Ngb-pt-0394-vol-04-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
Content fix 22 Nov 2026 (audit): Gyubum: duplicated overlap with the previous page removed (cut at the opening of the next text); Gyubum: duplicated overlap with the next page removed (cut after the colophon)
 
Line 3: Line 3:
= Body =
= Body =

བཅུ་བཞི་པའོ།། །།ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་རྫོགས་སོ།། །། རྒྱ་གར་སྐད་དུ། ཨུརུ་བི་པུ་ལེ་པྲ་བེ་ཤ་མ་ཧྭ་སྲུ་ཏྲ་ན། བོད་སྐ་དུ། འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འདུག་པའི་མདོཆེན་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འདམ་བུའི་ཁྲོད་ན། གཟིངས་པའི་འདུག་གནས་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡངས་པའི་གྲོང་ཁྱེར་ག་ལ་བར་འདོང་ངོ་། །བཙུན་པ་དེ་ལྟར་བགྱིའོ་ཞེས་གསོལ་ནས། ཚེ་དང་ལྡན་པ་ཀུན་དགའབོས་བཅོམ་ལྡན་འདས་ཀྱི་ལྟར་མཉནནས། དེ་ནས་བཅོམལྡན་འདས་ཡུལ་ལི་བྲི་ཛར་རྒྱུ་ཞིང་གཤེགས་ཏེ། ཡངས་པའི་གྲོང་ཁྱེར་དུ་བྱོན་ནས། ཡངས་པའི་གྲོང་ཁྱེར་གྱི་ཨ་པྲ་བསྲུང་བའི་ཚལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའབོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡངས་པའི་གྲོང་ཁྱེར་དུ་སོང་ལ་ཕྱིན་ནས་སྒོའི་ཐེམ་པ་ལ་རྐང་པ་ཞོག་སྟེ། གསང་སྔགས་ཀྱི་གཞི་འདི་དག་དང་། ཚིགས་སུ་བཅད་པ་འདི་དག་སྨོས་ཤིག །བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །སངས་རྒྱས་ཐམས་ཅད་ཀྱི་དགོངས་པ།རང་སངས་རྒྱས་ཐམས་ཅད་ཀྱི་བསམས་པ། དགྲ་བཅོམ་པ་ཐམས་ཅད་ཀྱི་བསམས་པ། སློབ་པ་ཐམས་ཅད་ཀྱི་བསམས་པ། ཉན་ཐོས་ཐམས་ཅད་ཀྱི་བསམས་པ། བདེན་པའི་ཚིག་དང་ལྡན་པ་ཐམས་ཅད་ཀྱི་༄༅ བསམས་པ། ཆོས་ཀྱི་བསམས་པ ཚངས་པའི་བསམས་པ ཚངས་པ་སོ་སོའི་བསམས་པ། འདོད་པའི་དབང་ཕྱུག་གི་བསམས་པ། དབང་པོའི་བསམས་པ། ལྷའི་བསམས་པ། ལྷ་མ་ཡིན་གྱི་དབང་པོའི་བསམས་པ། ལྷ་མ་ཡིན་ཐམས་ཅད་ཀྱི་བསམས་པ། ལྷ་མ་ཡིན་གྱི་མངག་གཞུག་པའི་བསམས་པ། འབྱུང་པོ་ཐམས་ཅད་ཀྱིས་བསམས་པ། །བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་པ། མུརྩི་ཏ། མུརྩི་ཏ། མ་འདུག་ཅིག་ཡམས་ཀྱི་ནད་རྣམ་པར་ཞི་བར་གྱུར་ཅིག །ནིརྒསྣྲོ་ཏ། ནིརྒསྣྲོ་ཏ། ནིརྒསྣྲོ་ཏ། ནིརྒསྣྲོ་ཏ། སངས་རྒྱས་ལྷ་ཆེན་པོ། ལྷའི་ཡང་ལྷ།ལྷའི་བླ་མ་གཤེགས་ཤིང་། དབང་པོ་དང་བཅས་པའི་ལྷ་རྣམས་དང་། ཚངས་པ་དང་བཅས་པ་རྣམས་དང་། དབང་བདག་དང་བཅས་པ་རྣམས་དང་། སྐྱེ་དགུའི་བདག་པོ་དང་བཅས་པ་རྣམས་དང་། འཇིག་རྟེན་སྐྱོང་བ་བཞི་པོ་དག་ཀྱང་འོང་། ལྷ་འབུམ་ཕྲག་དུ་མ་དག་དང་། ལྷ་མ་ཡིན་གྱི་དབང་པོ་རྣམས་དང་། ལྷ་མ་ཡིན་འབུམ་ཕྲག་དུ་མ་དག་ཀྱང་འོང་། བཅོམ་ལྡན་འདས་ལ་མངོན་པར་དད་པའི་འབྱུང་པོ་འབུམ་ཕྲག་དུ་མ་དག་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་འོངས་ཏེ། དེ་དག་ཁྱེད་རྣམས་ལ་གནོདཔཆེནཔོབྱེདཔརའགྱུར་དུ་འོང་གིས། ནིརྒསྣྲོ་ཏ། །ནིརྒསྣྲོ་ཏ། ནིརྒསྣྲོ་ཏ། ནིརྒསྣྲོ་ཏ། མྱུར་དུ་བྱེད་ཅིག ཁྱེད་ཅག་ལས་གང་སྡང་བའི་སེམས་དང་ལྡན་པ་དེ་དག་ནི་ཕུང་བར་གྱུར་ཅིག །གང་དག་བྱམས་པའི་སེམས་དང་ལྡན་ཞིང་ཉེས་པར་མི་འདོད་ལ། གྲུང་བར་འཇུག་པར་འདོད་པ་དེ་དག་ནི་འཁོད་ཅིག ལུས་ལ་ཡང་འཇུག་པར་གྱིས་ཤིགསངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་པ། སུ་མུ་སུ་མུ་སུ་མུ་སུ་མུ། སུ་མུ་རུ་སུ་མུ་སྲ སུ་མུ་སྲ སུ་མུ་སྲ སུ་མུ་སྲ སུ་མུ་སྲ སུ་མུ་སྲ སུ་མུ་སྲ མུ་སྲ མུ་སྲ མུ་སྲ མུ་སྲ མུ་སྲ མུ་སྲ མུ་མྲ མུ་མྲ མུ་སྲ མི་རི་མི་རི་མི་རི་མི་རི་མི་རི་མི་རི་མི་རི་མི་རི་མི་རི། མུ་སྲ མི་རི། མུ་སྲ རི་མི། མུ་སྲ རི་མི། མུ་སྲ རི་མི། མུ་སྲ རི་མི། མུ་སྲ མི་རི། མུ་སྲ རི་མི། མུ་སྲ རི་མི། མུ་མུ རི་མི། མུ་རུ་རི་མི།མུ་རུ་མི་རི། མུ་རུ་མི་རི། མི་དུ་རྡི་ཏི། རི་རི་རི་རི་རི་རི། རྡི་རྡི་རྡི་རྡི་རྡི་རྡི། ཏི་མི་རི། མི་རི་མི་རི་མི་རི་མི་རི་མི་རི་མི་རི། མི་རི་ཏི། ཧ་སི་མི་རི་ཏི། སྙི་རི་ཏི། མི་ཏི། སི་སྙི་སི་སྙི། ཀ༷་ཀ་ར། ཀ༷་ཀ་ར་ཏ། ཀ༷་ཀ་ར། ཀ༷་ཀ་ར་ཙ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རོ་ཏི་ཏི། ཀུ་རི་ཤོ་ཀ༷་ཀ་རྭ། ཀ༷་ཀ་རི་ཤི། རི་རི་རི་རི་རི་རི། ཏི་རེ་ཏེ་ཕུ་གྲྭ། རི་ཕུ་རི་ཕུ། རི་ཕུ་རི་ཕུ། རི་ཕུ་རི་ཕུ། རི་ཕུ་རི་ཕུ། ནཱ་ཐུ། ནཱ་ན་ཐུ་ཐ། རི་ཕུ་རི་ཕུ། ནཱ་ཐུ་ཐུ། ནིརྒསྣྲོ་ཏ། རི་ཕུ་རི་ཕུ། ནིརྒསྣྲོ་ཏེ། བཱ་ལ་ཡ་ཏ། རི་ཕུ་རི་ཕུ། བཱ་ལ་ཡ་ཏསངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་ལྷག་པར་དགོངས་པ་དང་ལྡན་པ། བྱམས་པ་ལ་གནས་པ། ཐུགས་རྗེ་དང་ལྡན་པ། དགའ་བ་ལ་གནས་པ། བཏང་སྙོམས་ལ་གནས་པ་གཤེགས་ཀྱི། སྤྱི་ཕྲ༷་ན་ནི་རྒསྣྲོ་ཏ་གྲྭ་ཧྭ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མཆོག་དང་ཆོས་ཉིད་ཀྱིས། ལྷ་ཐམས་ཅད་དང་འབྱུང་པོ་ཐམས་ཅད་ལ་བཀའ་སྩལ་པའི་གསང་སྔགས་ཀྱི་གཞི་འདི་དག་ནི་གྲུབ་པའོ། །ཚིགས་སུ་བཅད་པ་འདི་དག་ནི་གྲུབ་པའོ། །གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་འཇོམས་དྲི་མ་མེད་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མང༢་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པ་རྒྱུག་པ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་གིས་བདེ་བ་མངའ་མཛད་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་འཁོར་བར་འཁོར་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་བསླུ་བ་མི་མངའ་ལ། །གསུང་གཙང་གཙང་མར་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པ། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་སྐྱེས་པའི་ས་རྣམས་ནི། །ནགས་ཚལ་བཅས་པར་རབ་གཡོས་ཤིང་། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུང་བ། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཡིད་འཕྲོག་གང་གིས་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སངས་རྒྱས་ཆོས་ལ་བདེ་ལེགས་མཛད། །བརྒྱ་བྱིན་ལྷར་བཅས་བདེ་ལེགས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྤྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱི་ནི་བསམས་པ་ཡིས། །ཁྱེད་རྣམས་དོན་འདོད་གང་ཡིན་པ། །དོན་དེ་དི་རིང་གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང་། །ཁྱེད་ཅག་ཀུན་ཏུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །སངས་རྒྱས་ལྷ་རྣམས་སྟོང་དག་གིས། །ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཀྱིས། །སྡང་སེམས་ལྡན་པ་རྣམས་བྱེར་ཅིག །སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད། །སངས་རྒྱས་རང་སངས་རྒྱས་རྣམས་དང་། །དགྲ་བཅོམ་སློབ་པའི་བདེན་ཚིག་གིས། །འཇིག་རྟེན་མི་ཕན་བྱེད་པ་རྣམས། །གྲོང་ཁྱེར་འདིར་ནི་སྟོང་གྱུར་ཅིག །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། །བདེ་བ་འབའ་ཞིག་ལྡན་གྱུར་ཅིག །ཐམས་ཅད་ནད་རྣམས་མེད་པར་ཤོག །ཀུན་གྱིས་བཟང་རྣམས་མཐོང་གྱུར་ཅིག །གང་ཡང་སྡིག་པར་མ་གྱུར་ཅིག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །ས་དང་བར་སྣང་དག་ན་གནས་པ་རྣམས། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག །ཉིན་དང་མཚན་དང་ཆོས་ཀྱང་སྤྱོད་གྱུར་ཅིག །དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོས། བཙུན་པ་དེ་བཞིན་བགྱིའོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། ཡངས་པའི་གྲོང་ཁྱེར་དུ་སོང་སྟེ། སྒོའི་ཐེམ་པ་ལ་རྐང་པ་བཞག་ནས། གསང་སྔགས་ཀྱི་གཞི་འདི་དག་དང་། ཚིགས་སུ་བཅད་པ་འདི་དག་ཀྱང་སྨྲས་སོ། །བི་ས་ར་ཏ། །བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། རང་སངས་རྒྱས་ཐམས་ཅད་ཀྱི་བསམས་པ། དགྲ་བཅོམ་པ་ཐམས་ཅད་ཀྱི་བསམས་པ། སློབ་པ་ཐམས་ཅད་ཀྱི་བསམས་པ། ཉན་ཐོས་ཐམས་ཅད་ཀྱི་བསམས་པ། བདེན་པའི་ཚིག་དང་ལྡན་པ་ཐམས་ཅད་ཀྱི་བསམས་པ ཆོས་ཀྱི་བསམས་པ ཚངས་པས་བསམས་པ ཚངས་པ་སོ་སོའི་བསམས་པ། འདོད་པའི་དབང་ཕྱུག་གི་བསམས་པ། དབང་པོའི་བསམས་པ། ལྷའི་བསམས་པ། ལྷ་མ་ཡིན་གྱི་དབང་པོའི་བསམས་པ། ལྷ་མ་ཡིན་ཐམས་ཅད་ཀྱི་བསམས་པ། ལྷ་མ་ཡིན་གྱི་མངག་གཞུག་པའི་བསམས་པ། འབྱུང་པོ་ཐམས་ཅད་ཀྱི་བསམས་པ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །མུརྩི་ཏ། མུ྅་ཏ། ཡམས་ཀྱི་ནད་ཐམས་ཅད་ཞི་བར་གྱུར་ཅིག །ནིརྒསྣྲོ་ཏ། ནིརྒསྣྲོ་ཏ། ནིརྒསྣྲོ་ཏ། ནིརྒསྣྲོ་ཏ། སངས་རྒྱས་ལྷ་ཆེན་པོ་ལྷའི་ཡང་ལྷ། ལྷའི་བླ་མ་གཤེགས་ཤིང་དབང་པོ་དང་བཅས་པའི་ལྷ་རྣམས་དང་། ཚངས་པ་དང་བཅས་པ་དང་། དབང་བདག་དང་བཅས་པ་རྣམས་དང་། སྐྱེ་དགུའི་བདག་པོ་དང་བཅས་པ་རྣམས་དང་། འཇིག་རྟེན་སྐྱོང་བ་བཞི་པོ་དག་ཀྱང་འོང་། ལྷ་སྟོང་ཕྲག་དུ་མ་དག་དང་།ལྷ་མ་ཡིན་གྱི་དབང་པོ་རྣམས་སམ། ལྷ་མ་ཡིན་སྟོང་ཕྲག་དུ་མ་དག་ཀྱང་འོང་། བཅོམ་ལྡན་འདས་ལ་མངོན་པར་དད་པའི་འབྱུང་པོ་བརྒྱ་སྟོང་མང་པོ་དག་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་འོང་སྟེ། དེ་དག་ཁྱེད་ལ་གནོད་པ་ཆེན་པོ་བྱེད་པར་འགྱུར་གྱིས། ནིརྒསྣྲོ་ཏ། ནིརྒསྣྲོ་ཏ། ནིརྒསྣྲོ་ཏ། ནིརྒསྣྲོ་ཏ། མྱུར་དུ་བྱེར་ཅིག ཁྱེད་ཅག་ལས་གང་དག་སྡང་བའི་སེམས་དང་ལྡན་པ་དེ་དག་ནི་ཕུང་བར་གྱུར་ཅིགགང་དག་བྱམས་པའི་སེམས་དང་ལྡ་ཞིང་ཉེས་པར་མི་འདོད་ལ། སྲུང་བར་འཇུག་པར་འདོད་པ་དེ་དག་ནི་འཁོད་ཅིག །ལུས་ལ་ཡང་འཇུག་པར་གྱིས་ཤིག །སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་པ། སུ་མུ་སུ་མུ། སུ་མུ་སུ་མུ། སུ་མུ་སྲ སུ་མུ་སྲ སུ་མུ་སྲ སུ་མུ་སྲ སུ་མུ་སྲ སུ་མུ་སྲ སུ་མུ་མྲ སུ་མུ་མྲ མུ་སྲ མུ་མྲ མུ་མྲ མུ་མྲ མུ་སྲ མུ་སྲ མུ་སྲ མི་རི། མི་རི། མི་རི། མི་རི། མི་རི། མི་རི། མི་རི།མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་རྡི་ཏི། རི་རི་རི་རི། རྡི་རྡི་རྡི་རྡི། དི་རྡི་རྡི་དི། མི་རི་མི་རི མི་རི་མི་རིམི་རི་མི་རི་ཏི། ཧ་སི་མི་རྡི་ཏི། མི་རི་སི་སི་སྙི། ཀ༷་ཀ་ར། ཀ༷་ཀ་ར་ཏ། ཀ༷་ཀ་ར། ཀ༷་ཀ་ར་ཙ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ།ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རོ། ཏི་ཏི་ཀུ་རུ་ཤོ་ཀ༷་ཀ་རྭ། ཀ༷་ཀ་རི་ཤི རི་རི། རི་རི། རི་རི་ཏི། རི་ཕུ་གྲྭ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། ནཱ་ནཱ་ཐ། ནཱ་ནཱ་ཐ། རི་ཕུ་རི་ཕུ། ནཱ་ནཱ་ཐ།ནིརྒསྣྲོ་ཏ། རི་ཕུ་རི་ཕུ། ནིརྒསྣྲོ་ཏེ། བཱ་ལ་ཡ་ཏ། རི་ཕུ་རི་ཕུ། བཱ་ལ་ཡ་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་ལྷག་པར་དགོངས་པ་དང་ལྡན་པ། བྱམས་པ་ལ་གནས་པ། ཐུགས་རྗེ་དང་ལྡན་པ། དགའ་བ་ལ་གནས་པ། བཏང་སྙོམས་ལ་གནས་པ་གཤེགས་ཀྱི། ཁྲི་ཕྲ༷་ན་ནིརྒསྣྲོ་ཏ་གྲྭ་ཧྭ། སངས་རྒྱས་ཀྱི་མཆོག་དང་། ཆོས་ཉིད་ཀྱིས་ལྷ་ཐམས་ཅད་དང་འབྱུང་པོ་ཐམས་ཅད་ལ་བཀའ་སྩལ་པའི་གསང་སྔགས་ཀྱི་གཞི་འདི་དག་ནི་གྲུབ་པའོ། །ཚིགས་སུ་བཅད་པ་འདི་དག་ནི་གྲུབ་པའོ། །གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་འཇོམས་དྲི་མ་མེད་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང་། །ཆོས་རྣ་།ས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པ་རྒྱུག་པ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་གིས་བདེ་བ་མངའ་མཛད་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་ཏེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་འཁོར་བར་འཁོར་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིག །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིག་བསླུ་བ་མི་མངའ་ལ། །གསུང་གཙང་གཙང་མར་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པ། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་སྐྱེས་པའི་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ཤིང་། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུང་བ། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཡིད་འཕྲོག་གང་གིས་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་འཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འཀྱུར། །སངས་རྒྱས་ཆོས་ལ་བདེ་ལེགས་མཛད། །བརྒྱ་བྱིན་ལྷར་བཅས་བདེ་ལེགས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱི་ནི་བསམས་པ་ཡིས། །ཁྱེད་ཀྱི་དོན་འདོད་གང་ཡིན་པ། །དོན་དེ་དེ་རིང་གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་་།ག །རྐང་བཞི་ཁྱེད་ཅག་བདེ་ལེགས་་༑ག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་་།ག །ཕྱིར་ལྡོག་དག་ཀྱང་བདེ་ལེགས་་།ག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལའང་བདེ་ལེགས་ཤིང་། །ཁྱེད་ཅག་རྟག་ཏུ་བདེ་ལེགས་་།ག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །སངས་རྒྱས་ལྷ་རྣམས་སྟོང་དག་གིས། །ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཅིང་། །སྡང་སེམས་ལྡན་པ་རྣམས་བྱེར་ཅིག །སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད། །སངས་རྒྱས་རང་སངས་རྒྱས་རྣམས་དང་། །དགྲ་བཅོམ་སློབ་པའི་བདེན་ཚིག་གིས། །འཇིག་རྟེན་མི་ཕན་བྱེད་པ་རྣམས། །གྲོང་ཁྱེར་འདི་ན་ནི་སྟོང་གྱུར་ཅིག །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། །བདེ་བ་འབའ་ཞིག་ལྡན་གྱུར་ཅིག །ཐམས་ཅད་ནད་རྣམས་མེད་པར་་།ག །ཀུན་གྱིས་བཟང་རྣམས་མཐོང་གྱུར་ཅིག །གང་ཡང་སྡིག་པར་མ་གྱུར་ཅིག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །ས་དང་བར་ ང་དག་ལ་གནས་པ་རྣམས། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་་།ག །ཉིནདངམཚནདུཆོསཀྱང ད་གྱུར་ཅིག །འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རེནྟྲ་བོ་དྷི་དང་། ཞུ་ཆེན་གྱི་ལོསྣྲོ་བ་བསྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ༑ ཤིས་པར་བརྗོད་པའི་
རྒྱ་གར་སྐད་དུ། ཨུརུ་བི་པུ་ལེ་པྲ་བེ་ཤ་མ་ཧྭ་སྲུ་ཏྲ་ན། བོད་སྐ་དུ། འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འདུག་པའི་མདོཆེན་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འདམ་བུའི་ཁྲོད་ན། གཟིངས་པའི་འདུག་གནས་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡངས་པའི་གྲོང་ཁྱེར་ག་ལ་བར་འདོང་ངོ་། །བཙུན་པ་དེ་ལྟར་བགྱིའོ་ཞེས་གསོལ་ནས། ཚེ་དང་ལྡན་པ་ཀུན་དགའབོས་བཅོམ་ལྡན་འདས་ཀྱི་ལྟར་མཉནནས། དེ་ནས་བཅོམལྡན་འདས་ཡུལ་ལི་བྲི་ཛར་རྒྱུ་ཞིང་གཤེགས་ཏེ། ཡངས་པའི་གྲོང་ཁྱེར་དུ་བྱོན་ནས། ཡངས་པའི་གྲོང་ཁྱེར་གྱི་ཨ་པྲ་བསྲུང་བའི་ཚལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའབོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡངས་པའི་གྲོང་ཁྱེར་དུ་སོང་ལ་ཕྱིན་ནས་སྒོའི་ཐེམ་པ་ལ་རྐང་པ་ཞོག་སྟེ། གསང་སྔགས་ཀྱི་གཞི་འདི་དག་དང་། ཚིགས་སུ་བཅད་པ་འདི་དག་སྨོས་ཤིག །བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །སངས་རྒྱས་ཐམས་ཅད་ཀྱི་དགོངས་པ།རང་སངས་རྒྱས་ཐམས་ཅད་ཀྱི་བསམས་པ། དགྲ་བཅོམ་པ་ཐམས་ཅད་ཀྱི་བསམས་པ། སློབ་པ་ཐམས་ཅད་ཀྱི་བསམས་པ། ཉན་ཐོས་ཐམས་ཅད་ཀྱི་བསམས་པ། བདེན་པའི་ཚིག་དང་ལྡན་པ་ཐམས་ཅད་ཀྱི་༄༅ བསམས་པ། ཆོས་ཀྱི་བསམས་པ ཚངས་པའི་བསམས་པ ཚངས་པ་སོ་སོའི་བསམས་པ། འདོད་པའི་དབང་ཕྱུག་གི་བསམས་པ། དབང་པོའི་བསམས་པ། ལྷའི་བསམས་པ། ལྷ་མ་ཡིན་གྱི་དབང་པོའི་བསམས་པ། ལྷ་མ་ཡིན་ཐམས་ཅད་ཀྱི་བསམས་པ། ལྷ་མ་ཡིན་གྱི་མངག་གཞུག་པའི་བསམས་པ། འབྱུང་པོ་ཐམས་ཅད་ཀྱིས་བསམས་པ། །བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་པ། མུརྩི་ཏ། མུརྩི་ཏ། མ་འདུག་ཅིག་ཡམས་ཀྱི་ནད་རྣམ་པར་ཞི་བར་གྱུར་ཅིག །ནིརྒསྣྲོ་ཏ། ནིརྒསྣྲོ་ཏ། ནིརྒསྣྲོ་ཏ། ནིརྒསྣྲོ་ཏ། སངས་རྒྱས་ལྷ་ཆེན་པོ། ལྷའི་ཡང་ལྷ།ལྷའི་བླ་མ་གཤེགས་ཤིང་། དབང་པོ་དང་བཅས་པའི་ལྷ་རྣམས་དང་། ཚངས་པ་དང་བཅས་པ་རྣམས་དང་། དབང་བདག་དང་བཅས་པ་རྣམས་དང་། སྐྱེ་དགུའི་བདག་པོ་དང་བཅས་པ་རྣམས་དང་། འཇིག་རྟེན་སྐྱོང་བ་བཞི་པོ་དག་ཀྱང་འོང་། ལྷ་འབུམ་ཕྲག་དུ་མ་དག་དང་། ལྷ་མ་ཡིན་གྱི་དབང་པོ་རྣམས་དང་། ལྷ་མ་ཡིན་འབུམ་ཕྲག་དུ་མ་དག་ཀྱང་འོང་། བཅོམ་ལྡན་འདས་ལ་མངོན་པར་དད་པའི་འབྱུང་པོ་འབུམ་ཕྲག་དུ་མ་དག་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་འོངས་ཏེ། དེ་དག་ཁྱེད་རྣམས་ལ་གནོདཔཆེནཔོབྱེདཔརའགྱུར་དུ་འོང་གིས། ནིརྒསྣྲོ་ཏ། །ནིརྒསྣྲོ་ཏ། ནིརྒསྣྲོ་ཏ། ནིརྒསྣྲོ་ཏ། མྱུར་དུ་བྱེད་ཅིག ཁྱེད་ཅག་ལས་གང་སྡང་བའི་སེམས་དང་ལྡན་པ་དེ་དག་ནི་ཕུང་བར་གྱུར་ཅིག །གང་དག་བྱམས་པའི་སེམས་དང་ལྡན་ཞིང་ཉེས་པར་མི་འདོད་ལ། གྲུང་བར་འཇུག་པར་འདོད་པ་དེ་དག་ནི་འཁོད་ཅིག ལུས་ལ་ཡང་འཇུག་པར་གྱིས་ཤིགསངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་པ། སུ་མུ་སུ་མུ་སུ་མུ་སུ་མུ། སུ་མུ་རུ་སུ་མུ་སྲ སུ་མུ་སྲ སུ་མུ་སྲ སུ་མུ་སྲ སུ་མུ་སྲ སུ་མུ་སྲ སུ་མུ་སྲ མུ་སྲ མུ་སྲ མུ་སྲ མུ་སྲ མུ་སྲ མུ་སྲ མུ་མྲ མུ་མྲ མུ་སྲ མི་རི་མི་རི་མི་རི་མི་རི་མི་རི་མི་རི་མི་རི་མི་རི་མི་རི། མུ་སྲ མི་རི། མུ་སྲ རི་མི། མུ་སྲ རི་མི། མུ་སྲ རི་མི། མུ་སྲ རི་མི། མུ་སྲ མི་རི། མུ་སྲ རི་མི། མུ་སྲ རི་མི། མུ་མུ རི་མི། མུ་རུ་རི་མི།མུ་རུ་མི་རི། མུ་རུ་མི་རི། མི་དུ་རྡི་ཏི། རི་རི་རི་རི་རི་རི། རྡི་རྡི་རྡི་རྡི་རྡི་རྡི། ཏི་མི་རི། མི་རི་མི་རི་མི་རི་མི་རི་མི་རི་མི་རི། མི་རི་ཏི། ཧ་སི་མི་རི་ཏི། སྙི་རི་ཏི། མི་ཏི། སི་སྙི་སི་སྙི། ཀ༷་ཀ་ར། ཀ༷་ཀ་ར་ཏ། ཀ༷་ཀ་ར། ཀ༷་ཀ་ར་ཙ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རོ་ཏི་ཏི། ཀུ་རི་ཤོ་ཀ༷་ཀ་རྭ། ཀ༷་ཀ་རི་ཤི། རི་རི་རི་རི་རི་རི། ཏི་རེ་ཏེ་ཕུ་གྲྭ། རི་ཕུ་རི་ཕུ། རི་ཕུ་རི་ཕུ། རི་ཕུ་རི་ཕུ། རི་ཕུ་རི་ཕུ། ནཱ་ཐུ། ནཱ་ན་ཐུ་ཐ། རི་ཕུ་རི་ཕུ། ནཱ་ཐུ་ཐུ། ནིརྒསྣྲོ་ཏ། རི་ཕུ་རི་ཕུ། ནིརྒསྣྲོ་ཏེ། བཱ་ལ་ཡ་ཏ། རི་ཕུ་རི་ཕུ། བཱ་ལ་ཡ་ཏསངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་ལྷག་པར་དགོངས་པ་དང་ལྡན་པ། བྱམས་པ་ལ་གནས་པ། ཐུགས་རྗེ་དང་ལྡན་པ། དགའ་བ་ལ་གནས་པ། བཏང་སྙོམས་ལ་གནས་པ་གཤེགས་ཀྱི། སྤྱི་ཕྲ༷་ན་ནི་རྒསྣྲོ་ཏ་གྲྭ་ཧྭ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མཆོག་དང་ཆོས་ཉིད་ཀྱིས། ལྷ་ཐམས་ཅད་དང་འབྱུང་པོ་ཐམས་ཅད་ལ་བཀའ་སྩལ་པའི་གསང་སྔགས་ཀྱི་གཞི་འདི་དག་ནི་གྲུབ་པའོ། །ཚིགས་སུ་བཅད་པ་འདི་དག་ནི་གྲུབ་པའོ། །གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་འཇོམས་དྲི་མ་མེད་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མང༢་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པ་རྒྱུག་པ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་གིས་བདེ་བ་མངའ་མཛད་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་འཁོར་བར་འཁོར་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་བསླུ་བ་མི་མངའ་ལ། །གསུང་གཙང་གཙང་མར་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པ། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་སྐྱེས་པའི་ས་རྣམས་ནི། །ནགས་ཚལ་བཅས་པར་རབ་གཡོས་ཤིང་། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུང་བ། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཡིད་འཕྲོག་གང་གིས་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སངས་རྒྱས་ཆོས་ལ་བདེ་ལེགས་མཛད། །བརྒྱ་བྱིན་ལྷར་བཅས་བདེ་ལེགས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྤྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱི་ནི་བསམས་པ་ཡིས། །ཁྱེད་རྣམས་དོན་འདོད་གང་ཡིན་པ། །དོན་དེ་དི་རིང་གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང་། །ཁྱེད་ཅག་ཀུན་ཏུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །སངས་རྒྱས་ལྷ་རྣམས་སྟོང་དག་གིས། །ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཀྱིས། །སྡང་སེམས་ལྡན་པ་རྣམས་བྱེར་ཅིག །སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད། །སངས་རྒྱས་རང་སངས་རྒྱས་རྣམས་དང་། །དགྲ་བཅོམ་སློབ་པའི་བདེན་ཚིག་གིས། །འཇིག་རྟེན་མི་ཕན་བྱེད་པ་རྣམས། །གྲོང་ཁྱེར་འདིར་ནི་སྟོང་གྱུར་ཅིག །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། །བདེ་བ་འབའ་ཞིག་ལྡན་གྱུར་ཅིག །ཐམས་ཅད་ནད་རྣམས་མེད་པར་ཤོག །ཀུན་གྱིས་བཟང་རྣམས་མཐོང་གྱུར་ཅིག །གང་ཡང་སྡིག་པར་མ་གྱུར་ཅིག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །ས་དང་བར་སྣང་དག་ན་གནས་པ་རྣམས། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག །ཉིན་དང་མཚན་དང་ཆོས་ཀྱང་སྤྱོད་གྱུར་ཅིག །དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོས། བཙུན་པ་དེ་བཞིན་བགྱིའོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། ཡངས་པའི་གྲོང་ཁྱེར་དུ་སོང་སྟེ། སྒོའི་ཐེམ་པ་ལ་རྐང་པ་བཞག་ནས། གསང་སྔགས་ཀྱི་གཞི་འདི་དག་དང་། ཚིགས་སུ་བཅད་པ་འདི་དག་ཀྱང་སྨྲས་སོ། །བི་ས་ར་ཏ། །བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། རང་སངས་རྒྱས་ཐམས་ཅད་ཀྱི་བསམས་པ། དགྲ་བཅོམ་པ་ཐམས་ཅད་ཀྱི་བསམས་པ། སློབ་པ་ཐམས་ཅད་ཀྱི་བསམས་པ། ཉན་ཐོས་ཐམས་ཅད་ཀྱི་བསམས་པ། བདེན་པའི་ཚིག་དང་ལྡན་པ་ཐམས་ཅད་ཀྱི་བསམས་པ ཆོས་ཀྱི་བསམས་པ ཚངས་པས་བསམས་པ ཚངས་པ་སོ་སོའི་བསམས་པ། འདོད་པའི་དབང་ཕྱུག་གི་བསམས་པ། དབང་པོའི་བསམས་པ། ལྷའི་བསམས་པ། ལྷ་མ་ཡིན་གྱི་དབང་པོའི་བསམས་པ། ལྷ་མ་ཡིན་ཐམས་ཅད་ཀྱི་བསམས་པ། ལྷ་མ་ཡིན་གྱི་མངག་གཞུག་པའི་བསམས་པ། འབྱུང་པོ་ཐམས་ཅད་ཀྱི་བསམས་པ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །མུརྩི་ཏ། མུ྅་ཏ། ཡམས་ཀྱི་ནད་ཐམས་ཅད་ཞི་བར་གྱུར་ཅིག །ནིརྒསྣྲོ་ཏ། ནིརྒསྣྲོ་ཏ། ནིརྒསྣྲོ་ཏ། ནིརྒསྣྲོ་ཏ། སངས་རྒྱས་ལྷ་ཆེན་པོ་ལྷའི་ཡང་ལྷ། ལྷའི་བླ་མ་གཤེགས་ཤིང་དབང་པོ་དང་བཅས་པའི་ལྷ་རྣམས་དང་། ཚངས་པ་དང་བཅས་པ་དང་། དབང་བདག་དང་བཅས་པ་རྣམས་དང་། སྐྱེ་དགུའི་བདག་པོ་དང་བཅས་པ་རྣམས་དང་། འཇིག་རྟེན་སྐྱོང་བ་བཞི་པོ་དག་ཀྱང་འོང་། ལྷ་སྟོང་ཕྲག་དུ་མ་དག་དང་།ལྷ་མ་ཡིན་གྱི་དབང་པོ་རྣམས་སམ། ལྷ་མ་ཡིན་སྟོང་ཕྲག་དུ་མ་དག་ཀྱང་འོང་། བཅོམ་ལྡན་འདས་ལ་མངོན་པར་དད་པའི་འབྱུང་པོ་བརྒྱ་སྟོང་མང་པོ་དག་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་འོང་སྟེ། དེ་དག་ཁྱེད་ལ་གནོད་པ་ཆེན་པོ་བྱེད་པར་འགྱུར་གྱིས། ནིརྒསྣྲོ་ཏ། ནིརྒསྣྲོ་ཏ། ནིརྒསྣྲོ་ཏ། ནིརྒསྣྲོ་ཏ། མྱུར་དུ་བྱེར་ཅིག ཁྱེད་ཅག་ལས་གང་དག་སྡང་བའི་སེམས་དང་ལྡན་པ་དེ་དག་ནི་ཕུང་བར་གྱུར་ཅིགགང་དག་བྱམས་པའི་སེམས་དང་ལྡ་ཞིང་ཉེས་པར་མི་འདོད་ལ། སྲུང་བར་འཇུག་པར་འདོད་པ་དེ་དག་ནི་འཁོད་ཅིག །ལུས་ལ་ཡང་འཇུག་པར་གྱིས་ཤིག །སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་པ། སུ་མུ་སུ་མུ། སུ་མུ་སུ་མུ། སུ་མུ་སྲ སུ་མུ་སྲ སུ་མུ་སྲ སུ་མུ་སྲ སུ་མུ་སྲ སུ་མུ་སྲ སུ་མུ་མྲ སུ་མུ་མྲ མུ་སྲ མུ་མྲ མུ་མྲ མུ་མྲ མུ་སྲ མུ་སྲ མུ་སྲ མི་རི། མི་རི། མི་རི། མི་རི། མི་རི། མི་རི། མི་རི།མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་མི་རི། མུ་རུ་རྡི་ཏི། རི་རི་རི་རི། རྡི་རྡི་རྡི་རྡི། དི་རྡི་རྡི་དི། མི་རི་མི་རི མི་རི་མི་རིམི་རི་མི་རི་ཏི། ཧ་སི་མི་རྡི་ཏི། མི་རི་སི་སི་སྙི། ཀ༷་ཀ་ར། ཀ༷་ཀ་ར་ཏ། ཀ༷་ཀ་ར། ཀ༷་ཀ་ར་ཙ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ།ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རྭ། ཀ༷་ཀ་རོ། ཏི་ཏི་ཀུ་རུ་ཤོ་ཀ༷་ཀ་རྭ། ཀ༷་ཀ་རི་ཤི རི་རི། རི་རི། རི་རི་ཏི། རི་ཕུ་གྲྭ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། ནཱ་ནཱ་ཐ། ནཱ་ནཱ་ཐ། རི་ཕུ་རི་ཕུ། ནཱ་ནཱ་ཐ།ནིརྒསྣྲོ་ཏ། རི་ཕུ་རི་ཕུ། ནིརྒསྣྲོ་ཏེ། བཱ་ལ་ཡ་ཏ། རི་ཕུ་རི་ཕུ། བཱ་ལ་ཡ་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་ལྷག་པར་དགོངས་པ་དང་ལྡན་པ། བྱམས་པ་ལ་གནས་པ། ཐུགས་རྗེ་དང་ལྡན་པ། དགའ་བ་ལ་གནས་པ། བཏང་སྙོམས་ལ་གནས་པ་གཤེགས་ཀྱི། ཁྲི་ཕྲ༷་ན་ནིརྒསྣྲོ་ཏ་གྲྭ་ཧྭ། སངས་རྒྱས་ཀྱི་མཆོག་དང་། ཆོས་ཉིད་ཀྱིས་ལྷ་ཐམས་ཅད་དང་འབྱུང་པོ་ཐམས་ཅད་ལ་བཀའ་སྩལ་པའི་གསང་སྔགས་ཀྱི་གཞི་འདི་དག་ནི་གྲུབ་པའོ། །ཚིགས་སུ་བཅད་པ་འདི་དག་ནི་གྲུབ་པའོ། །གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་འཇོམས་དྲི་མ་མེད་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང་། །ཆོས་རྣ་།ས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པ་རྒྱུག་པ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་གིས་བདེ་བ་མངའ་མཛད་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་ཏེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་འཁོར་བར་འཁོར་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིག །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིག་བསླུ་བ་མི་མངའ་ལ། །གསུང་གཙང་གཙང་མར་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པ། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་སྐྱེས་པའི་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ཤིང་། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུང་བ། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཡིད་འཕྲོག་གང་གིས་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་འཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འཀྱུར། །སངས་རྒྱས་ཆོས་ལ་བདེ་ལེགས་མཛད། །བརྒྱ་བྱིན་ལྷར་བཅས་བདེ་ལེགས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱི་ནི་བསམས་པ་ཡིས། །ཁྱེད་ཀྱི་དོན་འདོད་གང་ཡིན་པ། །དོན་དེ་དེ་རིང་གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་་།ག །རྐང་བཞི་ཁྱེད་ཅག་བདེ་ལེགས་་༑ག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་་།ག །ཕྱིར་ལྡོག་དག་ཀྱང་བདེ་ལེགས་་།ག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལའང་བདེ་ལེགས་ཤིང་། །ཁྱེད་ཅག་རྟག་ཏུ་བདེ་ལེགས་་།ག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །སངས་རྒྱས་ལྷ་རྣམས་སྟོང་དག་གིས། །ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཅིང་། །སྡང་སེམས་ལྡན་པ་རྣམས་བྱེར་ཅིག །སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད། །སངས་རྒྱས་རང་སངས་རྒྱས་རྣམས་དང་། །དགྲ་བཅོམ་སློབ་པའི་བདེན་ཚིག་གིས། །འཇིག་རྟེན་མི་ཕན་བྱེད་པ་རྣམས། །གྲོང་ཁྱེར་འདི་ན་ནི་སྟོང་གྱུར་ཅིག །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། །བདེ་བ་འབའ་ཞིག་ལྡན་གྱུར་ཅིག །ཐམས་ཅད་ནད་རྣམས་མེད་པར་་།ག །ཀུན་གྱིས་བཟང་རྣམས་མཐོང་གྱུར་ཅིག །གང་ཡང་སྡིག་པར་མ་གྱུར་ཅིག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །ས་དང་བར་ ང་དག་ལ་གནས་པ་རྣམས། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་་།ག །ཉིནདངམཚནདུཆོསཀྱང ད་གྱུར་ཅིག །འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་རྫོགས་སོ།། །།
 
[[Category:རྙིང་མ་རྒྱུད་འབུམ།]] [[Category:རྙིང་མ་རྒྱུད་འབུམ། Vol 04]]

Latest revision as of 12:31, 22 November 2026

Front

Body