རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱེས་པ་ཞེས་བྱ་བ།: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
No edit summary
Line 3: Line 3:
༄༅། །རྒྱ་གར་སྐད་དུ། ཡུ་ག་ཏི་ཥཥྛ་ཀཱ་ཀཱ་རི་ཀཱ་ནཱ་མ། བོད་སྐད་དུ། རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱེས་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་གིས་སྐྱེ་དང་འཇིག་པ་དག །ཚུལ་འདི་ཡིས་ནི་སྤངས་གྱུར་པ། །རྟེན་ཅིང་འབྱུང་བ་གསུངས་པ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །གང་དག་གི་བློ་ཡོད་མེད་ལས། །རྣམ་པར་འདས་ཤིང་མི་གནས་པ། །དེ་དག་གིས་ནི་རྐྱེན་གྱི་དོན། །ཟབ་མོ་དམིགས་མེད་རྣམ་པར་རྟོགས། །རེ་ཤིག་ཉེས་ཀུན་འབྱུང་བའི་གནས། །མེད་ཉིད་རྣམ་པར་བཟློག་ཟིན་གྱིས། །རིག་པ་གང་གིས་ཡོད་ཉིད་ཀྱང་། །བཟློག་པར་འགྱུར་བ་མཉམ་པར་གྱིས། །ཇི་ལྟར་བྱིས་པས་རྣམ་བརྟགས་བཞིན། །དངོས་པོ་གལ་ཏེ་བདེན་གྱུར་ན། །དེ་དངོས་མེད་པས་རྣམ་ཐར་དུ། །གང་གིས་མི་འདོད་རྒྱུ་ཅི་ཞིག །ཡོད་པས་རྣམ་པར་མི་གྲོལ་ཏེ། །མེད་པས་སྲིད་པ་འདི་ལས་མིན། །དངོས་དང་དངོས་མེད་ཡོངས་ཤེས་པས། །བདག་ཉིད་ཆེན་པོ་རྣམ་པར་འགྲོལ། །དེ་ཉིད་མ་མཐོང་འཇིག་རྟེན་དང་། །མྱ་ངན་འདས་པར་རློམས་སེམས་ཏེ། །དེ་ཉིད་གཟིགས་རྣམས་འཇིག་རྟེན་དང་། །མྱ་ངན་འདས་པར་རློམས་སེམས་མེད། །སྲིད་པ་དང་ནི་མྱ་ངན་འདས། །གཉིས་པོ་འདི་ནི་ཡོད་མ་ཡིན། །སྲིད་པ་ཡོངས་སུ་ཤེས་པ་ཉིད། །མྱ་ངན་འདས་ཞེ་བྱ་བར་བརྗོད། །དངོས་པོ་བྱུང་བ་ཞི་པ་ལ། །ཇི་ལྟར་འགོག་པར་བརྟག་པ་བཞིན། །དེ་བཞིན་དམ་པ་རྣམས་ཀྱིས་ཀྱང་། །སྒྱུ་མ་བྱས་ལྟའི་འགོག་པ་བཞེད། །རྣམ་པར་འཇིགས་པས་འགོག་འགྱུར་གྱི། །འདུས་བྱས་ཡོངས་སུ་ཤེས་པས་མིན། །དེ་ནི་སུ་ལ་མངོན་སུམ་འགྱུར། །ཞིག་ཤེས་པ་དེ་ཇི་ལྟར་འགྱུར། །གལ་ཏེ་ཕུང་པོ་མ་འགགས་ན། །ཉོན་མོངས་ཟད་ཀྱང་འདས་མི་འགྱུར། །གང་ཚེ་འདིར་དེ་འགགས་གྱུར་པ། །དེ་ཡི་ཚེ་ན་གྲོལ་བར་འགྱུར། །མ་རིག་རྐྱེན་གྱིས་བྱུང་བ་ལ། །ཡང་དག་ཡེ་ཤེས་ཀྱིས་གཟིགས་ན། །སྐྱེ་བ་དང་ནི་འགག་པའང་རུང་། །འགའ་ཡང་དམིགས་པར་མི་འགྱུར་རོ། །དེ་ཉིད་མཐོང་ཆོས་མྱ་ངན་ལས། །འདས་ཤིང་བྱ་བ་བྱས་པའང་ཡིན། །གལ་ཏེ་ཆོས་ཤེས་མཇུག་ཐོགས་སུ། །འདི་ལ་བྱེ་མཁས་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང་། །ཉོན་མོངས་ཟད་པའི་དགེ་སློང་གི །གལ་ཏེ་འཁོར་བ་རྣམ་ལྡོག་ན། །ཅི་ཕྱིར་རྫོགས་སངས་རྒྱས་རྣམས་ཀྱིས། །དེ་ཡི་རྩོམ་པ་རྣམ་མི་བཤད། །རྩོམ་པ་ཡོད་ན་ངེས་པར་ཡང་། །ལྟ་བར་འགྱུར་བ་ཡོངས་སུ་འཛིན། །རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ལ་སྔོན་དང་ཐ་མ་ཅི། །སྔོན་སྐྱེས་པ་ནི་ཇི་ལྟར་ན། །ཕྱིས་ནས་སླར་ཡང་ལྡོག་པར་འགྱུར། །སྔོན་དང་ཕྱི་མའི་མཐའ་བྲལ་བ། །འགྲོ་བ་སྒྱུ་མ་བཞིན་དུ་སྣང་། །གང་ཚེ་སྒྱུ་མ་འབྱུང་ཞེ་འམ། །གང་ཚེ་འཇིག་པར་འགྱུར་སྙམ་དུ། །སྒྱུ་མ་ཤེས་པ་དེར་མི་རྨོངས། །སྒྱུ་མ་མི་ཤེས་ཡོངས་སུ་སྲེད། །སྲིད་པ་རྨིག་རྒྱུ་སྒྱུ་འདྲ་བར། །བློ་ཡིས་མཐོང་བར་གྱུར་པ་ནི། །སྔོན་གྱི་མཐའམ་ཕྱི་མའི་མཐར། །ལྟ་བས་ཡོངས་སུ་སླད་མི་འགྱུར། །གང་དག་གིས་ནི་འདུས་བྱས་ལ། །སྐྱེ་དང་འཇིག་པར་རྣམ་བརྟགས་པ། །དེ་དག་རྟེན་འབྱུང་འཁོར་ལོ་ཡི། །འགྲོ་བ་རྣམ་པར་མི་ཤེས་སོ། །དེ་དང་དེ་རྟེན་གང་བྱུང་དེ། །རང་གི་དངོས་པོར་སྐྱེས་མ་ཡིན། །རང་གི་དངོས་པོར་གང་མ་སྐྱེས། །དེ་ནི་སྐྱེས་ཞེས་ཇི་སྐད་བྱ། །རྒྱུ་ཟད་ཉིད་ལས་ཞི་བ་ནི། །ཟད་ཅེས་བྱ་བར་རྟོགས་པ་སྟེ། །རང་བཞིན་གྱིས་ནི་གང་མ་ཟད། །དེ་ལ་ཟད་ཅེས་ཇི་སྐད་བརྗོད། །དེ་ལྟར་ཅི་ཡང་སྐྱེ་བ་མེད། །ཅི་ཡང་འགག་པར་མི་འགྱུར་རོ། །སྐྱེ་བ་དང་ནི་འཇིག་པའི་ལམ། །དགོས་པའི་དོན་དུ་བསྟན་པའོ། །སྐྱེ་བ་ཤེས་པས་འཇིག་པ་ཤེས། །འཇིག་པ་ཤེས་པས་མི་རྟག་ཤེས། །མི་རྟག་ཉིད་ལས་འཇུག་ཤེས་པ། །དམ་པའི་ཆོས་ཀྱང་རྟོགས་པར་འགྱུར། །གང་དག་རྟེན་ཅིང་འབྲེལ་འབྱུང་བ། །སྐྱེ་དང་འཇིག་པ་རྣམ་སྤངས་བར། །ཤེས་པར་གྱུར་པ་དེ་དག་ནི། །ལྟར་གྱུར་སྲིད་པའི་རྒྱ་མཚོ་བརྒལ། །སོ་སོའི་སྐྱེ་བོ་དངོས་བདག་ཅན། །ཡོད་དང་མེད་པར་ཕྱིན་ཅི་ལོག །ཉེས་པས་ཉོན་མོངས་དབང་གྱུར་རྣམས། །རང་གི་སེམས་ཀྱིས་བསླུས་པར་འགྱུར། །དངོས་ལ་མཁས་པ་རྣམས་ཀྱིས་ནི། །དངོས་པོ་མི་རྟག་བསླུ་བའི་ཆོས། །གསོག་དང་སྟོང་པ་བདག་མེད་པ། །རྣམ་པར་དབེན་ཞེས་བྱ་བར་མཐོང་། །གནས་མེད་དམིགས་པ་ཡོད་མ་ཡིན། །རྩ་བ་མེད་ཅིང་གནས་པ་མེད། །རྣམ་པར་དབེན་ཞེས་བྱ་བར་མཐོང་། །གནས་མེད་དམིགས་པ་ཡོད་མ་ཡིན། །རྩ་བ་མེད་ཅིང་གནས་པ་མེད། །མ་རིག་རྒྱུ་ལས་ཤིན་ཏུ་བྱུང་། །ཐོག་མ་དབུས་མཐའ་རྣམ་པར་སྤངས། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །དྲི་ཟའི་གྲོང་ཁྱེར་འདྲ་བ་སྟེ། །རྨོངས་པའི་གྲོང་ཁྱེར་མི་ཟད་པའི། །འགྲོ་བ་སྒྱུ་མ་བཞིན་དུ་སྣང་། །ཚངས་སོངས་འཇིག་རྟེན་འདི་ལ་ནི། །བདེན་པར་རབ་ཏུ་གང་སྣང་བ། །དེ་ནི་འཕགས་ལ་བརྫུན་ཞེས་གསུངས། །འདི་ལས་གཞན་ལྟ་ཅི་ཞིག་ལུས། །འཇིག་རྟེན་མ་རིག་ལྡོངས་གྱུར་པ། །སྲེད་པ་རྒྱུན་གྱི་རྗེས་འབྲངས་དང་། །མཁས་བ་སྲེད་པ་དང་བྲལ་བ། །དགེ་བ་རྣམས་ལྟ་ག་ལ་མཉམ། །དེ་ཉིད་ཚོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་རྣམས་རྟོགས་ཤིང་ཆགས་མེད་ལ། །ཕྱིས་ནི་རྣམ་པར་དབེན་པའོ། །རྣམ་པར་དབེན་དོན་མི་ཤེས་ལ། །ཐོས་པ་ཙམ་ལ་འཇུག་བྱེད་ཅིང་། །གང་དག་བསོད་ནམས་མི་བྱེད་པ། །སྐྱེས་བུ་ཐ་ཤལ་དེ་དག་བརླག །ལས་རྣམས་འབྲས་བུ་བཅས་ཉིད་དང་། །འགྲོ་བ་དག་ཀྱང་ཡང་དག་བཤད། །དེའི་རང་བཞིན་ཡོངས་ཤེས་དང་། །སྐྱེ་བ་མེད་པ་དག་ཀྱང་བསྟན། །དགོས་པའི་དབང་གིས་རྒྱལ་བ་རྣམས། །ང་དང་ང་ཡི་ཞེས་གསུངས་ལྟར། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །དེ་བཞིན་དགོས་པའི་དབང་གིས་གསུངས། །འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །དེ་ཤེས་པས་ནི་འབྲལ་གྱུར་ན། །ལོག་པར་རྣམ་བརྟགས་མ་ཡིན་ནམ། །མྱ་ངན་འདས་པ་བདེན་གཅིག་པུར། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་མིན་ཞེས། །མཁས་པ་སུ་ཞིག་རྟོག་པར་བྱེད། །ཇི་སྲིད་ཡིད་ཀྱི་རྣམ་གཡོ་བ། །དེ་སྲིད་བདུད་ཀྱི་སྤྱོད་ཡུལ་ཏེ། །དེ་ལྟ་ཡིན་ན་འདི་ལ་ནི། །ཉེས་པ་མེད་པར་ཅིས་མི་འཐད། །འཇིག་རྟེན་མ་རིག་རྐྱེན་ཅན་དུ། །གང་ཕྱིར་སངས་རྒྱས་རྣམས་གསུངས་པ། །འདི་ཡི་ཕྱིར་ན་འཇིག་རྟེན་འདི། །རྣམ་རྟོག་ཡིན་ཞེས་ཅིས་མི་འཐད། །མ་རིག་འགགས་པར་གྱུར་པ་ན། །གང་ཞིག་འགག་པར་འགྱུར་བ་དེ། །མི་ཤེས་པ་ལས་ཀུན་བརྟག་པར། །ཇི་ལྟ་བུར་ན་གསལ་མི་འགྱུར། །གང་ཞིག་རྒྱུ་དང་བཅས་འབྱུང་ཞིང་། །རྐྱེན་མེད་པར་ནི་གནས་པ་མེད། །རྐྱེན་མེད་ཕྱིར་ཡང་འཇིག་འགྱུར་པ། །འདི་ནི་ཡོད་ཅེས་ཇི་ལྟར་རྟོགས། །གལ་ཏེ་ཡོད་པར་སྨྲ་བ་རྣམས། །དངོས་མཆོག་ཞེན་ནས་གནས་པ་ནི། །ལམ་དེ་ཉིད་ལ་གནས་པ་སྟེ། །དེ་ལ་ངོ་མཚར་ཅུང་ཟད་མེད། །སངས་རྒྱས་ལམ་ལ་བརྟེན་ནས་ནི། །ཀུན་ལ་མི་རྟག་སྨྲ་བ་རྣམས། །རྩོད་པས་དངོས་རྣམས་མཆོག་བཟུང་བས། །གནས་པ་གང་ཡིན་དེ་སྨད་དོ། །འདི་འམ་དེའོ་ཞེས་གང་དུ། །རྣམ་པར་སྤྱད་ན་མི་དམིགས་ན། །རྩོད་པ་འདི་འམ་དེ་བདེན་ཞེས། །མཁས་པ་སུ་ཞིག་སྨྲ་བར་འགྱུར། །དེ་དག་གིས་ནི་མ་བརྟེན་པར། །བདག་གམ་འཇིག་རྟེན་མངོན་ཞེན་པ། །དེ་དག་སྐྱེ་བ་རྟག་མི་རྟག །ལ་སོགས་ལྟ་བས་འཕྲོགས་པ་ཡིན། །གང་དག་བརྟེན་ནས་དངོས་པོ་རྣམས། །དེ་ཉིད་དུ་ནི་གྲུབ་འདོད་པ། །དེ་དག་ལ་ཡིད་རྟགས་སོགས་སྐྱོན། །དེ་དག་ཇི་ལྟར་འབྱུང་མི་འགྱུར། །གང་དག་བརྟེན་ནས་དངོས་པོ་རྣམས། །ཆུ་ཡི་ཟླ་བ་ལྟ་བུར་ནི། །ཡང་དག་མ་ཡིན་ལོག་མིན་པར། །འདོད་པ་དེ་དག་ལྟས་མི་འཕྲོགས། །དངོས་པོར་ཁས་ལེན་ཡོད་ན་ནི། །འདོད་ཆགས་ཞེ་འབྱུང་བ་ཡི། །ལྟ་བ་མི་བཟང་མ་རུངས་འབྱུང་། །དེ་ལས་བྱུང་བའི་རྩོད་པར་འགྱུར། །དེ་ནི་ལྟ་བ་ཀུན་གྱི་རྒྱུ། །དེ་མེད་ཉོན་མོངས་མི་སྐྱེ་སྟེ། །དེ་ཕྱིར་དེ་ནི་ཡོངས་ཤེས་ན། །ལྟ་དང་ཉོན་མོངས་ཡོངས་སུ་འབྱུང་། །གང་གིས་དེ་ཤེས་འགྱུར་སྙམ་ན། །བརྟེན་ནས་འབྱུང་བ་མཐོང་བ་སྟེ། །བརྟེན་ནས་སྐྱེ་བ་མ་སྐྱེས་པར། །དེ་ཉིད་མཁྱེན་པ་མཆོག་གིས་གསུངས། །ལོག་པའི་ཤེས་པ་ཟིལ་གནོན་པ། །བདེན་པ་མིན་ལ་བདེན་འཛིན་པའི། །ཡོངས་སུ་འཛིན་དང་རྩོད་སོགས་ཀྱི། །རིམ་པ་ཆགས་ལས་འབྱུང་བར་འགྱུར། །ཆེ་པའི་བདག་ཉིད་ཅན་དེ་དག །རྣམས་ལ་ཕྱོགས་མེད་རྩོད་པ་མེད། །གང་རྣམས་ལ་ནི་ཕྱོགས་མེད་པ། །དེ་ལ་གཞན་ཕྱོགས་ག་ལ་ཡོད། །གང་ཡང་རུང་བའི་གནས་རྙེད་ནས། །ཉོན་མོངས་སྦྲུལ་གདུག་གཡོ་ཅན་གྱིས། །ཟིན་པར་འགྱུར་ཏེ་གང་གི་སེམས། །གནས་མེད་དེ་དག་ཟིན་མི་འགྱུར། །གནས་བཅས་སེམས་དང་ལྡན་རྣམས་ལ། །ཉོན་མོངས་དུག་ཆེན་ཅེས་མི་འབྱུང་། །གང་ཚེ་བར་མར་འདུག་པ་ཡང་། །ཉོན་མོངས་སྦྲུལ་གྱིས་ཟིན་པར་འགྱུར། །བྱིས་པ་བདེན་པར་འདུ་ཤེས་པས། །གཟུགས་བརྙན་ལ་ནི་ཆགས་པ་བཞིན། །དེ་ལྟར་འཇིག་རྟེན་རྨོངས་པའི་ཕྱིར། །ཡུལ་གྱི་གཟེབ་ལ་ཐོགས་པར་འགྱུར། །བདག་ཉིད་ཆེ་རྣམས་དངོས་པོ་དག །གཟུགས་བརྙན་ལྟ་བུར་ཡེ་ཤེས་ཀྱི། །མིག་གིས་མཐོང་ནས་ཡུལ་ཞེས་ནི། །བྱ་བའི་འདམ་ལ་མི་ཐོགས་སོ། །བྱིས་པ་རྣམས་ནི་གཟུགས་ལ་ཆགས། །མིག་གིས་མཐོང་ནས་ཡུལ་ཞེས་ནི། །བྱ་བའི་འདམ་ལ་མི་ཐོགས་སོ། །བྱིས་པ་རྣམས་ནི་གཟུགས་ལ་ཆགས། །བར་མ་དག་ནི་ཆགས་བྲལ་འགྱུར། །དེ་ལས་ལྡོག་པས་འདོད་ཆགས་བྲལ། །སྒྱུ་མའི་སྐྱེས་བུ་ལྟར་དབེན་པར། །མཐོང་ནས་མྱ་ངན་འདའ་བར་འགྱུར། །ལོག་པའི་ཤེས་པས་མངོན་གསུངས་པའི། །ཉོན་མོངས་སྐྱོན་རྣམས་གང་ཡིན་དེ། །དངོས་དང་དངོས་མེད་རྣམ་རྟོག་པ། །དོན་ཤེས་འགྱུར་ལ་མི་འབྱུང་ངོ་། །གནས་ཡོད་ན་ནི་འདོད་ཆགས་དང་། །འདོད་ཆགས་བྲལ་བར་འགྱུར་ཞིག་ན། །གནས་མེད་བདག་ཉིད་ཆེན་པོ་རྣམས། །ཆགས་པ་མེད་ཅིང་ཆགས་བྲལ་མིན། །གང་དག་རྣམ་པར་དབེན་སྙམ་དུ། །གཡོ་བའི་ཡིད་ཀྱང་མི་གཡོ་བ། །ཉོན་མོངས་སྤྲུལ་གྱིས་དཀྲུགས་གྱུར་པ། །མི་བཟང་སྲིད་པའི་རྒྱ་མཚོ་བརྒལ། །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བ། །དམ་པ་གཉིས་ནི་ཐོབ་པར་ཤོག །རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་མུ་ཏི་ཏ་ཤྲཱིའི་ཞལ་སྔ་ནས་དང་། །བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བཅོས་ཏེ་གཏན་ལ་ཕབ་པའོ།། །།

[[Category:Nagarjuna]]
[[Category:Nagarjuna]] [[Category:དབུ་མ་རིགས་ཚོགས་ལྔ།]]

Revision as of 15:21, 1 February 2013

༄༅། །རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་པ་ཞེས་བྱ་ཙབ་བཞུགས་སོ། །