ལྕེ་བཙུན་སྙིང་ཏིག་གི་ཁ་སྐོང་བུམ་པ་སྒྲུབ་པ་ནི།

From Rangjung Yeshe Wiki Texts
Revision as of 06:40, 24 March 2013 by Eric (talk | contribs)
Jump to navigation Jump to search

༄༅། །ལྕེ་བཙུན་སྙིང་ཏིག་གི་ཁ་སྐོང་བུམ་པ་སྒྲུབ་པ་ནི། བདག་སྐྱེད་བཟླས་པ་སོང་འཕྲལ། རྣམ་པར་རྒྱལ་བའི་བུམ་པ་རང་བྱུང་གི་གཞལ་ཡས་ཁང་གི་ནང་དུ་རྒྱལ་བ་རིགས་ལྔ་ཡབ་ཡུམ་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་དམ་ཡེ་དབྱེར་མེད་ལྷུན་གྲུབ་ཀྱི་སྣང་ཆར་བཀྲ་ལམ་གྱི་གསལ་བར་མོས་ལ། ཧཱུྃ་ཨཱོཾ་སྭཱ་ཨཱཾ་ཧཱ། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་སྭཱ་ཧཱ། ཞེས་བརྒྱ་རྩ་སོགས་དང་། དབྱངས་གསལ་ཇི་ལྟར་རིགས་པར་བཟླ། སྤྲོ་ན་མཆོད་བསྟོད་བྱ། ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་གྱུར་པར་བསམས་ལ་ཡི་གེ་བརྒྱ་པ་བརྗོད་པས་དོན་འགྲུབ་བོ། །ལས་བུམ་སོགས་དབང་ཆོག་ལྟར་བྱའོ། །ཉེར་མཁོའི་ཆེད་དུ་འགྲོ་འདུལ་པས་བྲིས་པ་དགེ། །།

View PDF Chetsun 13

Notes