གཡུང་སྟོན་པས་གསུངས་པའི་ཕྱག་འཚལ

From Rangjung Yeshe Wiki Texts
Revision as of 21:16, 21 November 2026 by Eric (talk | contribs) (Longchenpa Project: Tibetan in the wiki's TibetanMachineUni font; «…» notes in small print (22 November 2026))

LONGCHENPA-PECIN-06-CHA-024
Jump to navigation Jump to search

ལོ་རྒྱུས་རྒྱལ་བ་གཡུང་གིས་མཛད་པ klong chen rab 'byams kyi gsung 'bum (pe cin 2009)· Volume 6(CHA) གཡུང་གི་ལོ་རྒྱུས

Title གཡུང་སྟོན་པས་གསུངས་པའི་ཕྱག་འཚལ
Wylie g.yung ston pas gsungs pa'i phyag 'tshal


Author Longchenpa ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
Location klong chen rab 'byams kyi gsung 'bum (pe cin 2009), volume 6(CHA), text 24, pages 180–182 (BDRC scan pages)
Section snying thig ya bzhi › mkha' 'gro snying thig


Tibetan text E-text from the typeset Pe cin edition (input 2020 on rywikitexts), cleaned 21 November 2026; not proofread against the print.
BDRC MW1KG4884, outline 1.2.2.26
Citation Klong chen rab 'byams pa. g.yung ston pas gsungs pa'i phyag 'tshal. In Kun mkhyen klong chen rab 'byams kyi gsung 'bum, vol. 6, pp. 180–182. Pe cin: Krung go'i bod rig pa dpe skrun khang, 2009. BDRC MW1KG4884.
Notes Title from the first line of the e-text; text boundaries and page numbers from the BDRC outline of MW1KG4884.
[edit]

༄༅། །གཡུང་སྟོན་པས་གསུངས་པའི་ཕྱག་འཚལ་བཞུགས་སོ། །

« བླ་མ་དམ་པ་གཡུང་སྟོན་པ་ལ་གུ་རུ་ཀུན་མཁྱེན་ཤཱཀྱ་མགོན་པོས་ཞུས་པ། དེ་ཡང་དང་པོར་ཆོས་རྗེའི་དྲུང་ནས་སྤྲུལ་སྐུ་སྨན་ལུང་པ་ལ་གནང༌། དེས་རིན་པོ་ཆེ་མྱུར་སྡིངས་པ་ལ་གནང༌། དེས་བླ་མ་ཤཱཀྱ་མགོན་པོ་ལ་ཞུས་པས་དབང་རྫོགས་ལུང་དང་བཅས་པར་ཞུས་ཏེ། ཁྲིད་ལ་ཉན་ཁྲིད་དུ་ཞུས་པས་ཐེ་ཚོམ་ཅུང་མ་ཆོད་ནས་བླ་མ་གཡུང་སྟོན་པ་ལ་ཡོངས་སུ་རྫོགས་པར་མྱོང་ཁྲིད་ཉམས་མྱོང་རང་ཐོག་ཏུ་ཁེལ་བར་བསྐྱངས་ཏེ་རྩ་རླུང་ཐིག་ལེའི་གེགས་འཕྲང་ལས་ཐར་ཏེ་མྱོང་བ་རྫོགས་པར་གསུངས་སོ། །མེ་ཕོ་ཁྱིའི་ལོ་ལ་གཏེར་ནས་བྱོན་ནས་ལོ་སོ་གསུམ་ལོན་པའི་ཚེ་ན་ཞུས་ནས་ལོ་སྒྲུབ་ཀྱི་མེ་ཏོག་དང་གསེར་ཞོ་གང་གི་མཎྜལ་ཕུལ་ནས་ཞུས། བླ་མ་ཤཱཀྱ་མགོན་པོའི་དྲུང་དུ་སྤྲང་འཁྱམས་བཛྲ་རཏྣས་ཞུས་ཏེ་ས་མོ་གླང་གི་ལོར་དགུན་པ»ོ«་གྲོ་མ་བསྟོད་པ་དཀར་པོ་ཆུ་མིག་རྫོང་ཁའི་དགོན་པར་དཔྱིད་ཟླ་ར་བ་རྟ་པ་ཟླ་བའི་ཚེས་གསུམ་ལ་དབང་ལྔ་ཡོངས་སུ་རྫོགས་པར་ཞུས་ནས་ཉམས་ཁྲིད་ལག་ཁྲིད་དུ་རྫོགས་པར་ཞུས་ཏེ་རྟགས་ཚད་ཀྱི་ཡི་གེས་གཏན་ལ་ཕབ་ནས་ཉམས་གོང་འཕེལ་གྱི་སྣང་བ་རྫོགས་པར་བསྐྱངས་ཤིང༌། རྩ་རླུང་ཐིག་ལེ་ལ་སོགས་པ་རྫོགས་པར་ལག་ཁྲིད་དུ་ཞུས་ཏེ་གསང་དབང༌། ཤེས་རབ་ཡེ་ཤེས། ཚིག་དབང༌། ཁྱད་པར་དབང་ལྔ་རྩལ་དབང་རྣམས་བསྐྱར་ཞིང་ཞུས་ཏེ་དབང་རྫོགས་བཀའ་རྫོགས། དཔེ་རྫོགས་ལུང་ཡོངས་སུ་རྫོགས་པར་ཞུས་ཏེ། དགྱེས་བཞིན་དུ་གནང་ནས་གཞན་དོན་གྱིས་ཤིག་པའི་རྗེས་གནང་ཡང་ཐོབ་ཅིང༌། ས་གས་ཉ་བའི་ཚེས་བཅོ་ལྔ་ཡར་བཅད་ཟླ་བ་ཕྱེད་དང་བཞིར་གདམས་པ་རྫོགས་ནས་དབྱར་ར་བའི་ཉིན་སྔ་དྲོ་བརྒྱུད་ཡིག་དང་བཏགས་གྲོལ་འདོགས་བཀའ་གཏད་པའི་དུས་སུ་ཆོས་སྐོར་འདིའི་བདག་པོར་གཏད་དོ། །སྤྲང་བན་རྡོ་རྗེ་རིན་ཆེན་གྱིས་ཇི་ལྟར་ཞུས་པའི་ཚུལ་གྱི་བརྒྱུད་ཡིག་བཀོད་པའོ། ཨྠིྀ། ༄༅། །ཨེ་མ་ཧོ། །རྒྱལ་བ་སྐུ་གསུམ་སར་གནས་རིག་འཛིན་དང༌། །ངོ་མཚར་རྨད་བྱུང་ཨོ་རྒྱན་ཡབ་ཡུམ་གཉིས། །ལུང་བསྟན་གཏེར་སྟོན་ཐུགས་སྲས་སྤྲུལ་པའི་སྐུ། །མཚུངས་མེད་ཆོས་ཀྱི་རྒྱལ་པོ་ཀརྨ་པ། །ཆོས་རྗེའི་ཐུགས་སྲས་མཉམ་མེད་བྱ་བྲལ་བ། ། བརྒྱུད་པའི་བཅུད་འདུས་མཁྱེན་ལྡན་ཤཱཀྱ་མགོན། །རྩ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཐོག་མེད་དུས་ནས་འཁོར་བའི་རྒྱུན་གྲོལ་དུ། །ལས་རླུང་ཤུགས་ཀྱིས་དུས་མཐར་སྐྱེས་པ་ཡི། ། དབུལ་རྨོངས་གླེན་སྟོང་བློ་ཆུང་ཀུ་སུ་ལུ། །བས་མཐའི་གནས་ན་ཡིད་བྲེལ་སྙམ་ཆུང་བ། །རིག་པ་ཅོལ་ཆུང་རྐང་འཁྱམས་སྤྲང་པོ་བདག» «།བླ་མ་ཡི་དམ་མཁའ་འགྲོའི་ཐུགས་རྗེ་ཡིས། །དམ་པས་རྗེས་སུ་བཟུང་ཞིང་རྒྱུད་བཀྲོལ་ནས། །རྒྱལ་བ་ཀུན་གྱི་དགོངས་པའི་མཐར་ཐུག་ཉིད། །ཐེག་པའི་ཡང་རྩེ་རྫོགས་ཆེན་སྙིང་པོ་འདི། །གྲུབ་ཐོབ་རིམ་པར་བརྒྱུད་ནས་བདག་ལ་སྨིན། །ཟབ་ལམ་འདི་དང་མཇལ་བ་བདག་སྐལ་བཟང༌། །ཨོ་རྒྱན་ཐུགས་རྗེས་མ་འོངས་འགྲོ་དོན་དུ། ། མཁའ་འགྲོ་སྙིང་ཏིག་ཟབ་མོ་གཏེར་དུ་སྦས། །ལུང་བསྟན་སྤྲུལ་སྐུ་མཁས་བཙུན་ཚུལ་རྡོར་གྱིས། །ཆུ་མོ་གླང་ལ་ཟབ་མོའི་གཏེར་སྒོ་ཕྱེས། །དེ་ནས་སོ་བདུན་ལོན་པའི་ས་མོ་གླང་གི་ལོ། །ལོ་གསར་རྟ་པ་ཉ་ཡི་གྲུབ་ཉི་ཚེས་གསུམ་ལ། །སྤྲོས་བཅས་སྤྲོས་མེད་ཁྱད་པར་དབང་ལྔ་རིག་པའི་རྩལ་དབང་དང༌། ། བཏགས་གྲོལ་རྒྱུད་འགྲེལ་མན་ངག་ལག་ལེན་བཅས། །དོན་ཁྲིད་ཁྲེགས་ཆོད་ཐོད་རྒལ་ངོ་སྤྲོད་གནང༌། །རྒྱབ་ཆོས་ལུང་བསྟན་མན་ངག་གནད་དང་ བཅས། །རྩ་རླུང་ཐིག་ལེ་གཏུམ་མོ་དཀའ་ཐུབ་དང༌། །འདའ་ཁའི་ལམ་ཁྱེར་འཆི་བྲོད་བར་དོའི་གནད། །དབང་སྒྲུབ་མཆོད་གཞུང་ལས་བྱང་སྒོམ་ཁྲིད་ དང༌། །ཐུན་མོང་ལས་མདེའུ་ཁ་ཚར་བསྟན་སྲུང་དང༌། །ཡིད་ཆེས་ལོ་རྒྱུས་འཕྱུགས་མེད་ཐེམ་ཡིག་བཅས། །དབང་རྫོགས་བཀའ་རྫོགས་དཔེ་རྫོགས་ལུང་རྫོགས་སུ། །ཡོངས་རྫོགས་བཀའ་གཏད་གནང་བ་དེ་སྐུ་དྲིན། །སྣོད་ལྡན་སྣོད་མེད་ཀུན་ལ་གནང་བཀག་མཛོད། །བཀའ་གཏད་གཉེར་གཏད་ཐོབ་པ་བདག་སྐལ་བཟང༌། །ཆོ་འཕྲུལ་རྟ་པའི་ཚེས་གསུམ་ནས་བརྩམས་ཏེ། །དབྱར་ར་ས་གས་ཉ་བའི་ཟླ་རྒྱས་པར། །དགུང་ཟླ་ཕྱེད་དང་བཞི་ལ་དོན་ཆེན་ འགྲུབ། །སོམ་ཉི་མེད་པའི་གདིང་རྙེད་དེ་སྐུ་དྲིན། །རྟོགས་པའི་ངང་དུ་གོམས་པའི་སྟོབས་བརྟན་ནས། །རིག་པ་རང་གྲོལ་ཕྱོགས་ལྷུང་མེད་པ་ཡི། །མཐའ་བྲལ་རྩོལ་མེད་ལྷུན་གྲུབ་གནས་ལུགས་གཤིས། །སྙིང་པོ་རྣམ་དག་མངོན་དུ་འགྱུར་བར་ཤོག །།» །།

[edit]

This page is a cleaned copy of the following rywikitexts page, which stay unchanged:

Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden.

Part of the Longchenpa Collected Works (about this project).