྤྲུལ་སྐུའི་རྒྱུ་ཡིན་ཏེ། །ལས་དག[232.3]གང་ཟག་རྣམ་པ་གཉིས། །འདུ་འཕྲོ་བྱེད་པའི་བར་དུ་འཕྲོ། །དཀར་དམར་རྣམ་གཉིས་ལུས་ཀྱི་རྒྱུ། །ཡི་གེ་དྲུག་པའི་བྱང་ཆུབ་སེམས། །ལུས་ཀྱི་རྒྱུ་ལས་སེམས་ཤར་བས། །དཀར་དམར་ཀློང་དུ་གནས་པ[232.4]ནི། །གནས་ལ་གནས་གབ་ལུས་དང་སེམས་ཀྱི་ཚུལ། །དེ་ནས་ལུས་ཀྱི་སྤྲུལ་པས་འགྲོ་དོན་མཛད། །འགྲོ་བ་མ་ལུས་ཐམས་ཅད་ལ། །རང་རིག་ཡེ་ཤེས་ཡེ་གནས་པ། །སྙིང་པོ་འགྱུར་མེད་འགག་པ་མེད། །དེ་དོན[232.5]ངེས་པ་ཀུན་ལ་སྒྲོགས། །ཐུགས་ཀྱི་སྙིང་པོ་འགྲོ་ལ་འཆར། །སྟོན་པའི་དགོངས་པ་ལོངས་འགྱུར་བས། །ཡིད་འདྲེས་བཅུད་ལ་བཅུད་གབ་འགྱུར། །དེ་ཡིས་ངེས་པར་གྲོལ་པར་འགྱུར། །འབྲིང་གིས་རྫོགས་ལྡན[232.6]དགོངས་པ་རྫོགས། །དེ་ནས་སྐད་ཅིག་དྲུག་པ་ལ། །སངས་རྒྱས་མྱ་ངན་ཡོངས་འདའ་སྟེ། །ཡེ་ཤེས་རླུད་གི་སྟོབས་རྣམས་ཀྱིས། །དང་པོ་ཆོས་སྐུར་གཟུགས་སྐུ་བསྐྱེད། །ཐ་མ་གཙོ་འཁོར་རིམ་པས་ཐིམ་གྱུར་ཏེ། །ཡེ[233.1]ཤེས་རླུང་གིས་ཆོས་ཉིད་ངང་ལ་སྤྱོད། །དེ་ཚེ་འབྱུང་བའི་མཚན་མ་རང་སར་ཐིམ། །སྤྲུལ་སྐུའི་འབྱུང་ལྔ་འོད་ལྔའི་ནང་དུ་ཐིམ། །དེ་ཡང་ཡེ་ཤེས་འབྱུང་བའི་ངོ་བོར་གྲོལ། །དང་པོ་མ་ལས་ཤར་བས་མ་[233.2]ཡི་ངང་དུ་ཞི། །དང་པོ་ཤར་ཡང་དབྱིངས་ཀྱི་ངང་ནས་ཤར། །བར་དུ་གནས་ཀྱང་ཆོས་ཉིད་ངང་དུ་གནས། །ཐ་མ་ཐིམ་ཡང་ཆོས་ཉིད་ངང་དུ་ཐིམ། །སྤྱན་གསུམ་རྣམ་དག་འགྱུར་མེད་གཅིག་ཏུ་གསལ། །ཆོས་ཉིད་ངང་[233.3]ན་རིག་པའི་ཡེ་ཤེས་གསལ། །ཕྱིར་མི་གསལ་ལ་ཡེ་ཤེས་ནང་དུ་གསལ། །བུམ་པའི་ནང་དུ་མར་མེ་གསལ་བ་བཞིན། །དེ་ཚེ་འགྱུར་མེད་སྐུ་གསུམ་རང་ས་ཟིན། །འབྲིང་གིས་རྫོགས་ལྡན་ཆེན་པོའི་དགོངས་པ་[233.4]རྫོགས། །འབྲིང་གི་ཐ་མའི་གྲོལ་ལུགས་ནི། །ཕྱི་ཡི་འབྱུང་བ་རྣམ་པ་ལྔ། །ཕྱི་ཡི་སྣང་བྱེད་སྒྲོན་མ་ལ་ཚུར་ཤར་ཏེ། །གཟུང་བའི་ཡུལ་དང་བྲལ་བའོ། །སྒོ་ལྔ་གསལ་བའི་སྒྲོན་མ་ནི། །ཡེ་ཤེས་དབང་དུ་འདུས་པས་[233.5]འཛིན་རྟོག་བྲལ། ནང་གི་འབྱུང་བ་རྣམ་པ་ལྔ། རིག་པའི་སྒྲོན་མ་ཡེ་ཤེས་རྩལ་སྣང་ལྔ་ལ་འདུས། དེ་ནི་རྩལ་གཞི་ལ་འདུས་པར་བསྟན་པའོ། །དེའི་ཚེ་ཐུགས་རིན་པོ་ཆེ་ཉི་ཟླ་ཁ་སྦྱོར་གྱི་ཀློང་ཡངས་ན། །འབྱེད་པ་མེད་[233.6]པའི་་ས་རབ་་ང་ ཅི ་ ་དྲིལ་བའོ ་་ང་བ ་ཆ ས་ཀྱི་་བས་རང་སངས་ ་ ་ཅི ་མ་ ང་པོ་ལ་ ས་སོ ་འི་ ས་ ་ ང་བ་བ ་བྲོས་པས ས་རིམ་པར་ ང་ངོ་ ་ང་རྗེ་མེ ་པ་ལས་ཀྱི་[234.1]རླུདལས་གསཔརླུདལྔགནས་པར་བྱེདཔནི་འདེགསཔརབྱེད་པའིརླུདཚིགསཔལགནས་ཏ་། ལུས་ཡངཞིངབསྐྱ་དནུསཔའོ། །དེ་ཞིབསལུསམི་ཐེགསྟེ། དེ་ནིས་དངགྲ་གསཔའིརླུད་་ང། །བཀྲགདངགཟང[234.2]མདངས་སྐྱ་དཔའི་རླུང་ལུསལསྤྱངརཁྱབཔརགནསཏ་། དནིཁྱབབྱ་དཀྱངརླུངཞེསབྱསྟེ། ལུས་ཀྱངསྣུམབཀྲགདངགཟི་མདངསའབྱངན་པའོ། །ཤ་ནཏུཡངབསརྐྱེན་ཕྲམ་སཀྱངབསྐྱ་དནུས་ཏ། ལུས་མདངསདང[234.3]བཀྲག་འ་ཆར་བའོ། །དེནི་ཆུ་དངའགྲ་གསཔའིརླུདསྟེ། ཞིབསམདངསཉམསཔའོ། །མེ་དང་དུས་མཉམ་པའི་རླུད་་ཕ་བན་གནས་ཏེ། དེརཟས་འཇུ་བ་དངལུས་བྱིངསདྲོད་སྐྱེ་བརབྱེད་དོ། །ཞི་བས་དྲོདའ་ཆར[234.4]བསཟསམིའཔ དེནིམེདངའགྲ་གས་པའི་རླུང་ང། །དངས་སྙིགས་འབྱེདཔའིརླུང་ནིསྟེང་སྒ་་འོགསྒ་གཉིསལཁྱབཔརགནས་ཏེ། དེ་ནི་རླུད་གིརླུད་སྟེཟསདངས་སྙིགས་འབྱེད་པདང། སྙིགསམགྱ་ནམཐུར[234.5]དུསེལ་བརབྱེད། ཐིགལེདཀར་དམར་དང་དྲི་ཆུལས་གས་པ་སེལབའོ། །དེཞི་བས་ཕབ་བརྫངས་པ་དང། ཤེསཔ་དང་ལུས་བྱངང་ང། །སྙིང་རྗེམེདཔ་ལསཀྱིརླུདནི། རླུདའཁ་རབསྲ་ག་རྩནགནས་ཏེ། སྲ་ག[234.6]འཛིནཔའིརླུངཡ་ནཔས། ཇིསྲིདགནས་ཀྱང་བརདུ་ལུསསེམས་མིའབྲལབའོ། །དེ་ནི་རྣམཔར་ཤེས་པ་དང་འགྲ་གས་པའི་རླུ་་སྟེ། དེ་བསྐྱ་ད་པས་སྙིང་ནསལམ་རྩདརདཀར་གྱང་སྐུད་པའདྲབདེརབསྐྱ་དདེ།[235.1]རྟགས་ཀྱི་གསང་སྒོར་ཕྱིན་ནོ། །དེའི་ཚེ་ཉི་མ་ཤར་གྱི་ལ་ཁར་ཕྱིན་པས། འོད་ནུབ་རི་ལ་འབྱུང་ལ། བར་ན་འོད་ཟེར་ཐག་པ་བཞིན་དུ། རིག་པའི་ཡེ་ཤེས་སྒོ་ལྔར་གནས་ལ། དེའི་སྣང་བ་ཡུལ་ཆོས་ཉིད་[235.2]ན་གསལ་ཏེ། ཡེ་ཤེས་ཟང་ཐལ་ཡིན་ཏེ། བར་ཆད་མེད་པ་ཐུགས་རྗེ་རྒྱུན་གྱི་ཐག་པས་སྦྲེལ་ཏེ། ཐུགས་རྗེ་རྒྱུན་གྱི་ཐག་པ་ལ་ཤོན་ནས་རང་གི་གདངས་ལ་འཇུག་གོ། །ཡེ་ཤེས་ཀྱི་གདངས་ལ་ཞག་ལྔར་གནས་ཏེ།[235.3]ཤར་བ་ཅིག་ཅར་ཤར་བའོ། །ཡང་ཡེ་ཤེས་ཀྱི་སྣང་བ་ནམ་མཁའ་ལ་འཇའ་ཤར་བ་ལྟར་སྣང་བའོ། །དེ་ལ་རྟོགས་པའི་ཤེས་རབ་རིམ་པས་སྐྱེ་སྟེ། ཞག་དང་པོ་ལ་འོད་མཐིང་ག་གསལ་བས། རིག་པ་ངོས་བཟུང་དང་[235.4]བྲལ་བས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རང་སྣང་རང་ཤར་རང་གདངས་རང་གསལ་དུ་ཤེས་པས། ཤེས་བྱ་ལ་གཅོད་བྱེད་མེད་དོ། །ཞག་གཉིས་པ་ལ་ཆོས་དབྱིངས་ཡེ་ཤེས་གསལ་བའི་སྟེང་དུ་མེ་ལོང་ཡེ་ཤེས་ཤར་[235.5]རོ། །འོད་དཀར་པོ་ཡུལ་དུ་སྣང་བའི་ཚེ། དེ་ཉིད་རིག་པ་འགག་པ་མེད་པའི་མེ་ལོང་ཡེ་ཤེས་སུ་ཐག་ཆོད་དོ། །ཞག་གསུམ་པ་ལ་འོད་ཟེར་སེར་པོ་ཡུལ་དུ་སྣང་བའི་ཚེ། དེ་ཉིད་རིག་སྟོང་དབྱེར་མེད་རང་སྣང་མཉམ་པ་[235.6]ཉིད་ཀྱི་ཡེ་ཤེས་གདངས་སུ་གསལ་ལོ། །ཞག་བཞི་པ་ལ་འོད་དམར་པོ་ཡུལ་དུ་སྣང་བའི་ཚེ། །དེ་ཉིད་ཤེས་པའི་ཤེས་རབ་མ་འགགས་པའི་རང་སྣང་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་གདངས་སུ་གསལ་ལོ། །ཞག་ལྔ་པ་[236.1]ལ་འོད་ལྗང་གུ་ཡུལ་དུ་སྣང་བའི་ཚེ། དེ་ཉིད་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་གདངས་སུ་གསལ་འོ་། །སྐྱེ་བ་རིམ་པས་སྐྱེ་བས་ཞག་ལྔ་ལ་ཡེ་ཤེས་ཀྱི་སྣང་བ་རེ་རེ་གསལ་འོ་། །ཆོད་པ་ཐད་ཀར་ཆོད་པས། སྣང་བ་རེ་རེ་ལ་[236.2]རྟོགས་པའི་ཤེས་རབ་རེ་རེ་སྐྱེ་སྟེ། སེམས་མེད་པའི་ཤེས་པ་སྐྱེས་ཀྱང་གཅོད་བྱེད་མེད་དོ། །ཞག་ལྔ་ལ་ལུས་མཐའ་རྫོགས་པས་ཤེས་རབ་མཐའ་རྫོགས་ཏེ། སྐད་ཅིག་མ་ལ་ཆོས་ཉིད་འོད་གསལ་གྱི་དཀྱིལ་འཁོར་ན།[236.3]ཚོམ་བུ་ལྔར་ཕྱག་རྒྱ་མི་འགག་པར་གསལ་ལོ། །དེས་ཐ་མའི་ལྔ་ལྡན་གྱི་དགོངས་པ་རྫོགས་སོ། །སྐུ་དེ་རྣམས་ལ་མངོན་པར་ཤེས་པ་དྲུག་འཆར་ཏེ། སྤྱན་གསུམ་ལས་ཆོས་ཀྱི་སྤྱན་ནོ། །དེ་ཅི་ལྟར་འཆར་ན། སྤྱན་གྱི་[236.4]མངོན་པར་ཤེས་པས། །ཡར་གཟིགས་སུ་མེད་པ་ཆོས་སྐུ་རིན་པོ་ཆེའི་སྦུབས་་་ནས་་ ་གཟིགས། ཐད་ཀ་ནས་འོ་ངས་སྤྱོད་རྫོགས་པའི་སྐུ་བཞི་བཅུ་རྩ་གཉིས་མ་འགགས་པར་འོད་དུ་གསལ་འོ་། །མར་སྤྲུལ་པ་སྐུའི་[236.5]ཞིང་ཁམས་བག་ཆགས་སྦུབས་ན་ཇི་ལྟར་གནས་པ་ཐམས་ཅད་གཟིགས་སོ། །སྙན་གྱི་མངོན་པར་ཤེས་པ་ནི། ཡར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཐུགས་རྗེ་ཡེ་ཤེས་རྩེ་གཅིག་པ་ལ། ཉིད་ལ་ཉིད་གླེང་[236.6]བསླངས་པ་ཡང་གསན། ཐད་ཀར་འོ་ངས་སྤྱོད་རྫོགས་སྐུ་ཚོམ་བུ་ལྔ་གསལ་འོ་། །མར་སྤྲུལ་པའི་སྐུའི་ཞིང་ཁམས་ན། ཇི་སྐད་སྨྲ་བ་ཐམས་ཅད་གསན་ནོ། །ཐུགས་ཀྱི་མངོན་པར་ཤེས་པས། ཡར་ཆོས་སྐུ་རིན་པོ་ཆེའི་[237.1]སྦུབས་ནས་འབྱེད་པ་མེད་པའ་ཤེས་རབ་འཛིན་པ་མེད་པའ་རང་གསལ། གཞན་སྣང་ ་རྣམ་རྟོག་མེད་པར་བཞུགས་པར་མཁྱེན་ནོ། །ཐད་ཀར་རང་ ་དགོངས་པ་མ་འགགས་པར་གསལ་ལོ། །མར་[237.2]སེམས་ཅན་གྱི་རྣམ་རྟོག་མངོན་དུ་མཁྱེན་ནོ། །གནས་ཀྱི་མངོན་པར་ཤེས་པ་ནི། སྐུ་གསུམ་གྱི་ཞིང་ཁམས་དང་། ཆོས་ཀྱི་དབྱིངས་དང་འོད་ཀྱི་སྣང་བ་དང་། །འབྱུང་བ་བཞི་ལ་བརྟེན་པ་བཅའ་ལུགས་བཞིན་གྱི་རིགས་[237.3]དྲུག་གི་གནས་གཞན་མ་འགགས་པར་གསལ་ལོ། །ལས་ཀྱི་མངོན་པར་ཤེས་པ་ནི། སྔོན་རང་གིས་ཇི་ལྟར་སྤྱད་པ་དང་། ད་ལྟ་འགྲོ་བ་གཞན་ཇ་ལྟར་སྤྱོད་པ་མཁྱེན་ནོ། །ཐུགས་རྗེ་བྱིན་རླབས་ཀྱི་མངོན་པར་ཤེས་པ་[237.4]ནི། མཐུན་པའི་སེམས་ཅན་རྣམས་ལ་སྣང་བས། རིགས་དྲུག་མཐུན་པས་མཐུན་པར་སྣང་བས་འདུལ་བ་གཟིགས་ཏེ། སྤྲུལ་པའི་སྐུ་ས་དྲུག་ཤར་ལུགས་མཁྱེན་ནོ། །རིགས་ཀྱི་བུ་དེ་ལ་ཆོས་ཀྱི་སྤྱན་ཞེས་ཅིའི་ཕྱིར་[237.5]གདགས་ཤེ་ན། སྤྲུལ་པའི་སྐུ་འཁོར་བའི་ཆོས་དང་། ཆོས་སྐུ་རིན་པོ་ཆེ་མྱ་ངན་ལས་འདས་པའི་ཆོས་གཉིས། རྣམ་རྟོགས་མི་མངའ་བར་གསལ་བས་ཆོས་ཀྱི་སྤྱན་ནོ། །དོན་ལ་རྣམ་པར་མཁྱེན་པ་ནི་ལྐོགས་སུ་གྱུར་པ་[237.6]མཁྱེན་པའོ། །སྤྱན་ནི་གསལ་ལ་མི་རྟོག་པ་སྟེ། གཟུགས་བརྙན་ལ་སོགས་པ་བཞིན་ནོ། །དེ་ཚེ་རང་བྱུང་གི་ཡི་གེ་དྲུག་འཆར་བ་ཡང་། འ་དང་། ཨ་དང་། ཧ་དང་། ཤ་དང་། ས་དང་། མ་དང་དྲུག་སྟེ། རིགས་ཀྱི་བུ་ཡི་[238.1]གེ་དྲུག་པོ་དེ་གཞི་ཆོས་སྐུ་ལ་དོན་ལྡན་དུ་བཞུགས་སོ། །དབྱིངས་དང་རིག་པ་དང་། ཡེ་ཤེས་དང་། ཤེས་རབ་དང་། མི་འགྱུར་བ་དང་། མཉམ་པ་ཉིད་དང་། དབྱེ་རུ་མེད་པར་གནས་པའོ། །བག་ཆགས་ལུས་ཅན་[238.2]སྤྲུལ་སྐུ་ལ། ལུས་ཀྱི་གནས་དྲུག་ལ་གནས་ཏེ། གསུང་འགག་པ་མེད་པར་དོན་ལ་སྦྱར་བའོ། །ལོངས་སྐུའི་ལྗགས་ལས་འཕྲོ་བ་ནི། ཐུགས་རྗེ་འབྱུང་བའི་གཞི་མ་འགགས་པ། ཡི་གེ་དྲུག་པོ་ལས་རིན་པོ་ཆེའི་སྲད་བུ་[238.3]བསྒྲིལ་བ་འམ། སྣལ་མའི་ཚོན་སྐུད་བསྒྲིལ་མ་བཞིན་འཕྲོས་པས། ལས་དག་པ་སྤྲུལ་པ་ཕོ་མོའི་སྤྱན་ནས་འཇུག །སེམས་ཅན་ལས་ཀྱི་སྐྱེ་བ་མངལ་ནས་འཇུག་པའོ། །བདེ་བ་ཆེན་པོའི་གསང་གནས་ནས། འོད་[238.4]འབར་བ་བདེ་བའི་རྟ་ལ་ཞོན་ཏེ། བདེ་ཆེན་ཡོངས་ལ་ཁྱབ་པའི་ཐིག་ལེ་ལ། སྣོད་དང་བཅུད་ཀྱི་ཚུལ་དུ་གབ། དེ་སྤྲུལ་པའི་སྐུར་གྱུར་ནས་སེམས་ཅན་གྱི་དོན་བྱེད་པའོ། །དོན་ཡོད་འགྲོ་བའི་དོན་བྱེད་པའོ། །རྟོགས་[238.5]མེད་དུ་འབྱུང་བ་ཀུན་གྱི་དོན་མ་སྤངས་པའོ། །དེ་བཞིན་གཤེགས་པ་སྔ་མ་ལས་ཕྱི་མ་འཆར་ཏེ། དེ་ཉིད་སྤྲུལ་པ་རྒྱུན་མི་ཆད་པས། སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བའོ། །ཕྱོགས་གཅིག་ཏུ་མ་ངེས་ཏེ། གདུལ་བྱ་གང་[238.6]ན་གནས་པའི་དོན་མཛད་པས་ན། ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད་པའོ། །མཐུན་པས་མཐུན་པ་འདུལ་བར་གཟིགས་པས་ན། ཇི་བཞིན་འགྲོ་བའི་དོན་བྱེད་པའོ། །དངོས་སུ་ཐུབ་པ་དྲུག་གིས་འགྲོ་བ་དག་གི་[239.1]དོན་བྱེད་པའོ། །ཐུགས་རྗེའི་ལྕགས་ཀྱུས་ཞིང་དག་པ་དེ་ཡང་དག་པའི་ས་ལ་འཛིན་པའོ། །རྫོགས་ལྡན་གྱི་དགོངས་པའོ། །དེ་ནས་བདག་ཉིད་ཆོས་སྐུར་གྲོལ་བས་ནི། མི་གནས་པའི་ཡེ་ཤེས་ཆེན་པོས་[239.2]འབྱེད་པ་མེད་པའི་མཁའ་ཀློང་དུ་འཁོད་སྙོམས་སོ། །དེ་བས་ཐ་མས་རྫོགས་ལྡན་ཆེན་པོའོ། །ཞེས་གསུངས་སོ། །གསང་བའི་བདག་པོས་ཞུས་པ། མངོན་པར་རྫོགས་པར་སངས་རྒྱས་པའི་དཔེ་ཇི་ལྟ་བུ་ལགས། མ་[239.3]རྟོགས་པ་ལ་བར་དོ་ན་སེམས་དངོས་སུ་མེད་པར་སེམས་ཕྱིས་འཆར་བའི་དཔེ་ཇི་ལྟ་བུ་ལགས། སྤྲུལ་པའི་སྐུས་དོན་བྱས་ནས་རང་གྲོལ་བའི་དཔེ་ཇི་ལྟ་བུ་ལགས། མྱ་ངན་ལས་འདས་པའི་དཔེ་ཇི་ལྟ་བུ་ལགས། ཞིང་[239.4]ཁམས་གཅིག་པ་ལ་སྙིང་པོ་ཐ་དད་པའི་དཔེ་ཇི་ལྟ་བུ་ལགས། རིག་པ་གཅིག་ལ་རྩལ་སོ་སོར་རྫོགས་པའི་དཔེ་ཇི་ལྟ་བུ་ལགས། རང་ས་ན་གྲོལ་ཞིང་རང་ས་ནས་དབྱེར་མི་ཕྱེད་པའི་དཔེ་ཇི་ལྟ་བུ་ལགས། མུ་བཞིའི་[239.5]དཔེ་ཇི་ལྟ་བུ་ལགས། ཡེ་ཤེས་རང་ལ་གནས་པའི་དཔེ་ཇི་ལྟ་བུ་ལགས། རྟོག་པ་མེད་པར་བསྒོམ་པས་མི་གྲོལ་བའི་དཔེ་ཇི་ལྟ་བུ་ལགས། རིན་པོ་ཆེའི་སྦུབས་ན་དགོངས་པ་གསལ་ལ་གཞན་གྱིས་མི་གཟིགས་པའི་[239.6]པེ་ཇི་ ་བུ་ལ ས ང་པོ་རི ་པོ་ཆེའི་་བས་ལས་ ་ལ་པའི་ པེ་ཇི་ ་བུ་ལ ས ཕྱིས་མི་ ་ལ་པའི་ པེ་ཇི་ ་བུ་ལ ས པེའི་ངོ་བོ་ ང་ལ ས ངེས་ཚི ་ ང་ལ ས བྱེ་བ་ཇི་ ར་ལ ས ་ས་[240.1]ཆེད་ཇི་ལྟར་ལགས། ཞེས་ཞུས་སོ། སྟོན་པས་བཀའ་སྩལ་པ། རིགས་ཀྱི་བུ་ངེས་པར་ཟུང་ཞིག །མངོན་པར་རྫོག་པར་སངས་རྒྱས་པའི་དཔེ་ནི། ནམ་ལངས་པས་རི་ཀླུང་མེད་པར་གསལ་བ་ལྟ་བུ་དང་རྒྱ་མཚོ་ལ་[240.2]གཟའ་སྐར་ཤར་བ་ལྟ་བུ་དང་ཆུ་ཟླ་ལྟ་བུའོ། །བར་དོ་ལ་སེམས་དང་པོ་མེད་པར་ཕྱིས་འཆར་བའི་དཔེ་ནི། ས་བོན་སྐྱེའུ་ལ་མྱུ་གུ་སྔོན་པོ་མེད་པར་ཕྱིས་འབྱུང་བ་ལྟ་བུའོ། །སྤྲུལ་སྐུའི་དོན་བྱས་ནས་རང་གྲོལ་བ་ནི། ཆུ་[240.3]བྲན་རྒྱ་མཚོར་འདུ་བ་ལྟ་བུའམ་ཉི་མ་ནུབ་ཁར་ཟེར་འདུ་བ་བཞིན་ནོ། །མྱ་ངན་ལས་འདས་པའི་དཔེ་ནི་འཇའ་ཚོན་ནམ་མཁར་ཐིམ་པ་ལྟ་བུའོ། །ཞིང་ཁམས་གཅིག་ལ་རིགས་ཐ་དད་པའི་དཔེ་ནི། མར་མེ་མང་དུ་[240.4]བཏང་བའི་འོད་མི་ཕྱེད་པར་སྙིང་པོ་སོ་སོར་གསལ་བ་ལྟ་བུའོ། །རིག་པ་གཅིག་ལ་རྩལ་སོ་སོར་རྫོགས་པའི་དཔེ་ནི། ས་བོན་གཅིག་ལ་སྡོང་བུ་སོ་སོར་གྱེས་ནས་དེ་ལ་སྙིང་པོ་སོ་སོར་བྱུང་ནས། འབྲས་བུ་མང་པོ་[240.5]རྫོགས་པ་བཞིན་ནོ། །རང་ས་ནས་རང་གྲོལ་ནས་དབྱེར་མེད་དུ་གནས་པའི་དཔེ་ནི་ནམ་མཁའ་གུད་དུ་བཅད་པ་བཏང་བ་ལྟ་བུའོ། །མུ་བཞིའི་དཔེ་ནི་གཅིག་དང་ཐ་དད་ལས་གྲོལ་བ་གསེར་དང་སེར་གྱི་སེར་པོ་ལྟ་[240.6]བུའོ། །མ་གྲོལ་བ་སྨིག་སྒྱུ་ཆུ་ཟླ་ལྟ་བུའོ། །གྲོལ་བའི་མ་གྲོལ་བ་ཁམས་དང་བུམ་པ་ལྟ་བུའོ། །མ་གྲོལ་བའི་གྲོལ་བ་ཉི་མ་དང་འོད་ལྟ་བུའོ། །ཡེ་ཤེས་རང་ལ་གནས་པའི་རྟགས་ཀྱི་དཔེ་ནི་ཆང་འཐུང་བས་ར་རོ་བ་ལྟ་[241.1]བུའོ། །རྟོག་པ་མེད་པའི་བསྒོམས་པས་མི་གྲོལ་དཔེ་ནི། རི་མོའམ་ལྡེར་སོ་ལྟ་བུའོ། །རིན་པོ་ཆེའི་སྦུབས་ནས་དགོངས་པ་གསལ་བ་གཞན་གྱིས་མི་མཐོང་བའི་དཔེ་ནི། གནས་ཁང་ཡངས་པར་མཚན་[241.2]མོ་མགྲོན་པོ་སྔ་ཕྱི་ཚོགས་ནས་ཉལ་བ་ལྟ་བུའོ། །དང་པོ་རིན་པོ་ཆེའི་སྐྲུབས་ནས་འཁྲུལ་པའི་དཔེ་ནི། བྱིས་པས་མེ་ལོང་དུ་ཤར་བའི་བྱད་ངོ་མ་ཤེས་པར་གཞན་དུ་མཐོང་བ་ལྟ་བུའོ། །ཕྱི་མས་མི་འཁྲུལ་བའི་དཔེ་ནི།[241.3]བྱིས་པས་རང་གི་ན་རྫོགས་ནས་རང་བྱད་ལ་རང་གི་ངོ་ཤེས་པ་ལྟ་བུའམ། ལོ་ཐོག་ནས་སུ་སྨིན་ནས་ནང་པར་ལྗང་པར་མི་འགྱུར་བ་ལྟ་བུའོ། །རིགས་ཀྱི་བུ་དཔེའི་ངོ་བོ་ནི། སོ་སོར་མཚོན་པའི་དཔེ་ཇི་བཞིན་[241.4]པའོ། །དཔེའི་ངེས་ཚིག་ནི་ཕྱོགས་མཐུན་འདྲ་བའི་སྒོ་ནས་མཚོན་པར་བྱེད་པའི་ཕྱིར་ནའོ། །དབྱེ་བ་ནི་གཞི་མཚོན་པའི་དཔེ། རྩལ་མཚོན་པའི་དཔེ་དང་། གྲོལ་བ་མཚོན་པའི་དཔེ་དང་། གཉིས་མེད་མཚོན་པའི་[241.5]དཔེའོ། །དགོས་པ་ནི་དོན་རྟོགས་པའོ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། དབང་པོ་ཡང་རབ་ལ་གྲོལ་དུ་མེད་པར་བསྟན་པ་དང་། འབྲིང་ལ་རབ་འབྲིང་ཐ་གསུམ་གྱི་དབྱེ་བ་དང་། ལྔ་[241.6]ལྡན་རྫོགས་ལྡན་ཐད་ཀར་ངོས་བཟུང་བ་དང་། མངོན་ཤེས་དྲུག་ཐུགས་རྗེའི་འབྱུང་ལུགས་དང་བཅས་པ་དང་། རྫོགས་ལྡན་ཆེན་པོ་སོ་སོར་ཕྱེ་སྟེ་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་གསུམ་པའོ།། །།དེ་ནས་ཡང་[242.1]གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །དེ་ཡི་དོན་བཤད་གསུང་དུ་གསོལ། །ཞེས་ཞུསླ་སོ། །སྟོན་པས་བཀའ་སྩལ་པ། གསང་བའི་བདག་པོ་ངེས་པར་ཟུང་ཞིག །སོ་སོ་ངོ་བོ་ངེས་ཚིག་[242.2]དང་། །དབྱེ་བ་མིང་དང་མཐུན་དཔེ་བསྟན། །འཁོར་བའི་ཆོས་ལ་མི་གནས་པར། །མྱ་ངན་འདས་པའི་དོན་ལ་གནས། །གྲོལ་བ་སྤྱི་ཡི་ངོ་བོར་བཤད། །རང་རང་སོ་སོའི་ངོ་བོར་ཏེ། །ལུས་ལས་གྲོལ་བའི་ངོ་བོ་[242.3]ནི། །རང་གདངས་ཆེན་པོ་གསལ་བ་ཡིན། །ཡུལ་ལས་གྲོལ་བའི་ངོ་བོ་ནི། །རིག་པ་དངོས་མེད་རིན་ཆེན་སྦུབས། །སེམས་ལས་གྲོལ་བའི་ངོ་བོ་ནི། །རྟོག་མེད་དྲི་དག་རང་གསལ་ཡིན། །གྲོལ་བ་ཞེས་པའི་ངེས་ཚིག་[242.4]ནི། །རྩོལ་བའི་ཆོས་ལས་རབ་འདས་ཤིང་། །འཁྲུལ་པ་གསུམ་གྱིས་མ་བཅིངས་པས། །ངེས་ཚིག་གཏན་ཚིགས་བཅས་པ་ཡིན། །དབྱེ་བ་ངོ་བོའི་སྐབས་སུ་བཤད། །དཔེ་ནི་སྦྲུལ་ལ་མདུད་བོར་དང་། །རྔ་མ་དག་གི་[242.5]མདུད་པ་བཞིན། །ཐུགས་རྗེའི་ངོ་བོ་ངེས་ཚིག་ནི། །ངོ་བོ་མ་འགགས་གཟུགས་སྐུ་གཉིས། །ཅིའི་ཕྱིར་ན་ཐུགས་རྗེ་ཞེས་བྱ་ན། །མ་འགགས་གནོད་པ་སེལ་བའི་རྟགས། །དབྱེ་ན་ཆེན་པོ་ཆུང་ངུ་གཉིས། །རྟོག་མེད་དང་[242.6]ནི་རྟོག་བཅས་སོ། །འཛིན་པར་བྱེད་པས་ལྕགས་ཀྱུ་བཞིན། །སྒྲོལ་བར་བྱེད་པའི་གྲུ་བཞིན་ནོ། །མ་རིག་སེལ་བས་ཉི་ཟླ་བཞིན། །སྡུག་བསྔལ་ནད་སེལ་སྨན་དང་སྨན་པ་བཞིན། །ཞེས་གསུངས་སོ། །སྤྲོས་བྲལ་དོན་[243.1]གསལ་ཆེན་པོའི་རྒྱུད་ལས། གྲོལ་བ་དང་ཐུགས་རྗེའི་དོན་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །བག་[243.2]ཆགས་སྦུབས་ན་གནས་པའི་དཔེ་ཇི་ལྟར་ལགས། སྦུབས་འཕོ་བའི་དཔེ་ཇི་ལྟར་ལགས། འདིར་རྟོགས་པས་བར་དོར་ཤེས་པ་སྐྱེ་བ་ཇི་ལྟར་ལགས། བག་ཆག་སྦུབས་བོར་པའི་ཚེ་ཡེ་ཤེས་དང་མི་འབྲལ་བའི་དཔེ་ཇི་[243.3]ལྟར་ལགས། འཁྲུལ་པ་ལྡོག་པའི་དཔེ་ཇི་ལྟར་ལགས། རྟོགས་པ་ཅན་འཆི་ཁར་ནད་དང་རྐྱེན་གྱིས་དཀྲུགས་ཀྱང་། ཤེས་པ་ཕྱིས་མི་འཁྲུལ་པའི་དཔེ་ཇི་ལྟར་ལགས། ཆོས་སྐུ་ལུས་ལས་མ་བྱུང་བར་ཡེ་ཤེས་སྔོན་དུ་[243.4]འཆར་བའི་དཔེ་ཇི་ལྟར་ལགས། སྐད་ཅིག་མའི་ཆོས་སྐུ་གསུམ་དུ་བསྡུ་བར་གསུངས་པ་གང་ལགས། སྐད་ཅིག་མ་ལ་གྲོལ་བའི་དཔེ་གང་ལགས། ཡེ་ཤེས་ཀྱི་གདངས་ལ་ཤེས་པ་མྱུར་དུ་འཇུག་པའི་དཔེ་ཇི་ལྟར་[243.5]ལགས། ཆོས་ཉིད་ལས་ཡེ་ཤེས་ཀྱི་སྣང་བ་འཆར་བའི་དཔེ་ཇི་ལྷར་ལགས། ཕྱིར་མི་ལྡོག་པའི་དཔེ་ཇི་ལྟ་བུ་ལགས། ཞེས་ཞུས་པས། སྟོན་པས་བཀའ་སྩལ་པ། རིགས་ཀྱི་བུ་ངེས་པར་ཟུང་ཞིག །བག་ཆགས་སྦུབས་[243.6]ན་གནས་པ་ནི། །སེང་ཕྲུག་དང་ཁྱུང་ཕྲུག་ལྟ་བུའོ། །སྦུབས་འཕོ་བའི་དཔེ་བྱེ་ཕྲུག་སྒོ་ང་ནས་འབྱུང་བ་དང་། སྦྲུལ་སྐགས་པ་དང་བྲལ་བ་བཞིན་ནོ། །འདི་རྟོགས་པས་བར་དོ་ཆོད་པ་ནི། སྔར་འདྲིས་པའི་མི་ཕྱིས་ངོ་[244.1]ཤེས་པ་ལྟ་བུའོ། །སྦུབས་འཕོ་ཁར་ཡེ་ཤེས་དང་མི་འབྲལ་བར་འགྲོགས་པ་ནི། ཚང་བང་ནས་མེ་སྒྲོན་ཕྱིར་བཏོན་པས་ཚང་བང་མུན་པར་གྱུར་ཏེ། མིའི་ལག་པ་སྒྲོན་མེ་དང་མ་བྲལ་བས་འགྲོ་སར་ཕྱིན་པ་ལྟ་[244.2]བུའོ། །འཁྲུལ་པ་ལྡོག་པའི་དཔེ་གཉིད་སད་པ་ལྟ་བུའོ། །རྟོགས་པ་ཅན་འཆི་ཁར་ནད་དང་རྐྱེན་གྱིས་དཀྲུགས་ཀྱང་མི་བརྗེད་པའི་གཟུངས་ཐོབ་སྟེ། སྣང་གི་ཡུལ་བའི་དཔེ་ནི། ཆུ་ཟླ་ལ་རྡོ་བརྒྱབ་ནས་འཁྲུགས་ནས་མི་[244.3]གསལ་ཀྱང་ཆུ་དངས་པའི་འཕྲོ་ལ་གསལ་བ་ལྟ་བུའོ། །ཆོས་སྐུ་ལུས་ལས་མ་བྱུང་བར་ཡེ་ཤེས་སྔོན་རོལ་དུ་འཆར་བའི་དཔེ་ནི། ཉི་མ་ཤར་གྱི་ལ་ཀ་ན་འདུག་ཀྱང་འོད་ནུབ་རི་ལ་འཆར་བ་ལྟ་བུའོ། །སྐད་ཅིག་མའི་[244.4]ཆོས་སྐུ་གསུམ་ནི། འཛིན་པར་བྱེད་པའི་ལྕགས་ཀྱུའི་འོད་ལྔས་མ་བཟུང་བ་གཟུང་བར་འགྱུར་བ་དང་། སྡུད་པར་བྱེད་པའི་དངས་མ་ཆོས་ཀྱི་ངོ་བོ་ཡེ་ཤེས་ཤར་བའི་ངང་དུ་ཐིམ་པ་དང་། མི་བརྗེད་པའི་གཟུངས་རྒྱུན་[244.5]གྱི་ཐག་པ་དང་གསུམ་མོ། །སྐད་ཅིག་མ་གཅིག་ལ་གྲོལ་བའི་དཔེ་ནི། སེང་གེ་མཆོངས་པ་ལྟ་བུ་དང་། བུམ་པ་ཆག་པས་མར་མེ་གསལ་བ་ལྟ་བུ་དང་། སྐར་མདའ་ནམ་མཁའ་ལ་རྒྱུག་པ་ལྟ་བུའོ། །ཡེ་ཤེས་ལ་ཤེས་པ་[244.6]མྱུར་དུ་འཇུག་པ་ནི་གསེར་གྱི་ཐུར་མ་ལྟ་བུའོ། །ཆོས་ཉིད་ལ་ཡེ་ཤེས་ཀྱི་ ང་བ་འཆར་བའི་དཔེ་ནི། ནམ་མཁའ་ལ་འཇའ་ཤར་བ་ལྟ་བུའོ། །ཕྱིར་མི་ལྡོག་པའི་དཔེ་ནི་ཐོག་དང་དཔག་ཆེན་གྱི་མདའ་བཞིན་ནོ། །ཞེས་[245.1]གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། དཔེ་སྤྱིར་དྲིལ་ནས་དོན་བཤད་དང་བཅས་པའི་ལེའུ་སྟེ་བརྒྱ་དང་བཅོ་ལྔ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། །ཀྱེ་ཀྱེ་[245.2]བཅོམ་ལྡན་རྡོ་རྗེ་འཆང་། །མྱ་ངན་འདའ་ལུགས་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། །སངས་རྒྱས་མྱ་ངན་འདའ་བའི་ཚུལ། །ཟུར་ཙམ་གོང་དུ་ངས་བསྟན་ཡང་། །ཁྱོད་ཀྱི་ངེས་པར་མ་ཤེས་[245.3]ན། །རྒྱས་པར་ངས་བཤད་ལེགས་པར་ཟུང་། །ཤེས་རབ་མཁའ་ལ་འདེགས་པ་ཡི། །མ་བསྐྱོད་ཤུགས་ནི་བསྐྱོད་པར་བྱེད། །འབྱུང་བ་མ་ལ་ཞ་བ་ཡི། །མཚན་མ་རང་སར་གྲོལ་བར་བྱེད། །ཡེ་ཤེས་དབྱིངས་སུ་ཐིམ་པ་[245.4]ཡིས། །རྩལ་རྟོག་བཞི་ལ་ཐིམ་པར་སྟོན། ཁེས་རབ་མཁའ་ལ་ཐིམ་པ་ཡིས། །སྐུ་གསུམ་ཡེ་ནས་ནང་གསལ་སྟོན། །རིག་པར་རང་ས་ཟིན་པ་ཡིས། །དགོངས་པ་འགྱུར་བ་མེད་པར་སྟོན། །ཞེས་གསུངས་སོ། །དེ་[245.5]ནས་ཡང་གསང་བའི་བདག་པོས་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །རང་བྱུང་ཚིག་ལྔའི་དགོངས་པ་དེ་ལྟར་ན། །སོ་སོའི་མཚན་ཉིད་རྣམ་གྲངས་དང་། །དཔེ་དང་དོན་གྱི་གྲོལ་ལུགས་རྣམས། །ད་ལྟར་གནས་[245.6]དང་རྗེས་འཇུག་ལ། །ཐབས་ལ་མཁས་པས་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། །ལག་ན་རྡོ་རྗེ་ངེས་ཟུང་ཞིག །ཤེས་རབ་མཁའ་ལ་འདེགས་པ་ལ། །མཚན་ཉིད་རྣམ་གྲངས་རྣམ་པ་[246.1]བཞི། །སྟོབས་ལྡན་མ་དང་ཤུགས་འཆང་མ། །འདེགས་བྱེད་མ་དང་བརྟན་མ་བཞི། །སྟོབས་ལྡན་མས་ནི་འཆར་བ་དང་། །གཉིས་སུ་མེད་པར་སྦྱོར་བར་བྱེད། ཁུགས་འཆང་མ་ཞེས་བྱ་བ་དེ། །དང་པོ་རིག་པའི་རྩལ་[246.2]དུ་ནི། །སྐུ་དང་ཡེ་ཤེས་འཆར་བ་ཡང་། །རྩོལ་བ་མེད་པའི་ངང་གིས་ཤར། །ཐ་མ་འཁོར་རྣམས་གཙོ་བོ་ལྔ་ལ་འདུས། །གཙོ་བོ་ལྔ་ཡང་རིན་ཆེན་སྦུབས་སུ་གཤེགས། །གཙོ་དང་བཅས་ཏེ་བསྐྱོད་པ་མ་ཡིན་[246.3]ཡང་ ངང་ངམ་ཤུགས་ཀྱིས་གྲོལ་བའི་ཕྱིར་ན་ཤུགས་འཆང་མའོ། །དེའི་དུས་ན་ཆོས་སྐུ་རིན་པོ་ཆེ་ལྟ་བུ་ལ་རྡོས་པ་ཅན་གྱི་ཆོས་མེད་དེ། །ཆོས་ཉིད་ནམ་མཁའ་ལྟ་བུ་དང་། ཆོས་སྐུ་ནམ་མཁའ་ལྟ་བུ་གཉིས། །གཉིས་[246.4]སུ་མེད་པ་ཟང་ཐལ་བ། །མ་བྱེད་སེང་ངེ་གནས་པས་འདེགས་བྱེད་མ། །དེ་ཙམ་དུས་ན་ཡེ་ཤེས་རླུང་གིས་མི་གཡོ་བས་བརྟན་མའོ། །དེ་རྣམས་རླུང་གི་མཚན་ཉིད་གཅིག་ལ་གནས་པའོ། །རིགས་ཀྱི་བུ་འབྱུང་བ་མ་ལ་[246.5]ཞ་བའི་མཚན་ཉིད་ལ་ལྔ་སྟེ། འཁྲུལ་པའི་འབྱུང་བ་རྣམ་པ་ལྔ། །ཡེ་ཤེས་ལྔ་ཡི་གདངས་ལ་འདུས། །ཡེ་ཤེས་ལྔའི་འོད་གདངས་ཀྱང་། རང་བྱུང་འབྱུང་བ་ལྔ་ལ་འདུས། དེའི་ཚེ་ན་རླུང་གི་རྒྱ་གྲམ་བཀོད་ལེགས་ཏེ་[246.6]གདན་དུ་བཏིང་བའོ། །དེ་ཡང་རླུང་ནི་མ་བྱིང་བའོ། །དུས་དེར་རླུང་གཡོ་བྱེད་མེད་པར་གནས་པས་ཀྱང་རྒྱ་གྲམ་ལྷ་བུའོ། །དེ་ནི་གཡོ་བྱེད་མིན་པར་བསྐྱོད་པ་ལྟ་བུའོ། །ཆུ་ཤེལ་གྱི་འཁོར་ལོ་བརྩེགས་ལེགས་ཏེ།[247.1]འབྱེད་པ་མེད་པའི་ཤེས་རབ་ཀློང་གཅིག་དུ་དྲིལ་ཏེ། གཤེར་བ་མེད་པའི་ཆུའོ། །དེ་བཞིན་རྣམ་པར་དག་པའི་དབྱིངས་དེ་བརྩེགས་ལེགས་སོ། །དེ་ཡང་དབྱིངས་རྣམ་པར་དག་པའི་ངང་ན། རིག་པ་[247.2]གསལ་སྟོང་དབྱེར་མེད་དོ། །དེའི་ངང་ནས་ཡེ་ཤེས་ཀྱི་སྤྱན་མ་འགགས་པར་ཤར་བ་འོད་ཀྱི་བུམ་པ་ལྔར་གནས་ལ། དེའི་སྙིང་པོ་རིགས་ལྔའི་སྐུ་གསལ་ལ་མ་འདྲེས་པར་གནས་སོ། །དེས་ན་བརྩེགས་ལེགས་[247.3]སོ། །རིགས་ཀྱི་བུ་རང་གསལ་འཛིན་པ་མེད་པའོ། །དེའི་དུས་སུ་སྲ་བ་དང་བཅས་པའི་ས། སྲ་བ་མེད་པའི་ངང་དུ་གྲོལ་ཏེ། དོན་འགྱུར་བ་མེད་པའོ། །དེ་ཡང་རང་གི་ངོ་བོ་འགྱུར་བ་མེད་པའི་ངང་ན། གོང་མ་བཞིན་[247.4]མ་འདྲེས་པར་ཡོངས་སུ་རྫོགས་པར་གནས་པ་མཆོད་རྟེན་ལྟ་བུའོ། །དེ་ལ་བཟང་ངན་དང་ཆེ་ཆུང་དང་ཡངས་དོག་་་་མེད་པར་གནས་པས་ཀུན་ཏུ་ཁོད་སྙོམས་པའོ། །འདུག་ཚུལ་སྐུ་དང་ཡེ་ཤེས་ལ། སྣང་ཚུལ་སྐུ་དང་[247.5]ཡེཤེས་ལྔར་ཤར་བས། རྟོགས་ཚུལ་གཉིས་མེད་ཆེན་པོར་རྟོགས་ཏེ། དབྱེ་བ་མེད་པའི་ཚུལ་ཤེས་པའོ། །རིགས་ཀྱི་བུ་དུས་དེར་ཚ་བ་དང་བཅས་པའི་མེ་ཚ་བ་མེད་པའི་ངང་དུ་གྲོལ་ཏེ། རང་རིག་པའི་ཡེ་ཤེས་ལས་[247.6]གཞན་སྣང་གི་རྟོག་པ་མེད་པའོ། །དྲི་མ་མེད་པའི་རིག་པ་ལ་སྐུ་དང་ཡེ་ཤེས་སུ་གནས་ཀྱང་། དོན་གཉིས་སུ་མེད་པར་གསལ་ཏེ། ས་བོན་འབྲས་བུར་སྨིན་ལ་འབྲས་བུ་འགྱུར་བ་མེད་པར་གནས་པ་ནི། མེ་ཏོག་པད་[248.1]མ་འདྲ་བར་འོད་འབར་ཏེ། མ་སྨིན་པ་སྨིན་པར་བྱས་སོ། །རིག་པའི་ཡེ་ཤེས་འབྱུང་བ་ལས་འདས་པའི་རང་གདངས། འོད་ལས་འདས་པའི་ཡེ་ཤེས་ཡིད་ལས་འདས་པའི་ཤེས་རབ་དུས་ཐམས་ཅད་དུ་སྐྱེ་འགགས་[248.2]དང་ནུབ་པ་མེད་པར་གནས་པ་ནི། ནམ་མཁའ་ཁྱབ་པ་མེད་པའི་གདངས་ཅན་དེ། རྒྱལ་མཚན་གྱི་རྩེ་མོ་ལྟ་བུའོ། །དེ་ལྟར་འབྱུང་བ་ལྔ་པོ་མ་ཐོག་ནས་ཤར་བས། མ་ཐོག་ཏུ་གྲོལ་ཏེ། མི་གནས་པས་འབྱུང་བ་མ་ལ་[248.3]ཞའོ། །དེ་ཡང་དང་པོ་དབྱིངས་དང་རིག་པ་དབྱེར་མེད་ཀྱི་ངང་ལ་ཤར་བས། ཐ་མ་ཡང་དེའི་ངང་དུ་དག་ཅིང་ཐིམ་པས་ཡེ་ཤེས་དབྱིངས་སུ་ཐིམ་པའི་མན་ངག ཡེ་ཤེས་དབྱིངས་སུ་ཐིམ་པས་སོ་སོར་རྟོགས་པའི་ཤེས་[248.4]རབ་ལས་འདས་ཤིང་། གཟིགས་་་་་་་་་་་་་་་་་་་་་་་་་། མི་གནས་པས་ཡེ་ཤེས་རྩེ་གཅིག་པར་གསལ་བ་སྟེ། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པའོ། །དེའི་ཚེ་ཤེས་རབ་ཀྱི་སྤྱན་དང་ཆོས་ཀྱི་སྤྱན་ལས་གྲོལ་བའོ། །རིགསོ་ཀྱི་[248.5]བུ་ཡེ་ཤེས་ཀྱི་དབྱིངས་སུ་ཐིམ་ཀྱང་། སྟོང་པ་ཕྱང་ཆད་དུ་མ་གྱུར་ཏེ། དབྱིངས་ཀྱི་ཐིག་ལེ་གཤེར་བ་མེད་པའི་ཆུས། ནང་མེད་པའི་ནང་དུ་འདུས་ཏེ། སྐུ་དང་ཡེ་ཤེས་ནང་གསལ་དུ་གནས་པས། ཤེས་རབ་མཁའ་ལ་[248.6]འཁྱིལ་བའོ། །དེ་ཡང་རྒྱས་པར་བསྟན་ན་མཚན་ཉིད་བཞི་སྟེ། སྐུ་དང་ཡེ་ཤེས་དབྱིངས་སུ་ཐིམ་ཀྱང་། །རིག་པ་རང་གསལ་དབྱིངས་ན་མི་གནས་པས། ཐིམ་པ་ལ་མ་རྨུགས་པའོ། །མ་རྨུགས་ཀྱང་སེམས་ཉིད་རྣམ་[249.1]པར་དག་པ་སྟེ། རང་རག་པའ་ཡེ་ཤེས་ལས་གཞན་སྣང་རྟག་པ་མ་མངའ་བས། འ ན་རྟག་བྲལ་བའ་ཡེ་ཤེས་ས། །རགས་ཀྱ་བུ་དེ་ན་གཞན་མ་ཡན་ཏེ། རང་ག་རག་པ་འད་ཉད་ད། །འད་ཉད་རྟོག་པ་[249.2]ལྟར་སྣང་བ་ནི། རྐྱེན་ཕྲ་མོས་སྣང་བའོ། །དོན་ཤེས་པ་གནས་འགྱུར་མ་ཡིན་ཏེ། དཔེར་ན་ཁྱིམ་ཀྱི་ནམ་མཁའ་སྒྲིབ་པས་བཅད་ཀྱང་རྒྱ་མཐོངས་ན་ཡར་ཟང་ཐལ་ཏེ། ནམ་མཁའ་དབྱེར་མེད་དོ། །དེ་བཞིན་དུ་བག་[249.3]ཆགས་སྦུབས་ཀྱིས་བཅད་ཀྱང་། དོན་ཡེ་ཤེས་ཟང་ཐལ་ཏེ། བརྔགས་ན་མ་བསྒྲིབས་པར་ཟང་ཐལ་ལོ། །དེ་བས་ན་ཡིན་པ་ལ་བདག་མེད་པའོ། །དེའི་ངང་ལ་དུས་གསུམ་གྱི་སངས་རྒྱས་བཞུགས་ཀྱང་། འབྱེད་པ་[249.4]མེད་པའི་ཤེས་རབ་རང་གསལ་རྟོག་པ་མེད་པར་བཞུགས་སོ། །རིག་པའི་ཡོན་ཏན་དང་པོ་ཀློང་ནས་ཤར་བ། ཐ་མར་མི་འགགས་པ་རང་གི་ཀློང་ན་གནས་ཏེ། ཡུམ་གྱི་བུམ་པ་ཡེ་ཤེས་ཀྱི་སྐུ་ལྔ་སོ་སོར་གནས་ཏེ།[249.5]རང་སྣང་ལས་གཞན་སྣང་མེད་པའོ། །དོན་དེ་སོ་སོར་མ་འདྲེས་པ་ལ་མི་འབྱེད་པར་བཞུགས་སོ། །དུས་དེར་རིག་པ་རང་ས་ཟིན་ཏེ། གཉིས་མེད་ཆོས་སྐུ་མི་འགྱུར་བས། སྟོང་པ་ཉིད་རྡོ་རྗེ་ལྟ་བུའི་སྐུ་ཐོབ་[249.6]བོ། །གཉིས་སུ་མེད་པ་ཆོས་སྐུའི་ངང་ན་རིག་པ་ཡེ་ཤེས་ཀྱི་སྤྱན་འགགས་པ་མེད་པར་གསལ་བས། ལོངས་སྤྱོད་རྫོགས་པའི་སྐུ་འགགས་པ་མེད་པའི་གསུང་གཡུང་དྲུང་ལྟ་བུའི་ཚེའོ། །རིགས་ལྔ་སྤྲུལ་པའི་སྐུ་ཡེ་ཤེས་[250.1]ཀྱི་སྤྱན་གྱི་ངང་ན་གསལ་བས་དེ་གསུམ་དབྱེ་བ་མེད་པའི་ཤེས་རབ་ཀློང་གཅིག་དུ་འཁྱིལ་ནས་ཐུན་མེད་པའི་ཐུན་ཆེན་པོ་གཅིག་གི་ངང་དུ་གྲོལ་ཏེ། རྒྱུན་གྱི་ཏིང་ངེ་འཛིན་རྩེ་གཅིག་གི་ངང་ལ་གནས་སོ། །དེའི་ཚེ་ཡུལ་[250.2]ཉིད་ལས་གྲོལ་ཏེ། རང་སྣང་ལས་གཞན་སྣང་མེད་དོ། །སྤྱན་གཉིས་དག་ནས་ཡེ་ཤེས་རང་གསལ་གྱི་སྤྱན་རྩེ་གཅིག་པའོ། །ལུས་གཉིས་ལས་འདས་ཏེ། རིག་པ་རྐྱང་པ་རིན་པོ་ཆེ་ལྟ་བུ་དྲི་མ་དང་བྲལ་ཏེ། གཅེར་བུ་[250.3]རུ་གནས་པའོ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། མྱ་ངན་ལས་འདས་པའི་དགོངས་པ་དང་། དེ་མཚོན་པའི་ཚིག་ལྔའི་དོན་བཤད་པའི་ལེའུ་སྟེ་བརྒྱ་དང་བཅུ་དྲུག་པའོ།། །།དེ་ནས་[250.4]ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་མཐའ་ལས་འདས། །མྱ་ངན་འདས་པའི་དོན་བཤད་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རིགས་ཀྱི་བུ་ངེས་པར་ཟུང་ཞིག །ངོ་བོ་[250.5]ངེས་ཚིག་དབྱེ་བ་དང་། །མཚན་ཉིད་དབྱེ་བ་བཞི་ཡི་བཤད། །མྱ་ངན་འདས་པའི་ངོ་བོ་ནི། །མི་གནས་ཡེ་ཤེས་ཆེན་པོའོ། །ངེས་ཚིག་སྡུག་བསྔལ་གྱི་མཐའ་ལས་འདས་པ་སྟེ། མི་རྟོག་པའི་བདེ་བ་ཆེན་པོ་ལ་གནས་[250.6]པའི་ཕྱིར་ནའོ། །དབྱེ་བ་ནི་ཟག་བཅས་ཀྱི་མྱ་ངན་ལས་འདས་པ་དང་། ཟག་པ་མེད་པའོ། །མཚན་ཉིད་ནི་མཐའ་རྣམ་པ་བཞི་ལས་འདས་པའོ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། མྱ་[251.1]ངན་ལས་འདས་པའི་དོན་བཤད་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་བདུན་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། རྟོག་མེད་གསལ་བ་སྤྱན་གྱི་དོན་[251.2]རྣམས་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྒྱུད་ལུང་ཀུན་གྱི་ནང་ན་སྤྱན་ཞེས་བརྗོད་པ་ནི། ངས་བསྟན་འདི་ལྟར་ཤེས་པར་བྱའོ། །ངོ་བོ་དབྱེ་བ་བཅས་པ་ནི། ཡེ་ཤེས་ཀྱི་སྤྱན་འབྱེད་པ་མེད་[251.3]པ་ནི་རྩེ་གཅིག་ཏུ་གསལ་བ་དང་། ཆོས་ཀྱི་སྤྱན་རྟོག་པ་མེད་པར་རྣམ་པར་མཁྱེན་ཅིང་གསལ་བ་དང་། ཤེས་རབ་ཀྱི་སྤྱན་རྣམ་པར་དབྱོད་ཅིང་དོན་སོ་སོར་གསལ་བ་དང་། ལྷའི་སྤྱན་རྣམ་པར་དག་པ་བག་ཆགས་[251.4]ཟད་པ་ལ་སྣང་བ་དང་། ཤའི་སྤྱན་རྣམ་པར་དག་པ་ཏིང་ངེ་འཛིན་ལས་སུ་རུང་བ་ལ་གསལ་བ་དང་། ཆུ་བུར་གྱི་མིག་བག་ཆགས་ཀྱི་ལུས་ཅན་རྣམས་ལ་ཐུན་མོང་དུ་སྣང་ཞིང་གསལ་བའོ། །ངེས་ཚིག་ནི་དོན་མཐོང་[251.5]ཞིང་མ་འགགས་པར་གསལ་བས་ནའོ། །མཚན་ཉིད་སྤྱི་ནི་སྒྲིབ་པ་དང་བྲལ་བའོ། །དཔེ་ནི་ཉི་མའི་སྙིང་པོ་ལྟ་བུའོ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། སྤྱན་གྱི་དོན་བསྟན་པའི་ལེའུ་སྟེ་[251.6]བརྒྱ་དང་བཅོ་བརྒྱད་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྣམ་པར་མཁྱེན། །རྒྱུད་ལུང་མན་ངག་ལས་བྱུང་བའི། །མུ་བཞིའི་དོན་ཡང་བཤད་དུ་གསོལ། །ཞེས་ཞུས་[252.1]སོ། །སྟན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །མུ་བཞིའི་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་པའི་དཔེ་རྣམས་ཏེ། །དཔེ་ནི་གོང་ལྟར་ཤེས་པར་བྱ། །ངོ་བོ་དབྱེ་བ་བཅས་པ་ནི། །མུ་བཞི་རྣམ་པ་[252.2]གཉིས་ཡིན་ཏེ། །དུས་དང་གྲོལ་བ་ལ་སོགས་བརྩི། །དང་པོ་དུས་ཀྱི་མུ་དབྱེ་ན། །ལུས་ཀྱི་མཐའ་རྫོགས་པའི་དུས་དང་། ཤེས་རབ་ཀྱི་རྩལ་རྫོགས་པའི་དུས་དང་། ལས་ཀྱི་མཐའ་ཟད་པས་ཆེ་བའི་ཡེ་ཤེས་མཐར་[252.3]རྫོགས་པའི་དུས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཐུགས་རྗེའི་རྩལ་ཟད་པའི་དུས་སོ། །གྲོལ་བའི་མུ་བཞི་ནི། གཅིག་པ་དང་ཐ་དད་པ་ལས་གྲོལ་བའི་ཐིག་ལེ་དང་རང་བྱུང་གི་ཡེ་ཤེས་སོ། །རིགས་ཀྱི་[252.4]བུ་ཅིའི་ཕྱིར་ན་རང་བྱུང་ཡེ་ཤེས་ཉིད་ཐིག་ལེ་ཡིན་ལ། ཐིག་ལེ་ཉིད་ཀྱང་རང་བྱུང་གི་ཡེ་ཤེས་སུ་གསལ་བས། གཅིག་དང་ཐ་དད་དུ་བརྗོད་པ་ལས་འདས་པའོ། །གཅིག་པ་དང་ཐ་དད་པ་ལས་གྲོལ་བ་ནི། ཆོས་སྐུ་དང་[252.5]ནམ་མཁའོ། །རིགས་ཀྱི་བུ་ཅིའི་ཕྱིར་ན། དེ་གཉིས་ཐ་དད་པའི་ཕྱིར་དེ། རང་བཞིན་དག་པའི་ནམ་མཁའ་ནི། ཁ་དོག་དང་དབྱིབས་ཀྱི་བདག་ཉིད་དང་། འབྱུང་བའི་རང་བཞིན་དག་ཀྱང་། བག་དང་མ་བྲལ་ཏེ་ངོ་བོ་[252.6]རིག་མེད་སྟོང་པ་ཡིན་པའི་ཕྱིར་རོ། །ཆོས་སྐུ་ཐིག་ལེ་ཆེན་པོ་ནི། སྟོང་པར་མཐུན་ཀྱང་དེ་རྣམས་ལས་ལྡོག་སྟེ། དོན་དེས་གཅིག་པ་དང་ཐ་དད་པ་ལས་གྲོལ་བའོ། །གྲོལ་བའི་མ་གྲོལ་བ་ནི་སེམས་དང་ཡེ་ཤེས་[253.1]ཏེ། །གྲོལ་བ་ནི་གཞི་གཅིག་པའོ། །སེམས་རྟོག་བཅས་སུ་གསལ་ལ། ཡེ་ཤེས་རྟོག་མེད་དུ་བཞུགས་པས། དོན་དེས་རྩལ་གྱི་ངོ་བོ་ནས་མ་གྲོལ་བའོ། །མ་གྲོལ་བའི་གྲོལ་བ་ནི་ཐིག་ལེ་དང་ཡུལ་[253.2]ཏེ། ཐིག་ལེའི་རིག་པ་འགགས་པ་མེད་པ་དང་། ཡུལ་མེད་སྟོང་པར་གནས་པས་མ་གྲོལ་བའོ། །གྲོལ་བ་ནི་ཆོས་ཐམས་ཅད་ཐ་དད་པ་ལྟ་བུ་མ་ཡིན་པས། སྟོང་པ་དབྱེར་མེད་དུ་གནས་པས། སོ་སོར་བརྗོད་པ་ལས་[253.3]འདས་པའི་གསལ་བ་ཟང་ཐལ་ལོ། །དོན་དེས་མ་གྲོལ་བའི་གྲོལ་བའོ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། མུ་བཞིའི་དོན་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་དགུ་པའོ།། །།དེ་ནས་[253.4]ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །སྒྲ་ཡི་དོན་བཤད་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། །ངས་བཤད་རྒྱུད་ལུང་ཐམས་ཅད་དུ། །སྒྲ་རྣམས་ཇི་ལྟར་སྣང་[253.5]མོད་ཀྱི། །སྒྲ་ཡི་དབྱིངས་དང་སྒྲུབ་བྱེད་དང་། །གཞན་སེལ་ཕན་པའི་རྐྱེན་ཅན་ནོ། །རྣམ་པ་བཞི་རུ་བསྡུས་ལ་བསྟན། །སྒྲ་ཡི་དབྱིངས་ནི་འ་དང་ཨའོ། །དེ་གཉིས་ཀུན་གྱི་འབྱུང་གནས་ཡིན། །དེ་ཡང་ཇི་ལྟར་འབྱུང་ཞེ་[253.6]ན། །དེ་གཉིས་སུ་མེད་པར་མ་བྱུང་བའོ། །དེ་གཉིས་མི་འགྱུར་བས་སའོ། །དེ་གཉིས་ཀྱི་བར་དུ་ཡེ་ཤེས་མི་འགག་པར་རང་བྱུང་བས་ཧའོ། །དེ་ལས་ཤེས་རབ་སྐྱེ་བས་ཤ་འབྱུང་བའོ། །དེ་གཉིས་ཀ་ཕྱི་མོ་ཡིན་པ་དང་།[254.1]དེ་ལྷར་སྣང་བའི་སྐུ་གཉིས་ཐུགས་རྗེར་འབྱུང་བས་ཀའོ། །དབྱིངས་ཀྱི་ངང་ལས་མི་འདའ་ཞིང་ངང་གིས་ནང་ན་གནས་པས་ན་ཁའོ། །དེ་གཉིས་རྒྱ་མ་ཆད་པས་གའོ། །དེ་གཉིས་སུ་མེད་པ་ལ་ཐམས་ཅད་འཆར་པས་[254.2]ངའོ། །དེ་གཉིས་ཀུན་གྱི་འབྱུང་གནས་ཡིན་པས་ཙའོ། །དེ་ཉིད་གཉིས་སུ་མེད་པར་ཉམས་སུ་མྱང་བས་ཚའོ། །དེ་མ་འགགས་པར་ཐུགས་རྗེས་འཛིན་པར་བྱེད་ཅིང་དེ་གཉིས་འདུ་འབྲལ་མེད་པས་ན་ཛའོ། །ཨ་རིག་པ་[254.3]ཡིན་པས་ན་ཏའོ། །གཞི་གནས་མཐར་གྱུར་པས་ན་བའོ། །དེ་གཉིས་སུ་མེད་པར་བྱུང་ན་ཤེས་བྱ་མ་བཅོས་པ་སྟེ་ངའོ། །ཡེ་ཤེས་སུ་འབྱུང་བས་ན་ཉའོ། །མ་རྟོགས་པ་སེམས་སུ་སྣང་བས་ནའོ། །དེ་གཉིས་སུ་མེད་པ་[254.4]ཆོས་ཀྱི་སྐུ་ཡིན་པས་པའོ། །ཐབས་འགག་པ་མེད་པས་ཕའོ། །རྩལ་སྐུར་སྣང་བས་བའོ། །དེ་གཉིས་ཀྱི་ཐུགས་རྗེ་སྐུ་བཞི་ལས་གྲུབ་པ་ཡའོ། །ཐུགས་རྗེ་དང་མི་འབྲལ་བས་རའོ། །དེ་གཉིས་ལས་ཐམས་ཅད་འཕྲོ་ཞིང་[254.5]འདུས་པས་ལའོ། །དེ་གཉིས་ལས་རྟོགས་མ་རྟོགས་ལྟར་སྣང་བས་ཊ་ལོག་དང་ཌ་ལོག་པའོ། །དེ་བས་ན་འ་དང་ཨ་ནི་སྒྲ་ཡི་དབྱིངས་སོ། །དེ་གཉིས་སྒྲུབ་པར་བྱེད་པ་ནི། ཨ་གཉིས་ཀྱིས་ཡི་གེ་ཐམས་ཅད་དག་པར་[254.6]བསྒྲུབ་པའོ། །འས་ཐམས་ཅད་སྤྲོས་པ་དང་བྲལ་བར་བསྒྲུབ་པའོ། །དེ་གཉིས་འབྲེལ་བར་གྱུར་པས་རིག་པ་སྟེ། །རྒྱུན་ཆད་མེད་པར་བསྒྲུབ་པའོ། །ཧ་དང་འབྲེལ་བས་ན་ཆེན་པོ་སྟེ། མ་བྱས་པ་སྒྲུབ་པར་བྱེད་[255.1]པའོ། །ཡེ་ཤེས་རང་བརྩེགས་འབྱུང་བས་ཐུག་པ་སྟེ། སྐྱེ་འགག་མེད་པར་བསྒྲུབ་པའོ། །ཧ་དང་ཞབས་ཀྱུས་ཀྱང་ཡི་གེ་དང་བར་འབྲེལ་བས་ཐུང་བ་སྟེ་སྡུད་པའོ། །ཛ་དེའི་ཕན་པའི་རྐྱེན་ཅན་ནོ། །པ་ར་[255.2]ཏ་ས་ར་དང་བཅས་པ་ནི་སྤྲོས་པར་བྱེད་པའི་སྒྲུབ་པའོ། །ས་དང་ཏ་ནི་དེ་ལ་ཕན་པའི་རྐྱེན་ཅན་ནོ། །ཐ་ལོག་ཐམས་ཅད་ཐུན་མོང་མ་ཡིན་པའི་བསྒྲུབ་པའོ། །རང་ངོ་ཐམས་ཅད་ནི་དབྱིངས་བསྒྲུབ་པའོ། །དེ་བཞིན་དུ་[255.3]འ་དང་ཨ་ལས་ཤར་བ་ཐམས་ཅད་དོན་ཕྱོགས་རེ་དང་ལྡན་ང།་་། ་མའི་དོན་ཕྱོགས་རེ་བསྒྲུབ་པའོ། །དེ་ནི་སྒྲའི་སྒྲུབ་བྱེད་དུ་བཞག་པའོ། །དེ་རྣམས་ཀྱི་འ་དང་ཨའི་མིང་མ་མཐུན་པའི་ཕྱིར་མཐུན་པའི་ཕྱོགས་སེལ་[255.4]ཅིང་། སྒོ་སོ་སོའི་མི་མཐུན་ཕྱོགས་སེལ་བས་གཞན་སེལ་ལོ། །དེ་རྣམས་ཀྱི་འཕྲུལ་ལུགས་ཀྱིས་རང་རང་གི་དོན་སྒྲུབ་པའི་གྲོགས་སུ་འགྱུར་བ་དང་། སྤྱིར་གཞིའི་ཡོན་ཏན་བསྒྲུབས་པས་དོན་གྲོགས་སུ་འགྱུར་པས་ན།[255.5]སྒྲ་ཕན་པའི་རྐྱེན་ཅན་ནོ། །ཞེས་ཞུས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། སྒྲའི་དོན་བསྟན་པའི་ལེའུ་སྟེ་བརྒྱ་དང་ཉི་ཤུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་[255.6]རྗེ་འཆང་། །རྒྱུད་ལུང་མན་ངག་གང་གསུངས་པ། །ཚིག་ཚོགས་ཐམས་ཅད་དེ་ལྟར་བཤད་ལགས་ན། །འབྲུ་རྣམས་ཇི་ལྟར་གཤོམ་པ་གསུང་དུ་གསོལ། །སྟོན་པས་བཀའ་སྩལ་པ། །རྡོ་རྗེ་འཛིན་པ་ལེགས་པར་ཟུང་[256.1]ཞིག །རྒྱུད་ལུང་མན་ངག་གི་དོན་ཐམས་ཅད་གོང་ལྟར་བཤད་ལ། གནས་སྐབས་ཐམས་ཅད་འབོད་སྐད་ཀྱིས་བསྡེབས་ལ། །གོང་དུ་བཤད་པ་འབྲུ་མནན་ནོ། །རིགས་ཀྱི་བུ་ལེའུ་ཞེས་པ་ནི། སོ་སོའི་ས་མཚམས་དང་[256.2]ཆོས་གཞན་མ་འདྲེས་ཏེ། གང་མཚོན་པའི་དོན་གཙོ་བོར་བཤད་པའོ། །སྐབས་ཤེས་པ་ཐམས་ཅད་ལེའུ་དོན་དང་དོན་འབྱུང་བའི་གཞི་མ་འགགས་པར་ཤེས་པ་ལ་བྱའོ། །སྤྲོས་བྲལ་ཐམས་ཅད་ནི་མི་འགྱུར་མ་[256.3]འགགས་པར་ཤེས་པར་བྱའོ། །སྣང་བ་ཐམས་ཅད་ཡུལ་ལོ། །ཡུལ་ཐམས་ཅད་བཞུགས་པ་དང་སྣང་བར་ཤེས་པར་བྱའོ། །རིག་པ་ཆོས་སྐུ་དང་དོན་མཁྱེན་པ་དང་བེམ་པོ་ལས་ལོག་པ་དང་མ་རིག་པ་ལས་ལོག་[256.4]པའོ། །མ་རིག་པ་ཐམས་ཅད་དོན་མ་ཤེས་པའོ། །ཡོན་ཏན་ཐམས་ཅད་མཐུན་པའི་ཕྱོགས་དང་། བཞི་ལྡན་པ་དང་མ་འགགས་པར་བཤད་དོ། །སྐྱོན་ཐམས་ཅད་མཐའ་དང་གཟུང་འཛིན་དང་། མ་རིག་པ་དང་ལོག་ལྟ་[256.5]དང་། དོན་སོ་སོ་དང་མི་མཐུན་པ་དང་། སྤང་བྱར་བཤད་དོ། །གྲུབ་མཐའ་ཐམས་ཅད་བལྟ་བ་དང་འབྲས་བུར་བཤད་དོ། །འབྲས་བུ་ཐམས་ཅད་དོན་མཐར་ཕྱིན་པའོ། །དོན་ནི་ཐ་དད་དོ། །དགོངས་པ་ཐམས་ཅད་[256.6]ངང་དངས་རང་བཞིན་བདག་ཉིད་ཆེན་པོར་བཤད་དོ། །ངང་ནི་མ་བཅོས་པ་དང་མི་གཡོ་བ་དང་། མི་འདའ་བ་དང་མི་གནས་པ་དང་། མི་འགྱུར་བར་བཤད་དོ། །རང་རང་ནི་མ་འགགས་པ་དང་། མི་མཐུན་པ་དང་སོ་[257.1]སོའི་ཆོས་ཉིད་དུ་བཤད་དོ། །བདག་ཉིད་ཆེན་པོ་ནི་ཐམས་ཅད་རིག་པ་དབྱེར་མེད་པར་བཤད་དོ། །རང་བཞིན་ནི་གཞན་ལ་རག་མ་ལུས་པའོ། །འགྱུ་བ་ཐམས་ཅད་ནི་རྩལ་ལོ། །སྦུབས་མེད་པའི་འགྱུ་[257.2]བ་རྟོག་མེད་ཀྱི་རྩལ་ལོ། །སྦུབས་ཅན་རྟོག་བཅས་སོ། །དེ་ལྟར་དེ་བཞིན་དེ་འདྲ་ཞེས་པ་ནི་གར་བྱུང་ཡང་ཚིག་སྔ་ཕྱིའི་དཔེ་དང་སྦྱར་རོ། །དེ་ནི་ཞེས་པ་ཐམས་ཅད་ནི་སྔ་མ་འོག་ཏུ་རྒྱས་སུ་བསྟན་པའོ། །ད་ནི་ཞེས་པ་[257.3]ནི་སྔ་མ་བཤད་ནས། དེ་དང་དེ་ལས་བཟློག་པ་གཅིག་སྟོན་པའོ། །འདི་ནི་ཞེས་པ་ནི་ཐམས་ཅད་དོན་ལོགས་སུ་བཀར་བའོ། །ཅན་ཐམས་ཅད་ཡོན་ཏན་དུ་སྣང་བ་དང་སྦྱར་བའོ། །དཔལ་དང་སྟུག་པ་དང་མཛེས་པ་ནི་[257.4]མཐུ་སྟོབས་དང་བྱིན་རླབས་སོ། །འདི་ཡང་ཞེས་པ་ཐམས་ཅད་དོན་དབུས་མ་གོང་འོག་དུ་བསྟུན་པའོ། །ཅི་ཕྱིར་གང་གིས་ཕྱིར་ན་དེ་ཕྱིར་ནི། གཏན་ཚིགས་སུ་བསྟན་པའོ། །རྣམས་དང་མ་ལུས་པ་དང་ཐམས་ཅད་[257.5]དང་ཀུན་དང་དེ་དག་ནི། ཚིག་གི་དོན་ལྷག་མ་མ་ལུས་པར་བསྟན་པའི་ཚིག་གོ། །བྱང་ཞེས་པ་རིག་པ་ཆུབ་པ་ཡེ་ཤེས་སོ། །བྱང་བ་ཆོས་སྐུ་ཆུབ་པ་ལོངས་སྐུ། སེམས་དཔའ་སྤྲུལ་སྐུའོ། །གཞི་དང་རྩལ་དུ་ཡང་བཤད་[257.6]དོ། །ཆོས་ཉིད་མི་འགྱུར་བ་དང་རང་གི་མཚན་ཉིད་དང་དབྱིངས་སུ་བཤད། ཤེས་རབ་ཅེས་པ་ནི་ཕྱོགས་ལྷུང་མེད་པ་དང་། སོ་སོར་དཔྱོད་པ་དང་མ་འགགས་པར་བཤད། སྒྲོན་མ་ནི་གསལ་བྱེད་དོ། །མུན་པ་མ་[258.1]རིག་པའོ། །ཤར་བ་ཡུལ་ལ་ཤར་བ་དང་། རྟོག་པ་དང་རྩལ་ཏེ། དོན་ཐད་ཀར་སྦྱར་རོ། །རང་བྱུང་ནི་འདུས་མ་བྱས་པ་དང་རྩལ་ལོ། །གནས་སྐབས་ཤེས་པ་གཅེས་སོ། །འོད་སྣང་ལ་རང་བཞིན་མེད་པ་དང་། གསལ་[258.2]ལ་མ་བསྒྲིབས་པའོ། །མཚོན་བྱ་གཞིར་བཤད་དོ། །མཚོན་བྱེད་ཐབས་སུ་བཤད། མུ་གནས་པས་ནི་མཐའ་དང་བྲལ་བར་བཤད་དོ། །རྣམ་པར་དག་པ་ནི་ཕྱོགས་ཐམས་ཅད་ནས་དག་པའོ། །མཚན་མའི་ཆོས་ལས་[258.3]གྲོལ་བའོ། །བདག་མེད་པ་ནི་བདག་གཉིས་དང་བྲལ་བ་སེམས་ལས་གྲོལ་བའོ། །གཞི་ནི་ཆོས་ཉིད་དང་ཆོས་སྐུ་དང་། །ཡེ་ཤེས་ཏེ་སྐབས་དང་སྦྱར་ཞེས་པའོ། །རྩལ་འོད་དང་འཁོར་འདས་སོ། །རོལ་པ་ནི་ཡུལ་དང་[258.4]རྣམ་པར་བཤད། མཛད་སྤྱོད་ནི་མཐུན་པར་སྣང་བའོ། །རྫོགས་པ་ནི་ལྷག་མ་མ་ལུས་པའོ། །ཆེན་པོ་ནི་མ་བྱས་པ་དང་། གོང་ན་མེད་པའོ། །ཡེ་ཤེས་ཉིད་ནི་དང་པོའི་ཤེས་པའོ། །དེ་ཉིད་ནི་གཞིའོ། །དེ་ལྟར་རྟོགས་[258.5]པས་གྲོལ་བའོ། །མཁའ་འགྲོ་མ་ནི་རྡོ་རྗེ་དང་ཡེ་ཤེས་དང་ལས་དང་ཤ་ཟར་བཤད་དོ། །འགྲོ་བ་ནི་རྟོགས་པས་མཁའ་ལ་འགྲོ་བ་དང་། །ཐུགས་རྗེ་དང་ལས་དང་ཤུགས་ཀྱིས་འགྲོ་བའོ། །འབར་བ་ནི་མ་འགགས་པར་[258.6]གསལ་བའོ། །མཛོད་ནི་ཞུགས་གནས་སུ་གྱུར་པའོ། །སྒོ་ནི་འབྱུང་ཞིང་འཇུག་པའོ། །ལྡེ་མིག་ནི་འབྱེད་ཅིང་གྲོལ་བའོ། །དམ་ཚིག་ནི་དབྱེར་མི་ཕྱེད་པའོ། །དཔལ་ནི་བདག་གཞན་གཉིས་ཀྱིའོ། །ཐུགས་རྗེ་ནི་ཐུན་[259.1]མོང་དང་བྱིན་རླབས་ལས་བྱུང་བའོ། །སྐྱེས་བུ་ནི་དོན་མཆོག་ཏུ་གྱུར་པས་འགྲོ་བའི་ཁ་ལོ་གྱེན་དུ་བསྒྱུར་བའོ། །མ་ནི་སྐྱེ་བའི་གཞི་འབྱུང་བའི་གནས་སོ། །མོ་ནི་ཤེས་རབ་ཀྱི་བདག་ཉིད་དོ། །ཐབས་ནི་[259.2]དོན་བསྒྲུབ་པའི་རྐྱེན་ནོ། །ཡན་ལག་ནི་གང་ཡིན་པ་ལས་འཕྲོ་བའི་ཆོས་ཅན་ནོ། །མེད་པ་ནི་འགྱུར་བའི་དོན་སྤྱོད་མེད་པའོ། །གསེར་ནི་མི་འགྱུར་བའོ། །གཞུང་ནི་གཞན་དང་མ་འདྲེས་པའི་ལུགས་སོ། །རང་ལུགས་[259.3]ནི་མ་འདྲེས་པའི་དོན་ནོ། །འཁོར་ལོ་ནི་གཅོད་པ་དང་ཅིར་ཡང་སྣང་བའོ། །སྲིད་པ་ནི་མི་ཁེགས་པ་དང་མེད་པ་ལས་ཡོད་པར་སྣང་ནུས་པའོ། །འཆང་བ་ནི་འདུ་འབྲལ་མེད་པའོ། །རྒྱུན་ནི་སྐད་ཅིག་མས་འདབ་སྦྱོར་[259.4]རོ། །ཐ་སྙད་ནི་ཕྱོགས་རེ་ནས་སྤྲོས་པའི་ཆོས་སོ། །མིང་ནི་མཚོན་པའི་སྒྲ་ཚིག་གོ །གདངས་ནི་རང་སྣང་བ། ཆོས་ནི་མཚན་མ་ཕྲ་རགས། རྟོག་ཚོགས་གཟུང་འཛིན་ཆོས་ལས་འདས་པའི་སངས་རྒྱས་སོ། །གཟུང་[259.5]འཛིན་དང་བྲལ་བའི་རིག་པ་འབྱུང་བ་ལ་འདས་པའི་གདངས་ནི། རིག་པ་རང་སྣང་རང་གསལ་ཟང་ཐལ། སྐུ་ལས་འདས་པའི་ཡེ་ཤེས་ཆོས་སྐུ་མཁྱེན་པར་ཤར་བ། ཚིག་ལས་འདས་པའི་རང་སྣང་། བརྗོད་བྲལ་[259.6]གཞན་སྣང་མེད་པའོ། །ལམ་ནི་གནས་པ་དང་འཇུག་པའོ། །སེམས་ཅན་ནི་མ་ཤེས་པའི་རྟོག་བཅས་སོ། །འཁོར་བ་ནི་གཅིག་ཏུ་མི་གནས་པར་འཁྲུལ་པའོ། །སེམས་ནི་དྲན་པ་ངེས་པའོ། །བསྐྱོད་པ་ནི་གཤེགས་[260.1]པའོ། །བསྐྱོད་དུ་མེད་པ་ནི་མི་བགྲོ་ད་པའོ། །སྡུག་བསྔལ་ལས་གྲོ་ལ་བའི་བདེ་བ་ཆེན་པོ་ཡིན་པས་བྱང་ཆུབ་པའོ། ཁོ།ས་པ་ནི་མཁས་པས་དེ་དོན་ལ་མ་རྨོངས་པའོ། །གནས་པ་ནི་རྩོལ་བས་མ་སོང་བར་ཕྱིན་[260.2]པའོ། །གྲུ་ནི་སྒྲོལ་བ་སྟེ་ཐབས་སོ། །ཏིང་ངེ་འཛིན་ནི་གསལ་བ་སྟེ་རྩེ་གཅིག་པའོ། །རབ་ནི་འགྲན་ཟླ་མེད་དེ་ཆེན་པོར་གྱུར་པའོ། །མཆོག་ནི་ངོ་མཚར་བ་སྟེ་འཕགས་པའོ། །ཕུལ་དུ་ཕྱིན་པ་ནི་ཁྱད་པར་འཕགས་[260.3]པའོ། །བླ་ན་མེད་པ་ནི་དེའི་གོང་དང་འོ།གས་ན་མེད་པ་སྟེ། དབང་བྱེད་པ་མེད་པའོ། །རྡོ་རྗེ་སེམས་དཔའ་ནི་སྟོང་པ་ཉིད་དྲན་པ་ངེས་པ་ནི་མཚན་མ་སྣ་ཚོགས་པའོ། །ཟབ་པ་ནི་གཏིང་རིང་ཞིང་དཔག་པར་དཀའ་[260.4]བའོ། །གཏིང་དཔག་དཀའ་བ་ནི་ཕྲ་བས་ནའོ། །ཆོས་ནི་མཚན་ཉིད་འཛིན་པ་དང་། རྣམ་པར་དཀར་བ་དང་གཞན་ལ་རྟེན་པ་དང་། ཀུན་འབྱུང་བས་ནའོ། །བྱང་ཆུབ་སེམས་དཔའ་ནི། བདག་གཞན་ལ་སེམས་དཔའ་[260.5]དང་ས་ནོན་པའོ། །ཕུང་པོ་གསུམ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སེམས་ཅན་ནོ། །བྱང་ཆུབ་སེམས་དཔའ་ནི། ཡར་སངས་རྒྱས་དང་སྣང་བ་མི་མཐུན་ལ། མར་སེམས་ཅན་དང་མི་མཐུན་ཏེ། གཉིས་[260.6]ཀ་མ་ཡིན་པའོ། །དེ་ཡིས་ཕུང་པོ་གསུམ་དུ་བཞག་པའོ། །བག་ཆགས་ནི་གཞི་གནས་དང་འཕྲལ་འབྱུང་ངོ། །དག་ལུགས་ནི་རང་དེངས་སུ་འགྲོ་བ་དང་། ཕྲ་བའི་གདམས་པ་ལ་རག་ལུས་པའོ། །དཔེ་གངས་ལ་ཁ་བ་[261.1]བབས་པ་དང་། མཚོ་ལ་དར་ཆགས་པ་དང་། རས་ལ་དྲ་མས་གོས་པ་བ ན་ནོ། །གཞ་གནས་ཀྱ་དབྱེ་བ་ན་ཆུ་དང་འོ་མ་ལྟ་བུའོ། །འཕྲལ་འབྱུང་ག་དཔེ་ཆུ་དང་ཟླ་བའོ། །སེལ་བའ་དཔེ་ན་རལ་གྲ་ལྟ་[261.2]བུ་དང་ལྕགས་ཀྱུ་ལྟ་བུའོ། །གསང་བ་ནི་གབ་པའོ། །སངས་རྒྱས་ནི་མཐར་ཕྱིན་པའོ། །མ་རིག་པ་ནི་འཁྲུལ་པའོ། །སྐྱོབ་པས་ན་ལྷའོ། །མཛེས་པས་ན་ལྷ་མོའོ། །བྱམས་པས་ན་མགོན་ནོ། །མཛད་པ་སྣ་ཚོགས་[261.3]པས་ན་ཕྲིན་ལས་སོ། །བདག་པོ་ནི་དབང་ཆེན་པོའོ། །ཡོན་ཏན་མ་འགགས་པའོ། །དྲི་མ་མེད་པ་དང་། མི་འགྱུར་བ་དང་། ཐམས་ཅད་མཁྱེན་པའི་ཐུགས་སོ། །སྣ་ཚོགས་སྟོན་པས་གསུང་ངོ་། །གཟི་བརྗིད་ལྡན་པས་[261.4]ན་སྐུའོ། །ཐབས་དང་ཤེས་རབ་འཛིན་པས་ན་ཡབ་ཡུམ་མོ། །བྱང་ཆུབ་ཆེན་པོ་དང་ལྡན་ཞིང་བསྐྱེད་པས་སྲས་སོ། །དེ་ལྟར་ངས་བསྟན་པའི་རྒྱུད་ལུང་ཐམས་ཅད་དུ་ཤེས་པར་གྱིས་ཤིག །ངས་བསྟན་པའི་དོན་དེ་[261.5]རྣམས་ལ་རྩོད་པར་གྱུར་ན་གང་རྩོད་པ་དང་། རྗེ་བློན་དམངས་གསུམ་དཔང་དུ་བཞག་ལ། འདྲི་ལུགས་དང་དམ་བཅའ་མ་ནོར་བར་བྱས་ལ། སྒྲུབ་བྱེད་ཀྱིས་གང་ཡིན་པ་སྒྲུབ་ཅིང་། གཞན་སེལ་གྱིས་མི་མཐུན་པའི་[261.6]ཕྱོགས་ཐམས་ཅད་སྤངས་ལ། ཕན་པའི་རྐྱེན་ཀྱིས་བསྟངས་བཏབ་སྟེ། དོན་མི་འགྱུར་པའི་དབྱིངས་ལ་བསྐྱལ་ལོ། །ལོག་ལྟ་ཅན་གྱི་སྒྲུབ་བྱེད་ལ། སྐྱོན་གྱིས་སྒྲུབ་བྱེད་མི་མཐུན་པའི་ཕྱོགས་བཏང་ངོ་། །ཁོང་གིས་[262.1]གཞན་སེལ་ན། ་མཐུན་པའ་སྒྲུབ་བྱེད་བཏང་ངོ་། །ཕན་པའ་རྐྱེན་ལ་གནོད་པའ་འགལ་རྐྱེན་བཏང་ངོ་། །རང་རག་པའ་ཡེ་ཤེས་དགག་སྒྲུབ་དང་བྲལ་བ་ན། དབྱངས་སུ་བཞག་སྟེ་བཙན་པའ་ཡུལ་མཁར་ལྟ་[262.2]བུའོ། །དེའི་ཕྱོགས་ནས་བསྒྲུབ་པའོ། །གཏན་ཚིགས་གསུམ་དང་བཞིས་ཕན་པའི་རྐྱེན་བྱས་པའོ། །གནོད་པའི་རྐྱེན་དུ་ཡང་དེ་རྣམས་བསྟན་ནོ། །གཞི་སྣང་ལ་སོགས་པ་གང་རྩོད་ཀྱང་། གྲོགས་དེ་རྣམས་ཀྱིས་བྱས་ལ།[262.3]ངས་བཤད་པ་བཞིན་དོན་གྱི་གནད་དྲི་བ་དང་ལན་གདབ་པར་བྱའོ། །མཐུན་ན་སྒྲུབ་བྱེད་ཀྱི་དབྱིངས་ལ་སྦྱར། མི་མཐུན་ན་གཞན་སེལ་གྱིས་བརྒལ་ལོ། །དོན་ངེས་པར་བྱེད་པ་དང་། ཐེ་ཚོམ་དང་བྲལ་བར་བྱེད་པ་[262.4]དང་། ཤེས་བྱ་གཏན་ལ་འབེབས་པས་ན་གཏན་ཚིགས་ཞེས་བྱ་སྟེ། དེ་དང་རྗེས་སུ་མཐུན་པར་བཤད་དོ། །དེས་ཡད་གཉིས་ཟ་བ་དང་བྲལ་བར་འགྱུར་རོ། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་[262.5]ལས། འབྲུ་འཐོར་བ་སྡུད་པ་དང་། ཐེ་ཚོམ་དང་བྲལ་བར་བྱེད་པ་དང་། སྐྱོན་གྱི་མཐའ་བསལ་བའི་ལེའུ་སྟེ་བརྒྱ་དང་ཉེར་གཅིག་པའོ།། །།དེ་ནས་ཡང་སྟོན་པས་རྒྱུད་ཀྱི་མཚན་ཡོངས་སུ་བསྟན་པའི་ལེའུ་འདི་[262.6]གསུངས་སོ། །གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ཉོན་ཅིག །དོན་གྱི་མན་ངག་རྩ་བ་ཅར་ཕོག་གི། །དེ་ཉིད་སྤྲོས་བྲལ་དོན་གསལ་བསྟན་པ་ཡི། །མན་ངག་རྒྱུད་ཀྱི་སྤྱི་འགྲེལ་ཆེན་པོ་འདི། །གསང་བདག་ཞུ་བའི་[263.1]འཁོར་དང་དགའ་རབ་སྡུད་པའི་འཁོར། །གཞན་ཡང་འདིར་མོས་འདིར་འདུས་ཚོགས་པའི་འཁོར། །ང་ཡི་སྤྲོས་བྲལ་དོན་གསལ་རྒྱུད་ཆེན་འདིས། །ཆོས་རྣམས་ཀུན་གྱི་རྩ་བ་ཅར་གྱིས་སྟོན་པས་[263.2]ན། །རྩ་བ་ཅར་ཕོག་རྒྱུད་ཆེན་ཞེས་སུ་ཟུང་། །གཅིག་ཤེས་ཀུན་ཏུ་གྲོལ་བར་སྟོན་པས་ན། །ཡང་ཏིག་ལྡེ་མིག་ཆེན་པོའི་རྒྱུད་དུ་ཟུང་། །ད་ལྟ་བུརྙ་ཉིད་དང་མཉམ་སྦྱོར་བས། །སངས་རྒྱས་མཉམ་སྦྱོར་ཆེན་པོའི་རྒྱུད་དུ་[263.3]ཟུང་། །ལ་ཟློ་སྤྲོས་དང་བྲལ་བར་སྟོན་པས་ན། །སྤྲོས་བྲལ་དོན་གསལ་རྒྱུད་ཆེན་ཞེས་སུ་ཟུང་། །རང་ངོ་རང་ལ་ངོ་སྤྲོད་སྟོན་པས་ན། །གསང་བའི་ངོ་སྤྲོད་ཆེན་པོའི་རྒྱུད་དུ་ཟུང་། །གནས་ལུགས་ཇི་ལྟར་ཡིན་པ་རྫོགས་[263.4]པར་སྟོན་པས་ན། །རྫོགས་ཆེན་ནང་ནས་ཡོངས་རྫོགས་ཆེན་པོའི་རྒྱུད་དུ་ཟུང་། །ལྟ་བསྒོམ་དྲི་མེད་དག་པ་ཆེན་པོ་སྟོན་པས་ན། །དྲི་མེད་ཀ་དག་ཆེན་པོའི་རྒྱུད་དུ་ཟུང་། །སྐྱོན་རྣམས་ཡོན་ཏན་དག་ཏུ་ལྷུན་གྱིས་གྲུབ་[263.5]པར་སྟོན་པས་ན། །ལྷུན་གྲུབ་ཆེན་པོའི་རྒྱུད་ཆེན་ཞེས་སུ་ཟུང་། །རང་བྱུང་ཡེ་ཤེས་རང་ལ་འཆར་བར་སྟོན་པས་ན། །ཡེ་ཤེས་རང་ཤར་ཆེན་པོའི་རྒྱུད་དུ་ཟུང་། །མ་རིག་མུན་པ་རྩད་ནས་སྨག་རྣམས་སེལ་བས་ན། །མ་[263.6]རིག་མུན་སེལ་ཆེན་པོའི་རྒྱུད་དུ་ཟུང་། །འཁོར་བ་ཐམས་ཅད་དོང་ནས་སྤྲུགས་པས་ན། །དོང་སྤྲུག་ཆེན་པོའི་རྒྱུད་ཆེན་བྱ་བར་ཟུང་། །འཁྲུལ་པ་ཐམས་ཅད་རྩད་ནས་གཅོད་པས་ན། །འཁྲུལ་པ་རྩད་གཅོད་རྒྱུད་ཆེན་བྱ་[264.1]བར་ཟུང་། །འཁོར་བའི་ཆུ་བོ་གྲུ་ཡིས་སྒྲོལ་བས་ན། །གྲུ་སྒྲོལ་ཆེན་པོའི་རྒྱུད་ཆེན་བྱ་བར་ཟུང་། །ཉོན་མོངས་གཅོང་ནད་གཏིང་ནས་འདོན་པས་ན། །སྨན་པ་ཆེ་མཆོག་རྒྱུད་ཅེས་བྱ་བར་ཟུང་། །བདུད་བཞི་རྩད་ནས་[264.2]འཇོམས་པར་འདོན་པས་ན། །བདུད་འཇོམས་ཆེན་པོའི་རྒྱུད་ཆེན་ཞེས་སུ་ཟུང་། །དོན་ཆེན་ལྷག་མེད་སྤྲུགས་ནས་སྟོན་པས་ན། །རྩལ་ཆེན་སྤྲུགས་པའི་རྒྱུད་ཅེས་བྱ་བར་ཟུང་། །ཀྱེ་མ་ཀྱེ་མ་མ་རིག་འཁྲུལ་པས་སྙིང་རེ་[264.3]རྗེ། །འཁྲུལ་པའི་ཆོས་ལ་བདེན་པར་མ་འཛིན་པར། །འདི་ལ་སྐུར་བ་མ་འདེབས་དོན་གསལ་རྗེས་སུ་འབྲངས། །རང་བྱུང་ཡེ་ཤེས་འགྱུར་མེད་མ་ཤེས་ནས། །དངོས་པོ་རྫས་གྲུབ་བདེན་པར་མ་འཛིན་པར། །སྤྲོས་[264.4]བྲལ་དོན་གསལ་འདི་ཡི་རྗེས་སུ་འབྲངས། །འོན་ཀྱང་མི་འགྱུར་རྟག་པ་རྟོགས་པར་འགྱུར། །དངོས་མེད་ཞི་པ་ཆོས་སྐུ་མ་རྟོགས་པར། །སྟོང་པ་ཅང་མེད་མཐའ་ལ་མ་འཛིན་ཀྭ། །དོན་གསལ་འདི་ཡི་རྗེས་སུ་འབྲེངས་[264.5]པ་ན། །འོན་ཀྱང་སྟོང་ཉིད་ཞི་བ་རྟོགས་ཏེ་འོང་། །གནས་ལུགས་སྣང་ལུགས་རྣམ་གཉིས་མ་རྟོགས་པས། །གཉིས་ཀྱི་མཐའ་ལ་བདེན་པར་མ་འཛིན་ཀྭ། །སྐུར་པ་མ་འདེབས་དོན་གསལ་རྗེས་ཕྱིར་འབྲངས། །འོན་[264.6]ཀྱང་གཉིས་མེད་རང་སྣང་རྟོགས་ཏེ་འོང་། །སྐུ་གསུམ་འདུ་འབྲལ་མེད་པར་མ་རྟོགས་པས། །བློས་བཏགས་བསྐྱེད་རྫོགས་རྣམ་གཉིས་བདེན་པར་མ་འཛིན་ཀྭ། །སྒྲོ་སྐུར་མ་འདེབས་དོན་གསལ་་རྗེ༷ཁུ[265.1]འབྲངས། །འོན་ཀྱང་ཡེ་ནས་ལྷུན་རྫོགས་རྟོགས་ཏེ་འོང་། །དོན་གྱི་སྤྲོས་བྲལ་དོན་གསལ་མ་རྟོགས་པར། །ཚིག་དང་ཡི་གེའི་སྒྲ་ལ་མ་ཞེན་ཀྭ། །དོན་གྱི་སྤྲོས་བྲལ་དོན་གསལ་ཉམས་སུ་ལོརྗོས། །འོན་[265.2]ཀྱང་ཡེ་ཤེས་དོན་གསལ་རྒྱུད་ལ་འཆར། །ཞེས་གསུངས་སོ། །དེ་ནས་ཡང་གསང་བའི་བདག་པོ་ལ་སོགས་ཏེ་འདུས་པའི་ཚོགས་རྣམས་ཀྱིས་ཐལ་མོ་སྦྱར་ཏེ་བསྐོར་བ་ལན་མང་དུ་བྱས་ནས། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་[265.3]འཆང་། །བདག་ཅག་འདུས་པའི་ཚོགས་རྣམས་ལ། །སྤྲོས་བྲལ་ངོ།ན་གསལ་རྒྱུད་བཤད་པས། །མ་རིག་མུན་པ་རྒྱུད་འདིས་བསལ། །འཁོར་བ་རྩད་ནས་རྒྱུད་འདིས་བཅད། །ཉོན་མོངས་གཡུལ་ལས་རྒྱུད་འདིས་[265.4]བཟློག །ཆུ་བོ་བཞི་ལས་རྒྱུད་འདིས་བསྒྲལ། །ངན་སོང་དོང་ནས་རྒྱུད་འདིས་སྤྲུགས། །བག་ཆགས་ལྗན་ལྗིན་རྒྱུད་འདིས་བསལ། །འཁྲུལ་པ་ཐམས་ཅད་རྒྱུད་འདིས་བཅད། །རང་ངོ་རང་ལ་རྒྱུད་འདིས་སྤྲད། །གཅིག་[265.5]ཤེས་ཀུན་ལས་རྒྱུད་འདིས་གྲོལ། །གནས་ལུགས་དོན་ཆེན་རྒྱུད་འདིས་གོ། །ལོག་ལྟ་ཚར་ཆེན་རྒྱུད་འདིས་བཅད། །ཐེག་དམན་ཤན་ཐང་རྒྱུད་འདིས་ཕྱེ། །འབྱུང་བ་དངས་སྙིགས་རྒྱུད་འདིས་ཕྱེ། །ཉོན་མོངས་དུག་ལྔ་[265.6]རྒྱུད་འདིས་བསལ། །ལམ་ལ་རྩོལ་མེད་རྒྱུད་འདིས་བྱས། །རང་བྱུང་ཡེ་ཤེས་རྒྱུད་འདིས་ཤར། །འཁོར་བ་དངས་སྙིགས་རྒྱུད་འདིས་ཕྱེ། །ལོག་པའི་ལམ་ཞུགས་རྒྱུད་འདིས་བཟློག །ཆོས་འདིས་རྩ་བ་རྒྱུད་འདིས་[266.1]བཅད། །མན་ངག་རྒྱུད་སྒྲོག་ཆེན་པོ་རྒྱུད་འདིས་ཁྲོལ། །སྐུ་གསུམ་ཡོངས་རྫོགས་རྒྱུད་འདིས་ཐོབ། །ཡེ་ཤེས་རྣམ་ལྔ་རྒྱུད་འདིས་ཤར། །མ་མཐོང་ཡུལ་ཆེན་རྒྱུད་འདིས་མཐོང་། །མ་མཇལ་ཞལ་ཆེན་རྒྱུད་འདིས་[266.2]མཇལ། །མ་ཐོས་གཏམ་ཆེན་རྒྱུད་འདིས་ཐོས། །འབྱུང་བ་མ་ལ་རྒྱུད་འདིས་ཞ། །གྲོལ་ཞིང་ཐིམ་པ་རྒྱུད་འདིས་བྱས། །འཁོར་བའི་ལ་ལས་རྒྱུད་འདིས་བཟླས། །རྩོལ་མེད་འབྲས་བུ་རྒྱུད་འདིས་ཐོབ། ༑ །ཀྱེ་ཀྱེ་[266.3]བཅོམ་ལྡན་རྡོ་རྗེ་འཆང་ཆེན་པོ། །དགོས་འདོད་རེ་སྐོང་ནོར་བུ་རིན་ཆེན་ལྟ་བུ་ཁྱོད་ལ་བསྟོད། །མ་རིག་མུན་པ་སེལ་མཛད་ཉི་མ་ལྟ་བུ་ཁྱོད་ལ་བསྟོད། །འཁོར་བའི་བག་ཆགས་བསྲེག་མཛད་མེ་དཔུང་ལྟ་བུ་ཁྱོད་ལ་[266.4]བསྟོད། །ཉོན་མོངས་དྲི་མ་འཁྲུད་མཛད་ཆུ་བོ་ལྟ་བུ་ཁྱོད་ལ་བསྟོད། །རང་གསལ་དོན་ཉིད་གསལ་མཛད་མེ་ལོང་ལྟ་བུ་ཁྱོད་ལ་བསྟོད། །རྣམ་དག་དོན་ཆེན་སྟོན་མཛད་མན་ཤེལ་ལྟ་བུ་ཁྱོད་ལ་བསྟོད། །སྐྱོན་གྱིས་མ་[266.5]གོས་སྟོན་མཛད་པད་མ་ལྟ་བུ་ཁྱོད་ལ་བསྟོད། །ཚེགས་ཆུང་དོན་ཆེན་དོན་མཛད་མན་ངག་ལྟ་བུ་ཁྱོད་ལ་བསྟོད། །འཁོར་བའི་གཡུལ་ངོ་བཟློག་མཛད་དཔའ་བོ་ལྟ་བུ་ཁྱོད་ལ་བསྟོད། །འཁོར་བའི་གཅོང་རྙིང་འདོན་[266.6]མཛད་སྨན་པ་ལྟ་བུ་ཁྱོད་ལ་བསྟོད། །འགྲོ་དྲུག་བདེ་བར་སྒྲོལ་མཛད་ཐུགས་རྗེའི་བདག་པོ་ཁྱོད་ལ་བསྟོད། །ཅེས་གསང་བའི་བདག་པོས་བསྟོད་དོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། །རྒྱུད་ཀྱི་མཚན་[267.1]ཡོངས་སུ་བསྟན་པ་དང་། བསྟོད་པ་ཕུལ་བའི་ལེའུ་སྟེ་བརྒྱ་དང་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་ཡང་རྡོ་རྗེ་འཆང་གིས་གསུངས་པ། །ང་ཡི་སྤྲོས་བྲལ་དོན་གསལ་རྒྱུད་ཆེན་འདི། །བསྟན་པས་[267.2]ཤེས་ཤིང་བཀླགས་པས་གོ་བ་སྟེ། །ད་ལྟ་རང་ངོ་རང་གི་ཤེས་ཏེ་དུས་གསུམ་འགྱུར་བ་མེད། །རིག་པ་ཆོས་སྐུ་ཤེས་ཤིང་སྣང་བ་ཆོས་ཀྱི་དབྱིངས་སུ་ཤེས། །གཉིས་མེད་དོན་ཆེན་རྒྱུད་ལ་གསལ་བ་ཡིས། །སྙིང་པོའི་[267.3]གཞི་རྩ་ཆོད་པས་འཁོར་བའི་གཡང་སར་ལྷུང་མི་སྲིད། །དགོས་འདོད་རེ་བ་བསྐང་མཛད་ནོར་བུ་རིན་ཆེན་ལྟ་བུ་ཡི། །རྩ་རྒྱུད་བཤད་རྒྱུད་མན་ངག་རྒྱུད་དུ་བསྟན་པ་འདིས། །སྣོད་ངན་དམ་ཚིག་མེད་པ་རྣམས་ལ་ཤོར་[267.4]སྲིད་དོ། །སློབ་དཔོན་གསང་ནས་རང་ཆེ་འབྱིན་པ་རྣམས་ལ་ཤོར་སྲིད་དོ། །རང་གིས་ནོར་མ་ཤོར་བར་གདམས་ངག་འདོད་པ་རྣམས་ལ་ཤོར་སྲིད་དོ། །འཇུར་བུ་རང་འདོད་ཅན་གྱི་མི་ལ་ཤོར་སྲིད་དོ། །ཁ་གསགས་[267.5]གཡོ་སྒྱུ་ཅན་གྱི་མི་ལ་ཤོར་སྲིད་དོ། །ཟོག་པོ་རྫུན་པོ་ཆེ་ཡི་མི་ལ་ཤོར་སྲིད་དོ། །མཐར་ཐུག་ལ་བློའི་ཆོས་ལ་མོས་པ་མི་བྱེད་དང་། །རྡོ་རྗེ་སློབ་དཔོན་གཉན་པར་མི་སེམས་དང་། །ལུས་ཀྱི་སྒོ་ནས་དམ་ཚིག་མི་བསྲུང་[267.6]བར། །བཀུར་ ་རིམ་གྲོལ་ཞབས་ཏོག་མི་བྱད་དང་། །ངག་གི་སྒོ་ནས་དམ་ཚིག་མི་བསྲུང་བར། །སྙན་པར་མི་སྨྲ་སློབ་དཔོན་མིང་ནས་འབོད། །ཡིད་ཀྱི་སྒོ་ནས་དམ་ཚིག་མི་བསྲུང་བར། །མོས་གུས་ཆུང་ཞིང་གདུང་[268.1]བའ་སེམས་དང་བྲལ། །ཇ་སྲད་དེ་འདྲའ་གང་ཟག་བྱུང་གྱུར་ན། ཁང་དུ་སྦྲུལ་ཞུགས་སྙང་ལ་མེ་འབར་ ང་། །སྐེ་ལ་གྲ་གཏུབ་མག་ལ་ཐག་འབེབས་ཀྱང་། །དམ་མེད་སྣད་ངན་རྣམས་ལ་ཤར་སྲད་ད། །གཅེས་པའ་[268.2]ལུས་སྲོག་འབྲལ་བའི་རྐྱེན་བྱུང་ཡང་། །དམ་མེད་སྣོད་ངན་རྣམས་ལ་་།ར་སྲིད་དོ། །ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོ་དང་། །ཨེ་ཀ་ཛ་རྟི་གུ་རྒྱ་རལ་གཅིག་མས། །འཇིག་རྟེན་འདི་རུ་ཚ་ཐུང་ནད་མང་མི་བདེ་སྣ་[268.3]ཚོགས་འོང་། །དམ་ཚིག་ཉམས་པས་ཕྱི་མ་རྡོ་རྗེ་དམྱལ་བར་སྐྱེ། །གཞན་གྱི་རྣམ་སྨིན་བདེ་གཤེགས་ཐུགས་རྗེས་འབྱངས། །དམ་ཚིག་ཉམས་པས་སངས་རྒྱས་བཀས་མི་སྐྱོབས། །དེ་བས་དམ་ཚིག་གཉན་པོ་སྙིང་བས་[268.4]ལྷག་པར་བསྲུང་། །ལུས་ངག་ཡིད་གསུམ་དམ་ཚིག་ལྡན་པ་ཡིས། །རྒྱུད་འདང་རང་གིས་སྙིང་བས་ལྷག་པར་ཆོངས། །སྣོད་ལྡན་འགའ་ཙམ་ཟུང་ཙམ་མ་གཏོགས་པར། །སྣོད་མེད་རྣམས་ལ་ཤོར་བ་སྲིད་དོ་ཀྭ། །དམ་[268.5]མེད་རྣམས་ལ་་།ར་བ་འོང་ངོ་ཀྭ། །དད་མེད་རྣམས་ལ་ཤོར་བ་སྲིད་དོ་ཀྭ། །ཞེས་གསུངས་སོ། །ཞུ་བ་པོའི་འཁོར་གསང་བའི་བདག་པོ་དང་། སྡུད་པ་པོའི་འཁོར་དགའ་རབ་རྡོ་རྗེ་ལ་སོགས་པ་རྣམས་རྗེས་སུ་ཡི་རང་[268.6]ངོ་། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་བརྒྱ་དང་ཉི་ཤུ་རྩ་གསུམ་པའོ།། །།ཏནྟྲ་རྭ་ཛ་མ་ཧྭ། སངས་རྒྱས་མཉམ་སྦྱོར་དོན་གསལ་ཆེན་པོའི་རྒྱུད་མཐོང་བས་གྲོལ་བ་འདི་ཡོངས་[269.1]སུ་རྫོགས་སོ།། །།གུརྒྱ། གཏད་རྒྱ་རྒྱ་རྒྱ། ཨི་ཐི། ཡང་གསང་བ་མན་ངག་གི་རྒྱུད་ཆེན་པོ་འདི་སྡུད་པའི་འཁོར་དགའ་རབ་རྡོ་རྗེས་བསྡུས་ནས་ཚིག་དང་ཡི་གེར་བཀོད་ནས་གུ་རུ་འཇམ་དཔལ་[269.2]བཤེས་གཉེན་ལ་བཤད། དེས་གུ་རུ་ཤི་སེང་ཧ་ལ་བཤད། དེས་ཨོ་རྒྱན་གུ་རུ་པད་མ་ལ་བཤད་དོ། །གུ་རུ་པད་མ་འབྱུང་གནས་ངས། །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །ལྡན་གསུམ་སྐྱེས་བུའི་དོན་ཆེད་དུ། །ཆོས་[269.3]རྣམས་ཀུན་གྱི་མ་ཆེན་མོ། །ཀུན་བསྐྱེད་རང་གཞུང་ཚུགས་ཤིང་རྫོགས། །སྤྲོས་བྲལ་དོན་གསལ་རྒྱུད་ཆེན་སྦས། །སེམས་ཅན་སངས་རྒྱས་མཉམ་སྦྱོར་དོན། །ཐོས་བསམ་བསྒོམ་ལ་མི་ལྟོས་ཤིང་། །བསྟན་པས་རྟོགས་[269.4]ཤིང་དྲན་པས་གསལ། །འཕྲད་པས་དབང་ཐོབ་མཐོང་བས་གྲོལ། །འབྲས་བུ་ད་ལྟ་ཐོབ་པའི་ཆོས། །ཡིད་བཞིན་ནོར་བུ་ལྟ་བུ་ཡིན། །ཐུགས་གཏེར་ཡང་གཏེར་གསང་མཛོད་འདིས། །མ་ཚངས་ཁ་བསྐང་ཤུལ་ཚོ་[269.5]སྡུད། །འཕྲལ་ཐོག་ཉམས་སུ་བླང་ཆོག་མ། །སྙིང་ནོར་ཡིན་ནོ་མིག་འབྲས་ཡིན། །བདག་ཀྱང་ཐོས་ཆུང་མ་ཡིན་ཏེ། །རྡོ་རྗེ་འཆང་དང་མཁྱེན་པ་མཉམ། །དེ་ཕྱིར་ཐུགས་ཀྱི་གསང་གཏེར་འདི། །གནམ་སའི་བར་ན་[269.6]གཏེར་གཅིག་མའོ། །ལས་འཕྲོ་ཅན་དང་འཕྲད་ནས་ཀྱང་། །བཅོ་ལྔ་ལོ་བར་ཡིད་ལ་བརྣག །གསང་དམ་དམ་བསྲུང་དུས་ཐལ་ཚེ། །འཁོར་བ་བློས་ཐོང་ངེས་དོན་འཚོལ། །བླ་མ་ལ་གུས་སྲོག་འདོར་ཕོད། །གསུམ་ལ་[270.1]དཔེ་གཏོད་ཀུན་ལ་མིན། །དུས་ལ་བབ་ན་འགྲོ་དོན་ཡོང་། །སྙན་རྒྱུད་དུ་ཐོབ་ལ་སྐལ་ལྡན་སྐྱོངས། །རྒྱུད་མཆོག་བླ་མེད་ནུབ་དོགས་ནས། །རྒྱུད་འདི་གཏེར་ཁ་གསུམ་དུ་སྦས། །གཅིག་ནི་བྱང་གཏེར་པྲ་དུན་[270.2]རྩེར། །རྣམ་སྣང་ཐུགས་ཀར་སྦས་ཏེ་བཞག །སྟག་གི་ལོ་ལ་འབྱིན་པར་འགྱུར། །གཅིག་ནི་ཡང་གཏེར་འདིར་སྦས་སོ། །སྦྲུལ་གྱི་ལོ་ལ་འབྱིན་པར་འགྱུར། །གཅིག་ནི་མཁའ་རི་དགེ་རིའི་ཕུག །སྤྲེ་འུའི་ལོ་ལ་འབྱིན་[270.3]པར་འགྱུར། །དེ་ཡང་འདིར་ནི་མ་བུ་ཚང་། །ཡང་གཏེར་རྒྱུད་གསུམ་བུ་ཡི་ཚུལ། །ཅིའི་ཕྱིར་མ་ཡི་བཅུད་བསྡུས་པའོ། །དོན་གསལ་རྒྱུད་མཆོག་མ་ཡི་ཚུལ། །ཅི་འདོད་ཀུན་བསྐྱེད་རང་གཞུང་ཚུགས། །དེ་ལྟར་ཟབ་[270.4]ཕྱིར་ཐུགས་གཏེར་ཡང་། །ཡང་གཏེར་ཐིམས་སུ་འདི་མ་བསྟན། །ད་ལྟ་སངས་རྒྱས་མཉམ་སྦྱོར་དོན། །འདིས་སྟོན་ཕྱིར་ན་རྒྱུད་སོར་བཞག །འགྲེལ་པའི་མུན་པས་གཡོག་ཏ་རེ། །རྟི་ཀའི་སྦར་མོས་བསྡམ་ཏ་[270.5]རེ། །ལུང་དྲངས་ལྟོ་ཚིལ་བསྐུས་ཏ་རེ། །དེ་ཕྱིར་བཀའ་རྒྱུད་རང་སོར་ཞོག །དོན་འགྲོལ་དཀའ་ན་སྔ་མ་བསྟེན། །ཚོགས་བརྒྱ་རྩ་དང་མཎྜལ་དབུལ། །ཞིབ་ཏུ་དཔེ་ལྟར་དོན་ལ་དཔྱད། །བལྟས་པས་གྲོལ་བ་ཁོ་[270.6]ནའོ། །ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག །ཅིའི་ཕྱིར་གསང་སྔགས་ངོ་བོ་ཤེས་རབ་ཡིན། ཁྲི༑། གུ་རྒྱེ། རྒྱ་རྒྱ་རྒྱ། ཨེ་མ་ཧོ། །བདག་འདྲ་གཏེར་སྟོན་ཆོས་དབང་ལ། །དུས་གསུམ་སངས་རྒྱས་[271.1]བཀའ་འབབས་ཏེ། །སྙིང་པོའི་རྒྱུད་མཆོག་འདི་འདྲ་བདོག །ཆེ་ན་ངོ་མཚར་དེ་ཆེ་མོད། །སྤྲུལ་སྐུ་ཆོས་ཀྱི་དབང་ཕྱུག་ལ། །གཞུ་སྙེའི་སྣང་དོན་དད་སེང་གིས། །ལྷོ་བྲག་ལྷ་བྲོ་དགོན་པ་སྲ །སྦྲུལ་གྱི་ལོ་[271.2]ལ་ཞུས་ནས་བྲིས། །དེ་ལས་བྱུང་བའི་དགེ་བ་ཡིས། །ཀུན་གྱི་རྒྱུད་འདི་རྟོགས་གྲོལ་་།ག ། །། རྒྱ་གར་སྐད་དུ། སརྦུ་གྲ་རྭ་ཛུ་ཀ་ཤ་ཛུ་ལ་ཏནྟྲ། བོད་སྐད་དུ། རྒྱུད་ཐམས་ཅད་ཀྱི་རྩེ་རྒྱལ་ནམ་མཁའ་