Theg mchog mdzod (Longchenpa): Ch. 06 (3)

From Rangjung Yeshe Wiki Texts
Theg mchog mdzod (Longchenpa)Theg mchog mdzod (Longchenpa): Ch. 06 (3)
< Theg mchog mdzod (Longchenpa)
Theg mchog mdzod (Longchenpa)/Ch. 06 (3)
Jump to navigation Jump to search
Theg mchog mdzod study edition: Tibetan sizes relative to the English, apparatus under each page, link to the Adzom edition (22 November 2026)
Theg mchog mdzod study edition: the Tibetan text blocks at the size of the Tibetan beside the English (class lcp-etext) (22 November 2026)
Line 4: Line 4:
= Adzom Chögar (standard edition) =
= Adzom Chögar (standard edition) =
<div style="font-size:90%;color:#54595d">The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD86, I1PD87, I1PD88), gorn05 tibocr 2026: BDRC OCR on 860 pages, Mitra OCR on 457 pages (the model with more recognisable syllables on each page). The whole edition on this wiki: [[mdzod bdun (a 'dzom par ma)]].</div>

<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<div style="font-family:sans-serif;font-size:13px;color:#72777d">Volume I1PD86</div>

Line 77: Line 77:
= W22920 (BDRC e-text) =
= W22920 (BDRC e-text) =
<div style="font-size:90%;color:#54595d">BDRC typed e-text UT22920_005 (the base text was made from it).</div>
<div style="font-size:90%;color:#54595d">BDRC typed e-text UT22920_005 (the base text was made from it).</div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
དེའི་སྤྲོས་མེད་ཀྱིས་དོན་རང་ཐོག་ཏུ་ཕེབས་པས་ཆོས་ཉིད་ལས་འགྲོ་ས་མེད་པའོ། །དེའི་ཤིན་ཏུ་སྤྲོས་མེད་སྟོང་ཉིད་ཀྱི་དཀྱིལ་འཁོར་དུ་འཇུག་པས་སྒོ་གསུམ་ཁམས་གསུམ་དུ་མི་འཇུག་པའོ། །རབ་ཏུ་སྤྲོས་མེད་ཀྱིས་ཚོགས་དྲུག་དག་པར་བྱེད་པའོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དབྱེ་བ་ངེས་པ་ནི། རབ་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་སེམས་གང་ཡིན་ལ་སོགས་པས་ཆགས་སྡང་རང་གྲོལ་བར་བྱེད་དོ། །སྤྲོས་མེད་སྤྲུལ་སྐུའི་ཞིང་བསྟན་པས་ཕུང་པོ་ཁམས་དང་སྐྱེ་མཆེད་སྟོངས་པར་བྱེད་དོ། །ཤིན་ཏུ་སྤྲོས་མེད་ལོངས་སྐུའི་ཞིང་བསྟན་པས་སེམས་ཉིད་འགྲོ་འོང་མེད་པའི་དོན་རྟོགས་པར་བྱེད་དོ། །རབ་ཏུ་སྤྲོས་མེད་ཆོས་སྐུར་ལུང་བསྟན་པས་འཁོར་འདས་ལ་ཞེན་པའི་ཤེས་སྒྲིབ་ཕྲ་མོ་སྦྱོང་བར་བྱེད་དོ། །གཉིས་པ་རང་ངོའི་་དབྱེ་བ་རྒྱས་པར་བཤད་པ་ལ་དབང་བཞི་ལས། དང་པོ་སྤྲོས་བཅས་ལ། སྤྲོས་བཅས་ཀྱི་སྤྲོས་བཅས་དམ་བསྲེ་ཞིང་མནའ་ཆུ་བླུད་པ་ལ་སོགས་པ་སྟེ་ཕྱིའོ། །སྤྲོས་བཅས་ཀྱི་སྤྲོས་མེད་དཀྱིལ་འཁོར་དུ་གཞུག་ཅིང་ལྷ་ངོ་བསྟན་ནས་མིང་གི་དབང་བསྐུར་བ་སྟེ་ནང་ངོ༌། །སྤྲོས་བཅས་ཀྱི་ཤིན་ཏུ་སྤྲོས་མེད་ཉན་ཐོས་ཀྱི་སྡོམ་པ་སྦྱིན་པ་ནས་རིམ་དགུ་རྫོགས་ཏེ་དབུགས་དབྱུང་གཟེངས་བསྟོད་དང་བཅས་པ་གསང་བའོ། །སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་བུམ་པ་ངེས་པའི་སྐུར་རྒྱུ་སྟེ་ཡོངས་སུ་རྫོགས་པའོ། །འདི་ལའང་བུམ་པ་ངེས་པ་རྟེན་གཞལ་ཡས་ཁང་བརྟེན་པ་ལྷར་གསལ་བས་དབང་བསྐུར་བ་ཡོངས་སུ་རྫོགས་པའི་ཕྱི་སྤྲོས་བཅས་སོ། །སློབ་མའི་ལུས་ལྷར་བསྐྱེད་པ་ལ་འབྱུང་བཞི་དག་སྦྱོང་གི་རྫས་དབང་ཉི་ཟླ་སྦྱིན་པ་ལ་སོགས་པ་ནང་སྤྲོས་མེད་དོ། །མུ་དྲ་སྦྱིན་ནས་སྦྱོར་བ་ངེས་པ་གསང་བ་ཤིན་ཏུ་སྤྲོས་མེད་དོ། །བརྡ་དོན་ངེས་པའི་ཚིག་སྦྱིན་པ་ཡོངས་སུ་རྫོགས་པ་རབ་ཏུ་སྤྲོས་མེད་དོ། །དེ་ལྟར་ན་ཡོངས་སུ་རྫོགས་པ་ལ་བཞི་ཡོད་པ་ལྟར་གཞན་གསུམ་ལའང་ཤེས་པར་བྱའོ། །དེ་ལྟར་བཅུ་དྲུག་གིས་སྤྲོས་བཅས་དབྱེ་བའི་དགོས་པ་ནི། ལུས་འབྱུང་བཞིའི་རྒྱ་བཞི་འཇིག་པ་སྟེ། འབྱུང་བཞི་ཡང་སའི་ས་ལ་སོགས་པ་བཞིར་ཕྱེ་བས་བཅུ་དྲུག་དག་པར་སྦྱོང་བའི་དགོས་པ་ཡོད་དོ། །གཉིས་པ་སྤྲོས་མེད་ཀྱི་དབང་བཞི་རང་ངོའི་དབྱེ་བ་ནི། སྤྲོས་མེད་ཀྱི་སྤྲོས་བཅས་ཀྱིས་ལུས་ངག་ཡིད་སེམས་བཞི་ཡི་གེའི་གནས་བཞིའི་སྦྱོང་བ་ནི་ཕྱིའོ། །དེའི་སྤྲོས་མེད་ཀྱིས་སྒོ་གསུམ་གཞི་མེད་བྱ་རྩོལ་ལས་འདས་པར་མཚོན་པས་ནང་ངོ༌། །དེའི་ཤིན་ཏུ་སྤྲོས་མེད་ཀྱིས་ཡུལ་ལྔ་ལམ་དུ་བསླངས་པས་སྒོ་ལྔ་ཧར་སངས་སུ་གྲོལ་བ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་ཀྱིས་རྟོགས་པ་ཁྱད་པར་ཅན་བསྐྱེད་པས་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་ངག་གི་བརྗོད་གཞི་དང༌། རྗོད་བྱེད་དང༌། བརྗོད་བྱ་དང༌། བརྗོད་པ་བཞིའི་རྒྱ་ལས་གྲོལ་བར་བྱེད་དོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་རང་ངོའི་དབྱེ་བ་ནི། ཤིན་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་རུ་ཤན་འབྱེད་པ་ཕྱིའོ། །དེའི་སྤྲོས་མེད་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ་ནང་ངོ༌། །དེའི་ཤིན་ཏུ་སྤྲོས་མེད་ནམ་མཁའི་དཀྱིལ་འཁོར་དུ་འཇུག་པ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་རིག་པ་རང་ངོ་སྤྲད་པ་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་ཡིད་འགྱུ་བ་དང༌། འགྱུ་བྱེད་དང༌། འགྱུ་བྱ་དང༌། འགྱུས་པ་བཞིའི་རྒྱ་འཇིག་པར་བྱེད་པའོ། །བཞི་པ་རབ་ཏུ་སྤྲོས་པ་མེད་པ་རང་ངོའི་དབྱེ་བ་ནི། རབ་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་འདུག་སྟངས་བསྟན་པ་ཕྱིའོ། །དེའི་སྤྲོས་མེད་ལྟ་སྟངས་བྱེད་པ་ནང་ངོ༌། །དེའི་ཤིན་ཏུ་སྤྲོས་མེད་ཕྱོགས་བཞིར་ལྟ་སྟངས་དང་གཟིགས་སྟངས་བསྟུན་པ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་སོང་ཅིག་ལ་སོགས་པ་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་སེམས་བསམ་པ་དང༌། དྲན་པ་དང༌། རྟོག་པ་དང༌། ཞེན་པ་བཞིའི་རྒྱ་འཇིག་པར་བྱེད་དོ། །སྐབས་འདིར་ཡིད་དང་སེམས་ཀྱི་གོ་དོན། སྒོ་ལྔའི་ཡུལ་འཛིན་རྟོག་བྱེད་ཀུན་གཞིའི་རྣམ་པར་ཤེས་པ་སེམས་ལ། དེ་དང་མ་འབྲེལ་བར་དོན་སྔ་ཕྱི་དང་ཡིད་ཡུལ་དོན་སྤྱི་དཔྱོད་པ་ལ་ཡིད་ཅེས་བརྗོད་དོ། །རང་གི་སྣང་ཡུལ་དངོས་པོ་འཛིན་པ་དང༌། དངོས་མེད་འཛིན་པ་སྟེ། གསལ་བ་དང་མི་གསལ་བ་འཛིན་པས་ཕྱེ་བ་ཡིན་ནོ། །དེ་ལྟར་ན་རང་ངོའི་དབྱེ་བ་རེ་རེ་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞི་སྟེ་བཅུ་དྲུག་ཏུ་ཡོད་དོ། །གསུམ་པ་རྣམ་པར་འཕྲུལ་པའི་དབྱེ་བས་ཤིན་ཏུ་རྒྱས་པར་སྤྲོ་བ་ལ་གསུམ་སྟེ་དབང་སོ་སོའི་དག་བྱེད་ཀྱི་དབྱེ་བས་དག་རྒྱུ་བཅུ་དྲུག་འགྱུར་དང་བཅས་པ་བསྟན་པ། ལུས་ཀྱི་བྱ་བ་ལ་བརྟེན་ནས་ངེས་པའི་དབྱེ་བས་དབང་གི་གནས་ལུགས་བསྟན་པ། གྲངས་ཀྱི་དབྱེ་བ་ལ་བརྟེན་ནས་ལས་དང་ཉོན་མོངས་པའི་དག་བྱེད་བསྟན་པའོ། །དང་པོ་ནི་དབང་གི་རང་ངོའི་དབྱེ་བ་བཅུ་དྲུག་གིས་ཕྱིར་འབྱུང་བའི་ལས་བཅུ་དྲུག་དག་པར་བྱེད་ལ། ནང་དུ་སེམས་ཀྱི་རྟོག་པ་བཅུ་དྲུག་དག་པར་བྱེད་ལ། གསང་བར་རླུང་གི་འཕེན་སྡུད་བཅུ་དྲུག་དག་པར་བྱེད་ལ། བླ་ན་མེད་པར་ས་བཅུ་དྲུག་ལ་གནས་པའི་ངེས་པ་ཐོབ་པར་བྱེད་པས་དབང་བཅུ་དྲུག་ཏུ་བསྟན་པའོ། །དབང་དེ་དག་གི་དག་བྱ་ལུས་ངག་ཡིད་སེམས་བཞིའི་དྲི་མ་དག་པ་ལ་ལྟོས་ནས་གཞག་གོ །དེའང་ལུས་ལ་ཆུ་ཚོགས་པའི་ཆོས་བསྡུས་པས་འཆིང་བྱེད་རྒྱའི་དྲི་མར་སོང༌། མེས་དེ་དག་སྨིན་ཅིང་གསལ་བར་བྱས་པས་དངོས་པོར་གྲུབ་པའི་དྲི་མར་སོང༌། རླུང་གིས་དེ་དག་སོ་སོའི་ལས་བྱས་པས་ཞེན་པ་རང་རྒྱུད་དང་བཅས་པའི་དྲི་མར་སོང་བའོ། །ངག་སྨྲ་ནའང་སྨྲའོ་སྙམ་པ་ཡིད་ཀྱི་རྟོག་པས་བསླད་པའི་དྲི་མ་དང༌། སྨྲ་བྱེད་ལུས་ཀྱི་དྲི་མ་དང༌། སྨྲ་བའི་ཚིག་ལ་རྟོག་དཔྱོད་ཀྱི་དྲི་མ་དང༌། བརྗོད་ལས་རྟོག་པའི་འགྱུར་བྱེད་ཀྱི་དྲི་མ་དང༌། ཡང་ཡིད་འགྱུ་བ་ལའང༌། འགྱུ་བ་དྲན་བསམ་གྱི་རྟོག་པའི་དྲི་མ་དང༌། འགྱུ་བྱེད་ཡུལ་དང་ཤེས་པའི་དྲི་མ་དང༌། འགྱུས་པ་བག་ཆགས་སྔ་ཕྱིའི་དྲི་མ་དང༌། འགྱུས་པ་དངོས་ལ་ཞེན་པའི་དྲི་མ་དང༌། ཡང་སེམས་ཀྱི་དྲན་པས་ཡུལ་འཇུག་པའི་དྲི་མ་དང༌། བསམ་པས་དགེ་མི་དགེ་ལུང་བསྟན་མ་བསྟན་བཞི་ཀུན་ནས་སློང་བའི་དྲི་མ་དང༌། རྟོག་པས་སྙམ་བྱེད་དང༌། ཡིད་གཉིས་དང༌། ཐེ་ཚོམ་དང༌། ཡིད་དཔྱོད་ཀྱི་དྲི་མ་དང༌། འཛིན་ཡུལ་སྣ་ཚོགས་ལ་རྟོག་པའི་དྲི་མའོ། །དྲི་མ་དེ་དག་གི་དག་བྱེད་དབང་བཞི་སྟེ། སྤྲོས་བཅས་ཀྱི་སྤྲོས་བཅས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་དྲུག་གོ །དེ་དག་གིས་ལུས་ངག་ཡིད་སེམས་བཞི་རེ་རེ་ལ་དྲི་མ་བཞི་བཞི་སྟེ་བཅུ་་དྲུག་གི་ཚོགས་དག་པར་སྦྱོང་བའོ། །དེ་ཡང་ཐོག་མར་སྤྲོས་བཅས་ཉེ་བར་མཚོན་པ་ནི། སྤྲོས་བཅས་ཀྱི་སྤྲོས་བཅས་བརྡའི་སྤྲོས་བཅས་དང༌། དོན་གྱི་སྤྲོས་བཅས་ཏེ་གཉིས། དེའི་སྤྲོས་མེད་ལ་བརྡ་དོན་གཉིས། ཤིན་ཏུ་སྤྲོས་མེད་ལ་གཉིས། རབ་ཏུ་སྤྲོས་མེད་ལ་བརྡ་དོན་གཉིས་ཏེ་བརྒྱད། དེ་བཞིན་དུ་སྤྲོས་མེད་ལ་བརྡའི་སྤྲོས་མེད་ལ་སོགས་པ་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད། རབ་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་གཉིས་སུ་འགྱུར་ལ། ལུས་ངག་ཡིད་སེམས་བཞིའི་ཚོགས་ལའང༌། དེ་ལྟར་ཕྱེ་བས་སུམ་ཅུ་རྩ་གཉིས་དག་པར་བྱེད་པ་ནི། བསྐྱེད་རིམ་གྱི་དག་བྱ་དང་དག་བྱེད་ཤེས་པའི་དགོས་པ་ཡོད་པའོ། །དེ་ལྟར་དག་བྱ་དྲི་མ་སུམ་ཅུ་རྩ་གཉིས་དང༌། དག་བྱེད་དབང་སུམ་ཅུ་རྩ་གཉིས་བསྡོམས་ན། དྲུག་ཅུ་རྩ་བཞི་ནི་དག་བྱ་དག་བྱེད་ཀྱི་དབྱེ་བ་ངེས་པའོ། །གཉིས་པ་ལུས་ཀྱི་བྱ་བ་ལ་བརྟེན་ནས་དབྱེ་བས་དབང་གི་གནས་ལུགས་བསྟན་པ་ནི། དག་བྱ་དྲི་མ་སུམ་ཅུ་་རྩ་གཉིས་ཀྱི་གཞི་ལུས་མི་འདྲ་བ་དཔག་ཏུ་མེད་པ་ཡང་ས་ཆུ་མེ་རླུང་བཞི་ལས་གྲུབ་ལ། དེ་དག་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་བརྒྱད་དོ། །དེ་ཡང་ས་ཆུ་མེ་རླུང་གཞི་ལ་ཟུག་པ་དང༌། བྱེར་བ་དང༌། སྙོམས་པ་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་སོ། །དེ་དག་བྱེད་དབང་ལའང་སྤྲོས་བཅས་ལ་སོགས་བཞི་ལ་སྐུ་གསུང་ཐུགས་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་ཀྱིས་དག་པར་བྱེད་དོ། །འབྱུང་བཞི་ཕོ་མོ་གཉིས་ཏེ་བརྒྱད་ཀྱི་དག་བྱ་ནི། དབང་བཞི་ལ་ཐབས་ཤེས་རབ་གཉིས་གཉིས་སུ་ཕྱེ་བས་བརྒྱད་ཀྱིས་དག་པར་བྱེད་དོ། །ལུས་ཀྱི་འབྱུང་བའི་བྱེ་བྲག་ལའང༌། ས་ལ་སོགས་པ་བཞི་པོ་རེ་རེ་ལ་སའི་ས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་དྲུག་ནི། ཚ་བ་དང་གྲང་བ་གཉིས་ཀྱི་དབྱེ་བས་དྲུག་ཅུ་རྩ་བཞིར་འགྱུར་ཏེ། གོང་གི་བརྡ་དོན་གྱི་དབྱེ་བའི་དབང་དྲུག་ཅུ་རྩ་བཞིས་དག་པར་བྱེད་དོ། །དེའང་འབྱུང་བ་བཞི་པོ་རེ་རེ་ལའང་ལེགས་པར་ཕྱེ་ན། ས་ལའང་དྲུག་ཅུ་རྩ་བཞི། དེ་ལ་ཁྱབ་པ་འབྱུང་བ་སྤྱིའི་ལུས་དང༌། རང་གི་མཚན་ཉིད་འཛིན་པ་དངོས་གྱི་ལུས་གཉིས་སུ་ཕྱེ་བས། ས་ལ་ལུས་མི་འདྲ་བ་བརྒྱ་དང་ཉེར་བརྒྱད། དེ་བཞིན་དུ་ཕྱེ་བས་ཆུ་དང་མེ་དང༌། རླུང་རྣམས་ལ་བརྒྱ་ཉེར་བརྒྱད་ཚན་པ་གསུམ་སྟེ། བསྡོམས་པས་ལྔ་བརྒྱ་དང་བཅུ་གཉིས་ཀྱི་ལུས་སུ་སྨིན་ནོ། །དེ་ལྟར་ཕྱིར་ལུས་་སྨིན་པ་བཞིན་ནང་དུ་ཉོན་མོངས་པ་ཡང༌། འདོད་ཆགས་ལ་བལྟས་པ་དང༌། བགད་པ་དང༌། བཅངས་པ་དང༌། འཁྱུད་པ་སྟེ་བཞི་ནི་འབྱུང་བ་རེ་རེའི་ལུས་ལ་བཞི་བཞི་སྟེ་བཅུ་དྲུག གཏི་མུག་ལ་རྨུགས་པས་མ་ཤེས་པ་དང༌། འཐིབས་པ་དང༌། མྱོས་པ་དང༌། རབ་ཏུ་མ་རིག་པ་འདྲེས་པ་དང་བཞི་པོ་ལས་བཞི་ལ་ཕྱེ་བས་བཅུ་དྲུག ཞེས་དང་སྡང་བ་དང༌། སྡང་བ་ཆེན་པོ་དང༌། ཆེར་སྡང་བ་དང༌། རབ་ཏུ་སྡང་བ་སྟེ་ལུས་རེ་ལས་ཕྱེ་བས་བཅུ་དྲུག །ང་རྒྱལ་ལ་ཕྲ་བ་དང༌། རགས་པ་དང༌། འགྱུར་བ་དང༌། མཆེད་པ་དང༌། འཕྲོ་བ་བཞི་ཡང་བཅུ་དྲུག ཕྲག་དོག་ལ་ཡང་བ་དང༌། ལྕི་བ་དང༌། རྒོད་པ་དང༌། ཕྲ་བ་བཞི་སྟེ་ཕྱེ་བས་བཅུ་དྲུག་སྟེ་བསྡོམས་པས་བརྒྱད་ཅུ་ཐམ་པ། དེ་ལས་བྱེ་བྲག་ཏུ་ཕྱེ་ན་འབྱུང་བའི་ལུས་མི་འདྲ་བ་ལྔ་བརྒྱ་དང་བཅུ་གཉིས་པོ་རེ་རེ་ལ། ཉོན་མོངས་པ་བཞི་བཞིའི་གྲངས་ཀྱིས་ཉི་ཤུ་ཉི་ཤུ་གནས་པས། ཐམས་ཅད་བསྡོམ་ནས་ཁྲི་ཕྲག་གཅིག་དང་བརྒྱ་བཞི་བཅུ་རྩ་བརྒྱད་དུ་འབྱུང་ལ། ལུས་དང་ཉོན་མོངས་པ་གཉིས་ཀའི་རྣམ་གྲངས་བསྡོམས་ནས་ཁྲི་ཕྲག་གཅིག་དང་དྲུག་བརྒྱ་དྲུག་ཅུ་ཐམ་པ་ནི་དག་བྱའི་དྲི་མ་ཡིན་ལ། དེའི་དག་བྱེད་ཀྱི་དབང་འོག་ཏུ་སྟོན་ནོ། །གསུམ་པ་གྲངས་ཀྱི་དབྱེ་བས་ལུས་དང་ཉོན་མོངས་པའི་དག་བྱེད་བསྟན་པ་ནི། དབང་རྣམ་པ་བཞི་ལས། དང་པོ་སྤྲོས་བཅས་ལའང་གཞིར་བྱས་པའི་སྤྲོས་བཅས་ཀྱི་སྤྲོས་བཅས་ཕྱི་ནང་གསང་བ་ཡོངས་རྫོགས་དང་བཞིར་དབྱེ་ན། སྤྲོས་བཅས་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་སྟ་གོན་གྱི་ཚོམ་བུ་ལ་སོ་ཤིང་བྲིམ་པ། དེའི་ནང་མཎྜལ་འབུལ་བ། དེའི་གསང་བ་སྲུང་སྐུད་གདགས་ཤིང་ཀུ་ཤ་སྦྱིན་པ། ཡོངས་སུ་རྫོགས་པ་རྨི་ལམ་བརྟག་པའོ། །དེའི་སྤྲོས་མེད་ཀྱི་ཕྱིའི་དབང་ཁྲུས་བྱ་བ། གསོལ་བ་བཏབ་པ། རྡོ་རྗེས་ནང་དུ་བོད་པ་གསུམ་མོ། །དེའི་ནང་དམ་ཚིག་གི་མནའ་ཆུ་བླུད་པ། འཁོར་བ་སྤོང་བའི་མནའ། མྱང་འདས་ལེན་པའི་མནའ། སེམས་ཅན་གྱི་དོན་མི་བྱེད་རེའི་མནའ་བཞིའོ། །དེའི་གསང་བ་དམ་ཚིག་དང༌། སྡོམ་པ་དབོག་པ་དང༌། དཀྱིལ་འཁོར་དུ་འཇུག་པ་དང༌། སེམས་ཀྱི་མེ་ཏོག་དབུལ་བའོ། །དེའི་ཡོངས་སུ་རྫོགས་པ་དཀྱིལ་འཁོར་དུ་འཇུག་པ་ལྷ་ངོ་བསྟན་པ། མེ་ཏོག་དོར་བ། མིང་གི་དབང་ངོ༌། །དེའི་ཤིན་ཏུ་སྤྲོས་པ་མེད་པའི་ཕྱིའི་དབང་ཉན་ཐོས་ཀྱི་དཀྱིལ་འཁོར་དུ་འཇུག་པ། ས་ལམ་གྱི་ཚད་བསྟན་པ། སྟོད་གཡོགས་དང་སྨད་གཡོགས་སྦྱིན་པ། ལྷུང་བཟེད་དང་བསིལ་བྱེད་སྦྱིན་པ་ལ་སོགས་པ་སྟེ། ཁྲིམས་ཀྱི་ཐ་ཚིག ས་ལ་སོགས་པ། ལས་ཀྱི་དབྱེ་བ། རྟེན་འབྲེལ་མཚོན་པ། སྒོམ་པ་སྦྱིན་པ། ལུང་བསྟན་པ་དང༌། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དུ་འཇུག་པ་དང༌། སེམས་བསྐྱེད་པ་དང༌། སྡོམ་པ་སྦྱིན་པ་དང༌། ཁྱད་པར་གྱི་སེམས་གཟུང་ལ་སོགས་པའོ། །དེའི་ནང་གི་དབང་ཀྲཱི་ཡའི་དཀྱིལ་འཁོར་དུ་འཇུག་པ་དང༌། སེམས་བསྐྱེད་པ་དང༌། སྡོམ་པ་གཟུང་བ་དང༌། མེ་ཏོག་དོར་ཞིང་ལྷ་ངོ་བསྟན་པ་དང༌། མིང་གི་དབང་དང༌། ལུང་བསྟན་པ་དང༌། གཟེངས་བསྟོད་པ་དང༌། དབུགས་དབྱུང་བ་དང༌། དབང་བསྐུར་བའོ། །དེ་བཞིན་དུ་ཨུ་པ་དང་ཡོ་གའི་དཀྱིལ་འཁོར་དུ་འཇུག་པ་ལ་རྣམ་གྲངས་དགུ་དགུ་སྟེ་ཉི་ཤུ་རྩ་བདུན་ནོ། །དེའི་གསང་བ་མ་ཧཱའི་ལུང་བསྟན་པ་དང༌། དཀྱིལ་འཁོར་དུ་འཇུག་པ་དང༌། ལྷ་ངོ་བསྟན་པ་དང༌། མེ་ཏོག་དོར་བ་དང༌། མིང་གི་དབང་དང༌། ཉན་པ་དང༌། འཆད་པ་དང༌། ཕན་པ་དང༌། ནུས་པ་དང༌། རིག་པའི་དབང་དང༌། ཡན་ལག་གི་དང༌། ཁྱད་པར་གྱི་དབང་དང་བཅུ་གཉིས་སོ། །དེ་ནས་ཨ་ནུའི་དཀྱིལ་འཁོར་དུ་འཇུག་པ་དང༌། བརྡ་ངེས་པར་མཚོན་པ་དང༌། དབུགས་དབྱུང་བ་དང༌། ཕྱག་རྒྱ་བསྒྱུར་བ་དང༌། ལས་སུ་བྱ་བ་དང༌། འཇུག་པ་ངེས་པ་དང་དྲུག་གོ །དེའི་ཡོངས་སུ་རྫོགས་པ། རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་གཞུག་པ་དང༌། བསྒོམས་པ་ངེས་པའི་དཀྱིལ་འཁོར་དུ་མེ་ཏོག་དོར་བ་དང༌། ལྷ་ངོ་བསྟན་ཞིང་དབང་བསྐུར་བ་དང༌། འབྲས་བུ་བྱ་བྲལ་རྫོགས་པའི་དབང་བསྐུར་བ་དང་བཞིའོ། །སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་པ་མེད་པའི་ཕྱིའི་ཐ་དབང་ནི། དེ་ལྟར་རིམ་པ་དགུའི་དབང་རྫོགས་ནས། ཁྱད་པར་གྱི་དབང་ལ་འཇུག་པ་ནི། ཕྱག་རྒྱའི་དཀྱིལ་འཁོར་དུ་འཇུག་པ༌། དེའི་ཕྱི་ལ་རིག་མ་བརྟག་ཅིང་དགུག་པ་རྩ་བཙལ་ཞིང་སློང་བ། བདེ་བ་བཙལ་བ། རྒྱས་པར་བྱ་བ། དབབ་ཅིང་གཟུང་བ། བཟློག་ཅིང་སྦྱང་བ་དང་དྲུག་གོ །འདིའི་ནང་གི་དབང་ལ། སྦྱོར་བ་སྙོམས་པར་འཇུག་པ། བྱང་སེམས་ཡི་གེ་གསུམ་གྱི་སྒྲ་དང་བཅས་པ། མེ་ལོང་དུ་བླང་བ། དེ་རྡོ་རྗེ། པདྨ། འཁོར་ལོ་གསུམ་དུ་དམིགས་ཏེ་སློབ་མའི་ལྕེ་ལ་བཞག་ནས་ལུས་ངག་སྟོངས་པར་བྱ་བ་སྟེ་དྲུག་གོ །དེའི་གསང་བ་བདེ་བ་དང་བྱང་སེམས་དངོས་ཀྱི་བྱིན་རླབས་ལུས་ངག་ཡིད་གསུམ་ལ་བྱ་བ་གསུམ། གསང་བ་དང་གསང་བར་འོས་པ་དང༌། གསང་བར་གཉེར་གཏད་པ་གསུམ་སྟེ་དྲུག་གོ །དེའི་ཡོངས་སུ་རྫོགས་པ་ཚིག་སྣ་ཚོགས་པས་མཚོན་པ་སྟེ། བརྡའི་ཚིག་དང༌། དོན་གྱི་ཚིག་དང༌། བརྡ་དོན་དབྱེར་མི་ཕྱེད་པའི་ཚིགས་གསུམ་མོ། །དེ་ལྟར་ན་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་ལ། བསྐུར་རྒྱུའི་དབང་དྲུག དེའི་ཕྱི་ལ་སོ་ཤིང་བྲིམ་པ་དང་གཅིག །དེའི་ནང་མཎྜལ་འབུལ་བ་དང་གཉིས། དེའི་གསང་བ་སྲུང་སྐུད་དང་ཀུ་ཤ་བྱིན་པ་གཉིས་ཏེ་བཞི། དེའི་ཡོངས་རྫོགས་རྨི་ལམ་བརྟག་པ་དང༌། བཟང་ངན་གྱི་རྗེས་དྲི་བ་གཉིས་ཏེ་དྲུག་གོ །དེའི་སྒྲོས་བཅས་ཀྱི་སྤྲོས་མེད་ཀྱི་ཕྱི་ལ་གསུམ་སྟེ་དགུ། དེའི་ནང་ལ་བཞི་སྟེ་བཅུ་གསུམ། དེའི་གསང་བ་ལ་བཞི་སྟེ་བཅུ་བདུན། དེའི་ཡོངས་རྫོགས་ལ་བཞི་སྟེ་ཉེར་གཅིག སྤྲོས་པ་མེད་པའི་ཤིན་ཏུ་སྤྲོས་པའི་ཕྱི་ལ་ཉན་ཐོས་ལ་དྲུག །རང་རྒྱལ་ལ་ལྔ་སྟེ་བཅུ་གཅིག བྱང་སེམས་ལ་བཞི་སྟེ་བཅོ་ལྔ། དེའི་ནང་གི་དབང་ལ་ཀྲཱི་ཡ་ལ་དགུ་སྟེ་ཉེར་བཞི། ཨུ་པ་ལ་དགུ་སྟེ་སོ་གསུམ། ཡོ་ག་ལ་དགུ་སྟེ་ཞེ་གཉིས། དེའི་གསང་བའི་དབང་ལ་མ་ཧཱ་ལ་བཅུ་གཉིས་ཏེ་ལྔ་བཅུ་རྩ་བཞི། ཨ་ནུ་ལ་དྲུག་སྟེ་དྲུག་ཅུ་ཐམ་པ། དེའི་ཡོངས་རྫོགས་ཨ་ཏི་ལ་བཞི་སྟེ་དྲུག་ཅུ་རྩ་བཞི་སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱིའི་དབང་ལ་བཅུ་བདུན། ནང་ལ་་དྲུག་སྟེ་ཉེར་གསུམ། དེའི་གསང་བ་ལ་དྲུག་སྟེ་ཉེར་དགུ། དེའི་ཡོངས་སུ་རྫོགས་པ་ལ་གཅིག་སྟེ་སུམ་ཅུ་ཐམ་པའོ། །ཤིན་ཏུ་སྤྲོས་མེད་ལ་དྲུག་ཅུ་རྩ་བཞི་སྟེ་དགུ་བཅུ་རྩ་བཞིའོ། །དེའི་སྤྲོས་མེད་ལ་བཅོ་ལྔ་སྟེ་བརྒྱ་དང་དགུའོ། །དེའི་སྤྲོས་བཅས་ལ་དྲུག་སྟེ་སྤྲོས་བཅས་བསྐུར་རྒྱུའི་ཆོས་བརྒྱད་དང་བཅོ་ལྔའོ། །སྤྲོས་མེད་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་ལ་བླ་མའི་བྱ་བ་དང་སློབ་མའི་བྱ་བ་གཉིས། དེའི་ནང་ལ་མཎྜལ་དང་བུམ་པ་གཉིས་ཏེ་བཞི། དེའི་གསང་བ་ལ་མཎྜལ་གྱི་ལེགས་པར་བཤད་པའི་ཆོས་ལྔ། བུམ་པའི་ལེགས་བཤད་ལྔ་སྟེ་བཅུ། གོང་མ་བཞི་དང་བསྡོམས་པས་བཅུ་བཞི། དེའི་ཡོངས་རྫོགས་ལ་བླ་མས་མིང་གི་མཚོན་པ་བརྗོད་པ་དང་སློབ་མས་སྟོབས་བསྐྱེད་པ་གཉིས་ཏེ་བཅུ་དྲུག་གོ །སྤྲོས་མེད་ཀྱི་སྤྲོས་མེད་ཀྱི་ཕྱིའི་དབང་ལ་ཨའི་བསྙེན་པས་སྐྱེ་མེད་ཀྱི་ལམ་སྦྱང་བ་དང༌། ཨའི་སྒྲུབ་པས་འགག་མེད་ཀྱི་སྣ་བསལ་བ་དང༌། ཨའི་འཕྲོ་འདུས་ལུས་ངག་ཡིད་དག་པར་བྱེད་པ་དང་གསུམ་མོ། །དེའི་ནང་ལ་ཁྲུས་ཀྱིས་དག་བྱའི་ཚུལ་བསྟན་པ། མཎྜལ་ཕུལ་བས་འདོད་པའི་དོན་ཐོབ་པར་བྱ་བ། ལུང་བཙལ་བས་བྱ་བ་ལ་འཇུག་པ་ངོ་ཤེས་པ་དང་གསུམ་མོ། །དེའི་གསང་བ་ལ་དཀྱིལ་འཁོར་དུ་འཇུག་པས། དབྱིངས་ལ་རིག་པ་གཞུག་པའི་གནད་དང༌། ལྷ་ངོ་བསྟན་པས་དབྱིངས་རིག་ངོ་སྤྲད་པ་དང༌། མིང་གི་དབང་བསྐུར་བས་སངས་རྒྱས་ཀྱི་སྲས་སུ་བྱ་བའོ། །དེ་ལྟར་གསུམ་དང༌། དེའི་ཡོངས་སུ་རྫོགས་པ་ལ་ཕྱི་ཡུལ་དབང་པོའི་ཚིགས་སུ་བཅད་པས་ལུང་བསྟན་པས་ཤེས་པ་དང་ཡུལ་གཉིས་མེད་ཉམས་སུ་མྱོང་བའི་དབང་དང༌། ནང་སེམས་གསལ་བའི་ཚིགས་སུ་བཅད་པས་དབུགས་དབྱུང་བས་སྐྱེ་མེད་ངོས་གཟུང་དང་བྲལ་བའི་དབང་དང༌། གསང་བཟུང་འཇུག་རིས་མེད་ཀྱི་ཚིགས་སུ་བཅད་པས་གཟེངས་བསྟོད་པས་དབྱིངས་རིག་གཉིས་མེད་བདེ་ཆེན་གྱི་དབང་བསྟན་པ་དང་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འཇུག་པར་འོས་པ་དང༌། ཐོབ་པར་འོས་པ་གཉིས། དེའི་ནང་ལ་སྤྱོད་པར་ངེས་པ་དང༌། ལྟ་བར་ངེས་པ་གཉིས་ཏེ་བཞི། དེའི་གསང་བ་ལ་རིགས་འབྱེད་པ་དང༌། བདག་ཉིད་དུ་གནས་པ་གཉིས་ཏེ་དྲུག དེའི་ཡོངས་སུ་རྫོགས་པ་ལ་རྒྱུ་དང་རྐྱེན་གཉིས་ཏེ་བརྒྱད་དོ། །དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་སེམས་གནས་པ་དང༌། ངག་གནས་པ་གཉིས། དེའི་ནང་ལ་ངག་བསྒྱུར་བ་དང༌། སེམས་ཐོབ་པ་གཉིས་ཏེ་བཞི། དེའི་གསང་བ་ལ་བདེ་བ་ལུང་བསྟན་པ་དང༌། གསང་བ་དབུགས་དབྱུང་བ་གཉིས་ཏེ་དྲུག དེའི་ཡོངས་རྫོགས་ལ་སྤྲོ་བར་གནས་པ་དང༌། རང་གི་ལས་ཐོབ་པ་གཉིས་ཏེ་བརྒྱད་དོ། །དེ་ལྟར་སྤྲོས་མེད་ཀྱི་སྤྲོས་བཅས་ལ་བཅུ་དྲུག དེའི་སྤྲོས་མེད་ལ་བཅུ་གཉིས་ཏེ་ཉེར་བརྒྱད། དེའི་ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་དྲུག དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དོ། །བསྐུར་བས་ཐོབ་པའི་འབྲས་བུ་བཞི་བཅུ་རྩ་བཞིའོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ཀྱི་ཕྱི་ལ། ལམ་གསལ་བའི་ཕྱིར་བླ་མ་ལ་གསོལ་བ་གདབ་པ་དང༌། རྣམ་ཤེས་བརྒྱད་ཀྱི་འཕྲོ་འདུ་བཅད་པའི་ཕྱིར་ཡི་གེ་བརྒྱད་ཀྱི་རྒྱས་གདབ་པ་དང༌། ཡིད་ཀྱི་བྱུང་ཚོར་བཀག་ནས་བར་ཆད་ཞི་བའི་ཕྱིར་ཕཊ་ཀྱི་སྒྲ་སྒྲོགས་པ་དང་གསུམ། དེའི་ནང་ལ་གནས་བཙལ་བས་ཕྱོགས་ཀྱི་ངེས་པ་གཟུང་བ་དང༌། བགེགས་བསལ་བའི་ཕྱིར་གཏོར་མ་སྦྱིན་པ་དང༌། སེམས་ལ་སྤྲོ་བ་བསྐྱེད་པ་དང་གསུམ། དེའི་གསང་བ་ལ་ལུས་ཀྱི་སྤྱོད་པ་བརྩམ་པའི་ཡུལ་དང༌། རྩོམ་པའི་ཐབས་དང༌། བརྩམས་པའི་དགོས་པ་དང་གསུམ། དེའི་ཡོངས་སུ་རྫོགས་པ་ལ་ངག་གི་སྤྱོད་པ་བརྩམ་པའི་ཡུལ་དང༌། རྩོམ་པའི་ཐབས་དང་བརྩམས་པའི་དགོས་པ་གསུམ། དེའི་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་སྤྱོད་པ་རྩོམ་པའི་ཡུལ། ཐབས་དགོས་པ་གསུམ། དེའི་ནང་ལ་ལུས་དང༌། ངག་དང༌། སེམས་ཀྱི་སྡིག་པ་ངེས་པའི་ཡུལ་གསུམ། དེའི་གསང་བ་ལ་ལུས་དང༌། ངག་དང༌། སེམས་ཀྱི་སྡིག་པ་དག་པའི་ཚད་གསུམ། དེའི་ཡོངས་རྫོགས་ལ། ལུས་དང༌། ངག་དང༌། སེམས་ཀྱི་མ་དག་ན་བཤགས་པའི་ཐབས་གསུམ་སྟེ་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འབྲུའི་མཎྜལ་གྱིས་ལོངས་སྤྱོད་འཕེལ་བ་དང༌། དྲིས་ཁམས་རྒྱས་པ་དང༌། མེ་ཏོག་གི་དབང་པོ་གསལ་བ་དང༌། རིན་པོ་ཆེའི་འབྱོར་པ་རྒྱས་པ་བཞིའོ། །དེའི་ནང་ལ་རིགས་བྲིས་པས་བདེ་བ་ཉམས་སུ་མྱོང་བ་དང༌། ཡིན་པར་བརྗོད་པས་སྤྲོས་བ་བསྐྱེད་པ་གཉིས་ཏེ་དྲུག དེའི་གསང་བ་དཀྱིལ་འཁོར་དུ་འཇུག་པ་ལ། ཤར་སྒོ་ནས་ཞུགས་པས་ལམ་སྟོང་ཉིད་དུ་བསྟན་པ་དང༌། ལྷོ་སྒོ་ནས་ཞུགས་པས་སེམས་སྟོང་པ་ཉིད་དུ་ངོ་སྤྲད། ནུབ་སྒོ་ནས་ཞུགས་པས་ཉོན་མོངས་པ་སྟོང་ཉིད་དུ་རང་གྲོལ། བྱང་སྒོར་ཞུགས་པས་ལས་དང་བག་ཆགས་སྟོང་ཉིད་དུ་མཐའ་ཟད་པ་དང་བཞི་སྟེ་བཅུའོ། །དེའི་ཡོངས་རྫོགས་རིག་པའི་མེ་ཏོག་དོར་བས་སེམས་ཉིད་དུ་ཐིམ་པའི་གནད་དང༌། དེ་ལས་དབུགས་དབྱུང་བ་དང༌། ལུང་བསྟན་པ་གཉིས་ཏེ་བཅུ་གཉིས་སོ། །དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་གནད་སྐྱིལ་ཀྲུང་གིས་གཞི་བཅའ་བ་དང༌། ཉི་མ་ལྔ་ལ་སེམས་གཏད་པས་ཡེ་ཤེས་ལྔ་ངོས་ཟིན་པ་དང༌། དེའི་འོད་འཕྲོ་བས་སེམས་གསལ་གདབ་པ་དང་གསུམ། དེའི་ནང་ལ་ཇེ་མཐོ་་རྟོག་པ་མེད་པའི་ལམ་བཙལ་བ་དང༌། སླར་མི་ལྡོག་པས་མྱ་ངན་ལས་འདས་པའི་སར་གཞི་འཛུགས་པ་དང༌། ལན་གསུམ་དུ་བརྗོད་པས་སྐུ་གསུམ་འདུ་འབྲལ་མེད་པའི་ས་ལ་དབྱེར་མེད་པ་དང་གསུམ་སྟེ་དྲུག དེའི་གསང་བ་ལ་བླ་མས་བཞེངས་པས་སྣང་སྲིད་ཆོས་ཉིད་དུ་བཞེངས་པའི་གདེང་རྙེད་པ་དང༌། ཨ་ཨ་ཞེས་པས་མ་སྐྱེས་ལ་སྐྱེ་བ་མེད་པའི་གནད་བཙལ་བ་དང༌། མིག་ལ་མཛུབ་མོ་གཏད་པས་རིག་པ་འཆར་བའི་ལམ་གསལ་བ་དང་དགུའོ། །དེའི་ཡོངས་རྫོགས་ལ་ནམ་མཁའ་རྒྱ་ཆེ་བར་བརྗོད་པས་དབྱིངས་ལ་འདྲིས་པར་བྱ་བ་དང༌། ནམ་མཁའ་ལ་ཕྱག་གིས་བྱུགས་པས་བརྡ་དོན་ཉམས་དང་འདྲེས་པ་དང༌། འགྲོ་ན་འགྲོ་ས་འདུག་གམ། འདུག་ན་འདུག་ས་འདུག་གམ། སླར་འགྲོ་ས་དང་ལྡོག་ས་འདུག་གམ་གྱི་རྒྱས་གདབ་པ་དང་ལྔ་སྟེ། བཅུ་བཞིའོ། །རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ཀྱི་ཕྱི་ལ་སུ་ཡིན་དྲིས་པས་རིགས་མཚོན་པ་དང་ སེམས་ཀྱི་བུས་ལན་བཏབ་པས་ལམ་ཉེ་བར་འཇུག་པ་དང་གཉིས། དེའི་ནང་ལ་ཆོས་སྐུའི་འདུག་སྟངས་ཀྱིས་གཞི་བཙལ་བ་དང༌། ལོངས་སྐུའི་འདུག་སྟངས་ཀྱིས་ལམ་གསལ་བ་དང༌། སྤྲུལ་སྐུའི་འདུག་སྟངས་ཀྱིས་ཕུགས་དཀྲུ་བ་དང་གསུམ། དེའི་གསང་བ་ལ་འདུག་སྟངས་ཐུན་མོང་བ་རྣམས་ཀྱིས་གནད་བསྟུན་པ་དང༌། ཨེ་མ་ལ་སོགས་པས་ཆོས་སྐུའི་དཀྱིལ་འཁོར་དུ་འཇུག་པ་ལུས་ཀྱི་གནད་དང༌། ལོངས་སྐུ་དང་སྤྲུལ་སྐུའི་དཀྱིལ་འཁོར་དུ་འཇུག་པ་ལུས་གནད་བསྟུན་པ་དང་བདུན་ཏེ་དགུའོ། །དེའི་གསང་བ་ལ་སྤྲུལ་སྐུའི་ཞིང་དུ་འཇུག་པའི་བར་ཏེ་བཅུ་གསུམ། དེའི་ཡོངས་རྫོགས་ལ་ལོངས་སྐུའི་ཞིང་དུ་འཇུག་པ་དང་ལྔ་སྟེ་བཅོ་བརྒྱད་དོ། །དེའི་སྤྲོས་མེད་ཀྱི་ཕྱི་ལ་ཆོས་སྐུའི་ཞིང་ཁམས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། དེའི་ནང་ལ་སྐུ་གསུམ་གྱི་ལྷ་ངོ་བསྟན་པ་གསུམ་སྟེ་དྲུག དེའི་གསང་བ་ལ་དེར་གནས་པ་གསུམ་སྟེ་དགུ །དེའི་ཡོངས་རྫོགས་ལ་སླར་མི་ལྡོག་པའི་སུ་གསུམ་སྟེ་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་ངོ་བོ་ངེས་ཚིག དབྱེ་བ་མཚོན་པ་གསུམ། དེའི་ནང་ལ་སེམས་གནས་པ། ཐོབ་པ་བརྟན་པ་གསུམ་སྟེ་དྲུག དེའི་གསང་བ་ལ་སེམས་ཀྱི་གཞི་ལམ་འབྲས་བུ་གསུམ་སྟེ་དགུ དེའི་ཡོངས་རྫོགས་ལ་སེམས་ཀྱི་འཇུག་པ། ཁྱབ་བྱེད། འགྱུར་དང་གསུམ་སྟེ་བཅུ་གཉིས་སོ། །དེའི་རབ་ཏུ་སྤྲོས་མེད་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱི་ལ། ལུས་ཀྱི་འདུག་སྟངས་བཅུ་གཅིག་གིས་ཐོབ་སྟེ་གནས་པ་དང༌། དེའི་ནང་ལ་སེམས་ཀྱིས་བཅུ་གཉིས་ཀྱིས་སྲིད་པའི་འཁོར་ལོ་བཅུ་གཉིས་རྒྱུན་གཅོད་པ་དང་ཉེར་གསུམ། དེའི་གསང་བ་ལ་སེམས་ཉིད་སྐྱེ་མེད་དུ་ལྷ་ངོ་བསྟན་པས་སེམས་བདུན་ལ་དབང་ཐོབ་པས་མ་རིག་པའི་ཁམས་བདུན་རྒྱུན་གཅོད་པ་སྟེ་སུམ་ཅུ། དེའི་ཡོངས་རྫོགས་ལ་མན་ངག་གི་དབྱེ་བ་དྲུག་དང༌། ཟག་པ་མེད་པའི་སྡེ་བཞི་སྟེ་བཅུ་གཅིག་དང་བསྡོམས་པས་ཞེ་གཅིག་གོ །དེ་ལྟར་ན་རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ལ་རྣམ་གྲངས་བཅོ་བརྒྱད། དེའི་སྤྲོས་མེད་ལ་བཅུ་གཉིས་ཏེ་སུམ་ཅུ། དེའི་ཤིན་ཏུ་སྤྲོས་མེད་ལ་བཅུ་གཉིས་ཏེ་ཞེ་གཉིས། དེའི་རབ་ཏུ་སྤྲོས་མེད་ལ་ཞེ་གཅིག་སྟེ་བརྒྱད་ཅུ་རྩ་གསུམ་མོ། །ཤིན་ཏུ་སྤྲོས་པ་མེད་པ་ལ་བཞི་བཅུ་རྩ་བརྒྱད་དེ་བརྒྱ་སུམ་ཅུ་སོ་གཅིག སྤྲོས་པ་མེད་པ་ལ་དེའི་སྤྲོས་བཅས་ལ་བཅུ་དྲུག སྤྲོས་མེད་ལ་བཅུ་གཉིས་ཏེ་ཉེར་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་དྲུག །དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དེ་བཞི་བཅུ་རྩ་བཞི་སྟེ། བརྒྱ་བདུན་ཅུ་རྩ་བཞི། སྤྲོས་བཅས་ལ་བརྒྱ་དང་བཅོ་ལྔ་སྟེ་ཉིས་བརྒྱ་བཞི་བཅུ་རྩ་དགུའོ། །དེ་ཡང་སྐུ་གསུང་ཐུགས་དབྱེར་མེད་པ་དང་བཞི་ལ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་དང༌། མ་ངེས་པའི་དུས་བཞིར་བྱས་ཏེ། དབང་ཉིས་བརྒྱ་བརྒྱད་ཅུ་རྩ་དགུ་པོ་དེ་བཞིར་འབྲེལ་བས་ཕྱེ༌། ཁྲི་ཆིག་སྟོང་ཚིག་བརྒྱ་དང་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །དེ་ལྟར་དག་བྱེད་དེ་ཙམ་གྱིས། དག་བྱ་འགྲོ་བའི་ལུས་མི་འདྲ་བ་བཅུ་གཉིས་ལས་བྱེད་པའི་འགྱུར་གྱིས་རྣམ་པར་ཕྱེ་ན། ཁྲི་ཕྲག་གཅིག་དང༌། སྟོང་ཕྲག་གསུམ་དང༌། དྲུག་བརྒྱ་སུམ་ཅུ་རྩ་གཉིས། ཉོན་མོངས་པ་ཡང་དེའི་འགྱུར་བརྩིས་པས་ཁྲི་ཕྲག་གཅིག་དང་ཕྱེད་དང་བདུན་བརྒྱ་སྟེ། དེ་ལས་སྟོང་ཕྲག་གཉིས་དང་དགུ་བརྒྱ་བདུན་ཅུ་རྩ་གཉིས་ལྷག་པ་ནི། ལས་ཀྱི་མཐའ་ཉེ་བར་སྡུད་པ་ལ་དགོངས་པ་སྟེ། གོང་གི་ལུས་དང་ཉོན་མོངས་པའི་དབྱེ་བ་རྣམས་དག་པར་བྱེད་པའོ། །ཞར་ལ་དག་བྱ་ནང་གི་རླུང་གི་དབྱེ་བས་དབང་ངེས་པའི་རྣམ་གྲངས་བསྟན་པ་ནི། འབྱུང་བ་བཞིའི་རླུང་གི་རིམ་པས་ཏེ། དེའི་དག་བྱེད་དབང་བཞི་ལ་རང་ངོའི་དབྱེ་བ་བཅུ་དྲུག་ལས། རེ་རེ་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞིར་ཕྱེ་བས། སྤྲོས་བཅས་ལ་བཅུ་དྲུག སྤྲོས་མེད་ལ་བཅུ་དྲུག་སྟེ་སོ་གཉིས། ཤིན་ཏུ་སྤྲོས་མེད་ལ་བཅུ་དྲུག་སྟེ་ཞེ་བརྒྱད། རབ་ཏུ་སྤྲོས་མེད་ལ་བཅུ་དྲུག་སྟེ་དྲུག་ཅུ་རྩ་བཞིས་ནི། རླུང་ལས་རླུང༌། ཆུ་རླུང༌། མེ་རླུང༌། རླུང་གི་རླུང་བཞི་ལ། བྱེར་བ། ཟུག་པ༌། སྙོམས་པ། འཁྲུག་པ་བཞི་བཞིར་ཕྱེ་བས་བཅུ་དྲུག དེ་རེ་རེ་ལ་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་སུམ་ཅུ་རྩ་དྲུག་གི་ཕྱེད་པའི་ལས་དག་པར་བྱེད་པའོ། །སྤྱི་དོན་གསུམ་པ་དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུ་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གི་འབྲས་བུའོ། །དང་པོ་ལ་ལམ་གྱི་ཡོན་ཏན་སྤྱིར་བསྟན་པ་དང༌། རིགས་འཛིན་བཞིའི་ཐོབ་ཚུལ་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི་སྤྲོས་བཅས་ཀྱིས་ཚོགས་ལམ་བཅུ་གཉིས་རྫོགས་པའི་ཡོན་ཏན་འཐོབ་པའི་རྟེན་བྱེད། སྤྲོས་མེད་ཀྱིས་སྦྱོར་ལམ་ངེས་འབྱེད་ཆ་བཞི་རྫོགས་པའི་རྟེན་བྱེད། ཤིན་ཏུ་སྤྲོས་མེད་ཀྱིས་མཐོང་ལམ་རྫོགས་པའི་རྟེན་བྱེད། རབ་ཏུ་སྤྲོས་མེད་ཀྱིས་སྒོམ་ལམ་དགུ་རྫོགས་པའི་རྟེན་བྱེད་པའོ། །དེ་བཞིན་དུ་མོས་པའི་ས་དང་འཇུག་པའི་ས་དང་བསྒྱུར་བའི་ས་དང་ཆོད་པའི་ས་བཞི་དབང་བཞི་རེ་རེ་ལ་སྦྱར་བས་ས་བཅུ་དྲུག་གི་ཡོན་ཏན་རྫོགས་པས་ཐུན་མོང་གི་ཡོན་ཏན་རྫོགས་པའི་རང་བཞིན་ཐོབ་པའོ། །དེ་ཡང་སྤྲོས་བཅས་ཀྱི་སྤྲོས་བཅས་མོས་པ་དང་ལྡན་པའི་ས་སྟེ་གདུང་བ་དང་བསོད་ནམས་ཀྱི་ཁྱད་པར་རོ། །དེའི་སྤྲོས་མེད་འཇུག་པ་དག་པའི་ས་སྟེ་དད་པས་ངེས་པ་ལ་བརྟེན་ནས་རང་དབང་ཅན་དུ་འཇུག་པའོ། །དེའི་ཤིན་ཏུ་སྤྲོས་མེད་དངོས་པོ་དག་པར་བསྒྱུར་བའི་ས་སྟེ་ལུས་ངག་གི་བཅིངས་པ་ལ་མི་གནས་པའོ། །དེའི་རབ་ཏུ་སྤྲོས་མེད་ལས་ཀྱི་མཐའ་ཆོད་པའི་ས་སྟེ། སྤྲོས་པ་དང་འཁོར་བ་ལ་མི་གནས་པའོ། །དེ་བཞིན་དུ་དབང་ལྷག་མ་གསུམ་ལའང་སྦྱོར་ཏེ། མོས་པ་ལ་སོགས་པའང་བཞི་བཞིར་སྦྱར་ན། མོས་པའི་མོས་པ་དད་པས་ངེས་པ། མོས་པའི་འཇུག་པ་སྙིང་རྗེ་ངེས་པ། མོས་པའི་བསྒྱུར་བ་ཐབས་ཀྱིས་ཟིན་པ། མོས་པའི་ཆོད་པ་ཤེས་བར་ཀྱིས་དོན་ཆོད་པའོ། །འཇུག་པའི་མོས་པ་ཞི་གནས་ལ་མོས་པ། དེའི་འཇུག་པ་ལྷག་མཐོང་ལ་འཇུག་པ། དེའི་བསྒྱུར་བ་མཉམ་གཞག་གི་རྟོག་པ་ཐ་དད་དུ་བསྒྱུར་བ། དེའི་ཆོད་པ་རྗེས་ཤེས་ཀྱི་འགྱུ་བ་ཆོད་པའོ། །བསྒྱུར་བའི་མོས་པ་གོས་ཀྱི་ཞེན་པ་གྲོལ་བ། དེའི་འཇུག་པ་ཟས་ཀྱི་ཞེན་པ་གྲོལ་བ། དེའི་བསྒྱུར་བ་རྨི་ལམ་འོད་གསལ་དུ་གྲོལ་བ། དེའི་ཆོད་པ་བག་ཆགས་དང་ཉོན་མོངས་གྲོལ་བའོ། །ཆོད་པའི་མོས་པ་སྤྱོད་པས་འཁོར་བ་ལ་མི་གནས་པ། དེའི་འཇུག་པས་བསྒོམས་པས་བསམ་གཏན་ལ་གནས་པ དེའི་བསྒྱུར་བ་ལྟ་བས་འཁྲུལ་སྣང་ལ་མི་གནས་པར་ཁམས་གསུམ་སྐུ་གསུམ་དུ་བསྒྱུར་བ། དེའི་ཆོད་པ་འབྲས་བུ་འཁོར་འདས་གཉིས་དུས་གཅིག་ལ་ཆོད་པའོ། །དེ་ལྟར་བཅུ་དྲུག་དང་དབང་གི་ང་རོ་བཅུ་དྲུག་པོ་དེ་བསྡོམས་པས་སུམ་ཅུ་རྩ་གཉིས་ལ། ས་བཅུ་དྲུག་ལ་ཡེ་ཤེས་གནས་པ། སྐྱེ་བ། ཐོབ་པ། འཆར་བ་བཞི་བཞིར་དབྱེ་བས་དྲུག་ཅུ་་རྩ་བཞི་ནི་རྡོ་རྗེ་འཆང་གིས་མཆོག་རྫོགས་པར་བྱེད་པའོ། །དབང་གི་ང་རོ་བཅུ་དྲུག་ལ་སྦྱར་བས་མཚན་སུམ་ཅུ་རྩ་གཉིས་འགྲུབ་པའི་རྒྱུ་བྱེད་པའོ། །གཉིས་པ་རིག་འཛིན་གྱི་ས་བཞིའི་ཐོབ་ཚུལ་ནི། དབང་བཞིའི་འཇུག་པ་རྗེས་སུ་དྲན་པ་ལས་རིགས་འཛིན་གྱི་ས་བཞི་སྟེ། རྣལ་འབྱོར་གྱི་ས་དང༌། རྣལ་འབྱོར་ཆེན་པོའི་ས་དང༌། འབྱེད་པའི་རྣལ་འབྱོར་གྱི་ས་དང༌། རྟོགས་པའི་རྣལ་འབྱོར་གྱི་ས་དང་བཞི་ལས། དབང་དུ་བསྒྱུར་བ་དང་མ་བསྒྱུར་བ་གཉིས་གཉིས་ཏེ་བརྒྱད་དུ་ངེས་སོ། །དེ་ལ་ཡང་ཆ་ཤས་ཀྱིས་བཞི་བཞིར་ཕྱེ་ན། རྣལ་འབྱོར་གྱི་ས་ལའང༌། རྣལ་འབྱོར་དང་བྱ་བའི་རྣལ་འབྱོར་དང༌། སྤྱོད་པའི་རྣལ་འབྱོར་དང༌། བསྒྱུར་བའི་རྣལ་འབྱོར་དང་བཞིའོ། །རྣལ་འབྱོར་ཆེན་པོ་ལ་ཤིན་ཏུ་རྣལ་འབྱོར་གྱི་ས་དང༌། རང་ས་ངེས་པའི་རྣལ་འབྱོར་གྱི་ས་དང༌། སྤྲོས་པའི་རྣལ་འབྱོར་གྱི་ས་དང༌། བྱ་བྲལ་རྫོགས་པའི་རྣལ་འབྱོར་གྱི་ས་སྟེ་བཞིའོ། །འབྱེད་པའི་རྣལ་འབྱོར་གྱི་ས་ལ། བརྡའི་ས་དང༌། དོན་གྱི་ས་དང༌། བརྡ་དོན་དབྱེར་མེད་ཀྱི་ས་དང༌། མ་འདྲེས་པའི་ས་སྟེ་བཞིའོ། །རྟོགས་པའི་རྣལ་འབྱོར་གྱི་ས་ལ། རྫུ་འཕྲུལ་འཕྲུལ་པའི་ས་དང༌། ཁྱད་པར་རྟོགས་པའི་ས་དང༌། མངོན་པར་འབྱུང་བའི་ས་དང༌། དཔའ་བོ་རིགས་འབྱེད་ཀྱི་ས་དང་བཞི་སྟེ་བསྡོམས་པས་ས་བཅུ་དྲུག་གོ །དེ་ལྟར་ས་བཅུ་དྲུག་ལས། ས་དང་པོ་ལ་ཤེས་བྱེད་ཀྱི་རྫུ་འཕྲུལ་བདུན་ནི། རང་གི་ལུས་བརྒྱ་སྟོང་དུ་སྤྲུལ་པ་དང༌། དེ་དག་ཡན་ལག་བརྒྱ་སྟོང་དུ་སྤྲུལ་པ་དང༌། ལུས་གཅིག་ལ་མགོ་བརྒྱ་སྟོང་དུ་སྤྲུལ་པ་དང༌། ལུས་བརྒྱ་སྟོང་ལ་མགོ་གཅིག་པར་སྤྲུལ་པ་དང༌། མགོ་གཅིག་ལ་ལུས་མི་འདྲ་བ་བརྒྱ་སྟོང་སྤྲུལ་ནས་དེ་ལས་སྤྲུལ་པ་འགྱེད་པ་སྟེ་ལྔ་དང༌། ལུས་ལ་མགོ་དང་ཡན་ལག་མི་འདྲ་བ་དཔག་ཏུ་མེད་པར་སྤྲུལ་པ་དང་དྲུག སྐྱེ་བ་སྣ་ཚོགས་པར་སྤྲུལ་པ་དང་བདུན་ནི་དབང་དུ་གྱུར་པའི་ས་རྟོགས་པ་ལས་བྱུང་བའོ། །ས་གཉིས་པ་ལ་རང་གི་ཁོག་པ་ཁ་ཕྱེ་ནས་གློ་སྙིང་རྣམ་གཞན་ལ་སྟོན་པར་ནུས་པ་དང༌། ལུས་ཀྱི་སྟོད་ནས་མེ་འབར་བ་ལ་སྨད་ནས་ཆུ་འབྲུམ་པར་ནུས་པ་དང༌། ཡན་ལག་བཅད་ནས་ཕྱོགས་བཞིར་འཐོར་བར་ནུས་པ་དང༌། མིག་ལ་སོགས་པའི་དབང་པོ་ལྔ་ཐང་ལ་ལྷུང་བར་ནུས་པ་དང༌། ལུས་ཀྱི་སྟོབས་ཀྱིས་རི་བོ་འཕེན་པར་ནུས་པ་དང༌། ཕྱིའི་རྒྱ་མཚོ་ཆེན་པོ་ནམ་མཁའ་ལ་སྤར་བ་ནུས་པ་དང༌། གཟའ་སྐར་རྣམས་ཐང་ལ་ལྷུང་པ་དང་བདུན་ནི་དབང་གི་དུས་སུ་ཡན་ལག་བདུན་སྔོན་དུ་སོང་བ་ལས་བྱུང་བའོ། །ས་གསུམ་པ་ལ་རླུང་ཞགས་པ་འཆིང་བར་ནུས་པ་དང༌། འགྲོ་བའི་བསམ་པ་གཞན་དུ་བསྒྱུར་བ་དང༌། འཇིག་རྟེན་སྐྱོང་བའི་ལྷའི་རྒྱལ་པོ་རྣམས་སྒྲོལ་བར་ནུས་པ་དང༌། མཁའ་འགྲོ་མའི་ཡིད་ཕྲོག་པར་ནུས་པ་དང༌། འགྲོ་བ་བརྒྱ་སྒྲོལ་ཞིང་བསྒྲལ་བ་ལས་གསོ་བར་ནུས་པ་དང༌། ལྷ་དང་ཀླུ་དང་གནོད་སྦྱིན་གྱི་བུ་མོ་ལ་རོལ་པར་ནུས་པ་དང༌། དབང་ཕྱུག་ཆེན་པོ་ལ་སོགས་པའི་འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ཀྱི་སྟོབས་ཉམས་པར་ནུས་པ་དང་བདུན་ནི་དབང་བསྐུར་བའི་དུས་སུ་སེམས་བསྐྱེད་པ་ལས་བྱུང་བའོ། །ས་བཞི་པ་ལ་ནམ་མཁའ་རྡོ་རྗེར་བསྒྱུར་བར་ནུས་པ་དང༌། མེ་ཆུར་བསྒྱུར། ཆུ་མེར་བསྒྱུར། ས་མེར་བསྒྱུར། ས་ཆུར་བསྒྱུར། རླུང་མེར་བསྒྱུར། མེ་རླུང་དུ་བསྒྱུར་བར་ནུས་པ་དང་བདུན་ནི་ཡི་གེ་སྤྲོ་བསྡུ་བསྒོམས་པ་ལས་བྱུང་བའོ། །ས་ལྔ་པ་ནི་ནམ་མཁའ་བདུན་པ་ལ་དབང་བསྒྱུར་བར་ནུས་ཏེ་སྟོང་ཉིད་བསྒོམས་པ་ལས་བྱུང་བའོ། །ས་དྲུག་པས་མེ་བདུན་ལ་དབང་བསྒྱུར་བ་ནི། སྔོན་དུ་དབང་གི་ཤེས་བྱེད་ལས་བྱུང་བའོ། །ས་བདུན་པས་ས་གཅིག་ནས་གཉིས་སུ་བྱས་པའི་བདུན་ལ་དབང་བ་ནི་འབྱུང་བ་རིམ་བརྩེགས་བསྒོམས་པ་ལས་བྱུང་བའོ། །ཡང་ཆུ་བདུན་ལ་དབང་བ་ནི་སྔོན་འགྲོ་སོང་བ་ལས་བྱུང་བའོ། །ས་བརྒྱད་པས་རླུང་བདུན་ལ་དབང་བ་ནི་འཁོར་ལོ་བཞིའི་རླུང་སྦྱངས་པ་ལས་བྱུང་བའོ། །ས་དགུས་པས་བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་བསྐྱོད་ནུས་པ་ནི་སྦྱོར་བ་སྔོན་དུ་སོང་བ་ལས་བྱུང་བའོ། །ས་བཅུ་པས་ཆོས་སུ་བྱ་བ་བདུན་ལ་དབང་བ་ནི་ལྷ་བསྒོམས་པ་ལས་བྱུང་བའོ། །ས་བཅུ་གཅིག་པས་རྟ་སྤྲིན་གྱི་ཤུགས་ཅན་བདུན་སྤྲུལ་ནུས་པ་ནི་བརྩོན་འགྲུས་བརྩམས་པ་ལས་བྱུང་བའོ། །བཅུ་གཉིས་པས་དགེ་སློང་བསིལ་བྱེད་ཅན་བདུན་སྤྲུལ་ནུས་པ་དམ་ཚིག་དང་སྡོམ་པས་གནས་པ་ལས་བྱུང་བའོ། །བཅུ་གསུམ་པས་ལྷའི་གཞལ་མེད་ཁང་བདུན་སྤྲུལ་ནུས་པ་ནི་གཞལ་ཡས་ཁང་བསྒོམས་པ་ལས་བྱུང་བའོ། །བཅུ་བཞི་པས་འཇིག་རྟེན་གྱི་ཁམས་བདུན་སྤྲུལ་ནུས་པ་ནི་བླ་མ་མཉེས་པར་བྱས་པ་ལས་བྱུང་བའོ། །བཅོ་ལྔ་པས་ཡི་དམ་གྱི་ལྷ་བདུན་སྤྲུལ་ནུས་པ་ནི་ཡི་དམ་བསྒོམས་པ་ལས་བྱུང་བའོ། །བཅུ་དྲུག་པས་ལྷ་མོ་བདུན་སྤྲུལ་ཞིང་གཟུགས་སོགས་ཡུལ་དྲུག་གི་དག་བྱེད་ལ་ལོངས་སྤྱོད་ལ། འགྲོ་དྲུག་གི་སྐྱེ་གནས་སྟོན་པར་ནུས་པ་དང་བཅུ་དགུ་ནི་དབང་རྣམས་རྫོགས་པ་ལས་བྱུང་བའོ། །དེ་ལྟར་ས་བཅུ་དྲུག་ལ་རྫུ་འཕྲུལ་བརྒྱ་ཐམ་པ་འབྱུང་བ་ནི་རིགས་འཛིན་གྱི་ས་ཞེས་བྱའོ། །མིང་གི་རྣམ་གྲངས་གཞན་རྣམ་པར་སྨིན་པ་དང༌། ཚེ་ལ་དབང་བ་དང༌། ཕྱག་རྒྱ་ཆེན་པོ་དང༌། ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ། རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོ་དང༌། འབྱེད་པའི་རྣལ་འབྱོར་དང༌། རྟོགས་པའི་རྣལ་འབྱོར་ཏེ་རིམ་པ་བཞིན་ནོ། །དེ་ཡང་རྣམ་པར་སྨིན་པའི་རིག་འཛིན་ནི་སེམས་ལྷའི་སྐུར་སྨིན་ཡང་ལུས་ལ་མ་སྨིན་པས་བར་དོར་གྲོལ་བའོ། །ཚེ་དབང་ནི་དེ་ཉིད་ལ་གྲོལ་བའོ། །ཕྱག་རྒྱ་ཆེན་པོ་ནི་ལུས་སེམས་ལྷར་སྨིན་པའོ། །ལྷུན་གྲུབ་ནི་རང་གཞན་གྱི་དོན་གཉིས་གྲུབ་པའོ། །འདི་དག་ལས་བཅུ་དྲུག་པོ་དེ་སྔ་མ་བཞིན་སྦྱར་ཏེ་ཡོན་ཏན་ཤེས་པར་བྱའོ། །རྣམ་སྨིན་ནི་བར་མ་ཆད་ན་ཚེ་དེ་ལ་ཚེ་དབང་ཐོབ་ནས་འབྲས་བུ་ཐོབ་པའོ། །ཚེ་དབང་ནི་བསྐལ་བ་ཆེན་པོ་གཅིག་ན་རྫུ་འཕྲུལ་སྦྱངས་ནས་རྡོ་རྗེ་འཆང་གི་ས་འཐོབ་བོ། །ཕྱག་རྒྱ་ཆེན་པོ་ནི་ལོ་བརྒྱ་ན་རྡོ་རྗེ་འཆང་གི་ས་འཐོབ་བོ། །ལྷུན་གྲུབ་ནི་ལོ་སྟོང་ན་རྡོ་རྗེ་འཆང་གི་ས་འཐོབ་སྟེ་འཕྲིན་ལས་བཞིས་དོན་གཉིས་མཛད་པའི་ཕྱིར་རོ། །འཕྲིན་ལས་བཞི་ནི། ཞི་བ། རྒྱས་པ། དབང༌། དྲག་པོའོ། །དེ་ལ་སྤྲོས་བཅས་ཀྱིས་ཞི་བའི་ལས་བྱེད་དེ་དངོས་པོ་ལུས་སེམས་ཀྱི་བར་ཆད་མངོན་གྱུར་དང༌། དངོས་མེད་དྲི་མ་ཕྲ་རགས་གཉིས་ཞི་བར་བྱེད་པའོ། །དབྱེ་ན་ཞི་བའི་ཞི་བ་ཤེས་པ་དང་རླུང༌། ཞི་བའི་རྒྱས་པ་ཚེ་དང་བསོད་ནམས། ཞི་བའི་དབང་ལུས་ངག་གི་ནུས་པ། ཞི་བའི་དྲག་པོ་གཉིས་ཞི་ནས་གཅིག་ཏུ་གནས་པའོ། །སྤྲོས་མེད་ཀྱིས་རྒྱས་པའི་ལས་འགྲུབ་བོ། །དབྱེ་ན་རྒྱས་པའི་ཞི་བ་རྣམ་རྟོག་ངན་པ་ཟད་པ། རྒྱས་པའི་རྒྱས་པ་ཚེ་དང་བསོད་ནམས་འཁོར་དང་ལོངས་སྤྱོད་ཉམས་དང་བྱིན་བརླབས་སོ། །རྒྱས་པའི་དབང་ཇི་ལྟར་འདོད་པའི་བསྒྲུབ་བྱ་རྒྱས་པ། རྒྱས་པའི་དྲག་པོ་ལུས་ངག་སེམས་ཀྱི་ནུས་པ་རྫོགས་པའོ། །ཤིན་ཏུ་སྤྲོས་མེད་ཀྱིས་དབང་གི་འཕྲིན་ལས་འགྲུབ་བོ། །དབྱེ་ན་དབང་གི་ཞི་བ་ལུས་ངག་ཡིད་ཀྱི་བར་ཆད་ཞི་བ། དབང་གི་རྒྱས་པ་ལྟ་སྒོམ་སྤྱོད་འབྲས་རྒྱས་པ། དབང་གི་དབང་མི་དང་མ་ཡིན་རྣམས་འདུས་པ། དབང་གི་དྲག་པོ་དགུག་པ་ལ་སོགས་པ་འགྲུབ་པའོ། །རབ་ཏུ་སྤྲོས་པ་མེད་པས་དྲག་པོའི་འཕྲིན་ལས་འགྲུབ་པའོ། །དབྱེ་ན་དྲག་པོའི་ཞི་བ་དགུག་པ་དང་བཅིང་བའི་ལས་སོ། །དྲག་པོའི་རྒྱས་པ་དབྱེ་བ་དང་བསྐྲད་པ༌། དྲག་པོའི་དབང་ཚུར་ལ་ཀླན་ཀ་མི་རྙེད་པ། དྲག་པོའི་དྲག་པོ་སྤ་བཀོང་བ་དང་བསད་པ་ལ་སོགས་པ་འགྲུབ་པའོ། །དེ་ལྟར་བཅུ་དྲུག་ནི་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་སོགས་རང་ངོའི་དབྱེ་བ་བཅུ་དྲུག་གི་འབྲས་བུའོ། །དེ་ཡང་རྣམ་པར་འཕྲུལ་པས་དབྱེ་ན། ལུས་མི་འདྲ་བའི་གྲངས་བཞིན་དག་བྱེད་ཀྱང་དེ་ཙམ་ཡོད་པ་ནི་འཕྲིན་ལས་ཀྱི་གྲངས་སོ། །གཞན་ཡང་གནས་སྐབས་སུ་ཐོབ་པ་ནི། སྤྲོས་བཅས་ཀྱི་དབང་གིས་ལུས་ཀྱི་ཡོན་ཏན། ཚེ་རིང་བ་དང༌། ནད་མེད་པ་དང༌། འགྲོ་བ་བྱམས་པ་དང༌། བསོད་ནམས་དང་ལྡན་པ་དང༌། རྫུ་འཕྲུལ་འགྲུབ་པ་དང༌། ལུས་ཀྱི་རྡུལ་ཕྲན་མཐོང་བ་ལ་སོགས་པའོ། །སྤྲོས་མེད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། གཞན་གྱི་རྣར་སྙན་པ་དང༌། བསྒོ་བ་བཞིན་ཉན་པ་དང༌། བཀའ་བསྟན་བཅོས་པ་དབང་བ་དང༌། མི་མ་ཡིན་པའི་སྐད་ཤེས་པ་ལ་སོགས་པའོ། །ཤིན་ཏུ་སྤྲོས་མེད་ཀྱིས་ཡིད་དག་་པ་དང༌། ཏིང་ངེ་འཛིན་དང༌། རིག་པ་དང༌། གང་བསམས་ཆོས་ཉིད་དུ་འཆར་བ་དང༌། དུས་བཞི་དུས་གཅིག་ཏུ་རྟོགས་པ་དང༌། འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ལ་སོགས་པའོ། །རབ་ཏུ་སྤྲོས་མེད་ཀྱིས་སེམས་ལས་སུ་རུང་བ་དང༌། མངོན་པར་ཤེས་པ་དང༌། ཚེ་དཔག་ཏུ་མེད་པར་བྱིན་གྱིས་རློབས་པ་ལ་སོགས་པའོ། །ཁྱད་པར་དུ་དབང་བཞིས་སྣང་བ་བཞིའི་ཡོན་ཏན་ཐོབ་པ་ནི། སྤྲོས་བཅས་ཀྱིས་ཆོས་ཉིད་མངོན་སུམ་གྱི་སྣང་བ། སྤྲོས་མེད་ཀྱིས་ཉམས་གོང་འཕེལ། ཤིན་ཏུ་སྤྲོས་མེད་ཀྱིས་རིག་པ་ཚད་ཕེབས། རབ་ཏུ་སྤྲོས་མེད་ཀྱིས་ཆོས་ཉིད་ཟད་པའི་སྣང་བ་སྟེ། དེ་དག་རེ་རེ་ཞིང་ཕྱི་སྣང་བའི་ཡོན་ཏན་རེ་དང༌། ནང་ཉམས་ཏིང་ངེ་འཛིན་རེ་དང༌། གསང་བ་ལྟ་དགོངས་ཁྱད་པར་ཅན་རེ་དང༌། ཡོངས་རྫོགས་བསྟན་པའི་ཚད་རེ་ཐོབ་ནས། ཟག་བཅས་མི་སྣང་བར་སངས་རྒྱས་ཀྱི་ས་ལ་སྦྱོར་བའོ། །འདི་དག་ནི་ཐུན་མོང་དུ་གནས་སྐབས་ཀྱི་ཡོན་ཏན་ནོ། །གཉིས་པ་མཐར་ཐུག་གི་འབྲས་བུ་ནི། མགོན་པོ་རྡོ་རྗེ་འཆང་གི་ས་སྟེ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་རྫོགས་པར་ཐོབ་པའོ། །དབྱེ་ན་གསུམ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཞིང་ཁམས་མདོར་བསྟན། བསམ་གྱིས་མི་ཁྱབ་པའི་དབྱེ་བ་རྒྱས་པར་བཤད། མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བའོ། །དང་པོ་ནི་དབང་མཐར་ཕྱིན་པའི་འབྲས་བུ་བཞི་ལ་རྟགས་བཞི་དང་ཚད་བཞི་སྟེ། བཅུ་གཉིས། སྨིན་སོ་སྐུ་བཞི་སྟེ་བཅུ་དྲུག ཡེ་ཤེས་བཞི་སྟེ་ཉི་ཤུ། ཡེ་ཤེས་ཀྱི་འོད་ཟེར་བཞི་སྟེ་ཉེར་བཞི། འོད་ཀྱིས་བཀྱེ་བའི་སྤྲུལ་པ་བཞི་སྟེ་ཉེར་བརྒྱད། སྤྲུལ་པའི་གདུལ་ཞིང་བཞི་སྟེ་སུམ་ཅུ་རྩ་གཉིས་སུ་སྨིན་པས་དོན་འབྱུང་བ་ནི། ལམ་དུ་དབང་སུམ་ཅུ་རྩ་གཉིས་ཐོབ་པ་ལས་བྱུང་བའོ། །དེ་ཡང་སྐུ་བཞི་ལ་གཞི་གནས་ཀྱི་ཡེ་ཤེས། མཚན་ཉིད་འཛིན་པའི་ཡེ་ཤེས། ཐམས་ཅད་མཁྱེན་པའི་ཡེ་ཤེས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བཞི་བཞི་བརྩིས་པས་བཅུ་དྲུག ཡེ་ཤེས་ཀྱི་མཁྱེན་པ་བཞི་བཞི་བརྩིས་པས་བཅུ་དྲུག་སྟེ་སུམ་ཅུ་་རྩ་གཉིས་ནི་སྐུ་དང་ཡེ་ཤེས་ཀྱི་རྣམ་གྲངས་སུམ་ཅུ་རྩ་གཉིས་ཞེས་བྱའོ། །འདི་དག་རྫོགས་པ་ནི་རྡོ་རྗེ་འཆང་གི་ས་བཅུ་དྲུག་མཛད་པ་ཡེ་ཤེས་ཀྱི་ཡུལ་བཅུ་དྲུག་དང་བཅས་པའོ། །ཡེ་ཤེས་ཀྱི་སྣང་བའི་རང་འོད་ལྔ་ལས་གཞི་ལྔའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པ་ནི། འོད་མཐིང་གའི་ཀློང་ན་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རྫོགས་པའོ། །དེ་བཞིན་དུ་དཀར་པོས་མི་བསྐྱོད་པ། སེར་པོས་རིན་ཆེན་འབྱུང་ལྡན། དམར་པོས་སྣང་བ་མཐའ་ཡས། ལྗང་གུས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའོ། །དཀྱིལ་འཁོར་དེ་དག་ལས་གདུལ་བྱའི་ཞིང་དུ་འཕྲིན་ལས་བཞིའི་སྤྲུལ་པ་འགྱེད་ལ། གདུལ་ཞིང་ཤར་ཕྱོགས་མངོན་པར་དགའ་བ། ལྷོ་དཔལ་དང་ལྡན་པ། ནུབ་པདྨ་བརྩེགས་པ། བྱང་ལས་རབ་རྫོགས་པ་བཞིས་འགྲོ་བ་སྨིན་པར་བྱེད་དོ། །གཉིས་པ་བསམ་གྱིས་མི་ཁྱབ་པའི་དབྱེ་བས་རྒྱས་པར་བཤད་པ་ནི། སྐུ་བཞིའི་ཞིང་ཁམས་ཕུན་སུམ་ཚོགས་པ་ལྔ་ལྔར་དབྱེ་བ་ལས། དང་པོ་ཆོས་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོ། གནས་ཆོས་ཀྱི་དབྱིངས། བསྟན་པ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བསྟན་པ། འཁོར་འདུས་མ་བྱས་པ། དུས་ཆོས་ཉིད་ལ་འཕོ་འགྱུར་མེད་པ་དང་ལྔ་ནི་ཆོས་སྐུར་འཇོག་པའི་འཐད་པ་ནི། ཞིང་ཁམས་རྣམ་པར་དག་པ་དེ་ཉིད་དང་བརྗོད་དུ་མེད་པ། ཆོས་བརྗོད་དུ་མེད་པ། འབད་མེད་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཀྱི་སྒོ་ནས་ཆོས་སྐུ་ཞེས་བརྗོད་པའོ། །ཕུན་སུམ་ཚོགས་པ་ལྔ། བརྗོད་དུ་མེད་པ་དང༌། ལྷུན་གྱིས་གྲུབ་པ་གཉིས་ཏེ། བརྒྱད་ནི། དབང་བཞིའི་ས་བོན་བཞི་དང༌། འབྲས་བུ་བཞི་སྟེ་བརྒྱད་སྨིན་པ་ལས་བྱུང་བའོ། །ལོངས་སྐུའི་སྟོན་པ་རྣམ་པར་སྣང་མཛད་གང་ཆེན་མཚོ། །གནས་རྣམས་དག་སྟུག་པོ་བཀོད་པ། བསྟན་པ་རང་བྱུང་གི་ཡི་གེ་དྲུག་གི་རང་སྒྲ་ལྗགས་ཀྱི་འོད་ཟེར་ལས་འཕྲོ་བ་བསྟན་པའི་བུ་གཅིག འཁོར་ཉིད་ལས་མིག་པ་རིགས་བཞིའི་སངས་རྒྱས། དུས་རང་བཞིན་རྣམ་དག་ཆེན་པོ། ཞིང་ཁམས་ཕྱག་མཉམ་གཞག་གི་མཐིལ་ན། ཡས་མར་བརྩེགས་པའི་ཉི་ཤུ་རྩ་ལྔ། སྐྱིལ་ཀྲུང་མན་ཆད་ལ་བཅུ་དྲུག དེ་དག་ཀྱང་ཡས་མན་དུ་བལྟས་པས་རྒྱ་དེབ་བརྩེགས་པ་ལྟ་བུར་བར་ན་རྣམ་དག་གི་ནམ་མཁས་བཅད་ནས་གནས་ལ། ཕན་ཚུན་ནི་ཟ་འོག་གི་གུར་ཁྱིམ་བཀྲམ་པ་དང་འདྲ་སྟེ། སོ་སོའི་ལྕགས་རི་དང་མཚོས་པར་བཅད་དེ་གནས་སོ། །ཆོས་ནི་རང་གི་ངོ་བོ་རྣམ་དག་ཆེན་པོའི་ཆོས་ལ་སྤྱོད་པའོ། །འཐད་པ་ནི་འོད་དང་ཁ་དོག་སྐུ་དང་ཡེ་ཤེས་ལ་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །དེ་ཡང་འོད་ཟེར་སྦྱོར་བ་དག་པ་ཡབ་ཀྱི་ཞལ་ནས་ཞུགས་ཏེ་གསང་བའི་གནས་ནས་ཡུམ་གྱི་མཁའ་ལ་འཐོན་ནས་སྤྲུལ་པ་འགྱེད་པ་སྟེ། ཕུན་སུམ་ཚོགས་པ་ལྔ། ཞིང་དང་སྤྲུལ་པ་གཉིས་ཏེ་བརྒྱད་དོ། །དེ་ཡང་དབང་བརྒྱད་ཀྱི་འབྲས་བུའོ། །སྤྲུལ་པ་སྐུའི་སྟོན་པ་དྲུག་པ་རྡོ་རྗེ་འཆང༌། གནས་ལྕང་ལོ་ཅན་ཏེ་འོག་མིན་གྱི་མིང་གི་བྱེ་བྲག་གོ །བསྟན་པ་རང་བཞིན་རྫོགས་པ་ཆེན་པོ། འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ། དུས་སྐུ་འདུལ་བའི་དུས། ཞིང་ཁམས་རྒྱ་ཆེ་བ་ཚངས་ཆེན། དེ་ལས་ཁོལ་བུར་ཕྱུང་ན་མི་མཇེད་དེ་གླིང་བཞི་རི་རབ་དང་བཅས་པ་བྱེ་བ་ཕྲག་བརྒྱའོ། །ཆོས་བསྟན་པ་དངོས་དང་གཟུགས་བརྙན་གཉིས་སོ། །འཐད་པ་གང་ལ་གང་འདུལ་དུ་སྤྲུལ་བས་ན་སྤྲུལ་སྐུའི། །རང་གཞན་གྱི་དོན་གཉིས་རྫོགས་པའི་འཕྲིན་ལས་དང་བརྒྱད་དོ། །ངོ་བོ་ཉིད་ཀྱི་སྐུའི་སྟོན་པ་བསམ་བརྗོད་རྣམ་པར་དག་པ། གནས་བསམ་འདས་མཚན་གཞི་དང་བྲལ་བ། བསྟན་པ་རྡུལ་མེད་ཅིང་དྲི་མ་མེད་པ། འཁོར་ཡེ་ཤེས་རྒྱ་མཚོ། ཞིང་ཁམས་བདེ་ཆེན་རྣམ་དག །ཆོས་ངོ་འབྱེད་པ་མེད་པ། ལས་སེམས་ཉིད་ཕྱིན་ཅི་ལོག་ལས་འདས་པ་དང་བརྒྱད་དོ། །དེ་ཐམས་ཅད་ཀྱི་རང་བཞིན་རྟགས་ཀྱི་སྐུ་བཞི་ནི། ཆོས་སྐུའི་སྟོན་པ་རང་བཞིན་མ་བཅོས་པ། གནས་སྟོང་པ་ཀུན་ཁྱབ། བསྟན་པ་འདུལ་སྟངས་རྣམ་དག འཁོར་རང་བཞིན་ཡོངས་དག དུས་ངེས་མེད་སྣ་ཚོགས། ཆོས་ཟག་པ་རང་ཟད། འཐག་པ་ཆོས་ཀྱི་ཕུང་པོ་འདུས་པས་ན་ཆོས་ཀྱི་ཕུང་པོ་འདུས་པས་ན་ཆོས་ཀྱི་སྐུའོ། །བྱེད་ལས་ལས་བདག་ཏུ་མེད་པའི་ལས་བྱེད་པ་དང་བརྒྱད་དོ། །གཟུགས་སྐུའི་སྟོན་པ་སྐུ་སྣང་ལ་རང་བཞིན་མེད་པ་ཞལ་ཀུན་ཏུ་ཐལ་ལེ་བ། གནས་ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ། བསྟན་པ་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པ། འཁོར་སྣང་བ་དང་མི་སྣང་བ། དུས་སྤྲོས་བཞིའི་ཚིག་ཙམ་དུ་བྱུང་བ། ཞིང་ཁམས་ཕྱི་ནས་བལྟས་པས་ནང་གསལ་བ། ཆོས་སྤྲོས་གཞི་རྣམ་པར་དག་པ། འཐད་པ་གཟུགས་རྡུལ་དང་རྡུལ་ཕྲན་དག་པར་བྱེད་པས་ན་གཟུགས་སྐུའོ། །ལས་ཀྱི་གཟུགས་ཅན་རྣམས་ཀྱི་ལས་ཟད་པར་བྱེད་པ་དང་བརྒྱད་དོ། །དེ་དག་གི་ཞར་ལ་ཞི་བའི་སྐུའི་སྟོན་པ་རང་ཤེས་རིག་གི་རྒྱལ་པོ་འདུས་མ་བྱས་པ་གནས་ཙིཏྟ་རིན་པོ་ཆེའི་གཞལ་མེད་ཁང༌། བསྟན་པ་རྩ་རླུང་ཐམས་ཅད་ཀྱི་མན་ངག འཁོར་ཡེ་ཤེས་ལྔ་དང༌། རླུང་ལྔ་དང༌། ཤེས་རབ་ལྔ་དང༌། འོད་ལྔ་དང༌། སྐུ་ལྔ་དང༌། རིགས་ལྔའོ། །དུས་ལུས་དང་སེམས་འཛོམ་པའོ། །ཞིང་ཁམས་འགྲོ་བ་འདུལ་བ། ཆོས་འཁོར་བ་དང་མྱ་ངན་ལས་འདས་པ། འཐད་པ་དེ་ལ་བརྟེན་ནས་ལུས་སེམས་སྡུག་བསྔལ་ཞི་བས་ན་ཞི་བའི་སྐུར་འཐད་དོ། །ལས་ཁམས་གསུམ་ལས་གྲོལ་བར་བྱེད་པ་སྟེ་བརྒྱད་དོ། །ཁྲོ་བོའི་སྐུའི་སྟོན་པ་ཡེ་ཤེས་ཀྱི་ཧེ་རུ་ཀ་ལྔ། གནས་བྷནྡྷ་འབར་བའི་གཞལ་ཡས་ཁང་སྟེ་ཀླད་པ་དུང་ཁང་དཀར་པོ། བསྟན་པ་བདེ་ཆེན་གྱི་འབར་འཛག །འཁོར་སྒྲོན་མ་རྣམས་པ་བཞི། དུས་ཡེ་ཤེས་རང་འཁྱིལ་བའི་དུས། ཞིང་ཁམས་མིག་གི་དབང་པོ་མཐོང་བ་མ་འགགས་པ། ཆོས་གཟུགས་ཀྱི་དེ་བཞིན་ཉིད། འཐད་པ་ཡུལ་དང་ཤེས་པ་ལ་ཁྲོས་པས་ན་ཁྲོ་བོའི་སྐུར་འཐད་དོ། །ལས་ཀྱི་གདུལ་བྱ་ཕྱིན་ཅི་ལོག་རྣམས་ཚར་གཅོད་པ་དང་བརྒྱད་དོ། །དེ་དག་ལ་སྐབས་འདིར་འབྲས་བུར་གཞག་པ་ནི་གཞི་སྨིན་བྱའི་སྦྱང་གཞི་ཐོག་མའི་འོད་གསལ་ཡིན་པ་དང༌། གདུལ་བཞིའི་འབྲས་བུ་རང་བཞིན་རྣམ་དག་ཡིན་པས་གློ་བུར་རྣམ་དག་གི་ཞར་ལ་སྨོས་པའོ། །དེ་དག་ལ་བརྟགས་པས་དབང་དང་འབྲས་བུ་ལ་བཅུ་དྲུག་ཕྲག་བཞི། སྐུ་ལ་བཅུ་དྲུག་ཕྲག་བཞི་སྟེ་ཕྲག་བརྒྱད་བསྡོམས་པས། བརྒྱ་དང་ཉེར་བརྒྱད་ནི་དབང་བསྐུར་བའི་འབྲས་བུ་ཕུན་སུམ་ཚོགས་པའོ། །གསུམ་པ་མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བ་ནི། དབང་བཞིའི་ས་བོན་གྱི་ཆ་ལས་དྲུག་བརྒྱ་དང་དྲུག་ཅུ་རྩ་དྲུག་གིས་འགྲོ་བ་དྲུག་གི་ལས་དང་ཉོན་མོངས་པ་དག་པར་མཛད་པའོ། །དེ་ལ་ཐོག་མར་མཐོང་བ་རྣམ་པར་དག་པ་ལས། བདག་ཉིད་ལ་ཟག་པ་མེད་པའི་མངོན་པར་ཤེས་པ་ནི། དབང་པོའི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་གིས་དུས་གསུམ་དུས་གཅིག་ལ་མཐོང་བ་པྲ་སེན་མཐོང་བ་ལྟ་བུ་སྟེ། དེ་ཡང་མིག་གི་མངོན་ཤེས་དྲུག་གིས་གཟུགས་ཐམས་ཅད་ཤེས། རྣ་བའི་མངོན་ཤེས་དྲུག་གིས་བརྗོད་པའི་སྒྲ་ཐམས་ཅད་གཏན་ལ་ཕེབས་སོ། །སྣའི་དྲུག་གིས་འགྲོ་བ་དྲུག་གི་ལས་གཏན་ལ་ཕེབས་སོ། །ལྕེའི་དྲུག་གིས་འགྲོ་དྲུག་གི་འཁོར་དང་ལོངས་སྤྱོད་ཤེས་སོ། །ལུས་ཀྱི་དྲུག་གིས་འགྲོ་དྲུག་གི་གཟུགས་རྡུལ་ཕྲན་དང་རགས་པ་ཐམས་ཅད་ཤེས་སོ། །ཡིད་ཀྱི་དྲུག་གིས་འགྲོ་དྲུག་གི་བསམ་པ་ཐམས་ཅད་ཤེས་སོ། །དེ་ལྟར་དབྱེ་གཞི་ཕྲི་བས་དབང་པོའི་མངོན་ཤེས་སུམ་ཅུ་སྲིད་པ་ཡན་ལག་སུམ་ཅུ་ཤེས་ཤིང༌། མཚན་སུམ་ཅུ་རྩ་གཉིས་གྲུབ་པ་ནི་དབང་སུམ་ཅུ་རྩ་གཉིས་ལས་བྱུང་བའོ། །དེ་ནས་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། སྦྱངས་པའི་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་ཡེ་ཤེས་དྲུག་ཤར་བས་ཚིག་ཐམས་ཅད་ཀྱི་བརྡ་དོན་ཁོང་དུ་ཆུད་པའོ། །བསླབ་པའི་ཤེས་རབ་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་གིས་སེམས་ཉིད་ཆོས་ཉིད་ལ་འཇུག་པ་ཁྱད་པར་ཅན་སྐྱེ་བའོ། །མཐོང་བ་རྣམ་པར་དག་ཞེས་ཀུན་ལ་སྦྱར་ཏེ། ཐོས་པའི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་སྒྲ་དང་དོན་ཐམས་ཅད་ཤེས་སོ། །བསམ་བྱུང་གི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་ཆོས་ཐམས་ཅད་ཀྱི་འདུ་མཆེད་རྟོགས་སོ། །སྒོམ་བྱུང་གི་ཤེས་བར་ཀྱི་མངོན་ཤེས་དྲུག་གིས་ཆོས་དང་སེམས་གཉིས་འདྲེས་ཏེ་ནམ་མཁའ་ལྟར་ཤེས་སོ། །དེ་ལྟར་སུམ་ཅུ་ནི་དབང་གི་འགྱུར་བྱེད་སུམ་ཅུ་རྩ་གཉིས་ཀྱིས་སངས་རྒྱས་ཀྱིས་སྦྱངས་པའི་ཡོན་ཏན་སུམ་ཅུ་རྩ་གཉིས་མཐོང་བ་ལས་བྱུང་བའོ། །དེ་ནས་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། འདིའི་དུས་ན་ཡེ་ཤེས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྙེད་པའོ། །དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་གིས་ཆོས་ཀྱི་མཚན་ཉིད་དང་དགོངས་པ་མངོན་སུམ་དུ་ཤེས་སོ། །མཉམ་པ་ཉིད་ཀྱི་དྲུག་གིས་འཁོར་འདས་གཉིས་སུ་མེད་པར་ཤེས་སོ། །སོ་སོར་རྟོག་པའི་དྲུག་གིས་འགྲོ་བ་དྲུག་གི་དབང་པོ་ལ་སོགས་པ་ཤེས་སོ། །བྱ་བ་གྲུབ་པའི་དྲུག་གིས་ཆོས་ཐམས་ཅད་རྩོལ་བ་དང་བྲལ་བ་དང་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཤེས་སོ། །ཆོས་ཀྱི་དབྱིངས་ཀྱི་དྲུག་གིས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཤེས་སོ། །མི་གནས་པའི་ཡེ་ཤེས་ཀྱི་དྲུག་གིས་ཆོས་གང་ལའང་མི་གནས་པ་ཤེས་སོ། །དེ་ཡང་དབྱེ་གཞི་རེ་ཕྲི་བས་མངོན་ཤེས་ལྔ་ཚན་དྲུག་ཏུ་འགྱུར་ཏེ། ཡེ་ཤེས་ཀྱི་མངོན་པར་ཤེས་པ་སུམ་ཅུ་ནི་དབང་སུམ་ཅུ་རྩ་གཉིས་ལས་བྱུང་བའོ། །དེ་རྣམ་པར་གྲོལ་བའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་སེམས་དང་སེམས་བྱུང་ནུབ་པའོ། །དེ་ལ་རྣམ་གྲོལ་དང་པོའི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་ཤར་བས། ལུས་ཀྱི་ཟག་པ་ཟད་པའོ། །རྣམ་གྲོལ་གཉིས་པ་དྲུག་གིས་ངག་གི་ཟག་པ་ཟད་པའོ། །གསུམ་པའི་དྲུག་གྱིས་ཡིད་ཀྱིས་ཟག་པ་ཟད་པའོ། །བཞི་པའི་དྲུག་གིས་སེམས་ཀྱི་ཟག་པ་ཟད་པའོ། །ལྔ་པའི་དྲུག་གིས་ཤེས་རབ་ཀྱི་ཕུང་པོ་ལ་སྒྲིབ་པའི་ཟག་པ་ཟད་པའོ། །དྲུག་པའི་དྲུག་གིས་ཆོས་དང་ཆོས་ཉིད་ཀྱི་ཟག་པ་ཟད་པའོ། །སུམ་ཅུ་པོ་དེ་དག་གིས་ཕྱི་ནང་གསང་བ་ཡོངས་རྫོགས་ཀྱི་དབང་ལས་བྱུང་བའོ། །དེ་ནས་སྐུ་གསུང་ཐུགས་ཀྱི་ལས་མངོན་དུ་གྱུར་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། སངས་རྒྱས་ཀྱི་མཁྱེན་པ་མ་ལུས་པ་རྫོགས་པའོ། །སྐུ་དངོས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་ཤར་བས་སངས་རྒྱས་ཀྱི་སྐུ་ཐམས་ཅད་མཐོང་ཞིང་རང་གིས་ཀྱང་བརྙེས་པའོ། །སྐུའི་སྣང་བའི་དྲུག་ཤར་བས་འོད་ཀྱི་ཚོགས་མཐའ་ཡས་པ་ལ་སྤྱོད་དོ། །གསུང་དངོས་ཀྱི་དྲུག་ཤར་བས་གསུང་དབྱངས་དྲུག་ཅུ་ལ་སྤྱོད་དོ། །གསུང་གི་སྣང་བའི་དྲུག་གིས་སྒྲ་དབྱངས་དུ་མ་ལ་སྤྱོད་དོ། །ཐུགས་དངོས་ཀྱི་དྲུག་གིས་ཏིང་ངེ་འཛིན་ཐམས་ཅད་ལ་སྤྱོད་དོ། །ཐུགས་ཀྱི་སྣང་བའི་དྲུག་གིས་གཞན་གྱི་སེམས་ཤེས་པ་ལ་སྤྱོད་དོ། །དེ་ལྟར་སུམ་ཅུ་པོ་ནི་དབང་གི་ལྷ་ངོ་སུམ་ཅུ་རྩ་གཉིས་ཤེས་པ་ལས་བྱུང་ངོ༌། །དེ་ནས་ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་ཆོས་ཉིད་ཀྱི་དགོངས་པ་ལ་དབྱེར་མི་ཕྱེད་པར་བཞུགས་སོ། །སེམས་རྣམ་པར་གདུལ་བའི་མངོན་ཤེས་དྲུག་ཤར་བས་སེམས་ཀྱི་རང་བཞིན་ཤེས་སོ། །སེམས་སྦྱང་བའི་དྲུག་གིས་རྩ་བ་ཤེས་སོ། །སེམས་ཞི་བའི་དྲུག་གིས་སེམས་མེད་པའི་མཚན་ཉིད་ཤེས་སོ། །སེམས་རྣམ་པར་དག་པའི་དྲུག་གིས་མི་འགྱུར་བར་ཤེས་སོ། །སེམས་མི་ལྡོག་པའི་དྲུག་གིས་ཁམས་གསུམ་མིང་མེད་པར་ཤེས་སོ། །སེམས་ལས་འདས་པའི་དྲུག་གིས་ཤེས་བྱེད་དང་འདུ་འཕྲོ་དག་སྟེ་མི་ལྡོག་པར་རྟོགས་སོ། །དེ་ལྟར་སུམ་ཅུ་ནི་དབང་གི་རྣམ་པར་འཕྲུལ་པའི་དབྱེ་བ་ཤེས་པ་ལས་བྱུང་ངོ༌། །དེ་ལྟར་མཐོང་བ་དག་པའི་མངོན་ཤེས་བརྒྱ་དང་བརྒྱད་ཅུ་ནི་མོས་པའི་མཐོང་བ་ཙམ་ལས་བྱུང་བའོ། །དེ་ཡང་ཕྱེ་ན་མོས་པའི་བཞི་བཅུ་རྩ་ལྔ་ལྔའི་ཡོན་ཏན་འབྱུང་བ་ནི། སྤྲོས་བཅས་ཀྱི་དབང་ཐོབ་པ་ལས་བྱུང་བའོ། །དེའི་འགྲེས་ཀྱིས་ཐོས་པ་རྣམ་པར་དག་པའི་མངོན་ཤེས་ཀྱང་བརྒྱ་དང་བརྒྱད་ཅུར་འགྱུར་ཏེ། དེ་ལའང་ཡེ་ཤེས་བཞིའི་ཡོན་ཏན་འཇུག་པ་སྔར་དང་འདྲའོ། །འདི་དག་སྤྲོས་མེད་ཀྱི་དབང་ལས་བྱུང་བའོ། །བསམ་བྱ་དག་པའི་བརྒྱ་དང་བརྒྱད་ཅུ་ནི་བསྒྱུར་གཞིའི་དོན་ཤེས་པ་ལས་བྱུང་བ་སྟེ། ཡེ་ཤེས་སུ་དག་པ་དང༌། མྱོང་བྱེད་དག་པའི་བརྒྱ་བརྒྱད་ཅུ་ཆོད་པའི་རང་བཞིན་ཤེས་པ་ལས་བྱུང་བ་དང༌། རེག་བྱེད་དག་པའི་བརྒྱ་བརྒྱད་ཅུ་པ་མདོ་ཤེས་པ་ལས་བྱུང་བ་དང་ཚན་པ་གསུམ་ནི་ཤིན་ཏུ་སྤྲོས་མེད་ཀྱི་དབང་ལས་བྱུང་བའོ། །ཆོས་དག་པའི་མངོན་ཤེས་བརྒྱ་བརྒྱད་ཅུ་ནི་རབ་ཏུ་སྤྲོས་པ་མེད་པའི་དབང་ལས་བྱུང་བའོ། །དེ་ལྟར་ན་ས་དང་སྦྱར་བས་སའི་ཡོན་ཏན་ཉིས་སྟོང་སུམ་བརྒྱ་དང་དྲུག་ཅུ། ཡེ་ཤེས་ཀྱི་བྱེད་པ་དྲུག་བརྒྱ་དང་དྲུག་ཅུ། ཆོས་ཀྱི་རྣམ་གྲངས་སུམ་སྟོང་དང་བརྒྱ་ཉི་ཤུ་རྣམས་ནི་རྡོ་རྗེ་འཆང་གི་སའི་མངོན་ཤེས་ཀྱི་རྣམ་པར་འཕྲུལ་བའི་དབྱེ་བ་ཆེན་པོའོ། །འདི་དག་ནི་དབང་གི་རྣམ་པར་གཞག་པ་སྟེ། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་སྒོ་དང་པོའི་གཞི་གལ་པོ་ཆེ་ཡང་དག་པ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། གཞིའི་དོན་སྨིན་པར་བྱེད་པ་དང་དབང་གི་རྣམ་པར་གཞག་པ་སྟེ་རིམ་ཁང་དྲུག་པའོ། །

</div>
</div>
= Pe cin 2009 (dpe bsdur ma) =
= Pe cin 2009 (dpe bsdur ma) =
<div style="font-size:90%;color:#54595d">rywikitexts e-text (input 2020; converted from a legacy font encoding on 22 November 2026).</div>
<div style="font-size:90%;color:#54595d">rywikitexts e-text (input 2020; converted from a legacy font encoding on 22 November 2026).</div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
དེའི་སྤྲོས་མེད་ཀྱིས་དོན་རང་ཐོག་ཏུ་ཕེབས་པས་ཆོས་ཉིད་ལས་འགྲོ་ས་མེད་པའོ། །དེའི་ཤིན་ཏུ་སྤྲོས་མེད་སྟོང་ཉིད་ཀྱི་དཀྱིལ་འཁོར་དུ་འཇུག་པས་སྒོ་གསུམ་ཁམས་གསུམ་དུ་མི་འཇུག་པའོ། །རབ་ཏུ་སྤྲོས་མེད་ཀྱིས་ཚོགས་དྲུག་དག་པར་བྱེད་པའོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དབྱེ་བ་ངེས་པ་ནི། རབ་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་སེམས་གང་ཡིན་ལ་སོགས་པས་ཆགས་སྡང་རང་གྲོལ་བར་བྱེད་དོ། །སྤྲོས་མེད་སྤྲུལ་སྐུའི་ཞིང་བསྟན་པས་ཕུང་པོ་ཁམས་དང་སྐྱེ་མཆེད་སྟོངས་པར་བྱེད་དོ། །ཤིན་ཏུ་སྤྲོས་མེད་ལོངས་སྐུའི་ཞིང་བསྟན་པས་སེམས་ཉིད་འགྲོ་འོང་མེད་པའི་དོན་རྟོགས་པར་བྱེད་དོ། །རབ་ཏུ་སྤྲོས་མེད་ཆོས་སྐུར་ལུང་བསྟན་པས་འཁོར་འདས་ལ་ཞེན་པའི་ཤེས་སྒྲིབ་ཕྲ་མོ་སྦྱོང་བར་བྱེད་དོ། །གཉིས་པ་རང་ངོའི་དབྱེ་བ་རྒྱས་པར་བཤད་པ་ལ་དབང་བཞི་ལས། དང་པོ་སྤྲོས་བཅས་ལ། སྤྲོས་བཅས་ཀྱི་སྤྲོས་བཅས་དམ་བསྲེ་ཞིང་མནའ་ཆུ་བླུད་པ་ལ་སོགས་པ་སྟེ་ཕྱིའོ། །སྤྲོས་བཅས་ཀྱི་སྤྲོས་མེད་དཀྱིལ་འཁོར་དུ་གཞུག་ཅིང་ལྷ་ངོ་བསྟན་ནས་མིང་གི་དབང་བསྐུར་བ་སྟེ་ནང་ངོ་། །སྤྲོས་བཅས་ཀྱི་ཤིན་ཏུ་སྤྲོས་མེད་ཉན་ཐོས་ཀྱི་སྡོམ་པ་སྦྱིན་པ་ནས་རིམ་དགུ་རྫོགས་ཏེ་དབུགས་དབྱུང་གཟེངས་བསྟོད་དང་བཅས་པ་གསང་བའོ། ། སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་བུམ་པ་ངེས་པའི་སྐུར་རྒྱུ་སྟེ་ཡོངས་སུ་རྫོགས་པའོ། །འདི་ལའང་བུམ་པ་ངེས་པ་རྟེན་གཞལ་ཡས་ཁང་བརྟེན་པ་ལྷར་གསལ་བས་དབང་བསྐུར་བ་ཡོངས་སུ་རྫོགས་པའི་ཕྱི་སྤྲོས་བཅས་སོ། །སློབ་མའི་ལུས་ལྷར་བསྐྱེད་པ་ལ་འབྱུང་བཞི་དག་སྦྱོང་གི་རྫས་དབང་ཉི་ཟླ་སྦྱིན་པ་ལ་སོགས་པ་ནང་སྤྲོས་མེད་དོ། །མུ་དྲ་སྦྱིན་ནས་སྦྱོར་བ་ངེས་པ་གསང་བ་ཤིན་ཏུ་སྤྲོས་མེད་དོ། །བརྡ་དོན་ངེས་པའི་ཚིག་སྦྱིན་པ་ཡོངས་སུ་རྫོགས་པ་རབ་ཏུ་སྤྲོས་མེད་དོ། །དེ་ལྟར་ན་ཡོངས་སུ་རྫོགས་པ་ལ་བཞི་ཡོད་པ་ལྟར་གཞན་གསུམ་ལའང ་ཤེས་པར་བྱའོ། །དེ་ལྟར་བཅུ་དྲུག་གིས་སྤྲོས་བཅས་དབྱེ་བའི་དགོས་པ་ནི། ལུས་འབྱུང་བཞིའི་རྒྱ་བཞི་འཇིག་པ་སྟེ། འབྱུང་བཞི་ཡང་སའི་ས་ལ་སོགས་པ་བཞིར་ཕྱེ་བས་བཅུ་དྲུག་དག་པར་སྦྱོང་བའི་དགོས་པ་ཡོད་དོ། །གཉིས་པ་སྤྲོས་མེད་ཀྱི་དབང་བཞི་རང་ངོའི་དབྱེ་བ་ནི། སྤྲོས་མེད་ཀྱི་སྤྲོས་བཅས་ཀྱིས་ལུས་ངག་ཡིད་སེམས་བཞི་ཡི་གེའི་གནས་བཞིའི་སྦྱོང་བ་ནི་ཕྱིའོ། ། དེའི་སྤྲོས་མེད་ཀྱིས་སྒོ་གསུམ་གཞི་མེད་བྱ་རྩོལ་ལས་འདས་པར་མཚོན་པས་ནང་ངོ་། །དེའི་ཤིན་ཏུ་སྤྲོས་མེད་ཀྱིས་ཡུལ་ལྔ་ལམ་དུ་བསླངས་པས་སྒོ་ལྔ་ཧར་སངས་སུ་གྲོལ་བ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་ཀྱིས་རྟོགས་པ་ཁྱད་པར་ཅན་བསྐྱེད་པས་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་ངག་གི་བརྗོད་གཞི་དང་། རྗོད་བྱེད་དང་། བརྗོད་བྱ་དང་། བརྗོད་པ་བཞིའི་རྒྱ་ལས་གྲོལ་བར་བྱེད་པའོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་རང་ངོའི་དབྱེ་བ་ནི། ཤིན་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་རུ་ཤན་འབྱེད་པ་ཕྱིའོ། །དེའི་སྤྲོས་མེད་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ་ནང་ངོ་། །དེའི་ཤིན་ཏུ་སྤྲོས་མེད་ནམ་མཁའི་དཀྱིལ་འཁོར་དུ་འཇུག་པ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་རིག་པ་རང་ངོ་སྤྲད་པ་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་ཡིད་འགྱུ་བ་དང་། འགྱུ་བྱེད་དང་། འགྱུ་བྱ་དང་། འགྱུས་པ་བཞིའི་རྒྱ་འཇིག་པར་བྱེད་པའོ། །བཞི་པ་རབ་ཏུ་སྤྲོས་པ་མེད་པ་རང་ངོའི་དབྱེ་བ་ནི། རབ་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་འདུག་སྟངས་བསྟུན་པ་ཕྱིའོ། །དེའི་སྤྲོས་མེད་ལྟ་སྟངས་བྱེད་པ་ནང་ངོ་། །དེའི་ཤིན་ཏུ་སྤྲོས་མེད་ཕྱོགས་བཞིར་ལྟ་སྟངས་དང་གཟིགས་སྟངས་བསྟུན་པ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་སོང་ཞིག་ལ་སོགས་པ་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་སེམས་བསམ་པ་དང་། དྲན་པ་དང་། རྟོག་པ་དང་། ཞེན་པ་བཞིའི་རྒྱ་འཇིག་པར་བྱེད་དོ། །སྐབས་འདིར་ཡིད་དང་སེམས་ཀྱི་གོ་དོན། སྒོ་ལྔའི་ཡུལ་འཛིན་རྟོག་བྱེད་ཀུན་གཞིའི་རྣམ་པར་ཤེས་པ་སེམས་ལ། དེ་དང་མ་འབྲེལ་བར་དོན་སྔ་ཕྱི་དང་ཡིད་ཡུལ་དོན་སྤྱི་དཔྱོད་པ་ལ་ཡིད་ཅེས་བརྗོད་དོ། །རང་གི་སྣང་ཡུལ་དངོས་པོ་འཛིན་པ་དང་། དངོས་མེད་འཛིན་པ་སྟེ། གསལ་བ་དང་མི་གསལ་བ་འཛིན་པས་ཕྱེ་བ་ཡིན་ནོ། །དེ་ལྟར་ན་རང་ངོའི་དབྱེ་བ་རེ་རེ་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞི་སྟེ་བཅུ་དྲུག་ཏུ་ཡོད་དོ། །གསུམ་པ་རྣམ་པར་འཕྲུལ་པའི་དབྱེ་བས་ཤིན་ཏུ་རྒྱས་པར་སྤྲོ་བ་ལ་གསུམ་སྟེ་དབང་སོ་སོའི་དག་བྱེད་ཀྱི་དབྱེ་བས་དག་རྒྱུ་བཅུ་དྲུག་འགྱུར་དང་བཅས་པ་བསྟན་པ། ལུས་ཀྱི་བྱ་བ་ལ་བརྟེན་ནས་ངེས་པའི་དབྱེ་བས་དབང་གི་གནས་ལུགས་བསྟན་པ། གྲངས་ཀྱི་དབྱེ་བ་ལ་བརྟེན་ནས་ལས་དང་ཉོན་མོངས་པའི་དག་བྱེད་བསྟན་པའོ། །དང་པོ་ནི་དབང་གི་རང་ངོའི་དབྱེ་བ་བཅུ་དྲུག་གིས་ཕྱིར་འབྱུང་བའི་ལས་བཅུ་དྲུག་དག་པར་བྱེད་ལ། ནང་དུ་སེམས་ཀྱི་རྟོག་པ་བཅུ་དྲུག་དག་པར་བྱེད་ལ། གསང་བར་རླུང་གི་འཕེན་སྡུད་བཅུ་དྲུག་དག་པར་བྱེད་ལ། བླ་ན་མེད་པར་ས་བཅུ་དྲུག་ལ་གནས་པའི་ངེས་པ་ཐོབ་པར་བྱེད་པས་དབང་བཅུ་དྲུག་ཏུ་བསྟན་པའོ། །དབང་དེ་དག་གི་དག་བྱ་ལུས་ངག་ཡིད་སེམས་བཞིའི་དྲི་མ་དག་པ་ལ་ལྟོས་ནས་གཞག་གོ «།»དེའང་ལུས་ལ་ཆུས་ཚོགས་པའི་ཆོས་བསྡུས་པས་འཆིང་བྱེད་རྒྱའི་དྲི་མར་སོང་། མེས་དེ་དག་སྨིན་ཅིང་གསལ་བར་བྱས་པས་དངོས་པོར་གྲུབ་པའི་དྲི་མར་སོང་། རླུང་གིས་དེ་དག་སོ་སོའི་ལས་བྱས་པས་ཞེན་པ་རང་རྒྱུད་དང་བཅས་པའི་དྲི་མར་སོང་བའོ། །ངག་སྨྲ་ནའང་སྨྲའོ་སྙམ་པ་ཡིད་ཀྱི་རྟོག་པས་བསླད་པའི་དྲི་མ་དང་། སྨྲ་བྱེད་ལུས་ཀྱི་དྲི་མ་དང་། སྨྲ་བའི་ཚིག་ལ་རྟོག་དཔྱོད་ཀྱི་དྲི་མ་དང་། བརྗོད་ལས་རྟོག་པའི་འགྱུར་བྱེད་ཀྱི་དྲི་མ་དང་། ཡང་ཡིད་འགྱུ་བ་ལའང་། འགྱུ་བ་དྲན་བསམ་གྱི་རྟོག་པའི་དྲི་མ་དང་། འགྱུ་བྱེད་ཡུལ་དང་ཤེས་པའི་དྲི་མ་དང་། འགྱུས་པ་བག་ཆགས་སྔ་ཕྱིའི་དྲི་མ་དང་། འགྱུས་པ་དངོས་ལ་ཞེན་པའི་དྲི་མ་དང་། ཡང་སེམས་ཀྱི་དྲན་པས་ཡུལ་འཇུག་པའི་དྲི་མ་དང་། བསམ་པས་དགེ་མི་དགེ་ལུང་དུ་བསྟན་མ་བསྟན་བཞི་ཀུན་ནས་སློང་བའི་དྲི་མ་དང་། རྟོག་པས་སྙམ་བྱེད་དང་། ཡིད་གཉིས་དང་། ཐེ་ཚོམ་དང་། ཡིད་དཔྱོད་ཀྱི་དྲི་མ་དང་། འཛིན་ཡུལ་སྣ་ཚོགས་ལ་རྟོག་པའི་དྲི་མའོ། །དྲི་མ་དེ་དག་གི་དག་བྱེད་དབང་བཞི་སྟེ། སྤྲོས་བཅས་ཀྱི་སྤྲོས་བཅས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་དྲུག་གོ «།»དེ་དག་གིས་ལུས་ངག་ཡིད་སེམས་བཞི་རེ་རེ་ལ་དྲི་མ་བཞི་བཞི་སྟེ་བཅུ་དྲུག་གི་ཚོགས་དག་པར་སྦྱོང་བའོ། །དེ་ཡང་ཐོག་མར་སྤྲོས་བཅས་ཉེ་བར་མཚོན་པ་ནི། སྤྲོས་བཅས་ཀྱི་སྤྲོས་བཅས་ལ་བརྡའི་སྤྲོས་བཅས་དང་། དོན་གྱི་སྤྲོས་བཅས་ཏེ་གཉིས། དེའི་སྤྲོས་མེད་ལ་བརྡ་དོན་གཉིས། ཤིན་ཏུ་སྤྲོས་མེད་ལ་གཉིས། རབ་ཏུ་སྤྲོས་མེད་ལ་བརྡ་དོན་གཉིས་ཏེ་བརྒྱད། དེ་བཞིན་དུ་སྤྲོས་མེད་ལ་བརྡའི་སྤྲོས་མེད་ལ་སོགས་པ་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད། རབ་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་གཉིས་སུ་འགྱུར་ལ། ལུས་ངག་ཡིད་སེམས་བཞིའི་ཚོགས་པ་ལའང་། དེ་ལྟར་ཕྱེ་བས་སུམ་ཅུ་རྩ་གཉིས་དག་པར་བྱེད་པ་ནི། བསྐྱེད་རིམ་གྱི་དག་བྱ་དང་དག་བྱེད་ཤེས་པའི་དགོས་པ་ཡོད་པའོ། །དེ་ལྟར་དག་བྱ་དྲི་མ་སུམ་ཅུ་རྩ་གཉིས་དང་། དག་བྱེད་དབང་སུམ་ཅུ་རྩ་གཉིས་བསྡོམས་ན། «༼༡༽«དྲུ»ག་ཅུ་རྩ་བཞི་ནི་དག་བྱ་དག་བྱེད་ཀྱི་དབྱེ་བ་ངེས་པའོ། །གཉིས་པ་ལུས་ཀྱི་བྱ་བ་ལ་བརྟེན་ནས་དབྱེ་བས་དབང་གི་གནས་ལུགས་བསྟན་པ་ནི། དག་བྱ་དྲི་མ་སུམ་ཅུ་རྩ་གཉིས་ཀྱི་གཞི་ལུས་མི་འདྲ་བ་དཔག་ཏུ་མེད་པ་ཡང་ས་ཆུ་མེ་རླུང་བཞི་ལས་གྲུབ་ལ། དེ་དག་ལ་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་བརྒྱད་དོ། །དེ་ཡང་ས་ཆུ་མེ་རླུང་གཞི་ལ་ཟུག་པ་དང་། བྱེར་བ་དང་། སྙོམས་པ་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་སོ། །དེ་དག་བྱེད་དབང་ལའང་སྤྲོས་བཅས་ལ་སོགས་བཞི་ལ་སྐུ་གསུང་ཐུགས་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་ཀྱིས་དག་པར་བྱེད་དོ། །འབྱུང་བཞི་ཕོ་མོ་གཉིས་ཏེ་བརྒྱད་ཀྱི་དག་བྱ་ནི། དབང་བཞི་ལ་ཐབས་ཤེས་རབ་གཉིས་གཉིས་སུ་ཕྱེ་བས་བརྒྱད་ཀྱིས་དག་པར་བྱེད་དོ། །ལུས་ཀྱི་འབྱུང་བའི་བྱེ་བྲག་ལའང་། ས་ལ་སོགས་པ་བཞི་པོ་རེ་རེ་ལ་སའི་ས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་དྲུག་ནི། ཚ་བ་དང་གྲང་བ་གཉིས་ཀྱི་དབྱེ་བས་དྲུག་ཅུ་རྩ་བཞིར་འགྱུར་ཏེ། གོང་གི་བརྡ་དོན་གྱི་དབྱེ་བའི་དབང ་དྲུག་ཅུ་རྩ་བཞིས་དག་པར་བྱེད་དོ། །དེའང་འབྱུང་བ་བཞི་པོ་རེ་རེ་ལའང ་ལེགས་པར་ཕྱེ་ན། ས་ལའང་དྲུག་ཅུ་རྩ་བཞི། དེ་ལ་ཁྱབ་པ་འབྱུང་བ་སྤྱིའི་ལུས་དང་། རང་གི་མཚན་ཉིད་འཛིན་པ་དངོས་ཀྱི་ལུས་གཉིས་སུ་ཕྱེ་བས། ས་ལ་ལུས་མི་འདྲ་བ་བརྒྱ་དང་ཉེར་བརྒྱད། དེ་བཞིན་དུ་ཕྱེ་བས་ཆུ་དང་མེ་དང་། རླུང་རྣམས་ལ་བརྒྱ་ཉེར་བརྒྱད་ཚན་པ་གསུམ་སྟེ། བསྡོམས་པས་ལྔ་བརྒྱ་དང་བཅུ་གཉིས་ཀྱི་ལུས་སུ་སྨིན་ནོ། །དེ་ལྟར་ཕྱིར་ལུས་སྨིན་པ་བཞིན་ནང་དུ་ཉོན་མོངས་པ་ཡང་། འདོད་ཆགས་ལ་བལྟས་པ་དང་། བགད་པ་དང་། བཅངས་པ་དང་། འཁྱུད་པ་སྟེ་བཞི་ནི་འབྱུང་བ་རེ་རེའི་ལུས་ལ་བཞི་བཞི་སྟེ་བཅུ་དྲུག གཏི་མུག་ལ་རྨུགས་པས་མ་ཤེས་པ་དང་། འཐིབས་པ་དང་། མྱོས་པ་དང་། རབ་ཏུ་མ་རིག་པ་འདྲེས་པ་དང་བཞི་པོ་ལུས་བཞི་ལ་ཕྱེ་བས་བཅུ་དྲུག ཞེ་སྡང་ལ་སྡང་བ་དང་། སྡང་བ་ཆེན་པོ་དང་། ཆེར་སྡང་བ་དང་། རབ་ཏུ་སྡང་བ་སྟེ་ལུས་རེ་ལས་ཕྱེ་བས་བཅུ་དྲུག །ང་རྒྱལ་ལ་ཕྲ་བ་དང་། རགས་པ་དང་། འགྱུར་བ་དང་། མཆེད་པ་དང་། འཕྲོ་བ་བཞི་ཡང་བཅུ་དྲུག །ཕྲག་དོག་ལ་ཡང་བ་དང་། ལྕི་བ་དང་། རྒོད་པ་དང་། ཕྲ་བ་བཞི་སྟེ་ཕྱེ་བས་བཅུ་དྲུག་སྟེ་བསྡོམས་པས་བརྒྱད་ཅུ་ཐམ་པ། དེ་ལས་བྱེ་བྲག་ཏུ་ཕྱེ་ན་འབྱུང་བའི་ལུས་མི་འདྲ་བ་ལྔ་བརྒྱ་དང་བཅུ་གཉིས་པོ་རེ་རེ་ལ། ཉོན་མོངས་པ་བཞི་བཞིའི་གྲངས་ཀྱིས་ཉི་ཤུ་ཉི་ཤུ་གནས་པས། ཐམས་ཅད་བསྡོམས་ནས་ཁྲི་ཕྲག་གཅིག་དང་བརྒྱ་བཞི་བཅུ་རྩ་བརྒྱད་དུ་འབྱུང་ལ། ལུས་དང་ཉོན་མོངས་པ་གཉིས་ཀའི་རྣམ་གྲངས་བསྡོམས་ནས་ཁྲི་ཕྲག་གཅིག་དང་དྲུག་བརྒྱ་དྲུག་ཅུ་ཐམ་པ་ནི་དག་བྱའི་དྲི་མ་ཡིན་ལ། དེའི་དག་བྱེད་ཀྱི་དབང་འོག་ཏུ་སྟོན་ནོ། །གསུམ་པ་གྲངས་ཀྱི་དབྱེ་བས་ལུས་དང་ཉོན་མོངས་པའི་དག་བྱེད་བསྟན་པ་ནི། དབང་རྣམ་པ་བཞི་ལས། དང་པོ་སྤྲོས་བཅས་ལའང་གཞིར་བྱས་པའི་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་ཕྱི་ནང་གསང་བ་ཡོངས་རྫོགས་དང་བཞིར་དབྱེ་ན། སྤྲོས་བཅས་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་སྟ་གོན་གྱི་ཚོམ་བུ་ལ་སོ་ཤིང་བྲིམ་པ། དེའི་ནང་མཎྜལ་འབུལ་བ། དེའི་གསང་བ་སྲུང་སྐུད་གདགས་ཤིང་ཀུ་ཤ་སྦྱིན་པ། ཡོངས་སུ་རྫོགས་པ་རྨི་ལམ་བརྟག་པའོ། །དེའི་སྤྲོས་མེད་ཀྱི་ཕྱིའི་དབང་ཁྲུས་བྱ་བ། གསོལ་བ་བཏབ་པ། རྡོ་རྗེས་ནང་དུ་བོད་པ་གསུམ་མོ། །དེའི་ནང་དམ་ཚིག་གི་མནའ་ཆུ་བླུད་པ། འཁོར་བ་སྤོང་བའི་མནའ། མྱང་འདས་ལེན་པའི་མནའ། སེམས་ཅན་གྱི་དོན་མི་བྱེད་རེའི་མནའ་བཞིའོ། །དེའི་གསང་བ་དམ་ཚིག་དང་། སྡོམ་པ་དབོག་པ་དང་། དཀྱིལ་འཁོར་དུ་འཇུག་པ་དང་། སེམས་ཀྱི་མེ་ཏོག་དབུལ་བའོ། །དེའི་ཡོངས་སུ་རྫོགས་པ་དཀྱིལ་འཁོར་དུ་འཇུག་པ་ལྷ་ངོ་བསྟན་པ། མེ་ཏོག་དོར་བ། མིང་གི་དབང་ངོ་། །དེའི་ཤིན་ཏུ་སྤྲོས་པ་མེད་པའི་ཕྱིའི་དབང་ཉན་ཐོས་ཀྱི་དཀྱིལ་འཁོར་དུ་འཇུག་པ། ས་ལམ་གྱི་ཚད་བསྟན་པ། སྟོད་གཡོགས་དང་སྨད་གཡོགས་སྦྱིན་པ། ལྷུང་བཟེད་དང་བསིལ་བྱེད་སྦྱིན་པ་ལ་སོགས་པ་སྟེ། ཁྲིམས་ཀྱི་ཐ་ཚིགས་ལ་སོགས་པ། ལས་ཀྱི་དབྱེ་བ། རྟེན་འབྲེལ་མཚོན་པ། སྒོམ་པ་སྦྱིན་པ། ལུང་བསྟན་པ་དང་། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དུ་འཇུག་པ་དང་། སེམས་བསྐྱེད་པ་དང་། སྡོམ་པ་སྦྱིན་པ་དང་། ཁྱད་པར་གྱི་སེམས་གཟུང་ལ་སོགས་པའོ། །དེའི་ནང་གི་དབང་ཀྲཱི་ཡའི་དཀྱིལ་འཁོར་དུ་འཇུག་པ་དང་། སེམས་བསྐྱེད་པ་དང་། སྡོམ་པ་གཟུང་བ་དང་། མེ་ཏོག་དོར་ཞིང་ལྷ་ངོ་བསྟན་པ་དང་། མིང་གི་དབང་དང་། ལུང་བསྟན་པ་དང་། གཟེངས་བསྟོད་པ་དང་། དབུགས་དབྱུང་བ་དང་། དབང་བསྐུར་བའོ། །དེ་བཞིན་དུ་ཨུ་པ་དང་ཡོ་གའི་དཀྱིལ་འཁོར་དུ་འཇུག་པ་ལ་རྣམ་གྲངས་དགུ་དགུ་སྟེ་ཉི་ཤུ་རྩ་བདུན་ནོ། །དེའི་གསང་བ་མ་ཧཱའི་ལུང་བསྟན་པ་དང་། དཀྱིལ་འཁོར་དུ་འཇུག་པ་དང་། ལྷ་ངོ་བསྟན་པ་དང་། མེ་ཏོག་དོར་བ་དང་། མིང་གི་དབང་དང་། ཉན་པ་དང་། འཆད་པ་དང་། ཕན་པ་དང་། ནུས་པ་དང་། རིག་པའི་དབང་དང་། ཡན་ལག་གི་དང་། ཁྱད་པར་གྱི་དབང་དང་བཅུ་གཉིས་སོ། །དེ་ནས་ཨ་ནུའི་དཀྱིལ་འཁོར་དུ་འཇུག་པ་དང་། བརྡ་ངེས་པར་མཚོན་པ་དང་། དབུགས་དབྱུང་བ་དང་། ཕྱག་རྒྱ་བསྒྱུར་བ་དང་། ལས་སུ་བྱ་བ་དང་། འཇུག་པ་ངེས་པ་དང་དྲུག་གོ «།»དེའི་ཡོངས་སུ་རྫོགས་པ། རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་གཞུག་པ་དང་། བསྒོམས་པ་ངེས་པའི་དཀྱིལ་འཁོར་དུ་མེ་ཏོག་དོར་བ་དང་། ལྷ་ངོ་བསྟན་ཞིང་དབང་བསྐུར་བ་དང་། འབྲས་བུ་བྱ་བྲལ་རྫོགས་པའི་དབང་བསྐུར་བ་དང་བཞིའོ། །སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་པ་མེད་པའི་ཕྱིའི་ཐ་«༼༡༽»དབང་ནི། དེ་ལྟར་རིམ་པ་དགུའི་དབང་རྫོགས་ནས། ཁྱད་པར་གྱི་དབང་ལ་འཇུག་པ་ནི། ཕྱག་རྒྱའི་དཀྱིལ་འཁོར་དུ་འཇུག་པ་སྟེ། དེའི་ཕྱི་ལ་རིག་མ་བརྟག་ཅིང་དགུག་པ་རྩ་བཙལ་ཞིང་སློང་བ། བདེ་བ་བཙལ་བ། རྒྱས་པར་བྱ་བ། དབབ་ཅིང་གཟུང་བ། བཟློག་ཅིང་སྦྱང་བ་དང་དྲུག་གོ «།»འདིའི་ནང་གི་དབང་ལ། སྦྱོར་བ་སྙོམས་པར་འཇུག་པ། བྱང་སེམས་ཡི་གེ་གསུམ་གྱི་སྒྲ་དང་བཅས་པ། མེ་ལོང་དུ་བླང་བ། དེ་«༼༢༽» རྡོ་རྗེ། པདྨ། འཁོར་ལོ་གསུམ་དུ་དམིགས་ཏེ་སློབ་མའི་ལྕེ་ལ་བཞག་ནས་ལུས་ངག་སྟོངས་པར་བྱ་བ་སྟེ་དྲུག་གོ «།»དེའི་གསང་བ་བདེ་བ་དང་བྱང་སེམས་དངོས་ཀྱི་བྱིན་རླབས་ལུས་ངག་ཡིད་གསུམ་ལ་བྱ་བ་གསུམ། གསང་བ་དང་གསང་བར་འོས་པ་དང་། གསང་བར་གཉེར་གཏད་པ་གསུམ་སྟེ་དྲུག་གོ «།»དེའི་ཡོངས་སུ་རྫོགས་པ་ཚིག་སྣ་ཚོགས་པས་མཚོན་པ་སྟེ། བརྡའི་ཚིག་དང་། དོན་གྱི་ཚིག་དང་། བརྡ་དོན་དབྱེར་མི་ཕྱེད་པའི་ཚིག་གསུམ་མོ། །དེ་ལྟར་ན་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་ལ། བསྐུར་རྒྱུའི་དབང་དྲུག དེའི་ཕྱི་ལ་སོ་ཤིང་བྲིམ་པ་དང་གཅིག དེའི་ནང་ལ་མཎྜལ་འབུལ་བ་དང་«༼༡༽»གཉིས། དེའི་གསང་བ་སྲུང་སྐུད་དང་ཀུ་ཤ་བྱིན་པ་གཉིས་ཏེ་བཞི། དེའི་  ཡོངས་རྫོགས་«༼༢༽»རྨི་ལམ་བརྟག་པ་དང་། བཟང་ངན་གྱི་རྗེས་དྲི་བ་གཉིས་ཏེ་དྲུག་གོ «།»དེའི་སྤྲོས་བཅས་ཀྱི་སྤྲོས་མེད་ཀྱི་ཕྱི་ལ་གསུམ་སྟེ་དགུ དེའི་ནང་ལ་བཞི་སྟེ་བཅུ་གསུམ། དེའི་གསང་བ་ལ་བཞི་སྟེ་བཅུ་བདུན། དེའི་ཡོངས་རྫོགས་ལ་བཞི་སྟེ་ཉེར་གཅིག «སྤྲོ»ས་པ་མེད་པའི་ཤིན་ཏུ་སྤྲོས་པའི་ཕྱི་ལ་ཉན་ཐོས་ལ་དྲུག རང་རྒྱལ་ལ་ལྔ་སྟེ་བཅུ་གཅིག བྱང་སེམས་ལ་བཞི་སྟེ་བཅོ་ལྔ། དེའི་ནང་གི་དབང་ལ་ཀྲཱི་ཡ་ལ་དགུ་སྟེ་ཉེར་བཞི། ཨུ་པ་ལ་དགུ་སྟེ་སོ་གསུམ། ཡོ་ག་ལ་དགུ་སྟེ་ཞེ་གཉིས། དེའི་གསང་བའི་དབང་ལ་མ་ཧཱ་ལ་བཅུ་གཉིས་ཏེ་ལྔ་བཅུ་རྩ་བཞི། ཨ ་ནུ་ལ་དྲུག་སྟེ་དྲུག་ཅུ་ཐམ་པ། དེའི་ཡོངས་རྫོགས་ཨ ་ཏི་ལ་བཞི་སྟེ་དྲུག་ཅུ་རྩ་བཞི་སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱིའི་དབང་ལ་བཅུ་བདུན། ནང་ལ་དྲུག་སྟེ་ཉེར་གསུམ། དེའི་གསང་བ་ལ་དྲུག་སྟེ་ཉེར་དགུ དེའི་ཡོངས་སུ་རྫོགས་པ་ལ་གཅིག་སྟེ་སུམ་ཅུ་ཐམ་པའོ། །ཤིན་ཏུ་སྤྲོས་མེད་ལ་དྲུག་ཅུ་རྩ་བཞི་སྟེ་དགུ་བཅུ་རྩ་བཞིའོ། །དེའི་སྤྲོས་མེད་ལ་བཅོ་ལྔ་སྟེ་བརྒྱ་དང་དགུའོ། །དེའི་སྤྲོས་བཅས་ལ་དྲུག་སྟེ་སྤྲོས་བཅས་བསྐུར་རྒྱུའི་ཆོས་བརྒྱ་དང་བཅོ་ལྔའོ། །སྤྲོས་མེད་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་ལ་བླ་མའི་བྱ་བ་དང་སློབ་མའི་བྱ་བ་གཉིས། དེའི་ནང་ལ་མཎྜལ་དང་བུམ་པ་གཉིས་ཏེ་བཞི། དེའི་གསང་བ་ལ་མཎྜལ་གྱི་ལེགས་པར་བཤད་པའི་ཆོས་ལྔ། བུམ་པའི་ལེགས་བཤད་ལྔ་སྟེ་བཅུ། གོང་མ་བཞི་དང་བསྡོམས་པས་བཅུ་བཞི། དེའི་ཡོངས་རྫོགས་ལ་བླ་མས་མིང་གི་མཚོན་པ་བརྗོད་པ་དང་སློབ་མས་སྟོབས་བསྐྱེད་པ་གཉིས་ཏེ་བཅུ་དྲུག་གོ །སྤྲོས་མེད་ཀྱི་སྤྲོས་མེད་ཀྱི་ཕྱིའི་དབང་ལ་ཨའི་བསྙེན་པས་སྐྱེ་མེད་ཀྱི་ལམ་སྦྱང་བ་དང་། ཨའི་སྒྲུབ་པས་འགག་མེད་ཀྱི་སྣ་བསལ་བ་དང་། ཨའི་འཕྲོ་འདུས་ལུས་ངག་ཡིད་དག་པར་བྱེད་པ་དང་གསུམ་མོ། །དེའི་ནང་ལ་ཁྲུས་ཀྱིས་དག་བྱའི་ཚུལ་བསྟན་པ། མཎྜལ་ཕུལ་བས་འདོད་པའི་དོན་ཐོབ་པར་བྱ་བ། ལུང་བཙལ་བས་བྱ་བ་ལ་འཇུག་པ་ངོ་ཤེས་པ་དང་གསུམ་མོ། །དེའི་གསང་བ་ལ་དཀྱིལ་འཁོར་དུ་འཇུག་པས། དབྱིངས་ལ་རིག་པ་གཞུག་པའི་གནད་དང་། ལྷ་ངོ་བསྟན་པས་དབྱིངས་རིག་ངོ་སྤྲད་པ་དང་། མིང་གི་དབང་བསྐུར་བས་སངས་རྒྱས་ཀྱི་སྲས་སུ་བྱ་བའོ། །དེ་ལྟར་གསུམ་དང་། དེའི་ཡོངས་སུ་རྫོགས་པ་ལ་ཕྱི་ཡུལ་དབང་པོའི་ཚིགས་སུ་བཅད་པས་ལུང་བསྟན་པས་ཤེས་པ་དང་ཡུལ་གཉིས་མེད་ཉམས་སུ་མྱོང་བའི་དབང་དང་། ནང་སེམས་གསལ་བའི་ཚིགས་སུ་བཅད་པས་དབུགས་དབྱུང་བས་སྐྱེ་མེད་ངོས་གཟུང་དང་བྲལ་བའི་དབང་དང་། གསང་བ་ཟུང་འཇུག་རིས་མེད་ཀྱི་ཚིགས་སུ་བཅད་པས་གཟེངས་བསྟོད་པས་དབྱིངས་རིག་གཉིས་མེད་བདེ་ཆེན་གྱི་དབང་བསྟན་པ་དང་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འཇུག་པར་འོས་པ་དང་། ཐོབ་པར་འོས་པ་གཉིས། དེའི་ནང་ལ་སྤྱོད་པར་ངེས་པ་དང་། ལྟ་བར་ངེས་པ་གཉིས་ཏེ་བཞི། དེའི་གསང་བ་ལ་རིགས་འབྱེད་པ་དང་། བདག་ཉིད་དུ་གནས་པ་གཉིས་ཏེ་དྲུག དེའི་ཡོངས་སུ་རྫོགས་པ་ལ་རྒྱུ་དང་རྐྱེན་གཉིས་ཏེ་བརྒྱད་དོ། །དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་སེམས་གནས་པ་དང་། ངག་གནས་པ་གཉིས། དེའི་ནང་ལ་ངག་བསྒྱུར་བ་དང་། སེམས་ཐོབ་པ་གཉིས་ཏེ་བཞི། དེའི་གསང་བ་ལ་བདེ་བ་ལུང་བསྟན་པ་དང་། གསང་བ་དབུགས་དབྱུང་བ་གཉིས་ཏེ་དྲུག དེའི་ཡོངས་རྫོགས་ལ་སྤྲོ་བར་གནས་པ་དང་། རང་གི་ལས་ཐོབ་པ་གཉིས་ཏེ་བརྒྱད་དོ། །དེ་ལྟར་སྤྲོས་མེད་ཀྱི་སྤྲོས་བཅས་ལ་བཅུ་དྲུག དེའི་སྤྲོས་མེད་ལ་བཅུ་གཉིས་ཏེ་ཉེར་བརྒྱད། དེའི་ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་དྲུག དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དོ། །བསྐུར་བས་ཐོབ་པའི་འབྲས་བུ་བཞི་བཅུ་རྩ་བཞིའོ། ། ཤིན་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ཀྱི་ཕྱི་ལ། ལམ་གསལ་བའི་ཕྱིར་བླ་མ་ལ་གསོལ་བ་གདབ་པ་དང་། རྣམ་ཤེས་བརྒྱད་ཀྱི་འཕྲོ་འདུ་བཅད་པའི་ཕྱིར་ཡི་གེ་བརྒྱད་ཀྱི་རྒྱས་གདབ་པ་དང་། ཡིད་ཀྱི་བྱུང་ཚོར་བཀག་ནས་བར་ཆད་ཞི་བའི་ཕྱིར་ཕཊ་ཀྱི་སྒྲ་སྒྲོགས་པ་དང་གསུམ། དེའི་ནང་ལ་གནས་བཙལ་བས་ཕྱོགས་ཀྱི་ངེས་པ་གཟུང་བ་དང་། བགེགས་བསལ་བའི་ཕྱིར་གཏོར་མ་སྦྱིན་པ་དང་། སེམས་ལ་སྤྲོ་བ་བསྐྱེད་པ་དང་གསུམ། དེའི་གསང་བ་ལ་ལུས་ཀྱི་སྤྱོད་པ་བརྩམ་པའི་ཡུལ་དང་། རྩོམ་པའི་ཐབས་དང་། བརྩམས་པའི་དགོས་པ་དང་གསུམ། དེའི་ཡོངས་སུ་རྫོགས་པ་ལ་ངག་གི་སྤྱོད་པ་བརྩམ་པའི་ཡུལ་དང་། རྩོམ་པའི་ཐབས་དང་། བརྩམས་པའི་དགོས་པ་གསུམ། དེའི་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་སྤྱོད་པ་རྩོམ་པའི་ཡུལ། ཐབས་དགོས་པ་གསུམ། དེའི་ནང་ལ་ལུས་དང་། ངག་དང་། སེམས་ཀྱི་སྡིག་པ་ངེས་པའི་ཡུལ་གསུམ། དེའི་གསང་བ་ལ་ལུས་དང་། ངག་དང་། སེམས་ཀྱི་སྡིག་པ་དག་པའི་ཚད་«༼༡༽» གསུམ། དེའི་ཡོངས་རྫོགས་ལ། ལུས་དང་། ངག་དང་། སེམས་ཀྱི་མ་དག་ན་བཤགས་པའི་ཐབས་གསུམ་སྟེ་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འབྲུའི་མཎྜལ་གྱིས་ལོངས་སྤྱོད་འཕེལ་བ་དང་། དྲིས་ཁམས་རྒྱས་པ་དང་། མེ་ཏོག་གིས་དབང་པོ་གསལ་བ་དང་། རིན་པོ་ཆེས་འབྱོར་བ་རྒྱས་པ་བཞིའོ། །དེའི་ནང་ལ་རིགས་བྲིས་«༼༡༽»པས་བདེ་བ་ཉམས་སུ་མྱོང་བ་དང་། ཡིན་པར་བརྗོད་པས་སྤྲོ་བ་བསྐྱེད་པ་གཉིས་ཏེ་དྲུག དེའི་གསང་བ་དཀྱིལ་འཁོར་དུ་འཇུག་པ་ལ། ཤར་སྒོ་ནས་ཞུགས་པས་ལམ་སྟོང་ཉིད་དུ་བསྟན་པ་དང་། ལྷོ་སྒོ་ནས་ཞུགས་པས་སེམས་སྟོང་པ་ཉིད་དུ་ངོ་སྤྲད། ནུབ་སྒོ་ནས་ཞུགས་པས་ཉོན་མོངས་པ་སྟོང་ཉིད་དུ་རང་གྲོལ། བྱང་སྒོར་ཞུགས་པས་ལས་དང་བག་ཆགས་སྟོང་ཉིད་དུ་མཐའ་ཟད་པ་དང་བཞི་སྟེ་བཅུའོ། །དེའི་ཡོངས་རྫོགས་རིག་པའི་མེ་ཏོག་དོར་བས་སེམས་སེམས་ཉིད་དུ་ཐིམ་པའི་གནད་དང་། དེ་ལས་དབུགས་དབྱུང་བ་དང་། ལུང་བསྟན་པ་གཉིས་ཏེ་བཅུ་གཉིས་སོ། །དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་ལུས་གནད་སྐྱིལ་ཀྲུང་གིས་གཞི་བཅའ་བ་དང་། ཉི་མ་ལྔ་ལ་སེམས་གཏད་པས་ཡེ་ཤེས་ལྔ་ངོས་ཟིན་པ་དང་། དེའི་འོད་འཕྲོ་བས་སེམས་གསལ་གདབ་པ་དང་གསུམ། དེའི་ནང་ལ་ཇེ་མཐོ་རྟོག་པ་མེད་པའི་ལམ་བཙལ་བ་དང་། སླར་མི་ལྡོག་པས་མྱ་ངན་ལས་འདས་པའི་སར་གཞི་འཛུགས་པ་དང་། ལན་གསུམ་དུ་བརྗོད་པས་སྐུ་གསུམ་འདུ་འབྲལ་མེད་པའི་ས་ལ་དབྱེར་མེད་པ་དང་གསུམ་སྟེ་དྲུག དེའི་གསང་བ་ལ་བླ་མས་བཞེངས་པས་སྣང་སྲིད་ཆོས་ཉིད་དུ་བཞེངས་པའི་གདེང་རྙེད་པ་དང་། ཨ་ཨ་ཞེས་པས་མ་སྐྱེས་ལ་སྐྱེ་བ་མེད་པའི་གནད་བཙལ་བ་དང་། མིག་ལ་མཛུབ་མོ་གཏད་པས་རིག་པ་འཆར་བའི་ལམ་གསལ་བ་དང་དགུའོ། །དེའི་ཡོངས་རྫོགས་ལ་ནམ་མཁའ་རྒྱ་ཆེ་བར་བརྗོད་པས་དབྱིངས་ལ་འདྲིས་པར་བྱ་བ་དང་། ནམ་མཁའ་ལ་ཕྱག་གིས་བྱུགས་པས་བརྡ་དོན་ཉམས་དང་འདྲེས་པ་དང་། འགྲོ་ན་འགྲོ་ས་འདུག་གམ། འདུག་ན་འདུག་ས་འདུག་གམ། སླར་འགྲོ་ས་དང་ལྡོག་ས་འདུག་གམ་གྱི་རྒྱས་གདབ་པ་དང་ལྔ་སྟེ། བཅུ་བཞིའོ། ། རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ཀྱི་ཕྱི་ལ་སུ་ཡིན་དྲིས་པས་རིགས་མཚོན་པ་དང་། སེམས་ཀྱི་བུས་ལན་བཏབ་པས་ལམ་ཉེ་བར་འཇུག་པ་དང་གཉིས། དེའི་ནང་ལ་ཆོས་སྐུའི་འདུག་སྟངས་ཀྱིས་གཞི་བཙལ་བ་དང་། ལོངས་སྐུའི་འདུག་སྟངས་ཀྱིས་ལམ་གསལ་བ་དང་། སྤྲུལ་སྐུའི་འདུག་སྟངས་ཀྱིས་ཕུགས་དཀྲུ་བ་དང་གསུམ། དེའི་གསང་བ་ལ་འདུག་སྟངས་ཐུན་མོང་བ་རྣམས་ཀྱིས་གནད་བསྟུན་པ་དང་། ཨེ་མ་ལ་སོགས་པས་ཆོས་སྐུའི་དཀྱིལ་འཁོར་དུ་འཇུག་པ་ལུས་ཀྱི་གནད་དང་། ལོངས་སྐུ་དང་སྤྲུལ་སྐུའི་དཀྱིལ་འཁོར་དུ་འཇུག་པ་ལུས་གནད་བསྟུན་པ་དང་བདུན་ཏེ་དགུའོ། །དེའི་གསང་བ་ལ་སྤྲུལ་སྐུའི་ཞིང་དུ་འཇུག་པའི་བར་ཏེ་བཅུ་གསུམ། དེའི་ཡོངས་རྫོགས་ལ་ལོངས་སྐུའི་ཞིང་དུ་འཇུག་པ་དང་ལྔ་སྟེ་བཅོ་བརྒྱད་དོ། །དེའི་སྤྲོས་མེད་ཀྱི་ཕྱི་ལ་ཆོས་སྐུའི་ཞིང་ཁམས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། དེའི་ནང་ལ་སྐུ་གསུམ་གྱི་ལྷ་ངོ་བསྟན་པ་གསུམ་སྟེ་དྲུག དེའི་གསང་བ་ལ་དེར་གནས་པ་གསུམ་སྟེ་དགུ། དེའི་ཡོངས་རྫོགས་ལ་སླར་མི་ལྡོག་པའི་ས་གསུམ་སྟེ་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་ངོ་བོ་ངེས་ཚིག དབྱེ་བ་མཚོན་པ་གསུམ། དེའི་ནང་ལ་སེམས་གནས་པ། ཐོབ་པ་བརྟན་པ་གསུམ་སྟེ་དྲུག དེའི་གསང་བ་ལ་སེམས་ཀྱི་གཞི་ལམ་འབྲས་བུ་གསུམ་སྟེ་དགུ། དེའི་ཡོངས་རྫོགས་ལ་སེམས་ཀྱི་འཇུག་པ། ཁྱབ་བྱེད། འགྱུར་དང་གསུམ་སྟེ་བཅུ་གཉིས་སོ། །དེའི་རབ་ཏུ་སྤྲོས་མེད་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱི་ལ། ལུས་ཀྱི་འདུག་སྟངས་བཅུ་གཅིག་གིས་ཐོབ་སྟེ་གནས་པ་དང་། དེའི་ནང་ལ་སེམས་ཀྱིས་«༼༡༽»བཅུ་གཉིས་ཀྱིས་སྲིད་པའི་འཁོར་ལོ་བཅུ་གཉིས་རྒྱུན་གཅོད་པ་དང་ཉེར་གསུམ། དེའི་གསང་བ་ལ་སེམས་ཉིད་སྐྱེ་མེད་དུ་ལྷ་ངོ་བསྟན་པས་སེམས་བདུན་ལ་དབང་ཐོབ་པས་    མ་རིག་པའི་«༼༢༽»ཁམས་བདུན་རྒྱུན་གཅོད་པ་སྟེ་སུམ་ཅུ། དེའི་ཡོངས་རྫོགས་ལ་མན་ངག་གི་དབྱེ་བ་དྲུག་དང་། ཟག་པ་མེད་པའི་སྡེ་བཞི་སྟེ་བཅུ་གཅིག་དང་བསྡོམས་པས་ཞེ་གཅིག་གོ །དེ་ལྟར་ན་རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ལ་རྣམ་གྲངས་བཅོ་བརྒྱད། དེའི་སྤྲོས་མེད་ལ་བཅུ་གཉིས་ཏེ་སུམ་ཅུ། དེའི་ཤིན་ཏུ་སྤྲོས་མེད་ལ་བཅུ་གཉིས་ཏེ་ཞེ་གཉིས། དེའི་རབ་ཏུ་སྤྲོས་མེད་ལ་ཞེ་གཅིག་སྟེ་བརྒྱད་ཅུ་རྩ་གསུམ་མོ། །ཤིན་ཏུ་སྤྲོས་པ་མེད་པ་ལ་བཞི་བཅུ་རྩ་བརྒྱད་དེ་བརྒྱ་སུམ་ཅུ་སོ་གཅིག «སྤྲོ»ས་པ་མེད་པ་ལ་དེའི་སྤྲོས་བཅས་ལ་བཅུ་དྲུག «སྤྲོ»ས་མེད་ལ་བཅུ་གཉིས་ཏེ་ཉེར་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་དྲུག དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དེ་བཞི་བཅུ་རྩ་བཞི་སྟེ། བརྒྱ་བདུན་ཅུ་རྩ་བཞི། སྤྲོས་བཅས་ལ་བརྒྱ་དང་བཅོ་ལྔ་སྟེ་ཉིས་བརྒྱ་བཞི་བཅུ་རྩ་དགུའོ། །དེ་ཡང་སྐུ་གསུང་ཐུགས་དབྱེར་མེད་པ་དང་བཞི་ལ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། མ་ངེས་པའི་དུས་བཞིར་བྱས་ཏེ། དབང་ཉིས་བརྒྱ་བརྒྱད་ཅུ་རྩ་དགུ་པོ་དེ་བཞིར་འབྲེལ་བས་ཕྱེ་ན། ཁྲི་ཆིག་སྟོང་ཆིག་བརྒྱ་དང་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །དེ་ལྟར་དག་བྱེད་དེ་ཙམ་གྱིས། དག་བྱ་འགྲོ་བའི་ལུས་མི་འདྲ་བ་བཅུ་གཉིས་ལས་བྱེད་པའི་འགྱུར་གྱིས་རྣམ་པར་ཕྱེ་ན། ཁྲི་ཕྲག་གཅིག་དང་། སྟོང་ཕྲག་གསུམ་དང་། དྲུག་བརྒྱ་སུམ་ཅུ་རྩ་གཉིས། ཉོན་མོངས་པ་ཡང་དེའི་འགྱུར་བརྩིས་པས་ཁྲི་ཕྲག་གཅིག་དང་ཕྱེད་དང་བདུན་བརྒྱ་སྟེ། དེ་ལས་སྟོང་ཕྲག་གཉིས་དང་དགུ་བརྒྱ་བདུན་ཅུ་རྩ་གཉིས་ལྷག་པ་ནི། ལས་ཀྱི་མཐའ་ཉེ་བར་སྡུད་པ་ལ་དགོངས་པ་སྟེ། གོང་གི་ལུས་དང་ཉོན་མོངས་པའི་དབྱེ་བ་རྣམས་དག་པར་བྱེད་པའོ། །ཞར་ལ་དག་བྱ་ནང་གི་རླུང་གི་དབྱེ་བས་དབང་ངེས་པའི་རྣམ་གྲངས་བསྟན་པ་ནི། འབྱུང་བ་བཞིའི་རླུང་གི་རིམ་པས་ཏེ། དེའི་དག་བྱེད་དབང་བཞི་ལ་རང་ངོའི་དབྱེ་བ་བཅུ་དྲུག་ལས། རེ་རེ་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞིར་ཕྱེ་བས། སྤྲོས་བཅས་ལ་བཅུ་དྲུག །སྤྲོས་མེད་ལ་བཅུ་དྲུག་སྟེ་སོ་གཉིས། ཤིན་ཏུ་སྤྲོས་མེད་ལ་བཅུ་དྲུག་སྟེ་ཞེ་བརྒྱད། རབ་ཏུ་སྤྲོས་མེད་ལ་བཅུ་དྲུག་སྟེ་དྲུག་ཅུ་རྩ་བཞིས་ནི། རླུང་ལས་རླུང་། ཆུ་རླུང་། མེ་རླུང་། རླུང་གི་རླུང་བཞི་ལ། བྱེར་བ། ཟུག་པ། སྙོམས་པ། འཁྲུག་པ་བཞི་བཞིར་ཕྱེ་བས་བཅུ་དྲུག དེ་རེ་རེ་ལ་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་སུམ་ཅུ་རྩ་དྲུག་གི་ཕྱེད་པའི་ལས་དག་པར་བྱེད་པའོ། །སྤྱི་དོན་གསུམ་པ་དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུ་ལ་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གི་འབྲས་བུའོ། །དང་པོ་ལ་ལམ་གྱི་ཡོན་ཏན་སྤྱིར་བསྟན་པ་དང་། རིགས་འཛིན་བཞིའི་ཐོབ་ཚུལ་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི་སྤྲོས་བཅས་ཀྱིས་ཚོགས་ལམ་བཅུ་གཉིས་རྫོགས་པའི་ཡོན་ཏན་འཐོབ་པའི་རྟེན་བྱེད། སྤྲོས་མེད་ཀྱིས་སྦྱོར་ལམ་ངེས་འབྱེད་ཆ ་བཞི་རྫོགས་པའི་རྟེན་བྱེད། ཤིན་ཏུ་སྤྲོས་མེད་ཀྱིས་མཐོང་ལམ་རྫོགས་པའི་རྟེན་བྱེད། རབ་ཏུ་སྤྲོས་མེད་ཀྱིས་སྒོམ་ལམ་ས་དགུ་རྫོགས་པའི་རྟེན་བྱེད་པའོ། །དེ་བཞིན་དུ་མོས་པའི་ས་དང་འཇུག་པའི་ས་དང་བསྒྱུར་བའི་ས་དང་ཆོད་པའི་ས་བཞི་དབང་བཞི་རེ་རེ་ལ་སྦྱར་བས་ས་བཅུ་དྲུག་གི་ཡོན་ཏན་རྫོགས་པས་ཐུན་མོང་གི་ཡོན་ཏན་རྫོགས་པའི་རང་བཞིན་ཐོབ་པའོ། །དེ་ཡང་སྤྲོས་བཅས་ཀྱི་སྤྲོས་བཅས་མོས་པ་དང་ལྡན་པའི་ས་སྟེ་གདུང་བ་དང་བསོད་ནམས་ཀྱི་ཁྱད་པར་རོ། །དེའི་སྤྲོས་མེད་འཇུག་པ་དག་པའི་ས་སྟེ་དད་པས་ངེས་པ་ལ་བརྟེན་ནས་རང་དབང་ཅན་དུ་འཇུག་པའོ། །དེའི་ཤིན་ཏུ་སྤྲོས་མེད་དངོས་པོ་དག་པར་བསྒྱུར་བའི་ས་སྟེ་ལུས་ངག་གི་བཅིངས་པ་ལ་མི་གནས་པའོ། །དེའི་རབ་ཏུ་སྤྲོས་མེད་ལས་ཀྱི་མཐའ་ཆོད་པའི་ས་སྟེ། སྤྲོས་པ་དང་འཁོར་བ་ལ་མི་གནས་པའོ། །དེ་བཞིན་དུ་དབང་ལྷག་མ་གསུམ་ལའང་སྦྱོར་«༼༡༽» ཏེ། མོས་པ་ལ་སོགས་པའང་བཞི་བཞིར་སྦྱར་ན། མོས་པའི་མོས་པ་དད་པས་ངེས་པ། མོས་པའི་འཇུག་པ་སྙིང་རྗེ་ངེས་པ། མོས་པའི་བསྒྱུར་བ་ཐབས་ཀྱིས་ཟིན་པ། མོས་པའི་ཆོད་པ་ཤེས་རབ་ཀྱིས་དོན་ཆོད་པའོ། །འཇུག་པའི་མོས་པ་ཞི་གནས་ལ་མོས་པ། དེའི་འཇུག་པ་ལྷག་མཐོང་ལ་འཇུག་པ། དེའི་བསྒྱུར་བ་མཉམ་གཞག་གི་རྟོགས་པ་ཐ་དད་དུ་བསྒྱུར་བ། དེའི་ཆོད་པ་རྗེས་ཤེས་ཀྱི་འགྱུ་བ་ཆོད་པའོ། ། བསྒྱུར་བའི་མོས་པ་གོས་ཀྱི་ཞེན་པ་གྲོལ་བ། དེའི་འཇུག་པ་ཟས་ཀྱི་ཞེན་པ་གྲོལ་བ། དེའི་བསྒྱུར་བ་རྨི་ལམ་འོད་གསལ་དུ་གྲོལ་བ། དེའི་ཆོད་པ་བག་ཆགས་དང་ཉོན་མོངས་གྲོལ་བའོ། །ཆོད་པའི་མོས་པ་སྤྱོད་པས་འཁོར་བ་ལ་མི་གནས་པ། དེའི་འཇུག་པ་བསྒོམས་པས་བསམ་གཏན་ལ་གནས་པ། དེའི་བསྒྱུར་བ་ལྟ་བས་འཁྲུལ་སྣང་ལ་མི་གནས་པར་ཁམས་གསུམ་སྐུ་གསུམ་དུ་བསྒྱུར་བ། དེའི་ཆོད་པ་འབྲས་བུ་འཁོར་འདས་གཉིས་དུས་གཅིག་ལ་ཆོད་པའོ། །དེ་ལྟར་བཅུ་དྲུག་དང་དབང་གི་ངོ་བོ་བཅུ་དྲུག་པོ་དེ་བསྡོམས་པས་སུམ་ཅུ་རྩ་གཉིས་ལ། ས་བཅུ་དྲུག་ལ་ཡེ་ཤེས་གནས་པ། སྐྱེ་བ། ཐོབ་པ། འཆར་བ་བཞི་བཞིར་དབྱེ་བས་དྲུག་ཅུ་རྩ་བཞི་ནི་རྡོ་རྗེ་འཆང་གི་ས་མཆོག་རྫོགས་པར་བྱེད་པའོ། །དབང་གི་ངོ་བོ་བཅུ་དྲུག་ལ་སྦྱར་བས་མཚན་སུམ་ཅུ་རྩ་གཉིས་འགྲུབ་པའི་རྒྱུ་བྱེད་པའོ། །གཉིས་པ་རིགས་འཛིན་གྱི་ས་བཞིའི་ཐོབ་ཚུལ་ནི། དབང་བཞིའི་འཇུག་པ་རྗེས་སུ་དྲན་པ་ལས་རིགས་འཛིན་གྱི་ས་བཞི་སྟེ། རྣལ་འབྱོར་གྱི་ས་དང་། རྣལ་འབྱོར་ཆེན་པོའི་ས་དང་། འབྱེད་པའི་རྣལ་འབྱོར་གྱི་ས་དང་། རྟོགས་པའི་རྣལ་འབྱོར་གྱི་ས་དང་བཞི་ལས། དབང་དུ་བསྒྱུར་བ་དང་མ་བསྒྱུར་བ་གཉིས་གཉིས་ཏེ་བརྒྱད་དུ་ངེས་སོ། །དེ་ལ་ཡང་ཆ་ཤས་ཀྱིས་བཞི་བཞིར་ཕྱེ་ན། རྣལ་འབྱོར་གྱི་ས་ལའང་། རྣལ་འབྱོར་དང་། བྱ་བའི་རྣལ་འབྱོར་དང་། སྤྱོད་པའི་རྣལ་འབྱོར་དང་། བསྒྱུར་བའི་རྣལ་འབྱོར་དང་བཞིའོ། །རྣལ་འབྱོར་ཆེན་པོ་ལ་ཤིན་ཏུ་རྣལ་འབྱོར་གྱི་ས་དང་། རང་ས་ངེས་པའི་རྣལ་འབྱོར་གྱི་ས་དང་། སྤྲོས་པའི་རྣལ་འབྱོར་གྱི་ས་དང་། བྱ་བྲལ་རྫོགས་པའི་རྣལ་འབྱོར་གྱི་ས་སྟེ་བཞིའོ། །འབྱེད་པའི་རྣལ་འབྱོར་གྱི་ས་ལ། བརྡའི་ས་དང་། དོན་གྱི་ས་དང་། བརྡ་དོན་དབྱེར་མེད་ཀྱི་ས་དང་། མ་འདྲེས་པའི་ས་སྟེ་བཞིའོ། །རྟོགས་པའི་རྣལ་འབྱོར་གྱི་ས་ལ། རྫུ་འཕྲུལ་འཕྲུལ་པའི་ས་དང་། ཁྱད་པར་རྟོགས་པའི་ས་དང་། མངོན་པར་འབྱུང་བའི་ས་དང་། དཔའ་བོ་རིགས་འབྱེད་ཀྱི་ས་དང་བཞི་སྟེ་བསྡོམས་པས་ས་བཅུ་དྲུག་གོ །དེ་ལྟར་ས་བཅུ་དྲུག་ལས། ས་དང་པོ་ལ་ཤེས་བྱེད་ཀྱི་རྫུ་འཕྲུལ་བདུན་ནི། རང་གི་ལུས་བརྒྱ་སྟོང་དུ་སྤྲུལ་པ་དང་། དེ་དག་ལ་ཡན་ལག་བརྒྱ་སྟོང་དུ་སྤྲུལ་པ་དང་། ལུས་གཅིག་ལ་མགོ་བརྒྱ་སྟོང་དུ་སྤྲུལ་པ་དང་། ལུས་བརྒྱ་སྟོང་ལ་མགོ་གཅིག་པར་སྤྲུལ་པ་དང་། མགོ་གཅིག་ལ་ལུས་མི་འདྲ་བ་བརྒྱ་སྟོང་སྤྲུལ་ནས་དེ་ལས་སྤྲུལ་པ་འགྱེད་པ་སྟེ་ལྔ་དང་། ལུས་ལ་མགོ་དང་ཡན་ལག་མི་འདྲ་བ་དཔག་ཏུ་མེད་པར་སྤྲུལ་པ་དང་དྲུག «སྐྱེ»་བ་སྣ་ཚོགས་པར་སྤྲུལ་པ་དང་བདུན་ནི་དབང་དུ་གྱུར་པའི་ས་རྟོགས་པ་ལས་བྱུང་བའོ། །ས་གཉིས་པ་ལ་རང་གི་ཁོག་པ་ཁ་ཕྱེ་ནས་གློ་སྙིང་རྣམས་གཞན་ལ་སྟོན་པར་ནུས་པ་དང་། ལུས་ཀྱི་སྟོད་ནས་མེ་འབར་བ་ལ་སྨད་ནས་ཆུ་འབྲུག་པར་ནུས་པ་དང་། ཡན་ལག་བཅད་ནས་ཕྱོགས་བཞིར་འཐོར་བར་ནུས་པ་དང་། མིག་ལ་སོགས་པའི་དབང་པོ་ལྔ་ཐང་ལ་ལྷུང་བར་ནུས་པ་དང་། ལུས་ཀྱི་སྟོབས་ཀྱིས་རི་བོ་འཕེན་པར་ནུས་པ་དང་། ཕྱིའི་རྒྱ་མཚོ་ཆེན་པོ་ནམ་མཁའ་ལ་སྤར་བར་ནུས་པ་དང་། གཟའ་སྐར་རྣམས་ཐང་ལ་ལྷུང་བར་ནུས་པ་དང་བདུན་ནི་དབང་གི་དུས་སུ་ཡན་ལག་བདུན་སྔོན་དུ་སོང་བ་ལས་བྱུང་བའོ། །ས་གསུམ་པ་ལ་རླུང་ཞགས་པར་འཆིང་བར་ནུས་པ་དང་། འགྲོ་བའི་བསམ་པ་གཞན་དུ་བསྒྱུར་བ་དང་། འཇིག་རྟེན་སྐྱོང་བའི་ལྷའི་རྒྱལ་པོ་རྣམས་སྒྲོལ་བར་ནུས་པ་དང་། མཁའ་འགྲོ་མའི་ཡིད་འཕྲོག་པར་ནུས་པ་དང་། འགྲོ་བ་བརྒྱ་སྒྲོལ་ཞིང་བསྒྲལ་བ་རྣམས་གསོ་བར་ནུས་པ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་གྱི་བུ་མོ་ལ་རོལ་པར་ནུས་པ་དང་། དབང་ཕྱུག་ཆེན་པོ་ལ་སོགས་པའི་འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ཀྱི་སྟོབས་ཉམས་པར་ནུས་པ་དང་བདུན་ནི་དབང་བསྐུར་བའི་དུས་སུ་སེམས་བསྐྱེད་པ་ལས་བྱུང་བའོ། །ས་བཞི་པ་ལ་ནམ་མཁའ་རྡོ་རྗེར་བསྒྱུར་བར་ནུས་པ་དང་། མེ་ཆུར་བསྒྱུར། ཆུ་མེར་བསྒྱུར། ས་མེར་བསྒྱུར། ས་ཆུར་བསྒྱུར། རླུང་མེར་བསྒྱུར། མེ་རླུང་དུ་བསྒྱུར་བར་ནུས་པ་དང་བདུན་ནི་ཡི་གེ་སྤྲོ་བསྡུ་བསྒོམས་པ་ལས་བྱུང་བའོ། །ས་ལྔ་པས་ནི་ནམ་མཁའ་བདུན་པ་ལ་དབང་བསྒྱུར་བར་ནུས་ཏེ་སྟོང་ཉིད་བསྒོམས་པ་ལས་བྱུང་བའོ། །ས་དྲུག་པས་མེ་བདུན་ལ་དབང་བསྒྱུར་བ་ནི། སྔོན་དུ་དབང་གི་ཤེས་བྱེད་ལས་བྱུང་བའོ། །ས་བདུན་པས་ས་གཅིག་ནས་གཉིས་སུ་བྱས་པའི་བདུན་ལ་དབང་བ་ནི་འབྱུང་བ་རིམ་བརྩེགས་བསྒོམས་པ་ལས་བྱུང་བའོ། །ཡང་ཆུ་བདུན་ལ་དབང་བ་ནི་སྔོན་འགྲོ་སོང་བ་ལས་བྱུང་བའོ། །ས་བརྒྱད་པས་རླུང་བདུན་ལ་དབང་བ་ནི་འཁོར་ལོ་བཞིའི་རླུང་སྦྱངས་པ་ལས་བྱུང་བའོ། །ས་དགུ་པས་བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་བསྐྱོད་ནུས་པ་ནི་སྦྱོར་བ་སྔོན་དུ་སོང་བ་ལས་བྱུང་བའོ། །ས་བཅུ་པས་ཆོས་སུ་བྱ་བ་བདུན་ལ་དབང་བ་ནི་ལྷ་བསྒོམས་པ་ལས་བྱུང་བའོ། །ས་བཅུ་གཅིག་པས་རྟ་སྤྲིན་གྱི་ཤུགས་ཅན་བདུན་སྤྲུལ་ནུས་པ་ནི་བརྩོན་འགྲུས་བརྩམས་པ་ལས་བྱུང་བའོ། །བཅུ་གཉིས་པས་དགེ་སློང་བསིལ་བྱེད་ཅན་བདུན་སྤྲུལ་ནུས་པ་ནི་དམ་ཚིག་དང་སྡོམ་པ་ལ་གནས་པ་ལས་བྱུང་བའོ། །བཅུ་གསུམ་པས་ལྷའི་གཞལ་མེད་ཁང་བདུན་སྤྲུལ་ནུས་པ་ནི་གཞལ་ཡས་ཁང་བསྒོམས་པ་ལས་བྱུང་བའོ། །བཅུ་བཞི་པས་འཇིག་རྟེན་གྱི་ཁམས་བདུན་སྤྲུལ་ནུས་པ་ནི་བླ་མ་མཉེས་པར་བྱས་པ་ལས་བྱུང་བའོ། །བཅོ་ལྔ་པས་ཡི་དམ་གྱི་ལྷ་བདུན་སྤྲུལ་ནུས་པ་ནི་ཡི་དམ་བསྒོམས་པ་ལས་བྱུང་བའོ། །བཅུ་དྲུག་པས་ལྷ་མོ་བདུན་སྤྲུལ་ཞིང་གཟུགས་སོགས་ཡུལ་དྲུག་གི་དག་བྱེད་ལ་ལོངས་སྤྱོད་ལ། འགྲོ་དྲུག་གི་སྐྱེ་གནས་སྟོན་པར་ནུས་པ་དང་བཅུ་དགུ་ནི་དབང་རྣམས་རྫོགས་པ་ལས་བྱུང་བའོ། །དེ་ལྟར་ས་བཅུ་དྲུག་ལ་རྫུ་འཕྲུལ་བརྒྱ་ཐམ་པ་  འབྱུང་བ་«༼༡༽»ནི་རིགས་འཛིན་གྱི་ས་ཞེས་བྱའོ། ། མིང་གི་རྣམ་གྲངས་གཞན་རྣམ་པར་སྨིན་པ་དང་། ཚེ་ལ་དབང་བ་དང་། ཕྱག་རྒྱ་ཆེན་པོ་དང་། ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ། རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། འབྱེད་པའི་རྣལ་འབྱོར་དང་། རྟོགས་པའི་རྣལ་འབྱོར་ཏེ་རིམ་པ་བཞིན་ནོ། །དེ་ཡང་རྣམ་པར་སྨིན་པའི་རིགས་འཛིན་ནི་སེམས་ལྷའི་སྐུར་སྨིན་ཡང་ལུས་མ་སྨིན་པས་བར་དོར་གྲོལ་བའོ། །ཚེ་དབང་ནི་དེ་ཉིད་ལ་གྲོལ་བའོ། །ཕྱག་རྒྱ་ཆེན་པོ་ནི་ལུས་སེམས་ལྷར་སྨིན་པའོ། །ལྷུན་གྲུབ་ནི་རང་གཞན་གྱི་དོན་གཉིས་གྲུབ་པའོ། །འདི་དག་ལ་ས་བཅུ་དྲུག་པོ་དེ་སྔ་མ་བཞིན་སྦྱར་ཏེ་ཡོན་ཏན་ཤེས་པར་བྱའོ། །རྣམ་སྨིན་ནི་བར་མ་ཆད་ན་ཚེ་དེ་ལ་ཚེ་དབང་ཐོབ་ནས་འབྲས་བུ་ཐོབ་པའོ། །ཚེ་དབང་ནི་བསྐལ་པ་ཆེན་པོ་གཅིག་ན་རྫུ་འཕྲུལ་སྦྱངས་ནས་རྡོ་རྗེ་འཆང་གི་ས་འཐོབ་བོ། །ཕྱག་རྒྱ་ཆེན་པོ་ནི་ལོ་བརྒྱ་ན་རྡོ་རྗེ་འཆང་གི་ས་འཐོབ་བོ། །ལྷུན་གྲུབ་ནི་ལོ་སྟོང་ན་རྡོ་རྗེ་འཆང་གི་ས་འཐོབ་སྟེ་འཕྲིན་ལས་བཞིས་དོན་གཉིས་མཛད་པའི་ཕྱིར་རོ། །འཕྲིན་ལས་བཞི་ནི། ཞི་བ། རྒྱས་པ། དབང་། དྲག་པོའོ། །དེ་ལ་སྤྲོས་བཅས་ཀྱིས་ཞི་བའི་ལས་བྱེད་དེ་དངོས་པོ་ལུས་སེམས་ཀྱི་བར་ཆད་མངོན་གྱུར་དང་། དངོས་མེད་དྲི་མ་ཕྲ་རགས་གཉིས་ཞི་བར་བྱེད་པའོ། །དབྱེ་ན་ཞི་བའི་ཞི་བ་ཤེས་པ་དང་རླུང་། ཞི་བའི་རྒྱས་པ་ཚེ་དང་བསོད་ནམས། ཞི་བའི་དབང་ལུས་ངག་གི་ནུས་པ། ཞི་བའི་དྲག་པོ་གཉིས་ཞི་ནས་གཅིག་ཏུ་གནས་པའོ། །སྤྲོས་མེད་ཀྱིས་རྒྱས་པའི་ལས་འགྲུབ་བོ། །དབྱེ་ན་རྒྱས་པའི་ཞི་བ་རྣམ་རྟོག་ངན་པ་ཟད་པ། རྒྱས་པའི་རྒྱས་པ་ཚེ་དང་བསོད་ནམས་འཁོར་དང་ལོངས་སྤྱོད་ཉམས་དང་བྱིན་བརླབས་སོ། །རྒྱས་པའི་དབང་ཇི་ལྟར་འདོད་པའི་བསྒྲུབ་བྱ་རྒྱས་པ། རྒྱས་པའི་དྲག་པོ་ལུས་ངག་སེམས་ཀྱི་ནུས་པ་རྫོགས་པའོ། །ཤིན་ཏུ་སྤྲོས་མེད་ཀྱིས་དབང་གི་འཕྲིན་ལས་འགྲུབ་བོ། །དབྱེ་ན་དབང་གི་ཞི་བ་ལུས་ངག་ཡིད་ཀྱི་བར་ཆད་ཞི་བ། དབང་གི་རྒྱས་པ་ལྟ་སྒོམ་སྤྱོད་འབྲས་རྒྱས་པ། དབང་གི་དབང་མི་དང་མི་མ་ཡིན་རྣམས་འདུས་པ། དབང་གི་དྲག་པོ་དགུག་པ་ལ་སོགས་པ་འགྲུབ་པའོ། ། རབ་ཏུ་སྤྲོས་པ་མེད་པས་དྲག་པོའི་འཕྲིན་ལས་འགྲུབ་པའོ། །དབྱེ་ན་དྲག་པོའི་ཞི་བ་དགུག་པ་དང་བཅིང་བའི་ལས་སོ། །དྲག་པོའི་རྒྱས་པ་དབྱེ་བ་དང་བསྐྲད་པ། དྲག་པོའི་དབང་ཚུར་ལ་སན་ཀ་མི་རྙེད་པ། དྲག་པོའི་དྲག་པོ་སྤ་བཀོང་བ་དང་བསད་པ་ལ་སོགས་པ་འགྲུབ་པའོ། །དེ་ལྟར་བཅུ་དྲུག་ནི་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་སོགས་རང་ངོའི་དབྱེ་བ་བཅུ་དྲུག་གི་འབྲས་བུའོ། །དེ་ཡང་རྣམ་པར་འཕྲུལ་པས་དབྱེ་ན། ལུས་མི་འདྲ་བའི་གྲངས་བཞིན་དག་བྱེད་ཀྱང་དེ་ཙམ་ཡོད་པ་ནི་འཕྲིན་ལས་ཀྱི་གྲངས་སོ། །གཞན་ཡང་གནས་སྐབས་སུ་ཐོབ་པ་ནི། སྤྲོས་བཅས་ཀྱི་དབང་གིས་ལུས་ཀྱི་ཡོན་ཏན། ཚེ་རིང་བ་དང་། ནད་མེད་པ་དང་། འགྲོ་བ་བྱམས་པ་དང་། བསོད་ནམས་དང་ལྡན་པ་དང་། རྫུ་འཕྲུལ་འགྲུབ་པ་དང་། ལུས་ཀྱི་རྡུལ་ཕྲན་མཐོང་བ་ལ་སོགས་པའོ། །སྤྲོས་མེད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། གཞན་གྱི་རྣར་སྙན་པ་དང་། བསྒོ་བ་བཞིན་ཉན་པ་དང་། བཀའ་བསྟན་བཅོས་ལ་དབང་བ་དང་། མི་མ་ཡིན་པའི་སྐད་ཤེས་པ་ལ་སོགས་པའོ། ཤིན་ཏུ་སྤྲོས་མེད་ཀྱིས་ཡིད་དག་པ་དང་། ཏིང་ངེ་འཛིན་དང་། རིག་པ་དང་། གང་བསམས་ཆོས་ཉིད་དུ་འཆར་བ་དང་། དུས་བཞི་དུས་གཅིག་ཏུ་རྟོགས་པ་དང་། འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ལ་སོགས་པའོ། །རབ་ཏུ་སྤྲོས་མེད་ཀྱིས་སེམས་ལས་སུ་རུང་བ་དང་། མངོན་པར་ཤེས་པ་དང་། ཚེ་དཔག་ཏུ་མེད་པར་བྱིན་གྱིས་རློབས་པ་ལ་སོགས་པའོ། །ཁྱད་པར་དུ་དབང་བཞིས་སྣང་བ་བཞིའི་ཡོན་ཏན་ཐོབ་པ་ནི། སྤྲོས་བཅས་ཀྱིས་ཆོས་ཉིད་མངོན་སུམ་གྱི་སྣང་བ། སྤྲོས་མེད་ཀྱིས་ཉམས་གོང་འཕེལ། ཤིན་ཏུ་སྤྲོས་མེད་ཀྱིས་རིག་པ་ཚད་ཕེབས། རབ་ཏུ་སྤྲོས་མེད་ཀྱིས་ཆོས་ཉིད་ཟད་པའི་སྣང་བ་སྟེ། དེ་དག་རེ་རེ་ཞིང་ཕྱི་སྣང་བའི་ཡོན་ཏན་རེ་དང་། ནང་ཉམས་ཏིང་ངེ་འཛིན་རེ་དང་། གསང་བ་ལྟ་དགོངས་ཁྱད་པར་ཅན་རེ་དང་། ཡོངས་རྫོགས་བསྟན་པའི་ཚད་རེ་ཐོབ་ནས། ཟག་བཅས་མི་སྣང་བར་སངས་རྒྱས་ཀྱི་ས་ལ་སྦྱོར་བའོ། །འདི་དག་ནི་ཐུན་མོང་དུ་གནས་སྐབས་ཀྱི་ཡོན་ཏན་ནོ། །གཉིས་པ་མཐར་ཐུག་གི་འབྲས་བུ་ནི། མགོན་པོ་རྡོ་རྗེ་འཆང་གི་ས་སྟེ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་རྫོགས་པར་ཐོབ་པའོ། ། དབྱེ་ན་གསུམ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཞིང་ཁམས་མདོར་བསྟན། བསམ་གྱིས་མི་ཁྱབ་པའི་དབྱེ་བ་རྒྱས་པར་བཤད། མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བའོ། །དང་པོ་ནི་དབང་མཐར་ཕྱིན་པའི་འབྲས་བུ་བཞི་ལ་རྟགས་བཞི་དང་ཚད་བཞི་སྟེ། བཅུ་གཉིས། སྨིན་སོ་སྐུ་བཞི་སྟེ་བཅུ་དྲུག ཡེ་ཤེས་བཞི་སྟེ་ཉི་ཤུ། ཡེ་ཤེས་ཀྱི་འོད་ཟེར་བཞི་སྟེ་ཉེར་བཞི། འོད་ཀྱིས་བཀྱེ་བའི་སྤྲུལ་པ་བཞི་སྟེ་ཉེར་བརྒྱད། སྤྲུལ་པའི་གདུལ་ཞིང་བཞི་སྟེ་སུམ་ཅུ་རྩ་གཉིས་སུ་སྨིན་པས་དོན་འབྱུང་བ་ནི། ལམ་དུ་དབང་སུམ་ཅུ་རྩ་གཉིས་ཐོབ་པ་ལས་བྱུང་བའོ། །དེ་ཡང་སྐུ་བཞི་ལ་གཞི་གནས་ཀྱི་ཡེ་ཤེས། མཚན་ཉིད་འཛིན་པའི་ཡེ་ཤེས། ཐམས་ཅད་མཁྱེན་པའི་ཡེ་ཤེས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བཞི་བཞི་བརྩིས་པས་བཅུ་དྲུག །ཡེ་ཤེས་ཀྱི་མཁྱེན་པ་བཞི་བཞི་བརྩིས་པས་བཅུ་དྲུག་སྟེ་སུམ་ཅུ་རྩ་གཉིས་ནི་སྐུ་དང་ཡེ་ཤེས་ཀྱི་རྣམ་གྲངས་སུམ་ཅུ་རྩ་གཉིས་ཞེས་བྱའོ། །འདི་དག་རྫོགས་པ་ནི་རྡོ་རྗེ་འཆང་གི་ས་བཅུ་དྲུག་མཛད་པ་ཡེ་ཤེས་ཀྱི་ཡུལ་བཅུ་དྲུག་དང་བཅས་པའོ། །ཡེ་ཤེས་ཀྱི་སྣང་བའི་རང་འོད་ལྔ་ལས་ཞིང་ལྔའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པ་ནི། འོད་མཐིང་གའི་སོང་ན་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རྫོགས་པའོ། །དེ་བཞིན་དུ་དཀར་པོས་མི་བསྐྱོད་པ། སེར་པོས་རིན་ཆེན་འབྱུང་ལྡན། དམར་པོས་སྣང་བ་མཐའ་ཡས། ཡང་གུས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའོ། །དཀྱིལ་འཁོར་དེ་དག་ལས་གདུལ་བྱའི་ཞིང་དུ་འཕྲིན་ལས་བཞིའི་སྤྲུལ་པ་འགྱེད་ལ། གདུལ་ཞིང་ཤར་ཕྱོགས་མངོན་པར་དགའ་བ། ལྷོ་དཔལ་དང་ལྡན་པ། ནུབ་པདྨ་བརྩེགས་པ། བྱང་ལས་རབ་རྫོགས་པ་བཞིའི་འགྲོ་བ་སྨིན་པར་བྱེད་དོ། །གཉིས་པ་བསམ་གྱིས་མི་ཁྱབ་པའི་དབྱེ་བས་རྒྱས་པར་བཤད་པ་ནི། སྐུ་བཞིའི་ཞིང་ཁམས་ཕུན་སུམ་ཚོགས་པ་ལྔ་ལྔར་དབྱེ་བ་ལས། དང་པོ་ཆོས་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོ། གནས་ཆོས་ཀྱི་དབྱིངས། བསྟན་པ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བསྟན་པ། འཁོར་འདུས་མ་བྱས་པ། དུས་ཆོས་ཉིད་ལ་འཕོ་འགྱུར་མེད་པ་དང་ལྔ་ནི་ཆོས་སྐུར་འཇོག་པའི་འཐད་པ་ནི། ཞིང་ཁམས་རྣམ་པར་དག་པ་དེ་ཉིད་དང་བརྗོད་དུ་མེད་པ། ཆོས་བརྗོད་དུ་མེད་པ། འབད་མེད་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཀྱི་སྒོ་ནས་ཆོས་སྐུ་ཞེས་བརྗོད་པའོ། །ཕུན་སུམ་ཚོགས་པ་ལྔ། བརྗོད་དུ་མེད་པ་དང་། ལྷུན་གྱིས་གྲུབ་པ་གཉིས་ཏེ་བརྒྱད་ནི། དབང་བཞིའི་ས་བོན་བཞི་དང་། འབྲས་བུ་བཞི་སྟེ་བརྒྱད་སྨིན་པ་ལས་བྱུང་བའོ། །ལོངས་སྐུའི་སྟོན་པ་རྣམ་པར་སྣང་མཛད་གངས་ཆེན་མཚོ། གནས་རྣམ་དག་སྟུག་པོ་བཀོད་པ། བསྟན་པ་རང་བྱུང་གི་ཡི་གེ་དྲུག་གི་རང་སྒྲ་ཡགས་ཀྱི་འོད་ཟེར་ལས་འཕྲོ་བ་བསྟན་པའི་བུ་གཅིགའཁོར་ཉིད་ལས་མི་གཞན་པ་རིགས་བཞིའི་སངས་རྒྱས། དུས་རང་བཞིན་རྣམ་དག་ཆེན་པོ། ཞིང་ཁམས་ཕྱག་མཉམ་གཞག་གི་མཐིལ་ན། ཡས་མར་བརྩེགས་པའི་ཉི་ཤུ་རྩ་ལྔ། སྐྱིལ་ཀྲུང་མན་ཆད་ལ་བཅུ་དྲུག དེ་དག་ཀྱང་ཡས་མན་དུ་བལྟས་པས་རྒྱ་དེབ་བརྩེགས་པ་ལྟ་བུར་བར་ན་རྣམ་དག་གི་ནམ་མཁས་བཅད་ནས་གནས་ལ། ཕན་ཚུན་ནི་ཟ་འོག་གི་གུར་ཁྱིམ་བཀྲམ་པ་དང་འདྲ་སྟེ། སོ་སོའི་ལྕགས་རི་དང་མཚོས་བར་བཅད་དེ་གནས་སོ། །ཆོས་ནི་རང་གི་ངོ་བོ་རྣམ་དག་ཆེན་པོའི་ཆོས་ལ་སྤྱོད་པའོ། །འཐད་པ་ནི་འོད་དང་ཁ་དོག་སྐུ་དང་ཡེ་ཤེས་ལ་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །དེ་ཡང་འོད་ཟེར་གྱི་སྦྱོར་བ་དག་པ་ཡབ་ཀྱི་ཞལ་ནས་ཞུགས་ཏེ་གསང་བའི་གནས་ནས་ཡུམ་གྱི་མཁའ་ལ་འཐོན་ནས་སྤྲུལ་པ་འགྱེད་པ་སྟེ། ཕུན་སུམ་ཚོགས་པ་ལྔ། ཞིང་དང་སྤྲུལ་པ་གཉིས་ཏེ་བརྒྱད་དོ། །དེ་ཡང་དབང་བརྒྱད་ཀྱི་འབྲས་བུའོ། །སྤྲུལ་པ་སྐུའི་སྟོན་པ་དྲུག་པ་རྡོ་རྗེ་འཆང་། གནས་ལྕང་ལོ་ཅན་ཏེ་འོག་མིན་གྱི་མིང་གི་བྱེ་བྲག་གོ །བསྟན་པ་རང་བཞིན་རྫོགས་པ་ཆེན་པོ། འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ། དུས་སྐུས་འདུལ་བའི་དུས། ཞིང་ཁམས་རྒྱ་ཆེ་བ་ཚངས་ཆེན། དེ་ལས་ཁོལ་བུ་ཕྱུང་ན་མི་མཇེད་དེ་གླིང་བཞི་རི་རབ་དང་བཅས་པ་བྱེ་བ་ཕྲག་བརྒྱའོ། །ཆོས་བསྟན་པ་དངོས་དང་གཟུགས་བརྙན་གཉིས་སོ། །འཐད་པ་གང་ལ་གང་འདུལ་དུ་སྤྲུལ་པས་ན་སྤྲུལ་སྐུའོ། །རང་གཞན་གྱི་དོན་གཉིས་རྫོགས་པའི་འཕྲིན་ལས་དང་བརྒྱད་དོ། །ངོ་བོ་ཉིད་ཀྱི་སྐུའི་སྟོན་པ་བསམ་བརྗོད་རྣམ་པར་དག་པ། གནས་བསམ་འདས་མཚན་གཞི་དང་བྲལ་བ། བསྟན་པ་རྡུལ་མེད་ཅིང་དྲི་མ་མེད་པ། འཁོར་ཡེ་ཤེས་རྒྱ་མཚོ། ཞིང་ཁམས་བདེ་ཆེན་རྣམ་དག ཆོས་ངོ་འབྱེད་པ་མེད་པ། ལས་སེམས་ཉིད་ཕྱིན་ཅི་ལོག་ལས་འདས་པ་དང་བརྒྱད་དོ། །དེ་ཐམས་ཅད་ཀྱི་རང་བཞིན་རྟགས་ཀྱི་སྐུ་བཞི་ནི། ཆོས་སྐུའི་སྟོན་པ་རང་བཞིན་མ་བཅོས་པ། གནས་སྟོང་པ་ཀུན་ཁྱབ། བསྟན་པ་འདུལ་སྟངས་རྣམ་དག །འཁོར་རང་བཞིན་ཡོངས་དག །དུས་ངེས་མེད་སྣ་ཚོགས། ཆོས་ཟག་པ་རང་ཟད། འཐད་པ་ཆོས་ཀྱི་ཕུང་པོ་འདུས་པས་ན་ཆོས་ཀྱི་སྐུའོ། །བྱེད་ལས་ལས་བདག་ཏུ་མེད་པའི་ལས་བྱེད་པ་དང་བརྒྱད་དོ། ། གཟུགས་སྐུའི་སྟོན་པ་སྐུ་སྣང་ལ་རང་བཞིན་མེད་པ་ཞལ་ཀུན་ཏུ་ཐལ་ལེ་བ། གནས་ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ། བསྟན་པ་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པ། འཁོར་སྣང་བ་དང་མི་སྣང་བ། དུས་སྤྲོས་བཞིའི་«༼༡༽»ཚིག་ཙམ་དུ་བྱུང་བ། ཞིང་ཁམས་ཕྱི་ནས་བལྟས་པས་ནང་གསལ་བ། ཆོས་སྤྲོས་གཞི་རྣམ་པར་དག་པ། འཐད་པ་གཟུགས་རྡུལ་དང་རྡུལ་ཕྲན་དག་པར་བྱེད་པས་ན་གཟུགས་སྐུའོ། །ལས་ཀྱི་གཟུགས་ཅན་རྣམས་ཀྱི་ལས་ཟད་པར་བྱེད་པ་དང་བརྒྱད་དོ། །དེ་དག་གི་ཞར་ལ་ཞི་བའི་སྐུའི་སྟོན་པ་རང་ཤེས་རིག་གི་རྒྱལ་པོ་འདུས་མ་བྱས་པ་གནས་ཙིཏྟ་རིན་པོ་ཆེའི་གཞལ་མེད་ཁང་། བསྟན་པ་རྩ་རླུང་ཐབས་ཀྱི་མན་ངག འཁོར་ཡེ་ཤེས་ལྔ་དང་། རླུང་ལྔ་དང་། ཤེས་རབ་ལྔ་དང་། འོད་ལྔ་དང་། སྐུ་ལྔ་དང་། རིགས་ལྔའོ། །དུས་ལུས་དང་སེམས་འཛོམ་པའོ། ། ཞིང་ཁམས་འགྲོ་བ་འདུལ་བ། ཆོས་འཁོར་བ་དང་མྱ་ངན་ལས་འདས་པ། འཐད་པ་དེ་ལ་བརྟེན་ནས་ལུས་སེམས་སྡུག་བསྔལ་ཞི་བས་ན་ཞི་བའི་སྐུར་འཐད་དོ། ། ལས་ཁམས་གསུམ་ལས་གྲོལ་བར་བྱེད་པ་སྟེ་བརྒྱད་དོ། །ཁྲོ་བོའི་སྐུའི་སྟོན་པ་ཡེ་ཤེས་ཀྱི་ཧེ་རུ་ཀ་ལྔ། གནས་བྷན་དྷ་འབར་བའི་གཞལ་ཡས་ཁང་སྟེ་སད་པ་དུང་ཁང་དཀར་པོ། བསྟན་པ་བདེ་ཆེན་གྱི་འབར་འཛག །འཁོར་སྒྲོན་མ་རྣམ་པ་བཞི། དུས་ཡེ་ཤེས་རང་འཁྱིལ་བའི་དུས། ཞིང་ཁམས་མིག་གི་དབང་པོ་མཐོང་བ་མ་འགགས་པ། ཆོས་གཟུགས་ཀྱི་དེ་བཞིན་ཉིད། འཐད་པ་ཡུལ་དང་ཤེས་པ་ལ་ཁྲོས་པས་ན་ཁྲོ་བོའི་སྐུར་འཐད་དོ། །ལས་ཀྱི་གདུལ་བྱ་ཕྱིན་ཅི་ལོག་རྣམས་ཚར་གཅོད་པ་དང་བརྒྱད་དོ། །དེ་དག་ལ་སྐབས་འདིར་འབྲས་བུར་གཞག་པ་ནི་གཞི་སྨིན་བྱའི་སྦྱང་གཞི་ཐོག་མའི་འོད་གསལ་ཡིན་པ་དང་། གདུལ་གཞིའི་འབྲས་བུ་རང་བཞིན་རྣམ་དག་ཡིན་པས་གློ་བུར་རྣམ་དག་གི་ཞར་ལ་སྨོས་པའོ། །དེ་དག་ལ་བརྟགས་པས་དབང་དང་འབྲས་བུ་ལ་བཅུ་དྲུག་ཕྲག་བཞི། སྐུ་ལ་བཅུ་དྲུག་ཕྲག་བཞི་སྟེ་ཕྲག་བརྒྱད་བསྡོམས་པས། བརྒྱ་དང་ཉེར་བརྒྱད་ནི་དབང་བསྐུར་བའི་འབྲས་བུ་ཕུན་སུམ་ཚོགས་པའོ། །གསུམ་པ་མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བ་ནི། དབང་བཞིའི་ས་བོན་གྱི་ཆ་ལས་དྲུག་བརྒྱ་དང་དྲུག་ཅུ་རྩ་དྲུག་གིས་འགྲོ་བ་དྲུག་གི་ལས་དང་ཉོན་མོངས་པ་དག་པར་མཛད་པའོ། །དེ་ལ་  ཐོག་མར་«༼༡༽»མཐོང་བ་རྣམ་པར་དག་པ་ལས། བདག་ཉིད་ལ་ཟག་པ་མེད་པའི་མངོན་པར་ཤེས་པ་ནི། དབང་པོའི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་གིས་དུས་གསུམ་དུས་གཅིག་ལ་མཐོང་བ་པྲ་སེན་མཐོང་བ་ལྟ་བུ་སྟེ། དེ་ཡང་མིག་གི་མངོན་ཤེས་དྲུག་གིས་གཟུགས་ཐམས་ཅད་ཤེས། རྣ་བའི་མངོན་ཤེས་དྲུག་གིས་བརྗོད་པའི་སྒྲ་ཐམས་ཅད་གཏན་ལ་ཕེབས་སོ། །སྣའི་དྲུག་གིས་འགྲོ་བ་དྲུག་གི་ལས་གཏན་ལ་ཕེབས་སོ། །ལྕེའི་དྲུག་གིས་འགྲོ་དྲུག་གི་འཁོར་དང་ལོངས་སྤྱོད་ཤེས་སོ། །ལུས་ཀྱི་དྲུག་གིས་འགྲོ་དྲུག་གི་གཟུགས་རྡུལ་ཕྲན་དང་རགས་པ་ཐམས་ཅད་ཤེས་སོ། ། ཡིད་ཀྱི་དྲུག་གིས་འགྲོ་དྲུག་གི་བསམ་པ་ཐམས་ཅད་ཤེས་སོ། །དེ་ལྟར་དབྱེ་གཞི་ཕྲི་བས་དབང་པོའི་མངོན་ཤེས་སུམ་ཅུས་སྲིད་པ་ཡན་ལག་སུམ་ཅུ་ཤེས་ཤིང་། མཚན་སུམ་ཅུ་རྩ་གཉིས་གྲུབ་པ་ནི་དབང་སུམ་ཅུ་རྩ་གཉིས་ལས་བྱུང་བའོ། །དེ་ནས་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། སྦྱངས་པའི་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་ཡེ་ཤེས་དྲུག་ཤར་བས་ཚིག་ཐམས་ཅད་ཀྱི་བརྡ་དོན་ཁོང་དུ་ཆུད་པའོ། །བསླབ་པའི་ཤེས་རབ་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་གིས་སེམས་ཉིད་ཆོས་ཉིད་ལ་འཇུག་པ་ཁྱད་པར་ཅན་སྐྱེ་བའོ། །མཐོང་བ་རྣམ་པར་དག་པ་ཞེས་ཀུན་ལ་སྦྱར་ཏེ། ཐོས་པའི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་སྒྲ་དང་དོན་ཐམས་ཅད་ཤེས་སོ། །བསམ་བྱུང་གི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་ཆོས་ཐམས་ཅད་ཀྱི་འདུ་«༼༡༽»མཆེད་རྟོགས་སོ། །སྒོམ་བྱུང་གི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་ཆོས་དང་སེམས་གཉིས་འདྲེས་ཏེ་ནམ་མཁའ་ལྟར་ཤེས་སོ། །དེ་ལྟར་སུམ་ཅུ་ནི་དབང་གི་འགྱུར་བྱེད་སུམ་ཅུ་རྩ་གཉིས་ཀྱིས་སངས་རྒྱས་ཀྱིས་སྦྱངས་པའི་ཡོན་ཏན་སུམ་ཅུ་རྩ་གཉིས་མཐོང་བ་ལས་བྱུང་བའོ། །དེ་ནས་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། འདིའི་དུས་ན་ཡེ་ཤེས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྙེད་པའོ། །དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་གིས་ཆོས་ཀྱི་མཚན་ཉིད་དང་དགོངས་པ་མངོན་སུམ་དུ་ཤེས་སོ། །མཉམ་པ་ཉིད་ཀྱི་དྲུག་གིས་འཁོར་འདས་གཉིས་སུ་མེད་པར་ཤེས་སོ། །སོ་སོར་རྟོག་པའི་དྲུག་གིས་འགྲོ་བ་དྲུག་གི་དབང་པོ་ལ་སོགས་པ་ཤེས་སོ། །བྱ་བ་གྲུབ་པའི་དྲུག་གིས་ཆོས་ཐམས་ཅད་རྩོལ་བ་དང་བྲལ་བ་དང་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཤེས་སོ། །ཆོས་ཀྱི་དབྱིངས་ཀྱི་དྲུག་གིས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཤེས་སོ། །མི་གནས་པའི་ཡེ་ཤེས་ཀྱི་དྲུག་གིས་ཆོས་གང་ལའང་མི་གནས་པ་ཤེས་སོ། །དེ་ཡང་དབྱེ་གཞི་རེ་ཕྲི་བས་མངོན་ཤེས་ལྔ་ཚན་དྲུག་ཏུ་འགྱུར་ཏེ། ཡེ་ཤེས་ཀྱི་མངོན་པར་ཤེས་པ་སུམ་ཅུ་ནི་དབང་སུམ་ཅུ་རྩ་གཉིས་ལས་བྱུང་བའོ། །དེ་ནས་རྣམ་པར་གྲོལ་བའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་སེམས་དང་སེམས་བྱུང་ནུབ་པའོ། །དེ་ལ་རྣམ་གྲོལ་དང་པོའི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་ཤར་བས། ལུས་ཀྱི་ཟག་པ་ཟད་པའོ། །རྣམ་གྲོལ་གཉིས་པ་དྲུག་གིས་ངག་གི་ཟག་པ་ཟད་པའོ། །གསུམ་པའི་དྲུག་གིས་ཡིད་ཀྱི་ཟག་པ་ཟད་པའོ། །བཞི་པའི་དྲུག་གིས་སེམས་ཀྱི་ཟག་པ་ཟད་པའོ། །ལྔ་པའི་དྲུག་གིས་ཤེས་རབ་ཀྱི་ཕུང་པོ་ལ་སྒྲིབ་པའི་ཟག་པ་ཟད་པའོ། །དྲུག་པའི་དྲུག་གིས་ཆོས་དང་ཆོས་ཉིད་ཀྱི་ཟག་པ་ཟད་པའོ། །སུམ་ཅུ་པོ་དེ་དག་གིས་ཕྱི་ནང་གསང་བ་ཡོངས་རྫོགས་ཀྱི་དབང་ལས་བྱུང་བའོ། །དེ་ནས་སྐུ་གསུང་ཐུགས་ཀྱི་ལས་མངོན་དུ་གྱུར་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། སངས་རྒྱས་ཀྱི་མཁྱེན་པ་མ་ལུས་པ་རྫོགས་པའོ། །སྐུ་དངོས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་ཤར་བས་སངས་རྒྱས་ཀྱི་སྐུ་ཐམས་ཅད་མཐོང་ཞིང་རང་གིས་ཀྱང་བརྙེས་པའོ། །སྐུའི་སྣང་བའི་དྲུག་ཤར་བས་འོད་ཀྱི་ཚོགས་མཐའ་ཡས་པ་ལ་སྤྱོད་དོ། །གསུང་དངོས་ཀྱི་དྲུག་ཤར་བས་གསུང་དབྱངས་དྲུག་ཅུ་ལ་སྤྱོད་དོ། །གསུང་གི་སྣང་བའི་དྲུག་གིས་སྒྲ་དབྱངས་དུ་མ་ལ་སྤྱོད་དོ། །ཐུགས་དངོས་ཀྱི་དྲུག་གིས་ཏིང་ངེ་འཛིན་ཐམས་ཅད་ལ་སྤྱོད་དོ། ། ཐུགས་ཀྱི་སྣང་བའི་དྲུག་གིས་གཞན་གྱི་སེམས་ཤེས་པ་ལ་སྤྱོད་དོ། །དེ་ལྟར་སུམ་ཅུ་པོ་ནི་དབང་གི་ལྷ་ངོ་སུམ་ཅུ་རྩ་གཉིས་ཤེས་པ་ལས་བྱུང་ངོ་། །དེ་ནས་ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་ཆོས་ཉིད་ཀྱི་དགོངས་པ་ལ་དབྱེར་མི་ཕྱེད་པར་བཞུགས་སོ། །སེམས་རྣམ་པར་གདུལ་བའི་མངོན་ཤེས་དྲུག་ཤར་བས་སེམས་ཀྱི་རང་བཞིན་ཤེས་སོ། །སེམས་སྦྱང་བའི་དྲུག་གིས་རྩ་བ་ཤེས་སོ། །སེམས་ཞི་བའི་དྲུག་གིས་སེམས་མེད་པའི་མཚན་ཉིད་ཤེས་སོ། །སེམས་རྣམ་པར་དག་པའི་དྲུག་གིས་མི་འགྱུར་བར་ཤེས་སོ། །སེམས་མི་ལྡོག་པའི་དྲུག་གིས་ཁམས་གསུམ་མིང་མེད་པར་ཤེས་སོ། །སེམས་ལས་འདས་པའི་དྲུག་གིས་ཤེས་བྱེད་དང་འདུ་འཕྲོ་དག་སྟེ་མི་ལྡོག་པར་རྟོགས་སོ། །དེ་ལྟར་སུམ་ཅུ་ནི་དབང་གི་རྣམ་པར་འཕྲུལ་པའི་དབྱེ་བ་ཤེས་པ་ལས་བྱུང་ངོ་། །དེ་ལྟར་མཐོང་བ་དག་པའི་མངོན་ཤེས་བརྒྱ་དང་བརྒྱད་ཅུ་ནི་མོས་པའི་མཐོང་བ་ཙམ་ལས་བྱུང་བའོ། །དེ་ཡང་ཕྱེ་ན་མོས་པའི་བཞི་ལ་བཞི་བཅུ་རྩ་ལྔ་ལྔའི་ཡོན་ཏན་དུ་འབྱུང་བ་ནི། སྤྲོས་བཅས་ཀྱི་དབང་ཐོབ་པ་ལས་བྱུང་བའོ། །དེའི་འགྲེས་ཀྱིས་ཐོས་པ་རྣམ་པར་དག་པའི་མངོན་ཤེས་ཀྱང་བརྒྱ་དང་བརྒྱད་ཅུར་འགྱུར་ཏེ། དེ་ལའང་ཡེ་ཤེས་བཞིའི་ཡོན་ཏན་འཇུག་པ་སྔར་དང་འདྲའོ། །འདི་དག་སྤྲོས་མེད་ཀྱི་དབང་ལས་བྱུང་བའོ། །བསམ་བྱ་དག་པའི་བརྒྱ་དང་བརྒྱད་ཅུ་ནི་བསྒྱུར་གཞིའི་དོན་ཤེས་པ་ལས་བྱུང་བ་སྟེ།  ཡེ་ཤེས་«༼༡༽«སུ»་དག་པ་དང་། མྱོང་བྱེད་དག་པའི་བརྒྱ་བརྒྱད་ཅུ་ཆོད་པའི་རང་བཞིན་ཤེས་པ་ལས་བྱུང་བ་དང་། རིག་«༼༢༽» བྱེད་དག་པའི་བརྒྱ་བརྒྱད་ཅུ་པ་མདོ་ཤེས་པ་ལས་བྱུང་བ་དང་ཚན་པ་གསུམ་ནི་ཤིན་ཏུ་སྤྲོས་མེད་ཀྱི་དབང་ལས་བྱུང་བའོ། །ཆོས་དག་པའི་མངོན་ཤེས་བརྒྱ་བརྒྱད་ཅུ་ནི་རབ་ཏུ་སྤྲོས་པ་མེད་པའི་དབང་ལས་བྱུང་བའོ། །དེ་ལྟར་ན་ས་དང་སྦྱར་བས་སའི་ཡོན་ཏན་ཉིས་སྟོང་སུམ་བརྒྱ་དང་དྲུག་ཅུ། ཡེ་ཤེས་ཀྱི་བྱེད་པ་དྲུག་བརྒྱ་དང་དྲུག་ཅུ། ཆོས་ཀྱི་རྣམ་གྲངས་སུམ་སྟོང་དང་བརྒྱ་ཉི་ཤུ་རྣམས་ནི་རྡོ་རྗེ་འཆང་གི་སའི་མངོན་ཤེས་ཀྱི་རྣམ་པར་འཕྲུལ་པའི་དབྱེ་བ་ཆེན་པོའོ། །འདི་དག་ནི་དབང་གི་རྣམ་པར་གཞག་པ་སྟེ། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་སྒོ་དང་པོའི་གཞི་གལ་པོ་ཆེ་ཡང་དག་པ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། གཞིའི་དོན་སྨིན་པར་བྱེད་པ་དབང་གི་རྣམ་པར་གཞག་པ་སྟེ་རིམ་ཁང་དྲུག་པའོ།། «།།

= Karma Lekshey Ling =
= Karma Lekshey Ling =
<div style="font-size:90%;color:#54595d">rywikitexts e-text input by Karma Lekshey Ling.</div>

= Derge (sde dge par ma) =
= Derge (sde dge par ma) =
<div style="font-size:90%;color:#54595d">OCR of the BDRC scans (I1CZ5002), gorn05 tibocr 2026: BDRC OCR on 869 pages, Mitra OCR on 389 pages (the model with more recognisable syllables on each page).</div>
<div style="font-size:90%;color:#54595d">OCR of the BDRC scans (I1CZ5002), gorn05 tibocr 2026: BDRC OCR on 869 pages, Mitra OCR on 389 pages (the model with more recognisable syllables on each page).</div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<div style="font-family:sans-serif;font-size:13px;color:#72777d">Volume I1CZ5002</div>

Line 149: Line 149:
= single volume MW2PD19906 =
= single volume MW2PD19906 =
<div style="font-size:90%;color:#54595d">OCR of the BDRC scans (I2PD19908), gorn05 tibocr 2026: BDRC OCR on 94 pages, Mitra OCR on 434 pages (the model with more recognisable syllables on each page).</div>
<div style="font-size:90%;color:#54595d">OCR of the BDRC scans (I2PD19908), gorn05 tibocr 2026: BDRC OCR on 94 pages, Mitra OCR on 434 pages (the model with more recognisable syllables on each page).</div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<div style="font-family:sans-serif;font-size:13px;color:#72777d">Volume I2PD19908</div>

Line 182: Line 182:
= single volume MW8LS32770 =
= single volume MW8LS32770 =
<div style="font-size:90%;color:#54595d">OCR of the BDRC scans (I8LS32893), gorn05 tibocr 2026: BDRC OCR on 849 pages, Mitra OCR on 523 pages (the model with more recognisable syllables on each page).</div>
<div style="font-size:90%;color:#54595d">OCR of the BDRC scans (I8LS32893), gorn05 tibocr 2026: BDRC OCR on 849 pages, Mitra OCR on 523 pages (the model with more recognisable syllables on each page).</div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<div style="font-family:sans-serif;font-size:13px;color:#72777d">Volume I8LS32893</div>

Line 253: Line 253:
= two volumes MW0TTBBC0034 =
= two volumes MW0TTBBC0034 =
<div style="font-size:90%;color:#54595d">OCR of the BDRC scans (I0TTBBC0034_001, I0TTBBC0034_002), gorn05 tibocr 2026: BDRC OCR on 777 pages, Mitra OCR on 504 pages (the model with more recognisable syllables on each page).</div>
<div style="font-size:90%;color:#54595d">OCR of the BDRC scans (I0TTBBC0034_001, I0TTBBC0034_002), gorn05 tibocr 2026: BDRC OCR on 777 pages, Mitra OCR on 504 pages (the model with more recognisable syllables on each page).</div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<div style="font-family:sans-serif;font-size:13px;color:#72777d">Volume I0TTBBC0034_001</div>

Line 314: Line 314:
= two volumes MW0TTBBC0007 =
= two volumes MW0TTBBC0007 =
<div style="font-size:90%;color:#54595d">OCR of the BDRC scans (I0TTBBC0007_001, I0TTBBC0007_002), gorn05 tibocr 2026: BDRC OCR on 256 pages, Mitra OCR on 129 pages (the model with more recognisable syllables on each page).</div>
<div style="font-size:90%;color:#54595d">OCR of the BDRC scans (I0TTBBC0007_001, I0TTBBC0007_002), gorn05 tibocr 2026: BDRC OCR on 256 pages, Mitra OCR on 129 pages (the model with more recognisable syllables on each page).</div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<div style="font-family:sans-serif;font-size:13px;color:#72777d">Volume I0TTBBC0007_001</div>

Line 419: Line 419:
= Critical edition =
= Critical edition =
<div style="font-size:90%;color:#54595d">The corrected base text (W22920 e-text, corrected against the W22920 print and the Adzom edition: 3,065 typing errors, September 2026), with the variants of the other editions under each page (299 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Pe cin 2009 (dpe bsdur ma); K = Karma Lekshey Ling; D = Derge (sde dge par ma); L = Serthang Larung; O = single volume MW2PD19906; S = single volume MW8LS32770; T = two volumes MW0TTBBC0034; U = two volumes MW0TTBBC0007. Readings found in only one OCR edition are not listed (OCR noise). ⁁ = addition.</div>
<div style="font-size:90%;color:#54595d">The corrected base text (W22920 e-text, corrected against the W22920 print and the Adzom edition: 3,065 typing errors, September 2026), with the variants of the other editions under each page (299 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Pe cin 2009 (dpe bsdur ma); K = Karma Lekshey Ling; D = Derge (sde dge par ma); L = Serthang Larung; O = single volume MW2PD19906; S = single volume MW8LS32770; T = two volumes MW0TTBBC0034; U = two volumes MW0TTBBC0007. Readings found in only one OCR edition are not listed (OCR noise). ⁁ = addition.</div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<span class="lcp-pg">[p.&nbsp;354]</span> རང་ཐོག་ཏུ་ཕེབས་པས་ཆོས་ཉིད་ལས་འགྲོ་ས་མེད་པའོ། །དེའི་ཤིན་ཏུ་སྤྲོས་མེད་སྟོང་ཉིད་ཀྱི་དཀྱིལ་འཁོར་དུ་འཇུག་པས་སྒོ་གསུམ་ཁམས་གསུམ་དུ་མི་འཇུག་པའོ། །རབ་ཏུ་སྤྲོས་མེད་ཀྱིས་ཚོགས་དྲུག་དག་པར་བྱེད་པའོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དབྱེ་བ་ངེས་པ་ནི། རབ་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་སེམས་གང་ཡིན་ལ་སོགས་པས་ཆགས་སྡང་རང་གྲོལ་བར་བྱེད་དོ། །སྤྲོས་མེད་སྤྲུལ་སྐུའི་ཞིང་བསྟན་པས་ཕུང་པོ་ཁམས་དང་སྐྱེ་མཆེད་སྟོངས་པར་བྱེད་དོ། །ཤིན་ཏུ་སྤྲོས་མེད་ལོངས་སྐུའི་ཞིང་བསྟན་པས་སེམས་ཉིད་འགྲོ་འོང་མེད་པའི་དོན་རྟོགས་པར་བྱེད་དོ། །རབ་ཏུ་སྤྲོས་མེད་ཆོས་སྐུར་ལུང་བསྟན་པས་འཁོར་འདས་ལ་ཞེན་པའི་ཤེས་སྒྲིབ་ཕྲ་མོ་སྦྱོང་བར་བྱེད་དོ། །གཉིས་པ་རང་ངོའི་་དབྱེ་བ་རྒྱས་པར་བཤད་པ་ལ་དབང་བཞི་ལས། དང་པོ་སྤྲོས་བཅས་ལ། སྤྲོས་བཅས་ཀྱི་སྤྲོས་བཅས་དམ་བསྲེ་ཞིང་མནའ་ཆུ་བླུད་པ་ལ་སོགས་པ་སྟེ་ཕྱིའོ། །སྤྲོས་བཅས་ཀྱི་སྤྲོས་མེད་དཀྱིལ་འཁོར་དུ་གཞུག་ཅིང་ལྷ་ངོ་བསྟན་ནས་མིང་གི་དབང་བསྐུར་བ་སྟེ་ནང་ངོ༌། །སྤྲོས་བཅས་ཀྱི་ཤིན་ཏུ་སྤྲོས་མེད་ཉན་ཐོས་ཀྱི་སྡོམ་པ་སྦྱིན་པ་ནས་རིམ་དགུ་རྫོགས་ཏེ་དབུགས་དབྱུང་གཟེངས་བསྟོད་དང་བཅས་པ་གསང་བའོ། །སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་བུམ་པ་ངེས་པའི་སྐུར་རྒྱུ་སྟེ་ཡོངས་སུ་རྫོགས་

<div class="lcp-app"><span class="lcp-bo" lang="bo">དང་སྐྱེ་མཆེད་<b>སྟོངས</b>་པར་བྱེད</span> ] <span class="lcp-bo" lang="bo">སྟོང</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཏུ་སྤྲོས་མེད་<b>ལོངས</b>་སྐུའི་ཞིང</span> ] <span class="lcp-bo" lang="bo">ཡོངས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དམ་བསྲེ་ཞིང་<b>མནའ</b>་ཆུ་བླུད</span> ] <span class="lcp-bo" lang="bo">གནའ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དཀྱིལ་འཁོར་དུ་<b>གཞུག</b>་ཅིང་ལྷ</span> ] <span class="lcp-bo" lang="bo">བཞུག</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>
<div class="lcp-app"><span class="lcp-bo" lang="bo">དང་སྐྱེ་མཆེད་<b>སྟོངས</b>་པར་བྱེད</span> ] <span class="lcp-bo" lang="bo">སྟོང</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཏུ་སྤྲོས་མེད་<b>ལོངས</b>་སྐུའི་ཞིང</span> ] <span class="lcp-bo" lang="bo">ཡོངས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དམ་བསྲེ་ཞིང་<b>མནའ</b>་ཆུ་བླུད</span> ] <span class="lcp-bo" lang="bo">གནའ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དཀྱིལ་འཁོར་དུ་<b>གཞུག</b>་ཅིང་ལྷ</span> ] <span class="lcp-bo" lang="bo">བཞུག</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<span class="lcp-pg">[p.&nbsp;355]</span> པའོ། །འདི་ལའང་བུམ་པ་ངེས་པ་རྟེན་གཞལ་ཡས་ཁང་བརྟེན་པ་ལྷར་གསལ་བས་དབང་བསྐུར་བ་ཡོངས་སུ་རྫོགས་པའི་ཕྱི་སྤྲོས་བཅས་སོ། །སློབ་མའི་ལུས་ལྷར་བསྐྱེད་པ་ལ་འབྱུང་བཞི་དག་སྦྱོང་གི་རྫས་དབང་ཉི་ཟླ་སྦྱིན་པ་ལ་སོགས་པ་ནང་སྤྲོས་མེད་དོ། །མུ་དྲ་སྦྱིན་ནས་སྦྱོར་བ་ངེས་པ་གསང་བ་ཤིན་ཏུ་སྤྲོས་མེད་དོ། །བརྡ་དོན་ངེས་པའི་ཚིག་སྦྱིན་པ་ཡོངས་སུ་རྫོགས་པ་རབ་ཏུ་སྤྲོས་མེད་དོ། །དེ་ལྟར་ན་ཡོངས་སུ་རྫོགས་པ་ལ་བཞི་ཡོད་པ་ལྟར་གཞན་གསུམ་ལའང་ཤེས་པར་བྱའོ། །དེ་ལྟར་བཅུ་དྲུག་གིས་སྤྲོས་བཅས་དབྱེ་བའི་དགོས་པ་ནི། ལུས་འབྱུང་བཞིའི་རྒྱ་བཞི་འཇིག་པ་སྟེ། འབྱུང་བཞི་ཡང་སའི་ས་ལ་སོགས་པ་བཞིར་ཕྱེ་བས་བཅུ་དྲུག་དག་པར་སྦྱོང་བའི་དགོས་པ་ཡོད་དོ། །གཉིས་པ་སྤྲོས་མེད་ཀྱི་དབང་བཞི་རང་ངོའི་དབྱེ་བ་ནི། སྤྲོས་མེད་ཀྱི་སྤྲོས་བཅས་ཀྱིས་ལུས་ངག་ཡིད་སེམས་བཞི་ཡི་གེའི་གནས་བཞིའི་སྦྱོང་བ་ནི་ཕྱིའོ། །དེའི་སྤྲོས་མེད་ཀྱིས་སྒོ་གསུམ་གཞི་མེད་བྱ་རྩོལ་ལས་འདས་པར་མཚོན་པས་ནང་ངོ༌། །དེའི་ཤིན་ཏུ་སྤྲོས་མེད་ཀྱིས་ཡུལ་ལྔ་ལམ་དུ་བསླངས་པས་སྒོ་ལྔ་ཧར་སངས་སུ་གྲོལ་བ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་ཀྱིས་རྟོགས་པ་ཁྱད་པར་ཅན་བསྐྱེད་པས་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་ངག་གི་བརྗོད་གཞི་

<div class="lcp-app"><span class="lcp-bo" lang="bo">ཡི་གེའི་གནས་<b>བཞིའི</b>་སྦྱོང་བ</span> ] <span class="lcp-bo" lang="bo">བཞིས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">གཞི་མེད་བྱ་<b>རྩོལ</b>་ལས་འདས</span> ] <span class="lcp-bo" lang="bo">བརྩལ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཁྱད་པར་ཅན་<b>བསྐྱེད</b>་པས་ཡོངས</span> ] <span class="lcp-bo" lang="bo">སྐྱེད</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>
<div class="lcp-app"><span class="lcp-bo" lang="bo">ཡི་གེའི་གནས་<b>བཞིའི</b>་སྦྱོང་བ</span> ] <span class="lcp-bo" lang="bo">བཞིས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">གཞི་མེད་བྱ་<b>རྩོལ</b>་ལས་འདས</span> ] <span class="lcp-bo" lang="bo">བརྩལ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཁྱད་པར་ཅན་<b>བསྐྱེད</b>་པས་ཡོངས</span> ] <span class="lcp-bo" lang="bo">སྐྱེད</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<span class="lcp-pg">[p.&nbsp;356]</span> དང༌། རྗོད་བྱེད་དང༌། བརྗོད་བྱ་དང༌། བརྗོད་པ་བཞིའི་རྒྱ་ལས་གྲོལ་བར་བྱེད་པའོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་རང་ངོའི་དབྱེ་བ་ནི། ཤིན་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་རུ་ཤན་འབྱེད་པ་ཕྱིའོ། །དེའི་སྤྲོས་མེད་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ་ནང་ངོ༌། །དེའི་ཤིན་ཏུ་སྤྲོས་མེད་ནམ་མཁའི་དཀྱིལ་འཁོར་དུ་འཇུག་པ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་རིག་པ་རང་ངོ་སྤྲད་པ་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་ཡིད་འགྱུ་བ་དང༌། འགྱུ་བྱེད་དང༌། འགྱུ་བྱ་དང༌། འགྱུས་པ་བཞིའི་རྒྱ་འཇིག་པར་བྱེད་པའོ། །བཞི་པ་རབ་ཏུ་སྤྲོས་པ་མེད་པ་རང་ངོའི་དབྱེ་བ་ནི། རབ་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་འདུག་སྟངས་བསྟན་པ་ཕྱིའོ། །དེའི་སྤྲོས་མེད་ལྟ་སྟངས་བྱེད་པ་ནང་ངོ༌། །དེའི་ཤིན་ཏུ་སྤྲོས་མེད་ཕྱོགས་བཞིར་ལྟ་སྟངས་དང་གཟིགས་སྟངས་བསྟུན་པ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་སོང་ཅིག་ལ་སོགས་པ་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་སེམས་བསམ་པ་དང༌། དྲན་པ་དང༌། རྟོག་པ་དང༌། ཞེན་པ་བཞིའི་རྒྱ་འཇིག་པར་བྱེད་དོ། །སྐབས་འདིར་ཡིད་དང་སེམས་ཀྱི་གོ་དོན། སྒོ་ལྔའི་ཡུལ་འཛིན་རྟོག་བྱེད་ཀུན་གཞིའི་རྣམ་པར་ཤེས་པ་སེམས་ལ། དེ་དང་མ་འབྲེལ་བར་དོན་སྔ་ཕྱི་དང་ཡིད་ཡུལ་དོན་སྤྱི་དཔྱོད་པ་ལ་ཡིད་ཅེས་བརྗོད་དོ། །རང་གི་

<div class="lcp-app"><span class="lcp-bo" lang="bo">གྲོལ་བར་བྱེད་<b>པའོ</b>་གསུམ་པ</span> ] <span class="lcp-bo" lang="bo">དོ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">བའོ་དེའི་རབ་<b>ཏུ</b>་སྤྲོས་མེད</span> ] <span class="lcp-bo" lang="bo">དུ</span> <span style="font-family:sans-serif;font-size:90%;color:#54595d">A D</span> · <span class="lcp-bo" lang="bo">བཅས་འདུག་སྟངས་<b>བསྟན</b>་པ་ཕྱིའོ</span> ] <span class="lcp-bo" lang="bo">བསྟུན</span> <span style="font-family:sans-serif;font-size:90%;color:#54595d">A P D O T</span> · <span class="lcp-bo" lang="bo">སྤྲོས་མེད་སོང་<b>ཅིག</b>་ལ་སོགས</span> ] <span class="lcp-bo" lang="bo">ཞིག</span> <span style="font-family:sans-serif;font-size:90%;color:#54595d">P</span></div>
<div class="lcp-app"><span class="lcp-bo" lang="bo">གྲོལ་བར་བྱེད་<b>པའོ</b>་གསུམ་པ</span> ] <span class="lcp-bo" lang="bo">དོ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">བའོ་དེའི་རབ་<b>ཏུ</b>་སྤྲོས་མེད</span> ] <span class="lcp-bo" lang="bo">དུ</span> <span style="font-family:sans-serif;font-size:90%;color:#54595d">A D</span> · <span class="lcp-bo" lang="bo">བཅས་འདུག་སྟངས་<b>བསྟན</b>་པ་ཕྱིའོ</span> ] <span class="lcp-bo" lang="bo">བསྟུན</span> <span style="font-family:sans-serif;font-size:90%;color:#54595d">A P D O T</span> · <span class="lcp-bo" lang="bo">སྤྲོས་མེད་སོང་<b>ཅིག</b>་ལ་སོགས</span> ] <span class="lcp-bo" lang="bo">ཞིག</span> <span style="font-family:sans-serif;font-size:90%;color:#54595d">P</span></div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<span class="lcp-pg">[p.&nbsp;357]</span> སྣང་ཡུལ་དངོས་པོ་འཛིན་པ་དང༌། དངོས་མེད་འཛིན་པ་སྟེ། གསལ་བ་དང་མི་གསལ་བ་འཛིན་པས་ཕྱེ་བ་ཡིན་ནོ། །དེ་ལྟར་ན་རང་ངོའི་དབྱེ་བ་རེ་རེ་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞི་སྟེ་བཅུ་དྲུག་ཏུ་ཡོད་དོ། །གསུམ་པ་རྣམ་པར་འཕྲུལ་པའི་དབྱེ་བས་ཤིན་ཏུ་རྒྱས་པར་སྤྲོ་བ་ལ་གསུམ་སྟེ་དབང་སོ་སོའི་དག་བྱེད་ཀྱི་དབྱེ་བས་དག་རྒྱུ་བཅུ་དྲུག་འགྱུར་དང་བཅས་པ་བསྟན་པ། ལུས་ཀྱི་བྱ་བ་ལ་བརྟེན་ནས་ངེས་པའི་དབྱེ་བས་དབང་གི་གནས་ལུགས་བསྟན་པ། གྲངས་ཀྱི་དབྱེ་བ་ལ་བརྟེན་ནས་ལས་དང་ཉོན་མོངས་པའི་དག་བྱེད་བསྟན་པའོ། །དང་པོ་ནི་དབང་གི་རང་ངོའི་དབྱེ་བ་བཅུ་དྲུག་གིས་ཕྱིར་འབྱུང་བའི་ལས་བཅུ་དྲུག་དག་པར་བྱེད་ལ། ནང་དུ་སེམས་ཀྱི་རྟོག་པ་བཅུ་དྲུག་དག་པར་བྱེད་ལ། གསང་བར་རླུང་གི་འཕེན་སྡུད་བཅུ་དྲུག་དག་པར་བྱེད་ལ། བླ་ན་མེད་པར་ས་བཅུ་དྲུག་ལ་གནས་པའི་ངེས་པ་ཐོབ་པར་བྱེད་པས་དབང་བཅུ་དྲུག་ཏུ་བསྟན་པའོ། །དབང་དེ་དག་གི་དག་བྱ་ལུས་ངག་ཡིད་སེམས་བཞིའི་དྲི་མ་དག་པ་ལ་ལྟོས་ནས་གཞག་གོ །དེའང་ལུས་ལ་ཆུས་ཚོགས་པའི་ཆོས་བསྡུས་པས་འཆིང་བྱེད་རྒྱའི་དྲི་མར་སོང༌། མེས་དེ་དག་སྨིན་ཅིང་གསལ་བར་བྱས་པས་དངོས་པོར་གྲུབ་པའི་དྲི་མར་སོང༌། རླུང་གིས་དེ་དག་སོ་སོའི་ལས་བྱས་པས་ཞེན་པ་རང་རྒྱུད་དང་བཅས་པའི་དྲི་

<div class="lcp-app"><span class="lcp-bo" lang="bo">རྣམ་པར་འཕྲུལ་<b>པའི</b>་དབྱེ་བས</span> ] <span class="lcp-bo" lang="bo">བའི</span> <span style="font-family:sans-serif;font-size:90%;color:#54595d">A T</span> · <span class="lcp-bo" lang="bo">དབང་སོ་སོའི་<b>དག</b>་བྱེད་ཀྱི</span> ] <span class="lcp-bo" lang="bo">ངག</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">རླུང་གི་འཕེན་<b>སྡུད</b>་བཅུ་དྲུག</span> ] <span class="lcp-bo" lang="bo">བསྡུད</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དབང་བཅུ་དྲུག་<b>ཏུ</b>་བསྟན་པའོ</span> ] <span class="lcp-bo" lang="bo">དུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ལ་ལྟོས་ནས་<b>གཞག</b>་གོ་དེའང</span> ] <span class="lcp-bo" lang="bo">བཞག</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དེའང་ལུས་ལ་<b>ཆུས</b>་ཚོགས་པའི</span> ] <span class="lcp-bo" lang="bo">ཆུ</span> <span style="font-family:sans-serif;font-size:90%;color:#54595d">W K</span></div>

<span class="lcp-pg">[p.&nbsp;358]</span> མར་སོང་བའོ། །ངག་སྨྲ་ནའང་སྨྲའོ་སྙམ་པ་ཡིད་ཀྱི་རྟོག་པས་བསླད་པའི་དྲི་མ་དང༌། སྨྲ་བྱེད་ལུས་ཀྱི་དྲི་མ་དང༌། སྨྲ་བའི་ཚིག་ལ་རྟོག་དཔྱོད་ཀྱི་དྲི་མ་དང༌། བརྗོད་ལས་རྟོག་པའི་འགྱུར་བྱེད་ཀྱི་དྲི་མ་དང༌། ཡང་ཡིད་འགྱུ་བ་ལའང༌། འགྱུ་བ་དྲན་བསམ་གྱི་རྟོག་པའི་དྲི་མ་དང༌། འགྱུ་བྱེད་ཡུལ་དང་ཤེས་པའི་དྲི་མ་དང༌། འགྱུས་པ་བག་ཆགས་སྔ་ཕྱིའི་དྲི་མ་དང༌། འགྱུས་པ་དངོས་ལ་ཞེན་པའི་དྲི་མ་དང༌། ཡང་སེམས་ཀྱི་དྲན་པས་ཡུལ་འཇུག་པའི་དྲི་མ་དང༌། བསམ་པས་དགེ་མི་དགེ་ལུང་དུ་བསྟན་མ་བསྟན་བཞི་ཀུན་ནས་སློང་བའི་དྲི་མ་དང༌། རྟོག་པས་སྙམ་བྱེད་དང༌། ཡིད་གཉིས་དང༌། ཐེ་ཚོམ་དང༌། ཡིད་དཔྱོད་ཀྱི་དྲི་མ་དང༌། འཛིན་ཡུལ་སྣ་ཚོགས་ལ་རྟོག་པའི་དྲི་མའོ། །དྲི་མ་དེ་དག་གི་དག་བྱེད་དབང་བཞི་སྟེ། སྤྲོས་བཅས་ཀྱི་སྤྲོས་བཅས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་དྲུག་གོ །དེ་དག་གིས་ལུས་ངག་ཡིད་སེམས་བཞི་རེ་རེ་ལ་དྲི་མ་བཞི་བཞི་སྟེ་བཅུ་་དྲུག་གི་ཚོགས་དག་པར་སྦྱོང་བའོ། །དེ་ཡང་ཐོག་མར་སྤྲོས་བཅས་ཉེ་བར་མཚོན་པ་ནི། སྤྲོས་བཅས་ཀྱི་སྤྲོས་བཅས་ལ་བརྡའི་སྤྲོས་བཅས་དང༌། དོན་གྱི་སྤྲོས་བཅས་ཏེ་གཉིས། དེའི་སྤྲོས་མེད་ལ་བརྡ་དོན་གཉིས། ཤིན་ཏུ་སྤྲོས་མེད་ལ་གཉིས། རབ་ཏུ་སྤྲོས་མེད་ལ་བརྡ་དོན་གཉིས་ཏེ་བརྒྱད། དེ་བཞིན་དུ་སྤྲོས་མེད་ལ་བརྡའི་སྤྲོས་མེད་ལ་

<div class="lcp-app"><span class="lcp-bo" lang="bo">མ་དང་སྨྲ་<b>བའི</b>་ཚིག་ལ</span> ] <span class="lcp-bo" lang="bo">པའི</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">མི་དགེ་ལུང་<b>དུ</b>་བསྟན་མ</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ཀྱི་སྤྲོས་བཅས་<b>ལ</b>་བརྡའི་སྤྲོས</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ལ་བརྡ་དོན་<b>གཉིས་ཏེ</b>་བརྒྱད་དེ</span> ] <span class="lcp-bo" lang="bo">གཉི་སྟེ</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>
<div class="lcp-app"><span class="lcp-bo" lang="bo">མ་དང་སྨྲ་<b>བའི</b>་ཚིག་ལ</span> ] <span class="lcp-bo" lang="bo">པའི</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">མི་དགེ་ལུང་<b>དུ</b>་བསྟན་མ</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ཀྱི་སྤྲོས་བཅས་<b>ལ</b>་བརྡའི་སྤྲོས</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ལ་བརྡ་དོན་<b>གཉིས་ཏེ</b>་བརྒྱད་དེ</span> ] <span class="lcp-bo" lang="bo">གཉི་སྟེ</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<span class="lcp-pg">[p.&nbsp;359]</span> སོགས་པ་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད། རབ་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་གཉིས་སུ་འགྱུར་ལ། ལུས་ངག་ཡིད་སེམས་བཞིའི་ཚོགས་པ་ལའང༌། དེ་ལྟར་ཕྱེ་བས་སུམ་ཅུ་རྩ་གཉིས་དག་པར་བྱེད་པ་ནི། བསྐྱེད་རིམ་གྱི་དག་བྱ་དང་དག་བྱེད་ཤེས་པའི་དགོས་པ་ཡོད་པའོ། །དེ་ལྟར་དག་བྱ་དྲི་མ་སུམ་ཅུ་རྩ་གཉིས་དང༌། དག་བྱེད་དབང་སུམ་ཅུ་རྩ་གཉིས་བསྡོམས་ན། དྲུག་ཅུ་རྩ་བཞི་ནི་དག་བྱ་དག་བྱེད་ཀྱི་དབྱེ་བ་ངེས་པའོ། །གཉིས་པ་ལུས་ཀྱི་བྱ་བ་ལ་བརྟེན་ནས་དབྱེ་བས་དབང་གི་གནས་ལུགས་བསྟན་པ་ནི། དག་བྱ་དྲི་མ་སུམ་ཅུ་་རྩ་གཉིས་ཀྱི་གཞི་ལུས་མི་འདྲ་བ་དཔག་ཏུ་མེད་པ་ཡང་ས་ཆུ་མེ་རླུང་བཞི་ལས་གྲུབ་ལ། དེ་དག་ལ་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་བརྒྱད་དོ། །དེ་ཡང་ས་ཆུ་མེ་རླུང་གཞི་ལ་ཟུག་པ་དང༌། བྱེར་བ་དང༌། སྙོམས་པ་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་སོ། །དེ་དག་བྱེད་དབང་ལའང་སྤྲོས་བཅས་ལ་སོགས་བཞི་ལ་སྐུ་གསུང་ཐུགས་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་ཀྱིས་དག་པར་བྱེད་དོ། །འབྱུང་བཞི་ཕོ་མོ་གཉིས་ཏེ་བརྒྱད་ཀྱི་དག་བྱ་ནི། དབང་བཞི་ལ་ཐབས་ཤེས་རབ་གཉིས་གཉིས་སུ་ཕྱེ་བས་བརྒྱད་ཀྱིས་དག་པར་བྱེད་དོ། །ལུས་ཀྱི་འབྱུང་བའི་བྱེ་བྲག་ལའང༌། ས་ལ་སོགས་པ་བཞི་པོ་རེ་རེ་ལ་སའི་ས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་

<div class="lcp-app"><span class="lcp-bo" lang="bo">བརྒྱད་དེ་སུམ་<b>ཅུ</b>་རྩ་གཉིས</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">སེམས་བཞིའི་ཚོགས་<b>པ</b>་ལའང་དེ</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ཕྱེ་བས་སུམ་<b>ཅུ</b>་རྩ་གཉིས</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དྲི་མ་སུམ་<b>ཅུ</b>་རྩ་གཉིས</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">བྱེད་དབང་སུམ་<b>ཅུ</b>་རྩ་གཉིས</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">གཉིས་བསྡོམས་ན་<b>དྲུག</b>་ཅུ་རྩ</span> ] <span class="lcp-bo" lang="bo">དྲུ་ག</span> <span style="font-family:sans-serif;font-size:90%;color:#54595d">P</span> · <span class="lcp-bo" lang="bo">བསྡོམས་ན་དྲུག་<b>ཅུ</b>་རྩ་བཞི</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དྲི་མ་སུམ་<b>ཅུ</b>་རྩ་གཉིས</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ལ་དེ་དག་<b>ལ</b>་ཕོ་མོ</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">སུ་ཕྱེ་བས་<b>བརྒྱད</b>་ཀྱིས་དག</span> ] <span class="lcp-bo" lang="bo">རྒྱད</span> <span style="font-family:sans-serif;font-size:90%;color:#54595d">A O T</span></div>

<span class="lcp-pg">[p.&nbsp;360]</span> དྲུག་ནི། ཚ་བ་དང་གྲང་བ་གཉིས་ཀྱི་དབྱེ་བས་དྲུག་ཅུ་རྩ་བཞིར་འགྱུར་ཏེ། གོང་གི་བརྡ་དོན་གྱི་དབྱེ་བའི་དབང་དྲུག་ཅུ་རྩ་བཞིས་དག་པར་བྱེད་དོ། །དེའང་འབྱུང་བ་བཞི་པོ་རེ་རེ་ལའང་ལེགས་པར་ཕྱེ་ན། ས་ལའང་དྲུག་ཅུ་རྩ་བཞི། དེ་ལ་ཁྱབ་པ་འབྱུང་བ་སྤྱིའི་ལུས་དང༌། རང་གི་མཚན་ཉིད་འཛིན་པ་དངོས་ཀྱི་ལུས་གཉིས་སུ་ཕྱེ་བས། ས་ལ་ལུས་མི་འདྲ་བ་བརྒྱ་དང་ཉེར་བརྒྱད། དེ་བཞིན་དུ་ཕྱེ་བས་ཆུ་དང་མེ་དང༌། རླུང་རྣམས་ལ་བརྒྱ་ཉེར་བརྒྱད་ཚན་པ་གསུམ་སྟེ། བསྡོམས་པས་ལྔ་བརྒྱ་དང་བཅུ་གཉིས་ཀྱི་ལུས་སུ་སྨིན་ནོ། །དེ་ལྟར་ཕྱིར་ལུས་་སྨིན་པ་བཞིན་ནང་དུ་ཉོན་མོངས་པ་ཡང༌། འདོད་ཆགས་ལ་བལྟས་པ་དང༌། བགད་པ་དང༌། བཅངས་པ་དང༌། འཁྱུད་པ་སྟེ་བཞི་ནི་འབྱུང་བ་རེ་རེའི་ལུས་ལ་བཞི་བཞི་སྟེ་བཅུ་དྲུག གཏི་མུག་ལ་རྨུགས་པས་མ་ཤེས་པ་དང༌། འཐིབས་པ་དང༌། མྱོས་པ་དང༌། རབ་ཏུ་མ་རིག་པ་འདྲེས་པ་དང་བཞི་པོ་ལུས་བཞི་ལ་ཕྱེ་བས་བཅུ་དྲུག ཞེ་སྡང་ལ་སྡང་བ་དང༌། སྡང་བ་ཆེན་པོ་དང༌། ཆེར་སྡང་བ་དང༌། རབ་ཏུ་སྡང་བ་སྟེ་ལུས་རེ་ལས་ཕྱེ་བས་བཅུ་དྲུག །ང་རྒྱལ་ལ་ཕྲ་བ་དང༌། རགས་པ་དང༌། འགྱུར་བ་དང༌། མཆེད་པ་དང༌། འཕྲོ་བ་བཞི་ཡང་བཅུ་དྲུག ཕྲག་དོག་ལ་ཡང་བ་དང༌། ལྕི་བ་དང༌། རྒོད་པ་དང༌། ཕྲ་བ་བཞི་སྟེ་ཕྱེ་བས་བཅུ་དྲུག་སྟེ་བསྡོམས་པས་བརྒྱད་ཅུ་

<div class="lcp-app"><span class="lcp-bo" lang="bo">དབྱེ་བས་དྲུག་<b>ཅུ</b>་རྩ་བཞིར</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">རྩ་བཞིར་འགྱུར་<b>ཏེ</b>་གོང་གི</span> ] <span class="lcp-bo" lang="bo">སྟེ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">བའི་དབང་དྲུག་<b>ཅུ</b>་རྩ་བཞིས</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ས་ལའང་དྲུག་<b>ཅུ</b>་རྩ་བཞི</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">འཛིན་པ་དངོས་<b>ཀྱི</b>་ལུས་གཉིས</span> ] <span class="lcp-bo" lang="bo">གྱི</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">འདོད་ཆགས་ལ་<b>བལྟས</b>་པ་དང</span> ] <span class="lcp-bo" lang="bo">ལྟས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དང་བཞི་པོ་<b>ལུས</b>་བཞི་ལ</span> ] <span class="lcp-bo" lang="bo">ལས</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">བས་བཅུ་དྲུག་<b>ཞེ་སྡང་ལ</b>་སྡང་བ</span> ] <span class="lcp-bo" lang="bo">ཞེས་དང</span> <span style="font-family:sans-serif;font-size:90%;color:#54595d">W K</span></div>

<span class="lcp-pg">[p.&nbsp;361]</span> ཐམ་པ། དེ་ལས་བྱེ་བྲག་ཏུ་ཕྱེ་ན་འབྱུང་བའི་ལུས་མི་འདྲ་བ་ལྔ་བརྒྱ་དང་བཅུ་གཉིས་པོ་རེ་རེ་ལ། ཉོན་མོངས་པ་བཞི་བཞིའི་གྲངས་ཀྱིས་ཉི་ཤུ་ཉི་ཤུ་གནས་པས། ཐམས་ཅད་བསྡོམ་ནས་ཁྲི་ཕྲག་གཅིག་དང་བརྒྱ་བཞི་བཅུ་རྩ་བརྒྱད་དུ་འབྱུང་ལ། ལུས་དང་ཉོན་མོངས་པ་གཉིས་ཀའི་རྣམ་གྲངས་བསྡོམས་ནས་ཁྲི་ཕྲག་གཅིག་དང་དྲུག་བརྒྱ་དྲུག་ཅུ་ཐམ་པ་ནི་དག་བྱའི་དྲི་མ་ཡིན་ལ། དེའི་དག་བྱེད་ཀྱི་དབང་འོག་ཏུ་སྟོན་ནོ། །གསུམ་པ་གྲངས་ཀྱི་དབྱེ་བས་ལུས་དང་ཉོན་མོངས་པའི་དག་བྱེད་བསྟན་པ་ནི། དབང་རྣམ་པ་བཞི་ལས། དང་པོ་སྤྲོས་བཅས་ལའང་གཞིར་བྱས་པའི་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་ཕྱི་ནང་གསང་བ་ཡོངས་རྫོགས་དང་བཞིར་དབྱེ་ན། སྤྲོས་བཅས་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་སྟ་གོན་གྱི་ཚོམ་བུ་ལ་སོ་ཤིང་བྲིམ་པ། དེའི་ནང་མཎྜལ་འབུལ་བ། དེའི་གསང་བ་སྲུང་སྐུད་གདགས་ཤིང་ཀུ་ཤ་སྦྱིན་པ། ཡོངས་སུ་རྫོགས་པ་རྨི་ལམ་བརྟག་པའོ། །དེའི་སྤྲོས་མེད་ཀྱི་ཕྱིའི་དབང་ཁྲུས་བྱ་བ། གསོལ་བ་བཏབ་པ། རྡོ་རྗེས་ནང་དུ་བོད་པ་གསུམ་མོ། །དེའི་ནང་དམ་ཚིག་གི་མནའ་ཆུ་བླུད་པ། འཁོར་བ་སྤོང་བའི་མནའ། མྱང་འདས་ལེན་པའི་མནའ། སེམས་ཅན་གྱི་དོན་མི་བྱེད་རེའི་མནའ་བཞིའོ། །དེའི་གསང་བ་དམ་ཚིག་དང༌། སྡོམ་པ་དབོག་པ་དང༌། དཀྱིལ་འཁོར་དུ་འཇུག་པ་དང༌།

<div class="lcp-app"><span class="lcp-bo" lang="bo">པས་ཐམས་ཅད་<b>བསྡོམ</b>་ནས་ཁྲི</span> ] <span class="lcp-bo" lang="bo">བསྡོམས</span> <span style="font-family:sans-serif;font-size:90%;color:#54595d">P D O S T</span> · <span class="lcp-bo" lang="bo">ནས་ཁྲི་ཕྲག་<b>གཅིག</b>་དང་དྲུག</span> ] <span class="lcp-bo" lang="bo">གཅི</span> <span style="font-family:sans-serif;font-size:90%;color:#54595d">D O</span> · <span class="lcp-bo" lang="bo">སྤྲོས་བཅས་ལའང་<b>གཞིར</b>་བྱས་པའི</span> ] <span class="lcp-bo" lang="bo">བཞིར</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཀྱི་སྤྲོས་བཅས་<b>ལ</b>་ཕྱི་ནང</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">དམ་ཚིག་གི་<b>མནའ</b>་ཆུ་བླུད</span> ] <span class="lcp-bo" lang="bo">གནའ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">བ་སྤོང་བའི་<b>མནའ</b>་མྱང་འདས</span> ] <span class="lcp-bo" lang="bo">གནའ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">འདས་ལེན་པའི་<b>མནའ</b>་སེམས་ཅན</span> ] <span class="lcp-bo" lang="bo">གནའ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དོན་མི་བྱེད་<b>རེའི</b>་མནའ་བཞིའོ</span> ] <span class="lcp-bo" lang="bo">རིའི</span> <span style="font-family:sans-serif;font-size:90%;color:#54595d">A D S</span> · <span class="lcp-bo" lang="bo">དོན་མི་བྱེད་<b>རེའི་མནའ</b>་བཞིའོ་དེའི</span> ] <span class="lcp-bo" lang="bo">རིའི་གནའ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དང་སྡོམ་པ་<b>དབོག</b>་པ་དང</span> ] <span class="lcp-bo" lang="bo">དཔོག</span> <span style="font-family:sans-serif;font-size:90%;color:#54595d">D T</span></div>

<span class="lcp-pg">[p.&nbsp;362]</span> སེམས་ཀྱི་མེ་ཏོག་དབུལ་བའོ། །དེའི་ཡོངས་སུ་རྫོགས་པ་དཀྱིལ་འཁོར་དུ་འཇུག་པ་ལྷ་ངོ་བསྟན་པ། མེ་ཏོག་དོར་བ། མིང་གི་དབང་ངོ༌། །དེའི་ཤིན་ཏུ་སྤྲོས་པ་མེད་པའི་ཕྱིའི་དབང་ཉན་ཐོས་ཀྱི་དཀྱིལ་འཁོར་དུ་འཇུག་པ། ས་ལམ་གྱི་ཚད་བསྟན་པ། སྟོད་གཡོགས་དང་སྨད་གཡོགས་སྦྱིན་པ། ལྷུང་བཟེད་དང་བསིལ་བྱེད་སྦྱིན་པ་ལ་སོགས་པ་སྟེ། ཁྲིམས་ཀྱི་ཐ་ཚིག ས་ལ་སོགས་པ། ལས་ཀྱི་དབྱེ་བ། རྟེན་འབྲེལ་མཚོན་པ། སྒོམ་པ་སྦྱིན་པ། ལུང་བསྟན་པ་དང༌། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དུ་འཇུག་པ་དང༌། སེམས་བསྐྱེད་པ་དང༌། སྡོམ་པ་སྦྱིན་པ་དང༌། ཁྱད་པར་གྱི་སེམས་གཟུང་ལ་སོགས་པའོ། །དེའི་ནང་གི་དབང་ཀྲཱི་ཡའི་དཀྱིལ་འཁོར་དུ་འཇུག་པ་དང༌། སེམས་བསྐྱེད་པ་དང༌། སྡོམ་པ་གཟུང་བ་དང༌། མེ་ཏོག་དོར་ཞིང་ལྷ་ངོ་བསྟན་པ་དང༌། མིང་གི་དབང་དང༌། ལུང་བསྟན་པ་དང༌། གཟེངས་བསྟོད་པ་དང༌། དབུགས་དབྱུང་བ་དང༌། དབང་བསྐུར་བའོ། །དེ་བཞིན་དུ་ཨུ་པ་དང་ཡོ་གའི་དཀྱིལ་འཁོར་དུ་འཇུག་པ་ལ་རྣམ་གྲངས་དགུ་དགུ་སྟེ་ཉི་ཤུ་རྩ་བདུན་ནོ། །དེའི་གསང་བ་མ་ཧཱའི་ལུང་བསྟན་པ་དང༌། དཀྱིལ་འཁོར་དུ་འཇུག་པ་དང༌། ལྷ་ངོ་བསྟན་པ་དང༌། མེ་ཏོག་དོར་བ་དང༌། མིང་གི་དབང་དང༌། ཉན་པ་དང༌། འཆད་པ་དང༌། ཕན་པ་དང༌། ནུས་པ་དང༌། རིག་པའི་

<div class="lcp-app"><span class="lcp-bo" lang="bo">པ་མེ་ཏོག་<b>དོར</b>་བ་མིང</span> ] <span class="lcp-bo" lang="bo">ངོར</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཚད་བསྟན་པ་<b>སྟོད</b>་གཡོགས་དང</span> ] <span class="lcp-bo" lang="bo">སྟོང</span> <span style="font-family:sans-serif;font-size:90%;color:#54595d">D O T</span> · <span class="lcp-bo" lang="bo">ཁྲིམས་ཀྱི་ཐ་<b>ཚིག</b>་ས་ལ</span> ] <span class="lcp-bo" lang="bo">ཚིགས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཁྲིམས་ཀྱི་ཐ་<b>ཚིག་ས</b>་ལ་སོགས</span> ] <span class="lcp-bo" lang="bo">ཚིགས</span> <span style="font-family:sans-serif;font-size:90%;color:#54595d">P</span> · <span class="lcp-bo" lang="bo">འབྲེལ་མཚོན་པ་<b>སྒོམ</b>་པ་སྦྱིན</span> ] <span class="lcp-bo" lang="bo">བསྒོམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">པ་དང་སེམས་<b>བསྐྱེད</b>་པ་དང</span> ] <span class="lcp-bo" lang="bo">སྐྱེད</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">པར་གྱི་སེམས་<b>གཟུང</b>་ལ་སོགས</span> ] <span class="lcp-bo" lang="bo">བཟུང</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ནང་གི་དབང་<b>ཀྲཱི</b>་ཡའི་དཀྱིལ</span> ] <span class="lcp-bo" lang="bo">ཀྲི</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">པ་དང་སེམས་<b>བསྐྱེད</b>་པ་དང</span> ] <span class="lcp-bo" lang="bo">སྐྱེད</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དང་སྡོམ་པ་<b>གཟུང</b>་བ་དང</span> ] <span class="lcp-bo" lang="bo">བཟུང</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དང་མེ་ཏོག་<b>དོར</b>་ཞིང་ལྷ</span> ] <span class="lcp-bo" lang="bo">ངོར</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དང་མེ་ཏོག་<b>དོར</b>་བ་དང</span> ] <span class="lcp-bo" lang="bo">ངོར</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>

<span class="lcp-pg">[p.&nbsp;363]</span> དབང་དང༌། ཡན་ལག་གི་དང༌། ཁྱད་པར་གྱི་དབང་དང་བཅུ་གཉིས་སོ། །དེ་ནས་ཨ་ནུའི་དཀྱིལ་འཁོར་དུ་འཇུག་པ་དང༌། བརྡ་ངེས་པར་མཚོན་པ་དང༌། དབུགས་དབྱུང་བ་དང༌། ཕྱག་རྒྱ་བསྒྱུར་བ་དང༌། ལས་སུ་བྱ་བ་དང༌། འཇུག་པ་ངེས་པ་དང་དྲུག་གོ །དེའི་ཡོངས་སུ་རྫོགས་པ། རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་གཞུག་པ་དང༌། བསྒོམས་པ་ངེས་པའི་དཀྱིལ་འཁོར་དུ་མེ་ཏོག་དོར་བ་དང༌། ལྷ་ངོ་བསྟན་ཞིང་དབང་བསྐུར་བ་དང༌། འབྲས་བུ་བྱ་བྲལ་རྫོགས་པའི་དབང་བསྐུར་བ་དང་བཞིའོ། །སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་པ་མེད་པའི་ཕྱིའི་ཐ་དབང་ནི། དེ་ལྟར་རིམ་པ་དགུའི་དབང་རྫོགས་ནས། ཁྱད་པར་གྱི་དབང་ལ་འཇུག་པ་ནི། ཕྱག་རྒྱའི་དཀྱིལ་འཁོར་དུ་འཇུག་པ་སྟེ༌། དེའི་ཕྱི་ལ་རིག་མ་བརྟག་ཅིང་དགུག་པ་རྩ་བཙལ་ཞིང་སློང་བ། བདེ་བ་བཙལ་བ། རྒྱས་པར་བྱ་བ། དབབ་ཅིང་གཟུང་བ། བཟློག་ཅིང་སྦྱང་བ་དང་དྲུག་གོ །འདིའི་ནང་གི་དབང་ལ། སྦྱོར་བ་སྙོམས་པར་འཇུག་པ། བྱང་སེམས་ཡི་གེ་གསུམ་གྱི་སྒྲ་དང་བཅས་པ། མེ་ལོང་དུ་བླང་བ། དེ་རྡོ་རྗེ། པདྨ། འཁོར་ལོ་གསུམ་དུ་དམིགས་ཏེ་སློབ་མའི་ལྕེ་ལ་བཞག་ནས་ལུས་ངག་སྟོངས་པར་བྱ་བ་སྟེ་དྲུག་གོ །དེའི་གསང་བ་བདེ་བ་དང་བྱང་སེམས་དངོས་ཀྱི་བྱིན་རླབས་ལུས་ངག་ཡིད་གསུམ་ལ་བྱ་བ་གསུམ། གསང་བ་དང་

<div class="lcp-app"><span class="lcp-bo" lang="bo">དཀྱིལ་འཁོར་དུ་<b>གཞུག</b>་པ་དང</span> ] <span class="lcp-bo" lang="bo">བཞུག</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དུ་འཇུག་པ་<b>སྟེ</b>་དེའི་ཕྱི</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">རྩ་བཙལ་ཞིང་<b>སློང</b>་བ་བདེ</span> ] <span class="lcp-bo" lang="bo">སླང</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">བཟློག་ཅིང་སྦྱང་<b>བ</b>་དང་དྲུག</span> ] <span class="lcp-bo" lang="bo">པ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ལོང་དུ་བླང་<b>བ</b>་དེ་རྡོ</span> ] <span class="lcp-bo" lang="bo">པ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དངོས་ཀྱི་བྱིན་<b>རླབས</b>་ལུས་ངག</span> ] <span class="lcp-bo" lang="bo">བརླབས</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>

<span class="lcp-pg">[p.&nbsp;364]</span> གསང་བར་འོས་པ་དང༌། གསང་བར་གཉེར་གཏད་པ་གསུམ་སྟེ་དྲུག་གོ །དེའི་ཡོངས་སུ་རྫོགས་པ་ཚིག་སྣ་ཚོགས་པས་མཚོན་པ་སྟེ། བརྡའི་ཚིག་དང༌། དོན་གྱི་ཚིག་དང༌། བརྡ་དོན་དབྱེར་མི་ཕྱེད་པའི་ཚིག་གསུམ་མོ། །དེ་ལྟར་ན་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་ལ། བསྐུར་རྒྱུའི་དབང་དྲུག དེའི་ཕྱི་ལ་སོ་ཤིང་བྲིམ་པ་དང་གཅིག །དེའི་ནང་ལ་མཎྜལ་འབུལ་བ་དང་གཉིས། དེའི་གསང་བ་སྲུང་སྐུད་དང་ཀུ་ཤ་བྱིན་པ་གཉིས་ཏེ་བཞི། དེའི་ཡོངས་རྫོགས་རྨི་ལམ་བརྟག་པ་དང༌། བཟང་ངན་གྱི་རྗེས་དྲི་བ་གཉིས་ཏེ་དྲུག་གོ །དེའི་སྤྲོས་བཅས་ཀྱི་སྤྲོས་མེད་ཀྱི་ཕྱི་ལ་གསུམ་སྟེ་དགུ། དེའི་ནང་ལ་བཞི་སྟེ་བཅུ་གསུམ། དེའི་གསང་བ་ལ་བཞི་སྟེ་བཅུ་བདུན། དེའི་ཡོངས་རྫོགས་ལ་བཞི་སྟེ་ཉེར་གཅིག སྤྲོས་པ་མེད་པའི་ཤིན་ཏུ་སྤྲོས་པའི་ཕྱི་ལ་ཉན་ཐོས་ལ་དྲུག །རང་རྒྱལ་ལ་ལྔ་སྟེ་བཅུ་གཅིག བྱང་སེམས་ལ་བཞི་སྟེ་བཅོ་ལྔ། དེའི་ནང་གི་དབང་ལ་ཀྲཱི་ཡ་ལ་དགུ་སྟེ་ཉེར་བཞི། ཨུ་པ་ལ་དགུ་སྟེ་སོ་གསུམ། ཡོ་ག་ལ་དགུ་སྟེ་ཞེ་གཉིས། དེའི་གསང་བའི་དབང་ལ་མ་ཧཱ་ལ་བཅུ་གཉིས་ཏེ་ལྔ་བཅུ་རྩ་བཞི། ཨ་ནུ་ལ་དྲུག་སྟེ་དྲུག་ཅུ་ཐམ་པ། དེའི་ཡོངས་རྫོགས་ཨ་ཏི་ལ་བཞི་སྟེ་དྲུག་ཅུ་རྩ་བཞི་སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱིའི་དབང་ལ་བཅུ་བདུན། ནང་ལ་་དྲུག་སྟེ་ཉེར་གསུམ། དེའི་

<div class="lcp-app"><span class="lcp-bo" lang="bo">མི་ཕྱེད་པའི་<b>ཚིག</b>་གསུམ་མོ</span> ] <span class="lcp-bo" lang="bo">ཚིགས</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">གཅིག་དེའི་ནང་<b>ལ</b>་མཎྜལ་འབུལ</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">དྲུག་གོ་དེའི་<b>སྤྲོས</b>་བཅས་ཀྱི</span> ] <span class="lcp-bo" lang="bo">སྒྲོས</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">སྟེ་ཉེར་གཅིག་<b>སྤྲོས</b>་པ་མེད</span> ] <span class="lcp-bo" lang="bo">སྤྲོ་ས</span> <span style="font-family:sans-serif;font-size:90%;color:#54595d">P</span> · <span class="lcp-bo" lang="bo">མེད་པའི་ཤིན་<b>ཏུ</b>་སྤྲོས་པའི</span> ] <span class="lcp-bo" lang="bo">དུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">གི་དབང་ལ་<b>ཀྲཱི</b>་ཡ་ལ</span> ] <span class="lcp-bo" lang="bo">ཀྲི</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">བའི་དབང་ལ་<b>མ་ཧཱ</b>་ལ་བཅུ</span> ] <span class="lcp-bo" lang="bo">མཧཱ</span> <span style="font-family:sans-serif;font-size:90%;color:#54595d">O S</span> · <span class="lcp-bo" lang="bo">དྲུག་སྟེ་དྲུག་<b>ཅུ</b>་ཐམ་པ</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">བཞི་སྟེ་དྲུག་<b>ཅུ</b>་རྩ་བཞི</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>

<span class="lcp-pg">[p.&nbsp;365]</span> གསང་བ་ལ་དྲུག་སྟེ་ཉེར་དགུ། དེའི་ཡོངས་སུ་རྫོགས་པ་ལ་གཅིག་སྟེ་སུམ་ཅུ་ཐམ་པའོ། །ཤིན་ཏུ་སྤྲོས་མེད་ལ་དྲུག་ཅུ་རྩ་བཞི་སྟེ་དགུ་བཅུ་རྩ་བཞིའོ། །དེའི་སྤྲོས་མེད་ལ་བཅོ་ལྔ་སྟེ་བརྒྱ་དང་དགུའོ། །དེའི་སྤྲོས་བཅས་ལ་དྲུག་སྟེ་སྤྲོས་བཅས་བསྐུར་རྒྱུའི་ཆོས་བརྒྱ་དང་བཅོ་ལྔའོ། །སྤྲོས་མེད་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་ལ་བླ་མའི་བྱ་བ་དང་སློབ་མའི་བྱ་བ་གཉིས། དེའི་ནང་ལ་མཎྜལ་དང་བུམ་པ་གཉིས་ཏེ་བཞི། དེའི་གསང་བ་ལ་མཎྜལ་གྱི་ལེགས་པར་བཤད་པའི་ཆོས་ལྔ། བུམ་པའི་ལེགས་བཤད་ལྔ་སྟེ་བཅུ། གོང་མ་བཞི་དང་བསྡོམས་པས་བཅུ་བཞི། དེའི་ཡོངས་རྫོགས་ལ་བླ་མས་མིང་གི་མཚོན་པ་བརྗོད་པ་དང་སློབ་མས་སྟོབས་བསྐྱེད་པ་གཉིས་ཏེ་བཅུ་དྲུག་གོ །སྤྲོས་མེད་ཀྱི་སྤྲོས་མེད་ཀྱི་ཕྱིའི་དབང་ལ་ཨའི་བསྙེན་པས་སྐྱེ་མེད་ཀྱི་ལམ་སྦྱང་བ་དང༌། ཨའི་སྒྲུབ་པས་འགག་མེད་ཀྱི་སྣ་བསལ་བ་དང༌། ཨའི་འཕྲོ་འདུས་ལུས་ངག་ཡིད་དག་པར་བྱེད་པ་དང་གསུམ་མོ། །དེའི་ནང་ལ་ཁྲུས་ཀྱིས་དག་བྱའི་ཚུལ་བསྟན་པ། མཎྜལ་ཕུལ་བས་འདོད་པའི་དོན་ཐོབ་པར་བྱ་བ། ལུང་བཙལ་བས་བྱ་བ་ལ་འཇུག་པ་ངོ་ཤེས་པ་དང་གསུམ་མོ། །དེའི་གསང་བ་ལ་དཀྱིལ་འཁོར་དུ་འཇུག་པས། དབྱིངས་ལ་རིག་པ་གཞུག་པའི་གནད་དང༌། ལྷ་ངོ་བསྟན་པས་དབྱིངས་རིག་ངོ་སྤྲད་པ་དང༌། མིང་གི་

<div class="lcp-app"><span class="lcp-bo" lang="bo">གཅིག་སྟེ་སུམ་<b>ཅུ</b>་ཐམ་པའོ</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">མེད་ལ་དྲུག་<b>ཅུ</b>་རྩ་བཞི</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">བསྐུར་རྒྱུའི་ཆོས་<b>བརྒྱ</b>་དང་བཅོ</span> ] <span class="lcp-bo" lang="bo">བརྒྱད</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">སློབ་མས་སྟོབས་<b>བསྐྱེད</b>་པ་གཉིས</span> ] <span class="lcp-bo" lang="bo">སྐྱེད</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཀྱི་ལམ་སྦྱང་<b>བ</b>་དང་ཨའི</span> ] <span class="lcp-bo" lang="bo">པ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">བ་དང་ཨའི་<b>སྒྲུབ</b>་པས་འགག</span> ] <span class="lcp-bo" lang="bo">བསྒྲུབ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དག་བྱའི་ཚུལ་<b>བསྟན</b>་པ་མཎྜལ</span> ] <span class="lcp-bo" lang="bo">བསྟེན</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>

<span class="lcp-pg">[p.&nbsp;366]</span> དབང་བསྐུར་བས་སངས་རྒྱས་ཀྱི་སྲས་སུ་བྱ་བའོ། །དེ་ལྟར་གསུམ་དང༌། དེའི་ཡོངས་སུ་རྫོགས་པ་ལ་ཕྱི་ཡུལ་དབང་པོའི་ཚིགས་སུ་བཅད་པས་ལུང་བསྟན་པས་ཤེས་པ་དང་ཡུལ་གཉིས་མེད་ཉམས་སུ་མྱོང་བའི་དབང་དང༌། ནང་སེམས་གསལ་བའི་ཚིགས་སུ་བཅད་པས་དབུགས་དབྱུང་བས་སྐྱེ་མེད་ངོས་གཟུང་དང་བྲལ་བའི་དབང་དང༌། གསང་བཟུང་འཇུག་རིས་མེད་ཀྱི་ཚིགས་སུ་བཅད་པས་གཟེངས་བསྟོད་པས་དབྱིངས་རིག་གཉིས་མེད་བདེ་ཆེན་གྱི་དབང་བསྟན་པ་དང་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འཇུག་པར་འོས་པ་དང༌། ཐོབ་པར་འོས་པ་གཉིས། དེའི་ནང་ལ་སྤྱོད་པར་ངེས་པ་དང༌། ལྟ་བར་ངེས་པ་གཉིས་ཏེ་བཞི། དེའི་གསང་བ་ལ་རིགས་འབྱེད་པ་དང༌། བདག་ཉིད་དུ་གནས་པ་གཉིས་ཏེ་དྲུག དེའི་ཡོངས་སུ་རྫོགས་པ་ལ་རྒྱུ་དང་རྐྱེན་གཉིས་ཏེ་བརྒྱད་དོ། །དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་སེམས་གནས་པ་དང༌། ངག་གནས་པ་གཉིས། དེའི་ནང་ལ་ངག་བསྒྱུར་བ་དང༌། སེམས་ཐོབ་པ་གཉིས་ཏེ་བཞི། དེའི་གསང་བ་ལ་བདེ་བ་ལུང་བསྟན་པ་དང༌། གསང་བ་དབུགས་དབྱུང་བ་གཉིས་ཏེ་དྲུག དེའི་ཡོངས་རྫོགས་ལ་སྤྲོ་བར་གནས་པ་དང༌། རང་གི་ལས་ཐོབ་པ་གཉིས་ཏེ་བརྒྱད་དོ། །དེ་ལྟར་སྤྲོས་མེད་ཀྱི་སྤྲོས་བཅས་ལ་བཅུ་དྲུག དེའི་སྤྲོས་མེད་ལ་བཅུ་

<div class="lcp-app"><span class="lcp-bo" lang="bo">པས་དབུགས་དབྱུང་<b>བས</b>་སྐྱེ་མེད</span> ] <span class="lcp-bo" lang="bo">པས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">སྐྱེ་མེད་ངོས་<b>གཟུང</b>་དང་བྲལ</span> ] <span class="lcp-bo" lang="bo">བཟུང</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དབང་དང་གསང་<b>བཟུང</b>་འཇུག་རིས</span> ] <span class="lcp-bo" lang="bo">བ་ཟུང</span> <span style="font-family:sans-serif;font-size:90%;color:#54595d">A P D O S T</span></div>
<div class="lcp-app"><span class="lcp-bo" lang="bo">པས་དབུགས་དབྱུང་<b>བས</b>་སྐྱེ་མེད</span> ] <span class="lcp-bo" lang="bo">པས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">སྐྱེ་མེད་ངོས་<b>གཟུང</b>་དང་བྲལ</span> ] <span class="lcp-bo" lang="bo">བཟུང</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དབང་དང་གསང་<b>བཟུང</b>་འཇུག་རིས</span> ] <span class="lcp-bo" lang="bo">བ་ཟུང</span> <span style="font-family:sans-serif;font-size:90%;color:#54595d">A P D O S T</span></div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<span class="lcp-pg">[p.&nbsp;367]</span> གཉིས་ཏེ་ཉེར་བརྒྱད། དེའི་ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་དྲུག དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དོ། །བསྐུར་བས་ཐོབ་པའི་འབྲས་བུ་བཞི་བཅུ་རྩ་བཞིའོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ཀྱི་ཕྱི་ལ། ལམ་གསལ་བའི་ཕྱིར་བླ་མ་ལ་གསོལ་བ་གདབ་པ་དང༌། རྣམ་ཤེས་བརྒྱད་ཀྱི་འཕྲོ་འདུ་བཅད་པའི་ཕྱིར་ཡི་གེ་བརྒྱད་ཀྱི་རྒྱས་གདབ་པ་དང༌། ཡིད་ཀྱི་བྱུང་ཚོར་བཀག་ནས་བར་ཆད་ཞི་བའི་ཕྱིར་ཕཊ་ཀྱི་སྒྲ་སྒྲོགས་པ་དང་གསུམ། དེའི་ནང་ལ་གནས་བཙལ་བས་ཕྱོགས་ཀྱི་ངེས་པ་གཟུང་བ་དང༌། བགེགས་བསལ་བའི་ཕྱིར་གཏོར་མ་སྦྱིན་པ་དང༌། སེམས་ལ་སྤྲོ་བ་བསྐྱེད་པ་དང་གསུམ། དེའི་གསང་བ་ལ་ལུས་ཀྱི་སྤྱོད་པ་བརྩམ་པའི་ཡུལ་དང༌། རྩོམ་པའི་ཐབས་དང༌། བརྩམས་པའི་དགོས་པ་དང་གསུམ། དེའི་ཡོངས་སུ་རྫོགས་པ་ལ་ངག་གི་སྤྱོད་པ་བརྩམ་པའི་ཡུལ་དང༌། རྩོམ་པའི་ཐབས་དང་བརྩམས་པའི་དགོས་པ་གསུམ། དེའི་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་སྤྱོད་པ་རྩོམ་པའི་ཡུལ། ཐབས་དགོས་པ་གསུམ། དེའི་ནང་ལ་ལུས་དང༌། ངག་དང༌། སེམས་ཀྱི་སྡིག་པ་ངེས་པའི་ཡུལ་གསུམ། དེའི་གསང་བ་ལ་ལུས་དང༌། ངག་དང༌། སེམས་ཀྱི་སྡིག་པ་དག་པའི་ཚད་གསུམ། དེའི་ཡོངས་རྫོགས་ལ། ལུས་དང༌། ངག་དང༌། སེམས་ཀྱི་མ་དག་ན་བཤགས་པའི་ཐབས་གསུམ་

<div class="lcp-app"><span class="lcp-bo" lang="bo">བརྒྱད་དེ་སུམ་<b>ཅུ</b>་རྩ་དྲུག</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">མེད་ལ་བརྒྱད་<b>དོ</b>་བསྐུར་བས</span> ] <span class="lcp-bo" lang="bo">དེ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཀྱི་ངེས་པ་<b>གཟུང</b>་བ་དང</span> ] <span class="lcp-bo" lang="bo">བཟུང</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">བརྩམ་པའི་ཡུལ་<b>དང</b>་རྩོམ་པའི</span> ] <span class="lcp-bo" lang="bo">དག</span> <span style="font-family:sans-serif;font-size:90%;color:#54595d">A T</span></div>
<div class="lcp-app"><span class="lcp-bo" lang="bo">བརྒྱད་དེ་སུམ་<b>ཅུ</b>་རྩ་དྲུག</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">མེད་ལ་བརྒྱད་<b>དོ</b>་བསྐུར་བས</span> ] <span class="lcp-bo" lang="bo">དེ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཀྱི་ངེས་པ་<b>གཟུང</b>་བ་དང</span> ] <span class="lcp-bo" lang="bo">བཟུང</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">བརྩམ་པའི་ཡུལ་<b>དང</b>་རྩོམ་པའི</span> ] <span class="lcp-bo" lang="bo">དག</span> <span style="font-family:sans-serif;font-size:90%;color:#54595d">A T</span></div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<span class="lcp-pg">[p.&nbsp;368]</span> སྟེ་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འབྲུའི་མཎྜལ་གྱིས་ལོངས་སྤྱོད་འཕེལ་བ་དང༌། དྲིས་ཁམས་རྒྱས་པ་དང༌། མེ་ཏོག་གིས་དབང་པོ་གསལ་བ་དང༌། རིན་པོ་ཆེས་འབྱོར་པ་རྒྱས་པ་བཞིའོ། །དེའི་ནང་ལ་རིགས་བྲིས་པས་བདེ་བ་ཉམས་སུ་མྱོང་བ་དང༌། ཡིན་པར་བརྗོད་པས་སྤྲོ་བ་བསྐྱེད་པ་གཉིས་ཏེ་དྲུག དེའི་གསང་བ་དཀྱིལ་འཁོར་དུ་འཇུག་པ་ལ། ཤར་སྒོ་ནས་ཞུགས་པས་ལམ་སྟོང་ཉིད་དུ་བསྟན་པ་དང༌། ལྷོ་སྒོ་ནས་ཞུགས་པས་སེམས་སྟོང་པ་ཉིད་དུ་ངོ་སྤྲད། ནུབ་སྒོ་ནས་ཞུགས་པས་ཉོན་མོངས་པ་སྟོང་ཉིད་དུ་རང་གྲོལ། བྱང་སྒོར་ཞུགས་པས་ལས་དང་བག་ཆགས་སྟོང་ཉིད་དུ་མཐའ་ཟད་པ་དང་བཞི་སྟེ་བཅུའོ། །དེའི་ཡོངས་རྫོགས་རིག་པའི་མེ་ཏོག་དོར་བས་སེམས་སེམས་ཉིད་དུ་ཐིམ་པའི་གནད་དང༌། དེ་ལས་དབུགས་དབྱུང་བ་དང༌། ལུང་བསྟན་པ་གཉིས་ཏེ་བཅུ་གཉིས་སོ། །དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་ལུས་གནད་སྐྱིལ་ཀྲུང་གིས་གཞི་བཅའ་བ་དང༌། ཉི་མ་ལྔ་ལ་སེམས་གཏད་པས་ཡེ་ཤེས་ལྔ་ངོས་ཟིན་པ་དང༌། དེའི་འོད་འཕྲོ་བས་སེམས་གསལ་གདབ་པ་དང་གསུམ། དེའི་ནང་ལ་ཇེ་མཐོ་་རྟོག་པ་མེད་པའི་ལམ་བཙལ་བ་དང༌། སླར་མི་ལྡོག་པས་མྱ་ངན་ལས་འདས་པའི་སར་གཞི་འཛུགས་པ་དང༌། ལན་གསུམ་དུ་བརྗོད་པས་སྐུ་གསུམ་འདུ་འབྲལ་མེད་པའི་ས་ལ་

<div class="lcp-app"><span class="lcp-bo" lang="bo">དང་མེ་ཏོག་<b>གིས</b>་དབང་པོ</span> ] <span class="lcp-bo" lang="bo">གི</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">དང་རིན་པོ་<b>ཆེས</b>་འབྱོར་པ</span> ] <span class="lcp-bo" lang="bo">ཆེའི</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">པོ་ཆེས་འབྱོར་<b>པ</b>་རྒྱས་པ</span> ] <span class="lcp-bo" lang="bo">བ</span> <span style="font-family:sans-serif;font-size:90%;color:#54595d">A P</span> · <span class="lcp-bo" lang="bo">ནང་ལ་རིགས་<b>བྲིས</b>་པས་བདེ</span> ] <span class="lcp-bo" lang="bo">དྲིས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">པར་བརྗོད་པས་<b>སྤྲོ</b>་བ་བསྐྱེད</span> ] <span class="lcp-bo" lang="bo">སྤྲོས</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">པས་སྤྲོ་བ་<b>བསྐྱེད</b>་པ་གཉིས</span> ] <span class="lcp-bo" lang="bo">སྐྱེད</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ལས་དབུགས་དབྱུང་<b>བ</b>་དང་ལུང</span> ] <span class="lcp-bo" lang="bo">པ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">པའི་ཕྱི་ལ་<b>ལུས</b>་གནད་སྐྱིལ</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ལུས་གནད་སྐྱིལ་<b>ཀྲུང</b>་གིས་གཞི</span> ] <span class="lcp-bo" lang="bo">དཀྲུང</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>

<span class="lcp-pg">[p.&nbsp;369]</span> དབྱེར་མེད་པ་དང་གསུམ་སྟེ་དྲུག དེའི་གསང་བ་ལ་བླ་མས་བཞེངས་པས་སྣང་སྲིད་ཆོས་ཉིད་དུ་བཞེངས་པའི་གདེང་རྙེད་པ་དང༌། ཨ་ཨ་ཞེས་པས་མ་སྐྱེས་ལ་སྐྱེ་བ་མེད་པའི་གནད་བཙལ་བ་དང༌། མིག་ལ་མཛུབ་མོ་གཏད་པས་རིག་པ་འཆར་བའི་ལམ་གསལ་བ་དང་དགུའོ། །དེའི་ཡོངས་རྫོགས་ལ་ནམ་མཁའ་རྒྱ་ཆེ་བར་བརྗོད་པས་དབྱིངས་ལ་འདྲིས་པར་བྱ་བ་དང༌། ནམ་མཁའ་ལ་ཕྱག་གིས་བྱུགས་པས་བརྡ་དོན་ཉམས་དང་འདྲེས་པ་དང༌། འགྲོ་ན་འགྲོ་ས་འདུག་གམ། འདུག་ན་འདུག་ས་འདུག་གམ། སླར་འགྲོ་ས་དང་ལྡོག་ས་འདུག་གམ་གྱི་རྒྱས་གདབ་པ་དང་ལྔ་སྟེ། བཅུ་བཞིའོ། །རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ཀྱི་ཕྱི་ལ་སུ་ཡིན་དྲིས་པས་རིགས་མཚོན་པ་དང་ སེམས་ཀྱི་བུས་ལན་བཏབ་པས་ལམ་ཉེ་བར་འཇུག་པ་དང་གཉིས། དེའི་ནང་ལ་ཆོས་སྐུའི་འདུག་སྟངས་ཀྱིས་གཞི་བཙལ་བ་དང༌། ལོངས་སྐུའི་འདུག་སྟངས་ཀྱིས་ལམ་གསལ་བ་དང༌། སྤྲུལ་སྐུའི་འདུག་སྟངས་ཀྱིས་ཕུགས་དཀྲུ་བ་དང་གསུམ། དེའི་གསང་བ་ལ་འདུག་སྟངས་ཐུན་མོང་བ་རྣམས་ཀྱིས་གནད་བསྟུན་པ་དང༌། ཨེ་མ་ལ་སོགས་པས་ཆོས་སྐུའི་དཀྱིལ་འཁོར་དུ་འཇུག་པ་ལུས་ཀྱི་གནད་དང༌། ལོངས་སྐུ་དང་སྤྲུལ་སྐུའི་དཀྱིལ་འཁོར་དུ་འཇུག་པ་ལུས་གནད་བསྟུན་པ་དང་བདུན་ཏེ་

<div class="lcp-app"><span class="lcp-bo" lang="bo">དང་ཨ་ཨ་<b>ཞེས</b>་པས་མ</span> ] <span class="lcp-bo" lang="bo">ཅེས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">འདྲེས་པ་དང་<b>འགྲོ་ན་འགྲོ་ས</b>་འདུག་གམ</span> ] <span class="lcp-bo" lang="bo">འགྲོན་འགྲོས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">སྟངས་ཐུན་མོང་<b>བ</b>་རྣམས་ཀྱིས</span> ] <span class="lcp-bo" lang="bo">པ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དཀྱིལ་འཁོར་དུ་<b>འཇུག</b>་པ་ལུས</span> ] <span class="lcp-bo" lang="bo">འཇུགས</span> <span style="font-family:sans-serif;font-size:90%;color:#54595d">D T</span> · <span class="lcp-bo" lang="bo">པ་དང་བདུན་<b>ཏེ</b>་དགུའོ་དེའི</span> ] <span class="lcp-bo" lang="bo">སྟེ</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>

<span class="lcp-pg">[p.&nbsp;370]</span> དགུའོ། །དེའི་གསང་བ་ལ་སྤྲུལ་སྐུའི་ཞིང་དུ་འཇུག་པའི་བར་ཏེ་བཅུ་གསུམ། དེའི་ཡོངས་རྫོགས་ལ་ལོངས་སྐུའི་ཞིང་དུ་འཇུག་པ་དང་ལྔ་སྟེ་བཅོ་བརྒྱད་དོ། །དེའི་སྤྲོས་མེད་ཀྱི་ཕྱི་ལ་ཆོས་སྐུའི་ཞིང་ཁམས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། དེའི་ནང་ལ་སྐུ་གསུམ་གྱི་ལྷ་ངོ་བསྟན་པ་གསུམ་སྟེ་དྲུག དེའི་གསང་བ་ལ་དེར་གནས་པ་གསུམ་སྟེ་དགུ །དེའི་ཡོངས་རྫོགས་ལ་སླར་མི་ལྡོག་པའི་ས་གསུམ་སྟེ་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་ངོ་བོ་ངེས་ཚིག དབྱེ་བ་མཚོན་པ་གསུམ། དེའི་ནང་ལ་སེམས་གནས་པ། ཐོབ་པ་བརྟན་པ་གསུམ་སྟེ་དྲུག དེའི་གསང་བ་ལ་སེམས་ཀྱི་གཞི་ལམ་འབྲས་བུ་གསུམ་སྟེ་དགུ དེའི་ཡོངས་རྫོགས་ལ་སེམས་ཀྱི་འཇུག་པ། ཁྱབ་བྱེད། འགྱུར་དང་གསུམ་སྟེ་བཅུ་གཉིས་སོ། །དེའི་རབ་ཏུ་སྤྲོས་མེད་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱི་ལ། ལུས་ཀྱི་འདུག་སྟངས་བཅུ་གཅིག་གིས་ཐོབ་སྟེ་གནས་པ་དང༌། དེའི་ནང་ལ་སེམས་ཀྱིས་བཅུ་གཉིས་ཀྱིས་སྲིད་པའི་འཁོར་ལོ་བཅུ་གཉིས་རྒྱུན་གཅོད་པ་དང་ཉེར་གསུམ། དེའི་གསང་བ་ལ་སེམས་ཉིད་སྐྱེ་མེད་དུ་ལྷ་ངོ་བསྟན་པས་སེམས་བདུན་ལ་དབང་ཐོབ་པས་མ་རིག་པའི་ཁམས་བདུན་རྒྱུན་གཅོད་པ་སྟེ་སུམ་ཅུ། དེའི་ཡོངས་རྫོགས་ལ་མན་ངག་གི་དབྱེ་བ་དྲུག་དང༌། ཟག་པ་མེད་པའི་སྡེ་བཞི་སྟེ་བཅུ་

<div class="lcp-app"><span class="lcp-bo" lang="bo">མི་ལྡོག་པའི་<b>ས</b>་གསུམ་སྟེ</span> ] <span class="lcp-bo" lang="bo">སུ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ནང་ལ་སེམས་<b>ཀྱིས</b>་བཅུ་གཉིས</span> ] <span class="lcp-bo" lang="bo">ཀྱི་ས</span> <span style="font-family:sans-serif;font-size:90%;color:#54595d">D O T</span> · <span class="lcp-bo" lang="bo">པ་སྟེ་སུམ་<b>ཅུ</b>་དེའི་ཡོངས</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>
<div class="lcp-app"><span class="lcp-bo" lang="bo">མི་ལྡོག་པའི་<b>ས</b>་གསུམ་སྟེ</span> ] <span class="lcp-bo" lang="bo">སུ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ནང་ལ་སེམས་<b>ཀྱིས</b>་བཅུ་གཉིས</span> ] <span class="lcp-bo" lang="bo">ཀྱི་ས</span> <span style="font-family:sans-serif;font-size:90%;color:#54595d">D O T</span> · <span class="lcp-bo" lang="bo">པ་སྟེ་སུམ་<b>ཅུ</b>་དེའི་ཡོངས</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<span class="lcp-pg">[p.&nbsp;371]</span> གཅིག་དང་བསྡོམས་པས་ཞེ་གཅིག་གོ །དེ་ལྟར་ན་རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ལ་རྣམ་གྲངས་བཅོ་བརྒྱད། དེའི་སྤྲོས་མེད་ལ་བཅུ་གཉིས་ཏེ་སུམ་ཅུ། དེའི་ཤིན་ཏུ་སྤྲོས་མེད་ལ་བཅུ་གཉིས་ཏེ་ཞེ་གཉིས། དེའི་རབ་ཏུ་སྤྲོས་མེད་ལ་ཞེ་གཅིག་སྟེ་བརྒྱད་ཅུ་རྩ་གསུམ་མོ། །ཤིན་ཏུ་སྤྲོས་པ་མེད་པ་ལ་བཞི་བཅུ་རྩ་བརྒྱད་དེ་བརྒྱ་སུམ་ཅུ་སོ་གཅིག སྤྲོས་པ་མེད་པ་ལ་དེའི་སྤྲོས་བཅས་ལ་བཅུ་དྲུག སྤྲོས་མེད་ལ་བཅུ་གཉིས་ཏེ་ཉེར་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་དྲུག །དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དེ་བཞི་བཅུ་རྩ་བཞི་སྟེ། བརྒྱ་བདུན་ཅུ་རྩ་བཞི། སྤྲོས་བཅས་ལ་བརྒྱ་དང་བཅོ་ལྔ་སྟེ་ཉིས་བརྒྱ་བཞི་བཅུ་རྩ་དགུའོ། །དེ་ཡང་སྐུ་གསུང་ཐུགས་དབྱེར་མེད་པ་དང་བཞི་ལ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་དང༌། མ་ངེས་པའི་དུས་བཞིར་བྱས་ཏེ། དབང་ཉིས་བརྒྱ་བརྒྱད་ཅུ་རྩ་དགུ་པོ་དེ་བཞིར་འབྲེལ་བས་ཕྱེ་ན༌། ཁྲི་ཆིག་སྟོང་ཆིག་བརྒྱ་དང་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །དེ་ལྟར་དག་བྱེད་དེ་ཙམ་གྱིས། དག་བྱ་འགྲོ་བའི་ལུས་མི་འདྲ་བ་བཅུ་གཉིས་ལས་བྱེད་པའི་འགྱུར་གྱིས་རྣམ་པར་ཕྱེ་ན། ཁྲི་ཕྲག་གཅིག་དང༌། སྟོང་ཕྲག་གསུམ་དང༌། དྲུག་བརྒྱ་སུམ་ཅུ་རྩ་གཉིས། ཉོན་མོངས་པ་ཡང་དེའི་འགྱུར་བརྩིས་པས་ཁྲི་ཕྲག་གཅིག་དང་ཕྱེད་དང་བདུན་བརྒྱ་སྟེ། དེ་ལས་སྟོང་ཕྲག་

<div class="lcp-app"><span class="lcp-bo" lang="bo">གཉིས་ཏེ་སུམ་<b>ཅུ</b>་དེའི་ཤིན</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">གཅིག་སྟེ་བརྒྱད་<b>ཅུ</b>་རྩ་གསུམ</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">བཅུ་རྩ་བརྒྱད་<b>དེ</b>་བརྒྱ་སུམ</span> ] <span class="lcp-bo" lang="bo">ཏེ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དེ་བརྒྱ་སུམ་<b>ཅུ</b>་སོ་གཅིག</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཅུ་སོ་གཅིག་<b>སྤྲོས</b>་པ་མེད</span> ] <span class="lcp-bo" lang="bo">སྤྲོ་ས</span> <span style="font-family:sans-serif;font-size:90%;color:#54595d">P</span> · <span class="lcp-bo" lang="bo">ལ་བཅུ་དྲུག་<b>སྤྲོས</b>་མེད་ལ</span> ] <span class="lcp-bo" lang="bo">སྤྲོ་ས</span> <span style="font-family:sans-serif;font-size:90%;color:#54595d">P</span> · <span class="lcp-bo" lang="bo">བརྒྱད་དེ་སུམ་<b>ཅུ</b>་རྩ་དྲུག</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">སྟེ་བརྒྱ་བདུན་<b>ཅུ</b>་རྩ་བཞི</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཉིས་བརྒྱ་བརྒྱད་<b>ཅུ</b>་རྩ་དགུ</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དེ་བཞིར་འབྲེལ་<b>བས</b>་ཕྱེ་ན</span> ] <span class="lcp-bo" lang="bo">པས</span> <span style="font-family:sans-serif;font-size:90%;color:#54595d">A D</span> · <span class="lcp-bo" lang="bo">འབྲེལ་བས་ཕྱེ་<b>ན</b>་ཁྲི་ཆིག</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ཁྲི་ཆིག་སྟོང་<b>ཆིག</b>་བརྒྱ་དང</span> ] <span class="lcp-bo" lang="bo">ཚིག</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">བརྒྱ་དང་སུམ་<b>ཅུ</b>་རྩ་དྲུག</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཅུ་རྩ་དྲུག་<b>ཏུ</b>་འགྱུར་རོ</span> ] <span class="lcp-bo" lang="bo">དུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དྲུག་བརྒྱ་སུམ་<b>ཅུ</b>་རྩ་གཉིས</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>

<span class="lcp-pg">[p.&nbsp;372]</span> གཉིས་དང་དགུ་བརྒྱ་བདུན་ཅུ་རྩ་གཉིས་ལྷག་པ་ནི། ལས་ཀྱི་མཐའ་ཉེ་བར་སྡུད་པ་ལ་དགོངས་པ་སྟེ། གོང་གི་ལུས་དང་ཉོན་མོངས་པའི་དབྱེ་བ་རྣམས་དག་པར་བྱེད་པའོ། །ཞར་ལ་དག་བྱ་ནང་གི་རླུང་གི་དབྱེ་བས་དབང་ངེས་པའི་རྣམ་གྲངས་བསྟན་པ་ནི། འབྱུང་བ་བཞིའི་རླུང་གི་རིམ་པས་ཏེ། དེའི་དག་བྱེད་དབང་བཞི་ལ་རང་ངོའི་དབྱེ་བ་བཅུ་དྲུག་ལས། རེ་རེ་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞིར་ཕྱེ་བས། སྤྲོས་བཅས་ལ་བཅུ་དྲུག སྤྲོས་མེད་ལ་བཅུ་དྲུག་སྟེ་སོ་གཉིས། ཤིན་ཏུ་སྤྲོས་མེད་ལ་བཅུ་དྲུག་སྟེ་ཞེ་བརྒྱད། རབ་ཏུ་སྤྲོས་མེད་ལ་བཅུ་དྲུག་སྟེ་དྲུག་ཅུ་རྩ་བཞིས་ནི། རླུང་ལས་རླུང༌། ཆུ་རླུང༌། མེ་རླུང༌། རླུང་གི་རླུང་བཞི་ལ། བྱེར་བ། ཟུག་པ༌། སྙོམས་པ། འཁྲུག་པ་བཞི་བཞིར་ཕྱེ་བས་བཅུ་དྲུག དེ་རེ་རེ་ལ་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་སུམ་ཅུ་རྩ་དྲུག་གི་ཕྱེད་པའི་ལས་དག་པར་བྱེད་པའོ། །སྤྱི་དོན་གསུམ་པ་དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུ་ལ་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གི་འབྲས་བུའོ། །དང་པོ་ལ་ལམ་གྱི་ཡོན་ཏན་སྤྱིར་བསྟན་པ་དང༌། རིགས་འཛིན་བཞིའི་ཐོབ་ཚུལ་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི་སྤྲོས་བཅས་ཀྱིས་ཚོགས་ལམ་བཅུ་གཉིས་རྫོགས་པའི་ཡོན་ཏན་འཐོབ་པའི་རྟེན་བྱེད། སྤྲོས་མེད་ཀྱིས་སྦྱོར་ལམ་ངེས་འབྱེད་ཆ་བཞི་རྫོགས་པའི་རྟེན་

<div class="lcp-app"><span class="lcp-bo" lang="bo">དགུ་བརྒྱ་བདུན་<b>ཅུ</b>་རྩ་གཉིས</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">མཐའ་ཉེ་བར་<b>སྡུད</b>་པ་ལ</span> ] <span class="lcp-bo" lang="bo">བསྡུད</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ལ་བཅུ་དྲུག་<b>སྟེ</b>་དྲུག་ཅུ</span> ] <span class="lcp-bo" lang="bo">ཏེ</span> <span style="font-family:sans-serif;font-size:90%;color:#54595d">A D O</span> · <span class="lcp-bo" lang="bo">དྲུག་སྟེ་དྲུག་<b>ཅུ</b>་རྩ་བཞིས</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཕྱེ་བས་སུམ་<b>ཅུ</b>་རྩ་དྲུག</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">རྩ་དྲུག་གི་<b>ཕྱེད</b>་པའི་ལས</span> ] <span class="lcp-bo" lang="bo">བྱེད</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">པའི་འབྲས་བུ་<b>ལ</b>་གཉིས་ཏེ</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span></div>

<span class="lcp-pg">[p.&nbsp;373]</span> བྱེད། ཤིན་ཏུ་སྤྲོས་མེད་ཀྱིས་མཐོང་ལམ་རྫོགས་པའི་རྟེན་བྱེད། རབ་ཏུ་སྤྲོས་མེད་ཀྱིས་སྒོམ་ལམ་ས་དགུ་རྫོགས་པའི་རྟེན་བྱེད་པའོ། །དེ་བཞིན་དུ་མོས་པའི་ས་དང་འཇུག་པའི་ས་དང་བསྒྱུར་བའི་ས་དང་ཆོད་པའི་ས་བཞི་དབང་བཞི་རེ་རེ་ལ་སྦྱར་བས་ས་བཅུ་དྲུག་གི་ཡོན་ཏན་རྫོགས་པས་ཐུན་མོང་གི་ཡོན་ཏན་རྫོགས་པའི་རང་བཞིན་ཐོབ་པའོ། །དེ་ཡང་སྤྲོས་བཅས་ཀྱི་སྤྲོས་བཅས་མོས་པ་དང་ལྡན་པའི་ས་སྟེ་གདུང་བ་དང་བསོད་ནམས་ཀྱི་ཁྱད་པར་རོ། །དེའི་སྤྲོས་མེད་འཇུག་པ་དག་པའི་ས་སྟེ་དད་པས་ངེས་པ་ལ་བརྟེན་ནས་རང་དབང་ཅན་དུ་འཇུག་པའོ། །དེའི་ཤིན་ཏུ་སྤྲོས་མེད་དངོས་པོ་དག་པར་བསྒྱུར་བའི་ས་སྟེ་ལུས་ངག་གི་བཅིངས་པ་ལ་མི་གནས་པའོ། །དེའི་རབ་ཏུ་སྤྲོས་མེད་ལས་ཀྱི་མཐའ་ཆོད་པའི་ས་སྟེ། སྤྲོས་པ་དང་འཁོར་བ་ལ་མི་གནས་པའོ། །དེ་བཞིན་དུ་དབང་ལྷག་མ་གསུམ་ལའང་སྦྱོར་ཏེ། མོས་པ་ལ་སོགས་པའང་བཞི་བཞིར་སྦྱར་ན། མོས་པའི་མོས་པ་དད་པས་ངེས་པ། མོས་པའི་འཇུག་པ་སྙིང་རྗེ་ངེས་པ། མོས་པའི་བསྒྱུར་བ་ཐབས་ཀྱིས་ཟིན་པ། མོས་པའི་ཆོད་པ་ཤེས་རབ་ཀྱིས་དོན་ཆོད་པའོ། །འཇུག་པའི་མོས་པ་ཞི་གནས་ལ་མོས་པ། དེའི་འཇུག་པ་ལྷག་མཐོང་ལ་འཇུག་པ། དེའི་བསྒྱུར་བ་མཉམ་གཞག་གི་རྟོགས་པ་ཐ་དད་དུ་བསྒྱུར་བ། དེའི་ཆོད་པ་རྗེས་ཤེས་ཀྱི་འགྱུ་བ་ཆོད་

<div class="lcp-app"><span class="lcp-bo" lang="bo">སྤྲོས་མེད་ཀྱིས་<b>སྒོམ</b>་ལམ་ས</span> ] <span class="lcp-bo" lang="bo">བསྒོམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཀྱིས་སྒོམ་ལམ་<b>ས</b>་དགུ་རྫོགས</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ཆོད་པའི་ས་<b>སྟེ</b>་སྤྲོས་པ</span> ] <span class="lcp-bo" lang="bo">ཏེ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">མ་གསུམ་ལའང་<b>སྦྱོར</b>་ཏེ་མོས</span> ] <span class="lcp-bo" lang="bo">སྦྱར</span> <span style="font-family:sans-serif;font-size:90%;color:#54595d">D O S T</span> · <span class="lcp-bo" lang="bo">ཆོད་པ་ཤེས་<b>རབ</b>་ཀྱིས་དོན</span> ] <span class="lcp-bo" lang="bo">བར</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">བསྒྱུར་བ་མཉམ་<b>གཞག</b>་གི་རྟོགས</span> ] <span class="lcp-bo" lang="bo">བཞག</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">མཉམ་གཞག་གི་<b>རྟོགས</b>་པ་ཐ</span> ] <span class="lcp-bo" lang="bo">རྟོག</span> <span style="font-family:sans-serif;font-size:90%;color:#54595d">W K</span></div>

<span class="lcp-pg">[p.&nbsp;374]</span> པའོ། །བསྒྱུར་བའི་མོས་པ་གོས་ཀྱི་ཞེན་པ་གྲོལ་བ། དེའི་འཇུག་པ་ཟས་ཀྱི་ཞེན་པ་གྲོལ་བ། དེའི་བསྒྱུར་བ་རྨི་ལམ་འོད་གསལ་དུ་གྲོལ་བ། དེའི་ཆོད་པ་བག་ཆགས་དང་ཉོན་མོངས་གྲོལ་བའོ། །ཆོད་པའི་མོས་པ་སྤྱོད་པས་འཁོར་བ་ལ་མི་གནས་པ། དེའི་འཇུག་པ་བསྒོམས་པས་བསམ་གཏན་ལ་གནས་པ དེའི་བསྒྱུར་བ་ལྟ་བས་འཁྲུལ་སྣང་ལ་མི་གནས་པར་ཁམས་གསུམ་སྐུ་གསུམ་དུ་བསྒྱུར་བ། དེའི་ཆོད་པ་འབྲས་བུ་འཁོར་འདས་གཉིས་དུས་གཅིག་ལ་ཆོད་པའོ། །དེ་ལྟར་བཅུ་དྲུག་དང་དབང་གི་ང་རོ་བཅུ་དྲུག་པོ་དེ་བསྡོམས་པས་སུམ་ཅུ་རྩ་གཉིས་ལ། ས་བཅུ་དྲུག་ལ་ཡེ་ཤེས་གནས་པ། སྐྱེ་བ། ཐོབ་པ། འཆར་བ་བཞི་བཞིར་དབྱེ་བས་དྲུག་ཅུ་་རྩ་བཞི་ནི་རྡོ་རྗེ་འཆང་གིས་མཆོག་རྫོགས་པར་བྱེད་པའོ། །དབང་གི་ང་རོ་བཅུ་དྲུག་ལ་སྦྱར་བས་མཚན་སུམ་ཅུ་རྩ་གཉིས་འགྲུབ་པའི་རྒྱུ་བྱེད་པའོ། །གཉིས་པ་རིག་འཛིན་གྱི་ས་བཞིའི་ཐོབ་ཚུལ་ནི། དབང་བཞིའི་འཇུག་པ་རྗེས་སུ་དྲན་པ་ལས་རིགས་འཛིན་གྱི་ས་བཞི་སྟེ། རྣལ་འབྱོར་གྱི་ས་དང༌། རྣལ་འབྱོར་ཆེན་པོའི་ས་དང༌། འབྱེད་པའི་རྣལ་འབྱོར་གྱི་ས་དང༌། རྟོགས་པའི་རྣལ་འབྱོར་གྱི་ས་དང་བཞི་ལས། དབང་དུ་བསྒྱུར་བ་དང་མ་བསྒྱུར་བ་གཉིས་གཉིས་ཏེ་བརྒྱད་དུ་ངེས་སོ། །དེ་ལ་ཡང་ཆ་ཤས་ཀྱིས་བཞི་བཞིར་ཕྱེ་ན། རྣལ་འབྱོར་གྱི་

<div class="lcp-app"><span class="lcp-bo" lang="bo">པ་དེའི་འཇུག་<b>པ</b>་བསྒོམས་པས</span> ] <span class="lcp-bo" lang="bo">པས</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">དང་དབང་གི་<b>ང་རོ</b>་བཅུ་དྲུག</span> ] <span class="lcp-bo" lang="bo">ངོ་བོ</span> <span style="font-family:sans-serif;font-size:90%;color:#54595d">A P</span> · <span class="lcp-bo" lang="bo">བསྡོམས་པས་སུམ་<b>ཅུ</b>་རྩ་གཉིས</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དབྱེ་བས་དྲུག་<b>ཅུ</b>་རྩ་བཞི</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">རྡོ་རྗེ་འཆང་<b>གིས</b>་མཆོག་རྫོགས</span> ] <span class="lcp-bo" lang="bo">གི་ས</span> <span style="font-family:sans-serif;font-size:90%;color:#54595d">A P O</span> · <span class="lcp-bo" lang="bo">པའོ་དབང་གི་<b>ང་རོ</b>་བཅུ་དྲུག</span> ] <span class="lcp-bo" lang="bo">ངོ་བོ</span> <span style="font-family:sans-serif;font-size:90%;color:#54595d">A P</span> · <span class="lcp-bo" lang="bo">བས་མཚན་སུམ་<b>ཅུ</b>་རྩ་གཉིས</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">པའོ་གཉིས་པ་<b>རིག</b>་འཛིན་གྱི</span> ] <span class="lcp-bo" lang="bo">རིགས</span> <span style="font-family:sans-serif;font-size:90%;color:#54595d">A P D O T</span> · <span class="lcp-bo" lang="bo">པ་རིག་འཛིན་<b>གྱི་ས</b>་བཞིའི་ཐོབ</span> ] <span class="lcp-bo" lang="bo">གྱིས</span> <span style="font-family:sans-serif;font-size:90%;color:#54595d">A O T</span> · <span class="lcp-bo" lang="bo">ལས་རིགས་འཛིན་<b>གྱི་ས</b>་བཞི་སྟེ</span> ] <span class="lcp-bo" lang="bo">གྱིས</span> <span style="font-family:sans-serif;font-size:90%;color:#54595d">A O T</span></div>

<span class="lcp-pg">[p.&nbsp;375]</span> ས་ལའང༌། རྣལ་འབྱོར་དང་བྱ་བའི་རྣལ་འབྱོར་དང༌། སྤྱོད་པའི་རྣལ་འབྱོར་དང༌། བསྒྱུར་བའི་རྣལ་འབྱོར་དང་བཞིའོ། །རྣལ་འབྱོར་ཆེན་པོ་ལ་ཤིན་ཏུ་རྣལ་འབྱོར་གྱི་ས་དང༌། རང་ས་ངེས་པའི་རྣལ་འབྱོར་གྱི་ས་དང༌། སྤྲོས་པའི་རྣལ་འབྱོར་གྱི་ས་དང༌། བྱ་བྲལ་རྫོགས་པའི་རྣལ་འབྱོར་གྱི་ས་སྟེ་བཞིའོ། །འབྱེད་པའི་རྣལ་འབྱོར་གྱི་ས་ལ། བརྡའི་ས་དང༌། དོན་གྱི་ས་དང༌། བརྡ་དོན་དབྱེར་མེད་ཀྱི་ས་དང༌། མ་འདྲེས་པའི་ས་སྟེ་བཞིའོ། །རྟོགས་པའི་རྣལ་འབྱོར་གྱི་ས་ལ། རྫུ་འཕྲུལ་འཕྲུལ་པའི་ས་དང༌། ཁྱད་པར་རྟོགས་པའི་ས་དང༌། མངོན་པར་འབྱུང་བའི་ས་དང༌། དཔའ་བོ་རིགས་འབྱེད་ཀྱི་ས་དང་བཞི་སྟེ་བསྡོམས་པས་ས་བཅུ་དྲུག་གོ །དེ་ལྟར་ས་བཅུ་དྲུག་ལས། ས་དང་པོ་ལ་ཤེས་བྱེད་ཀྱི་རྫུ་འཕྲུལ་བདུན་ནི། རང་གི་ལུས་བརྒྱ་སྟོང་དུ་སྤྲུལ་པ་དང༌། དེ་དག་ལ་ཡན་ལག་བརྒྱ་སྟོང་དུ་སྤྲུལ་པ་དང༌། ལུས་གཅིག་ལ་མགོ་བརྒྱ་སྟོང་དུ་སྤྲུལ་པ་དང༌། ལུས་བརྒྱ་སྟོང་ལ་མགོ་གཅིག་པར་སྤྲུལ་པ་དང༌། མགོ་གཅིག་ལ་ལུས་མི་འདྲ་བ་བརྒྱ་སྟོང་སྤྲུལ་ནས་དེ་ལས་སྤྲུལ་པ་འགྱེད་པ་སྟེ་ལྔ་དང༌། ལུས་ལ་མགོ་དང་ཡན་ལག་མི་འདྲ་བ་དཔག་ཏུ་མེད་པར་སྤྲུལ་པ་དང་དྲུག སྐྱེ་བ་སྣ་ཚོགས་པར་སྤྲུལ་པ་དང་བདུན་ནི་དབང་དུ་གྱུར་པའི་ས་རྟོགས་པ་ལས་བྱུང་བའོ། །ས་གཉིས་པ་ལ་རང་གི་ཁོག་པ་ཁ་ཕྱེ་

<div class="lcp-app"><span class="lcp-bo" lang="bo">ཏུ་རྣལ་འབྱོར་<b>གྱི་ས</b>་དང་རང</span> ] <span class="lcp-bo" lang="bo">གྱིས</span> <span style="font-family:sans-serif;font-size:90%;color:#54595d">D O</span> · <span class="lcp-bo" lang="bo">པའི་རྣལ་འབྱོར་<b>གྱི་ས</b>་སྟེ་བཞིའོ</span> ] <span class="lcp-bo" lang="bo">གྱིས</span> <span style="font-family:sans-serif;font-size:90%;color:#54595d">A D</span> · <span class="lcp-bo" lang="bo">ས་དང་དོན་<b>གྱི་ས</b>་དང་བརྡ</span> ] <span class="lcp-bo" lang="bo">གྱིས</span> <span style="font-family:sans-serif;font-size:90%;color:#54595d">D S</span> · <span class="lcp-bo" lang="bo">རྫུ་འཕྲུལ་འཕྲུལ་<b>པའི</b>་ས་དང</span> ] <span class="lcp-bo" lang="bo">བའི</span> <span style="font-family:sans-serif;font-size:90%;color:#54595d">D O T</span> · <span class="lcp-bo" lang="bo">སྟོང་དུ་སྤྲུལ་<b>པ</b>་དང་དེ</span> ] <span class="lcp-bo" lang="bo">བ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དང་དེ་དག་<b>ལ</b>་ཡན་ལག</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">སྟོང་དུ་སྤྲུལ་<b>པ</b>་དང་ལུས</span> ] <span class="lcp-bo" lang="bo">བ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">སྟོང་དུ་སྤྲུལ་<b>པ</b>་དང་ལུས</span> ] <span class="lcp-bo" lang="bo">བ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">གཅིག་པར་སྤྲུལ་<b>པ</b>་དང་མགོ</span> ] <span class="lcp-bo" lang="bo">བ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">མེད་པར་སྤྲུལ་<b>པ</b>་དང་དྲུག</span> ] <span class="lcp-bo" lang="bo">བ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">པ་ལས་བྱུང་<b>བའོ</b>་ས་གཉིས</span> ] <span class="lcp-bo" lang="bo">པའོ</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>

<span class="lcp-pg">[p.&nbsp;376]</span> ནས་གློ་སྙིང་རྣམས་གཞན་ལ་སྟོན་པར་ནུས་པ་དང༌། ལུས་ཀྱི་སྟོད་ནས་མེ་འབར་བ་ལ་སྨད་ནས་ཆུ་འབྲུམ་པར་ནུས་པ་དང༌། ཡན་ལག་བཅད་ནས་ཕྱོགས་བཞིར་འཐོར་བར་ནུས་པ་དང༌། མིག་ལ་སོགས་པའི་དབང་པོ་ལྔ་ཐང་ལ་ལྷུང་བར་ནུས་པ་དང༌། ལུས་ཀྱི་སྟོབས་ཀྱིས་རི་བོ་འཕེན་པར་ནུས་པ་དང༌། ཕྱིའི་རྒྱ་མཚོ་ཆེན་པོ་ནམ་མཁའ་ལ་སྤར་བར་ནུས་པ་དང༌། གཟའ་སྐར་རྣམས་ཐང་ལ་ལྷུང་པ་དང་བདུན་ནི་དབང་གི་དུས་སུ་ཡན་ལག་བདུན་སྔོན་དུ་སོང་བ་ལས་བྱུང་བའོ། །ས་གསུམ་པ་ལ་རླུང་ཞགས་པར་འཆིང་བར་ནུས་པ་དང༌། འགྲོ་བའི་བསམ་པ་གཞན་དུ་བསྒྱུར་བ་དང༌། འཇིག་རྟེན་སྐྱོང་བའི་ལྷའི་རྒྱལ་པོ་རྣམས་སྒྲོལ་བར་ནུས་པ་དང༌། མཁའ་འགྲོ་མའི་ཡིད་འཕྲོག་པར་ནུས་པ་དང༌། འགྲོ་བ་བརྒྱ་སྒྲོལ་ཞིང་བསྒྲལ་བ་རྣམས་གསོ་བར་ནུས་པ་དང༌། ལྷ་དང་ཀླུ་དང་གནོད་སྦྱིན་གྱི་བུ་མོ་ལ་རོལ་པར་ནུས་པ་དང༌། དབང་ཕྱུག་ཆེན་པོ་ལ་སོགས་པའི་འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ཀྱི་སྟོབས་ཉམས་པར་ནུས་པ་དང་བདུན་ནི་དབང་བསྐུར་བའི་དུས་སུ་སེམས་བསྐྱེད་པ་ལས་བྱུང་བའོ། །ས་བཞི་པ་ལ་ནམ་མཁའ་རྡོ་རྗེར་བསྒྱུར་བར་ནུས་པ་དང༌། མེ་ཆུར་བསྒྱུར། ཆུ་མེར་བསྒྱུར། ས་མེར་བསྒྱུར། ས་ཆུར་བསྒྱུར། རླུང་མེར་བསྒྱུར། མེ་རླུང་དུ་བསྒྱུར་བར་ནུས་པ་དང་བདུན་ནི་ཡི་གེ་སྤྲོ་བསྡུ་

<div class="lcp-app"><span class="lcp-bo" lang="bo">ནས་གློ་སྙིང་<b>རྣམས</b>་གཞན་ལ</span> ] <span class="lcp-bo" lang="bo">རྣམ</span> <span style="font-family:sans-serif;font-size:90%;color:#54595d">W K T</span> · <span class="lcp-bo" lang="bo">དང་ལུས་ཀྱི་<b>སྟོད</b>་ནས་མེ</span> ] <span class="lcp-bo" lang="bo">སྟོང</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">སྨད་ནས་ཆུ་<b>འབྲུམ</b>་པར་ནུས</span> ] <span class="lcp-bo" lang="bo">འབྲུག</span> <span style="font-family:sans-serif;font-size:90%;color:#54595d">A P D O T</span> · <span class="lcp-bo" lang="bo">ཐང་ལ་ལྷུང་<b>བར</b>་ནུས་པ</span> ] <span class="lcp-bo" lang="bo">པར</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ལུས་ཀྱི་སྟོབས་<b>ཀྱིས</b>་རི་བོ</span> ] <span class="lcp-bo" lang="bo">ཀྱི</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">མཁའ་ལ་སྤར་<b>བར</b>་ནུས་པ</span> ] <span class="lcp-bo" lang="bo">བ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ཐང་ལ་ལྷུང་<b>⁁</b>་པ་དང</span> ] <span class="lcp-bo" lang="bo">བར་ནུས</span> <span style="font-family:sans-serif;font-size:90%;color:#54595d">A P D O S T</span> · <span class="lcp-bo" lang="bo">ལ་རླུང་ཞགས་<b>པར</b>་འཆིང་བར</span> ] <span class="lcp-bo" lang="bo">པ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">འགྲོ་མའི་ཡིད་<b>འཕྲོག</b>་པར་ནུས</span> ] <span class="lcp-bo" lang="bo">ཕྲོག</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">བརྒྱ་སྒྲོལ་ཞིང་<b>བསྒྲལ</b>་བ་རྣམས</span> ] <span class="lcp-bo" lang="bo">སྒྲལ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཞིང་བསྒྲལ་བ་<b>རྣམས</b>་གསོ་བར</span> ] <span class="lcp-bo" lang="bo">ལས</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">མོ་ལ་རོལ་<b>པར</b>་ནུས་པ</span> ] <span class="lcp-bo" lang="bo">བར</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དུས་སུ་སེམས་<b>བསྐྱེད</b>་པ་ལས</span> ] <span class="lcp-bo" lang="bo">སྐྱེད</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>

<span class="lcp-pg">[p.&nbsp;377]</span> བསྒོམས་པ་ལས་བྱུང་བའོ། །ས་ལྔ་པས་ནི་ནམ་མཁའ་བདུན་པ་ལ་དབང་བསྒྱུར་བར་ནུས་ཏེ་སྟོང་ཉིད་བསྒོམས་པ་ལས་བྱུང་བའོ། །ས་དྲུག་པས་མེ་བདུན་ལ་དབང་བསྒྱུར་བ་ནི། སྔོན་དུ་དབང་གི་ཤེས་བྱེད་ལས་བྱུང་བའོ། །ས་བདུན་པས་ས་གཅིག་ནས་གཉིས་སུ་བྱས་པའི་བདུན་ལ་དབང་བ་ནི་འབྱུང་བ་རིམ་བརྩེགས་བསྒོམས་པ་ལས་བྱུང་བའོ། །ཡང་ཆུ་བདུན་ལ་དབང་བ་ནི་སྔོན་འགྲོ་སོང་བ་ལས་བྱུང་བའོ། །ས་བརྒྱད་པས་རླུང་བདུན་ལ་དབང་བ་ནི་འཁོར་ལོ་བཞིའི་རླུང་སྦྱངས་པ་ལས་བྱུང་བའོ། །ས་དགུ་པས་བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་བསྐྱོད་ནུས་པ་ནི་སྦྱོར་བ་སྔོན་དུ་སོང་བ་ལས་བྱུང་བའོ། །ས་བཅུ་པས་ཆོས་སུ་བྱ་བ་བདུན་ལ་དབང་བ་ནི་ལྷ་བསྒོམས་པ་ལས་བྱུང་བའོ། །ས་བཅུ་གཅིག་པས་རྟ་སྤྲིན་གྱི་ཤུགས་ཅན་བདུན་སྤྲུལ་ནུས་པ་ནི་བརྩོན་འགྲུས་བརྩམས་པ་ལས་བྱུང་བའོ། །བཅུ་གཉིས་པས་དགེ་སློང་བསིལ་བྱེད་ཅན་བདུན་སྤྲུལ་ནུས་པ་ནི་དམ་ཚིག་དང་སྡོམ་པས་གནས་པ་ལས་བྱུང་བའོ། །བཅུ་གསུམ་པས་ལྷའི་གཞལ་མེད་ཁང་བདུན་སྤྲུལ་ནུས་པ་ནི་གཞལ་ཡས་ཁང་བསྒོམས་པ་ལས་བྱུང་བའོ། །བཅུ་བཞི་པས་འཇིག་རྟེན་གྱི་ཁམས་བདུན་སྤྲུལ་ནུས་པ་ནི་བླ་མ་མཉེས་པར་བྱས་པ་ལས་བྱུང་བའོ། །བཅོ་ལྔ་པས་ཡི་དམ་གྱི་ལྷ་བདུན་སྤྲུལ་ནུས་པ་ནི་ཡི་དམ་

<div class="lcp-app"><span class="lcp-bo" lang="bo">བའོ་ས་ལྔ་<b>པས</b>་ནི་ནམ</span> ] <span class="lcp-bo" lang="bo">པ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">པ་ལས་བྱུང་<b>བའོ</b>་ས་དྲུག</span> ] <span class="lcp-bo" lang="bo">པའོ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">པ་ལས་བྱུང་<b>བའོ</b>་ཡང་ཆུ</span> ] <span class="lcp-bo" lang="bo">པའོ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">བྱུང་བའོ་ས་<b>དགུ</b>་པས་བྱང</span> ] <span class="lcp-bo" lang="bo">དགུས</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ལག་བདུན་གྱིས་<b>བསྐྱོད</b>་ནུས་པ</span> ] <span class="lcp-bo" lang="bo">སྐྱོད</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">པས་དགེ་སློང་<b>བསིལ</b>་བྱེད་ཅན</span> ] <span class="lcp-bo" lang="bo">གསིལ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">སྤྲུལ་ནུས་པ་<b>ནི</b>་དམ་ཚིག</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ཚིག་དང་སྡོམ་<b>པས</b>་གནས་པ</span> ] <span class="lcp-bo" lang="bo">པ་ལ</span> <span style="font-family:sans-serif;font-size:90%;color:#54595d">A P O T</span></div>

<span class="lcp-pg">[p.&nbsp;378]</span> བསྒོམས་པ་ལས་བྱུང་བའོ། །བཅུ་དྲུག་པས་ལྷ་མོ་བདུན་སྤྲུལ་ཞིང་གཟུགས་སོགས་ཡུལ་དྲུག་གི་དག་བྱེད་ལ་ལོངས་སྤྱོད་ལ། འགྲོ་དྲུག་གི་སྐྱེ་གནས་སྟོན་པར་ནུས་པ་དང་བཅུ་དགུ་ནི་དབང་རྣམས་རྫོགས་པ་ལས་བྱུང་བའོ། །དེ་ལྟར་ས་བཅུ་དྲུག་ལ་རྫུ་འཕྲུལ་བརྒྱ་ཐམ་པ་འབྱུང་བ་ནི་རིགས་འཛིན་གྱི་ས་ཞེས་བྱའོ། །མིང་གི་རྣམ་གྲངས་གཞན་རྣམ་པར་སྨིན་པ་དང༌། ཚེ་ལ་དབང་བ་དང༌། ཕྱག་རྒྱ་ཆེན་པོ་དང༌། ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ། རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོ་དང༌། འབྱེད་པའི་རྣལ་འབྱོར་དང༌། རྟོགས་པའི་རྣལ་འབྱོར་ཏེ་རིམ་པ་བཞིན་ནོ། །དེ་ཡང་རྣམ་པར་སྨིན་པའི་རིགས་འཛིན་ནི་སེམས་ལྷའི་སྐུར་སྨིན་ཡང་ལུས་མ་སྨིན་པས་བར་དོར་གྲོལ་བའོ། །ཚེ་དབང་ནི་དེ་ཉིད་ལ་གྲོལ་བའོ། །ཕྱག་རྒྱ་ཆེན་པོ་ནི་ལུས་སེམས་ལྷར་སྨིན་པའོ། །ལྷུན་གྲུབ་ནི་རང་གཞན་གྱི་དོན་གཉིས་གྲུབ་པའོ། །འདི་དག་ལས་བཅུ་དྲུག་པོ་དེ་སྔ་མ་བཞིན་སྦྱར་ཏེ་ཡོན་ཏན་ཤེས་པར་བྱའོ། །རྣམ་སྨིན་ནི་བར་མ་ཆད་ན་ཚེ་དེ་ལ་ཚེ་དབང་ཐོབ་ནས་འབྲས་བུ་ཐོབ་པའོ། །ཚེ་དབང་ནི་བསྐལ་པ་ཆེན་པོ་གཅིག་ན་རྫུ་འཕྲུལ་སྦྱངས་ནས་རྡོ་རྗེ་འཆང་གི་ས་འཐོབ་བོ། །ཕྱག་རྒྱ་ཆེན་པོ་ནི་ལོ་བརྒྱ་ན་རྡོ་རྗེ་འཆང་གི་ས་འཐོབ་བོ། །ལྷུན་གྲུབ་ནི་ལོ་སྟོང་ན་རྡོ་རྗེ་འཆང་གི་ས་འཐོབ་སྟེ་འཕྲིན་ལས་བཞིས་

<div class="lcp-app"><span class="lcp-bo" lang="bo">ཚེ་ལ་དབང་<b>བ</b>་དང་ཕྱག</span> ] <span class="lcp-bo" lang="bo">པ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">པར་སྨིན་པའི་<b>རིགས</b>་འཛིན་ནི</span> ] <span class="lcp-bo" lang="bo">རིག</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">སྨིན་ཡང་ལུས་<b>⁁</b>་མ་སྨིན</span> ] <span class="lcp-bo" lang="bo">ལ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">པའོ་འདི་དག་<b>ལས</b>་བཅུ་དྲུག</span> ] <span class="lcp-bo" lang="bo">ལ་ས</span> <span style="font-family:sans-serif;font-size:90%;color:#54595d">A P D O S T</span> · <span class="lcp-bo" lang="bo">དབང་ནི་བསྐལ་<b>པ</b>་ཆེན་པོ</span> ] <span class="lcp-bo" lang="bo">བ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ཆེན་པོ་ནི་<b>ལོ་བརྒྱ་ན</b>་རྡོ་རྗེ</span> ] <span class="lcp-bo" lang="bo">ཡོ་བརྒྱན</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">གི་ས་འཐོབ་<b>བོ</b>་ལྷུན་གྲུབ</span> ] <span class="lcp-bo" lang="bo">པོ</span> <span style="font-family:sans-serif;font-size:90%;color:#54595d">A D</span></div>

<span class="lcp-pg">[p.&nbsp;379]</span> དོན་གཉིས་མཛད་པའི་ཕྱིར་རོ། །འཕྲིན་ལས་བཞི་ནི། ཞི་བ། རྒྱས་པ། དབང༌། དྲག་པོའོ། །དེ་ལ་སྤྲོས་བཅས་ཀྱིས་ཞི་བའི་ལས་བྱེད་དེ་དངོས་པོ་ལུས་སེམས་ཀྱི་བར་ཆད་མངོན་གྱུར་དང༌། དངོས་མེད་དྲི་མ་ཕྲ་རགས་གཉིས་ཞི་བར་བྱེད་པའོ། །དབྱེ་ན་ཞི་བའི་ཞི་བ་ཤེས་པ་དང་རླུང༌། ཞི་བའི་རྒྱས་པ་ཚེ་དང་བསོད་ནམས། ཞི་བའི་དབང་ལུས་ངག་གི་ནུས་པ། ཞི་བའི་དྲག་པོ་གཉིས་ཞི་ནས་གཅིག་ཏུ་གནས་པའོ། །སྤྲོས་མེད་ཀྱིས་རྒྱས་པའི་ལས་འགྲུབ་བོ། །དབྱེ་ན་རྒྱས་པའི་ཞི་བ་རྣམ་རྟོག་ངན་པ་ཟད་པ། རྒྱས་པའི་རྒྱས་པ་ཚེ་དང་བསོད་ནམས་འཁོར་དང་ལོངས་སྤྱོད་ཉམས་དང་བྱིན་བརླབས་སོ། །རྒྱས་པའི་དབང་ཇི་ལྟར་འདོད་པའི་བསྒྲུབ་བྱ་རྒྱས་པ། རྒྱས་པའི་དྲག་པོ་ལུས་ངག་སེམས་ཀྱི་ནུས་པ་རྫོགས་པའོ། །ཤིན་ཏུ་སྤྲོས་མེད་ཀྱིས་དབང་གི་འཕྲིན་ལས་འགྲུབ་བོ། །དབྱེ་ན་དབང་གི་ཞི་བ་ལུས་ངག་ཡིད་ཀྱི་བར་ཆད་ཞི་བ། དབང་གི་རྒྱས་པ་ལྟ་སྒོམ་སྤྱོད་འབྲས་རྒྱས་པ། དབང་གི་དབང་མི་དང་མི་མ་ཡིན་རྣམས་འདུས་པ། དབང་གི་དྲག་པོ་དགུག་པ་ལ་སོགས་པ་འགྲུབ་པའོ། །རབ་ཏུ་སྤྲོས་པ་མེད་པས་དྲག་པོའི་འཕྲིན་ལས་འགྲུབ་པའོ། །དབྱེ་ན་དྲག་པོའི་ཞི་བ་དགུག་པ་དང་བཅིང་བའི་ལས་སོ། །དྲག་པོའི་རྒྱས་པ་དབྱེ་བ་དང་བསྐྲད་པ༌། དྲག་པོའི་དབང་ཚུར་ལ་ཀླན་ཀ་མི་རྙེད་

<div class="lcp-app"><span class="lcp-bo" lang="bo">པའི་ལས་འགྲུབ་<b>བོ</b>་དབྱེ་ན</span> ] <span class="lcp-bo" lang="bo">པོ</span> <span style="font-family:sans-serif;font-size:90%;color:#54595d">O U</span> · <span class="lcp-bo" lang="bo">ཚེ་དང་བསོད་<b>ནམས</b>་འཁོར་དང</span> ] <span class="lcp-bo" lang="bo">ནས</span> <span style="font-family:sans-serif;font-size:90%;color:#54595d">D T U</span> · <span class="lcp-bo" lang="bo">འཕྲིན་ལས་འགྲུབ་<b>བོ</b>་དབྱེ་ན</span> ] <span class="lcp-bo" lang="bo">པོ</span> <span style="font-family:sans-serif;font-size:90%;color:#54595d">D O U</span> · <span class="lcp-bo" lang="bo">དབང་མི་དང་<b>མི</b>་མ་ཡིན</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">པ་དང་བཅིང་<b>བའི</b>་ལས་སོ</span> ] <span class="lcp-bo" lang="bo">པའི</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">དབང་ཚུར་ལ་<b>ཀླན</b>་ཀ་མི</span> ] <span class="lcp-bo" lang="bo">བླ་ན</span> <span style="font-family:sans-serif;font-size:90%;color:#54595d">A S</span> · <span class="lcp-bo" lang="bo">དབང་ཚུར་ལ་<b>ཀླན</b>་ཀ་མི</span> ] <span class="lcp-bo" lang="bo">སན</span> <span style="font-family:sans-serif;font-size:90%;color:#54595d">P</span></div>

<span class="lcp-pg">[p.&nbsp;380]</span> པ། དྲག་པོའི་དྲག་པོ་སྤ་བཀོང་བ་དང་བསད་པ་ལ་སོགས་པ་འགྲུབ་པའོ། །དེ་ལྟར་བཅུ་དྲུག་ནི་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་སོགས་རང་ངོའི་དབྱེ་བ་བཅུ་དྲུག་གི་འབྲས་བུའོ། །དེ་ཡང་རྣམ་པར་འཕྲུལ་པས་དབྱེ་ན། ལུས་མི་འདྲ་བའི་གྲངས་བཞིན་དག་བྱེད་ཀྱང་དེ་ཙམ་ཡོད་པ་ནི་འཕྲིན་ལས་ཀྱི་གྲངས་སོ། །གཞན་ཡང་གནས་སྐབས་སུ་ཐོབ་པ་ནི། སྤྲོས་བཅས་ཀྱི་དབང་གིས་ལུས་ཀྱི་ཡོན་ཏན། ཚེ་རིང་བ་དང༌། ནད་མེད་པ་དང༌། འགྲོ་བ་བྱམས་པ་དང༌། བསོད་ནམས་དང་ལྡན་པ་དང༌། རྫུ་འཕྲུལ་འགྲུབ་པ་དང༌། ལུས་ཀྱི་རྡུལ་ཕྲན་མཐོང་བ་ལ་སོགས་པའོ། །སྤྲོས་མེད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། གཞན་གྱི་རྣར་སྙན་པ་དང༌། བསྒོ་བ་བཞིན་ཉན་པ་དང༌། བཀའ་བསྟན་བཅོས་ལ་དབང་བ་དང༌། མི་མ་ཡིན་པའི་སྐད་ཤེས་པ་ལ་སོགས་པའོ། །ཤིན་ཏུ་སྤྲོས་མེད་ཀྱིས་ཡིད་དག་་པ་དང༌། ཏིང་ངེ་འཛིན་དང༌། རིག་པ་དང༌། གང་བསམས་ཆོས་ཉིད་དུ་འཆར་བ་དང༌། དུས་བཞི་དུས་གཅིག་ཏུ་རྟོགས་པ་དང༌། འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ལ་སོགས་པའོ། །རབ་ཏུ་སྤྲོས་མེད་ཀྱིས་སེམས་ལས་སུ་རུང་བ་དང༌། མངོན་པར་ཤེས་པ་དང༌། ཚེ་དཔག་ཏུ་མེད་པར་བྱིན་གྱིས་རློབས་པ་ལ་སོགས་པའོ། །ཁྱད་པར་དུ་དབང་བཞིས་སྣང་བ་བཞིའི་ཡོན་ཏན་ཐོབ་པ་ནི། སྤྲོས་བཅས་ཀྱིས་ཆོས་ཉིད་

<div class="lcp-app"><span class="lcp-bo" lang="bo">པོའི་དྲག་པོ་<b>སྤ</b>་བཀོང་བ</span> ] <span class="lcp-bo" lang="bo">སྦ</span> <span style="font-family:sans-serif;font-size:90%;color:#54595d">D S</span> · <span class="lcp-bo" lang="bo">དང་བཀའ་བསྟན་<b>བཅོས</b>་ལ་དབང</span> ] <span class="lcp-bo" lang="bo">ཆོས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">བཀའ་བསྟན་བཅོས་<b>ལ</b>་དབང་བ</span> ] <span class="lcp-bo" lang="bo">པ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ལས་སུ་རུང་<b>བ</b>་དང་མངོན</span> ] <span class="lcp-bo" lang="bo">པ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">པར་བྱིན་གྱིས་<b>རློབས</b>་པ་ལ</span> ] <span class="lcp-bo" lang="bo">རློབ</span> <span style="font-family:sans-serif;font-size:90%;color:#54595d">D O S T U</span></div>

<span class="lcp-pg">[p.&nbsp;381]</span> མངོན་སུམ་གྱི་སྣང་བ། སྤྲོས་མེད་ཀྱིས་ཉམས་གོང་འཕེལ། ཤིན་ཏུ་སྤྲོས་མེད་ཀྱིས་རིག་པ་ཚད་ཕེབས། རབ་ཏུ་སྤྲོས་མེད་ཀྱིས་ཆོས་ཉིད་ཟད་པའི་སྣང་བ་སྟེ། དེ་དག་རེ་རེ་ཞིང་ཕྱི་སྣང་བའི་ཡོན་ཏན་རེ་དང༌། ནང་ཉམས་ཏིང་ངེ་འཛིན་རེ་དང༌། གསང་བ་ལྟ་དགོངས་ཁྱད་པར་ཅན་རེ་དང༌། ཡོངས་རྫོགས་བསྟན་པའི་ཚད་རེ་ཐོབ་ནས། ཟག་བཅས་མི་སྣང་བར་སངས་རྒྱས་ཀྱི་ས་ལ་སྦྱོར་བའོ། །འདི་དག་ནི་ཐུན་མོང་དུ་གནས་སྐབས་ཀྱི་ཡོན་ཏན་ནོ། །གཉིས་པ་མཐར་ཐུག་གི་འབྲས་བུ་ནི། མགོན་པོ་རྡོ་རྗེ་འཆང་གི་ས་སྟེ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་རྫོགས་པར་ཐོབ་པའོ། །དབྱེ་ན་གསུམ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཞིང་ཁམས་མདོར་བསྟན། བསམ་གྱིས་མི་ཁྱབ་པའི་དབྱེ་བ་རྒྱས་པར་བཤད། མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བའོ། །དང་པོ་ནི་དབང་མཐར་ཕྱིན་པའི་འབྲས་བུ་བཞི་ལ་རྟགས་བཞི་དང་ཚད་བཞི་སྟེ། བཅུ་གཉིས། སྨིན་སོ་སྐུ་བཞི་སྟེ་བཅུ་དྲུག ཡེ་ཤེས་བཞི་སྟེ་ཉི་ཤུ། ཡེ་ཤེས་ཀྱི་འོད་ཟེར་བཞི་སྟེ་ཉེར་བཞི། འོད་ཀྱིས་བཀྱེ་བའི་སྤྲུལ་པ་བཞི་སྟེ་ཉེར་བརྒྱད། སྤྲུལ་པའི་གདུལ་ཞིང་བཞི་སྟེ་སུམ་ཅུ་རྩ་གཉིས་སུ་སྨིན་པས་དོན་འབྱུང་བ་ནི། ལམ་དུ་དབང་སུམ་ཅུ་རྩ་གཉིས་ཐོབ་པ་ལས་བྱུང་བའོ། །དེ་ཡང་སྐུ་བཞི་ལ་གཞི་

<div class="lcp-app"><span class="lcp-bo" lang="bo">ཆོས་ཉིད་མངོན་<b>སུམ</b>་གྱི་སྣང</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">རྡོ་རྗེ་འཆང་<b>གི་ས</b>་སྟེ་སྐུ</span> ] <span class="lcp-bo" lang="bo">གིས</span> <span style="font-family:sans-serif;font-size:90%;color:#54595d">O U</span> · <span class="lcp-bo" lang="bo">བཞི་སྟེ་སུམ་<b>ཅུ</b>་རྩ་གཉིས</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">T U</span> · <span class="lcp-bo" lang="bo">དུ་དབང་སུམ་<b>ཅུ</b>་རྩ་གཉིས</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T U</span></div>
<div class="lcp-app"><span class="lcp-bo" lang="bo">ཆོས་ཉིད་མངོན་<b>སུམ</b>་གྱི་སྣང</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">རྡོ་རྗེ་འཆང་<b>གི་ས</b>་སྟེ་སྐུ</span> ] <span class="lcp-bo" lang="bo">གིས</span> <span style="font-family:sans-serif;font-size:90%;color:#54595d">O U</span> · <span class="lcp-bo" lang="bo">བཞི་སྟེ་སུམ་<b>ཅུ</b>་རྩ་གཉིས</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">T U</span> · <span class="lcp-bo" lang="bo">དུ་དབང་སུམ་<b>ཅུ</b>་རྩ་གཉིས</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T U</span></div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<span class="lcp-pg">[p.&nbsp;382]</span> གནས་ཀྱི་ཡེ་ཤེས། མཚན་ཉིད་འཛིན་པའི་ཡེ་ཤེས། ཐམས་ཅད་མཁྱེན་པའི་ཡེ་ཤེས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བཞི་བཞི་བརྩིས་པས་བཅུ་དྲུག ཡེ་ཤེས་ཀྱི་མཁྱེན་པ་བཞི་བཞི་བརྩིས་པས་བཅུ་དྲུག་སྟེ་སུམ་ཅུ་་རྩ་གཉིས་ནི་སྐུ་དང་ཡེ་ཤེས་ཀྱི་རྣམ་གྲངས་སུམ་ཅུ་རྩ་གཉིས་ཞེས་བྱའོ། །འདི་དག་རྫོགས་པ་ནི་རྡོ་རྗེ་འཆང་གི་ས་བཅུ་དྲུག་མཛད་པ་ཡེ་ཤེས་ཀྱི་ཡུལ་བཅུ་དྲུག་དང་བཅས་པའོ། །ཡེ་ཤེས་ཀྱི་སྣང་བའི་རང་འོད་ལྔ་ལས་ཞིང་ལྔའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པ་ནི། འོད་མཐིང་གའི་ཀློང་ན་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རྫོགས་པའོ། །དེ་བཞིན་དུ་དཀར་པོས་མི་བསྐྱོད་པ། སེར་པོས་རིན་ཆེན་འབྱུང་ལྡན། དམར་པོས་སྣང་བ་མཐའ་ཡས། ལྗང་གུས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའོ། །དཀྱིལ་འཁོར་དེ་དག་ལས་གདུལ་བྱའི་ཞིང་དུ་འཕྲིན་ལས་བཞིའི་སྤྲུལ་པ་འགྱེད་ལ། གདུལ་ཞིང་ཤར་ཕྱོགས་མངོན་པར་དགའ་བ། ལྷོ་དཔལ་དང་ལྡན་པ། ནུབ་པདྨ་བརྩེགས་པ། བྱང་ལས་རབ་རྫོགས་པ་བཞིས་འགྲོ་བ་སྨིན་པར་བྱེད་དོ། །གཉིས་པ་བསམ་གྱིས་མི་ཁྱབ་པའི་དབྱེ་བས་རྒྱས་པར་བཤད་པ་ནི། སྐུ་བཞིའི་ཞིང་ཁམས་ཕུན་སུམ་ཚོགས་པ་ལྔ་ལྔར་དབྱེ་བ་ལས། དང་པོ་ཆོས་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོ། གནས་ཆོས་ཀྱི་དབྱིངས།

<div class="lcp-app"><span class="lcp-bo" lang="bo">མཁྱེན་པའི་ཡེ་<b>ཤེས</b>་བཞི་བཞི</span> ] <span class="lcp-bo" lang="bo">ཤེ་ས</span> <span style="font-family:sans-serif;font-size:90%;color:#54595d">D T</span> · <span class="lcp-bo" lang="bo">བརྩིས་པས་བཅུ་<b>དྲུག</b>་སྟེ་སུམ</span> ] <span class="lcp-bo" lang="bo">དྲག</span> <span style="font-family:sans-serif;font-size:90%;color:#54595d">D T</span> · <span class="lcp-bo" lang="bo">དྲུག་སྟེ་སུམ་<b>ཅུ</b>་རྩ་གཉིས</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">རྣམ་གྲངས་སུམ་<b>ཅུ</b>་རྩ་གཉིས</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">རྡོ་རྗེ་འཆང་<b>གི་ས</b>་བཅུ་དྲུག</span> ] <span class="lcp-bo" lang="bo">གིས</span> <span style="font-family:sans-serif;font-size:90%;color:#54595d">A O S T U</span> · <span class="lcp-bo" lang="bo">འོད་ལྔ་ལས་<b>ཞིང</b>་ལྔའི་དཀྱིལ</span> ] <span class="lcp-bo" lang="bo">གཞི</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">འོད་མཐིང་གའི་<b>ཀློང</b>་ན་རྣམ</span> ] <span class="lcp-bo" lang="bo">སོང</span> <span style="font-family:sans-serif;font-size:90%;color:#54595d">P</span> · <span class="lcp-bo" lang="bo">བ་མཐའ་ཡས་<b>ལྗང</b>་གུས་དོན</span> ] <span class="lcp-bo" lang="bo">ཡང</span> <span style="font-family:sans-serif;font-size:90%;color:#54595d">P</span> · <span class="lcp-bo" lang="bo">མཐའ་ཡས་ལྗང་<b>གུས</b>་དོན་ཡོད</span> ] <span class="lcp-bo" lang="bo">ཁུས</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">པར་དགའ་བ་<b>ལྷོ་དཔལ</b>་དང་ལྡན</span> ] <span class="lcp-bo" lang="bo">ལྷོད་པ་ལ</span> <span style="font-family:sans-serif;font-size:90%;color:#54595d">A U</span> · <span class="lcp-bo" lang="bo">ལྡན་པ་ནུབ་<b>པདྨ</b>་བརྩེགས་པ</span> ] <span class="lcp-bo" lang="bo">པད་མ</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">ལྡན་པ་ནུབ་<b>པདྨ</b>་བརྩེགས་པ</span> ] <span class="lcp-bo" lang="bo">པདམ</span> <span style="font-family:sans-serif;font-size:90%;color:#54595d">A D S</span> · <span class="lcp-bo" lang="bo">རབ་རྫོགས་པ་<b>བཞིས</b>་འགྲོ་བ</span> ] <span class="lcp-bo" lang="bo">བཞིའི</span> <span style="font-family:sans-serif;font-size:90%;color:#54595d">P O T U</span> · <span class="lcp-bo" lang="bo">པ་དཔལ་ཀུན་<b>ཏུ</b>་བཟང་པོ</span> ] <span class="lcp-bo" lang="bo">དུ</span> <span style="font-family:sans-serif;font-size:90%;color:#54595d">A D</span></div>

<span class="lcp-pg">[p.&nbsp;383]</span> བསྟན་པ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བསྟན་པ། འཁོར་འདུས་མ་བྱས་པ། དུས་ཆོས་ཉིད་ལ་འཕོ་འགྱུར་མེད་པ་དང་ལྔ་ནི་ཆོས་སྐུར་འཇོག་པའི་འཐད་པ་ནི། ཞིང་ཁམས་རྣམ་པར་དག་པ་དེ་ཉིད་དང་བརྗོད་དུ་མེད་པ། ཆོས་བརྗོད་དུ་མེད་པ། འབད་མེད་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཀྱི་སྒོ་ནས་ཆོས་སྐུ་ཞེས་བརྗོད་པའོ། །ཕུན་སུམ་ཚོགས་པ་ལྔ། བརྗོད་དུ་མེད་པ་དང༌། ལྷུན་གྱིས་གྲུབ་པ་གཉིས་ཏེ། བརྒྱད་ནི། དབང་བཞིའི་ས་བོན་བཞི་དང༌། འབྲས་བུ་བཞི་སྟེ་བརྒྱད་སྨིན་པ་ལས་བྱུང་བའོ། །ལོངས་སྐུའི་སྟོན་པ་རྣམ་པར་སྣང་མཛད་གང་ཆེན་མཚོ། །གནས་རྣམ་དག་སྟུག་པོ་བཀོད་པ། བསྟན་པ་རང་བྱུང་གི་ཡི་གེ་དྲུག་གི་རང་སྒྲ་ལྗགས་ཀྱི་འོད་ཟེར་ལས་འཕྲོ་བ་བསྟན་པའི་བུ་གཅིག འཁོར་ཉིད་ལས་མི་གཞན་པ་རིགས་བཞིའི་སངས་རྒྱས། དུས་རང་བཞིན་རྣམ་དག་ཆེན་པོ། ཞིང་ཁམས་ཕྱག་མཉམ་གཞག་གི་མཐིལ་ན། ཡས་མར་བརྩེགས་པའི་ཉི་ཤུ་རྩ་ལྔ། སྐྱིལ་ཀྲུང་མན་ཆད་ལ་བཅུ་དྲུག དེ་དག་ཀྱང་ཡས་མན་དུ་བལྟས་པས་རྒྱ་དེབ་བརྩེགས་པ་ལྟ་བུར་བར་ན་རྣམ་དག་གི་ནམ་མཁས་བཅད་ནས་གནས་ལ། ཕན་ཚུན་ནི་ཟ་འོག་གི་གུར་ཁྱིམ་བཀྲམ་པ་དང་འདྲ་སྟེ། སོ་སོའི་ལྕགས་རི་དང་མཚོས་པར་བཅད་དེ་གནས་སོ། །ཆོས་ནི་རང་གི་ངོ་བོ་རྣམ་དག་ཆེན་པོའི་ཆོས་ལ་སྤྱོད་

<div class="lcp-app"><span class="lcp-bo" lang="bo">དེ་ཉིད་དང་<b>བརྗོད</b>་དུ་མེད</span> ] <span class="lcp-bo" lang="bo">རྗོད</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">བརྗོད་པའོ་ཕུན་<b>སུམ</b>་ཚོགས་པ</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">T U</span> · <span class="lcp-bo" lang="bo">པར་སྣང་མཛད་<b>གང</b>་ཆེན་མཚོ</span> ] <span class="lcp-bo" lang="bo">གངས</span> <span style="font-family:sans-serif;font-size:90%;color:#54595d">P</span> · <span class="lcp-bo" lang="bo">ཆེན་མཚོ་གནས་<b>རྣམ</b>་དག་སྟུག</span> ] <span class="lcp-bo" lang="bo">རྣམས</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">གི་རང་སྒྲ་<b>ལྗགས</b>་ཀྱི་འོད</span> ] <span class="lcp-bo" lang="bo">ཡགས</span> <span style="font-family:sans-serif;font-size:90%;color:#54595d">P</span> · <span class="lcp-bo" lang="bo">བསྟན་པའི་བུ་<b>གཅིག་འཁོར</b>་ཉིད་ལས</span> ] <span class="lcp-bo" lang="bo">གཅིགའཁོར</span> <span style="font-family:sans-serif;font-size:90%;color:#54595d">P</span> · <span class="lcp-bo" lang="bo">འཁོར་ཉིད་ལས་<b>མི་གཞན</b>་པ་རིགས</span> ] <span class="lcp-bo" lang="bo">མིག</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ན་ཡས་མར་<b>བརྩེགས</b>་པའི་ཉི</span> ] <span class="lcp-bo" lang="bo">རྩེགས</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">རྩ་ལྔ་སྐྱིལ་<b>ཀྲུང</b>་མན་ཆད</span> ] <span class="lcp-bo" lang="bo">དཀྲུང</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">ཡས་མན་དུ་<b>བལྟས</b>་པས་རྒྱ</span> ] <span class="lcp-bo" lang="bo">ལྟས</span> <span style="font-family:sans-serif;font-size:90%;color:#54595d">O U</span> · <span class="lcp-bo" lang="bo">རི་དང་མཚོས་<b>པར</b>་བཅད་དེ</span> ] <span class="lcp-bo" lang="bo">བར</span> <span style="font-family:sans-serif;font-size:90%;color:#54595d">A P</span></div>

<span class="lcp-pg">[p.&nbsp;384]</span> པའོ། །འཐད་པ་ནི་འོད་དང་ཁ་དོག་སྐུ་དང་ཡེ་ཤེས་ལ་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །དེ་ཡང་འོད་ཟེར་གྱི་སྦྱོར་བ་དག་པ་ཡབ་ཀྱི་ཞལ་ནས་ཞུགས་ཏེ་གསང་བའི་གནས་ནས་ཡུམ་གྱི་མཁའ་ལ་འཐོན་ནས་སྤྲུལ་པ་འགྱེད་པ་སྟེ། ཕུན་སུམ་ཚོགས་པ་ལྔ། ཞིང་དང་སྤྲུལ་པ་གཉིས་ཏེ་བརྒྱད་དོ། །དེ་ཡང་དབང་བརྒྱད་ཀྱི་འབྲས་བུའོ། །སྤྲུལ་པ་སྐུའི་སྟོན་པ་དྲུག་པ་རྡོ་རྗེ་འཆང༌། གནས་ལྕང་ལོ་ཅན་ཏེ་འོག་མིན་གྱི་མིང་གི་བྱེ་བྲག་གོ །བསྟན་པ་རང་བཞིན་རྫོགས་པ་ཆེན་པོ། འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ། དུས་སྐུས་འདུལ་བའི་དུས། ཞིང་ཁམས་རྒྱ་ཆེ་བ་ཚངས་ཆེན། དེ་ལས་ཁོལ་བུར་ཕྱུང་ན་མི་མཇེད་དེ་གླིང་བཞི་རི་རབ་དང་བཅས་པ་བྱེ་བ་ཕྲག་བརྒྱའོ། །ཆོས་བསྟན་པ་དངོས་དང་གཟུགས་བརྙན་གཉིས་སོ། །འཐད་པ་གང་ལ་གང་འདུལ་དུ་སྤྲུལ་བས་ན་སྤྲུལ་སྐུའོ། །རང་གཞན་གྱི་དོན་གཉིས་རྫོགས་པའི་འཕྲིན་ལས་དང་བརྒྱད་དོ། །ངོ་བོ་ཉིད་ཀྱི་སྐུའི་སྟོན་པ་བསམ་བརྗོད་རྣམ་པར་དག་པ། གནས་བསམ་འདས་མཚན་གཞི་དང་བྲལ་བ། བསྟན་པ་རྡུལ་མེད་ཅིང་དྲི་མ་མེད་པ། འཁོར་ཡེ་ཤེས་རྒྱ་མཚོ། ཞིང་ཁམས་བདེ་ཆེན་རྣམ་དག །ཆོས་ངོ་འབྱེད་པ་མེད་པ། ལས་སེམས་ཉིད་ཕྱིན་ཅི་ལོག་ལས་འདས་པ་དང་བརྒྱད་དོ། །དེ་ཐམས་ཅད་ཀྱི་རང་

<div class="lcp-app"><span class="lcp-bo" lang="bo">ཡང་འོད་ཟེར་<b>གྱི</b>་སྦྱོར་བ</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">པ་སྟེ་ཕུན་<b>སུམ</b>་ཚོགས་པ</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">T U</span> · <span class="lcp-bo" lang="bo">ལྕང་ལོ་ཅན་<b>ཏེ</b>་འོག་མིན</span> ] <span class="lcp-bo" lang="bo">སྟེ</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">འདས་པ་དུས་<b>སྐུས</b>་འདུལ་བའི</span> ] <span class="lcp-bo" lang="bo">སྐུ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">དེ་ལས་ཁོལ་<b>བུར</b>་ཕྱུང་ན</span> ] <span class="lcp-bo" lang="bo">བུ</span> <span style="font-family:sans-serif;font-size:90%;color:#54595d">P</span> · <span class="lcp-bo" lang="bo">འདུལ་དུ་སྤྲུལ་<b>བས</b>་ན་སྤྲུལ</span> ] <span class="lcp-bo" lang="bo">པས</span> <span style="font-family:sans-serif;font-size:90%;color:#54595d">A P D</span> · <span class="lcp-bo" lang="bo">བས་ན་སྤྲུལ་<b>སྐུའོ</b>་རང་གཞན</span> ] <span class="lcp-bo" lang="bo">སྐུའི</span> <span style="font-family:sans-serif;font-size:90%;color:#54595d">W K</span></div>

<span class="lcp-pg">[p.&nbsp;385]</span> བཞིན་རྟགས་ཀྱི་སྐུ་བཞི་ནི། ཆོས་སྐུའི་སྟོན་པ་རང་བཞིན་མ་བཅོས་པ། གནས་སྟོང་པ་ཀུན་ཁྱབ། བསྟན་པ་འདུལ་སྟངས་རྣམ་དག འཁོར་རང་བཞིན་ཡོངས་དག དུས་ངེས་མེད་སྣ་ཚོགས། ཆོས་ཟག་པ་རང་ཟད། འཐག་པ་ཆོས་ཀྱི་ཕུང་པོ་འདུས་པས་ན་ཆོས་ཀྱི་སྐུའོ། །བྱེད་ལས་ལས་བདག་ཏུ་མེད་པའི་ལས་བྱེད་པ་དང་བརྒྱད་དོ། །གཟུགས་སྐུའི་སྟོན་པ་སྐུ་སྣང་ལ་རང་བཞིན་མེད་པ་ཞལ་ཀུན་ཏུ་ཐལ་ལེ་བ། གནས་ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ། བསྟན་པ་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པ། འཁོར་སྣང་བ་དང་མི་སྣང་བ། དུས་སྤྲོས་བཞིའི་ཚིག་ཙམ་དུ་བྱུང་བ། ཞིང་ཁམས་ཕྱི་ནས་བལྟས་པས་ནང་གསལ་བ། ཆོས་སྤྲོས་གཞི་རྣམ་པར་དག་པ། འཐད་པ་གཟུགས་རྡུལ་དང་རྡུལ་ཕྲན་དག་པར་བྱེད་པས་ན་གཟུགས་སྐུའོ། །ལས་ཀྱི་གཟུགས་ཅན་རྣམས་ཀྱི་ལས་ཟད་པར་བྱེད་པ་དང་བརྒྱད་དོ། །དེ་དག་གི་ཞར་ལ་ཞི་བའི་སྐུའི་སྟོན་པ་རང་ཤེས་རིག་གི་རྒྱལ་པོ་འདུས་མ་བྱས་པ་གནས་ཙིཏྟ་རིན་པོ་ཆེའི་གཞལ་མེད་ཁང༌། བསྟན་པ་རྩ་རླུང་ཐབས་ཀྱི་མན་ངག འཁོར་ཡེ་ཤེས་ལྔ་དང༌། རླུང་ལྔ་དང༌། ཤེས་རབ་ལྔ་དང༌། འོད་ལྔ་དང༌། སྐུ་ལྔ་དང༌། རིགས་ལྔའོ། །དུས་ལུས་དང་སེམས་འཛོམ་པའོ། །ཞིང་ཁམས་འགྲོ་བ་འདུལ་བ། ཆོས་

<div class="lcp-app"><span class="lcp-bo" lang="bo">པ་རང་ཟད་<b>འཐག</b>་པ་ཆོས</span> ] <span class="lcp-bo" lang="bo">འཐད</span> <span style="font-family:sans-serif;font-size:90%;color:#54595d">A P S T U</span> · <span class="lcp-bo" lang="bo">ཕུང་པོ་འདུས་<b>⁁</b>་པས་ན</span> ] <span class="lcp-bo" lang="bo">པས་ན་ཆོས་ཀྱི་ཕུང་པོ་འདུས</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">པ་ཞལ་ཀུན་<b>ཏུ</b>་ཐལ་ལེ</span> ] <span class="lcp-bo" lang="bo">དུ</span> <span style="font-family:sans-serif;font-size:90%;color:#54595d">A D O S T U</span> · <span class="lcp-bo" lang="bo">མེད་པ་ཀུན་<b>ཏུ</b>་ཡང་ནང</span> ] <span class="lcp-bo" lang="bo">དུ</span> <span style="font-family:sans-serif;font-size:90%;color:#54595d">A D S</span> · <span class="lcp-bo" lang="bo">དང་མི་སྣང་<b>བ</b>་དུས་སྤྲོས</span> ] <span class="lcp-bo" lang="bo">པ</span> <span style="font-family:sans-serif;font-size:90%;color:#54595d">O U</span> · <span class="lcp-bo" lang="bo">བ་དུས་སྤྲོས་<b>བཞིའི</b>་ཚིག་ཙམ</span> ] <span class="lcp-bo" lang="bo">གཞིའི</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">ཁམས་ཕྱི་ནས་<b>བལྟས</b>་པས་ནང</span> ] <span class="lcp-bo" lang="bo">ལྟས</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">པ་རྩ་རླུང་<b>ཐབས</b>་ཀྱི་མན</span> ] <span class="lcp-bo" lang="bo">ཐམས་ཅད</span> <span style="font-family:sans-serif;font-size:90%;color:#54595d">W K</span></div>

<span class="lcp-pg">[p.&nbsp;386]</span> འཁོར་བ་དང་མྱ་ངན་ལས་འདས་པ། འཐད་པ་དེ་ལ་བརྟེན་ནས་ལུས་སེམས་སྡུག་བསྔལ་ཞི་བས་ན་ཞི་བའི་སྐུར་འཐད་དོ། །ལས་ཁམས་གསུམ་ལས་གྲོལ་བར་བྱེད་པ་སྟེ་བརྒྱད་དོ། །ཁྲོ་བོའི་སྐུའི་སྟོན་པ་ཡེ་ཤེས་ཀྱི་ཧེ་རུ་ཀ་ལྔ། གནས་བྷན་དྷ་འབར་བའི་གཞལ་ཡས་ཁང་སྟེ་ཀླད་པ་དུང་ཁང་དཀར་པོ། བསྟན་པ་བདེ་ཆེན་གྱི་འབར་འཛག །འཁོར་སྒྲོན་མ་རྣམ་པ་བཞི། དུས་ཡེ་ཤེས་རང་འཁྱིལ་བའི་དུས། ཞིང་ཁམས་མིག་གི་དབང་པོ་མཐོང་བ་མ་འགགས་པ། ཆོས་གཟུགས་ཀྱི་དེ་བཞིན་ཉིད། འཐད་པ་ཡུལ་དང་ཤེས་པ་ལ་ཁྲོས་པས་ན་ཁྲོ་བོའི་སྐུར་འཐད་དོ། །ལས་ཀྱི་གདུལ་བྱ་ཕྱིན་ཅི་ལོག་རྣམས་ཚར་གཅོད་པ་དང་བརྒྱད་དོ། །དེ་དག་ལ་སྐབས་འདིར་འབྲས་བུར་གཞག་པ་ནི་གཞི་སྨིན་བྱའི་སྦྱང་གཞི་ཐོག་མའི་འོད་གསལ་ཡིན་པ་དང༌། གདུལ་གཞིའི་འབྲས་བུ་རང་བཞིན་རྣམ་དག་ཡིན་པས་གློ་བུར་རྣམ་དག་གི་ཞར་ལ་སྨོས་པའོ། །དེ་དག་ལ་བརྟགས་པས་དབང་དང་འབྲས་བུ་ལ་བཅུ་དྲུག་ཕྲག་བཞི། སྐུ་ལ་བཅུ་དྲུག་ཕྲག་བཞི་སྟེ་ཕྲག་བརྒྱད་བསྡོམས་པས། བརྒྱ་དང་ཉེར་བརྒྱད་ནི་དབང་བསྐུར་བའི་འབྲས་བུ་ཕུན་སུམ་ཚོགས་པའོ། །གསུམ་པ་མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བ་ནི། དབང་བཞིའི་ས་བོན་གྱི་ཆ་ལས་དྲུག་བརྒྱ་དང་དྲུག་ཅུ་རྩ་དྲུག་གིས་འགྲོ་བ་དྲུག་གི་

<div class="lcp-app"><span class="lcp-bo" lang="bo">པ་དེ་ལ་<b>བརྟེན</b>་ནས་ལུས</span> ] <span class="lcp-bo" lang="bo">རྟེན</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">ཀ་ལྔ་གནས་<b>བྷན</b>་དྷ་འབར</span> ] <span class="lcp-bo" lang="bo">བན</span> <span style="font-family:sans-serif;font-size:90%;color:#54595d">O U</span> · <span class="lcp-bo" lang="bo">ཀ་ལྔ་གནས་<b>བྷན་དྷ</b>་འབར་བའི</span> ] <span class="lcp-bo" lang="bo">བྷནྡྷ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ཡས་ཁང་སྟེ་<b>ཀླད</b>་པ་དུང</span> ] <span class="lcp-bo" lang="bo">སད</span> <span style="font-family:sans-serif;font-size:90%;color:#54595d">P</span> · <span class="lcp-bo" lang="bo">འཁོར་སྒྲོན་མ་<b>རྣམ</b>་པ་བཞི</span> ] <span class="lcp-bo" lang="bo">རྣམས</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ཤེས་པ་ལ་<b>ཁྲོས</b>་པས་ན</span> ] <span class="lcp-bo" lang="bo">འཁྲོས</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">འདིར་འབྲས་བུར་<b>གཞག</b>་པ་ནི</span> ] <span class="lcp-bo" lang="bo">བཞག</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">པ་དང་གདུལ་<b>གཞིའི</b>་འབྲས་བུ</span> ] <span class="lcp-bo" lang="bo">བཞིའི</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">དག་ཡིན་པས་<b>གློ</b>་བུར་རྣམ</span> ] <span class="lcp-bo" lang="bo">བློ</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">འབྲས་བུ་ཕུན་<b>སུམ</b>་ཚོགས་པའོ</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O U</span> · <span class="lcp-bo" lang="bo">བརྒྱ་དང་དྲུག་<b>ཅུ</b>་རྩ་དྲུག</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T U</span></div>

<span class="lcp-pg">[p.&nbsp;387]</span> ལས་དང་ཉོན་མོངས་པ་དག་པར་མཛད་པའོ། །དེ་ལ་ཐོག་མར་མཐོང་བ་རྣམ་པར་དག་པ་ལས། བདག་ཉིད་ལ་ཟག་པ་མེད་པའི་མངོན་པར་ཤེས་པ་ནི། དབང་པོའི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་གིས་དུས་གསུམ་དུས་གཅིག་ལ་མཐོང་བ་པྲ་སེན་མཐོང་བ་ལྟ་བུ་སྟེ། དེ་ཡང་མིག་གི་མངོན་ཤེས་དྲུག་གིས་གཟུགས་ཐམས་ཅད་ཤེས། རྣ་བའི་མངོན་ཤེས་དྲུག་གིས་བརྗོད་པའི་སྒྲ་ཐམས་ཅད་གཏན་ལ་ཕེབས་སོ། །སྣའི་དྲུག་གིས་འགྲོ་བ་དྲུག་གི་ལས་གཏན་ལ་ཕེབས་སོ། །ལྕེའི་དྲུག་གིས་འགྲོ་དྲུག་གི་འཁོར་དང་ལོངས་སྤྱོད་ཤེས་སོ། །ལུས་ཀྱི་དྲུག་གིས་འགྲོ་དྲུག་གི་གཟུགས་རྡུལ་ཕྲན་དང་རགས་པ་ཐམས་ཅད་ཤེས་སོ། །ཡིད་ཀྱི་དྲུག་གིས་འགྲོ་དྲུག་གི་བསམ་པ་ཐམས་ཅད་ཤེས་སོ། །དེ་ལྟར་དབྱེ་གཞི་ཕྲི་བས་དབང་པོའི་མངོན་ཤེས་སུམ་ཅུས་སྲིད་པ་ཡན་ལག་སུམ་ཅུ་ཤེས་ཤིང༌། མཚན་སུམ་ཅུ་རྩ་གཉིས་གྲུབ་པ་ནི་དབང་སུམ་ཅུ་རྩ་གཉིས་ལས་བྱུང་བའོ། །དེ་ནས་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། སྦྱངས་པའི་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་ཡེ་ཤེས་དྲུག་ཤར་བས་ཚིག་ཐམས་ཅད་ཀྱི་བརྡ་དོན་ཁོང་དུ་ཆུད་པའོ། །བསླབ་པའི་ཤེས་རབ་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་གིས་སེམས་ཉིད་ཆོས་ཉིད་ལ་

<div class="lcp-app"><span class="lcp-bo" lang="bo">ལ་ཕེབས་སོ་<b>སྣའི</b>་དྲུག་གིས</span> ] <span class="lcp-bo" lang="bo">རྣའི</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">མངོན་ཤེས་སུམ་<b>ཅུས</b>་སྲིད་པ</span> ] <span class="lcp-bo" lang="bo">ཅུ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">མངོན་ཤེས་སུམ་<b>ཅུས</b>་སྲིད་པ</span> ] <span class="lcp-bo" lang="bo">བཅུས</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">ཡན་ལག་སུམ་<b>ཅུ</b>་ཤེས་ཤིང</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">ཤིང་མཚན་སུམ་<b>ཅུ</b>་རྩ་གཉིས</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">ནི་དབང་སུམ་<b>ཅུ</b>་རྩ་གཉིས</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">ཀྱི་མཐོང་བ་<b>རྣམ</b>་པར་དག</span> ] <span class="lcp-bo" lang="bo">རྣམས</span> <span style="font-family:sans-serif;font-size:90%;color:#54595d">A D</span> · <span class="lcp-bo" lang="bo">རབ་ཀྱི་མཐོང་<b>བ</b>་དག་པའི</span> ] <span class="lcp-bo" lang="bo">པ</span> <span style="font-family:sans-serif;font-size:90%;color:#54595d">A D</span></div>

<span class="lcp-pg">[p.&nbsp;388]</span> འཇུག་པ་ཁྱད་པར་ཅན་སྐྱེ་བའོ། །མཐོང་བ་རྣམ་པར་དག་པ་ཞེས་ཀུན་ལ་སྦྱར་ཏེ། ཐོས་པའི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་སྒྲ་དང་དོན་ཐམས་ཅད་ཤེས་སོ། །བསམ་བྱུང་གི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་ཆོས་ཐམས་ཅད་ཀྱི་འདུ་མཆེད་རྟོགས་སོ། །སྒོམ་བྱུང་གི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་ཆོས་དང་སེམས་གཉིས་འདྲེས་ཏེ་ནམ་མཁའ་ལྟར་ཤེས་སོ། །དེ་ལྟར་སུམ་ཅུ་ནི་དབང་གི་འགྱུར་བྱེད་སུམ་ཅུ་རྩ་གཉིས་ཀྱིས་སངས་རྒྱས་ཀྱིས་སྦྱངས་པའི་ཡོན་ཏན་སུམ་ཅུ་རྩ་གཉིས་མཐོང་བ་ལས་བྱུང་བའོ། །དེ་ནས་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། འདིའི་དུས་ན་ཡེ་ཤེས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྙེད་པའོ། །དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་གིས་ཆོས་ཀྱི་མཚན་ཉིད་དང་དགོངས་པ་མངོན་སུམ་དུ་ཤེས་སོ། །མཉམ་པ་ཉིད་ཀྱི་དྲུག་གིས་འཁོར་འདས་གཉིས་སུ་མེད་པར་ཤེས་སོ། །སོ་སོར་རྟོག་པའི་དྲུག་གིས་འགྲོ་བ་དྲུག་གི་དབང་པོ་ལ་སོགས་པ་ཤེས་སོ། །བྱ་བ་གྲུབ་པའི་དྲུག་གིས་ཆོས་ཐམས་ཅད་རྩོལ་བ་དང་བྲལ་བ་དང་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཤེས་སོ། །ཆོས་ཀྱི་དབྱིངས་ཀྱི་དྲུག་གིས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཤེས་སོ། །མི་གནས་པའི་ཡེ་ཤེས་ཀྱི་དྲུག་གིས་

<div class="lcp-app"><span class="lcp-bo" lang="bo">རྣམ་པར་དག་<b>པ</b>་ཞེས་ཀུན</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ཀྱི་མངོན་ཤེས་<b>དྲུག</b>་གིས་ཆོས</span> ] <span class="lcp-bo" lang="bo">དྲུ</span> <span style="font-family:sans-serif;font-size:90%;color:#54595d">A D S</span> · <span class="lcp-bo" lang="bo">ཅད་ཀྱི་འདུ་<b>མཆེད</b>་རྟོགས་སོ</span> ] <span class="lcp-bo" lang="bo">འཆད</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">བྱུང་གི་ཤེས་<b>རབ</b>་ཀྱི་མངོན</span> ] <span class="lcp-bo" lang="bo">བར</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ཤེས་རབ་ཀྱི་<b>མངོན</b>་ཤེས་དྲུག</span> ] <span class="lcp-bo" lang="bo">མངོ</span> <span style="font-family:sans-serif;font-size:90%;color:#54595d">A S</span> · <span class="lcp-bo" lang="bo">དེ་ལྟར་སུམ་<b>ཅུ</b>་ནི་དབང</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">འགྱུར་བྱེད་སུམ་<b>ཅུ</b>་རྩ་གཉིས</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">ཡོན་ཏན་སུམ་<b>ཅུ</b>་རྩ་གཉིས</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">དགོངས་པ་མངོན་<b>སུམ</b>་དུ་ཤེས</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O U</span> · <span class="lcp-bo" lang="bo">སོ་སོ་སོར་<b>རྟོག</b>་པའི་དྲུག</span> ] <span class="lcp-bo" lang="bo">རྟོགས</span> <span style="font-family:sans-serif;font-size:90%;color:#54595d">O T U</span></div>

<span class="lcp-pg">[p.&nbsp;389]</span> ཆོས་གང་ལའང་མི་གནས་པ་ཤེས་སོ། །དེ་ཡང་དབྱེ་གཞི་རེ་ཕྲི་བས་མངོན་ཤེས་ལྔ་ཚན་དྲུག་ཏུ་འགྱུར་ཏེ། ཡེ་ཤེས་ཀྱི་མངོན་པར་ཤེས་པ་སུམ་ཅུ་ནི་དབང་སུམ་ཅུ་རྩ་གཉིས་ལས་བྱུང་བའོ། །དེ་ནས་རྣམ་པར་གྲོལ་བའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་སེམས་དང་སེམས་བྱུང་ནུབ་པའོ། །དེ་ལ་རྣམ་གྲོལ་དང་པོའི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་ཤར་བས། ལུས་ཀྱི་ཟག་པ་ཟད་པའོ། །རྣམ་གྲོལ་གཉིས་པ་དྲུག་གིས་ངག་གི་ཟག་པ་ཟད་པའོ། །གསུམ་པའི་དྲུག་གིས་ཡིད་ཀྱི་ཟག་པ་ཟད་པའོ། །བཞི་པའི་དྲུག་གིས་སེམས་ཀྱི་ཟག་པ་ཟད་པའོ། །ལྔ་པའི་དྲུག་གིས་ཤེས་རབ་ཀྱི་ཕུང་པོ་ལ་སྒྲིབ་པའི་ཟག་པ་ཟད་པའོ། །དྲུག་པའི་དྲུག་གིས་ཆོས་དང་ཆོས་ཉིད་ཀྱི་ཟག་པ་ཟད་པའོ། །སུམ་ཅུ་པོ་དེ་དག་གིས་ཕྱི་ནང་གསང་བ་ཡོངས་རྫོགས་ཀྱི་དབང་ལས་བྱུང་བའོ། །དེ་ནས་སྐུ་གསུང་ཐུགས་ཀྱི་ལས་མངོན་དུ་གྱུར་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། སངས་རྒྱས་ཀྱི་མཁྱེན་པ་མ་ལུས་པ་རྫོགས་པའོ། །སྐུ་དངོས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་ཤར་བས་སངས་རྒྱས་ཀྱི་སྐུ་ཐམས་ཅད་མཐོང་ཞིང་རང་གིས་ཀྱང་བརྙེས་པའོ། །སྐུའི་སྣང་བའི་དྲུག་ཤར་བས་འོད་ཀྱི་ཚོགས་མཐའ་ཡས་པ་ལ་སྤྱོད་དོ། །གསུང་དངོས་ཀྱི་དྲུག་ཤར་བས་གསུང་

<div class="lcp-app"><span class="lcp-bo" lang="bo">ཤེས་པ་སུམ་<b>ཅུ</b>་ནི་དབང</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">ནི་དབང་སུམ་<b>ཅུ</b>་རྩ་གཉིས</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">བྱུང་བའོ་དེ་<b>ནས</b>་རྣམ་པར</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">གསུམ་པའི་དྲུག་<b>གིས</b>་ཡིད་ཀྱི</span> ] <span class="lcp-bo" lang="bo">གྱིས</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">དྲུག་གིས་ཡིད་<b>ཀྱི</b>་ཟག་པ</span> ] <span class="lcp-bo" lang="bo">ཀྱིས</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ཟད་པའོ་སུམ་<b>ཅུ</b>་པོ་དེ</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">གིས་ཕྱི་ནང་<b>གསང་བ</b>་ཡོངས་རྫོགས</span> ] <span class="lcp-bo" lang="bo">གསུམ་པ</span> <span style="font-family:sans-serif;font-size:90%;color:#54595d">O T U</span></div>

<span class="lcp-pg">[p.&nbsp;390]</span> དབྱངས་དྲུག་ཅུ་ལ་སྤྱོད་དོ། །གསུང་གི་སྣང་བའི་དྲུག་གིས་སྒྲ་དབྱངས་དུ་མ་ལ་སྤྱོད་དོ། །ཐུགས་དངོས་ཀྱི་དྲུག་གིས་ཏིང་ངེ་འཛིན་ཐམས་ཅད་ལ་སྤྱོད་དོ། །ཐུགས་ཀྱི་སྣང་བའི་དྲུག་གིས་གཞན་གྱི་སེམས་ཤེས་པ་ལ་སྤྱོད་དོ། །དེ་ལྟར་སུམ་ཅུ་པོ་ནི་དབང་གི་ལྷ་ངོ་སུམ་ཅུ་རྩ་གཉིས་ཤེས་པ་ལས་བྱུང་ངོ༌། །དེ་ནས་ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་ཆོས་ཉིད་ཀྱི་དགོངས་པ་ལ་དབྱེར་མི་ཕྱེད་པར་བཞུགས་སོ། །སེམས་རྣམ་པར་གདུལ་བའི་མངོན་ཤེས་དྲུག་ཤར་བས་སེམས་ཀྱི་རང་བཞིན་ཤེས་སོ། །སེམས་སྦྱང་བའི་དྲུག་གིས་རྩ་བ་ཤེས་སོ། །སེམས་ཞི་བའི་དྲུག་གིས་སེམས་མེད་པའི་མཚན་ཉིད་ཤེས་སོ། །སེམས་རྣམ་པར་དག་པའི་དྲུག་གིས་མི་འགྱུར་བར་ཤེས་སོ། །སེམས་མི་ལྡོག་པའི་དྲུག་གིས་ཁམས་གསུམ་མིང་མེད་པར་ཤེས་སོ། །སེམས་ལས་འདས་པའི་དྲུག་གིས་ཤེས་བྱེད་དང་འདུ་འཕྲོ་དག་སྟེ་མི་ལྡོག་པར་རྟོགས་སོ། །དེ་ལྟར་སུམ་ཅུ་ནི་དབང་གི་རྣམ་པར་འཕྲུལ་པའི་དབྱེ་བ་ཤེས་པ་ལས་བྱུང་ངོ༌། །དེ་ལྟར་མཐོང་བ་དག་པའི་མངོན་ཤེས་བརྒྱ་དང་བརྒྱད་ཅུ་ནི་མོས་པའི་མཐོང་བ་ཙམ་ལས་བྱུང་བའོ། །དེ་ཡང་ཕྱེ་ན་མོས་པའི་བཞི་ལ་བཞི་བཅུ་རྩ་ལྔ་ལྔའི་ཡོན་ཏན་དུ་འབྱུང་བ་ནི། སྤྲོས་བཅས་ཀྱི་དབང་ཐོབ་པ་ལས་བྱུང་བའོ། །

<div class="lcp-app"><span class="lcp-bo" lang="bo">གསུང་དབྱངས་དྲུག་<b>ཅུ</b>་ལ་སྤྱོད</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">དེ་ལྟར་སུམ་<b>ཅུ</b>་པོ་ནི</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">ལྷ་ངོ་སུམ་<b>ཅུ</b>་རྩ་གཉིས</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">སོ་སེམས་སྦྱང་<b>བའི</b>་དྲུག་གིས</span> ] <span class="lcp-bo" lang="bo">པའི</span> <span style="font-family:sans-serif;font-size:90%;color:#54595d">T U</span> · <span class="lcp-bo" lang="bo">དེ་ལྟར་སུམ་<b>ཅུ</b>་ནི་དབང</span> ] <span class="lcp-bo" lang="bo">བཅུ</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">རྣམ་པར་འཕྲུལ་<b>པའི</b>་དབྱེ་བ</span> ] <span class="lcp-bo" lang="bo">བའི</span> <span style="font-family:sans-serif;font-size:90%;color:#54595d">O T U</span> · <span class="lcp-bo" lang="bo">མོས་པའི་བཞི་<b>ལ</b>་བཞི་བཅུ</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ལྔའི་ཡོན་ཏན་<b>དུ</b>་འབྱུང་བ</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span></div>

<span class="lcp-pg">[p.&nbsp;391]</span> དེའི་འགྲེས་ཀྱིས་ཐོས་པ་རྣམ་པར་དག་པའི་མངོན་ཤེས་ཀྱང་བརྒྱ་དང་བརྒྱད་ཅུར་འགྱུར་ཏེ། དེ་ལའང་ཡེ་ཤེས་བཞིའི་ཡོན་ཏན་འཇུག་པ་སྔར་དང་འདྲའོ། །འདི་དག་སྤྲོས་མེད་ཀྱི་དབང་ལས་བྱུང་བའོ། །བསམ་བྱ་དག་པའི་བརྒྱ་དང་བརྒྱད་ཅུ་ནི་བསྒྱུར་གཞིའི་དོན་ཤེས་པ་ལས་བྱུང་བ་སྟེ། ཡེ་ཤེས་སུ་དག་པ་དང༌། མྱོང་བྱེད་དག་པའི་བརྒྱ་བརྒྱད་ཅུ་ཆོད་པའི་རང་བཞིན་ཤེས་པ་ལས་བྱུང་བ་དང༌། རེག་བྱེད་དག་པའི་བརྒྱ་བརྒྱད་ཅུ་པ་མདོ་ཤེས་པ་ལས་བྱུང་བ་དང་ཚན་པ་གསུམ་ནི་ཤིན་ཏུ་སྤྲོས་མེད་ཀྱི་དབང་ལས་བྱུང་བའོ། །ཆོས་དག་པའི་མངོན་ཤེས་བརྒྱ་བརྒྱད་ཅུ་ནི་རབ་ཏུ་སྤྲོས་པ་མེད་པའི་དབང་ལས་བྱུང་བའོ། །དེ་ལྟར་ན་ས་དང་སྦྱར་བས་སའི་ཡོན་ཏན་ཉིས་སྟོང་སུམ་བརྒྱ་དང་དྲུག་ཅུ། ཡེ་ཤེས་ཀྱི་བྱེད་པ་དྲུག་བརྒྱ་དང་དྲུག་ཅུ། ཆོས་ཀྱི་རྣམ་གྲངས་སུམ་སྟོང་དང་བརྒྱ་ཉི་ཤུ་རྣམས་ནི་རྡོ་རྗེ་འཆང་གི་སའི་མངོན་ཤེས་ཀྱི་རྣམ་པར་འཕྲུལ་བའི་དབྱེ་བ་ཆེན་པོའོ། །འདི་དག་ནི་དབང་གི་རྣམ་པར་གཞག་པ་སྟེ། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་སྒོ་དང་པོའི་གཞི་གལ་པོ་ཆེ་ཡང་དག་པ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། གཞིའི་དོན་སྨིན་པར་བྱེད་པ་དང་དབང་གི་རྣམ་པར་གཞག་པ་སྟེ་རིམ་ཁང་དྲུག་པའོ། །

Revision as of 10:19, 22 November 2026

← Ch. 06 (2)Theg mchog mdzod: contentsCh. 07 →

Theg pa'i mchog rin po che'i mdzod, chapter 6: gzhi'i don smin par byed pa dang dbang gi rnam par gzhag pa · གཞིའི་དོན་སྨིན་པར་བྱེད་པ་དང་དབང་གི་རྣམ་པར་གཞག་པ
Pages 354–391 of volume 1 of the corrected base text (part 3 of 3 of Ch. 06).

Not in this part's tabs (the edition does not contain it): Serthang Larung.
[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD86, I1PD87, I1PD88), gorn05 tibocr 2026: BDRC OCR on 860 pages, Mitra OCR on 457 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).
Volume I1PD86

[p. 323] དེའི་སྤྲོས་མེད་ཀྱིས་དོན་རང་ཐོག་ཏུ་ཕེབས་པས་ཆོས་ཉིད་ལས་འགྲོ་ས་མེད་པའོ། །དེའི་ཤིན་ཏུ་སྤྲོས་མེད་སྟོང་ཉིད་ཀྱི་དཀྱིལ་འཁོར་དུ་འཇུག་པས་སྒོ་གསུམ་ཁམས་གསུམ་དུ་མི་འཇུག་པའོ། །

[p. 324] རབ་ཏུ་སྤྲོས་མེད་ཀྱིས་ཆགས་དྲུག་དག་པར་བྱེད་པའོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དབྱེ་བ་ངེས་པ་ནི། རབ་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་སེམས་གང་ཡིན་ལ་སོགས་པས་ཆགས་སྡང་རང་གྲོལ་བར་བྱེད་དོ། །སྤྲོས་མེད་སྒྱུ་ལ་སྐུའི་ ཞིང་བསྟན་པས་ཕུང་པོ་ཁམས་དང་སྐྱེ་མཆེད་སྟོངས་པར་བྱེད་དོ། །ཤིན་ཏུ་སྤྲོས་མེད་ལོངས་སྐུའི་ཞིང་བསྟན་པས་སེམས་ཉིད་འགྲོ་འོང་མེད་པའི་དོན་རྟོགས་པར་བྱེད་དོ། །རབ་ཏུ་སྤྲོས་མེད་ཆོས་སྐུར་ལུང་བསྟན་པས་འཁོར་འདས་ ལ་ཞེན་པའི་ཤེས་སྒྲིབ་ཕྲ་མོ་སྦྱོང་བར་བྱེད་དོ། །གཉིས་པ་རང་ངོའི་དབྱེ་བ་རྒྱས་པར་བཤད་པ་ལ་དབང་བཞི་ལས། དང་པོ་སྤྲོས་བཅས་ལ། སྤྲོས་བཅས་ཀྱི་སྤྲོས་བཅས་དམ་བསྲེ་ཞིང་མན་ངན་ཆུ་བླུད་པ་ལ་སོགས་པ་སྟེ་ཕྱིའོ། །སྤྲོས་ བཅས་ཀྱི་སྤྲོས་མེད་དཀྱིལ་འཁོར་དུ་གཞུག་ཅིང་ལྷ་ངོ་བསྟེན་ནས་མིང་གི་དབང་བསྐུར་བ་སྟེ་ནང་ངོ། །སྤྲོས་བཅས་ཀྱི་ཤིན་ཏུ་སྤྲོས་མེད་ཉན་ཐོས་ཀྱི་སྡོམ་པ་སྦྱིན་པ་ནས་རིམ་དགུ་རྫོགས་ཏེ་དབུགས་དབྱུང་གཟེངས་བསྟོད་དང་བཅས་པ་ གསང་བའོ། །སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་བུམ་པ་ངེས་པའི་སྐུར་རྒྱུ་སྟེ་ཡོངས་སུ་རྫོགས་པའོ། །འདི་ལའང་བུམ་པ་ངེས་པ་རྟེན་གཞལ་ཡས་ཁང་བརྟེན་པ་ལྷར་གསལ་བས་དབང་བསྐུར་བ་ཡོངས་སུ་རྫོགས་པའི་ཕྱི་སྤྲོས་བཅས་ སོ། །སློབ་མའི་ལུས་ལྔར་བསྐྱེད་པ་ལ་འབྱུང་བཞི་དག་སྤྱོད་གི་རྫས་དབང་ཉི་ཟླ་སྦྱིན་པ་ལ་སོགས་པ་ནང་སྤྲོས་མེད་དོ། །མུ་དྲ་སྦྱིན་ནས་སྦྱོར་བ་ངེས་པ་གསང་བ་ཤིན་ཏུ་སྤྲོས་མེད་དོ། བརྡ་དོན་ངེས་པའི་ཚིག་སྦྱིན་པ་ཡོངས་སུ་རྫོགས་

[p. 325] པ་རབ་ཏུ་སྤྲོས་མེད་དོ། །ད་ལྟར་ན་ཡངས་སུ་འཛགས་པ་ལ་བ་ཞ་ཡ་ད་བ་ལྟར་གཞན་གསུམ་ལའང་ཤེས་པར་བྱའོ། །དེ་ལྟར་བཅུ་དྲུག་གིས་སྤྲོས་བཅས་དབྱེ་བའི་དགོས་པ་ནི། ལུས་འབྱུང་བཞིའི་རྒྱ་བཞི་འཇིག་པ་སྟེ། འབྱུང་བཞི་ཡངས་སའི་ས་ལ་སོགས་པ་བཞིར་ཕྱེ་བས་བཅུ་དྲུག་དག་པར་སྦྱོང་བའི་དགོས་པ་ཡོད་དོ། །གཉིས་པ་སྤྲོས་མེད་ཀྱི་དབང་བཞི་རང་ངོའི་དབྱེ་བ་ནི། སྤྲོས་མེད་ཀྱི་སྤྲོས་བཅས་ཀྱིས་ལུས་ངག་ཡིད་སེམས་བཞི་ཡི་གེའི་གནས་བཞིའི་སྦྱོང་བ་ནི་ཕྱིའོ། །དེའི་སྤྲོས་མེད་ཀྱིས་སྒོ་གསུམ་གཞི་མེད་བྱ་རྩོལ་ལས་འདས་པར་མཚོན་པས་ནང་ངོ་། །དེའི་ཤིན་ཏུ་སྤྲོས་མེད་ཀྱིས་ཡུལ་ལྔ་ལམ་དུ་བསླངས་པས་སྒོ་ལྔ་ཧར་སངས་སུ་གྲོལ་བ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་ཀྱིས་རྟོགས་པ་ཁྱད་པར་ཅན་བསྐྱེད་པས་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་ངག་གི་བརྗོད་གཞི་དང་། རྗོད་བྱེད་དང་། བརྗོད་བྱ་དང་། བརྗོད་པ་བཞིའི་རྒྱ་ལས་གྲོལ་བར་བྱེད་པའོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་རང་ངོའི་དབྱེ་བ་ནི། ཤིན་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་རུ་ཤན་འབྱེད་པ་ཕྱིའོ། །དེའི་སྤྲོས་མེད་མཎྜལ་འབུལ་ཞིང་གསོ་བ་བ་འདེབས་པ་ནང་ངོ་། །དེའི་ཤིན་ཏུ་སྦྲོས་མེད་ནམ་མཁའི་དཀྱིལ་འཁོར་དུ་འཇུག་པ་གསང་བའོ། །དེའི་རབ་དུ་སྤྲོས་མེད་རིག་པ་རང་ངོ་སྤྲད་པ་ཡོངས་སུ་རྫོགས་པའོ། །འདྀ་བཞིའི་དགོས་པ་ནི་ཡིད་འགྱུ་བ་དང་། འགྱུ་བྱེད་དང་། འགྱུ་བྱ་དང་། འགྱུས་པ་བཞིའི་རྒྱ་འཇིག་པར་བྱེད་པའོ། །བཞི་པ་རབ་ཏུ་སྤྲོས་པ་མང་བ་

[p. 326] རང་ངོའི་དབྱེ་བ་ནི། རབ་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་འདུག་སྟངས་བསྟུན་པ་ཕྱིའོ། །དེའི་སྤྲོས་མེད་ལྟ་སྟངས་བྱེད་པ་ནང་ངོ་། །དེའི་ཤིན་ཏུ་སྒྲོས་མེད་ཕྱོགས་བཞིར་ལྟ་སྟངས་དང་གཟིགས་སྟངས་བསྟུན་པ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་སོང་ཅིག་ལ་སོགས་པ་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་སེམས་བསམ་པ་དང་། དྲན་པ་དང་། རྟོག་པ་དང་། ཞེན་པ་བཞིའི་རྒྱ་འཇིག་པར་བྱེད་དོ། །སྐབས་འདིར་ཡིད་དང་སེམས་ཀྱི་གོ་དོན། སྒོ་ལྔའི་ཡུལ་འཛིན་རྟོག་བྱེད་ཀུན་གཞིའི་རྣམ་པར་ཤེས་པ་སེམས་ལ། དེ་དང་མ་འབྲེལ་བར་དོན་སྔ་ཕྱི་དང་ཡིད་ཡུལ་དོན་སྤྱི་དཔྱོད་པ་ལ་ཡིད་ཅེས་བརྗོད་དོ། །རང་གི་སྣང་ཡུལ་དངོས་པོ་འཛིན་པ་དང་། དངོས་མེད་འཛིན་པ་སྟེ། གསལ་བ་དང་མི་གསལ་བ་འཛིན་པས་ཕྱེ་བ་ཡིན་ནོ། །དེ་ལྟར་ན་རང་ངོའི་དབྱེ་བ་རེ་རེ་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞི་སྟེ་བཅུ་དྲུག་ཏུ་ཡོད་དོ། །གསུམ་པ་རྣམ་པར་འཕྲུལ་བའི་དབྱེ་བས་ཤིན་ཏུ་རྒྱས་པར་སྤྲོ་བ་ལ་གསུམ་སྟེ་དབང་སོ་སོའི་དག་བྱེད་ཀྱི་དབྱེ་བས་དག་རྒྱུ་བཅུ་དྲུག་འགྱུར་དང་བཅས་པ་བསྟན་པ། ལུས་ཀྱི་བྱ་བ་ལ་བརྟེན་ནས་ངེས་པའི་དབྱེ་བས་དབང་གི་གནས་ལུགས་བསྟན་པ། གྲངས་ཀྱི་དབྱེ་བ་ལ་བརྟེན་ནས་ལས་དང་ཉོན་མོངས་པའི་དག་བྱེད་བསྟན་པའོ། །དང་པོ་ནི་དབང་གི་རང་ངོའི་དབྱེ་བ་བཅུ་དྲུག་གིས་ཕྱིར་འབྱུང་བའི་ལས་བཅུ་དྲུག་དག་པར་བྱེད་ལ། ནང་དུ་སེམས་ཀྱི་རྟོག་པ་བཅུ་དྲུག་དག་པར་བྱེད་ལ་གསང་བར་རླུང་གི་འཕེན་སྡུད་བཅུ་དྲུག་དག་པར་བྱེད་པ་ལ། བླ་ན་མེད་པར་ས་བཅུ་

[p. 327] དྲུག་ལ་གནས་པའི་ངེས་པ་ཐོབ་པར་བྱེད་པས་དབང་བཅུ་དྲུག་ཏུ་བསྟན་པའོ། །དབང་དེ་དག་གི་དག་བྱ་ལུས་ངག་ཡིད་སེམས་བཞིའི་དྲི་མ་དག་པ་ལ་ལྟོས་ནས་གཞག་གོ། །དེའང་ལུས་ལ་ཆུས་ཚོགས་པའི་ཆོས་བསྡུས་པས་འཆིང་བྱེད་རྒྱའི་དྲི་མར་སོང་། མེས་དེ་དག་སྨིན་ཅིང་གསལ་བར་བྱས་པས་དངོས་པོར་གྲུབ་པའི་དྲི་མར་སོང་། རླུང་གིས་དེ་དག་སོ་སོའི་ལས་བྱས་པས་ཞེན་པ་རང་རྒྱུད་དང་བཅས་པའི་དྲི་མར་སོང་བའོ། །ངག་སྨྲ་ནའང་སྨྲའོ་སྙམ་པ་ཡིད་ཀྱི་རྟོག་པས་བསླད་པའི་དྲི་མ་དང་། སྨྲ་བྱེད་ལུས་ཀྱི་དྲི་མ་དང་། སྨྲ་བའི་ཚིག་ལ་རྟོག་དཔྱོད་ཀྱི་དྲི་མ་དང་། བརྗོད་ལས་རྟོག་པའི་འགྱུར་བྱེད་ཀྱི་དྲི་མ་དང་། ཡང་ཡིད་འགྱུ་བ་ལའང་། འགྱུ་བ་དྲན་བསམ་གྱི་རྟོག་པའི་དྲི་མ་དང་། འགྱུ་བྱེད་ཡུལ་དང་ཤེས་པའི་དྲི་མ་དང་། འགྱུས་པ་བག་ཆགས་སྔ་ཕྱིའི་དྲི་མ་དང་། འགྱུས་པ་དངོས་ལ་ཞེན་པའི་དྲི་མ་དང་། ཡང་སེམས་ཀྱི་དྲན་པས་ཡུལ་འཇུག་པའི་དྲི་མ་དང་། བསམ་པས་དགེ་མི་དགེ་ལུང་དུ་བསྟན་མ་བསྟན་བཞི་ཀུན་ནས་སློང་བའི་དྲི་མ་དང་། རྟོག་པས་སྙམ་བྱེད་དང་། ཡིད་གཉིས་དང་། ཐེ་ཚོམ་དང་། ཡིད་དཔྱོད་ཀྱི་དྲི་མ་དང་། འཛིན་ཡུལ་སྣ་ཚོགས་ལ་རྟོག་པའི་དྲི་མའོ། །དྲི་མ་དེ་དག་གི་དག་བྱེད་དབང་བཞི་སྟེ། སྤྲོས་བཅས་ཀྱི་སྤྲོས་བཅས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་དྲུག་གོ། །དེ་དག་གིས་ལུས་ངག་ཡིད་སེམས་བཞི་རེ་རེ་ལ་དྲི་མ་བཞི་བཞི་སྟེ་བཅུ་དྲུག་གི་ཚོགས་དག་པར་སྦྱོང་བའོ། །དེ་ཡང་ཐོག་མར་སྤྲོས་བཅས་ཉེ་བར་མཚོན་པ་ནི། །སྤྲོས་བཅས་ཀྱི་སྤྲོས་བཅས་

[p. 328] ལ་བརྡ་ཐོས་བཅས་དང་། དོན་གྱི་སྤྲོས་བཅས་ཏེ་གཉིས། དེའི་སྤྲོས་མེད་ལ་བརྡ་དོན་གཉིས། ཤིན་ཏུ་སྤྲོས་མེད་ལ་གཉིས། རབ་ཏུ་སྤྲོས་མེད་ལ་བརྡ་དོན་གཉི་ཏེ་བརྒྱད། དེ་བཞིན་དུ་སྤྲོས་མེད་ལ་བརྡའི་སྤྲོས་མེད་ལ་སོགས་པ་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད། རབ་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་གཉིས་སུ་འགྱུར་ལ། ལུས་ངག་ཡིད་སེམས་བཞིའི་ཚོགས་པ་ལའང་། དེ་ལྟར་ཕྱེ་བས་སུམ་ཅུ་རྩ་གཉིས་དག་པར་བྱེད་པ་ནི། བསྐྱེད་རིམ་གྱི་དག་བྱ་དང་དག་བྱེད་ཤེས་པའི་དགོས་པ་ཡོད་པའོ། །དེ་ལྟར་དག་བྱ་དྲི་མ་སུམ་ཅུ་རྩ་གཉིས་དང་། དག་བྱེད་དབང་སུམ་ཅུ་རྩ་གཉིས་བསྡོམས་ན། དྲུག་ཅུ་རྩ་བཞི་ནི་དག་བྱ་དག་བྱེད་ཀྱི་དབྱེ་བ་ངེས་པའོ། །གཉིས་པ་ལུས་ཀྱི་བྱ་བ་ལ་བརྟེན་ནས་དབྱེ་བས་དབང་གི་གནས་ལུགས་བསྟན་པ་ནི། དག་བྱ་དྲི་མ་སུམ་ཅུ་རྩ་གཅིག་གི་གཞི་ལུས་མི་འདྲ་བ་དཔག་ཏུ་མེད་པ་ཡང་ས་ཆུ་མེ་རླུང་བཞི་ལས་གྲུབ་ལ། དེ་དག་ལ་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་བརྒྱད་དོ། །དེ་ཡང་ས་ཆུ་མེ་རླུང་གཞི་ལ་ཟུག་པ་དང་། བྱེར་བ་དང་། སྙོམས་པ་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་སོ། །དེ་དག་བྱེད་དབང་ལའང་སྤྲོས་བཅས་ལ་སོགས་བཞི་ལ་སྐུ་གསུང་ཐུགས་གསུམ་གསུམ་དུ་ཕྱེ་བས་རྩ་གཉིས་ཀྱིས་དག་པར་བྱེད་དོ། །འབྱུང་བཞི་ཕོ་མོ་གཉིས་ཏེ་བརྒྱད་ཀྱི་དག་བྱ་ནི། དབང་བཞི་ལ་ཐབས་ཤེས་རབ་གཉིས་གཉིས་སུ་ཕྱེ་བས་རྒྱད་ཀྱིས་དག་པར་བྱེད་དོ། ལུས་ཀྱི་འབྱུང་བའི་བྱེ་བྲག་ལའང་། ས་ལ་སོགས་པ་བཞི་པོ་རེ་རེ་ལ་སའི་ས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་དྲུག་

[p. 329] ནི། ཚ་བ་དང་གྲང་བ་གཉིས་ཀྱི་དབྱེ་བས་དྲུག་ཅུ་རྩ་བཞིར་འགྱུར་ཏེ། གོང་གི་བརྡ་དོན་གྱི་དབྱེ་བའི་དབང་དྲུག་ཅུ་རྩ་བཞིས་དག་པར་བྱེད་དོ། །དེའང་འབྱུང་བ་བཞི་པོ་རེ་རེ་ལའང་ལེགས་པར་ཕྱེ་ན། ས་ལའང་དྲུག་ཅུ་རྩ་བཞི། དེ་ལ་ཁྱབ་པ་འབྱུང་བ་སྤྱིའི་ལུས་དང་། རང་གི་མཚན་ཉིད་འཛིན་པ་དངོས་ཀྱི་ལུས་གཉིས་སུ་ཕྱེ་བས། ས་ལ་ལུས་མི་འདྲ་བ་བརྒྱ་དང་ཉེར་བརྒྱད། དེ་བཞིན་དུ་ཕྱེ་བས་ཆུ་དང་མེ་དང་། རླུང་རྣམས་ལ་བརྒྱ་ཉེར་བརྒྱད་ཚན་པ་གསུམ་སྟེ། བསྡོམས་པས་ལྔ་བརྒྱ་དང་བཅུ་གཉིས་ཀྱི་ལུས་སུ་སྨིན་ནོ། །དེ་ལྟར་ཕྱིར་ལུས་སྨིན་པ་བཞིན་ནང་དུ་ཉོན་མོངས་པ་ཡང་། འདོད་ཆགས་ལ་བལྟས་པ་དང་། བགད་པ་དང་། བཅངས་པ་དང་། འཁྱུད་པ་སྟེ་བཞི་ནི་འབྱུང་བ་རེ་རེའི་ལུས་ལ་བཞི་བཞི་སྟེ་བཅུ་དྲུག །གཏི་མུག་ལ་རྨུགས་པས་མ་ཤེས་པ་དང་། འཐིབས་པ་དང་། མྱོས་པ་དང་། རབ་ཏུ་མ་རིག་པ་འདྲེས་པ་དང་བཞི་པོ་ལུས་བཞི་ལ་ཕྱེ་བས་བཅུ་དྲུག །ཞེ་སྡང་ལ་སྡང་བ་དང་། སྡང་བ་ཆེན་པོ་དང་། ཆེར་སྡང་བ་དང་། རབ་ཏུ་སྡང་བ་སྟེ་ལུས་རེ་ལས་ཕྱེ་བས་བཅུ་དྲུག །ང་རྒྱལ་ལ་ཕྲ་བ་དང་། རགས་པ་དང་། འགྱུར་བ་དང་། མཆེད་པ་དང་། འཕྲོ་བ་བཞི་ཡང་བཅུ་དྲུག །ཕྲག་དོག་ལ་ཡང་བ་དང་། ལྕིང་དང་། རྒོད་པ་དང་། ཕྲ་བ་བཞི་སྟེ་ཕྱེ་བས་བཅུ་དྲུག་སྟེ་བསྡོམས་པས་བརྒྱད་ཅུ་ཐམ་པ། དེ་ལས་བྱེ་བྲག་ཏུ་ཕྱེ་ན་འབྱུང་བའི་ལུས་མི་འདྲ་བ་ལྔ་བརྒྱ་དང་བཅུ་གཉིས་པོ་རེ་རེ་ལ། ཉོན་མོངས་པ་བཞི་བཞིའི་གྲངས་ཀྱིས་ཉི་ཤུ་ཉི་ཤུ་

[p. 330] གནས་པས། ཐམས་ཅད་བསྐོལ་ནས་ཁྲི་ཕྲག་གཅིག་དང་བརྒྱ་བཞི་བཅུ་རྩ་བརྒྱད་དུ་འབྱུང་ལ། ལུས་དང་ཉོན་མོངས་པ་གཉིས་ཀའི་རྣམ་གྲངས་བསྡོམས་ནས་ཁྲི་ཕྲག་གཅིག་དང་དྲུག་བརྒྱ་དྲུག་ཅུ་ཐམ་པ་ནི་དག་བྱའི་དྲི་མ་ ཡིན་ལ། དེའི་དག་བྱེད་ཀྱི་དབང་འོག་ཏུ་སྟོན་ནོ། །གསུམ་པ་གྲངས་ཀྱི་དབྱེ་བས་ལུས་དང་ཉོན་མོངས་པའི་དག་བྱེད་བསྟན་པ་ནི། དབང་རྣམ་པ་བཞི་ལས། །དང་པོ་སྤྲོས་བཅས་ལའང་གཞིར་བྱས་པའི་སྤྲོས་བཅས་ཀྱི་སྤྲོས་བཅས་ ལ་ཕྱི་ནང་གསང་བ་ཡོངས་རྫོགས་དང་བཞིར་དབྱེ་ན། སྤྲོས་བཅས་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་སྟ་གོན་གྱི་ཚོམ་བུ་ལ་སོ་ཤིང་བྲིམ་པ། དེའི་ནང་མཎྜ་བ་འབུལ་བ། དེའི་གསང་བ་སྲུང་སྐུད་གདགས་ཤིང་ཀུ་ཤ་སྤྲིན་པ་ཡོངས་ སུ་རྫོགས་པ་རྨི་ལམ་བརྟགས་པའོ། །དེའི་སྤྲོས་མེད་ཀྱི་ཕྱིའི་དབང་ཁྲུས་བྱ་བ། གསོལ་བ་བཏབ་པ། རྡོ་རྗེས་ནང་དུ་བོད་པ་གསུམ་མོ། །དེའི་ནང་དམ་ཚིག་གི་མནའ་ཆུ་སླད་པ། འཁོར་བ་སྤོང་བའི་མནའ། མྱང་འདས་ལེན་པའི་མནའ་ སེམས་ཅན་གྱི་དོན་མི་བྱེད་རིའི་མནའ་བཞིའོ། །དེའི་གསང་བ་དམ་ཚིག་དང་། སྡོམ་པ་དབོག་པ་དང་། དཀྱིལ་འཁོར་དུ་འཇུག་པ་དང་། སེམས་ཀྱི་མེ་ཏོག་དབུལ་བའོ། །དེའི་ཡོངས་སུ་རྫོགས་པ་དཀྱིལ་འཁོར་དུ་འཇུག་པ་ལྷའོ་ བསྟན་པ། མེ་ཏོག་དོར་བ། མིང་གི་དབང་ངོ། །དེའི་ཤིན་ཏུ་སྤྲོས་པ་མེད་པའི་ཕྱིའི་དབང་ཉན་ཐོས་ཀྱི་དཀྱིལ་འཁོར་དུ་འཇུག་པ། ས་ལམ་གྱི་ཚད་བསྟན་པ། སྟོད་གཡོགས་དང་སྨད་གཡོགས་སྦྱིན་པ། ལྷུང་བཟེད་དང་བསིལ་བྱེད།

[p. 331] སྦྱིན་པ་ལ་སོགས་པ་སྟེ། ཁྲིམས་ཀྱི་ཐ་ཚིག །ས་ལ་སོགས་པ། ལས་ཀྱི་དབྱེ་བ། རྟེན་འབྲེལ་མཚོན་པ། སྒོམ་པ་སྦྱིན་པ། ལུང་བསྟན་པ་དང་། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དུ་འཇུག་པ་དང་། སེམས་བསྐྱེད་པ་དང་། སྡོམ་པ་སྦྱིན་པ་དང་། ཁྱད་པར་གྱི་སེམས་གཟུང་ལ་སོགས་པའོ། །དེའི་ནང་གི་དབང་ཀྵིཾ་ཡའི་དཀྱིལ་འཁོར་དུ་འཇུག་པ་དང་། སེམས་བསྐྱེད་པ་དང་། སྡོམ་པ་གཟུང་བ་དང་། མེ་ཏོག་དོར་ཞིང་ལྷ་ངོ་བསྟན་པ་དང་མིང་གི་དབང་དང་། ལུང་བསྟན་པ་དང་། གཟེངས་བསྟོད་པ་དང་། དབུགས་དབྱུང་བ་དང་། དབང་བསྐུར་བའོ། །དེ་བཞིན་དུ་ཨུ་པ་དང་ཡོ་གའི་དཀྱིལ་འཁོར་དུ་འཇུག་པ་ལ་རྣམ་གྲངས་དགུ་དགུ་སྟེ་ཉི་ཤུ་རྩ་བདུན་ནོ། །པེའི་གསང་བ་མ་ཧཱའི་ལུང་བསྟན་པ་དང་། དཀྱིལ་འཁོར་དུ་འཇུག་པ་དང་། ལྷ་ངོ་བསྟན་པ་དང་། མེ་ཏོག་དོར་བ་དང་། མིང་གི་དབང་དང་། ཉན་པ་དང་། འཆད་པ་དང་། ཕན་པ་དང་། ནུས་པ་དང་། རིག་པའི་དབང་དང་། ཡན་ལག་གི་དང་། ཁྱད་པར་གྱི་དབང་དང་བཅུ་གཉིས་སོ། །དེ་ནས་ཨ་ནུའི་དཀྱིལ་འཁོར་དུ་འཇུག་པ་དང་། བརྡ་ངེས་པར་མཚོན་པ་དང་། དབུགས་དབྱུང་བ་དང་། ཕྱག་རྒྱ་བསྒྱུར་བ་དང་། ལས་སུ་བྱ་བ་དང་། འཇུག་པ་ངེས་པ་དང་དྲུག་གོ། །དེའི་ཡོངས་སུ་རྫོགས་པ། རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་གཞུག་པ་དང་། བསྒོམས་པ་ངེས་པའི་དཀྱིལ་འཁོར་དུ་མེ་ཏོག་དོར་བ་དང་། ལྷ་ངོ་བསྟན་ཞིང་དབང་བསྐུར་བ་དང་། འབྲས་བུ་བྱ་བྲལ་རྫོགས་པའི་དབང་བསྐུར་བ་དང་བཞིའོ། །

[p. 332] སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་པ་མེད་པའི་ཕྱིའི་ཐ་དད་པ་ནི། དེ་ལྟར་རིམ་པ་དགུའི་དབང་རྫོགས་ནས། ཁྱད་པར་གྱི་དབང་ལ་འཇུག་པ་ནི། ཕྱག་རྒྱའི་དཀྱིལ་འཁོར་དུ་འཇུག་པ་སྟེ། དེའི་ཕྱི་ལ་རིག་མ་བརྟག་ཅིང་དགུག་བརྟག་ཅིང་འཇུག་པ་བཙལ་བ། བ་བཙལ་བ། རྒྱས་པར་བྱ་བ། དཔེ་བཅིང་གཟུང་བ། བཟློག་ཅིང་སྦྱང་བ་དང་དྲུག་གོ། །འདིའི་ནང་གི་དབང་ལ། སྦྱོར་བ་སྙོམས་པར་འཇུག་པ། བྱང་སེམས་ཡི་གེ་གསུམ་གྱི་སྒྲ་དང་བཅས་པ། མེ་ལོང་དུ་བླང་བ། དེ་རྡོ་རྗེ། པདྨ། འཁོར་ལོ་ གསུམ་དུ་དམིགས་རྟེན་སློབ་མའི་ལྕེ་ལ་བཞག་ནས་ལུས་ངག་སྟོངས་པར་བྱ་བ་སྟེ་དྲུག་གོ། །དེའི་གསང་བ་བདེ་བ་དང་བྱང་སེམས་དངོས་ཀྱི་བྱིན་རླབས་ལུས་ངག་ཡིད་གསུམ་ལ་བྱ་བ་གསུམ། གསང་བ་དང་གསང་བར་འོས་པ་དང་། གསང་ བར་གཉེར་གཏད་པ་གསུམ་སྟེ་དྲུག་གོ། །དེའི་ཡོངས་སུ་རྫོགས་པ་ཚིག་སྣ་ཚོགས་པས་མཚོན་པ་སྟེ། བརྡའི་ཚིག་དང་། དོན་གྱི་ཚིག་དང་། བརྡ་དོན་དབྱེར་མི་ཕྱེད་པའི་ཚིག་གསུམ་མོ། །དེ་ལྟར་ན་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་ཕྱི་ནང་གསང་ བ་ཡོངས་རྫོགས་བཞི་ལ། བསྐུར་རྒྱུའི་དབང་དྲུག །དེའི་ཕྱི་ལ་སོ་ཤིང་བྲིམ་པ་དང་གཅིག །དེའི་ནང་ལ་མཎྜལ་འབུལ་བ་དང་གཉིས། དེའི་གསང་བ་སྲུང་སྐུད་དང་ཀུ་ཤ་བྱིན་པ་གཉིས་ཏེ་བཞི། དེའི་ཡོངས་རྫོགས་རྨི་ལམ་བརྟག་པ་དང་། བཟང་ ངན་གྱི་རྗེས་དྲི་བ་གཉིས་ཏེ་དྲུག་གོ། །དེའི་སྤྲོས་བཅས་ཀྱི་སྤྲོས་མེད་ཀྱི་ཕྱི་ལ་གསུམ་སྟེ་དགུ། དེའི་ནང་ལ་བཞི་སྟེ་བཅུ་གསུམ། དེའི་གསང་བ་ལ་བཞི་སྟེ་བཅུ་བདུན། དེའི་ཡོངས་རྫོགས་ལ་བཞི་སྟེ་ཉེར་གཅིག །སྤྲོས་པ་མེད་པའི་

[p. 333] ཤིན་ཏུ་སྤྲོས་པའི་ཕྱི་ལ་ཉན་ཐོས་ལ་དྲུག །རང་རྒྱལ་ལ་ལྔ་སྟེ་བཅུ་གཅིག །བྱང་སེམས་ལ་བཞི་སྟེ་བཅོ་ལྔ། དེའི་ནང་གི་དབང་ལ་ཀྲཱི་ཡ་ལ་དགུ་སྟེ་ཉེར་བཞི། ཨུ་པ་ལ་དགུ་སྟེ་སོ་གསུམ། ཡོ་ག་ལ་དགུ་སྟེ་ཞེ་གཉིས། དེའི་གསང་བའི་དབང་ལ་མ་ཧཱ་ལ་བཅུ་གཉིས་ཏེ་ལྔ་བཅུ་རྩ་བཞི། ཨ་ནུ་ལ་དྲུག་སྟེ་དྲུག་ཅུ་ཐམ་པ། དེའི་ཡོངས་རྫོགས་ཨ་ཏི་ལ་བཞི་སྟེ་དྲུག་ཅུ་རྩ་བཞི་སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱིའི་དབང་ལ་བཅུ་བདུན། ནང་ལ་དྲུག་སྟེ་ཉེར་གསུམ། དེའི་གསང་བ་ལ་དྲུག་སྟེ་ཉེར་དགུ། དེའི་ཡོངས་སུ་རྫོགས་པ་ལ་གཅིག་སྟེ་སུམ་ཅུ་རྔམ་པའོ། །ཤིན་ཏུ་སྤྲོས་མེད་ལ་དྲུག་ཅུ་རྩ་བཞི་སྟེ་དགུ་བཅུ་རྩ་བཞིའོ། །དེའི་སྤྲོས་མེད་ལ་བཅོ་ལྔ་སྟེ་བརྒྱ་དང་དགུའོ། །དེའི་སྤྲོས་བཅས་ལ་དྲུག་སྟེ་སྤྲོས་བཅས་བསྐུར་རྒྱུའི་ཆོས་བརྒྱ་དང་བཅོ་ལྔའོ། །སྤྲོས་མེད་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་ལ་བླ་མའི་བྱ་བ་དང་སློབ་མའི་བྱ་བ་གཉིས། དེའི་ནང་ལ་མཎྜལ་དང་བུམ་པ་གཉིས་ཏེ་བཞི། དེའི་གསང་བ་ལ་མཎྜལ་གྱི་ལེགས་པར་བཤད་པའི་ཆོས་ལྔ། བུམ་པའི་ལེགས་བཤད་ལྔ་སྟེ་བཅུ། གོང་མ་བཞི་དང་བསྡོམས་པས་བཅུ་བཞི། དེའི་ཡོངས་རྫོགས་ལ་བླ་མས་མིང་གི་མཚོན་པ་བརྗོད་པ་དང་སློབ་མས་སྟོབས་བསྐྱེད་པ་གཉིས་ཏེ་བཅུ་དྲུག་གོ། །སྤྲོས་མེད་ཀྱི་སྤྲོས་མེད་ཀྱི་ཕྱིའི་དབང་ལ། ཨའི་བསྙེན་པས་སྐྱེ་མེད་ཀྱི་ལམ་སྦྱང་བ་དང་། ཨའི་སྒྲུབ་པས་འགག་མེད་ཀྱི་སྣ་བསལ་བ་དང་། ཨའི་འཕྲོ་འདུས་ལུས་ངག་ཡིད་དག་པར་བྱེད་པ་དང་གསུམ་མོ། །དེའི་ནང་ལ་ཁྲུས་ཀྱིས་དག་བྱའི་ཚུལ་བསྟན་པ། མཎྜལ་ཕུལ་བས་འདོད་པའི་དོན་ཐོབ་

[p. 334] པར་བྱ་བ། ལུང་བཙལ་བས་བྱ་བ་ལ་འཇུག་པའོ་ཤེས་པ་དང་གསུམ་མོ། །དེའི་གསང་བ་ལ་དཀྱིལ་འཁོར་དུ་འཇུག་པས། དབྱིངས་ལ་རིག་པ་གཞུག་པའི་གནད་དང་། ལྷ་ངོ་བསྟན་པས་དབྱིངས་རིག་ངོ་སྤྲད་པ་དང་། མིང་གི་དབང་བསྐུར་བས་སངས་རྒྱས་ཀྱི་སྲས་སུ་བྱ་བའོ། །དེ་ལྟར་གསུམ་དང་། དེའི་ཡོངས་སུ་རྫོགས་པ་ལ་ཕྱི་ཡུལ་དབང་པོའི་ཚིགས་སུ་བཅད་པས་ལུང་བསྟན་པས་ཤེས་པ་དང་ཡུལ་གཉིས་མེད་ཉམས་སུ་མྱོང་བའི་དབང་དང་། ནང་སེམས་གསལ་བའི་ཚིགས་སུ་བཅད་པས་དབུགས་དབྱུང་བས་སྐྱེ་མེད་ངོས་གཟུང་དང་བྲལ་བའི་དབང་དང་། གསང་བ་ཟུང་འཇུག་རིས་མེད་ཀྱི་ཚིགས་སུ་བཅད་པས་གཟེངས་བསྟོད་པས་དབྱིངས་རིག་གཉིས་མེད་པ་དེ་ཆེན་གྱི་དབང་བསྟན་པ་དང་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འཇུག་པར་འོས་པ་དང་། ཐོབ་པར་འོས་པ་གཉིས། དེའི་ནང་ལ་སྤྱོད་པར་ངེས་པ་དང་། ལྟ་བར་ངེས་པ་གཉིས་ཏེ་བཞི། དེའི་གསང་བ་ལ་རིགས་འབྱེད་པ་དང་། བདག་ཉིད་དུ་གནས་པ་གཉིས་ཏེ་དྲུག །དེའི་ཡོངས་སུ་བརྫོགས་པ་ལ་རྒྱུ་དང་རྐྱེན་གཉིས་ཏེ་བརྒྱད་དེ། དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་སེམས་གནས་པ་དང་། ངག་གནས་པ་གཉིས། དེའི་ནང་ལ་ངག་བསྒྱུར་བ་དང་། སེམས་ཐོབ་པ་གཉིས་ཏེ་བཞི། དེའི་གསུང་བ་ལ་བདེ་བ་ལུང་བསྟན་པ་དང་། གསང་བ་དབུགས་དབྱུང་བ་གཉིས་ཏེ་དྲུག །དེའི་ཡོངས། རྫོགས་ལ་སྤྲོ་བར་གནས་པ་དང་། རང་གི་ལས་ཐོབ་པ་གཉིས་ཏེ་བརྒྱད་དོ། །དེ་ལྟར་སྤྲོས་མེད་ཀྱི་སྤྲོས་བཅས་ལ་བཅུ་དྲུག །དེའི་

[p. 335] སྤྲོས་མེད་ལ་བཅུ་གཉིས་ཏེ་ཉེར་བརྒྱད། དེའི་ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་དྲུག །དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དོ། །བསྐུར་བས་ཐོབ་པའི་འབྲས་བུ་བཞི་བཅུ་རྩ་བཞིའོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ཀྱི་ཕྱི་ལ། ལམ་གསལ་བའི་ཕྱིར་བླ་མ་ལ་གསོལ་བ་གདབ་པ་དང་། རྣམ་ཤེས་བརྒྱད་ཀྱི་འཕྲོ་འདུ་བཅད་པའི་ཕྱིར་ཡི་གེ་བརྒྱད་ཀྱི་རྒྱས་གདབ་པ་དང་། ཡིད་ཀྱི་བྱུང་ཚོར་བཀག་ནས་བར་ཆད་ཞི་བའི་ཕྱིར་ཕཊ་ཀྱི་སྒྲ་སྒྲོགས་པ་དང་གསུམ། དེའི་ནང་ལ་གནས་བཙལ་བས་ཕྱོགས་ཀྱི་ངེས་པ་གཟུང་བ་དང་། བགེགས་བསལ་བའི་ཕྱིར་གཏོར་མ་སྦྱིན་པ་དང་། སེམས་ལ་སྤྲོ་བ་བསྐྱེད་པ་དང་གསུམ། དེའི་གསང་བ་ལ་ལུས་ཀྱི་སྤྱོད་པ་བརྩམ་པའི་ཡུལ་དང་། རྩམ་པའི་ཐབས་དང་། བརྩོམས་པའི་དགོས་པ་དང་གསུམ། དེའི་ཡོངས་སུ་རྫོགས་པ་ལ་ངག་གི་སྤྱོད་པ་བརྩམ་པའི་ཡུལ་དག །རྩོམ་པའི་ཐབས་དང་། བརྩམས་པའི་དགོས་པ་གསུམ། དེའི་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་སྤྱོད་པ་རྩོམ་པའི་ཡུལ། ཐབས་དགོས་པ་གསུམ། དེའི་ནང་ལ་ལུས་དང་། ངག་དང་། སེམས་ཀྱི་སྡིག་པ་ངེས་པའི་ཡུལ་གསུམ། དེའི་གསང་བ་ལ་ཡུལ་དང་། ངག་དང་། སེམསཀྱི་སྡིག་པ་དག་པའི་ཚད་གསུམ། དེའི་ཡོངས་རྫོགས་ལ། ལུས་དང་། ངག་དང་། །སེམས་ཀྱི་མ་དག་ན་བཤགས་པའི་ཐབས་གསུམ་སྟེ་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འབྲུའི་མཎྜལ་གྱིས་ལོངས་སྤྱོད་འཕེལ་བ་དང་། དྲིས་ཁམས་རྒྱས་པ་དང་། མེ་ཏོག་

[p. 336] གིས་དབང་པོ་གསལ་བ་དང་། རིན་པོ་ཆེས་འབྱོར་བ་རྒྱས་པ་བཞིའོ། །དེའི་ནང་ལ་རིགས་བྲིས་པས་བདེ་བ་ཉམས་སུ་མྱོང་བ་དང་། ཡིན་པར་བརྗོད་པས་སྤྲོ་བ་བསྐྱེད་པ་གཉིས་ཏེ་དྲུག །དེའི་གསང་བ་དཀྱིལ་འཁོར་དུ་འཇུག་པ་ལ། ཤར་སྒོ་ནས་ཞུགས་པས་ལམ་སྟོང་ཉིད་དུ་བསྟན་པ་དང་། ལྷོ་སྒོ་ནས་ཞུགས་པས་སེམས་སྟོང་པ་ཉིད་དུ་ངོ་སྤྲད། ནུབ་སྒོ་ནས་ཞུགས་པས་ཉོན་མོངས་པ་སྟོང་ཉིད་དུ་རང་གྲོལ། བྱང་སྒོར་ཞུགས་པས་ལས་དང་བག་ཆགས་སྟོང་ཉིད་དུ་མཐའ་ཟད་པ་དང་བཞི་སྟེ་བཅུའོ། །དེའི་ཡོངས་རྫོགས་རིག་པའི་མེ་ཏོག་དོར་བས་སེམས་སེམས་ཉིད་དུ་ཐིམ་པའི་གནད་དང་། དེ་ལས་དབུགས་དབྱུང་བ་དང་། ལུང་བསྟན་པ་གཉིས་ཏེ་བཅུ་གཉིས་སོ། །དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་ལུས་གནད་སྐྱིལ་ཀྲུང་གིས་གཞི་བཅའ་བ་དང་། ཉི་མ་ལྔ་ལ་སེམས་གཏད་པས་ཡེ་ཤེས་ལྔ་ངོས་ཟིན་པ་དང་། དེའི་འོད་འཕྲོ་བས་སེམས་གསལ་གདབ་པ་དང་གསུམ། དེའི་ནང་ལ་ཇེ་མཐོ་རྟོག་པ་མེད་པའི་ལམ་བཙལ་བ་དང་། སྤར་མི་ལྡོག་པས་མྱ་ངན་ལས་འདས་པའི་སར་གཞི་འཛུགས་པ་དང་། ལན་གསུམ་དུ་བརྗོད་པས་སྐུ་གསུམ་འདུ་འབྲལ་མེད་པའི་ས་ལ་དབྱེར་མེད་པ་དང་གསུམ་སྟེ་དྲུག །དེའི་གསང་བ་ལ་བླ་མས་བཞེངས་པས་སྣང་སྲིད་ཆོས་ཉིད་དུ་བཞེངས་པའི་གདེང་རྙེད་པ་དང་། ཨ་ཨ་ཞེས་པས་མ་སྐྱེས་ལ་སྐྱེ་བ་མེད་པའི་གནད་བཙལ་བ་དང་། མིག་ལ་མཛུབ་མོ་གཏད་པས་རིག་པ་འཆར་བའི་ལམ་གསལ་བ་དང་དགུའོ། །དེའི་ཡོངས་རྫོགས་ལ་ནམ་མཁའ་རྒྱ་ཆེ་བར་

[p. 337] བརྗོད་པས་དབྱིངས་ལ་འདྲིས་པར་བྱ་བ་དང་། ནམ་མཁའ་ལ་ཕྱག་གིས་བྱུགས་པས་བརྡ་དོན་ཉམས་དང་འདྲེས་པ་དང་། འགྲོ་ན་འགྲོ་ས་འདུག་གམ། འདུག་ན་འདུག་ས་འདུག་གམ། སླར་འགྲོ་ས་དང་ལྡོག་ས་འདུག་གམ་གྱི་རྒྱས་གདབ་པ་དང་ལྔ་སྟེ། བཅུ་བཞིའོ། །རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ཀྱི་ཕྱི་ལ་སུ་ཡིན་དྲིས་པས་རིགས་མཚོན་པ་དང་། སེམས་ཀྱི་བུས་ལན་བཏབ་པས་ལམ་ཉེ་བར་འཇུག་པ་དང་གཉིས། དེའི་ནང་ལ་ཆོས་སྐུའི་འདུག་སྟངས་ཀྱིས་གཞི་བཙལ་བ་དང་། ལོངས་སྐུའི་འདུག་སྟངས་ཀྱིས་ལམ་གསལ་བ་དང་། སྤྲུལ་སྐུའི་འདུག་སྟངས་ཀྱིས་ཕུགས་དགུ་བ་དང་གསུམ། དེའི་གསང་བ་ལ་འདུག་སྟངས་ཐུན་མོང་བ་རྣམས་ཀྱིས་གནད་བསྟུན་པ་དང་། ཨེ་མ་ལ་སོགས་པས་ཆོས་སྐུའི་དཀྱིལ་འཁོར་དུ་འཇུག་པ་ལུས་ཀྱི་གནད་དང་། ལོངས་སྐུ་དང་སྤྲུལ་སྐུའི་དཀྱིལ་འཁོར་དུ་འཇུག་པ་ལུས་གནད་བསྟུན་པ་དང་བདུན་ཏེ་དགུའོ། །དེའི་གསང་བ་ལ་སྤྲུལ་སྐུའི་ཞིང་དུ་འཇུག་པའི་བར་ཏེ་བཅུ་གསུམ། དེའི་ཡོངས་རྫོགས་ལ་ལོངས་སྐུའི་ཞིང་དུ་འཇུག་པ་དང་ལྔ་སྟེ་བཅོ་བརྒྱད་དོ། །དེའི་སྤྲོས་མེད་ཀྱི་ཕྱི་ལ་ཆོས་སྐུའི་ཞིང་ཁམས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། དེའི་ནང་ལ་སྐུ་གསུམ་གྱི་ལྷ་ངོ་བོ་བསྟན་པ་གསུམ་སྟེ་དྲུག །དེའི་གསང་བ་ལ་དེར་གནས་པ་གསུམ་སྟེ་དགུ། དེའི་ཡོངས་རྫོགས་ལ་སླར་མི་ལྡོག་པའི་ས་གསུམ་སྟེ་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་ངོ་བོ་ངེས་ཚིག །དབྱེ་བ་མཚོན་པའི་

[p. 338] གསུམ། དེའི་ནང་ལ་སེམས་གནས་པ། ཐོབ་པ་བརྟན་པ་གསུམ་སྟེ་དྲུག །དེའི་གསང་བ་ལ་སེམས་ཀྱི་གཞི་ལམ་འབྲས་བུ་གསུམ་སྟེ་དགུ། དེའི་ཡོངས་རྫོགས་ལ་སེམས་ཀྱི་འཇུག་པ། ཁྱབ་བྱེད། འགྱུར་དང་གསུམ་ སྟེ་བཅུ་གཉིས་སོ། །དེའི་རབ་ཏུ་སྤྲོས་མེད་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱི་ལ། ལུས་ཀྱི་འདུག་སྟངས་བཅུ་གཅིག་གིས་ཐོབ་སྟེ་གནས་པ་དང་། དེའི་ནང་ལ་སེམས་ཀྱིས་བཅུ་གཉིས་ཀྱིས་སྲིད་པའི་འཁོར་ལོ་བཅུ་གཉིས་ རྒྱུན་གཅོད་པ་དང་ཉེར་གསུམ། དེའི་གསང་བ་ལ་སེམས་ཉིད་སྐྱེ་མེད་དུ་ལྷ་ངོ་བསྟན་པས་སེམས་བདུན་ལ་དབང་ཐོབ་པས་མ་རིག་པའི་ཁམས་བདུན་རྒྱུན་གཅོད་པ་སྟེ་སུམ་ཅུ། དེའི་ཡོངས་རྫོགས་ལ་མན་ངག་གི་དབྱེ་བ་ དྲུག་དང་། ཟག་པ་མེད་པའི་སྡེ་བཞི་སྡེ་བཅུ་གཅིག་དང་བསྡོམས་པས་ཞེ་གཅིག་གོ། །དེ་ལྟར་ན་རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ལ་རྣམ་གྲངས་བཅོ་བརྒྱད། དེའི་སྤྲོས་མེད་ལ་བཅུ་གཉིས་ཏེ་སུམ་ཅུ། དེའི་ཤིན་ཏུ་སྤྲོས་ མེད་ལ་བཅུ་གཉིས་ཏེ་ཞེ་གཉིས། དེའི་རབ་ཏུ་སྤྲོས་མེད་ལ་ཞེ་གཅིག་སྟེ་བརྒྱད་ཅུ་རྩ་གསུམ་མོ། །ཤིན་ཏུ་སྤྲོས་པ་མེད་པ་ལ་བཞི་བཅུ་རྩ་བརྒྱད་དེ་བརྒྱ་སུམ་ཅུ་སོ་གཅིག །སྤྲོས་པ་མེད་པ་ལ་དེའི་སྤྲོས་བཅས་ལ་བཅུ་ དྲུག །སྤྲོས་མེད་ལ་བཅུ་གཉིས་ཏེ་ཉེར་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་དྲུག །དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དེ་བཞི་བཅུ་རྩ་བཞི་སྟེ། བརྒྱ་བདུན་ཅུ་རྩ་བཞི། སྤྲོས་བཅས་ལ་བརྒྱ་དང་བཅོ་ལྔ་སྟེ་ཉིས་

[p. 339] བརྒྱ་བཞི་བཅུ་རྩ་དགུའོ། །དེ་ཡང་སྐུ་གསུང་ཐུགས་དབྱེར་མེད་པ་དང་བཞི་ལ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། མ་ངེས་པའི་དུས་བཞིར་བྱས་ཏེ། དབང་ཉིས་བརྒྱ་བརྒྱད་ཅུ་རྩ་དགུ་པོ་དེ་བཞིར་འབྲེལ་པས་ཕྱེ་ན། ཁྲི་ཆིག་སྟོང་ཆིག་བརྒྱ་དང་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །དེ་ལྟར་དག་བྱེད་དེ་ཙམ་གྱིས། །དག་བྱ་འགྲོ་བའི་ལུས་མི་འདྲ་བ་བཅུ་གཉིས་ལས་བྱེད་པའི་འགྱུར་གྱིས་རྣམ་པར་ཕྱེ་ན། ཁྲི་ཕྲག་གཅིག་དང་། སྟོང་ཕྲག་གསུམ་དང་། དྲུག་བརྒྱ་སུམ་ཅུ་རྩ་གཉིས། ཉོན་མོངས་པ་ཡང་དེའི་འགྱུར་བ་རྩིས་པས་ཁྲི་ཕྲག་གཅིག་དང་ཕྱེད་དང་བདུན་བརྒྱ་སྟེ། དེ་ལས་སྟོང་ཕྲག་གཉིས་དང་དགུ་བརྒྱ་བདུན་ཅུ་རྩ་གཉིས་ལྷག་པ་ནི། ལས་ཀྱི་མཐའ་ཉེ་བར་སྡུད་པ་ལ་དགོངས་པ་སྟེ། གོང་གི་ལུས་དང་ཉོན་མོངས་པའི་དབྱེ་བ་རྣམས་དག་པར་བྱེད་པའོ། །ཞར་ལ་དག་བྱ་ནང་གི་རླུང་གི་དབྱེ་བས་དབང་ངེས་པའི་རྣམ་གྲངས་བསྟན་པ་ནི། འབྱུང་བ་བཞིའི་རླུང་གི་རིམ་པས་ཏེ། དེའི་དག་བྱེད་དབང་བཞི་ལ་རང་ངོ་རེ་དབྱེ་བ་བཅུ་དྲུག་ལས། རེ་རེ་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞིར་ཕྱེ་བས། སྤྲོས་བཅས་ལ་བཅུ་དྲུག །སྤྲོས་མེད་ལ་བཅུ་དྲུག་སྟེ་སོ་གཉིས། ཤིན་ཏུ་སྤྲོས་མེད་ལ་བཅུ་དྲུག་སྟེ་ཞེ་བརྒྱད། རབ་ཏུ་སྤྲོས་མེད་ལ་བཅུ་དྲུག་ཏེ་དྲུག་ཅུ་རྩ་བཞིས་ནི། རླུང་ལས་རླུང་། ཆུ་རླུང་། མེ་རླུང་། རླུང་གི་རླུང་བཞི་ལ། བྱེར་བ། ཟུག་པ། སྙོམས་པ། འཁྲུག་པ་བཞི་བཞིར་ཕྱེ་བས་བཅུ་དྲུག །དེ་རེ་རེ་ལ་

[p. 340] པ་མི་གཉིས་ཉིས་སུ་ཕྱེ་བས་སུམ་ཅུ་རྩ་དྲུག་གི་ཁྱད་པའི་ལས་དག་པར་བྱེད་པའོ། །སྤྱི་དོན་གསུམ་པ་དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུ་ལ་གཉིས་ཏེ། གནས་སྐབས་རང་མཐར་ཐུག་གི་འབྲས་བུའོ། །དང་པོ་ལ་ལས་གྱི་ ཡོན་ཏན་སྤྱིར་བསྟན་པ་དང་། རིགས་འཛིན་བཞིའི་ཐོབ་ཚུལ་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི་སྤྲོས་བཅས་ཀྱིས་ཚོགས་ལམ་བཅུ་གཉིས་རྫོགས་པའི་ཡོན་ཏན་འཐོབ་པའི་རྟེན་བྱེད། སྤྲོས་མེད་ཀྱིས་སྦྱོར་ལམ་ངེས་འབྱེད་ཆ་ བཞི་རྫོགས་པའི་རྟེན་བྱེད། ཤིན་ཏུ་སྤྲོས་མེད་ཀྱིས་མཐའ་ལ་མ་རྫོགས་པའི་རྟེན་བྱེད། རབ་ཏུ་སྤྲོས་མེད་ཀྱིས་སྒོ་པ་ལམ་ས་དགུ་རྫོགས་པའི་རྟེན་བྱེད་པའོ། །དེ་བཞིན་དུ་མོས་པའི་ས་དང་འཇུག་པའི་ས་དང་བསྒྱུར་བའི་ས་དང་ ཆོད་པའི་ས་བཞི་དབང་བཞི་རེ་རེ་ལ་སྦྱར་བས་ས་བཅུ་དྲུག་གི་ཡོན་ཏན་རྫོགས་པས་ཐུན་མོང་གི་ཡོན་ཏན་རྫོགས་པའི་རང་བཞིན་ཐོབ་པའོ། །དེ་ཡང་སྤྲོས་བཅས་ཀྱི་སྤྲོས་བཅས་མོས་པ་དང་ལྡན་པའི་ས་སྟེ་གདུང་བ་དང་བསོད་ནམས་ ཀྱི་ཁྱད་པར་རོ། །དེའི་སྤྲོས་མེད་འཇུག་པ་དག་པའི་ས་སྟེ་དད་པས་ངེས་པ་ལ་བརྟེན་ནས་རང་དབང་ཅན་དུ་འཇུག་པའོ། །དེའི་ཤིན་ཏུ་སྤྲོས་མེད་དངོས་པོ་དག་པར་བསྒྱུར་བའི་ས་སྟེ་ལུས་ངག་གི་བཅིངས་པ་ལ་མི་གནས་པའོ། །དེའི་ རབ་ཏུ་སྤྲོས་མེད་ལས་ཀྱི་མཐའ་ཆོད་པའི་ས་སྟེ། སྤྲོས་པ་དང་འཁོར་བ་ལ་མི་གནས་པའོ། །དེ་བཞིན་དུ་དབང་ལྷག་མ་གསུམ་ལའང་སྦྱོར་ཏེ། མོས་པ་ལ་སོགས་པའང་བཞི་བཞིར་སྦྱར་ན། མོས་པའི་མོས་པ་དད་པས་ངེས་པ་

[p. 341] མོས་པའི་འཇུག་པ་སྙིང་རྗེ་ངེས་པ། མོས་པའི་བསྒྱུར་བ་ཐབས་ཀྱིས་ཟིན་པ། མོས་པའི་ཆོད་པ་ཤེས་རབ་ཀྱིས་དོན་ཆོད་པའོ། །འཇུག་པའི་མོས་པ་ཞིག་ནས་ལ་མོས་པ། དེའི་འཇུག་པ་ལྷག་མཐོང་ལ་འཇུག་པ། དེའི་བསྒྱུར་བ་མཉམ་གཞག་གི་རྟོགས་པ་ཐ་དད་དུ་བསྒྱུར་བ། དེའི་ཆོད་པ་རྗེས་ཤེས་ཀྱི་འགྱུ་བ་ཆོད་པའོ། །བསྒྱུར་བའི་མོས་པ་གོས་ཀྱི་ཞེན་པ་གྲོལ་བ། དེའི་འཇུག་པ་ཟས་ཀྱི་ཞེན་པ་གྲོལ་བ། དེའི་བསྒྱུར་བ་མི་ལ་མ་འོང་གསལ་དུ་གྲོལ་བ། དེའི་ཆོད་པ་བག་ཆགས་དང་ཉོན་མོངས་གྲོལ་བའོ། །ཆོད་པའི་མོས་པ་སྤྱོད་པས་འཁོར་བ་ལ་མི་གནས་པ། དེའི་འཇུག་པ་བསྒོམས་པས་བསམ་གཏན་ལ་གནས་པ། དེའི་བསྒྱུར་བ་ལྟ་བས་འཁྲུལ་སྣང་ལ་མི་གནས་པར་ཁམས་གསུམ་སྐུ་གསུམ་དུ་བསྒྱུར་བ། དེའི་ཆོད་པ་འབྲས་བུ་འཁོར་འདས་གཉིས་དུས་གཅིག་ལ་ཆོད་པའོ། །དེ་ལྟར་བཅུ་དྲུག་དང་དབང་གི་ངོ་བོ་བཅུ་དྲུག་པོ་དེ་བསྡོམས་པས་སུམ་ཅུ་རྩ་གཉིས་ལ། ས་བཅུ་དྲུག་ལ་ཡེ་ཤེས་གནས་པ། སྐྱེ་བ། ཐོབ་པ། འཆར་བ་བཞི་བཞི་ན་དབྱེ་བས་དྲུག་ཅུ་རྩ་བཞི་ནི་རྡོ་རྗེ་འཆང་གི་ས་མཆོག་རྫོགས་པར་བྱེད་པའོ། །དབང་གི་ངོ་བོ་བཅུ་དྲུག་ལ་སྦྱར་བས་མཚན་སུམ་ཅུ་རྩ་གཉིས་འགྲུབ་པའི་རྒྱུ་བྱེད་པའོ། །གཉིས་པ་རིགས་འཛིན་གྱིས་བཞིའི་ཐོབ་ཚུལ་ནི། དབང་བཞིའི་འཇུག་པ་རྗེས་སུ་དྲན་པ་ལས་རིགས་འཛིན་གྱིས་བཞི་སྟེ། རྣལ་འབྱོར་གྱིས་དང་། རྣལ་འབྱོར་ཆེན་པོའི་ས་དང་། འབྱེད་པའི་རྣལ་འབྱོར་གྱིས་དང་། རྟོགས་

[p. 342] བའི་རྣལ་འབྱོར་གྱི་ས་དང་བཞི་ལས། དཔའ་དུ་བསྒྱུར་བ་དང་མ་བསྒྱུར་བ་གཉིས་གཉིས་ཏེ་བརྒྱད་དུ་ངེས་སོ། །དེ་ལ་ཡང་ཆ་ཤས་ཀྱི་ས་བཞི་བཞིར་ཕྱེ་ན། རྣལ་འབྱོར་གྱི་ས་ལའང་། རྣལ་འབྱོར་དང་། བྱ་བའི་རྣལ་འབྱོར་དང་། སྤྱོད་ པའི་རྣལ་འབྱོར་དང་། བསྒྱུར་བའི་རྣལ་འབྱོར་དང་བཞིའོ། །རྣལ་འབྱོར་ཆེན་པོ་ལ་ཤིན་ཏུ་རྣལ་འབྱོར་གྱི་ས་དང་། རང་ས་ངེས་པའི་རྣལ་འབྱོར་གྱི་ས་དང་། སྤྲོས་པའི་རྣལ་འབྱོར་གྱི་ས་དང་། བྱ་བྲལ་རྫོགས་པའི་རྣལ་འབྱོར་གྱིས་སྟེ་ བཞིའོ། །འབྱེད་པའི་རྣལ་འབྱོར་གྱི་ས་ལ། བརྡའི་ས་དང་། དོན་གྱི་ས་དང་། བརྡ་དོན་དབྱེར་མེད་ཀྱི་ས་དང་། མ་འདྲེས་པའི་ས་སྟེ་བཞིའོ། །རྟོགས་པའི་རྣལ་འབྱོར་གྱི་ས་ལ། རྫུ་འཕྲུལ་འཕྲུལ་པའི་ས་དང་། ཁྱད་པར་རྟོགས་པའི་ས་ དང༑ མངོན་པར་འབྱུང་བའི་ས་དང་། དཔའ་བོ་རིགས་འབྱེད་ཀྱི་ས་དང་བཞི་སྟེ་བསྡོམས་པས་ས་བཅུ་དྲུག་གོ། །དེ་ལྟར་ས་བཅུ་དྲུག་ལས། ས་དང་པོ་ལ་ཤེས་བྱེད་ཀྱི་རྫུ་འཕྲུལ་བདུན་ནི། རང་གི་ལུས་བརྒྱ་སྟོང་དུ་སྤྲུལ་པ་དང་། དེ་དག་ལ་ཡན་ལག་བརྒྱ་སྟོང་དུ་སྤྲུལ་པ་དང་། ལུས་གཅིག་ལ་མགོ་བརྒྱ་སྟོང་དུ་སྤྲུལ་པ་དང་། ལུས་བརྒྱ་སྟོང་ལ་མགོ་གཅིག་པར་སྤྲུལ་པ་དང་། མགོ་གཅིག་ལ་ལུས་མི་འདྲ་བ་བརྒྱ་སྟོང་སྤྲུལ་ནས་དེ་ལས་སྤྲུལ་པ་འགྱེད་པ་སྟེ་ལྔ་ དང༑ ལུས་ལ་མགོ་དང་ཡན་ལག་མི་འདྲ་བ་དཔག་ཏུ་མེད་པར་སྤྲུལ་པ་དང་དྲུག། །སྐྱེ་བ་སྣ་ཚོགས་པར་སྤྲུལ་པ་དང་བདུན་ནི་དབང་དུ་གྱུར་པའི་ས་རྟོགས་པ་ལས་བྱུང་བའོ། །ས་གཉིས་པོ་ལ་རང་གི་ཁོག་པ་ཁ་ཕྱེ་ནས་གློ་སྙེད་རྣམས་

[p. 343] གཞན་ལ་སྟོན་པར་ནུས་པ་དང་། ལུས་ཀྱི་སྟོད་ནས་མི་འབར་བ་ལ་སླད་ནས་ཆུ་འབྲུག་པར་ནུས་པ་དང་། ཡན་ལག་བཅད་ནས་ཕྱོགས་བཞིར་འཐོར་བར་ནུས་པ་དང་། མིག་ལ་སོགས་པའི་དབང་པོ་ལྔ་ཐང་ལ་ལྷུང་བར་ནུས་པ་དང་། ལུས་ཀྱི་སྟབས་ཀྱིས་རི་བོ་འཕེན་པར་ནུས་པ་དང་། ཕྱིའི་རྒྱ་མཚོ་ཆེན་པོ་ནམ་མཁའ་ལ་སྤར་བར་ནུས་པ་དང་། གཟའ་སྐར་རྣམས་ཐང་ལ་ལྷུང་བར་ནུས་པ་བ་དང་བདུན་ནི་དབང་གི་དུས་སུ་ཡན་ལག་བདུན་སྔོན་དུ་སོང་བ་ལས་བྱུང་བའོ། །ས་གསུམ་པ་ལ་རླུང་ཞགས་པར་འཆིང་བར་ནུས་པ་དང་། འགྲོ་བའི་བསམ་པ་གཞན་དུ་བསྒྱུར་བ་དང་། འཇིག་རྟེན་སྐྱོང་བའི་ལྷའི་རྒྱལ་པོ་རྣམས་སྒྲོལ་བར་ནུས་པ་དང་། མཁའ་འགྲོ་མའི་ཡིད་འཕྲོག་པར་ནུས་པ་དང་། འགྲོ་བ་བརྒྱ་སྒྲོལ་ཞིང་བསྒྲལ་བ་རྣམས་གསོ་བར་ནུས་པ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་གྱི་བུ་མོ་ལ་རོལ་པར་ནུས་པ་དང་། དབང་ཕྱུག་ཆེན་པོ་ལ་སོགས་པའི་འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ཀྱི་སྟོབས་ཉམས་པར་ནུས་པ་དང་བདུན་ནི་དབང་བསྐུར་བའི་དུས་སུ་སེམས་བསྐྱེད་པ་ལས་བྱུང་བའོ། །ས་བཞི་པ་ལ་ནམ་མཁའ་རྡོ་རྗེར་བསྒྱུར་བར་ནུས་པ་དང་། མེ་རླུང་བསྒྱུར། ཆུ་མེར་བསྒྱུར། ས་མེར་བསྒྱུར། ས་ཆུང་བསྒྱུར་རླུང་མེར་བསྒྱུར། མེ་རླུང་དུ་བསྒྱུར་བར་ནུས་པ་དང་བདུན་ནི་ཡི་གེ་སྤྲོ་བསྡུ་བསྒོམས་པ་ལས་བྱུང་བའོ། །ས་ལྔ་པས་ནི་ནམ་མཁའ་བདུན་པ་ལ་དབང་བསྒྱུར་བར་ནུས་ཏེ་སྟོང་ཉིད་བསྒོམས་པ་ལས་བྱུང་བའོ།། །།ས་དྲུག་པས་མེ་

[p. 344] བདུན་ལ་དབང་བསྒྱུར་བ་ནི། སྔོན་དུ་དབང་གི་ཤེས་བྱེད་ལས་བྱུང་བའོ། །ས་བདུན་པས་ས་གཅིག་ནས་གཉིས་སུ་བྱས་པའི་བདུན་ལ་དབང་བ་ནི་འབྱུང་བ་རིམ་བརྩེགས་བསྒོམས་པ་ལས་བྱུང་བའོ། །ཡང་ཆུ་བདུན་ལ་དབང་བ་ ནི་སྔོན་འགྲོ་སོང་བ་ལས་བྱུང་བའོ། །ས་བརྒྱད་པས་རླུང་བདུན་ལ་དབང་བ་ནི་འཁོར་ལོ་བཞིའི་རླུང་སྦྱངས་པ་ལས་བྱུང་བའོ། །ས་དགུ་པས་བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་བསྐྱོད་ནུས་པ་ནི་སྦྱོར་བ་སྔོན་དུ་སོང་བ་ལས་བྱུང་བའོ། ། ས་བཅུ་པས་ཆོས་སུ་བྱ་བ་བདུན་ལ་དབང་བ་ནི་ལྷ་བསྒོམས་པ་ལས་བྱུང་བའོ། །ས་བཅུ་གཅིག་པས་རྟ་སྤྲིན་གྱི་ཤུགས་ཅན་བདུན་སྤྲུལ་ནུས་པ་ནི་བརྩོན་འགྲུས་བརྩམས་པ་ལས་བྱུང་བའོ། །བཅུ་གཉིས་པས་དགེ་སློང་བསམ་བྱེད་ ཅན་བདུན་སྤྲུལ་ནུས་པ་ནི་དམ་ཚིག་དང་སྡོམ་པ་ལ་གནས་པ་ལས་བྱུང་བའོ། །བཅུ་གསུམ་པས་ལྷའི་གཞལ་མེད་ཁང་བདུན་སྤྲུལ་ནུས་པ་ནི་གཞལ་ཡས་ཁང་བསྒོམས་པ་ལས་བྱུང་བའོ། །བཅུ་བཞི་པས་འཇིག་རྟེན་གྱི་ཁམས་ བདུན་སྤྲུལ་ནུས་པ་ནི་བླ་མ་མཉེས་པར་བྱས་པ་ལས་བྱུང་བའོ། །བཅོ་ལྔ་པས་ཡི་དམ་གྱི་ལྷ་བདུན་སྤྲུལ་ནུས་པ་ནི་ཡི་དམ་བསྒོམས་པ་ལས་བྱུང་བའོ། །བཅུ་དྲུག་པས་ལྷ་ལོ་བདུན་སྤྲུལ་ཞིང་གཟུགས་སོགས་ཡུལ་དྲུག་གི་ དག་བྱེད་ལ་ལོངས་སྤྱོད་ལ། འགྲོ་དྲུག་གི་སྐྱེ་གནས་སྟོན་པར་ནུས་པ་དང་བཅུ་དགུ་ནི་དབང་རྣམས་རྫོགས་པ་ལས་བྱུང་བའོ། །དེ་ལྟར་ས་བཅུ་དྲུག་ལ་རྫུ་འཕྲུལ་བརྒྱ་ཐམ་པ་འབྱུང་བ་ནི་རིགས་འཛིན་གྱིས་ཞེས་བྱའོ། །མིང་

[p. 345] གི་རྣམ་གྲངས་གཞན་རྣམ་པར་སྨིན་པ་དང་། ཚེ་ལ་དབང་བ་དང་། ཕྱག་རྒྱ་ཆེན་པོ་དང་། ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ། རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། འབྱེད་པའི་རྣལ་འབྱོར་དང་། རྟོགས་པའི་རྣལ་འབྱོར་ཏེ་རིམ་པ་བཞིན་ནོ། །དེ་ཡང་རྣམ་པར་སྨིན་པའི་རིགས་འཛིན་ནི་སེམས་ལྷའི་སྐུར་སྨིན་ཡང་ལུས་མ་སྨིན་པས་པར་དོར་གྲོལ་བའོ། །ཚེ་དབང་ནི་དེ་ཉིད་ལ་གྲོལ་བའོ། །ཕྱག་རྒྱ་ཆེན་པོ་ནི་ལུས་སེམས་ལྷར་སྨིན་པའོ། །ལྷུན་གྲུབ་ནི་རང་གཞན་གྱི་དོན་གཉིས་གྲུབ་པའོ། །འདི་དག་ལ་ས་བཅུ་དྲུག་པོ་དེ་སྔ་མ་བཞིན་སྦྱར་ཏེ་ཡོན་ཏན་ཤེས་པར་བྱའོ། །རྣམ་སྨིན་ནི་བར་མ་ཆད་ན་ཚེ་དེ་ལ་ཚེ་དབང་ཐོབ་ནས་འབྲས་བུ་ཐོབ་པའོ། །ཚེ་དབང་ནི་བསྐལ་པ་ཆེན་པོ་གཅིག་ན་རྫུ་འཕྲུལ་སྦྱངས་ནས་རྡོ་རྗེ་འཆང་གི་ས་འཐོབ་བོ། །ཕྱག་རྒྱ་ཆེན་པོ་ནི་ལོ་བརྒྱ་ན་རྡོ་རྗེ་འཆང་གི་ས་འཐོབ་པོ། །ལྷུན་གྲུབ་ནི་ལོ་སྟོང་ན་རྡོ་རྗེ་འཆང་གི་ས་འཐོ་བ་སྟེ་འཕྲིན་ལས་བཞིས་དོན་གཉིས་མཛད་པའི་ཕྱིར་རོ། །འཕྲིན་ལས་བཞི་ནི། ཞི་བ། རྒྱས་པ། དབང་། དྲག་པོའོ། །དེ་ལ་སྤྲོས་བཅས་ཀྱིས་ཞི་བའི་ལས་བྱེད་དེ་དངོས་པོ་ལུས་སེམས་ཀྱི་བར་ཆད་མངོན་གྱུར་དང་། དངོས་མེད་དྲི་མ་ཕྲ་རགས་གཉིས་ཞི་བར་བྱེད་པའོ། །དབྱེ་ན་ཞི་བའི་ཞི་བ་ཤེས་པ་དང་རླུང་། ཞི་བའི་རྒྱས་པ་ཚེ་དང་བསོད་ནམས། ཞི་བའི་དབང་ལུས་ངག་གི་ནུས་པ། ཞི་བའི་དྲག་པོ་གཉིས་ཞི་ནས་གཅིག་ཏུ་གནས་པའོ། །སྤྲོས་མེད་ཀྱིས་རྒྱས་པའི་ལས་འགྲུབ་བོ། །དབྱེ་ན་རྒྱས་པའི་ཞི་བ་རྣམ་རྟོག་ངན་པ་ཟད་པ། རྒྱས་པའི་རྒྱས་པ་

[p. 346] ཚེ་དང་བསོད་ནམས་འཁོར་དང་ལོངས་སྤྱོད་ཉམས་དང་བྱིན་བརླབས་སོ། །རྒྱས་པའི་དབང་ཇི་ལྟར་འདོད་པའི་བསྒྲུབ་བྱ་རྒྱས་པ། རྒྱས་པའི་དྲག་པོ་ལུས་ངག་སེམས་ཀྱི་ནུས་པ་རྫོགས་པའོ། །ཤིན་ཏུ་སྤྲོས་མེད་ཀྱིས་དབང་གི་འཕྲིན་ ལས་འགྲུབ་བོ། །དབྱེ་ན་དབང་གི་ཞི་བ་ལུས་ངག་ཡིད་ཀྱི་བར་ཆད་ཞི་བ། དབང་གི་རྒྱས་པ་ལྷ་སྒོམ་སྤྱོད་འབྲས་རྒྱས་པ། དབང་གི་དབང་མི་དང་མི་མ་ཡིན་རྣམས་འདུས་པ། དབང་གི་དྲག་པོ་དཀུག་པ་ལ་སོགས་པ་འགྲུབ་པའོ། ། རབ་ཏུ་སྤྲོས་པ་མེད་པས་དྲག་པོའི་འཕྲིན་ལས་འགྲུབ་པའོ། །དབྱེ་ན་དྲག་པོའི་ཞི་བ་དགུག་པ་དང་བཅིང་བའི་ལས་སོ། །དྲག་པོའི་རྒྱས་པ་དབྱེ་བ་དང་བསྐྲད་པ། དྲག་པོའི་དབང་ཚུར་ལ་བླ་ན་ཀ་མི་རྙེད་པ། དྲག་པོའི་དྲག་པོ་སྤ་ བཀོང་བ་དང་བསད་པ་ལ་སོགས་པ་འགྲུབ་པའོ། །དེ་ལྟར་བཅུ་དྲུག་ནི་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་སོགས་རང་ངོའི་དབྱེ་བ་བཅུ་དྲུག་གི་འབྲས་བུའོ། །དེ་ཡང་རྣམ་པར་འཕྲུལ་བས་དབྱེ་ན། ལུས་མི་འདྲ་བའི་གྲངས་བཞིན་དག་ བྱེད་ཀྱང་དེ་ཙམ་ཡོད་པ་ནི་འཕྲིན་ལས་ཀྱི་གྲངས་སོ། །གཞན་ཡང་གནས་སྐབས་སུ་ཐོབ་པ་ནི། སྤྲོས་བཅས་ཀྱི་དབང་གིས་ལུས་ཀྱི་ཡོན་ཏན། ཚེ་རིང་བ་དང་། ནད་མེད་པ་དང་། འགྲོ་བ་བྱམས་པ་དང་། བསོད་ནམས་དང་ལྡན་ པ་དང་། རྫུ་འཕྲུལ་འགྲུབ་པ་དང་། ལུས་ཀྱི་རྡུལ་ཕྲན་མཐོང་བ་ལ་སོགས་པའོ། །སྤྲོས་མེད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། གཞན་གྱི་རྣར་སྙན་པ་དང་། བསྒོ་བ་བཞིན་ཉན་པ་དང་། བཀའ་བསྟན་བཅོས་ལ་དབང་བ་དང་།

[p. 347] མི་མ་ཡིན་པའི་སྐད་ཤེས་པ་ལ་སོགས་པའོ། །ཤིན་ཏུ་སྤྲོས་མེད་ཀྱིས་ཡིད་དག་པ་དང་། ཏིང་ངེ་འཛིན་དང་། རིག་པ་དང་། གང་བསམས་ཆོས་ཉིད་དུ་འཆར་བ་དང་། །དུས་བཞི་དུས་གཅིག་ཏུ་རྟོགས་པ་དང་། འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ལ་སོགས་པའོ། རབ་ཏུ་སྤྲོས་མེད་ཀྱིས་སེམས་ལས་སུ་རུང་བ་དང་། མངོན་པར་ཤེས་པ་དང་། ཚེ་དཔག་ཏུ་མེད་པར་བྱིན་གྱིས་རློབས་པ་ལ་སོགས་པའོ། ཁྱད་པར་དུ་དབང་བཞིའི་སྣང་བ་བཞིའི་ཡོན་ཏན་ཐོབ་པ་ནི། སྤྲོས་བཅས་ཀྱིས་ཆོས་ཉིད་མངོན་སུམ་གྱི་སྣང་བ། སྤྲོས་མེད་ཀྱིས་ཉམས་གོང་འཕེལ། ཤིན་ཏུ་སྤྲོས་མེད་ཀྱིས་རིག་པ་ཚད་ཕེབས། རབ་ཏུ་སྤྲོས་མེད་ཀྱིས་ཆོས་ཉིད་ཟད་པའི་སྣང་བ་སྟེ། དེ་དག་རེ་རེ་ཞིང་ཕྱི་སྣང་བའི་ཡོན་ཏན་རེ་དང་། ནང་ཉམས་ཏིང་ངེ་འཛིན་རེ་དང་། གསང་བ་ལྟ་དགོངས་ཁྱད་པར་ཅན་རེ་དང་། ཡོངས་རྫོགས་བསྟན་པའི་ཚད་རེ་ཐོབ་ནས། ཟག་བཅས་མི་སྣང་བར་སངས་རྒྱས་ཀྱི་ས་ལ་སྦྱོར་བའོ། །འདི་དག་ནི་ཐུན་མོང་དུ་གནས་སྐབས་ཀྱི་ཡོན་ཏན་ནོ། །གཉིས་པ་མཐར་ཐུག་གི་འབྲས་བུ་ནི། མགོན་པོ་རྡོ་རྗེ་འཆང་གི་ས་སྟེ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་རྫོགས་པར་ཐོབ་པའོ། །དབྱེ་ན་གསུམ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཞིང་ཁམས་མདོར་བསྟན། བསམ་གྱིས་མི་ཁྱབ་པའི་དབྱེ་བ་རྒྱས་པར་བཤད། མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བའོ། །དང་པོ་ནི་དབང་མཐར་ཕྱིན་པའི་འབྲས་བུ་བཞི་ལ་རྟགས་བཞི་དང་ཚད་བཞི་སྟེ།

[p. 348] བཅུ་གཉིས། སྨིན་མོ་སྐུ་བཞི་སྟེ་བཅུ་དྲུག །ཡེ་ཤེས་བཞི་སྟེ་ཉི་ཤུ། ཡེ་ཤེས་ཀྱི་འོད་ཟེར་བཞི་སྟེ་ཉེར་བཞི། འོད་ཀྱིས་བཀྱི་པའི་སྤྲུལ་པ་བཞི་སྟེ་ཉེར་བརྒྱད། སྤྲུལ་པའི་གདུལ་ཞིང་བཞི་སྟེ་སུམ་ཅུ་རྩ་གཉིས་སུ་སྨིན་པས་དོན་འབྱུང་བ་ནི། ལམ་དུ་དབང་སུམ་ཅུ་རྩ་གཉིས་ཐོབ་པ་ལས་བྱུང་བའོ། །དེ་ཡང་སྐུ་བཞི་ལ་གཞི་གནས་ཀྱི་ཡེ་ཤེས། མཚན་ཉིད་འཛིན་པའི་ཡེ་ཤེས། ཐམས་ཅད་མཁྱེན་པའི་ཡེ་ཤེས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བཞི་པའི་བརྩིས་པས་བཅུ་དྲུག །ཡེ་ཤེས་ཀྱི་མཁྱེན་པ་བཞི་བཞི་བརྩིས་པས་བཅུ་དྲུག་སྟེ་སུམ་ཅུ་རྩ་གཉིས་ནི་སྐུ་དང་ཡེ་ཤེས་ཀྱི་རྣམ་གྲངས་སུམ་ཅུ་རྩ་གཉིས་ཞེས་བྱའོ། །འདི་དག་རྫོགས་པ་ནི་རྡོ་རྗེ་འཆང་གིས་བཅུ་དྲུག་མཛད་པ་ཡེ་ཤེས་ཀྱི་ཡུལ་བཅུ་དྲུག་དང་བཅས་པའོ། །ཡེ་ཤེས་ཀྱི་སྣང་བའི་རང་འོད་ལྔ་ལས་ཞིང་ལྔའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པ་ནི། འོད་མཐིང་གའི་ཀློང་ན་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རྫོགས་པའོ། །དེ་བཞིན་དུ་དཀར་པོས་མི་བསྐྱོད་པ། སེར་པོས་རིན་ཆེན་འབྱུང་ལྡན། དམར་པོས་སྣང་བ་མཐའ་ཡས། ལྗང་གུས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའོ། །དཀྱིལ་འཁོར་དེ་དག་ལས་གདུལ་བྱའི་ཞིང་དུ་འཕྲིན་ལས་བཞིའི་སྤྲུལ་པ་འགྱེད་ལ། གདུལ་ཞིང་ཤར་ཕྱོགས་མངོན་པར་དགའ་བ། ལྷོད་པ་ལ་དང་ལྡན་པ། ནུབ་པདམ་བརྩེགས་པ། བྱང་ལས་རབ་རྫོགས་པ་བཞིས་འཕྲོ་བ་སྨིན་པར་བྱེད་དོ། །གཉིས་པ་བསམ་གྱིས་མི་ཁྱབ་པའི་དགྱེ་བ་མ་རྒྱས་པར་བཤད་

[p. 349] པ་ནི། སྐུ་བཞིའི་ཞིང་ཁམས་ཕུན་སུམ་ཚོགས་པ་ལྔ་ལྔར་དབྱེ་བ་ལས། དང་པོ་ཆོས་སྐུའི་སྟོན་པ་དཔལ་ཀུན་དུ་བཟང་པོ། གནས་ཆོས་ཀྱི་དབྱིངས། བསྟན་པ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བསྟན་པ། འཁོར་འདུས་མ་བྱས་པ། དུས་ཆོས་ཉིད་ལ་འཕོ་འགྱུར་མེད་པ་དང་ལྔ་ནི་ཆོས་སྐུར་འཇོག་པའི་འཐད་པ་ནི། ཞིང་ཁམས་རྣམ་པར་དག་པ་དེ་ཉིད་དང་བརྗོད་དུ་མེད་པ། ཆོས་བརྗོད་དུ་མེད་པ། འབད་མེད་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཀྱི་སྒོ་ནས་ཆོས་སྐུ་ཞེས་བརྗོད་པའོ། །ཕུན་སུམ་ཚོགས་པ་ལྔ། བརྗོད་དུ་མེད་པ་དང་། ལྷུན་གྱིས་གྲུབ་པ་གཉིས་ཏེ་བརྒྱད་ནི། དབང་བཞིའི་ས་བོན་བཞི་དང་། འབྲས་བུ་བཞི་སྟེ་བརྒྱད་སྨིན་པ་ལས་བྱུང་བའོ། །ལོངས་སྐུའི་སྟོན་པ་རྣམ་པར་སྣང་མཛད་གང་ཆེན་མཚོ། གནས་རྣམ་དག་སྟུག་པོ་བཀོད་པ། བསྟན་པ་རང་བྱུང་གི་ཡི་གེ་དྲུག་གི་རང་སྒྲ་ལྗགས་ཀྱི་འོད་ཟེར་ལས་འཕྲོ་བ་བསྟན་པའི་བུ་གཅིག །འཁོར་ཉིད་ལས་མི་གཞན་པ་རིགས་བཞིའི་སངས་རྒྱས། དུས་རང་བཞིན་རྣམ་དག་ཆེན་པོ། ཞིང་ཁམས་ཕྱག་མཉམ་གཞག་གི་མཐིལ་ན། ཡས་མར་བརྩེགས་པའི་ཉི་ཤུ་རྩ་ལྔ། སྐྱིལ་ཀྲུང་མན་ཆད་ལ་བཅུ་དྲུག །དེ་དག་ཀྱང་ཡས་མན་དུ་བལྟས་པས་རྒྱ་དེ་བ་བརྩེགས་པ་ལྟ་བུར་བར་ན་རྣམ་དག་གི་ནམ་མཁས་བཅད་ནས་གནས་ལ། ཕན་ཚུན་ནི་ཟ་འོག་གི་གུར་ཁྱིམ་བཀྲམ་པ་དང་འདྲ་སྟེ། སོ་སོའི་ལྕགས་རི་དང་མཚོས་བར་བཅད་དེ་གནས་སོ། །ཆོས་ནི་རང་གི་ངོ་བོ་རྣམ་དག་ཆེན་པོའི་ཆོས་ལ་སྤྱོད་

[p. 350] པའོ། །འཐད་པ་ནི་འོད་དང་ཁ་དོག་སྐུ་དང་ཡེ་ཤེས་ལ་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །དེ་ཡང་འོད་ཟེར་གྱི་སྦྱོར་བ་དག་པ་ཡབ་ཀྱི་ཞལ་ནས་ཞུགས་ཏེ་གསང་བའི་གནས་ནས་ཡུམ་གྱི་མཁའ་ལ་འཐོན་ནས་སྤྲུལ་པ་འགྱེད་པ་སྟེ། ཕུན་སུམ་ཚོགས་པ་ལྔ། ཞིང་དང་སྤྲུལ་པ་གཉིས་ཏེ་བརྒྱད་དོ། །དེ་ཡང་དབང་བརྒྱད་ཀྱི་འབྲས་བུའོ། །སྤྲུལ་པ་སྐུའི་སྟོན་པ་དྲུག་པ་རྡོ་རྗེ་འཆང་། གནས་ལྕང་ལོ་ཅན་ཏེ་འོག་མིན་གྱི་མིང་གི་བྱེ་བྲག་གོ། །བསྟན་པ་རང་བཞིན་རྫོགས་པ་ཆེན་པོ། འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ། དུས་སུས་འདུལ་བའི་དུས། ཞིང་ཁམས་རྒྱ་ཆེ་བ་ཚངས་ཆེན། དེ་ལས་ཁོལ་བུར་བྱུང་ན་མི་མཇེད་དེ་གླིང་བཞི་རི་རབ་དང་བཅས་པ་བྱེ་བ་ཕྲག་བརྒྱའོ། །ཆོས་བསྟན་པ་དངོས་དང་གཟུགས་བརྙན་གཉིས་སོ། །འཐད་པ་གང་ལ་གང་འདུལ་དུ་སྤྲུལ་པས་ན་སྤྲུལ་སྐུའོ། །རང་གཞན་གྱི་དོན་གཉིས་རྫོགས་པའི་འཕྲིན་ལས་དང་བརྒྱད་དོ། །ངོ་བོ་ཉིད་ཀྱི་སྐུའི་སྟོན་པ་བསམ་བརྗོད་རྣམ་པར་དག་པ། གནས་བསམ་འདས་མཚན་གཞི་དང་བྲལ་བ། བསྟན་པ་རྡུལ་མེད་ཅིང་དྲི་མ་མེད་པ། འཁོར་ཡེ་ཤེས་རྒྱ་མཚོ། ཞིང་ཁམས་བདེ་ཆེན་རྣམ་དག །ཆོས་ངོ་འབྱེད་པ་མེད་པ། ལས་སེམས་ཉིད་ཕྱིན་ཅི་ལོག་ལས་འདས་པ་དང་བརྒྱད་དོ། །དེ་ཐམས་ཅད་ཀྱི་རང་བཞིན་རྟགས་ཀྱི་སྐུ་བཞི་ནི། ཆོས་སྐུའི་སྟོན་པ་རང་བཞིན་མ་བཅོས་པ། གནས་སྟོང་པ་ཀུན་ཁྱབ། བསྟན་པ་འདུལ་སྟངས་རྣམ་དག །འཁོར་རང་བཞིན་ཡོངས་དག །དུས་ངེས་མེད་སྣ་ཚོགས། ཆོས་ཟག་པ་རང་

[p. 351] ཟད། འཐད་པ་ཆོས་ཀྱི་ཕུང་པོ་འདུས་པས་ན་ཆོས་ཀྱི་སྐུའོ། །བྱེད་ལས་ལས་བདག་ཏུ་མེད་པའི་ལས་བྱེད་པ་དང་བརྒྱད་དོ། །གཟུགས་སྐུའི་སྟོན་པ་སྐུ་སྣང་ལ་རང་བཞིན་མེད་པ་ཞལ་ཀུན་དུ་ཐལ་ལེ་བ། གནས་ཕྱི་དང་ནང་མེད་པ་ཀུན་དུ་ཡང་ནང་དུ་གྱུར་པ། བསྟན་པ་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པ། འཁོར་སྣང་བ་དང་མི་སྣང་བ། དུས་སྤྲོས་བཞིའི་ཚིག་ཙམ་དུ་བྱུང་བ། ཞིང་ཁམས་ཕྱི་ནས་བལྟས་པས་ནང་གསལ་བ། ཆོས་སྤྲོས་གཞི་རྣམ་པར་དག་པ། འཐད་པ་གཟུགས་རྡུལ་དང་རྡུལ་ཕྲན་དག་པར་བྱེད་པས་ན་གཟུགས་སྐུའོ། །ལས་ཀྱི་གཟུགས་ཅན་རྣམས་ཀྱི་ལས་ཟད་པར་བྱེད་པ་དང་བརྒྱད་དོ། དེ་དག་གི་ཞར་ལ་ཞི་བའི་སྐུའི་སྟོན་པ་རང་ཤེས་རིག་གི་རྒྱལ་པོ་འདུས་མ་བྱས་པ་གནས་ཙིཏྟ་རིན་པོ་ཆེའི་གཞལ་མེད་ཁང་། བསྟན་པ་རྩ་རླུང་ཐབས་ཀྱི་མན་ངག །འཁོར་ཡེ་ཤེས་ལྔ་དང་། རླུང་ལྔ་དང་། ཤེས་རབ་ལྔ་དང་། འོད་ལྔ་དང་། སྐུ་ལྔ་དང་། རིགས་ལྔའོ། །དུས་ལུས་དང་སེམས་འཛོམ་པའོ། །ཞིང་ཁམས་འགྲོ་བ་འདུལ་བ། ཆོས་འཁོར་བ་དང་མྱ་ངན་ལས་འདས་པ། འཐད་པ་དེ་ལ་བརྟེན་ནས་ལུས་སེམས་སྡུག་བསྔལ་ཞི་བས་ན་ཞི་བའི་སྐུར་འཐད་དོ། །ལས་ཁམས་གསུམ་ལས་གྲོལ་བར་བྱེད་པ་སྟེ་བརྒྱད་དོ། །ཁྲོ་བོའི་སྐུའི་སྟོན་པ་ཡེ་ཤེས་ཀྱི་ཧེ་རུ་ཀ་ལྔ། གནས་བྷན་དྷ་འབར་བའི་གཞལ་ཡས་ཁང་སྟེ་ཀླད་པ་དུང་ཁང་དཀར་པོ། བསྟན་པ་བདེ་ཆེན་གྱི་འབར་འཛག །འཁོར་སྒྲོན་མ་རྣམ་པ་བཞི། དུས་

[p. 352] ཡེ་ཤེས་རང་ལ་ཁྱིལ་བའི་དུས། ཞིང་ཁམས་མིག་གི་དབང་པོ་མཐོང་བ་མ་འགགས་པ། ཆོས་གཟུགས་ཀྱི་དེ་བཞིན་ཉིད། འཐད་པ་ཡུལ་དང་ཤེས་པ་ལ་ཁྲོས་པས་ན་ཁྲོ་བོའི་སྐུར་འཐད་དོ། །ལས་ཀྱི་གདུལ་བྱ་ཕྱིན་ཅི་ཐོག་ རྣམས་ཚར་གཅོད་པ་དང་བརྒྱད་དོ། །དེ་དག་ལ་སྐབས་འདིར་འབྲས་བུར་གཞག་པ་ནི་གཞི་སྨིན་བྱའི་སྦྱང་གཞི་ཐོག་མའི་འོད་གསལ་ཡིན་པ་དང་། གདུལ་གཞིའི་འབྲས་བུ་རང་བཞིན་རྣམ་དག་ཡིན་པས་གློ་བུར་རྣམ་དག་གི་ ཞར་ལ་སློབ་པའོ། །དེ་དག་ལ་བརྟགས་པས་དབང་དང་འབྲས་བུ་ལ་བཅུ་དྲུག་ཕྲག་བཞི། སྐུ་ལ་བཅུ་དྲུག་ཕྲག་བཞི་སྟེ་ཕྲག་བརྒྱད་བསྡོམས་པས། བརྒྱ་དང་ཉེར་བརྒྱད་ནི་དབང་བསྐུར་བའི་འབྲས་བུ་ཕུན་སུམ་ཚོགས་ པའོ༑ །གསུམ་པ་མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བ་ནི། དབང་བཞིའི་ས་བོན་གྱི་ཆ་ལས་དྲུག་བརྒྱ་དང་དྲུག་ཅུ་རྩ་དྲུག་གིས་འགྲོ་བ་དྲུག་གི་ལས་དང་ཉོན་མོངས་པ་དག་པར་མཛད་པའོ། །དེ་ལ་ཐོག་མར་མཐོང་ བ་རྣམ་པར་དག་པ་ལས། བདག་ཉིད་ལ་ཟག་པ་མེད་པའི་མངོན་པར་ཤེས་པ་ནི། དབང་པོའི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་གིས་དུས་གསུམ་དུས་གཅིག་ལ་མཐོང་བ་པ་སེན་མཐོང་བ་ལྟ་བུ་སྟེ། དེ་ཡང་མིག་ གི་མངོན་ཤེས་དྲུག་གིས་གཟུགས་ཐམས་ཅད་ཤེས། རྣ་བའི་མངོན་ཤེས་དྲུག་གིས་བརྗོད་པའི་སྒྲ་ཐམས་ཅད་གཏན་ལ་ཕེབས་སོ། །སྣའི་དྲུག་གིས་འགྲོ་བ་དྲུག་གི་ལས་གཏན་ལ་ཕེབས་སོ། །ལྕེའི་དྲུག་གིས་འགྲོ་དྲུག་གི་འཁོར་དང་

[p. 353] ལོངས་སྤྱོད་ཤེས་སོ། །རུས་ཀྱི་དྲུག་གིས་འགྲོ་དྲུག་གི་གཟུགས་རྡུལ་ཕྲན་དང་རགས་པ་ཐམས་ཅད་ཤེས་སོ། །ཡིད་ཀྱི་དྲུག་གིས་འགྲོ་དྲུག་གིས་བསམ་པ་ཐམས་ཅད་ཤེས་སོ། དེ་ལྟར་དབྱེ་གཞི་ཕྲི་བས་དབང་པོའི་མངོན་ཤེས་སུམ་ཅུས་སྲིད་པ་ཡན་ལག་སུམ་ཅུ་ཤེས་ཤིང་། མཚན་སུམ་ཅུ་རྩ་གཉིས་གྲུབ་པ་ནི་དབང་སུམ་ཅུ་རྩ་གཉིས་ལས་བྱུང་བའོ། །དེ་ནས་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། སྦྱངས་པའི་ཤེས་རབ་ཀྱི་མཐོང་བ་རྣམས་པར་དག་པའི་ཡེ་ཤེས་དྲུག་ཤར་བས་ཚིག་ཐམས་ཅད་ཀྱི་བརྡ་དོན་ཁོང་དུ་ཆུད་པའོ། །བསླབ་པའི་ཤེས་རབ་ཀྱི་མཐོང་པ་དག་པའི་མངོན་ཤེས་དྲུག་གིས་སེམས་ཉིད་ཆོས་ཉིད་ལ་འཇུག་པ་ཁྱད་པར་ཅན་སྐྱེ་བའོ། །མཐོང་བ་རྣམ་པར་དག་པ་ཞེས་ཀུན་ལ་སྦྱར་ཏེ། ཐོས་པའི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་སྒྲ་དང་དོན་ཐམས་ཅད་ཤེས་སོ། །བསམ་བྱུང་གི་ཤེས་རབ་ཀྱི་མངོན་ཤེས་དྲུ་གིས་ཆོས་ཐམས་ཅད་ཀྱི་འདུ་མཆེད་རྟོགས་སོ། །སྒོམ་བྱུང་གི་ཤེས་རབ་ཀྱི་མངོ་ཤེས་དྲུག་གིས་ཆོས་དང་སེམས་གཉིས་འདྲེས་ཏེ་ནམ་མཁའ་ལྟར་ཤེས་སོ། །དེ་ལྟར་སུམ་ཅུ་ནི་དབང་གི་འགྱུར་བྱེད་སུམ་ཅུ་རྩ་གཉིས་ཀྱིས་སངས་རྒྱས་ཀྱིས་སྦྱངས་པའི་ཡོན་ཏན་སུམ་ཅུ་རྩ་གཉིས་མཐོང་བ་ལས་བྱུང་བའོ། །དེ་ནས་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། འདིའི་དུས་ན་ཡེ་ཤེས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྙེད་པའོ། །དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མཐོང་བ་དག་པའི་མངོན་

[p. 354] ཤེས་དྲུག་གིས་ཆོས་ཀྱི་མཚན་ཉིད་དང་དགོངས་པ་མངོན་སུམ་དུ་ཤེས་སོ། །མཉམ་པ་ཉིད་ཀྱི་དྲུག་གིས་འཁོར་འདས་གཉིས་སུ་མེད་པར་ཤེས་སོ། །སོ་སོར་རྟོག་པའི་དྲུག་གིས་འགྲོ་བ་དྲུག་གི་དབང་པོ་ལ་སོགས་པ་ཤེས་སོ། །བྱ་བ་གྲུབ་པའི་དྲུག་གིས་ཆོས་ཐམས་ཅད་རྩོལ་བ་དང་བྲལ་བ་དང་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཤེས་སོ། །ཆོས་ཀྱི་དབྱིངས་ཀྱི་དྲུག་གིས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཤེས་སོ། །མི་གནས་པའི་ཡེ་ཤེས་ཀྱི་དྲུག་གིས་ཆོས་གང་ལའང་མི་གནས་པ་ཤེས་སོ། །དེ་ཡང་དབྱེ་གཞི་རེ་ཕྲི་བས་མངོན་ཤེས་ལྔ་ཚན་དྲུག་ཏུ་འགྱུར་ཏེ། ཡེ་ཤེས་ཀྱི་མངོན་པར་ཤེས་པ་སུམ་ཅུ་ནི་དབང་སུམ་ཅུ་རྩ་གཉིས་ལས་བྱུང་བའོ། །དེ་ནས་རྣམ་པར་གྲོལ་བའི་མངོན་ཤེས་དྲུག་འཆར་ཏེ་འདིའི་དུས་ན་སེམས་དང་སེམས་བྱུང་ནུབ་པའོ། །དེ་ལ་རྣམ་གྲོལ་དང་པོའི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་ཤར་བས། ལུས་ཀྱི་ཟག་པ་ཟད་པའོ། །རྣམ་གྲོལ་གཉིས་པ་དྲུག་གིས་ངག་གི་ཟག་པ་ཟད་པའོ། །གསུམ་པའི་དྲུག་གིས་ཡིད་ཀྱི་ཟག་པ་ཟད་པའོ། །བཞི་པའི་དྲུག་གིས་སེམས་ཀྱི་ཟག་པ་ཟད་པའོ། ལྔ་པའི་དྲུག་གིས་ཤེས་རབ་ཀྱི་ཕུང་ངོ་ལ་སྒྲིབ་པའི་ཟག་པ་ཟད་པའོ། །དྲུག་པའི་དྲུག་གིས་ཆོས་དང་ཆོས་ཉིད་ཀྱི་ཟག་པ་ཟད་པའོ། སུམ་ཅུ་པོ་དེ་དག་གིས་ཕྱི་ནང་གསང་བ་ཡོངས་རྫོགས་ཀྱི་དབང་ལས་བྱུང་བའོ། །དེ་ནས་སྐུ་གསུང་ཐུགས་ཀྱི་ལས་མངོན་དུ་གྱུར་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། སངས་རྒྱས་ཀྱི་མཁྱེན་པ་མ་ལུས་པ་རྫོགས་པའོ། །སྐུ་དངོས་ཀྱི་

[p. 355] མཐོང་བ་དག་པའི་མངོན་ཤེས་དྲུག་ཤར་བས་སངས་རྒྱས་ཀྱི་སྐུ་ཐམས་ཅད་མཐོང་ཞིང་རང་གིས་ཀྱང་བརྙེས་པའོ། །སྐུའི་སྣང་བའི་དྲུག་ཤར་བས་འོད་ཀྱི་ཚོགས་མཐའ་ཡས་པ་ལ་སྤྱོད་དོ། །གསུང་དངོས་ཀྱི་དྲུག་ཤར་བས་གསུང་དབྱངས་དྲུག་ཅུ་ལ་སྤྱོད་དོ། །གསུང་གི་སྣང་བའི་དྲུག་གིས་སྒྲ་དབྱངས་དུ་མ་ལ་སྤྱོད་དོ། །ཐུགས་དངོས་ཀྱི་དྲུག་གིས་ཏིང་ངེ་འཛིན་ཐམས་ཅད་ལ་སྤྱོད་དོ། །ཐུགས་ཀྱི་སྣང་བའི་དྲུག་གིས་གཞན་གྱི་སེམས་ཤེས་པ་ལ་སྤྱོད་དོ། །དེ་ལྟར་སུམ་ཅུ་པོ་ནི་དབང་གི་ལྷ་ངོ་སུམ་ཅུ་རྩ་གཉིས་ཤེས་པ་ལས་བྱུང་ངོ་། །དེ་ནས་ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་ཆོས་ཉིད་ཀྱི་དགོངས་པ་ལ་དབྱེར་མི་ཕྱེད་པ་བཞུགས་སོ། །སེམས་རྣམ་པར་གདུལ་བའི་མངོན་ཤེས་དྲུག་ཤར་བ་སེམས་ཀྱི་རང་བཞིན་ཤེས་སོ། །སེམས་སྦྱང་བའི་དྲུག་གིས་རྩ་བ་ཤེས་སོ། །སེམས་ཞི་བའི་དྲུག་གིས་སེམས་མེད་པའི་མཚན་ཉིད་ཤེས་སོ། །སེམས་རྣམ་པར་དག་པའི་དྲུག་གིས་མི་འགྱུར་བར་ཤེས་སོ། །སེམས་མི་ལྡོག་པའི་དྲུག་གིས་ཁམས་གསུམ་མིང་མེད་པར་ཤེས་སོ། །སེམས་ལས་འདས་པའི་དྲུག་གིས་ཤེས་བྱེད་དང་འདུ་འཕྲོ་དག་སྟེ་མི་ལྡོག་པར་རྟོགས་སོ། །དེ་ལྟར་སུམ་ཅུ་ནི་དབང་གི་རྣམ་པར་འཕྲུལ་པའི་དབྱེ་བ་ཤེས་པ་ལས་བྱུང་ངོ་། དེ་ལྟར་མཐོང་བ་དག་པའི་མངོན་ཤེས་བརྒྱ་དང་བརྒྱད་ཅུ་ནི་མོས་པའི་མཐོང་བ་ཙམ་ལས་བྱུང་བའོ། །དེ་ཡང་ཕྱེ་ན་མོས་པའི་བཞི་ལ་བཞི་བཅུ་རྩ་ལྔ་ལྔའི་ཡོན་ཏན་དུ་འབྱུང་བ་

[p. 356]

[edit]
BDRC typed e-text UT22920_005 (the base text was made from it).

དེའི་སྤྲོས་མེད་ཀྱིས་དོན་རང་ཐོག་ཏུ་ཕེབས་པས་ཆོས་ཉིད་ལས་འགྲོ་ས་མེད་པའོ། །དེའི་ཤིན་ཏུ་སྤྲོས་མེད་སྟོང་ཉིད་ཀྱི་དཀྱིལ་འཁོར་དུ་འཇུག་པས་སྒོ་གསུམ་ཁམས་གསུམ་དུ་མི་འཇུག་པའོ། །རབ་ཏུ་སྤྲོས་མེད་ཀྱིས་ཚོགས་དྲུག་དག་པར་བྱེད་པའོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དབྱེ་བ་ངེས་པ་ནི། རབ་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་སེམས་གང་ཡིན་ལ་སོགས་པས་ཆགས་སྡང་རང་གྲོལ་བར་བྱེད་དོ། །སྤྲོས་མེད་སྤྲུལ་སྐུའི་ཞིང་བསྟན་པས་ཕུང་པོ་ཁམས་དང་སྐྱེ་མཆེད་སྟོངས་པར་བྱེད་དོ། །ཤིན་ཏུ་སྤྲོས་མེད་ལོངས་སྐུའི་ཞིང་བསྟན་པས་སེམས་ཉིད་འགྲོ་འོང་མེད་པའི་དོན་རྟོགས་པར་བྱེད་དོ། །རབ་ཏུ་སྤྲོས་མེད་ཆོས་སྐུར་ལུང་བསྟན་པས་འཁོར་འདས་ལ་ཞེན་པའི་ཤེས་སྒྲིབ་ཕྲ་མོ་སྦྱོང་བར་བྱེད་དོ། །གཉིས་པ་རང་ངོའི་་དབྱེ་བ་རྒྱས་པར་བཤད་པ་ལ་དབང་བཞི་ལས། དང་པོ་སྤྲོས་བཅས་ལ། སྤྲོས་བཅས་ཀྱི་སྤྲོས་བཅས་དམ་བསྲེ་ཞིང་མནའ་ཆུ་བླུད་པ་ལ་སོགས་པ་སྟེ་ཕྱིའོ། །སྤྲོས་བཅས་ཀྱི་སྤྲོས་མེད་དཀྱིལ་འཁོར་དུ་གཞུག་ཅིང་ལྷ་ངོ་བསྟན་ནས་མིང་གི་དབང་བསྐུར་བ་སྟེ་ནང་ངོ༌། །སྤྲོས་བཅས་ཀྱི་ཤིན་ཏུ་སྤྲོས་མེད་ཉན་ཐོས་ཀྱི་སྡོམ་པ་སྦྱིན་པ་ནས་རིམ་དགུ་རྫོགས་ཏེ་དབུགས་དབྱུང་གཟེངས་བསྟོད་དང་བཅས་པ་གསང་བའོ། །སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་བུམ་པ་ངེས་པའི་སྐུར་རྒྱུ་སྟེ་ཡོངས་སུ་རྫོགས་པའོ། །འདི་ལའང་བུམ་པ་ངེས་པ་རྟེན་གཞལ་ཡས་ཁང་བརྟེན་པ་ལྷར་གསལ་བས་དབང་བསྐུར་བ་ཡོངས་སུ་རྫོགས་པའི་ཕྱི་སྤྲོས་བཅས་སོ། །སློབ་མའི་ལུས་ལྷར་བསྐྱེད་པ་ལ་འབྱུང་བཞི་དག་སྦྱོང་གི་རྫས་དབང་ཉི་ཟླ་སྦྱིན་པ་ལ་སོགས་པ་ནང་སྤྲོས་མེད་དོ། །མུ་དྲ་སྦྱིན་ནས་སྦྱོར་བ་ངེས་པ་གསང་བ་ཤིན་ཏུ་སྤྲོས་མེད་དོ། །བརྡ་དོན་ངེས་པའི་ཚིག་སྦྱིན་པ་ཡོངས་སུ་རྫོགས་པ་རབ་ཏུ་སྤྲོས་མེད་དོ། །དེ་ལྟར་ན་ཡོངས་སུ་རྫོགས་པ་ལ་བཞི་ཡོད་པ་ལྟར་གཞན་གསུམ་ལའང་ཤེས་པར་བྱའོ། །དེ་ལྟར་བཅུ་དྲུག་གིས་སྤྲོས་བཅས་དབྱེ་བའི་དགོས་པ་ནི། ལུས་འབྱུང་བཞིའི་རྒྱ་བཞི་འཇིག་པ་སྟེ། འབྱུང་བཞི་ཡང་སའི་ས་ལ་སོགས་པ་བཞིར་ཕྱེ་བས་བཅུ་དྲུག་དག་པར་སྦྱོང་བའི་དགོས་པ་ཡོད་དོ། །གཉིས་པ་སྤྲོས་མེད་ཀྱི་དབང་བཞི་རང་ངོའི་དབྱེ་བ་ནི། སྤྲོས་མེད་ཀྱི་སྤྲོས་བཅས་ཀྱིས་ལུས་ངག་ཡིད་སེམས་བཞི་ཡི་གེའི་གནས་བཞིའི་སྦྱོང་བ་ནི་ཕྱིའོ། །དེའི་སྤྲོས་མེད་ཀྱིས་སྒོ་གསུམ་གཞི་མེད་བྱ་རྩོལ་ལས་འདས་པར་མཚོན་པས་ནང་ངོ༌། །དེའི་ཤིན་ཏུ་སྤྲོས་མེད་ཀྱིས་ཡུལ་ལྔ་ལམ་དུ་བསླངས་པས་སྒོ་ལྔ་ཧར་སངས་སུ་གྲོལ་བ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་ཀྱིས་རྟོགས་པ་ཁྱད་པར་ཅན་བསྐྱེད་པས་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་ངག་གི་བརྗོད་གཞི་དང༌། རྗོད་བྱེད་དང༌། བརྗོད་བྱ་དང༌། བརྗོད་པ་བཞིའི་རྒྱ་ལས་གྲོལ་བར་བྱེད་དོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་རང་ངོའི་དབྱེ་བ་ནི། ཤིན་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་རུ་ཤན་འབྱེད་པ་ཕྱིའོ། །དེའི་སྤྲོས་མེད་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ་ནང་ངོ༌། །དེའི་ཤིན་ཏུ་སྤྲོས་མེད་ནམ་མཁའི་དཀྱིལ་འཁོར་དུ་འཇུག་པ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་རིག་པ་རང་ངོ་སྤྲད་པ་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་ཡིད་འགྱུ་བ་དང༌། འགྱུ་བྱེད་དང༌། འགྱུ་བྱ་དང༌། འགྱུས་པ་བཞིའི་རྒྱ་འཇིག་པར་བྱེད་པའོ། །བཞི་པ་རབ་ཏུ་སྤྲོས་པ་མེད་པ་རང་ངོའི་དབྱེ་བ་ནི། རབ་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་འདུག་སྟངས་བསྟན་པ་ཕྱིའོ། །དེའི་སྤྲོས་མེད་ལྟ་སྟངས་བྱེད་པ་ནང་ངོ༌། །དེའི་ཤིན་ཏུ་སྤྲོས་མེད་ཕྱོགས་བཞིར་ལྟ་སྟངས་དང་གཟིགས་སྟངས་བསྟུན་པ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་སོང་ཅིག་ལ་སོགས་པ་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་སེམས་བསམ་པ་དང༌། དྲན་པ་དང༌། རྟོག་པ་དང༌། ཞེན་པ་བཞིའི་རྒྱ་འཇིག་པར་བྱེད་དོ། །སྐབས་འདིར་ཡིད་དང་སེམས་ཀྱི་གོ་དོན། སྒོ་ལྔའི་ཡུལ་འཛིན་རྟོག་བྱེད་ཀུན་གཞིའི་རྣམ་པར་ཤེས་པ་སེམས་ལ། དེ་དང་མ་འབྲེལ་བར་དོན་སྔ་ཕྱི་དང་ཡིད་ཡུལ་དོན་སྤྱི་དཔྱོད་པ་ལ་ཡིད་ཅེས་བརྗོད་དོ། །རང་གི་སྣང་ཡུལ་དངོས་པོ་འཛིན་པ་དང༌། དངོས་མེད་འཛིན་པ་སྟེ། གསལ་བ་དང་མི་གསལ་བ་འཛིན་པས་ཕྱེ་བ་ཡིན་ནོ། །དེ་ལྟར་ན་རང་ངོའི་དབྱེ་བ་རེ་རེ་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞི་སྟེ་བཅུ་དྲུག་ཏུ་ཡོད་དོ། །གསུམ་པ་རྣམ་པར་འཕྲུལ་པའི་དབྱེ་བས་ཤིན་ཏུ་རྒྱས་པར་སྤྲོ་བ་ལ་གསུམ་སྟེ་དབང་སོ་སོའི་དག་བྱེད་ཀྱི་དབྱེ་བས་དག་རྒྱུ་བཅུ་དྲུག་འགྱུར་དང་བཅས་པ་བསྟན་པ། ལུས་ཀྱི་བྱ་བ་ལ་བརྟེན་ནས་ངེས་པའི་དབྱེ་བས་དབང་གི་གནས་ལུགས་བསྟན་པ། གྲངས་ཀྱི་དབྱེ་བ་ལ་བརྟེན་ནས་ལས་དང་ཉོན་མོངས་པའི་དག་བྱེད་བསྟན་པའོ། །དང་པོ་ནི་དབང་གི་རང་ངོའི་དབྱེ་བ་བཅུ་དྲུག་གིས་ཕྱིར་འབྱུང་བའི་ལས་བཅུ་དྲུག་དག་པར་བྱེད་ལ། ནང་དུ་སེམས་ཀྱི་རྟོག་པ་བཅུ་དྲུག་དག་པར་བྱེད་ལ། གསང་བར་རླུང་གི་འཕེན་སྡུད་བཅུ་དྲུག་དག་པར་བྱེད་ལ། བླ་ན་མེད་པར་ས་བཅུ་དྲུག་ལ་གནས་པའི་ངེས་པ་ཐོབ་པར་བྱེད་པས་དབང་བཅུ་དྲུག་ཏུ་བསྟན་པའོ། །དབང་དེ་དག་གི་དག་བྱ་ལུས་ངག་ཡིད་སེམས་བཞིའི་དྲི་མ་དག་པ་ལ་ལྟོས་ནས་གཞག་གོ །དེའང་ལུས་ལ་ཆུ་ཚོགས་པའི་ཆོས་བསྡུས་པས་འཆིང་བྱེད་རྒྱའི་དྲི་མར་སོང༌། མེས་དེ་དག་སྨིན་ཅིང་གསལ་བར་བྱས་པས་དངོས་པོར་གྲུབ་པའི་དྲི་མར་སོང༌། རླུང་གིས་དེ་དག་སོ་སོའི་ལས་བྱས་པས་ཞེན་པ་རང་རྒྱུད་དང་བཅས་པའི་དྲི་མར་སོང་བའོ། །ངག་སྨྲ་ནའང་སྨྲའོ་སྙམ་པ་ཡིད་ཀྱི་རྟོག་པས་བསླད་པའི་དྲི་མ་དང༌། སྨྲ་བྱེད་ལུས་ཀྱི་དྲི་མ་དང༌། སྨྲ་བའི་ཚིག་ལ་རྟོག་དཔྱོད་ཀྱི་དྲི་མ་དང༌། བརྗོད་ལས་རྟོག་པའི་འགྱུར་བྱེད་ཀྱི་དྲི་མ་དང༌། ཡང་ཡིད་འགྱུ་བ་ལའང༌། འགྱུ་བ་དྲན་བསམ་གྱི་རྟོག་པའི་དྲི་མ་དང༌། འགྱུ་བྱེད་ཡུལ་དང་ཤེས་པའི་དྲི་མ་དང༌། འགྱུས་པ་བག་ཆགས་སྔ་ཕྱིའི་དྲི་མ་དང༌། འགྱུས་པ་དངོས་ལ་ཞེན་པའི་དྲི་མ་དང༌། ཡང་སེམས་ཀྱི་དྲན་པས་ཡུལ་འཇུག་པའི་དྲི་མ་དང༌། བསམ་པས་དགེ་མི་དགེ་ལུང་བསྟན་མ་བསྟན་བཞི་ཀུན་ནས་སློང་བའི་དྲི་མ་དང༌། རྟོག་པས་སྙམ་བྱེད་དང༌། ཡིད་གཉིས་དང༌། ཐེ་ཚོམ་དང༌། ཡིད་དཔྱོད་ཀྱི་དྲི་མ་དང༌། འཛིན་ཡུལ་སྣ་ཚོགས་ལ་རྟོག་པའི་དྲི་མའོ། །དྲི་མ་དེ་དག་གི་དག་བྱེད་དབང་བཞི་སྟེ། སྤྲོས་བཅས་ཀྱི་སྤྲོས་བཅས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་དྲུག་གོ །དེ་དག་གིས་ལུས་ངག་ཡིད་སེམས་བཞི་རེ་རེ་ལ་དྲི་མ་བཞི་བཞི་སྟེ་བཅུ་་དྲུག་གི་ཚོགས་དག་པར་སྦྱོང་བའོ། །དེ་ཡང་ཐོག་མར་སྤྲོས་བཅས་ཉེ་བར་མཚོན་པ་ནི། སྤྲོས་བཅས་ཀྱི་སྤྲོས་བཅས་བརྡའི་སྤྲོས་བཅས་དང༌། དོན་གྱི་སྤྲོས་བཅས་ཏེ་གཉིས། དེའི་སྤྲོས་མེད་ལ་བརྡ་དོན་གཉིས། ཤིན་ཏུ་སྤྲོས་མེད་ལ་གཉིས། རབ་ཏུ་སྤྲོས་མེད་ལ་བརྡ་དོན་གཉིས་ཏེ་བརྒྱད། དེ་བཞིན་དུ་སྤྲོས་མེད་ལ་བརྡའི་སྤྲོས་མེད་ལ་སོགས་པ་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད། རབ་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་གཉིས་སུ་འགྱུར་ལ། ལུས་ངག་ཡིད་སེམས་བཞིའི་ཚོགས་ལའང༌། དེ་ལྟར་ཕྱེ་བས་སུམ་ཅུ་རྩ་གཉིས་དག་པར་བྱེད་པ་ནི། བསྐྱེད་རིམ་གྱི་དག་བྱ་དང་དག་བྱེད་ཤེས་པའི་དགོས་པ་ཡོད་པའོ། །དེ་ལྟར་དག་བྱ་དྲི་མ་སུམ་ཅུ་རྩ་གཉིས་དང༌། དག་བྱེད་དབང་སུམ་ཅུ་རྩ་གཉིས་བསྡོམས་ན། དྲུག་ཅུ་རྩ་བཞི་ནི་དག་བྱ་དག་བྱེད་ཀྱི་དབྱེ་བ་ངེས་པའོ། །གཉིས་པ་ལུས་ཀྱི་བྱ་བ་ལ་བརྟེན་ནས་དབྱེ་བས་དབང་གི་གནས་ལུགས་བསྟན་པ་ནི། དག་བྱ་དྲི་མ་སུམ་ཅུ་་རྩ་གཉིས་ཀྱི་གཞི་ལུས་མི་འདྲ་བ་དཔག་ཏུ་མེད་པ་ཡང་ས་ཆུ་མེ་རླུང་བཞི་ལས་གྲུབ་ལ། དེ་དག་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་བརྒྱད་དོ། །དེ་ཡང་ས་ཆུ་མེ་རླུང་གཞི་ལ་ཟུག་པ་དང༌། བྱེར་བ་དང༌། སྙོམས་པ་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་སོ། །དེ་དག་བྱེད་དབང་ལའང་སྤྲོས་བཅས་ལ་སོགས་བཞི་ལ་སྐུ་གསུང་ཐུགས་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་ཀྱིས་དག་པར་བྱེད་དོ། །འབྱུང་བཞི་ཕོ་མོ་གཉིས་ཏེ་བརྒྱད་ཀྱི་དག་བྱ་ནི། དབང་བཞི་ལ་ཐབས་ཤེས་རབ་གཉིས་གཉིས་སུ་ཕྱེ་བས་བརྒྱད་ཀྱིས་དག་པར་བྱེད་དོ། །ལུས་ཀྱི་འབྱུང་བའི་བྱེ་བྲག་ལའང༌། ས་ལ་སོགས་པ་བཞི་པོ་རེ་རེ་ལ་སའི་ས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་དྲུག་ནི། ཚ་བ་དང་གྲང་བ་གཉིས་ཀྱི་དབྱེ་བས་དྲུག་ཅུ་རྩ་བཞིར་འགྱུར་ཏེ། གོང་གི་བརྡ་དོན་གྱི་དབྱེ་བའི་དབང་དྲུག་ཅུ་རྩ་བཞིས་དག་པར་བྱེད་དོ། །དེའང་འབྱུང་བ་བཞི་པོ་རེ་རེ་ལའང་ལེགས་པར་ཕྱེ་ན། ས་ལའང་དྲུག་ཅུ་རྩ་བཞི། དེ་ལ་ཁྱབ་པ་འབྱུང་བ་སྤྱིའི་ལུས་དང༌། རང་གི་མཚན་ཉིད་འཛིན་པ་དངོས་གྱི་ལུས་གཉིས་སུ་ཕྱེ་བས། ས་ལ་ལུས་མི་འདྲ་བ་བརྒྱ་དང་ཉེར་བརྒྱད། དེ་བཞིན་དུ་ཕྱེ་བས་ཆུ་དང་མེ་དང༌། རླུང་རྣམས་ལ་བརྒྱ་ཉེར་བརྒྱད་ཚན་པ་གསུམ་སྟེ། བསྡོམས་པས་ལྔ་བརྒྱ་དང་བཅུ་གཉིས་ཀྱི་ལུས་སུ་སྨིན་ནོ། །དེ་ལྟར་ཕྱིར་ལུས་་སྨིན་པ་བཞིན་ནང་དུ་ཉོན་མོངས་པ་ཡང༌། འདོད་ཆགས་ལ་བལྟས་པ་དང༌། བགད་པ་དང༌། བཅངས་པ་དང༌། འཁྱུད་པ་སྟེ་བཞི་ནི་འབྱུང་བ་རེ་རེའི་ལུས་ལ་བཞི་བཞི་སྟེ་བཅུ་དྲུག གཏི་མུག་ལ་རྨུགས་པས་མ་ཤེས་པ་དང༌། འཐིབས་པ་དང༌། མྱོས་པ་དང༌། རབ་ཏུ་མ་རིག་པ་འདྲེས་པ་དང་བཞི་པོ་ལས་བཞི་ལ་ཕྱེ་བས་བཅུ་དྲུག ཞེས་དང་སྡང་བ་དང༌། སྡང་བ་ཆེན་པོ་དང༌། ཆེར་སྡང་བ་དང༌། རབ་ཏུ་སྡང་བ་སྟེ་ལུས་རེ་ལས་ཕྱེ་བས་བཅུ་དྲུག །ང་རྒྱལ་ལ་ཕྲ་བ་དང༌། རགས་པ་དང༌། འགྱུར་བ་དང༌། མཆེད་པ་དང༌། འཕྲོ་བ་བཞི་ཡང་བཅུ་དྲུག ཕྲག་དོག་ལ་ཡང་བ་དང༌། ལྕི་བ་དང༌། རྒོད་པ་དང༌། ཕྲ་བ་བཞི་སྟེ་ཕྱེ་བས་བཅུ་དྲུག་སྟེ་བསྡོམས་པས་བརྒྱད་ཅུ་ཐམ་པ། དེ་ལས་བྱེ་བྲག་ཏུ་ཕྱེ་ན་འབྱུང་བའི་ལུས་མི་འདྲ་བ་ལྔ་བརྒྱ་དང་བཅུ་གཉིས་པོ་རེ་རེ་ལ། ཉོན་མོངས་པ་བཞི་བཞིའི་གྲངས་ཀྱིས་ཉི་ཤུ་ཉི་ཤུ་གནས་པས། ཐམས་ཅད་བསྡོམ་ནས་ཁྲི་ཕྲག་གཅིག་དང་བརྒྱ་བཞི་བཅུ་རྩ་བརྒྱད་དུ་འབྱུང་ལ། ལུས་དང་ཉོན་མོངས་པ་གཉིས་ཀའི་རྣམ་གྲངས་བསྡོམས་ནས་ཁྲི་ཕྲག་གཅིག་དང་དྲུག་བརྒྱ་དྲུག་ཅུ་ཐམ་པ་ནི་དག་བྱའི་དྲི་མ་ཡིན་ལ། དེའི་དག་བྱེད་ཀྱི་དབང་འོག་ཏུ་སྟོན་ནོ། །གསུམ་པ་གྲངས་ཀྱི་དབྱེ་བས་ལུས་དང་ཉོན་མོངས་པའི་དག་བྱེད་བསྟན་པ་ནི། དབང་རྣམ་པ་བཞི་ལས། དང་པོ་སྤྲོས་བཅས་ལའང་གཞིར་བྱས་པའི་སྤྲོས་བཅས་ཀྱི་སྤྲོས་བཅས་ཕྱི་ནང་གསང་བ་ཡོངས་རྫོགས་དང་བཞིར་དབྱེ་ན། སྤྲོས་བཅས་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་སྟ་གོན་གྱི་ཚོམ་བུ་ལ་སོ་ཤིང་བྲིམ་པ། དེའི་ནང་མཎྜལ་འབུལ་བ། དེའི་གསང་བ་སྲུང་སྐུད་གདགས་ཤིང་ཀུ་ཤ་སྦྱིན་པ། ཡོངས་སུ་རྫོགས་པ་རྨི་ལམ་བརྟག་པའོ། །དེའི་སྤྲོས་མེད་ཀྱི་ཕྱིའི་དབང་ཁྲུས་བྱ་བ། གསོལ་བ་བཏབ་པ། རྡོ་རྗེས་ནང་དུ་བོད་པ་གསུམ་མོ། །དེའི་ནང་དམ་ཚིག་གི་མནའ་ཆུ་བླུད་པ། འཁོར་བ་སྤོང་བའི་མནའ། མྱང་འདས་ལེན་པའི་མནའ། སེམས་ཅན་གྱི་དོན་མི་བྱེད་རེའི་མནའ་བཞིའོ། །དེའི་གསང་བ་དམ་ཚིག་དང༌། སྡོམ་པ་དབོག་པ་དང༌། དཀྱིལ་འཁོར་དུ་འཇུག་པ་དང༌། སེམས་ཀྱི་མེ་ཏོག་དབུལ་བའོ། །དེའི་ཡོངས་སུ་རྫོགས་པ་དཀྱིལ་འཁོར་དུ་འཇུག་པ་ལྷ་ངོ་བསྟན་པ། མེ་ཏོག་དོར་བ། མིང་གི་དབང་ངོ༌། །དེའི་ཤིན་ཏུ་སྤྲོས་པ་མེད་པའི་ཕྱིའི་དབང་ཉན་ཐོས་ཀྱི་དཀྱིལ་འཁོར་དུ་འཇུག་པ། ས་ལམ་གྱི་ཚད་བསྟན་པ། སྟོད་གཡོགས་དང་སྨད་གཡོགས་སྦྱིན་པ། ལྷུང་བཟེད་དང་བསིལ་བྱེད་སྦྱིན་པ་ལ་སོགས་པ་སྟེ། ཁྲིམས་ཀྱི་ཐ་ཚིག ས་ལ་སོགས་པ། ལས་ཀྱི་དབྱེ་བ། རྟེན་འབྲེལ་མཚོན་པ། སྒོམ་པ་སྦྱིན་པ། ལུང་བསྟན་པ་དང༌། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དུ་འཇུག་པ་དང༌། སེམས་བསྐྱེད་པ་དང༌། སྡོམ་པ་སྦྱིན་པ་དང༌། ཁྱད་པར་གྱི་སེམས་གཟུང་ལ་སོགས་པའོ། །དེའི་ནང་གི་དབང་ཀྲཱི་ཡའི་དཀྱིལ་འཁོར་དུ་འཇུག་པ་དང༌། སེམས་བསྐྱེད་པ་དང༌། སྡོམ་པ་གཟུང་བ་དང༌། མེ་ཏོག་དོར་ཞིང་ལྷ་ངོ་བསྟན་པ་དང༌། མིང་གི་དབང་དང༌། ལུང་བསྟན་པ་དང༌། གཟེངས་བསྟོད་པ་དང༌། དབུགས་དབྱུང་བ་དང༌། དབང་བསྐུར་བའོ། །དེ་བཞིན་དུ་ཨུ་པ་དང་ཡོ་གའི་དཀྱིལ་འཁོར་དུ་འཇུག་པ་ལ་རྣམ་གྲངས་དགུ་དགུ་སྟེ་ཉི་ཤུ་རྩ་བདུན་ནོ། །དེའི་གསང་བ་མ་ཧཱའི་ལུང་བསྟན་པ་དང༌། དཀྱིལ་འཁོར་དུ་འཇུག་པ་དང༌། ལྷ་ངོ་བསྟན་པ་དང༌། མེ་ཏོག་དོར་བ་དང༌། མིང་གི་དབང་དང༌། ཉན་པ་དང༌། འཆད་པ་དང༌། ཕན་པ་དང༌། ནུས་པ་དང༌། རིག་པའི་དབང་དང༌། ཡན་ལག་གི་དང༌། ཁྱད་པར་གྱི་དབང་དང་བཅུ་གཉིས་སོ། །དེ་ནས་ཨ་ནུའི་དཀྱིལ་འཁོར་དུ་འཇུག་པ་དང༌། བརྡ་ངེས་པར་མཚོན་པ་དང༌། དབུགས་དབྱུང་བ་དང༌། ཕྱག་རྒྱ་བསྒྱུར་བ་དང༌། ལས་སུ་བྱ་བ་དང༌། འཇུག་པ་ངེས་པ་དང་དྲུག་གོ །དེའི་ཡོངས་སུ་རྫོགས་པ། རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་གཞུག་པ་དང༌། བསྒོམས་པ་ངེས་པའི་དཀྱིལ་འཁོར་དུ་མེ་ཏོག་དོར་བ་དང༌། ལྷ་ངོ་བསྟན་ཞིང་དབང་བསྐུར་བ་དང༌། འབྲས་བུ་བྱ་བྲལ་རྫོགས་པའི་དབང་བསྐུར་བ་དང་བཞིའོ། །སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་པ་མེད་པའི་ཕྱིའི་ཐ་དབང་ནི། དེ་ལྟར་རིམ་པ་དགུའི་དབང་རྫོགས་ནས། ཁྱད་པར་གྱི་དབང་ལ་འཇུག་པ་ནི། ཕྱག་རྒྱའི་དཀྱིལ་འཁོར་དུ་འཇུག་པ༌། དེའི་ཕྱི་ལ་རིག་མ་བརྟག་ཅིང་དགུག་པ་རྩ་བཙལ་ཞིང་སློང་བ། བདེ་བ་བཙལ་བ། རྒྱས་པར་བྱ་བ། དབབ་ཅིང་གཟུང་བ། བཟློག་ཅིང་སྦྱང་བ་དང་དྲུག་གོ །འདིའི་ནང་གི་དབང་ལ། སྦྱོར་བ་སྙོམས་པར་འཇུག་པ། བྱང་སེམས་ཡི་གེ་གསུམ་གྱི་སྒྲ་དང་བཅས་པ། མེ་ལོང་དུ་བླང་བ། དེ་རྡོ་རྗེ། པདྨ། འཁོར་ལོ་གསུམ་དུ་དམིགས་ཏེ་སློབ་མའི་ལྕེ་ལ་བཞག་ནས་ལུས་ངག་སྟོངས་པར་བྱ་བ་སྟེ་དྲུག་གོ །དེའི་གསང་བ་བདེ་བ་དང་བྱང་སེམས་དངོས་ཀྱི་བྱིན་རླབས་ལུས་ངག་ཡིད་གསུམ་ལ་བྱ་བ་གསུམ། གསང་བ་དང་གསང་བར་འོས་པ་དང༌། གསང་བར་གཉེར་གཏད་པ་གསུམ་སྟེ་དྲུག་གོ །དེའི་ཡོངས་སུ་རྫོགས་པ་ཚིག་སྣ་ཚོགས་པས་མཚོན་པ་སྟེ། བརྡའི་ཚིག་དང༌། དོན་གྱི་ཚིག་དང༌། བརྡ་དོན་དབྱེར་མི་ཕྱེད་པའི་ཚིགས་གསུམ་མོ། །དེ་ལྟར་ན་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་ལ། བསྐུར་རྒྱུའི་དབང་དྲུག དེའི་ཕྱི་ལ་སོ་ཤིང་བྲིམ་པ་དང་གཅིག །དེའི་ནང་མཎྜལ་འབུལ་བ་དང་གཉིས། དེའི་གསང་བ་སྲུང་སྐུད་དང་ཀུ་ཤ་བྱིན་པ་གཉིས་ཏེ་བཞི། དེའི་ཡོངས་རྫོགས་རྨི་ལམ་བརྟག་པ་དང༌། བཟང་ངན་གྱི་རྗེས་དྲི་བ་གཉིས་ཏེ་དྲུག་གོ །དེའི་སྒྲོས་བཅས་ཀྱི་སྤྲོས་མེད་ཀྱི་ཕྱི་ལ་གསུམ་སྟེ་དགུ། དེའི་ནང་ལ་བཞི་སྟེ་བཅུ་གསུམ། དེའི་གསང་བ་ལ་བཞི་སྟེ་བཅུ་བདུན། དེའི་ཡོངས་རྫོགས་ལ་བཞི་སྟེ་ཉེར་གཅིག སྤྲོས་པ་མེད་པའི་ཤིན་ཏུ་སྤྲོས་པའི་ཕྱི་ལ་ཉན་ཐོས་ལ་དྲུག །རང་རྒྱལ་ལ་ལྔ་སྟེ་བཅུ་གཅིག བྱང་སེམས་ལ་བཞི་སྟེ་བཅོ་ལྔ། དེའི་ནང་གི་དབང་ལ་ཀྲཱི་ཡ་ལ་དགུ་སྟེ་ཉེར་བཞི། ཨུ་པ་ལ་དགུ་སྟེ་སོ་གསུམ། ཡོ་ག་ལ་དགུ་སྟེ་ཞེ་གཉིས། དེའི་གསང་བའི་དབང་ལ་མ་ཧཱ་ལ་བཅུ་གཉིས་ཏེ་ལྔ་བཅུ་རྩ་བཞི། ཨ་ནུ་ལ་དྲུག་སྟེ་དྲུག་ཅུ་ཐམ་པ། དེའི་ཡོངས་རྫོགས་ཨ་ཏི་ལ་བཞི་སྟེ་དྲུག་ཅུ་རྩ་བཞི་སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱིའི་དབང་ལ་བཅུ་བདུན། ནང་ལ་་དྲུག་སྟེ་ཉེར་གསུམ། དེའི་གསང་བ་ལ་དྲུག་སྟེ་ཉེར་དགུ། དེའི་ཡོངས་སུ་རྫོགས་པ་ལ་གཅིག་སྟེ་སུམ་ཅུ་ཐམ་པའོ། །ཤིན་ཏུ་སྤྲོས་མེད་ལ་དྲུག་ཅུ་རྩ་བཞི་སྟེ་དགུ་བཅུ་རྩ་བཞིའོ། །དེའི་སྤྲོས་མེད་ལ་བཅོ་ལྔ་སྟེ་བརྒྱ་དང་དགུའོ། །དེའི་སྤྲོས་བཅས་ལ་དྲུག་སྟེ་སྤྲོས་བཅས་བསྐུར་རྒྱུའི་ཆོས་བརྒྱད་དང་བཅོ་ལྔའོ། །སྤྲོས་མེད་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་ལ་བླ་མའི་བྱ་བ་དང་སློབ་མའི་བྱ་བ་གཉིས། དེའི་ནང་ལ་མཎྜལ་དང་བུམ་པ་གཉིས་ཏེ་བཞི། དེའི་གསང་བ་ལ་མཎྜལ་གྱི་ལེགས་པར་བཤད་པའི་ཆོས་ལྔ། བུམ་པའི་ལེགས་བཤད་ལྔ་སྟེ་བཅུ། གོང་མ་བཞི་དང་བསྡོམས་པས་བཅུ་བཞི། དེའི་ཡོངས་རྫོགས་ལ་བླ་མས་མིང་གི་མཚོན་པ་བརྗོད་པ་དང་སློབ་མས་སྟོབས་བསྐྱེད་པ་གཉིས་ཏེ་བཅུ་དྲུག་གོ །སྤྲོས་མེད་ཀྱི་སྤྲོས་མེད་ཀྱི་ཕྱིའི་དབང་ལ་ཨའི་བསྙེན་པས་སྐྱེ་མེད་ཀྱི་ལམ་སྦྱང་བ་དང༌། ཨའི་སྒྲུབ་པས་འགག་མེད་ཀྱི་སྣ་བསལ་བ་དང༌། ཨའི་འཕྲོ་འདུས་ལུས་ངག་ཡིད་དག་པར་བྱེད་པ་དང་གསུམ་མོ། །དེའི་ནང་ལ་ཁྲུས་ཀྱིས་དག་བྱའི་ཚུལ་བསྟན་པ། མཎྜལ་ཕུལ་བས་འདོད་པའི་དོན་ཐོབ་པར་བྱ་བ། ལུང་བཙལ་བས་བྱ་བ་ལ་འཇུག་པ་ངོ་ཤེས་པ་དང་གསུམ་མོ། །དེའི་གསང་བ་ལ་དཀྱིལ་འཁོར་དུ་འཇུག་པས། དབྱིངས་ལ་རིག་པ་གཞུག་པའི་གནད་དང༌། ལྷ་ངོ་བསྟན་པས་དབྱིངས་རིག་ངོ་སྤྲད་པ་དང༌། མིང་གི་དབང་བསྐུར་བས་སངས་རྒྱས་ཀྱི་སྲས་སུ་བྱ་བའོ། །དེ་ལྟར་གསུམ་དང༌། དེའི་ཡོངས་སུ་རྫོགས་པ་ལ་ཕྱི་ཡུལ་དབང་པོའི་ཚིགས་སུ་བཅད་པས་ལུང་བསྟན་པས་ཤེས་པ་དང་ཡུལ་གཉིས་མེད་ཉམས་སུ་མྱོང་བའི་དབང་དང༌། ནང་སེམས་གསལ་བའི་ཚིགས་སུ་བཅད་པས་དབུགས་དབྱུང་བས་སྐྱེ་མེད་ངོས་གཟུང་དང་བྲལ་བའི་དབང་དང༌། གསང་བཟུང་འཇུག་རིས་མེད་ཀྱི་ཚིགས་སུ་བཅད་པས་གཟེངས་བསྟོད་པས་དབྱིངས་རིག་གཉིས་མེད་བདེ་ཆེན་གྱི་དབང་བསྟན་པ་དང་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འཇུག་པར་འོས་པ་དང༌། ཐོབ་པར་འོས་པ་གཉིས། དེའི་ནང་ལ་སྤྱོད་པར་ངེས་པ་དང༌། ལྟ་བར་ངེས་པ་གཉིས་ཏེ་བཞི། དེའི་གསང་བ་ལ་རིགས་འབྱེད་པ་དང༌། བདག་ཉིད་དུ་གནས་པ་གཉིས་ཏེ་དྲུག དེའི་ཡོངས་སུ་རྫོགས་པ་ལ་རྒྱུ་དང་རྐྱེན་གཉིས་ཏེ་བརྒྱད་དོ། །དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་སེམས་གནས་པ་དང༌། ངག་གནས་པ་གཉིས། དེའི་ནང་ལ་ངག་བསྒྱུར་བ་དང༌། སེམས་ཐོབ་པ་གཉིས་ཏེ་བཞི། དེའི་གསང་བ་ལ་བདེ་བ་ལུང་བསྟན་པ་དང༌། གསང་བ་དབུགས་དབྱུང་བ་གཉིས་ཏེ་དྲུག དེའི་ཡོངས་རྫོགས་ལ་སྤྲོ་བར་གནས་པ་དང༌། རང་གི་ལས་ཐོབ་པ་གཉིས་ཏེ་བརྒྱད་དོ། །དེ་ལྟར་སྤྲོས་མེད་ཀྱི་སྤྲོས་བཅས་ལ་བཅུ་དྲུག དེའི་སྤྲོས་མེད་ལ་བཅུ་གཉིས་ཏེ་ཉེར་བརྒྱད། དེའི་ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་དྲུག དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དོ། །བསྐུར་བས་ཐོབ་པའི་འབྲས་བུ་བཞི་བཅུ་རྩ་བཞིའོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ཀྱི་ཕྱི་ལ། ལམ་གསལ་བའི་ཕྱིར་བླ་མ་ལ་གསོལ་བ་གདབ་པ་དང༌། རྣམ་ཤེས་བརྒྱད་ཀྱི་འཕྲོ་འདུ་བཅད་པའི་ཕྱིར་ཡི་གེ་བརྒྱད་ཀྱི་རྒྱས་གདབ་པ་དང༌། ཡིད་ཀྱི་བྱུང་ཚོར་བཀག་ནས་བར་ཆད་ཞི་བའི་ཕྱིར་ཕཊ་ཀྱི་སྒྲ་སྒྲོགས་པ་དང་གསུམ། དེའི་ནང་ལ་གནས་བཙལ་བས་ཕྱོགས་ཀྱི་ངེས་པ་གཟུང་བ་དང༌། བགེགས་བསལ་བའི་ཕྱིར་གཏོར་མ་སྦྱིན་པ་དང༌། སེམས་ལ་སྤྲོ་བ་བསྐྱེད་པ་དང་གསུམ། དེའི་གསང་བ་ལ་ལུས་ཀྱི་སྤྱོད་པ་བརྩམ་པའི་ཡུལ་དང༌། རྩོམ་པའི་ཐབས་དང༌། བརྩམས་པའི་དགོས་པ་དང་གསུམ། དེའི་ཡོངས་སུ་རྫོགས་པ་ལ་ངག་གི་སྤྱོད་པ་བརྩམ་པའི་ཡུལ་དང༌། རྩོམ་པའི་ཐབས་དང་བརྩམས་པའི་དགོས་པ་གསུམ། དེའི་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་སྤྱོད་པ་རྩོམ་པའི་ཡུལ། ཐབས་དགོས་པ་གསུམ། དེའི་ནང་ལ་ལུས་དང༌། ངག་དང༌། སེམས་ཀྱི་སྡིག་པ་ངེས་པའི་ཡུལ་གསུམ། དེའི་གསང་བ་ལ་ལུས་དང༌། ངག་དང༌། སེམས་ཀྱི་སྡིག་པ་དག་པའི་ཚད་གསུམ། དེའི་ཡོངས་རྫོགས་ལ། ལུས་དང༌། ངག་དང༌། སེམས་ཀྱི་མ་དག་ན་བཤགས་པའི་ཐབས་གསུམ་སྟེ་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འབྲུའི་མཎྜལ་གྱིས་ལོངས་སྤྱོད་འཕེལ་བ་དང༌། དྲིས་ཁམས་རྒྱས་པ་དང༌། མེ་ཏོག་གི་དབང་པོ་གསལ་བ་དང༌། རིན་པོ་ཆེའི་འབྱོར་པ་རྒྱས་པ་བཞིའོ། །དེའི་ནང་ལ་རིགས་བྲིས་པས་བདེ་བ་ཉམས་སུ་མྱོང་བ་དང༌། ཡིན་པར་བརྗོད་པས་སྤྲོས་བ་བསྐྱེད་པ་གཉིས་ཏེ་དྲུག དེའི་གསང་བ་དཀྱིལ་འཁོར་དུ་འཇུག་པ་ལ། ཤར་སྒོ་ནས་ཞུགས་པས་ལམ་སྟོང་ཉིད་དུ་བསྟན་པ་དང༌། ལྷོ་སྒོ་ནས་ཞུགས་པས་སེམས་སྟོང་པ་ཉིད་དུ་ངོ་སྤྲད། ནུབ་སྒོ་ནས་ཞུགས་པས་ཉོན་མོངས་པ་སྟོང་ཉིད་དུ་རང་གྲོལ། བྱང་སྒོར་ཞུགས་པས་ལས་དང་བག་ཆགས་སྟོང་ཉིད་དུ་མཐའ་ཟད་པ་དང་བཞི་སྟེ་བཅུའོ། །དེའི་ཡོངས་རྫོགས་རིག་པའི་མེ་ཏོག་དོར་བས་སེམས་ཉིད་དུ་ཐིམ་པའི་གནད་དང༌། དེ་ལས་དབུགས་དབྱུང་བ་དང༌། ལུང་བསྟན་པ་གཉིས་ཏེ་བཅུ་གཉིས་སོ། །དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་གནད་སྐྱིལ་ཀྲུང་གིས་གཞི་བཅའ་བ་དང༌། ཉི་མ་ལྔ་ལ་སེམས་གཏད་པས་ཡེ་ཤེས་ལྔ་ངོས་ཟིན་པ་དང༌། དེའི་འོད་འཕྲོ་བས་སེམས་གསལ་གདབ་པ་དང་གསུམ། དེའི་ནང་ལ་ཇེ་མཐོ་་རྟོག་པ་མེད་པའི་ལམ་བཙལ་བ་དང༌། སླར་མི་ལྡོག་པས་མྱ་ངན་ལས་འདས་པའི་སར་གཞི་འཛུགས་པ་དང༌། ལན་གསུམ་དུ་བརྗོད་པས་སྐུ་གསུམ་འདུ་འབྲལ་མེད་པའི་ས་ལ་དབྱེར་མེད་པ་དང་གསུམ་སྟེ་དྲུག དེའི་གསང་བ་ལ་བླ་མས་བཞེངས་པས་སྣང་སྲིད་ཆོས་ཉིད་དུ་བཞེངས་པའི་གདེང་རྙེད་པ་དང༌། ཨ་ཨ་ཞེས་པས་མ་སྐྱེས་ལ་སྐྱེ་བ་མེད་པའི་གནད་བཙལ་བ་དང༌། མིག་ལ་མཛུབ་མོ་གཏད་པས་རིག་པ་འཆར་བའི་ལམ་གསལ་བ་དང་དགུའོ། །དེའི་ཡོངས་རྫོགས་ལ་ནམ་མཁའ་རྒྱ་ཆེ་བར་བརྗོད་པས་དབྱིངས་ལ་འདྲིས་པར་བྱ་བ་དང༌། ནམ་མཁའ་ལ་ཕྱག་གིས་བྱུགས་པས་བརྡ་དོན་ཉམས་དང་འདྲེས་པ་དང༌། འགྲོ་ན་འགྲོ་ས་འདུག་གམ། འདུག་ན་འདུག་ས་འདུག་གམ། སླར་འགྲོ་ས་དང་ལྡོག་ས་འདུག་གམ་གྱི་རྒྱས་གདབ་པ་དང་ལྔ་སྟེ། བཅུ་བཞིའོ། །རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ཀྱི་ཕྱི་ལ་སུ་ཡིན་དྲིས་པས་རིགས་མཚོན་པ་དང་ སེམས་ཀྱི་བུས་ལན་བཏབ་པས་ལམ་ཉེ་བར་འཇུག་པ་དང་གཉིས། དེའི་ནང་ལ་ཆོས་སྐུའི་འདུག་སྟངས་ཀྱིས་གཞི་བཙལ་བ་དང༌། ལོངས་སྐུའི་འདུག་སྟངས་ཀྱིས་ལམ་གསལ་བ་དང༌། སྤྲུལ་སྐུའི་འདུག་སྟངས་ཀྱིས་ཕུགས་དཀྲུ་བ་དང་གསུམ། དེའི་གསང་བ་ལ་འདུག་སྟངས་ཐུན་མོང་བ་རྣམས་ཀྱིས་གནད་བསྟུན་པ་དང༌། ཨེ་མ་ལ་སོགས་པས་ཆོས་སྐུའི་དཀྱིལ་འཁོར་དུ་འཇུག་པ་ལུས་ཀྱི་གནད་དང༌། ལོངས་སྐུ་དང་སྤྲུལ་སྐུའི་དཀྱིལ་འཁོར་དུ་འཇུག་པ་ལུས་གནད་བསྟུན་པ་དང་བདུན་ཏེ་དགུའོ། །དེའི་གསང་བ་ལ་སྤྲུལ་སྐུའི་ཞིང་དུ་འཇུག་པའི་བར་ཏེ་བཅུ་གསུམ། དེའི་ཡོངས་རྫོགས་ལ་ལོངས་སྐུའི་ཞིང་དུ་འཇུག་པ་དང་ལྔ་སྟེ་བཅོ་བརྒྱད་དོ། །དེའི་སྤྲོས་མེད་ཀྱི་ཕྱི་ལ་ཆོས་སྐུའི་ཞིང་ཁམས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། དེའི་ནང་ལ་སྐུ་གསུམ་གྱི་ལྷ་ངོ་བསྟན་པ་གསུམ་སྟེ་དྲུག དེའི་གསང་བ་ལ་དེར་གནས་པ་གསུམ་སྟེ་དགུ །དེའི་ཡོངས་རྫོགས་ལ་སླར་མི་ལྡོག་པའི་སུ་གསུམ་སྟེ་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་ངོ་བོ་ངེས་ཚིག དབྱེ་བ་མཚོན་པ་གསུམ། དེའི་ནང་ལ་སེམས་གནས་པ། ཐོབ་པ་བརྟན་པ་གསུམ་སྟེ་དྲུག དེའི་གསང་བ་ལ་སེམས་ཀྱི་གཞི་ལམ་འབྲས་བུ་གསུམ་སྟེ་དགུ དེའི་ཡོངས་རྫོགས་ལ་སེམས་ཀྱི་འཇུག་པ། ཁྱབ་བྱེད། འགྱུར་དང་གསུམ་སྟེ་བཅུ་གཉིས་སོ། །དེའི་རབ་ཏུ་སྤྲོས་མེད་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱི་ལ། ལུས་ཀྱི་འདུག་སྟངས་བཅུ་གཅིག་གིས་ཐོབ་སྟེ་གནས་པ་དང༌། དེའི་ནང་ལ་སེམས་ཀྱིས་བཅུ་གཉིས་ཀྱིས་སྲིད་པའི་འཁོར་ལོ་བཅུ་གཉིས་རྒྱུན་གཅོད་པ་དང་ཉེར་གསུམ། དེའི་གསང་བ་ལ་སེམས་ཉིད་སྐྱེ་མེད་དུ་ལྷ་ངོ་བསྟན་པས་སེམས་བདུན་ལ་དབང་ཐོབ་པས་མ་རིག་པའི་ཁམས་བདུན་རྒྱུན་གཅོད་པ་སྟེ་སུམ་ཅུ། དེའི་ཡོངས་རྫོགས་ལ་མན་ངག་གི་དབྱེ་བ་དྲུག་དང༌། ཟག་པ་མེད་པའི་སྡེ་བཞི་སྟེ་བཅུ་གཅིག་དང་བསྡོམས་པས་ཞེ་གཅིག་གོ །དེ་ལྟར་ན་རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ལ་རྣམ་གྲངས་བཅོ་བརྒྱད། དེའི་སྤྲོས་མེད་ལ་བཅུ་གཉིས་ཏེ་སུམ་ཅུ། དེའི་ཤིན་ཏུ་སྤྲོས་མེད་ལ་བཅུ་གཉིས་ཏེ་ཞེ་གཉིས། དེའི་རབ་ཏུ་སྤྲོས་མེད་ལ་ཞེ་གཅིག་སྟེ་བརྒྱད་ཅུ་རྩ་གསུམ་མོ། །ཤིན་ཏུ་སྤྲོས་པ་མེད་པ་ལ་བཞི་བཅུ་རྩ་བརྒྱད་དེ་བརྒྱ་སུམ་ཅུ་སོ་གཅིག སྤྲོས་པ་མེད་པ་ལ་དེའི་སྤྲོས་བཅས་ལ་བཅུ་དྲུག སྤྲོས་མེད་ལ་བཅུ་གཉིས་ཏེ་ཉེར་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་དྲུག །དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དེ་བཞི་བཅུ་རྩ་བཞི་སྟེ། བརྒྱ་བདུན་ཅུ་རྩ་བཞི། སྤྲོས་བཅས་ལ་བརྒྱ་དང་བཅོ་ལྔ་སྟེ་ཉིས་བརྒྱ་བཞི་བཅུ་རྩ་དགུའོ། །དེ་ཡང་སྐུ་གསུང་ཐུགས་དབྱེར་མེད་པ་དང་བཞི་ལ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་དང༌། མ་ངེས་པའི་དུས་བཞིར་བྱས་ཏེ། དབང་ཉིས་བརྒྱ་བརྒྱད་ཅུ་རྩ་དགུ་པོ་དེ་བཞིར་འབྲེལ་བས་ཕྱེ༌། ཁྲི་ཆིག་སྟོང་ཚིག་བརྒྱ་དང་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །དེ་ལྟར་དག་བྱེད་དེ་ཙམ་གྱིས། དག་བྱ་འགྲོ་བའི་ལུས་མི་འདྲ་བ་བཅུ་གཉིས་ལས་བྱེད་པའི་འགྱུར་གྱིས་རྣམ་པར་ཕྱེ་ན། ཁྲི་ཕྲག་གཅིག་དང༌། སྟོང་ཕྲག་གསུམ་དང༌། དྲུག་བརྒྱ་སུམ་ཅུ་རྩ་གཉིས། ཉོན་མོངས་པ་ཡང་དེའི་འགྱུར་བརྩིས་པས་ཁྲི་ཕྲག་གཅིག་དང་ཕྱེད་དང་བདུན་བརྒྱ་སྟེ། དེ་ལས་སྟོང་ཕྲག་གཉིས་དང་དགུ་བརྒྱ་བདུན་ཅུ་རྩ་གཉིས་ལྷག་པ་ནི། ལས་ཀྱི་མཐའ་ཉེ་བར་སྡུད་པ་ལ་དགོངས་པ་སྟེ། གོང་གི་ལུས་དང་ཉོན་མོངས་པའི་དབྱེ་བ་རྣམས་དག་པར་བྱེད་པའོ། །ཞར་ལ་དག་བྱ་ནང་གི་རླུང་གི་དབྱེ་བས་དབང་ངེས་པའི་རྣམ་གྲངས་བསྟན་པ་ནི། འབྱུང་བ་བཞིའི་རླུང་གི་རིམ་པས་ཏེ། དེའི་དག་བྱེད་དབང་བཞི་ལ་རང་ངོའི་དབྱེ་བ་བཅུ་དྲུག་ལས། རེ་རེ་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞིར་ཕྱེ་བས། སྤྲོས་བཅས་ལ་བཅུ་དྲུག སྤྲོས་མེད་ལ་བཅུ་དྲུག་སྟེ་སོ་གཉིས། ཤིན་ཏུ་སྤྲོས་མེད་ལ་བཅུ་དྲུག་སྟེ་ཞེ་བརྒྱད། རབ་ཏུ་སྤྲོས་མེད་ལ་བཅུ་དྲུག་སྟེ་དྲུག་ཅུ་རྩ་བཞིས་ནི། རླུང་ལས་རླུང༌། ཆུ་རླུང༌། མེ་རླུང༌། རླུང་གི་རླུང་བཞི་ལ། བྱེར་བ། ཟུག་པ༌། སྙོམས་པ། འཁྲུག་པ་བཞི་བཞིར་ཕྱེ་བས་བཅུ་དྲུག དེ་རེ་རེ་ལ་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་སུམ་ཅུ་རྩ་དྲུག་གི་ཕྱེད་པའི་ལས་དག་པར་བྱེད་པའོ། །སྤྱི་དོན་གསུམ་པ་དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུ་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གི་འབྲས་བུའོ། །དང་པོ་ལ་ལམ་གྱི་ཡོན་ཏན་སྤྱིར་བསྟན་པ་དང༌། རིགས་འཛིན་བཞིའི་ཐོབ་ཚུལ་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི་སྤྲོས་བཅས་ཀྱིས་ཚོགས་ལམ་བཅུ་གཉིས་རྫོགས་པའི་ཡོན་ཏན་འཐོབ་པའི་རྟེན་བྱེད། སྤྲོས་མེད་ཀྱིས་སྦྱོར་ལམ་ངེས་འབྱེད་ཆ་བཞི་རྫོགས་པའི་རྟེན་བྱེད། ཤིན་ཏུ་སྤྲོས་མེད་ཀྱིས་མཐོང་ལམ་རྫོགས་པའི་རྟེན་བྱེད། རབ་ཏུ་སྤྲོས་མེད་ཀྱིས་སྒོམ་ལམ་དགུ་རྫོགས་པའི་རྟེན་བྱེད་པའོ། །དེ་བཞིན་དུ་མོས་པའི་ས་དང་འཇུག་པའི་ས་དང་བསྒྱུར་བའི་ས་དང་ཆོད་པའི་ས་བཞི་དབང་བཞི་རེ་རེ་ལ་སྦྱར་བས་ས་བཅུ་དྲུག་གི་ཡོན་ཏན་རྫོགས་པས་ཐུན་མོང་གི་ཡོན་ཏན་རྫོགས་པའི་རང་བཞིན་ཐོབ་པའོ། །དེ་ཡང་སྤྲོས་བཅས་ཀྱི་སྤྲོས་བཅས་མོས་པ་དང་ལྡན་པའི་ས་སྟེ་གདུང་བ་དང་བསོད་ནམས་ཀྱི་ཁྱད་པར་རོ། །དེའི་སྤྲོས་མེད་འཇུག་པ་དག་པའི་ས་སྟེ་དད་པས་ངེས་པ་ལ་བརྟེན་ནས་རང་དབང་ཅན་དུ་འཇུག་པའོ། །དེའི་ཤིན་ཏུ་སྤྲོས་མེད་དངོས་པོ་དག་པར་བསྒྱུར་བའི་ས་སྟེ་ལུས་ངག་གི་བཅིངས་པ་ལ་མི་གནས་པའོ། །དེའི་རབ་ཏུ་སྤྲོས་མེད་ལས་ཀྱི་མཐའ་ཆོད་པའི་ས་སྟེ། སྤྲོས་པ་དང་འཁོར་བ་ལ་མི་གནས་པའོ། །དེ་བཞིན་དུ་དབང་ལྷག་མ་གསུམ་ལའང་སྦྱོར་ཏེ། མོས་པ་ལ་སོགས་པའང་བཞི་བཞིར་སྦྱར་ན། མོས་པའི་མོས་པ་དད་པས་ངེས་པ། མོས་པའི་འཇུག་པ་སྙིང་རྗེ་ངེས་པ། མོས་པའི་བསྒྱུར་བ་ཐབས་ཀྱིས་ཟིན་པ། མོས་པའི་ཆོད་པ་ཤེས་བར་ཀྱིས་དོན་ཆོད་པའོ། །འཇུག་པའི་མོས་པ་ཞི་གནས་ལ་མོས་པ། དེའི་འཇུག་པ་ལྷག་མཐོང་ལ་འཇུག་པ། དེའི་བསྒྱུར་བ་མཉམ་གཞག་གི་རྟོག་པ་ཐ་དད་དུ་བསྒྱུར་བ། དེའི་ཆོད་པ་རྗེས་ཤེས་ཀྱི་འགྱུ་བ་ཆོད་པའོ། །བསྒྱུར་བའི་མོས་པ་གོས་ཀྱི་ཞེན་པ་གྲོལ་བ། དེའི་འཇུག་པ་ཟས་ཀྱི་ཞེན་པ་གྲོལ་བ། དེའི་བསྒྱུར་བ་རྨི་ལམ་འོད་གསལ་དུ་གྲོལ་བ། དེའི་ཆོད་པ་བག་ཆགས་དང་ཉོན་མོངས་གྲོལ་བའོ། །ཆོད་པའི་མོས་པ་སྤྱོད་པས་འཁོར་བ་ལ་མི་གནས་པ། དེའི་འཇུག་པས་བསྒོམས་པས་བསམ་གཏན་ལ་གནས་པ དེའི་བསྒྱུར་བ་ལྟ་བས་འཁྲུལ་སྣང་ལ་མི་གནས་པར་ཁམས་གསུམ་སྐུ་གསུམ་དུ་བསྒྱུར་བ། དེའི་ཆོད་པ་འབྲས་བུ་འཁོར་འདས་གཉིས་དུས་གཅིག་ལ་ཆོད་པའོ། །དེ་ལྟར་བཅུ་དྲུག་དང་དབང་གི་ང་རོ་བཅུ་དྲུག་པོ་དེ་བསྡོམས་པས་སུམ་ཅུ་རྩ་གཉིས་ལ། ས་བཅུ་དྲུག་ལ་ཡེ་ཤེས་གནས་པ། སྐྱེ་བ། ཐོབ་པ། འཆར་བ་བཞི་བཞིར་དབྱེ་བས་དྲུག་ཅུ་་རྩ་བཞི་ནི་རྡོ་རྗེ་འཆང་གིས་མཆོག་རྫོགས་པར་བྱེད་པའོ། །དབང་གི་ང་རོ་བཅུ་དྲུག་ལ་སྦྱར་བས་མཚན་སུམ་ཅུ་རྩ་གཉིས་འགྲུབ་པའི་རྒྱུ་བྱེད་པའོ། །གཉིས་པ་རིག་འཛིན་གྱི་ས་བཞིའི་ཐོབ་ཚུལ་ནི། དབང་བཞིའི་འཇུག་པ་རྗེས་སུ་དྲན་པ་ལས་རིགས་འཛིན་གྱི་ས་བཞི་སྟེ། རྣལ་འབྱོར་གྱི་ས་དང༌། རྣལ་འབྱོར་ཆེན་པོའི་ས་དང༌། འབྱེད་པའི་རྣལ་འབྱོར་གྱི་ས་དང༌། རྟོགས་པའི་རྣལ་འབྱོར་གྱི་ས་དང་བཞི་ལས། དབང་དུ་བསྒྱུར་བ་དང་མ་བསྒྱུར་བ་གཉིས་གཉིས་ཏེ་བརྒྱད་དུ་ངེས་སོ། །དེ་ལ་ཡང་ཆ་ཤས་ཀྱིས་བཞི་བཞིར་ཕྱེ་ན། རྣལ་འབྱོར་གྱི་ས་ལའང༌། རྣལ་འབྱོར་དང་བྱ་བའི་རྣལ་འབྱོར་དང༌། སྤྱོད་པའི་རྣལ་འབྱོར་དང༌། བསྒྱུར་བའི་རྣལ་འབྱོར་དང་བཞིའོ། །རྣལ་འབྱོར་ཆེན་པོ་ལ་ཤིན་ཏུ་རྣལ་འབྱོར་གྱི་ས་དང༌། རང་ས་ངེས་པའི་རྣལ་འབྱོར་གྱི་ས་དང༌། སྤྲོས་པའི་རྣལ་འབྱོར་གྱི་ས་དང༌། བྱ་བྲལ་རྫོགས་པའི་རྣལ་འབྱོར་གྱི་ས་སྟེ་བཞིའོ། །འབྱེད་པའི་རྣལ་འབྱོར་གྱི་ས་ལ། བརྡའི་ས་དང༌། དོན་གྱི་ས་དང༌། བརྡ་དོན་དབྱེར་མེད་ཀྱི་ས་དང༌། མ་འདྲེས་པའི་ས་སྟེ་བཞིའོ། །རྟོགས་པའི་རྣལ་འབྱོར་གྱི་ས་ལ། རྫུ་འཕྲུལ་འཕྲུལ་པའི་ས་དང༌། ཁྱད་པར་རྟོགས་པའི་ས་དང༌། མངོན་པར་འབྱུང་བའི་ས་དང༌། དཔའ་བོ་རིགས་འབྱེད་ཀྱི་ས་དང་བཞི་སྟེ་བསྡོམས་པས་ས་བཅུ་དྲུག་གོ །དེ་ལྟར་ས་བཅུ་དྲུག་ལས། ས་དང་པོ་ལ་ཤེས་བྱེད་ཀྱི་རྫུ་འཕྲུལ་བདུན་ནི། རང་གི་ལུས་བརྒྱ་སྟོང་དུ་སྤྲུལ་པ་དང༌། དེ་དག་ཡན་ལག་བརྒྱ་སྟོང་དུ་སྤྲུལ་པ་དང༌། ལུས་གཅིག་ལ་མགོ་བརྒྱ་སྟོང་དུ་སྤྲུལ་པ་དང༌། ལུས་བརྒྱ་སྟོང་ལ་མགོ་གཅིག་པར་སྤྲུལ་པ་དང༌། མགོ་གཅིག་ལ་ལུས་མི་འདྲ་བ་བརྒྱ་སྟོང་སྤྲུལ་ནས་དེ་ལས་སྤྲུལ་པ་འགྱེད་པ་སྟེ་ལྔ་དང༌། ལུས་ལ་མགོ་དང་ཡན་ལག་མི་འདྲ་བ་དཔག་ཏུ་མེད་པར་སྤྲུལ་པ་དང་དྲུག སྐྱེ་བ་སྣ་ཚོགས་པར་སྤྲུལ་པ་དང་བདུན་ནི་དབང་དུ་གྱུར་པའི་ས་རྟོགས་པ་ལས་བྱུང་བའོ། །ས་གཉིས་པ་ལ་རང་གི་ཁོག་པ་ཁ་ཕྱེ་ནས་གློ་སྙིང་རྣམ་གཞན་ལ་སྟོན་པར་ནུས་པ་དང༌། ལུས་ཀྱི་སྟོད་ནས་མེ་འབར་བ་ལ་སྨད་ནས་ཆུ་འབྲུམ་པར་ནུས་པ་དང༌། ཡན་ལག་བཅད་ནས་ཕྱོགས་བཞིར་འཐོར་བར་ནུས་པ་དང༌། མིག་ལ་སོགས་པའི་དབང་པོ་ལྔ་ཐང་ལ་ལྷུང་བར་ནུས་པ་དང༌། ལུས་ཀྱི་སྟོབས་ཀྱིས་རི་བོ་འཕེན་པར་ནུས་པ་དང༌། ཕྱིའི་རྒྱ་མཚོ་ཆེན་པོ་ནམ་མཁའ་ལ་སྤར་བ་ནུས་པ་དང༌། གཟའ་སྐར་རྣམས་ཐང་ལ་ལྷུང་པ་དང་བདུན་ནི་དབང་གི་དུས་སུ་ཡན་ལག་བདུན་སྔོན་དུ་སོང་བ་ལས་བྱུང་བའོ། །ས་གསུམ་པ་ལ་རླུང་ཞགས་པ་འཆིང་བར་ནུས་པ་དང༌། འགྲོ་བའི་བསམ་པ་གཞན་དུ་བསྒྱུར་བ་དང༌། འཇིག་རྟེན་སྐྱོང་བའི་ལྷའི་རྒྱལ་པོ་རྣམས་སྒྲོལ་བར་ནུས་པ་དང༌། མཁའ་འགྲོ་མའི་ཡིད་ཕྲོག་པར་ནུས་པ་དང༌། འགྲོ་བ་བརྒྱ་སྒྲོལ་ཞིང་བསྒྲལ་བ་ལས་གསོ་བར་ནུས་པ་དང༌། ལྷ་དང་ཀླུ་དང་གནོད་སྦྱིན་གྱི་བུ་མོ་ལ་རོལ་པར་ནུས་པ་དང༌། དབང་ཕྱུག་ཆེན་པོ་ལ་སོགས་པའི་འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ཀྱི་སྟོབས་ཉམས་པར་ནུས་པ་དང་བདུན་ནི་དབང་བསྐུར་བའི་དུས་སུ་སེམས་བསྐྱེད་པ་ལས་བྱུང་བའོ། །ས་བཞི་པ་ལ་ནམ་མཁའ་རྡོ་རྗེར་བསྒྱུར་བར་ནུས་པ་དང༌། མེ་ཆུར་བསྒྱུར། ཆུ་མེར་བསྒྱུར། ས་མེར་བསྒྱུར། ས་ཆུར་བསྒྱུར། རླུང་མེར་བསྒྱུར། མེ་རླུང་དུ་བསྒྱུར་བར་ནུས་པ་དང་བདུན་ནི་ཡི་གེ་སྤྲོ་བསྡུ་བསྒོམས་པ་ལས་བྱུང་བའོ། །ས་ལྔ་པ་ནི་ནམ་མཁའ་བདུན་པ་ལ་དབང་བསྒྱུར་བར་ནུས་ཏེ་སྟོང་ཉིད་བསྒོམས་པ་ལས་བྱུང་བའོ། །ས་དྲུག་པས་མེ་བདུན་ལ་དབང་བསྒྱུར་བ་ནི། སྔོན་དུ་དབང་གི་ཤེས་བྱེད་ལས་བྱུང་བའོ། །ས་བདུན་པས་ས་གཅིག་ནས་གཉིས་སུ་བྱས་པའི་བདུན་ལ་དབང་བ་ནི་འབྱུང་བ་རིམ་བརྩེགས་བསྒོམས་པ་ལས་བྱུང་བའོ། །ཡང་ཆུ་བདུན་ལ་དབང་བ་ནི་སྔོན་འགྲོ་སོང་བ་ལས་བྱུང་བའོ། །ས་བརྒྱད་པས་རླུང་བདུན་ལ་དབང་བ་ནི་འཁོར་ལོ་བཞིའི་རླུང་སྦྱངས་པ་ལས་བྱུང་བའོ། །ས་དགུས་པས་བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་བསྐྱོད་ནུས་པ་ནི་སྦྱོར་བ་སྔོན་དུ་སོང་བ་ལས་བྱུང་བའོ། །ས་བཅུ་པས་ཆོས་སུ་བྱ་བ་བདུན་ལ་དབང་བ་ནི་ལྷ་བསྒོམས་པ་ལས་བྱུང་བའོ། །ས་བཅུ་གཅིག་པས་རྟ་སྤྲིན་གྱི་ཤུགས་ཅན་བདུན་སྤྲུལ་ནུས་པ་ནི་བརྩོན་འགྲུས་བརྩམས་པ་ལས་བྱུང་བའོ། །བཅུ་གཉིས་པས་དགེ་སློང་བསིལ་བྱེད་ཅན་བདུན་སྤྲུལ་ནུས་པ་དམ་ཚིག་དང་སྡོམ་པས་གནས་པ་ལས་བྱུང་བའོ། །བཅུ་གསུམ་པས་ལྷའི་གཞལ་མེད་ཁང་བདུན་སྤྲུལ་ནུས་པ་ནི་གཞལ་ཡས་ཁང་བསྒོམས་པ་ལས་བྱུང་བའོ། །བཅུ་བཞི་པས་འཇིག་རྟེན་གྱི་ཁམས་བདུན་སྤྲུལ་ནུས་པ་ནི་བླ་མ་མཉེས་པར་བྱས་པ་ལས་བྱུང་བའོ། །བཅོ་ལྔ་པས་ཡི་དམ་གྱི་ལྷ་བདུན་སྤྲུལ་ནུས་པ་ནི་ཡི་དམ་བསྒོམས་པ་ལས་བྱུང་བའོ། །བཅུ་དྲུག་པས་ལྷ་མོ་བདུན་སྤྲུལ་ཞིང་གཟུགས་སོགས་ཡུལ་དྲུག་གི་དག་བྱེད་ལ་ལོངས་སྤྱོད་ལ། འགྲོ་དྲུག་གི་སྐྱེ་གནས་སྟོན་པར་ནུས་པ་དང་བཅུ་དགུ་ནི་དབང་རྣམས་རྫོགས་པ་ལས་བྱུང་བའོ། །དེ་ལྟར་ས་བཅུ་དྲུག་ལ་རྫུ་འཕྲུལ་བརྒྱ་ཐམ་པ་འབྱུང་བ་ནི་རིགས་འཛིན་གྱི་ས་ཞེས་བྱའོ། །མིང་གི་རྣམ་གྲངས་གཞན་རྣམ་པར་སྨིན་པ་དང༌། ཚེ་ལ་དབང་བ་དང༌། ཕྱག་རྒྱ་ཆེན་པོ་དང༌། ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ། རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོ་དང༌། འབྱེད་པའི་རྣལ་འབྱོར་དང༌། རྟོགས་པའི་རྣལ་འབྱོར་ཏེ་རིམ་པ་བཞིན་ནོ། །དེ་ཡང་རྣམ་པར་སྨིན་པའི་རིག་འཛིན་ནི་སེམས་ལྷའི་སྐུར་སྨིན་ཡང་ལུས་ལ་མ་སྨིན་པས་བར་དོར་གྲོལ་བའོ། །ཚེ་དབང་ནི་དེ་ཉིད་ལ་གྲོལ་བའོ། །ཕྱག་རྒྱ་ཆེན་པོ་ནི་ལུས་སེམས་ལྷར་སྨིན་པའོ། །ལྷུན་གྲུབ་ནི་རང་གཞན་གྱི་དོན་གཉིས་གྲུབ་པའོ། །འདི་དག་ལས་བཅུ་དྲུག་པོ་དེ་སྔ་མ་བཞིན་སྦྱར་ཏེ་ཡོན་ཏན་ཤེས་པར་བྱའོ། །རྣམ་སྨིན་ནི་བར་མ་ཆད་ན་ཚེ་དེ་ལ་ཚེ་དབང་ཐོབ་ནས་འབྲས་བུ་ཐོབ་པའོ། །ཚེ་དབང་ནི་བསྐལ་བ་ཆེན་པོ་གཅིག་ན་རྫུ་འཕྲུལ་སྦྱངས་ནས་རྡོ་རྗེ་འཆང་གི་ས་འཐོབ་བོ། །ཕྱག་རྒྱ་ཆེན་པོ་ནི་ལོ་བརྒྱ་ན་རྡོ་རྗེ་འཆང་གི་ས་འཐོབ་བོ། །ལྷུན་གྲུབ་ནི་ལོ་སྟོང་ན་རྡོ་རྗེ་འཆང་གི་ས་འཐོབ་སྟེ་འཕྲིན་ལས་བཞིས་དོན་གཉིས་མཛད་པའི་ཕྱིར་རོ། །འཕྲིན་ལས་བཞི་ནི། ཞི་བ། རྒྱས་པ། དབང༌། དྲག་པོའོ། །དེ་ལ་སྤྲོས་བཅས་ཀྱིས་ཞི་བའི་ལས་བྱེད་དེ་དངོས་པོ་ལུས་སེམས་ཀྱི་བར་ཆད་མངོན་གྱུར་དང༌། དངོས་མེད་དྲི་མ་ཕྲ་རགས་གཉིས་ཞི་བར་བྱེད་པའོ། །དབྱེ་ན་ཞི་བའི་ཞི་བ་ཤེས་པ་དང་རླུང༌། ཞི་བའི་རྒྱས་པ་ཚེ་དང་བསོད་ནམས། ཞི་བའི་དབང་ལུས་ངག་གི་ནུས་པ། ཞི་བའི་དྲག་པོ་གཉིས་ཞི་ནས་གཅིག་ཏུ་གནས་པའོ། །སྤྲོས་མེད་ཀྱིས་རྒྱས་པའི་ལས་འགྲུབ་བོ། །དབྱེ་ན་རྒྱས་པའི་ཞི་བ་རྣམ་རྟོག་ངན་པ་ཟད་པ། རྒྱས་པའི་རྒྱས་པ་ཚེ་དང་བསོད་ནམས་འཁོར་དང་ལོངས་སྤྱོད་ཉམས་དང་བྱིན་བརླབས་སོ། །རྒྱས་པའི་དབང་ཇི་ལྟར་འདོད་པའི་བསྒྲུབ་བྱ་རྒྱས་པ། རྒྱས་པའི་དྲག་པོ་ལུས་ངག་སེམས་ཀྱི་ནུས་པ་རྫོགས་པའོ། །ཤིན་ཏུ་སྤྲོས་མེད་ཀྱིས་དབང་གི་འཕྲིན་ལས་འགྲུབ་བོ། །དབྱེ་ན་དབང་གི་ཞི་བ་ལུས་ངག་ཡིད་ཀྱི་བར་ཆད་ཞི་བ། དབང་གི་རྒྱས་པ་ལྟ་སྒོམ་སྤྱོད་འབྲས་རྒྱས་པ། དབང་གི་དབང་མི་དང་མ་ཡིན་རྣམས་འདུས་པ། དབང་གི་དྲག་པོ་དགུག་པ་ལ་སོགས་པ་འགྲུབ་པའོ། །རབ་ཏུ་སྤྲོས་པ་མེད་པས་དྲག་པོའི་འཕྲིན་ལས་འགྲུབ་པའོ། །དབྱེ་ན་དྲག་པོའི་ཞི་བ་དགུག་པ་དང་བཅིང་བའི་ལས་སོ། །དྲག་པོའི་རྒྱས་པ་དབྱེ་བ་དང་བསྐྲད་པ༌། དྲག་པོའི་དབང་ཚུར་ལ་ཀླན་ཀ་མི་རྙེད་པ། དྲག་པོའི་དྲག་པོ་སྤ་བཀོང་བ་དང་བསད་པ་ལ་སོགས་པ་འགྲུབ་པའོ། །དེ་ལྟར་བཅུ་དྲུག་ནི་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་སོགས་རང་ངོའི་དབྱེ་བ་བཅུ་དྲུག་གི་འབྲས་བུའོ། །དེ་ཡང་རྣམ་པར་འཕྲུལ་པས་དབྱེ་ན། ལུས་མི་འདྲ་བའི་གྲངས་བཞིན་དག་བྱེད་ཀྱང་དེ་ཙམ་ཡོད་པ་ནི་འཕྲིན་ལས་ཀྱི་གྲངས་སོ། །གཞན་ཡང་གནས་སྐབས་སུ་ཐོབ་པ་ནི། སྤྲོས་བཅས་ཀྱི་དབང་གིས་ལུས་ཀྱི་ཡོན་ཏན། ཚེ་རིང་བ་དང༌། ནད་མེད་པ་དང༌། འགྲོ་བ་བྱམས་པ་དང༌། བསོད་ནམས་དང་ལྡན་པ་དང༌། རྫུ་འཕྲུལ་འགྲུབ་པ་དང༌། ལུས་ཀྱི་རྡུལ་ཕྲན་མཐོང་བ་ལ་སོགས་པའོ། །སྤྲོས་མེད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། གཞན་གྱི་རྣར་སྙན་པ་དང༌། བསྒོ་བ་བཞིན་ཉན་པ་དང༌། བཀའ་བསྟན་བཅོས་པ་དབང་བ་དང༌། མི་མ་ཡིན་པའི་སྐད་ཤེས་པ་ལ་སོགས་པའོ། །ཤིན་ཏུ་སྤྲོས་མེད་ཀྱིས་ཡིད་དག་་པ་དང༌། ཏིང་ངེ་འཛིན་དང༌། རིག་པ་དང༌། གང་བསམས་ཆོས་ཉིད་དུ་འཆར་བ་དང༌། དུས་བཞི་དུས་གཅིག་ཏུ་རྟོགས་པ་དང༌། འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ལ་སོགས་པའོ། །རབ་ཏུ་སྤྲོས་མེད་ཀྱིས་སེམས་ལས་སུ་རུང་བ་དང༌། མངོན་པར་ཤེས་པ་དང༌། ཚེ་དཔག་ཏུ་མེད་པར་བྱིན་གྱིས་རློབས་པ་ལ་སོགས་པའོ། །ཁྱད་པར་དུ་དབང་བཞིས་སྣང་བ་བཞིའི་ཡོན་ཏན་ཐོབ་པ་ནི། སྤྲོས་བཅས་ཀྱིས་ཆོས་ཉིད་མངོན་སུམ་གྱི་སྣང་བ། སྤྲོས་མེད་ཀྱིས་ཉམས་གོང་འཕེལ། ཤིན་ཏུ་སྤྲོས་མེད་ཀྱིས་རིག་པ་ཚད་ཕེབས། རབ་ཏུ་སྤྲོས་མེད་ཀྱིས་ཆོས་ཉིད་ཟད་པའི་སྣང་བ་སྟེ། དེ་དག་རེ་རེ་ཞིང་ཕྱི་སྣང་བའི་ཡོན་ཏན་རེ་དང༌། ནང་ཉམས་ཏིང་ངེ་འཛིན་རེ་དང༌། གསང་བ་ལྟ་དགོངས་ཁྱད་པར་ཅན་རེ་དང༌། ཡོངས་རྫོགས་བསྟན་པའི་ཚད་རེ་ཐོབ་ནས། ཟག་བཅས་མི་སྣང་བར་སངས་རྒྱས་ཀྱི་ས་ལ་སྦྱོར་བའོ། །འདི་དག་ནི་ཐུན་མོང་དུ་གནས་སྐབས་ཀྱི་ཡོན་ཏན་ནོ། །གཉིས་པ་མཐར་ཐུག་གི་འབྲས་བུ་ནི། མགོན་པོ་རྡོ་རྗེ་འཆང་གི་ས་སྟེ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་རྫོགས་པར་ཐོབ་པའོ། །དབྱེ་ན་གསུམ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཞིང་ཁམས་མདོར་བསྟན། བསམ་གྱིས་མི་ཁྱབ་པའི་དབྱེ་བ་རྒྱས་པར་བཤད། མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བའོ། །དང་པོ་ནི་དབང་མཐར་ཕྱིན་པའི་འབྲས་བུ་བཞི་ལ་རྟགས་བཞི་དང་ཚད་བཞི་སྟེ། བཅུ་གཉིས། སྨིན་སོ་སྐུ་བཞི་སྟེ་བཅུ་དྲུག ཡེ་ཤེས་བཞི་སྟེ་ཉི་ཤུ། ཡེ་ཤེས་ཀྱི་འོད་ཟེར་བཞི་སྟེ་ཉེར་བཞི། འོད་ཀྱིས་བཀྱེ་བའི་སྤྲུལ་པ་བཞི་སྟེ་ཉེར་བརྒྱད། སྤྲུལ་པའི་གདུལ་ཞིང་བཞི་སྟེ་སུམ་ཅུ་རྩ་གཉིས་སུ་སྨིན་པས་དོན་འབྱུང་བ་ནི། ལམ་དུ་དབང་སུམ་ཅུ་རྩ་གཉིས་ཐོབ་པ་ལས་བྱུང་བའོ། །དེ་ཡང་སྐུ་བཞི་ལ་གཞི་གནས་ཀྱི་ཡེ་ཤེས། མཚན་ཉིད་འཛིན་པའི་ཡེ་ཤེས། ཐམས་ཅད་མཁྱེན་པའི་ཡེ་ཤེས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བཞི་བཞི་བརྩིས་པས་བཅུ་དྲུག ཡེ་ཤེས་ཀྱི་མཁྱེན་པ་བཞི་བཞི་བརྩིས་པས་བཅུ་དྲུག་སྟེ་སུམ་ཅུ་་རྩ་གཉིས་ནི་སྐུ་དང་ཡེ་ཤེས་ཀྱི་རྣམ་གྲངས་སུམ་ཅུ་རྩ་གཉིས་ཞེས་བྱའོ། །འདི་དག་རྫོགས་པ་ནི་རྡོ་རྗེ་འཆང་གི་ས་བཅུ་དྲུག་མཛད་པ་ཡེ་ཤེས་ཀྱི་ཡུལ་བཅུ་དྲུག་དང་བཅས་པའོ། །ཡེ་ཤེས་ཀྱི་སྣང་བའི་རང་འོད་ལྔ་ལས་གཞི་ལྔའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པ་ནི། འོད་མཐིང་གའི་ཀློང་ན་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རྫོགས་པའོ། །དེ་བཞིན་དུ་དཀར་པོས་མི་བསྐྱོད་པ། སེར་པོས་རིན་ཆེན་འབྱུང་ལྡན། དམར་པོས་སྣང་བ་མཐའ་ཡས། ལྗང་གུས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའོ། །དཀྱིལ་འཁོར་དེ་དག་ལས་གདུལ་བྱའི་ཞིང་དུ་འཕྲིན་ལས་བཞིའི་སྤྲུལ་པ་འགྱེད་ལ། གདུལ་ཞིང་ཤར་ཕྱོགས་མངོན་པར་དགའ་བ། ལྷོ་དཔལ་དང་ལྡན་པ། ནུབ་པདྨ་བརྩེགས་པ། བྱང་ལས་རབ་རྫོགས་པ་བཞིས་འགྲོ་བ་སྨིན་པར་བྱེད་དོ། །གཉིས་པ་བསམ་གྱིས་མི་ཁྱབ་པའི་དབྱེ་བས་རྒྱས་པར་བཤད་པ་ནི། སྐུ་བཞིའི་ཞིང་ཁམས་ཕུན་སུམ་ཚོགས་པ་ལྔ་ལྔར་དབྱེ་བ་ལས། དང་པོ་ཆོས་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོ། གནས་ཆོས་ཀྱི་དབྱིངས། བསྟན་པ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བསྟན་པ། འཁོར་འདུས་མ་བྱས་པ། དུས་ཆོས་ཉིད་ལ་འཕོ་འགྱུར་མེད་པ་དང་ལྔ་ནི་ཆོས་སྐུར་འཇོག་པའི་འཐད་པ་ནི། ཞིང་ཁམས་རྣམ་པར་དག་པ་དེ་ཉིད་དང་བརྗོད་དུ་མེད་པ། ཆོས་བརྗོད་དུ་མེད་པ། འབད་མེད་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཀྱི་སྒོ་ནས་ཆོས་སྐུ་ཞེས་བརྗོད་པའོ། །ཕུན་སུམ་ཚོགས་པ་ལྔ། བརྗོད་དུ་མེད་པ་དང༌། ལྷུན་གྱིས་གྲུབ་པ་གཉིས་ཏེ། བརྒྱད་ནི། དབང་བཞིའི་ས་བོན་བཞི་དང༌། འབྲས་བུ་བཞི་སྟེ་བརྒྱད་སྨིན་པ་ལས་བྱུང་བའོ། །ལོངས་སྐུའི་སྟོན་པ་རྣམ་པར་སྣང་མཛད་གང་ཆེན་མཚོ། །གནས་རྣམས་དག་སྟུག་པོ་བཀོད་པ། བསྟན་པ་རང་བྱུང་གི་ཡི་གེ་དྲུག་གི་རང་སྒྲ་ལྗགས་ཀྱི་འོད་ཟེར་ལས་འཕྲོ་བ་བསྟན་པའི་བུ་གཅིག འཁོར་ཉིད་ལས་མིག་པ་རིགས་བཞིའི་སངས་རྒྱས། དུས་རང་བཞིན་རྣམ་དག་ཆེན་པོ། ཞིང་ཁམས་ཕྱག་མཉམ་གཞག་གི་མཐིལ་ན། ཡས་མར་བརྩེགས་པའི་ཉི་ཤུ་རྩ་ལྔ། སྐྱིལ་ཀྲུང་མན་ཆད་ལ་བཅུ་དྲུག དེ་དག་ཀྱང་ཡས་མན་དུ་བལྟས་པས་རྒྱ་དེབ་བརྩེགས་པ་ལྟ་བུར་བར་ན་རྣམ་དག་གི་ནམ་མཁས་བཅད་ནས་གནས་ལ། ཕན་ཚུན་ནི་ཟ་འོག་གི་གུར་ཁྱིམ་བཀྲམ་པ་དང་འདྲ་སྟེ། སོ་སོའི་ལྕགས་རི་དང་མཚོས་པར་བཅད་དེ་གནས་སོ། །ཆོས་ནི་རང་གི་ངོ་བོ་རྣམ་དག་ཆེན་པོའི་ཆོས་ལ་སྤྱོད་པའོ། །འཐད་པ་ནི་འོད་དང་ཁ་དོག་སྐུ་དང་ཡེ་ཤེས་ལ་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །དེ་ཡང་འོད་ཟེར་སྦྱོར་བ་དག་པ་ཡབ་ཀྱི་ཞལ་ནས་ཞུགས་ཏེ་གསང་བའི་གནས་ནས་ཡུམ་གྱི་མཁའ་ལ་འཐོན་ནས་སྤྲུལ་པ་འགྱེད་པ་སྟེ། ཕུན་སུམ་ཚོགས་པ་ལྔ། ཞིང་དང་སྤྲུལ་པ་གཉིས་ཏེ་བརྒྱད་དོ། །དེ་ཡང་དབང་བརྒྱད་ཀྱི་འབྲས་བུའོ། །སྤྲུལ་པ་སྐུའི་སྟོན་པ་དྲུག་པ་རྡོ་རྗེ་འཆང༌། གནས་ལྕང་ལོ་ཅན་ཏེ་འོག་མིན་གྱི་མིང་གི་བྱེ་བྲག་གོ །བསྟན་པ་རང་བཞིན་རྫོགས་པ་ཆེན་པོ། འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ། དུས་སྐུ་འདུལ་བའི་དུས། ཞིང་ཁམས་རྒྱ་ཆེ་བ་ཚངས་ཆེན། དེ་ལས་ཁོལ་བུར་ཕྱུང་ན་མི་མཇེད་དེ་གླིང་བཞི་རི་རབ་དང་བཅས་པ་བྱེ་བ་ཕྲག་བརྒྱའོ། །ཆོས་བསྟན་པ་དངོས་དང་གཟུགས་བརྙན་གཉིས་སོ། །འཐད་པ་གང་ལ་གང་འདུལ་དུ་སྤྲུལ་བས་ན་སྤྲུལ་སྐུའི། །རང་གཞན་གྱི་དོན་གཉིས་རྫོགས་པའི་འཕྲིན་ལས་དང་བརྒྱད་དོ། །ངོ་བོ་ཉིད་ཀྱི་སྐུའི་སྟོན་པ་བསམ་བརྗོད་རྣམ་པར་དག་པ། གནས་བསམ་འདས་མཚན་གཞི་དང་བྲལ་བ། བསྟན་པ་རྡུལ་མེད་ཅིང་དྲི་མ་མེད་པ། འཁོར་ཡེ་ཤེས་རྒྱ་མཚོ། ཞིང་ཁམས་བདེ་ཆེན་རྣམ་དག །ཆོས་ངོ་འབྱེད་པ་མེད་པ། ལས་སེམས་ཉིད་ཕྱིན་ཅི་ལོག་ལས་འདས་པ་དང་བརྒྱད་དོ། །དེ་ཐམས་ཅད་ཀྱི་རང་བཞིན་རྟགས་ཀྱི་སྐུ་བཞི་ནི། ཆོས་སྐུའི་སྟོན་པ་རང་བཞིན་མ་བཅོས་པ། གནས་སྟོང་པ་ཀུན་ཁྱབ། བསྟན་པ་འདུལ་སྟངས་རྣམ་དག འཁོར་རང་བཞིན་ཡོངས་དག དུས་ངེས་མེད་སྣ་ཚོགས། ཆོས་ཟག་པ་རང་ཟད། འཐག་པ་ཆོས་ཀྱི་ཕུང་པོ་འདུས་པས་ན་ཆོས་ཀྱི་ཕུང་པོ་འདུས་པས་ན་ཆོས་ཀྱི་སྐུའོ། །བྱེད་ལས་ལས་བདག་ཏུ་མེད་པའི་ལས་བྱེད་པ་དང་བརྒྱད་དོ། །གཟུགས་སྐུའི་སྟོན་པ་སྐུ་སྣང་ལ་རང་བཞིན་མེད་པ་ཞལ་ཀུན་ཏུ་ཐལ་ལེ་བ། གནས་ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ། བསྟན་པ་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པ། འཁོར་སྣང་བ་དང་མི་སྣང་བ། དུས་སྤྲོས་བཞིའི་ཚིག་ཙམ་དུ་བྱུང་བ། ཞིང་ཁམས་ཕྱི་ནས་བལྟས་པས་ནང་གསལ་བ། ཆོས་སྤྲོས་གཞི་རྣམ་པར་དག་པ། འཐད་པ་གཟུགས་རྡུལ་དང་རྡུལ་ཕྲན་དག་པར་བྱེད་པས་ན་གཟུགས་སྐུའོ། །ལས་ཀྱི་གཟུགས་ཅན་རྣམས་ཀྱི་ལས་ཟད་པར་བྱེད་པ་དང་བརྒྱད་དོ། །དེ་དག་གི་ཞར་ལ་ཞི་བའི་སྐུའི་སྟོན་པ་རང་ཤེས་རིག་གི་རྒྱལ་པོ་འདུས་མ་བྱས་པ་གནས་ཙིཏྟ་རིན་པོ་ཆེའི་གཞལ་མེད་ཁང༌། བསྟན་པ་རྩ་རླུང་ཐམས་ཅད་ཀྱི་མན་ངག འཁོར་ཡེ་ཤེས་ལྔ་དང༌། རླུང་ལྔ་དང༌། ཤེས་རབ་ལྔ་དང༌། འོད་ལྔ་དང༌། སྐུ་ལྔ་དང༌། རིགས་ལྔའོ། །དུས་ལུས་དང་སེམས་འཛོམ་པའོ། །ཞིང་ཁམས་འགྲོ་བ་འདུལ་བ། ཆོས་འཁོར་བ་དང་མྱ་ངན་ལས་འདས་པ། འཐད་པ་དེ་ལ་བརྟེན་ནས་ལུས་སེམས་སྡུག་བསྔལ་ཞི་བས་ན་ཞི་བའི་སྐུར་འཐད་དོ། །ལས་ཁམས་གསུམ་ལས་གྲོལ་བར་བྱེད་པ་སྟེ་བརྒྱད་དོ། །ཁྲོ་བོའི་སྐུའི་སྟོན་པ་ཡེ་ཤེས་ཀྱི་ཧེ་རུ་ཀ་ལྔ། གནས་བྷནྡྷ་འབར་བའི་གཞལ་ཡས་ཁང་སྟེ་ཀླད་པ་དུང་ཁང་དཀར་པོ། བསྟན་པ་བདེ་ཆེན་གྱི་འབར་འཛག །འཁོར་སྒྲོན་མ་རྣམས་པ་བཞི། དུས་ཡེ་ཤེས་རང་འཁྱིལ་བའི་དུས། ཞིང་ཁམས་མིག་གི་དབང་པོ་མཐོང་བ་མ་འགགས་པ། ཆོས་གཟུགས་ཀྱི་དེ་བཞིན་ཉིད། འཐད་པ་ཡུལ་དང་ཤེས་པ་ལ་ཁྲོས་པས་ན་ཁྲོ་བོའི་སྐུར་འཐད་དོ། །ལས་ཀྱི་གདུལ་བྱ་ཕྱིན་ཅི་ལོག་རྣམས་ཚར་གཅོད་པ་དང་བརྒྱད་དོ། །དེ་དག་ལ་སྐབས་འདིར་འབྲས་བུར་གཞག་པ་ནི་གཞི་སྨིན་བྱའི་སྦྱང་གཞི་ཐོག་མའི་འོད་གསལ་ཡིན་པ་དང༌། གདུལ་བཞིའི་འབྲས་བུ་རང་བཞིན་རྣམ་དག་ཡིན་པས་གློ་བུར་རྣམ་དག་གི་ཞར་ལ་སྨོས་པའོ། །དེ་དག་ལ་བརྟགས་པས་དབང་དང་འབྲས་བུ་ལ་བཅུ་དྲུག་ཕྲག་བཞི། སྐུ་ལ་བཅུ་དྲུག་ཕྲག་བཞི་སྟེ་ཕྲག་བརྒྱད་བསྡོམས་པས། བརྒྱ་དང་ཉེར་བརྒྱད་ནི་དབང་བསྐུར་བའི་འབྲས་བུ་ཕུན་སུམ་ཚོགས་པའོ། །གསུམ་པ་མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བ་ནི། དབང་བཞིའི་ས་བོན་གྱི་ཆ་ལས་དྲུག་བརྒྱ་དང་དྲུག་ཅུ་རྩ་དྲུག་གིས་འགྲོ་བ་དྲུག་གི་ལས་དང་ཉོན་མོངས་པ་དག་པར་མཛད་པའོ། །དེ་ལ་ཐོག་མར་མཐོང་བ་རྣམ་པར་དག་པ་ལས། བདག་ཉིད་ལ་ཟག་པ་མེད་པའི་མངོན་པར་ཤེས་པ་ནི། དབང་པོའི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་གིས་དུས་གསུམ་དུས་གཅིག་ལ་མཐོང་བ་པྲ་སེན་མཐོང་བ་ལྟ་བུ་སྟེ། དེ་ཡང་མིག་གི་མངོན་ཤེས་དྲུག་གིས་གཟུགས་ཐམས་ཅད་ཤེས། རྣ་བའི་མངོན་ཤེས་དྲུག་གིས་བརྗོད་པའི་སྒྲ་ཐམས་ཅད་གཏན་ལ་ཕེབས་སོ། །སྣའི་དྲུག་གིས་འགྲོ་བ་དྲུག་གི་ལས་གཏན་ལ་ཕེབས་སོ། །ལྕེའི་དྲུག་གིས་འགྲོ་དྲུག་གི་འཁོར་དང་ལོངས་སྤྱོད་ཤེས་སོ། །ལུས་ཀྱི་དྲུག་གིས་འགྲོ་དྲུག་གི་གཟུགས་རྡུལ་ཕྲན་དང་རགས་པ་ཐམས་ཅད་ཤེས་སོ། །ཡིད་ཀྱི་དྲུག་གིས་འགྲོ་དྲུག་གི་བསམ་པ་ཐམས་ཅད་ཤེས་སོ། །དེ་ལྟར་དབྱེ་གཞི་ཕྲི་བས་དབང་པོའི་མངོན་ཤེས་སུམ་ཅུ་སྲིད་པ་ཡན་ལག་སུམ་ཅུ་ཤེས་ཤིང༌། མཚན་སུམ་ཅུ་རྩ་གཉིས་གྲུབ་པ་ནི་དབང་སུམ་ཅུ་རྩ་གཉིས་ལས་བྱུང་བའོ། །དེ་ནས་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། སྦྱངས་པའི་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་ཡེ་ཤེས་དྲུག་ཤར་བས་ཚིག་ཐམས་ཅད་ཀྱི་བརྡ་དོན་ཁོང་དུ་ཆུད་པའོ། །བསླབ་པའི་ཤེས་རབ་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་གིས་སེམས་ཉིད་ཆོས་ཉིད་ལ་འཇུག་པ་ཁྱད་པར་ཅན་སྐྱེ་བའོ། །མཐོང་བ་རྣམ་པར་དག་ཞེས་ཀུན་ལ་སྦྱར་ཏེ། ཐོས་པའི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་སྒྲ་དང་དོན་ཐམས་ཅད་ཤེས་སོ། །བསམ་བྱུང་གི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་ཆོས་ཐམས་ཅད་ཀྱི་འདུ་མཆེད་རྟོགས་སོ། །སྒོམ་བྱུང་གི་ཤེས་བར་ཀྱི་མངོན་ཤེས་དྲུག་གིས་ཆོས་དང་སེམས་གཉིས་འདྲེས་ཏེ་ནམ་མཁའ་ལྟར་ཤེས་སོ། །དེ་ལྟར་སུམ་ཅུ་ནི་དབང་གི་འགྱུར་བྱེད་སུམ་ཅུ་རྩ་གཉིས་ཀྱིས་སངས་རྒྱས་ཀྱིས་སྦྱངས་པའི་ཡོན་ཏན་སུམ་ཅུ་རྩ་གཉིས་མཐོང་བ་ལས་བྱུང་བའོ། །དེ་ནས་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། འདིའི་དུས་ན་ཡེ་ཤེས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྙེད་པའོ། །དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་གིས་ཆོས་ཀྱི་མཚན་ཉིད་དང་དགོངས་པ་མངོན་སུམ་དུ་ཤེས་སོ། །མཉམ་པ་ཉིད་ཀྱི་དྲུག་གིས་འཁོར་འདས་གཉིས་སུ་མེད་པར་ཤེས་སོ། །སོ་སོར་རྟོག་པའི་དྲུག་གིས་འགྲོ་བ་དྲུག་གི་དབང་པོ་ལ་སོགས་པ་ཤེས་སོ། །བྱ་བ་གྲུབ་པའི་དྲུག་གིས་ཆོས་ཐམས་ཅད་རྩོལ་བ་དང་བྲལ་བ་དང་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཤེས་སོ། །ཆོས་ཀྱི་དབྱིངས་ཀྱི་དྲུག་གིས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཤེས་སོ། །མི་གནས་པའི་ཡེ་ཤེས་ཀྱི་དྲུག་གིས་ཆོས་གང་ལའང་མི་གནས་པ་ཤེས་སོ། །དེ་ཡང་དབྱེ་གཞི་རེ་ཕྲི་བས་མངོན་ཤེས་ལྔ་ཚན་དྲུག་ཏུ་འགྱུར་ཏེ། ཡེ་ཤེས་ཀྱི་མངོན་པར་ཤེས་པ་སུམ་ཅུ་ནི་དབང་སུམ་ཅུ་རྩ་གཉིས་ལས་བྱུང་བའོ། །དེ་རྣམ་པར་གྲོལ་བའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་སེམས་དང་སེམས་བྱུང་ནུབ་པའོ། །དེ་ལ་རྣམ་གྲོལ་དང་པོའི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་ཤར་བས། ལུས་ཀྱི་ཟག་པ་ཟད་པའོ། །རྣམ་གྲོལ་གཉིས་པ་དྲུག་གིས་ངག་གི་ཟག་པ་ཟད་པའོ། །གསུམ་པའི་དྲུག་གྱིས་ཡིད་ཀྱིས་ཟག་པ་ཟད་པའོ། །བཞི་པའི་དྲུག་གིས་སེམས་ཀྱི་ཟག་པ་ཟད་པའོ། །ལྔ་པའི་དྲུག་གིས་ཤེས་རབ་ཀྱི་ཕུང་པོ་ལ་སྒྲིབ་པའི་ཟག་པ་ཟད་པའོ། །དྲུག་པའི་དྲུག་གིས་ཆོས་དང་ཆོས་ཉིད་ཀྱི་ཟག་པ་ཟད་པའོ། །སུམ་ཅུ་པོ་དེ་དག་གིས་ཕྱི་ནང་གསང་བ་ཡོངས་རྫོགས་ཀྱི་དབང་ལས་བྱུང་བའོ། །དེ་ནས་སྐུ་གསུང་ཐུགས་ཀྱི་ལས་མངོན་དུ་གྱུར་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། སངས་རྒྱས་ཀྱི་མཁྱེན་པ་མ་ལུས་པ་རྫོགས་པའོ། །སྐུ་དངོས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་ཤར་བས་སངས་རྒྱས་ཀྱི་སྐུ་ཐམས་ཅད་མཐོང་ཞིང་རང་གིས་ཀྱང་བརྙེས་པའོ། །སྐུའི་སྣང་བའི་དྲུག་ཤར་བས་འོད་ཀྱི་ཚོགས་མཐའ་ཡས་པ་ལ་སྤྱོད་དོ། །གསུང་དངོས་ཀྱི་དྲུག་ཤར་བས་གསུང་དབྱངས་དྲུག་ཅུ་ལ་སྤྱོད་དོ། །གསུང་གི་སྣང་བའི་དྲུག་གིས་སྒྲ་དབྱངས་དུ་མ་ལ་སྤྱོད་དོ། །ཐུགས་དངོས་ཀྱི་དྲུག་གིས་ཏིང་ངེ་འཛིན་ཐམས་ཅད་ལ་སྤྱོད་དོ། །ཐུགས་ཀྱི་སྣང་བའི་དྲུག་གིས་གཞན་གྱི་སེམས་ཤེས་པ་ལ་སྤྱོད་དོ། །དེ་ལྟར་སུམ་ཅུ་པོ་ནི་དབང་གི་ལྷ་ངོ་སུམ་ཅུ་རྩ་གཉིས་ཤེས་པ་ལས་བྱུང་ངོ༌། །དེ་ནས་ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་ཆོས་ཉིད་ཀྱི་དགོངས་པ་ལ་དབྱེར་མི་ཕྱེད་པར་བཞུགས་སོ། །སེམས་རྣམ་པར་གདུལ་བའི་མངོན་ཤེས་དྲུག་ཤར་བས་སེམས་ཀྱི་རང་བཞིན་ཤེས་སོ། །སེམས་སྦྱང་བའི་དྲུག་གིས་རྩ་བ་ཤེས་སོ། །སེམས་ཞི་བའི་དྲུག་གིས་སེམས་མེད་པའི་མཚན་ཉིད་ཤེས་སོ། །སེམས་རྣམ་པར་དག་པའི་དྲུག་གིས་མི་འགྱུར་བར་ཤེས་སོ། །སེམས་མི་ལྡོག་པའི་དྲུག་གིས་ཁམས་གསུམ་མིང་མེད་པར་ཤེས་སོ། །སེམས་ལས་འདས་པའི་དྲུག་གིས་ཤེས་བྱེད་དང་འདུ་འཕྲོ་དག་སྟེ་མི་ལྡོག་པར་རྟོགས་སོ། །དེ་ལྟར་སུམ་ཅུ་ནི་དབང་གི་རྣམ་པར་འཕྲུལ་པའི་དབྱེ་བ་ཤེས་པ་ལས་བྱུང་ངོ༌། །དེ་ལྟར་མཐོང་བ་དག་པའི་མངོན་ཤེས་བརྒྱ་དང་བརྒྱད་ཅུ་ནི་མོས་པའི་མཐོང་བ་ཙམ་ལས་བྱུང་བའོ། །དེ་ཡང་ཕྱེ་ན་མོས་པའི་བཞི་བཅུ་རྩ་ལྔ་ལྔའི་ཡོན་ཏན་འབྱུང་བ་ནི། སྤྲོས་བཅས་ཀྱི་དབང་ཐོབ་པ་ལས་བྱུང་བའོ། །དེའི་འགྲེས་ཀྱིས་ཐོས་པ་རྣམ་པར་དག་པའི་མངོན་ཤེས་ཀྱང་བརྒྱ་དང་བརྒྱད་ཅུར་འགྱུར་ཏེ། དེ་ལའང་ཡེ་ཤེས་བཞིའི་ཡོན་ཏན་འཇུག་པ་སྔར་དང་འདྲའོ། །འདི་དག་སྤྲོས་མེད་ཀྱི་དབང་ལས་བྱུང་བའོ། །བསམ་བྱ་དག་པའི་བརྒྱ་དང་བརྒྱད་ཅུ་ནི་བསྒྱུར་གཞིའི་དོན་ཤེས་པ་ལས་བྱུང་བ་སྟེ། ཡེ་ཤེས་སུ་དག་པ་དང༌། མྱོང་བྱེད་དག་པའི་བརྒྱ་བརྒྱད་ཅུ་ཆོད་པའི་རང་བཞིན་ཤེས་པ་ལས་བྱུང་བ་དང༌། རེག་བྱེད་དག་པའི་བརྒྱ་བརྒྱད་ཅུ་པ་མདོ་ཤེས་པ་ལས་བྱུང་བ་དང་ཚན་པ་གསུམ་ནི་ཤིན་ཏུ་སྤྲོས་མེད་ཀྱི་དབང་ལས་བྱུང་བའོ། །ཆོས་དག་པའི་མངོན་ཤེས་བརྒྱ་བརྒྱད་ཅུ་ནི་རབ་ཏུ་སྤྲོས་པ་མེད་པའི་དབང་ལས་བྱུང་བའོ། །དེ་ལྟར་ན་ས་དང་སྦྱར་བས་སའི་ཡོན་ཏན་ཉིས་སྟོང་སུམ་བརྒྱ་དང་དྲུག་ཅུ། ཡེ་ཤེས་ཀྱི་བྱེད་པ་དྲུག་བརྒྱ་དང་དྲུག་ཅུ། ཆོས་ཀྱི་རྣམ་གྲངས་སུམ་སྟོང་དང་བརྒྱ་ཉི་ཤུ་རྣམས་ནི་རྡོ་རྗེ་འཆང་གི་སའི་མངོན་ཤེས་ཀྱི་རྣམ་པར་འཕྲུལ་བའི་དབྱེ་བ་ཆེན་པོའོ། །འདི་དག་ནི་དབང་གི་རྣམ་པར་གཞག་པ་སྟེ། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་སྒོ་དང་པོའི་གཞི་གལ་པོ་ཆེ་ཡང་དག་པ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། གཞིའི་དོན་སྨིན་པར་བྱེད་པ་དང་དབང་གི་རྣམ་པར་གཞག་པ་སྟེ་རིམ་ཁང་དྲུག་པའོ། །

[edit]
rywikitexts e-text (input 2020; converted from a legacy font encoding on 22 November 2026).

དེའི་སྤྲོས་མེད་ཀྱིས་དོན་རང་ཐོག་ཏུ་ཕེབས་པས་ཆོས་ཉིད་ལས་འགྲོ་ས་མེད་པའོ། །དེའི་ཤིན་ཏུ་སྤྲོས་མེད་སྟོང་ཉིད་ཀྱི་དཀྱིལ་འཁོར་དུ་འཇུག་པས་སྒོ་གསུམ་ཁམས་གསུམ་དུ་མི་འཇུག་པའོ། །རབ་ཏུ་སྤྲོས་མེད་ཀྱིས་ཚོགས་དྲུག་དག་པར་བྱེད་པའོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དབྱེ་བ་ངེས་པ་ནི། རབ་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་སེམས་གང་ཡིན་ལ་སོགས་པས་ཆགས་སྡང་རང་གྲོལ་བར་བྱེད་དོ། །སྤྲོས་མེད་སྤྲུལ་སྐུའི་ཞིང་བསྟན་པས་ཕུང་པོ་ཁམས་དང་སྐྱེ་མཆེད་སྟོངས་པར་བྱེད་དོ། །ཤིན་ཏུ་སྤྲོས་མེད་ལོངས་སྐུའི་ཞིང་བསྟན་པས་སེམས་ཉིད་འགྲོ་འོང་མེད་པའི་དོན་རྟོགས་པར་བྱེད་དོ། །རབ་ཏུ་སྤྲོས་མེད་ཆོས་སྐུར་ལུང་བསྟན་པས་འཁོར་འདས་ལ་ཞེན་པའི་ཤེས་སྒྲིབ་ཕྲ་མོ་སྦྱོང་བར་བྱེད་དོ། །གཉིས་པ་རང་ངོའི་དབྱེ་བ་རྒྱས་པར་བཤད་པ་ལ་དབང་བཞི་ལས། དང་པོ་སྤྲོས་བཅས་ལ། སྤྲོས་བཅས་ཀྱི་སྤྲོས་བཅས་དམ་བསྲེ་ཞིང་མནའ་ཆུ་བླུད་པ་ལ་སོགས་པ་སྟེ་ཕྱིའོ། །སྤྲོས་བཅས་ཀྱི་སྤྲོས་མེད་དཀྱིལ་འཁོར་དུ་གཞུག་ཅིང་ལྷ་ངོ་བསྟན་ནས་མིང་གི་དབང་བསྐུར་བ་སྟེ་ནང་ངོ་། །སྤྲོས་བཅས་ཀྱི་ཤིན་ཏུ་སྤྲོས་མེད་ཉན་ཐོས་ཀྱི་སྡོམ་པ་སྦྱིན་པ་ནས་རིམ་དགུ་རྫོགས་ཏེ་དབུགས་དབྱུང་གཟེངས་བསྟོད་དང་བཅས་པ་གསང་བའོ། ། སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་བུམ་པ་ངེས་པའི་སྐུར་རྒྱུ་སྟེ་ཡོངས་སུ་རྫོགས་པའོ། །འདི་ལའང་བུམ་པ་ངེས་པ་རྟེན་གཞལ་ཡས་ཁང་བརྟེན་པ་ལྷར་གསལ་བས་དབང་བསྐུར་བ་ཡོངས་སུ་རྫོགས་པའི་ཕྱི་སྤྲོས་བཅས་སོ། །སློབ་མའི་ལུས་ལྷར་བསྐྱེད་པ་ལ་འབྱུང་བཞི་དག་སྦྱོང་གི་རྫས་དབང་ཉི་ཟླ་སྦྱིན་པ་ལ་སོགས་པ་ནང་སྤྲོས་མེད་དོ། །མུ་དྲ་སྦྱིན་ནས་སྦྱོར་བ་ངེས་པ་གསང་བ་ཤིན་ཏུ་སྤྲོས་མེད་དོ། །བརྡ་དོན་ངེས་པའི་ཚིག་སྦྱིན་པ་ཡོངས་སུ་རྫོགས་པ་རབ་ཏུ་སྤྲོས་མེད་དོ། །དེ་ལྟར་ན་ཡོངས་སུ་རྫོགས་པ་ལ་བཞི་ཡོད་པ་ལྟར་གཞན་གསུམ་ལའང ་ཤེས་པར་བྱའོ། །དེ་ལྟར་བཅུ་དྲུག་གིས་སྤྲོས་བཅས་དབྱེ་བའི་དགོས་པ་ནི། ལུས་འབྱུང་བཞིའི་རྒྱ་བཞི་འཇིག་པ་སྟེ། འབྱུང་བཞི་ཡང་སའི་ས་ལ་སོགས་པ་བཞིར་ཕྱེ་བས་བཅུ་དྲུག་དག་པར་སྦྱོང་བའི་དགོས་པ་ཡོད་དོ། །གཉིས་པ་སྤྲོས་མེད་ཀྱི་དབང་བཞི་རང་ངོའི་དབྱེ་བ་ནི། སྤྲོས་མེད་ཀྱི་སྤྲོས་བཅས་ཀྱིས་ལུས་ངག་ཡིད་སེམས་བཞི་ཡི་གེའི་གནས་བཞིའི་སྦྱོང་བ་ནི་ཕྱིའོ། ། དེའི་སྤྲོས་མེད་ཀྱིས་སྒོ་གསུམ་གཞི་མེད་བྱ་རྩོལ་ལས་འདས་པར་མཚོན་པས་ནང་ངོ་། །དེའི་ཤིན་ཏུ་སྤྲོས་མེད་ཀྱིས་ཡུལ་ལྔ་ལམ་དུ་བསླངས་པས་སྒོ་ལྔ་ཧར་སངས་སུ་གྲོལ་བ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་ཀྱིས་རྟོགས་པ་ཁྱད་པར་ཅན་བསྐྱེད་པས་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་ངག་གི་བརྗོད་གཞི་དང་། རྗོད་བྱེད་དང་། བརྗོད་བྱ་དང་། བརྗོད་པ་བཞིའི་རྒྱ་ལས་གྲོལ་བར་བྱེད་པའོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་རང་ངོའི་དབྱེ་བ་ནི། ཤིན་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་རུ་ཤན་འབྱེད་པ་ཕྱིའོ། །དེའི་སྤྲོས་མེད་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ་ནང་ངོ་། །དེའི་ཤིན་ཏུ་སྤྲོས་མེད་ནམ་མཁའི་དཀྱིལ་འཁོར་དུ་འཇུག་པ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་རིག་པ་རང་ངོ་སྤྲད་པ་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་ཡིད་འགྱུ་བ་དང་། འགྱུ་བྱེད་དང་། འགྱུ་བྱ་དང་། འགྱུས་པ་བཞིའི་རྒྱ་འཇིག་པར་བྱེད་པའོ། །བཞི་པ་རབ་ཏུ་སྤྲོས་པ་མེད་པ་རང་ངོའི་དབྱེ་བ་ནི། རབ་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་འདུག་སྟངས་བསྟུན་པ་ཕྱིའོ། །དེའི་སྤྲོས་མེད་ལྟ་སྟངས་བྱེད་པ་ནང་ངོ་། །དེའི་ཤིན་ཏུ་སྤྲོས་མེད་ཕྱོགས་བཞིར་ལྟ་སྟངས་དང་གཟིགས་སྟངས་བསྟུན་པ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་སོང་ཞིག་ལ་སོགས་པ་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་སེམས་བསམ་པ་དང་། དྲན་པ་དང་། རྟོག་པ་དང་། ཞེན་པ་བཞིའི་རྒྱ་འཇིག་པར་བྱེད་དོ། །སྐབས་འདིར་ཡིད་དང་སེམས་ཀྱི་གོ་དོན། སྒོ་ལྔའི་ཡུལ་འཛིན་རྟོག་བྱེད་ཀུན་གཞིའི་རྣམ་པར་ཤེས་པ་སེམས་ལ། དེ་དང་མ་འབྲེལ་བར་དོན་སྔ་ཕྱི་དང་ཡིད་ཡུལ་དོན་སྤྱི་དཔྱོད་པ་ལ་ཡིད་ཅེས་བརྗོད་དོ། །རང་གི་སྣང་ཡུལ་དངོས་པོ་འཛིན་པ་དང་། དངོས་མེད་འཛིན་པ་སྟེ། གསལ་བ་དང་མི་གསལ་བ་འཛིན་པས་ཕྱེ་བ་ཡིན་ནོ། །དེ་ལྟར་ན་རང་ངོའི་དབྱེ་བ་རེ་རེ་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞི་སྟེ་བཅུ་དྲུག་ཏུ་ཡོད་དོ། །གསུམ་པ་རྣམ་པར་འཕྲུལ་པའི་དབྱེ་བས་ཤིན་ཏུ་རྒྱས་པར་སྤྲོ་བ་ལ་གསུམ་སྟེ་དབང་སོ་སོའི་དག་བྱེད་ཀྱི་དབྱེ་བས་དག་རྒྱུ་བཅུ་དྲུག་འགྱུར་དང་བཅས་པ་བསྟན་པ། ལུས་ཀྱི་བྱ་བ་ལ་བརྟེན་ནས་ངེས་པའི་དབྱེ་བས་དབང་གི་གནས་ལུགས་བསྟན་པ། གྲངས་ཀྱི་དབྱེ་བ་ལ་བརྟེན་ནས་ལས་དང་ཉོན་མོངས་པའི་དག་བྱེད་བསྟན་པའོ། །དང་པོ་ནི་དབང་གི་རང་ངོའི་དབྱེ་བ་བཅུ་དྲུག་གིས་ཕྱིར་འབྱུང་བའི་ལས་བཅུ་དྲུག་དག་པར་བྱེད་ལ། ནང་དུ་སེམས་ཀྱི་རྟོག་པ་བཅུ་དྲུག་དག་པར་བྱེད་ལ། གསང་བར་རླུང་གི་འཕེན་སྡུད་བཅུ་དྲུག་དག་པར་བྱེད་ལ། བླ་ན་མེད་པར་ས་བཅུ་དྲུག་ལ་གནས་པའི་ངེས་པ་ཐོབ་པར་བྱེད་པས་དབང་བཅུ་དྲུག་ཏུ་བསྟན་པའོ། །དབང་དེ་དག་གི་དག་བྱ་ལུས་ངག་ཡིད་སེམས་བཞིའི་དྲི་མ་དག་པ་ལ་ལྟོས་ནས་གཞག་གོ «།»དེའང་ལུས་ལ་ཆུས་ཚོགས་པའི་ཆོས་བསྡུས་པས་འཆིང་བྱེད་རྒྱའི་དྲི་མར་སོང་། མེས་དེ་དག་སྨིན་ཅིང་གསལ་བར་བྱས་པས་དངོས་པོར་གྲུབ་པའི་དྲི་མར་སོང་། རླུང་གིས་དེ་དག་སོ་སོའི་ལས་བྱས་པས་ཞེན་པ་རང་རྒྱུད་དང་བཅས་པའི་དྲི་མར་སོང་བའོ། །ངག་སྨྲ་ནའང་སྨྲའོ་སྙམ་པ་ཡིད་ཀྱི་རྟོག་པས་བསླད་པའི་དྲི་མ་དང་། སྨྲ་བྱེད་ལུས་ཀྱི་དྲི་མ་དང་། སྨྲ་བའི་ཚིག་ལ་རྟོག་དཔྱོད་ཀྱི་དྲི་མ་དང་། བརྗོད་ལས་རྟོག་པའི་འགྱུར་བྱེད་ཀྱི་དྲི་མ་དང་། ཡང་ཡིད་འགྱུ་བ་ལའང་། འགྱུ་བ་དྲན་བསམ་གྱི་རྟོག་པའི་དྲི་མ་དང་། འགྱུ་བྱེད་ཡུལ་དང་ཤེས་པའི་དྲི་མ་དང་། འགྱུས་པ་བག་ཆགས་སྔ་ཕྱིའི་དྲི་མ་དང་། འགྱུས་པ་དངོས་ལ་ཞེན་པའི་དྲི་མ་དང་། ཡང་སེམས་ཀྱི་དྲན་པས་ཡུལ་འཇུག་པའི་དྲི་མ་དང་། བསམ་པས་དགེ་མི་དགེ་ལུང་དུ་བསྟན་མ་བསྟན་བཞི་ཀུན་ནས་སློང་བའི་དྲི་མ་དང་། རྟོག་པས་སྙམ་བྱེད་དང་། ཡིད་གཉིས་དང་། ཐེ་ཚོམ་དང་། ཡིད་དཔྱོད་ཀྱི་དྲི་མ་དང་། འཛིན་ཡུལ་སྣ་ཚོགས་ལ་རྟོག་པའི་དྲི་མའོ། །དྲི་མ་དེ་དག་གི་དག་བྱེད་དབང་བཞི་སྟེ། སྤྲོས་བཅས་ཀྱི་སྤྲོས་བཅས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་དྲུག་གོ «།»དེ་དག་གིས་ལུས་ངག་ཡིད་སེམས་བཞི་རེ་རེ་ལ་དྲི་མ་བཞི་བཞི་སྟེ་བཅུ་དྲུག་གི་ཚོགས་དག་པར་སྦྱོང་བའོ། །དེ་ཡང་ཐོག་མར་སྤྲོས་བཅས་ཉེ་བར་མཚོན་པ་ནི། སྤྲོས་བཅས་ཀྱི་སྤྲོས་བཅས་ལ་བརྡའི་སྤྲོས་བཅས་དང་། དོན་གྱི་སྤྲོས་བཅས་ཏེ་གཉིས། དེའི་སྤྲོས་མེད་ལ་བརྡ་དོན་གཉིས། ཤིན་ཏུ་སྤྲོས་མེད་ལ་གཉིས། རབ་ཏུ་སྤྲོས་མེད་ལ་བརྡ་དོན་གཉིས་ཏེ་བརྒྱད། དེ་བཞིན་དུ་སྤྲོས་མེད་ལ་བརྡའི་སྤྲོས་མེད་ལ་སོགས་པ་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད། རབ་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་གཉིས་སུ་འགྱུར་ལ། ལུས་ངག་ཡིད་སེམས་བཞིའི་ཚོགས་པ་ལའང་། དེ་ལྟར་ཕྱེ་བས་སུམ་ཅུ་རྩ་གཉིས་དག་པར་བྱེད་པ་ནི། བསྐྱེད་རིམ་གྱི་དག་བྱ་དང་དག་བྱེད་ཤེས་པའི་དགོས་པ་ཡོད་པའོ། །དེ་ལྟར་དག་བྱ་དྲི་མ་སུམ་ཅུ་རྩ་གཉིས་དང་། དག་བྱེད་དབང་སུམ་ཅུ་རྩ་གཉིས་བསྡོམས་ན། «༼༡༽«དྲུ»ག་ཅུ་རྩ་བཞི་ནི་དག་བྱ་དག་བྱེད་ཀྱི་དབྱེ་བ་ངེས་པའོ། །གཉིས་པ་ལུས་ཀྱི་བྱ་བ་ལ་བརྟེན་ནས་དབྱེ་བས་དབང་གི་གནས་ལུགས་བསྟན་པ་ནི། དག་བྱ་དྲི་མ་སུམ་ཅུ་རྩ་གཉིས་ཀྱི་གཞི་ལུས་མི་འདྲ་བ་དཔག་ཏུ་མེད་པ་ཡང་ས་ཆུ་མེ་རླུང་བཞི་ལས་གྲུབ་ལ། དེ་དག་ལ་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་བརྒྱད་དོ། །དེ་ཡང་ས་ཆུ་མེ་རླུང་གཞི་ལ་ཟུག་པ་དང་། བྱེར་བ་དང་། སྙོམས་པ་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་སོ། །དེ་དག་བྱེད་དབང་ལའང་སྤྲོས་བཅས་ལ་སོགས་བཞི་ལ་སྐུ་གསུང་ཐུགས་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་ཀྱིས་དག་པར་བྱེད་དོ། །འབྱུང་བཞི་ཕོ་མོ་གཉིས་ཏེ་བརྒྱད་ཀྱི་དག་བྱ་ནི། དབང་བཞི་ལ་ཐབས་ཤེས་རབ་གཉིས་གཉིས་སུ་ཕྱེ་བས་བརྒྱད་ཀྱིས་དག་པར་བྱེད་དོ། །ལུས་ཀྱི་འབྱུང་བའི་བྱེ་བྲག་ལའང་། ས་ལ་སོགས་པ་བཞི་པོ་རེ་རེ་ལ་སའི་ས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་དྲུག་ནི། ཚ་བ་དང་གྲང་བ་གཉིས་ཀྱི་དབྱེ་བས་དྲུག་ཅུ་རྩ་བཞིར་འགྱུར་ཏེ། གོང་གི་བརྡ་དོན་གྱི་དབྱེ་བའི་དབང ་དྲུག་ཅུ་རྩ་བཞིས་དག་པར་བྱེད་དོ། །དེའང་འབྱུང་བ་བཞི་པོ་རེ་རེ་ལའང ་ལེགས་པར་ཕྱེ་ན། ས་ལའང་དྲུག་ཅུ་རྩ་བཞི། དེ་ལ་ཁྱབ་པ་འབྱུང་བ་སྤྱིའི་ལུས་དང་། རང་གི་མཚན་ཉིད་འཛིན་པ་དངོས་ཀྱི་ལུས་གཉིས་སུ་ཕྱེ་བས། ས་ལ་ལུས་མི་འདྲ་བ་བརྒྱ་དང་ཉེར་བརྒྱད། དེ་བཞིན་དུ་ཕྱེ་བས་ཆུ་དང་མེ་དང་། རླུང་རྣམས་ལ་བརྒྱ་ཉེར་བརྒྱད་ཚན་པ་གསུམ་སྟེ། བསྡོམས་པས་ལྔ་བརྒྱ་དང་བཅུ་གཉིས་ཀྱི་ལུས་སུ་སྨིན་ནོ། །དེ་ལྟར་ཕྱིར་ལུས་སྨིན་པ་བཞིན་ནང་དུ་ཉོན་མོངས་པ་ཡང་། འདོད་ཆགས་ལ་བལྟས་པ་དང་། བགད་པ་དང་། བཅངས་པ་དང་། འཁྱུད་པ་སྟེ་བཞི་ནི་འབྱུང་བ་རེ་རེའི་ལུས་ལ་བཞི་བཞི་སྟེ་བཅུ་དྲུག གཏི་མུག་ལ་རྨུགས་པས་མ་ཤེས་པ་དང་། འཐིབས་པ་དང་། མྱོས་པ་དང་། རབ་ཏུ་མ་རིག་པ་འདྲེས་པ་དང་བཞི་པོ་ལུས་བཞི་ལ་ཕྱེ་བས་བཅུ་དྲུག ཞེ་སྡང་ལ་སྡང་བ་དང་། སྡང་བ་ཆེན་པོ་དང་། ཆེར་སྡང་བ་དང་། རབ་ཏུ་སྡང་བ་སྟེ་ལུས་རེ་ལས་ཕྱེ་བས་བཅུ་དྲུག །ང་རྒྱལ་ལ་ཕྲ་བ་དང་། རགས་པ་དང་། འགྱུར་བ་དང་། མཆེད་པ་དང་། འཕྲོ་བ་བཞི་ཡང་བཅུ་དྲུག །ཕྲག་དོག་ལ་ཡང་བ་དང་། ལྕི་བ་དང་། རྒོད་པ་དང་། ཕྲ་བ་བཞི་སྟེ་ཕྱེ་བས་བཅུ་དྲུག་སྟེ་བསྡོམས་པས་བརྒྱད་ཅུ་ཐམ་པ། དེ་ལས་བྱེ་བྲག་ཏུ་ཕྱེ་ན་འབྱུང་བའི་ལུས་མི་འདྲ་བ་ལྔ་བརྒྱ་དང་བཅུ་གཉིས་པོ་རེ་རེ་ལ། ཉོན་མོངས་པ་བཞི་བཞིའི་གྲངས་ཀྱིས་ཉི་ཤུ་ཉི་ཤུ་གནས་པས། ཐམས་ཅད་བསྡོམས་ནས་ཁྲི་ཕྲག་གཅིག་དང་བརྒྱ་བཞི་བཅུ་རྩ་བརྒྱད་དུ་འབྱུང་ལ། ལུས་དང་ཉོན་མོངས་པ་གཉིས་ཀའི་རྣམ་གྲངས་བསྡོམས་ནས་ཁྲི་ཕྲག་གཅིག་དང་དྲུག་བརྒྱ་དྲུག་ཅུ་ཐམ་པ་ནི་དག་བྱའི་དྲི་མ་ཡིན་ལ། དེའི་དག་བྱེད་ཀྱི་དབང་འོག་ཏུ་སྟོན་ནོ། །གསུམ་པ་གྲངས་ཀྱི་དབྱེ་བས་ལུས་དང་ཉོན་མོངས་པའི་དག་བྱེད་བསྟན་པ་ནི། དབང་རྣམ་པ་བཞི་ལས། དང་པོ་སྤྲོས་བཅས་ལའང་གཞིར་བྱས་པའི་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་ཕྱི་ནང་གསང་བ་ཡོངས་རྫོགས་དང་བཞིར་དབྱེ་ན། སྤྲོས་བཅས་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་སྟ་གོན་གྱི་ཚོམ་བུ་ལ་སོ་ཤིང་བྲིམ་པ། དེའི་ནང་མཎྜལ་འབུལ་བ། དེའི་གསང་བ་སྲུང་སྐུད་གདགས་ཤིང་ཀུ་ཤ་སྦྱིན་པ། ཡོངས་སུ་རྫོགས་པ་རྨི་ལམ་བརྟག་པའོ། །དེའི་སྤྲོས་མེད་ཀྱི་ཕྱིའི་དབང་ཁྲུས་བྱ་བ། གསོལ་བ་བཏབ་པ། རྡོ་རྗེས་ནང་དུ་བོད་པ་གསུམ་མོ། །དེའི་ནང་དམ་ཚིག་གི་མནའ་ཆུ་བླུད་པ། འཁོར་བ་སྤོང་བའི་མནའ། མྱང་འདས་ལེན་པའི་མནའ། སེམས་ཅན་གྱི་དོན་མི་བྱེད་རེའི་མནའ་བཞིའོ། །དེའི་གསང་བ་དམ་ཚིག་དང་། སྡོམ་པ་དབོག་པ་དང་། དཀྱིལ་འཁོར་དུ་འཇུག་པ་དང་། སེམས་ཀྱི་མེ་ཏོག་དབུལ་བའོ། །དེའི་ཡོངས་སུ་རྫོགས་པ་དཀྱིལ་འཁོར་དུ་འཇུག་པ་ལྷ་ངོ་བསྟན་པ། མེ་ཏོག་དོར་བ། མིང་གི་དབང་ངོ་། །དེའི་ཤིན་ཏུ་སྤྲོས་པ་མེད་པའི་ཕྱིའི་དབང་ཉན་ཐོས་ཀྱི་དཀྱིལ་འཁོར་དུ་འཇུག་པ། ས་ལམ་གྱི་ཚད་བསྟན་པ། སྟོད་གཡོགས་དང་སྨད་གཡོགས་སྦྱིན་པ། ལྷུང་བཟེད་དང་བསིལ་བྱེད་སྦྱིན་པ་ལ་སོགས་པ་སྟེ། ཁྲིམས་ཀྱི་ཐ་ཚིགས་ལ་སོགས་པ། ལས་ཀྱི་དབྱེ་བ། རྟེན་འབྲེལ་མཚོན་པ། སྒོམ་པ་སྦྱིན་པ། ལུང་བསྟན་པ་དང་། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དུ་འཇུག་པ་དང་། སེམས་བསྐྱེད་པ་དང་། སྡོམ་པ་སྦྱིན་པ་དང་། ཁྱད་པར་གྱི་སེམས་གཟུང་ལ་སོགས་པའོ། །དེའི་ནང་གི་དབང་ཀྲཱི་ཡའི་དཀྱིལ་འཁོར་དུ་འཇུག་པ་དང་། སེམས་བསྐྱེད་པ་དང་། སྡོམ་པ་གཟུང་བ་དང་། མེ་ཏོག་དོར་ཞིང་ལྷ་ངོ་བསྟན་པ་དང་། མིང་གི་དབང་དང་། ལུང་བསྟན་པ་དང་། གཟེངས་བསྟོད་པ་དང་། དབུགས་དབྱུང་བ་དང་། དབང་བསྐུར་བའོ། །དེ་བཞིན་དུ་ཨུ་པ་དང་ཡོ་གའི་དཀྱིལ་འཁོར་དུ་འཇུག་པ་ལ་རྣམ་གྲངས་དགུ་དགུ་སྟེ་ཉི་ཤུ་རྩ་བདུན་ནོ། །དེའི་གསང་བ་མ་ཧཱའི་ལུང་བསྟན་པ་དང་། དཀྱིལ་འཁོར་དུ་འཇུག་པ་དང་། ལྷ་ངོ་བསྟན་པ་དང་། མེ་ཏོག་དོར་བ་དང་། མིང་གི་དབང་དང་། ཉན་པ་དང་། འཆད་པ་དང་། ཕན་པ་དང་། ནུས་པ་དང་། རིག་པའི་དབང་དང་། ཡན་ལག་གི་དང་། ཁྱད་པར་གྱི་དབང་དང་བཅུ་གཉིས་སོ། །དེ་ནས་ཨ་ནུའི་དཀྱིལ་འཁོར་དུ་འཇུག་པ་དང་། བརྡ་ངེས་པར་མཚོན་པ་དང་། དབུགས་དབྱུང་བ་དང་། ཕྱག་རྒྱ་བསྒྱུར་བ་དང་། ལས་སུ་བྱ་བ་དང་། འཇུག་པ་ངེས་པ་དང་དྲུག་གོ «།»དེའི་ཡོངས་སུ་རྫོགས་པ། རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་གཞུག་པ་དང་། བསྒོམས་པ་ངེས་པའི་དཀྱིལ་འཁོར་དུ་མེ་ཏོག་དོར་བ་དང་། ལྷ་ངོ་བསྟན་ཞིང་དབང་བསྐུར་བ་དང་། འབྲས་བུ་བྱ་བྲལ་རྫོགས་པའི་དབང་བསྐུར་བ་དང་བཞིའོ། །སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་པ་མེད་པའི་ཕྱིའི་ཐ་«༼༡༽»དབང་ནི། དེ་ལྟར་རིམ་པ་དགུའི་དབང་རྫོགས་ནས། ཁྱད་པར་གྱི་དབང་ལ་འཇུག་པ་ནི། ཕྱག་རྒྱའི་དཀྱིལ་འཁོར་དུ་འཇུག་པ་སྟེ། དེའི་ཕྱི་ལ་རིག་མ་བརྟག་ཅིང་དགུག་པ་རྩ་བཙལ་ཞིང་སློང་བ། བདེ་བ་བཙལ་བ། རྒྱས་པར་བྱ་བ། དབབ་ཅིང་གཟུང་བ། བཟློག་ཅིང་སྦྱང་བ་དང་དྲུག་གོ «།»འདིའི་ནང་གི་དབང་ལ། སྦྱོར་བ་སྙོམས་པར་འཇུག་པ། བྱང་སེམས་ཡི་གེ་གསུམ་གྱི་སྒྲ་དང་བཅས་པ། མེ་ལོང་དུ་བླང་བ། དེ་«༼༢༽» རྡོ་རྗེ། པདྨ། འཁོར་ལོ་གསུམ་དུ་དམིགས་ཏེ་སློབ་མའི་ལྕེ་ལ་བཞག་ནས་ལུས་ངག་སྟོངས་པར་བྱ་བ་སྟེ་དྲུག་གོ «།»དེའི་གསང་བ་བདེ་བ་དང་བྱང་སེམས་དངོས་ཀྱི་བྱིན་རླབས་ལུས་ངག་ཡིད་གསུམ་ལ་བྱ་བ་གསུམ། གསང་བ་དང་གསང་བར་འོས་པ་དང་། གསང་བར་གཉེར་གཏད་པ་གསུམ་སྟེ་དྲུག་གོ «།»དེའི་ཡོངས་སུ་རྫོགས་པ་ཚིག་སྣ་ཚོགས་པས་མཚོན་པ་སྟེ། བརྡའི་ཚིག་དང་། དོན་གྱི་ཚིག་དང་། བརྡ་དོན་དབྱེར་མི་ཕྱེད་པའི་ཚིག་གསུམ་མོ། །དེ་ལྟར་ན་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་ལ། བསྐུར་རྒྱུའི་དབང་དྲུག དེའི་ཕྱི་ལ་སོ་ཤིང་བྲིམ་པ་དང་གཅིག དེའི་ནང་ལ་མཎྜལ་འབུལ་བ་དང་«༼༡༽»གཉིས། དེའི་གསང་བ་སྲུང་སྐུད་དང་ཀུ་ཤ་བྱིན་པ་གཉིས་ཏེ་བཞི། དེའི་ ཡོངས་རྫོགས་«༼༢༽»རྨི་ལམ་བརྟག་པ་དང་། བཟང་ངན་གྱི་རྗེས་དྲི་བ་གཉིས་ཏེ་དྲུག་གོ «།»དེའི་སྤྲོས་བཅས་ཀྱི་སྤྲོས་མེད་ཀྱི་ཕྱི་ལ་གསུམ་སྟེ་དགུ དེའི་ནང་ལ་བཞི་སྟེ་བཅུ་གསུམ། དེའི་གསང་བ་ལ་བཞི་སྟེ་བཅུ་བདུན། དེའི་ཡོངས་རྫོགས་ལ་བཞི་སྟེ་ཉེར་གཅིག «སྤྲོ»ས་པ་མེད་པའི་ཤིན་ཏུ་སྤྲོས་པའི་ཕྱི་ལ་ཉན་ཐོས་ལ་དྲུག རང་རྒྱལ་ལ་ལྔ་སྟེ་བཅུ་གཅིག བྱང་སེམས་ལ་བཞི་སྟེ་བཅོ་ལྔ། དེའི་ནང་གི་དབང་ལ་ཀྲཱི་ཡ་ལ་དགུ་སྟེ་ཉེར་བཞི། ཨུ་པ་ལ་དགུ་སྟེ་སོ་གསུམ། ཡོ་ག་ལ་དགུ་སྟེ་ཞེ་གཉིས། དེའི་གསང་བའི་དབང་ལ་མ་ཧཱ་ལ་བཅུ་གཉིས་ཏེ་ལྔ་བཅུ་རྩ་བཞི། ཨ ་ནུ་ལ་དྲུག་སྟེ་དྲུག་ཅུ་ཐམ་པ། དེའི་ཡོངས་རྫོགས་ཨ ་ཏི་ལ་བཞི་སྟེ་དྲུག་ཅུ་རྩ་བཞི་སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱིའི་དབང་ལ་བཅུ་བདུན། ནང་ལ་དྲུག་སྟེ་ཉེར་གསུམ། དེའི་གསང་བ་ལ་དྲུག་སྟེ་ཉེར་དགུ དེའི་ཡོངས་སུ་རྫོགས་པ་ལ་གཅིག་སྟེ་སུམ་ཅུ་ཐམ་པའོ། །ཤིན་ཏུ་སྤྲོས་མེད་ལ་དྲུག་ཅུ་རྩ་བཞི་སྟེ་དགུ་བཅུ་རྩ་བཞིའོ། །དེའི་སྤྲོས་མེད་ལ་བཅོ་ལྔ་སྟེ་བརྒྱ་དང་དགུའོ། །དེའི་སྤྲོས་བཅས་ལ་དྲུག་སྟེ་སྤྲོས་བཅས་བསྐུར་རྒྱུའི་ཆོས་བརྒྱ་དང་བཅོ་ལྔའོ། །སྤྲོས་མེད་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་ལ་བླ་མའི་བྱ་བ་དང་སློབ་མའི་བྱ་བ་གཉིས། དེའི་ནང་ལ་མཎྜལ་དང་བུམ་པ་གཉིས་ཏེ་བཞི། དེའི་གསང་བ་ལ་མཎྜལ་གྱི་ལེགས་པར་བཤད་པའི་ཆོས་ལྔ། བུམ་པའི་ལེགས་བཤད་ལྔ་སྟེ་བཅུ། གོང་མ་བཞི་དང་བསྡོམས་པས་བཅུ་བཞི། དེའི་ཡོངས་རྫོགས་ལ་བླ་མས་མིང་གི་མཚོན་པ་བརྗོད་པ་དང་སློབ་མས་སྟོབས་བསྐྱེད་པ་གཉིས་ཏེ་བཅུ་དྲུག་གོ །སྤྲོས་མེད་ཀྱི་སྤྲོས་མེད་ཀྱི་ཕྱིའི་དབང་ལ་ཨའི་བསྙེན་པས་སྐྱེ་མེད་ཀྱི་ལམ་སྦྱང་བ་དང་། ཨའི་སྒྲུབ་པས་འགག་མེད་ཀྱི་སྣ་བསལ་བ་དང་། ཨའི་འཕྲོ་འདུས་ལུས་ངག་ཡིད་དག་པར་བྱེད་པ་དང་གསུམ་མོ། །དེའི་ནང་ལ་ཁྲུས་ཀྱིས་དག་བྱའི་ཚུལ་བསྟན་པ། མཎྜལ་ཕུལ་བས་འདོད་པའི་དོན་ཐོབ་པར་བྱ་བ། ལུང་བཙལ་བས་བྱ་བ་ལ་འཇུག་པ་ངོ་ཤེས་པ་དང་གསུམ་མོ། །དེའི་གསང་བ་ལ་དཀྱིལ་འཁོར་དུ་འཇུག་པས། དབྱིངས་ལ་རིག་པ་གཞུག་པའི་གནད་དང་། ལྷ་ངོ་བསྟན་པས་དབྱིངས་རིག་ངོ་སྤྲད་པ་དང་། མིང་གི་དབང་བསྐུར་བས་སངས་རྒྱས་ཀྱི་སྲས་སུ་བྱ་བའོ། །དེ་ལྟར་གསུམ་དང་། དེའི་ཡོངས་སུ་རྫོགས་པ་ལ་ཕྱི་ཡུལ་དབང་པོའི་ཚིགས་སུ་བཅད་པས་ལུང་བསྟན་པས་ཤེས་པ་དང་ཡུལ་གཉིས་མེད་ཉམས་སུ་མྱོང་བའི་དབང་དང་། ནང་སེམས་གསལ་བའི་ཚིགས་སུ་བཅད་པས་དབུགས་དབྱུང་བས་སྐྱེ་མེད་ངོས་གཟུང་དང་བྲལ་བའི་དབང་དང་། གསང་བ་ཟུང་འཇུག་རིས་མེད་ཀྱི་ཚིགས་སུ་བཅད་པས་གཟེངས་བསྟོད་པས་དབྱིངས་རིག་གཉིས་མེད་བདེ་ཆེན་གྱི་དབང་བསྟན་པ་དང་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འཇུག་པར་འོས་པ་དང་། ཐོབ་པར་འོས་པ་གཉིས། དེའི་ནང་ལ་སྤྱོད་པར་ངེས་པ་དང་། ལྟ་བར་ངེས་པ་གཉིས་ཏེ་བཞི། དེའི་གསང་བ་ལ་རིགས་འབྱེད་པ་དང་། བདག་ཉིད་དུ་གནས་པ་གཉིས་ཏེ་དྲུག དེའི་ཡོངས་སུ་རྫོགས་པ་ལ་རྒྱུ་དང་རྐྱེན་གཉིས་ཏེ་བརྒྱད་དོ། །དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་སེམས་གནས་པ་དང་། ངག་གནས་པ་གཉིས། དེའི་ནང་ལ་ངག་བསྒྱུར་བ་དང་། སེམས་ཐོབ་པ་གཉིས་ཏེ་བཞི། དེའི་གསང་བ་ལ་བདེ་བ་ལུང་བསྟན་པ་དང་། གསང་བ་དབུགས་དབྱུང་བ་གཉིས་ཏེ་དྲུག དེའི་ཡོངས་རྫོགས་ལ་སྤྲོ་བར་གནས་པ་དང་། རང་གི་ལས་ཐོབ་པ་གཉིས་ཏེ་བརྒྱད་དོ། །དེ་ལྟར་སྤྲོས་མེད་ཀྱི་སྤྲོས་བཅས་ལ་བཅུ་དྲུག དེའི་སྤྲོས་མེད་ལ་བཅུ་གཉིས་ཏེ་ཉེར་བརྒྱད། དེའི་ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་དྲུག དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དོ། །བསྐུར་བས་ཐོབ་པའི་འབྲས་བུ་བཞི་བཅུ་རྩ་བཞིའོ། ། ཤིན་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ཀྱི་ཕྱི་ལ། ལམ་གསལ་བའི་ཕྱིར་བླ་མ་ལ་གསོལ་བ་གདབ་པ་དང་། རྣམ་ཤེས་བརྒྱད་ཀྱི་འཕྲོ་འདུ་བཅད་པའི་ཕྱིར་ཡི་གེ་བརྒྱད་ཀྱི་རྒྱས་གདབ་པ་དང་། ཡིད་ཀྱི་བྱུང་ཚོར་བཀག་ནས་བར་ཆད་ཞི་བའི་ཕྱིར་ཕཊ་ཀྱི་སྒྲ་སྒྲོགས་པ་དང་གསུམ། དེའི་ནང་ལ་གནས་བཙལ་བས་ཕྱོགས་ཀྱི་ངེས་པ་གཟུང་བ་དང་། བགེགས་བསལ་བའི་ཕྱིར་གཏོར་མ་སྦྱིན་པ་དང་། སེམས་ལ་སྤྲོ་བ་བསྐྱེད་པ་དང་གསུམ། དེའི་གསང་བ་ལ་ལུས་ཀྱི་སྤྱོད་པ་བརྩམ་པའི་ཡུལ་དང་། རྩོམ་པའི་ཐབས་དང་། བརྩམས་པའི་དགོས་པ་དང་གསུམ། དེའི་ཡོངས་སུ་རྫོགས་པ་ལ་ངག་གི་སྤྱོད་པ་བརྩམ་པའི་ཡུལ་དང་། རྩོམ་པའི་ཐབས་དང་། བརྩམས་པའི་དགོས་པ་གསུམ། དེའི་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་སྤྱོད་པ་རྩོམ་པའི་ཡུལ། ཐབས་དགོས་པ་གསུམ། དེའི་ནང་ལ་ལུས་དང་། ངག་དང་། སེམས་ཀྱི་སྡིག་པ་ངེས་པའི་ཡུལ་གསུམ། དེའི་གསང་བ་ལ་ལུས་དང་། ངག་དང་། སེམས་ཀྱི་སྡིག་པ་དག་པའི་ཚད་«༼༡༽» གསུམ། དེའི་ཡོངས་རྫོགས་ལ། ལུས་དང་། ངག་དང་། སེམས་ཀྱི་མ་དག་ན་བཤགས་པའི་ཐབས་གསུམ་སྟེ་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འབྲུའི་མཎྜལ་གྱིས་ལོངས་སྤྱོད་འཕེལ་བ་དང་། དྲིས་ཁམས་རྒྱས་པ་དང་། མེ་ཏོག་གིས་དབང་པོ་གསལ་བ་དང་། རིན་པོ་ཆེས་འབྱོར་བ་རྒྱས་པ་བཞིའོ། །དེའི་ནང་ལ་རིགས་བྲིས་«༼༡༽»པས་བདེ་བ་ཉམས་སུ་མྱོང་བ་དང་། ཡིན་པར་བརྗོད་པས་སྤྲོ་བ་བསྐྱེད་པ་གཉིས་ཏེ་དྲུག དེའི་གསང་བ་དཀྱིལ་འཁོར་དུ་འཇུག་པ་ལ། ཤར་སྒོ་ནས་ཞུགས་པས་ལམ་སྟོང་ཉིད་དུ་བསྟན་པ་དང་། ལྷོ་སྒོ་ནས་ཞུགས་པས་སེམས་སྟོང་པ་ཉིད་དུ་ངོ་སྤྲད། ནུབ་སྒོ་ནས་ཞུགས་པས་ཉོན་མོངས་པ་སྟོང་ཉིད་དུ་རང་གྲོལ། བྱང་སྒོར་ཞུགས་པས་ལས་དང་བག་ཆགས་སྟོང་ཉིད་དུ་མཐའ་ཟད་པ་དང་བཞི་སྟེ་བཅུའོ། །དེའི་ཡོངས་རྫོགས་རིག་པའི་མེ་ཏོག་དོར་བས་སེམས་སེམས་ཉིད་དུ་ཐིམ་པའི་གནད་དང་། དེ་ལས་དབུགས་དབྱུང་བ་དང་། ལུང་བསྟན་པ་གཉིས་ཏེ་བཅུ་གཉིས་སོ། །དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་ལུས་གནད་སྐྱིལ་ཀྲུང་གིས་གཞི་བཅའ་བ་དང་། ཉི་མ་ལྔ་ལ་སེམས་གཏད་པས་ཡེ་ཤེས་ལྔ་ངོས་ཟིན་པ་དང་། དེའི་འོད་འཕྲོ་བས་སེམས་གསལ་གདབ་པ་དང་གསུམ། དེའི་ནང་ལ་ཇེ་མཐོ་རྟོག་པ་མེད་པའི་ལམ་བཙལ་བ་དང་། སླར་མི་ལྡོག་པས་མྱ་ངན་ལས་འདས་པའི་སར་གཞི་འཛུགས་པ་དང་། ལན་གསུམ་དུ་བརྗོད་པས་སྐུ་གསུམ་འདུ་འབྲལ་མེད་པའི་ས་ལ་དབྱེར་མེད་པ་དང་གསུམ་སྟེ་དྲུག དེའི་གསང་བ་ལ་བླ་མས་བཞེངས་པས་སྣང་སྲིད་ཆོས་ཉིད་དུ་བཞེངས་པའི་གདེང་རྙེད་པ་དང་། ཨ་ཨ་ཞེས་པས་མ་སྐྱེས་ལ་སྐྱེ་བ་མེད་པའི་གནད་བཙལ་བ་དང་། མིག་ལ་མཛུབ་མོ་གཏད་པས་རིག་པ་འཆར་བའི་ལམ་གསལ་བ་དང་དགུའོ། །དེའི་ཡོངས་རྫོགས་ལ་ནམ་མཁའ་རྒྱ་ཆེ་བར་བརྗོད་པས་དབྱིངས་ལ་འདྲིས་པར་བྱ་བ་དང་། ནམ་མཁའ་ལ་ཕྱག་གིས་བྱུགས་པས་བརྡ་དོན་ཉམས་དང་འདྲེས་པ་དང་། འགྲོ་ན་འགྲོ་ས་འདུག་གམ། འདུག་ན་འདུག་ས་འདུག་གམ། སླར་འགྲོ་ས་དང་ལྡོག་ས་འདུག་གམ་གྱི་རྒྱས་གདབ་པ་དང་ལྔ་སྟེ། བཅུ་བཞིའོ། ། རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ཀྱི་ཕྱི་ལ་སུ་ཡིན་དྲིས་པས་རིགས་མཚོན་པ་དང་། སེམས་ཀྱི་བུས་ལན་བཏབ་པས་ལམ་ཉེ་བར་འཇུག་པ་དང་གཉིས། དེའི་ནང་ལ་ཆོས་སྐུའི་འདུག་སྟངས་ཀྱིས་གཞི་བཙལ་བ་དང་། ལོངས་སྐུའི་འདུག་སྟངས་ཀྱིས་ལམ་གསལ་བ་དང་། སྤྲུལ་སྐུའི་འདུག་སྟངས་ཀྱིས་ཕུགས་དཀྲུ་བ་དང་གསུམ། དེའི་གསང་བ་ལ་འདུག་སྟངས་ཐུན་མོང་བ་རྣམས་ཀྱིས་གནད་བསྟུན་པ་དང་། ཨེ་མ་ལ་སོགས་པས་ཆོས་སྐུའི་དཀྱིལ་འཁོར་དུ་འཇུག་པ་ལུས་ཀྱི་གནད་དང་། ལོངས་སྐུ་དང་སྤྲུལ་སྐུའི་དཀྱིལ་འཁོར་དུ་འཇུག་པ་ལུས་གནད་བསྟུན་པ་དང་བདུན་ཏེ་དགུའོ། །དེའི་གསང་བ་ལ་སྤྲུལ་སྐུའི་ཞིང་དུ་འཇུག་པའི་བར་ཏེ་བཅུ་གསུམ། དེའི་ཡོངས་རྫོགས་ལ་ལོངས་སྐུའི་ཞིང་དུ་འཇུག་པ་དང་ལྔ་སྟེ་བཅོ་བརྒྱད་དོ། །དེའི་སྤྲོས་མེད་ཀྱི་ཕྱི་ལ་ཆོས་སྐུའི་ཞིང་ཁམས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། དེའི་ནང་ལ་སྐུ་གསུམ་གྱི་ལྷ་ངོ་བསྟན་པ་གསུམ་སྟེ་དྲུག དེའི་གསང་བ་ལ་དེར་གནས་པ་གསུམ་སྟེ་དགུ། དེའི་ཡོངས་རྫོགས་ལ་སླར་མི་ལྡོག་པའི་ས་གསུམ་སྟེ་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་ངོ་བོ་ངེས་ཚིག དབྱེ་བ་མཚོན་པ་གསུམ། དེའི་ནང་ལ་སེམས་གནས་པ། ཐོབ་པ་བརྟན་པ་གསུམ་སྟེ་དྲུག དེའི་གསང་བ་ལ་སེམས་ཀྱི་གཞི་ལམ་འབྲས་བུ་གསུམ་སྟེ་དགུ། དེའི་ཡོངས་རྫོགས་ལ་སེམས་ཀྱི་འཇུག་པ། ཁྱབ་བྱེད། འགྱུར་དང་གསུམ་སྟེ་བཅུ་གཉིས་སོ། །དེའི་རབ་ཏུ་སྤྲོས་མེད་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱི་ལ། ལུས་ཀྱི་འདུག་སྟངས་བཅུ་གཅིག་གིས་ཐོབ་སྟེ་གནས་པ་དང་། དེའི་ནང་ལ་སེམས་ཀྱིས་«༼༡༽»བཅུ་གཉིས་ཀྱིས་སྲིད་པའི་འཁོར་ལོ་བཅུ་གཉིས་རྒྱུན་གཅོད་པ་དང་ཉེར་གསུམ། དེའི་གསང་བ་ལ་སེམས་ཉིད་སྐྱེ་མེད་དུ་ལྷ་ངོ་བསྟན་པས་སེམས་བདུན་ལ་དབང་ཐོབ་པས་ མ་རིག་པའི་«༼༢༽»ཁམས་བདུན་རྒྱུན་གཅོད་པ་སྟེ་སུམ་ཅུ། དེའི་ཡོངས་རྫོགས་ལ་མན་ངག་གི་དབྱེ་བ་དྲུག་དང་། ཟག་པ་མེད་པའི་སྡེ་བཞི་སྟེ་བཅུ་གཅིག་དང་བསྡོམས་པས་ཞེ་གཅིག་གོ །དེ་ལྟར་ན་རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ལ་རྣམ་གྲངས་བཅོ་བརྒྱད། དེའི་སྤྲོས་མེད་ལ་བཅུ་གཉིས་ཏེ་སུམ་ཅུ། དེའི་ཤིན་ཏུ་སྤྲོས་མེད་ལ་བཅུ་གཉིས་ཏེ་ཞེ་གཉིས། དེའི་རབ་ཏུ་སྤྲོས་མེད་ལ་ཞེ་གཅིག་སྟེ་བརྒྱད་ཅུ་རྩ་གསུམ་མོ། །ཤིན་ཏུ་སྤྲོས་པ་མེད་པ་ལ་བཞི་བཅུ་རྩ་བརྒྱད་དེ་བརྒྱ་སུམ་ཅུ་སོ་གཅིག «སྤྲོ»ས་པ་མེད་པ་ལ་དེའི་སྤྲོས་བཅས་ལ་བཅུ་དྲུག «སྤྲོ»ས་མེད་ལ་བཅུ་གཉིས་ཏེ་ཉེར་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་དྲུག དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དེ་བཞི་བཅུ་རྩ་བཞི་སྟེ། བརྒྱ་བདུན་ཅུ་རྩ་བཞི། སྤྲོས་བཅས་ལ་བརྒྱ་དང་བཅོ་ལྔ་སྟེ་ཉིས་བརྒྱ་བཞི་བཅུ་རྩ་དགུའོ། །དེ་ཡང་སྐུ་གསུང་ཐུགས་དབྱེར་མེད་པ་དང་བཞི་ལ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། མ་ངེས་པའི་དུས་བཞིར་བྱས་ཏེ། དབང་ཉིས་བརྒྱ་བརྒྱད་ཅུ་རྩ་དགུ་པོ་དེ་བཞིར་འབྲེལ་བས་ཕྱེ་ན། ཁྲི་ཆིག་སྟོང་ཆིག་བརྒྱ་དང་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །དེ་ལྟར་དག་བྱེད་དེ་ཙམ་གྱིས། དག་བྱ་འགྲོ་བའི་ལུས་མི་འདྲ་བ་བཅུ་གཉིས་ལས་བྱེད་པའི་འགྱུར་གྱིས་རྣམ་པར་ཕྱེ་ན། ཁྲི་ཕྲག་གཅིག་དང་། སྟོང་ཕྲག་གསུམ་དང་། དྲུག་བརྒྱ་སུམ་ཅུ་རྩ་གཉིས། ཉོན་མོངས་པ་ཡང་དེའི་འགྱུར་བརྩིས་པས་ཁྲི་ཕྲག་གཅིག་དང་ཕྱེད་དང་བདུན་བརྒྱ་སྟེ། དེ་ལས་སྟོང་ཕྲག་གཉིས་དང་དགུ་བརྒྱ་བདུན་ཅུ་རྩ་གཉིས་ལྷག་པ་ནི། ལས་ཀྱི་མཐའ་ཉེ་བར་སྡུད་པ་ལ་དགོངས་པ་སྟེ། གོང་གི་ལུས་དང་ཉོན་མོངས་པའི་དབྱེ་བ་རྣམས་དག་པར་བྱེད་པའོ། །ཞར་ལ་དག་བྱ་ནང་གི་རླུང་གི་དབྱེ་བས་དབང་ངེས་པའི་རྣམ་གྲངས་བསྟན་པ་ནི། འབྱུང་བ་བཞིའི་རླུང་གི་རིམ་པས་ཏེ། དེའི་དག་བྱེད་དབང་བཞི་ལ་རང་ངོའི་དབྱེ་བ་བཅུ་དྲུག་ལས། རེ་རེ་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞིར་ཕྱེ་བས། སྤྲོས་བཅས་ལ་བཅུ་དྲུག །སྤྲོས་མེད་ལ་བཅུ་དྲུག་སྟེ་སོ་གཉིས། ཤིན་ཏུ་སྤྲོས་མེད་ལ་བཅུ་དྲུག་སྟེ་ཞེ་བརྒྱད། རབ་ཏུ་སྤྲོས་མེད་ལ་བཅུ་དྲུག་སྟེ་དྲུག་ཅུ་རྩ་བཞིས་ནི། རླུང་ལས་རླུང་། ཆུ་རླུང་། མེ་རླུང་། རླུང་གི་རླུང་བཞི་ལ། བྱེར་བ། ཟུག་པ། སྙོམས་པ། འཁྲུག་པ་བཞི་བཞིར་ཕྱེ་བས་བཅུ་དྲུག དེ་རེ་རེ་ལ་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་སུམ་ཅུ་རྩ་དྲུག་གི་ཕྱེད་པའི་ལས་དག་པར་བྱེད་པའོ། །སྤྱི་དོན་གསུམ་པ་དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུ་ལ་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གི་འབྲས་བུའོ། །དང་པོ་ལ་ལམ་གྱི་ཡོན་ཏན་སྤྱིར་བསྟན་པ་དང་། རིགས་འཛིན་བཞིའི་ཐོབ་ཚུལ་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི་སྤྲོས་བཅས་ཀྱིས་ཚོགས་ལམ་བཅུ་གཉིས་རྫོགས་པའི་ཡོན་ཏན་འཐོབ་པའི་རྟེན་བྱེད། སྤྲོས་མེད་ཀྱིས་སྦྱོར་ལམ་ངེས་འབྱེད་ཆ ་བཞི་རྫོགས་པའི་རྟེན་བྱེད། ཤིན་ཏུ་སྤྲོས་མེད་ཀྱིས་མཐོང་ལམ་རྫོགས་པའི་རྟེན་བྱེད། རབ་ཏུ་སྤྲོས་མེད་ཀྱིས་སྒོམ་ལམ་ས་དགུ་རྫོགས་པའི་རྟེན་བྱེད་པའོ། །དེ་བཞིན་དུ་མོས་པའི་ས་དང་འཇུག་པའི་ས་དང་བསྒྱུར་བའི་ས་དང་ཆོད་པའི་ས་བཞི་དབང་བཞི་རེ་རེ་ལ་སྦྱར་བས་ས་བཅུ་དྲུག་གི་ཡོན་ཏན་རྫོགས་པས་ཐུན་མོང་གི་ཡོན་ཏན་རྫོགས་པའི་རང་བཞིན་ཐོབ་པའོ། །དེ་ཡང་སྤྲོས་བཅས་ཀྱི་སྤྲོས་བཅས་མོས་པ་དང་ལྡན་པའི་ས་སྟེ་གདུང་བ་དང་བསོད་ནམས་ཀྱི་ཁྱད་པར་རོ། །དེའི་སྤྲོས་མེད་འཇུག་པ་དག་པའི་ས་སྟེ་དད་པས་ངེས་པ་ལ་བརྟེན་ནས་རང་དབང་ཅན་དུ་འཇུག་པའོ། །དེའི་ཤིན་ཏུ་སྤྲོས་མེད་དངོས་པོ་དག་པར་བསྒྱུར་བའི་ས་སྟེ་ལུས་ངག་གི་བཅིངས་པ་ལ་མི་གནས་པའོ། །དེའི་རབ་ཏུ་སྤྲོས་མེད་ལས་ཀྱི་མཐའ་ཆོད་པའི་ས་སྟེ། སྤྲོས་པ་དང་འཁོར་བ་ལ་མི་གནས་པའོ། །དེ་བཞིན་དུ་དབང་ལྷག་མ་གསུམ་ལའང་སྦྱོར་«༼༡༽» ཏེ། མོས་པ་ལ་སོགས་པའང་བཞི་བཞིར་སྦྱར་ན། མོས་པའི་མོས་པ་དད་པས་ངེས་པ། མོས་པའི་འཇུག་པ་སྙིང་རྗེ་ངེས་པ། མོས་པའི་བསྒྱུར་བ་ཐབས་ཀྱིས་ཟིན་པ། མོས་པའི་ཆོད་པ་ཤེས་རབ་ཀྱིས་དོན་ཆོད་པའོ། །འཇུག་པའི་མོས་པ་ཞི་གནས་ལ་མོས་པ། དེའི་འཇུག་པ་ལྷག་མཐོང་ལ་འཇུག་པ། དེའི་བསྒྱུར་བ་མཉམ་གཞག་གི་རྟོགས་པ་ཐ་དད་དུ་བསྒྱུར་བ། དེའི་ཆོད་པ་རྗེས་ཤེས་ཀྱི་འགྱུ་བ་ཆོད་པའོ། ། བསྒྱུར་བའི་མོས་པ་གོས་ཀྱི་ཞེན་པ་གྲོལ་བ། དེའི་འཇུག་པ་ཟས་ཀྱི་ཞེན་པ་གྲོལ་བ། དེའི་བསྒྱུར་བ་རྨི་ལམ་འོད་གསལ་དུ་གྲོལ་བ། དེའི་ཆོད་པ་བག་ཆགས་དང་ཉོན་མོངས་གྲོལ་བའོ། །ཆོད་པའི་མོས་པ་སྤྱོད་པས་འཁོར་བ་ལ་མི་གནས་པ། དེའི་འཇུག་པ་བསྒོམས་པས་བསམ་གཏན་ལ་གནས་པ། དེའི་བསྒྱུར་བ་ལྟ་བས་འཁྲུལ་སྣང་ལ་མི་གནས་པར་ཁམས་གསུམ་སྐུ་གསུམ་དུ་བསྒྱུར་བ། དེའི་ཆོད་པ་འབྲས་བུ་འཁོར་འདས་གཉིས་དུས་གཅིག་ལ་ཆོད་པའོ། །དེ་ལྟར་བཅུ་དྲུག་དང་དབང་གི་ངོ་བོ་བཅུ་དྲུག་པོ་དེ་བསྡོམས་པས་སུམ་ཅུ་རྩ་གཉིས་ལ། ས་བཅུ་དྲུག་ལ་ཡེ་ཤེས་གནས་པ། སྐྱེ་བ། ཐོབ་པ། འཆར་བ་བཞི་བཞིར་དབྱེ་བས་དྲུག་ཅུ་རྩ་བཞི་ནི་རྡོ་རྗེ་འཆང་གི་ས་མཆོག་རྫོགས་པར་བྱེད་པའོ། །དབང་གི་ངོ་བོ་བཅུ་དྲུག་ལ་སྦྱར་བས་མཚན་སུམ་ཅུ་རྩ་གཉིས་འགྲུབ་པའི་རྒྱུ་བྱེད་པའོ། །གཉིས་པ་རིགས་འཛིན་གྱི་ས་བཞིའི་ཐོབ་ཚུལ་ནི། དབང་བཞིའི་འཇུག་པ་རྗེས་སུ་དྲན་པ་ལས་རིགས་འཛིན་གྱི་ས་བཞི་སྟེ། རྣལ་འབྱོར་གྱི་ས་དང་། རྣལ་འབྱོར་ཆེན་པོའི་ས་དང་། འབྱེད་པའི་རྣལ་འབྱོར་གྱི་ས་དང་། རྟོགས་པའི་རྣལ་འབྱོར་གྱི་ས་དང་བཞི་ལས། དབང་དུ་བསྒྱུར་བ་དང་མ་བསྒྱུར་བ་གཉིས་གཉིས་ཏེ་བརྒྱད་དུ་ངེས་སོ། །དེ་ལ་ཡང་ཆ་ཤས་ཀྱིས་བཞི་བཞིར་ཕྱེ་ན། རྣལ་འབྱོར་གྱི་ས་ལའང་། རྣལ་འབྱོར་དང་། བྱ་བའི་རྣལ་འབྱོར་དང་། སྤྱོད་པའི་རྣལ་འབྱོར་དང་། བསྒྱུར་བའི་རྣལ་འབྱོར་དང་བཞིའོ། །རྣལ་འབྱོར་ཆེན་པོ་ལ་ཤིན་ཏུ་རྣལ་འབྱོར་གྱི་ས་དང་། རང་ས་ངེས་པའི་རྣལ་འབྱོར་གྱི་ས་དང་། སྤྲོས་པའི་རྣལ་འབྱོར་གྱི་ས་དང་། བྱ་བྲལ་རྫོགས་པའི་རྣལ་འབྱོར་གྱི་ས་སྟེ་བཞིའོ། །འབྱེད་པའི་རྣལ་འབྱོར་གྱི་ས་ལ། བརྡའི་ས་དང་། དོན་གྱི་ས་དང་། བརྡ་དོན་དབྱེར་མེད་ཀྱི་ས་དང་། མ་འདྲེས་པའི་ས་སྟེ་བཞིའོ། །རྟོགས་པའི་རྣལ་འབྱོར་གྱི་ས་ལ། རྫུ་འཕྲུལ་འཕྲུལ་པའི་ས་དང་། ཁྱད་པར་རྟོགས་པའི་ས་དང་། མངོན་པར་འབྱུང་བའི་ས་དང་། དཔའ་བོ་རིགས་འབྱེད་ཀྱི་ས་དང་བཞི་སྟེ་བསྡོམས་པས་ས་བཅུ་དྲུག་གོ །དེ་ལྟར་ས་བཅུ་དྲུག་ལས། ས་དང་པོ་ལ་ཤེས་བྱེད་ཀྱི་རྫུ་འཕྲུལ་བདུན་ནི། རང་གི་ལུས་བརྒྱ་སྟོང་དུ་སྤྲུལ་པ་དང་། དེ་དག་ལ་ཡན་ལག་བརྒྱ་སྟོང་དུ་སྤྲུལ་པ་དང་། ལུས་གཅིག་ལ་མགོ་བརྒྱ་སྟོང་དུ་སྤྲུལ་པ་དང་། ལུས་བརྒྱ་སྟོང་ལ་མགོ་གཅིག་པར་སྤྲུལ་པ་དང་། མགོ་གཅིག་ལ་ལུས་མི་འདྲ་བ་བརྒྱ་སྟོང་སྤྲུལ་ནས་དེ་ལས་སྤྲུལ་པ་འགྱེད་པ་སྟེ་ལྔ་དང་། ལུས་ལ་མགོ་དང་ཡན་ལག་མི་འདྲ་བ་དཔག་ཏུ་མེད་པར་སྤྲུལ་པ་དང་དྲུག «སྐྱེ»་བ་སྣ་ཚོགས་པར་སྤྲུལ་པ་དང་བདུན་ནི་དབང་དུ་གྱུར་པའི་ས་རྟོགས་པ་ལས་བྱུང་བའོ། །ས་གཉིས་པ་ལ་རང་གི་ཁོག་པ་ཁ་ཕྱེ་ནས་གློ་སྙིང་རྣམས་གཞན་ལ་སྟོན་པར་ནུས་པ་དང་། ལུས་ཀྱི་སྟོད་ནས་མེ་འབར་བ་ལ་སྨད་ནས་ཆུ་འབྲུག་པར་ནུས་པ་དང་། ཡན་ལག་བཅད་ནས་ཕྱོགས་བཞིར་འཐོར་བར་ནུས་པ་དང་། མིག་ལ་སོགས་པའི་དབང་པོ་ལྔ་ཐང་ལ་ལྷུང་བར་ནུས་པ་དང་། ལུས་ཀྱི་སྟོབས་ཀྱིས་རི་བོ་འཕེན་པར་ནུས་པ་དང་། ཕྱིའི་རྒྱ་མཚོ་ཆེན་པོ་ནམ་མཁའ་ལ་སྤར་བར་ནུས་པ་དང་། གཟའ་སྐར་རྣམས་ཐང་ལ་ལྷུང་བར་ནུས་པ་དང་བདུན་ནི་དབང་གི་དུས་སུ་ཡན་ལག་བདུན་སྔོན་དུ་སོང་བ་ལས་བྱུང་བའོ། །ས་གསུམ་པ་ལ་རླུང་ཞགས་པར་འཆིང་བར་ནུས་པ་དང་། འགྲོ་བའི་བསམ་པ་གཞན་དུ་བསྒྱུར་བ་དང་། འཇིག་རྟེན་སྐྱོང་བའི་ལྷའི་རྒྱལ་པོ་རྣམས་སྒྲོལ་བར་ནུས་པ་དང་། མཁའ་འགྲོ་མའི་ཡིད་འཕྲོག་པར་ནུས་པ་དང་། འགྲོ་བ་བརྒྱ་སྒྲོལ་ཞིང་བསྒྲལ་བ་རྣམས་གསོ་བར་ནུས་པ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་གྱི་བུ་མོ་ལ་རོལ་པར་ནུས་པ་དང་། དབང་ཕྱུག་ཆེན་པོ་ལ་སོགས་པའི་འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ཀྱི་སྟོབས་ཉམས་པར་ནུས་པ་དང་བདུན་ནི་དབང་བསྐུར་བའི་དུས་སུ་སེམས་བསྐྱེད་པ་ལས་བྱུང་བའོ། །ས་བཞི་པ་ལ་ནམ་མཁའ་རྡོ་རྗེར་བསྒྱུར་བར་ནུས་པ་དང་། མེ་ཆུར་བསྒྱུར། ཆུ་མེར་བསྒྱུར། ས་མེར་བསྒྱུར། ས་ཆུར་བསྒྱུར། རླུང་མེར་བསྒྱུར། མེ་རླུང་དུ་བསྒྱུར་བར་ནུས་པ་དང་བདུན་ནི་ཡི་གེ་སྤྲོ་བསྡུ་བསྒོམས་པ་ལས་བྱུང་བའོ། །ས་ལྔ་པས་ནི་ནམ་མཁའ་བདུན་པ་ལ་དབང་བསྒྱུར་བར་ནུས་ཏེ་སྟོང་ཉིད་བསྒོམས་པ་ལས་བྱུང་བའོ། །ས་དྲུག་པས་མེ་བདུན་ལ་དབང་བསྒྱུར་བ་ནི། སྔོན་དུ་དབང་གི་ཤེས་བྱེད་ལས་བྱུང་བའོ། །ས་བདུན་པས་ས་གཅིག་ནས་གཉིས་སུ་བྱས་པའི་བདུན་ལ་དབང་བ་ནི་འབྱུང་བ་རིམ་བརྩེགས་བསྒོམས་པ་ལས་བྱུང་བའོ། །ཡང་ཆུ་བདུན་ལ་དབང་བ་ནི་སྔོན་འགྲོ་སོང་བ་ལས་བྱུང་བའོ། །ས་བརྒྱད་པས་རླུང་བདུན་ལ་དབང་བ་ནི་འཁོར་ལོ་བཞིའི་རླུང་སྦྱངས་པ་ལས་བྱུང་བའོ། །ས་དགུ་པས་བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་བསྐྱོད་ནུས་པ་ནི་སྦྱོར་བ་སྔོན་དུ་སོང་བ་ལས་བྱུང་བའོ། །ས་བཅུ་པས་ཆོས་སུ་བྱ་བ་བདུན་ལ་དབང་བ་ནི་ལྷ་བསྒོམས་པ་ལས་བྱུང་བའོ། །ས་བཅུ་གཅིག་པས་རྟ་སྤྲིན་གྱི་ཤུགས་ཅན་བདུན་སྤྲུལ་ནུས་པ་ནི་བརྩོན་འགྲུས་བརྩམས་པ་ལས་བྱུང་བའོ། །བཅུ་གཉིས་པས་དགེ་སློང་བསིལ་བྱེད་ཅན་བདུན་སྤྲུལ་ནུས་པ་ནི་དམ་ཚིག་དང་སྡོམ་པ་ལ་གནས་པ་ལས་བྱུང་བའོ། །བཅུ་གསུམ་པས་ལྷའི་གཞལ་མེད་ཁང་བདུན་སྤྲུལ་ནུས་པ་ནི་གཞལ་ཡས་ཁང་བསྒོམས་པ་ལས་བྱུང་བའོ། །བཅུ་བཞི་པས་འཇིག་རྟེན་གྱི་ཁམས་བདུན་སྤྲུལ་ནུས་པ་ནི་བླ་མ་མཉེས་པར་བྱས་པ་ལས་བྱུང་བའོ། །བཅོ་ལྔ་པས་ཡི་དམ་གྱི་ལྷ་བདུན་སྤྲུལ་ནུས་པ་ནི་ཡི་དམ་བསྒོམས་པ་ལས་བྱུང་བའོ། །བཅུ་དྲུག་པས་ལྷ་མོ་བདུན་སྤྲུལ་ཞིང་གཟུགས་སོགས་ཡུལ་དྲུག་གི་དག་བྱེད་ལ་ལོངས་སྤྱོད་ལ། འགྲོ་དྲུག་གི་སྐྱེ་གནས་སྟོན་པར་ནུས་པ་དང་བཅུ་དགུ་ནི་དབང་རྣམས་རྫོགས་པ་ལས་བྱུང་བའོ། །དེ་ལྟར་ས་བཅུ་དྲུག་ལ་རྫུ་འཕྲུལ་བརྒྱ་ཐམ་པ་ འབྱུང་བ་«༼༡༽»ནི་རིགས་འཛིན་གྱི་ས་ཞེས་བྱའོ། ། མིང་གི་རྣམ་གྲངས་གཞན་རྣམ་པར་སྨིན་པ་དང་། ཚེ་ལ་དབང་བ་དང་། ཕྱག་རྒྱ་ཆེན་པོ་དང་། ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ། རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། འབྱེད་པའི་རྣལ་འབྱོར་དང་། རྟོགས་པའི་རྣལ་འབྱོར་ཏེ་རིམ་པ་བཞིན་ནོ། །དེ་ཡང་རྣམ་པར་སྨིན་པའི་རིགས་འཛིན་ནི་སེམས་ལྷའི་སྐུར་སྨིན་ཡང་ལུས་མ་སྨིན་པས་བར་དོར་གྲོལ་བའོ། །ཚེ་དབང་ནི་དེ་ཉིད་ལ་གྲོལ་བའོ། །ཕྱག་རྒྱ་ཆེན་པོ་ནི་ལུས་སེམས་ལྷར་སྨིན་པའོ། །ལྷུན་གྲུབ་ནི་རང་གཞན་གྱི་དོན་གཉིས་གྲུབ་པའོ། །འདི་དག་ལ་ས་བཅུ་དྲུག་པོ་དེ་སྔ་མ་བཞིན་སྦྱར་ཏེ་ཡོན་ཏན་ཤེས་པར་བྱའོ། །རྣམ་སྨིན་ནི་བར་མ་ཆད་ན་ཚེ་དེ་ལ་ཚེ་དབང་ཐོབ་ནས་འབྲས་བུ་ཐོབ་པའོ། །ཚེ་དབང་ནི་བསྐལ་པ་ཆེན་པོ་གཅིག་ན་རྫུ་འཕྲུལ་སྦྱངས་ནས་རྡོ་རྗེ་འཆང་གི་ས་འཐོབ་བོ། །ཕྱག་རྒྱ་ཆེན་པོ་ནི་ལོ་བརྒྱ་ན་རྡོ་རྗེ་འཆང་གི་ས་འཐོབ་བོ། །ལྷུན་གྲུབ་ནི་ལོ་སྟོང་ན་རྡོ་རྗེ་འཆང་གི་ས་འཐོབ་སྟེ་འཕྲིན་ལས་བཞིས་དོན་གཉིས་མཛད་པའི་ཕྱིར་རོ། །འཕྲིན་ལས་བཞི་ནི། ཞི་བ། རྒྱས་པ། དབང་། དྲག་པོའོ། །དེ་ལ་སྤྲོས་བཅས་ཀྱིས་ཞི་བའི་ལས་བྱེད་དེ་དངོས་པོ་ལུས་སེམས་ཀྱི་བར་ཆད་མངོན་གྱུར་དང་། དངོས་མེད་དྲི་མ་ཕྲ་རགས་གཉིས་ཞི་བར་བྱེད་པའོ། །དབྱེ་ན་ཞི་བའི་ཞི་བ་ཤེས་པ་དང་རླུང་། ཞི་བའི་རྒྱས་པ་ཚེ་དང་བསོད་ནམས། ཞི་བའི་དབང་ལུས་ངག་གི་ནུས་པ། ཞི་བའི་དྲག་པོ་གཉིས་ཞི་ནས་གཅིག་ཏུ་གནས་པའོ། །སྤྲོས་མེད་ཀྱིས་རྒྱས་པའི་ལས་འགྲུབ་བོ། །དབྱེ་ན་རྒྱས་པའི་ཞི་བ་རྣམ་རྟོག་ངན་པ་ཟད་པ། རྒྱས་པའི་རྒྱས་པ་ཚེ་དང་བསོད་ནམས་འཁོར་དང་ལོངས་སྤྱོད་ཉམས་དང་བྱིན་བརླབས་སོ། །རྒྱས་པའི་དབང་ཇི་ལྟར་འདོད་པའི་བསྒྲུབ་བྱ་རྒྱས་པ། རྒྱས་པའི་དྲག་པོ་ལུས་ངག་སེམས་ཀྱི་ནུས་པ་རྫོགས་པའོ། །ཤིན་ཏུ་སྤྲོས་མེད་ཀྱིས་དབང་གི་འཕྲིན་ལས་འགྲུབ་བོ། །དབྱེ་ན་དབང་གི་ཞི་བ་ལུས་ངག་ཡིད་ཀྱི་བར་ཆད་ཞི་བ། དབང་གི་རྒྱས་པ་ལྟ་སྒོམ་སྤྱོད་འབྲས་རྒྱས་པ། དབང་གི་དབང་མི་དང་མི་མ་ཡིན་རྣམས་འདུས་པ། དབང་གི་དྲག་པོ་དགུག་པ་ལ་སོགས་པ་འགྲུབ་པའོ། ། རབ་ཏུ་སྤྲོས་པ་མེད་པས་དྲག་པོའི་འཕྲིན་ལས་འགྲུབ་པའོ། །དབྱེ་ན་དྲག་པོའི་ཞི་བ་དགུག་པ་དང་བཅིང་བའི་ལས་སོ། །དྲག་པོའི་རྒྱས་པ་དབྱེ་བ་དང་བསྐྲད་པ། དྲག་པོའི་དབང་ཚུར་ལ་སན་ཀ་མི་རྙེད་པ། དྲག་པོའི་དྲག་པོ་སྤ་བཀོང་བ་དང་བསད་པ་ལ་སོགས་པ་འགྲུབ་པའོ། །དེ་ལྟར་བཅུ་དྲུག་ནི་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་སོགས་རང་ངོའི་དབྱེ་བ་བཅུ་དྲུག་གི་འབྲས་བུའོ། །དེ་ཡང་རྣམ་པར་འཕྲུལ་པས་དབྱེ་ན། ལུས་མི་འདྲ་བའི་གྲངས་བཞིན་དག་བྱེད་ཀྱང་དེ་ཙམ་ཡོད་པ་ནི་འཕྲིན་ལས་ཀྱི་གྲངས་སོ། །གཞན་ཡང་གནས་སྐབས་སུ་ཐོབ་པ་ནི། སྤྲོས་བཅས་ཀྱི་དབང་གིས་ལུས་ཀྱི་ཡོན་ཏན། ཚེ་རིང་བ་དང་། ནད་མེད་པ་དང་། འགྲོ་བ་བྱམས་པ་དང་། བསོད་ནམས་དང་ལྡན་པ་དང་། རྫུ་འཕྲུལ་འགྲུབ་པ་དང་། ལུས་ཀྱི་རྡུལ་ཕྲན་མཐོང་བ་ལ་སོགས་པའོ། །སྤྲོས་མེད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། གཞན་གྱི་རྣར་སྙན་པ་དང་། བསྒོ་བ་བཞིན་ཉན་པ་དང་། བཀའ་བསྟན་བཅོས་ལ་དབང་བ་དང་། མི་མ་ཡིན་པའི་སྐད་ཤེས་པ་ལ་སོགས་པའོ། ཤིན་ཏུ་སྤྲོས་མེད་ཀྱིས་ཡིད་དག་པ་དང་། ཏིང་ངེ་འཛིན་དང་། རིག་པ་དང་། གང་བསམས་ཆོས་ཉིད་དུ་འཆར་བ་དང་། དུས་བཞི་དུས་གཅིག་ཏུ་རྟོགས་པ་དང་། འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ལ་སོགས་པའོ། །རབ་ཏུ་སྤྲོས་མེད་ཀྱིས་སེམས་ལས་སུ་རུང་བ་དང་། མངོན་པར་ཤེས་པ་དང་། ཚེ་དཔག་ཏུ་མེད་པར་བྱིན་གྱིས་རློབས་པ་ལ་སོགས་པའོ། །ཁྱད་པར་དུ་དབང་བཞིས་སྣང་བ་བཞིའི་ཡོན་ཏན་ཐོབ་པ་ནི། སྤྲོས་བཅས་ཀྱིས་ཆོས་ཉིད་མངོན་སུམ་གྱི་སྣང་བ། སྤྲོས་མེད་ཀྱིས་ཉམས་གོང་འཕེལ། ཤིན་ཏུ་སྤྲོས་མེད་ཀྱིས་རིག་པ་ཚད་ཕེབས། རབ་ཏུ་སྤྲོས་མེད་ཀྱིས་ཆོས་ཉིད་ཟད་པའི་སྣང་བ་སྟེ། དེ་དག་རེ་རེ་ཞིང་ཕྱི་སྣང་བའི་ཡོན་ཏན་རེ་དང་། ནང་ཉམས་ཏིང་ངེ་འཛིན་རེ་དང་། གསང་བ་ལྟ་དགོངས་ཁྱད་པར་ཅན་རེ་དང་། ཡོངས་རྫོགས་བསྟན་པའི་ཚད་རེ་ཐོབ་ནས། ཟག་བཅས་མི་སྣང་བར་སངས་རྒྱས་ཀྱི་ས་ལ་སྦྱོར་བའོ། །འདི་དག་ནི་ཐུན་མོང་དུ་གནས་སྐབས་ཀྱི་ཡོན་ཏན་ནོ། །གཉིས་པ་མཐར་ཐུག་གི་འབྲས་བུ་ནི། མགོན་པོ་རྡོ་རྗེ་འཆང་གི་ས་སྟེ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་རྫོགས་པར་ཐོབ་པའོ། ། དབྱེ་ན་གསུམ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཞིང་ཁམས་མདོར་བསྟན། བསམ་གྱིས་མི་ཁྱབ་པའི་དབྱེ་བ་རྒྱས་པར་བཤད། མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བའོ། །དང་པོ་ནི་དབང་མཐར་ཕྱིན་པའི་འབྲས་བུ་བཞི་ལ་རྟགས་བཞི་དང་ཚད་བཞི་སྟེ། བཅུ་གཉིས། སྨིན་སོ་སྐུ་བཞི་སྟེ་བཅུ་དྲུག ཡེ་ཤེས་བཞི་སྟེ་ཉི་ཤུ། ཡེ་ཤེས་ཀྱི་འོད་ཟེར་བཞི་སྟེ་ཉེར་བཞི། འོད་ཀྱིས་བཀྱེ་བའི་སྤྲུལ་པ་བཞི་སྟེ་ཉེར་བརྒྱད། སྤྲུལ་པའི་གདུལ་ཞིང་བཞི་སྟེ་སུམ་ཅུ་རྩ་གཉིས་སུ་སྨིན་པས་དོན་འབྱུང་བ་ནི། ལམ་དུ་དབང་སུམ་ཅུ་རྩ་གཉིས་ཐོབ་པ་ལས་བྱུང་བའོ། །དེ་ཡང་སྐུ་བཞི་ལ་གཞི་གནས་ཀྱི་ཡེ་ཤེས། མཚན་ཉིད་འཛིན་པའི་ཡེ་ཤེས། ཐམས་ཅད་མཁྱེན་པའི་ཡེ་ཤེས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བཞི་བཞི་བརྩིས་པས་བཅུ་དྲུག །ཡེ་ཤེས་ཀྱི་མཁྱེན་པ་བཞི་བཞི་བརྩིས་པས་བཅུ་དྲུག་སྟེ་སུམ་ཅུ་རྩ་གཉིས་ནི་སྐུ་དང་ཡེ་ཤེས་ཀྱི་རྣམ་གྲངས་སུམ་ཅུ་རྩ་གཉིས་ཞེས་བྱའོ། །འདི་དག་རྫོགས་པ་ནི་རྡོ་རྗེ་འཆང་གི་ས་བཅུ་དྲུག་མཛད་པ་ཡེ་ཤེས་ཀྱི་ཡུལ་བཅུ་དྲུག་དང་བཅས་པའོ། །ཡེ་ཤེས་ཀྱི་སྣང་བའི་རང་འོད་ལྔ་ལས་ཞིང་ལྔའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པ་ནི། འོད་མཐིང་གའི་སོང་ན་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རྫོགས་པའོ། །དེ་བཞིན་དུ་དཀར་པོས་མི་བསྐྱོད་པ། སེར་པོས་རིན་ཆེན་འབྱུང་ལྡན། དམར་པོས་སྣང་བ་མཐའ་ཡས། ཡང་གུས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའོ། །དཀྱིལ་འཁོར་དེ་དག་ལས་གདུལ་བྱའི་ཞིང་དུ་འཕྲིན་ལས་བཞིའི་སྤྲུལ་པ་འགྱེད་ལ། གདུལ་ཞིང་ཤར་ཕྱོགས་མངོན་པར་དགའ་བ། ལྷོ་དཔལ་དང་ལྡན་པ། ནུབ་པདྨ་བརྩེགས་པ། བྱང་ལས་རབ་རྫོགས་པ་བཞིའི་འགྲོ་བ་སྨིན་པར་བྱེད་དོ། །གཉིས་པ་བསམ་གྱིས་མི་ཁྱབ་པའི་དབྱེ་བས་རྒྱས་པར་བཤད་པ་ནི། སྐུ་བཞིའི་ཞིང་ཁམས་ཕུན་སུམ་ཚོགས་པ་ལྔ་ལྔར་དབྱེ་བ་ལས། དང་པོ་ཆོས་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོ། གནས་ཆོས་ཀྱི་དབྱིངས། བསྟན་པ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བསྟན་པ། འཁོར་འདུས་མ་བྱས་པ། དུས་ཆོས་ཉིད་ལ་འཕོ་འགྱུར་མེད་པ་དང་ལྔ་ནི་ཆོས་སྐུར་འཇོག་པའི་འཐད་པ་ནི། ཞིང་ཁམས་རྣམ་པར་དག་པ་དེ་ཉིད་དང་བརྗོད་དུ་མེད་པ། ཆོས་བརྗོད་དུ་མེད་པ། འབད་མེད་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཀྱི་སྒོ་ནས་ཆོས་སྐུ་ཞེས་བརྗོད་པའོ། །ཕུན་སུམ་ཚོགས་པ་ལྔ། བརྗོད་དུ་མེད་པ་དང་། ལྷུན་གྱིས་གྲུབ་པ་གཉིས་ཏེ་བརྒྱད་ནི། དབང་བཞིའི་ས་བོན་བཞི་དང་། འབྲས་བུ་བཞི་སྟེ་བརྒྱད་སྨིན་པ་ལས་བྱུང་བའོ། །ལོངས་སྐུའི་སྟོན་པ་རྣམ་པར་སྣང་མཛད་གངས་ཆེན་མཚོ། གནས་རྣམ་དག་སྟུག་པོ་བཀོད་པ། བསྟན་པ་རང་བྱུང་གི་ཡི་གེ་དྲུག་གི་རང་སྒྲ་ཡགས་ཀྱི་འོད་ཟེར་ལས་འཕྲོ་བ་བསྟན་པའི་བུ་གཅིགའཁོར་ཉིད་ལས་མི་གཞན་པ་རིགས་བཞིའི་སངས་རྒྱས། དུས་རང་བཞིན་རྣམ་དག་ཆེན་པོ། ཞིང་ཁམས་ཕྱག་མཉམ་གཞག་གི་མཐིལ་ན། ཡས་མར་བརྩེགས་པའི་ཉི་ཤུ་རྩ་ལྔ། སྐྱིལ་ཀྲུང་མན་ཆད་ལ་བཅུ་དྲུག དེ་དག་ཀྱང་ཡས་མན་དུ་བལྟས་པས་རྒྱ་དེབ་བརྩེགས་པ་ལྟ་བུར་བར་ན་རྣམ་དག་གི་ནམ་མཁས་བཅད་ནས་གནས་ལ། ཕན་ཚུན་ནི་ཟ་འོག་གི་གུར་ཁྱིམ་བཀྲམ་པ་དང་འདྲ་སྟེ། སོ་སོའི་ལྕགས་རི་དང་མཚོས་བར་བཅད་དེ་གནས་སོ། །ཆོས་ནི་རང་གི་ངོ་བོ་རྣམ་དག་ཆེན་པོའི་ཆོས་ལ་སྤྱོད་པའོ། །འཐད་པ་ནི་འོད་དང་ཁ་དོག་སྐུ་དང་ཡེ་ཤེས་ལ་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །དེ་ཡང་འོད་ཟེར་གྱི་སྦྱོར་བ་དག་པ་ཡབ་ཀྱི་ཞལ་ནས་ཞུགས་ཏེ་གསང་བའི་གནས་ནས་ཡུམ་གྱི་མཁའ་ལ་འཐོན་ནས་སྤྲུལ་པ་འགྱེད་པ་སྟེ། ཕུན་སུམ་ཚོགས་པ་ལྔ། ཞིང་དང་སྤྲུལ་པ་གཉིས་ཏེ་བརྒྱད་དོ། །དེ་ཡང་དབང་བརྒྱད་ཀྱི་འབྲས་བུའོ། །སྤྲུལ་པ་སྐུའི་སྟོན་པ་དྲུག་པ་རྡོ་རྗེ་འཆང་། གནས་ལྕང་ལོ་ཅན་ཏེ་འོག་མིན་གྱི་མིང་གི་བྱེ་བྲག་གོ །བསྟན་པ་རང་བཞིན་རྫོགས་པ་ཆེན་པོ། འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ། དུས་སྐུས་འདུལ་བའི་དུས། ཞིང་ཁམས་རྒྱ་ཆེ་བ་ཚངས་ཆེན། དེ་ལས་ཁོལ་བུ་ཕྱུང་ན་མི་མཇེད་དེ་གླིང་བཞི་རི་རབ་དང་བཅས་པ་བྱེ་བ་ཕྲག་བརྒྱའོ། །ཆོས་བསྟན་པ་དངོས་དང་གཟུགས་བརྙན་གཉིས་སོ། །འཐད་པ་གང་ལ་གང་འདུལ་དུ་སྤྲུལ་པས་ན་སྤྲུལ་སྐུའོ། །རང་གཞན་གྱི་དོན་གཉིས་རྫོགས་པའི་འཕྲིན་ལས་དང་བརྒྱད་དོ། །ངོ་བོ་ཉིད་ཀྱི་སྐུའི་སྟོན་པ་བསམ་བརྗོད་རྣམ་པར་དག་པ། གནས་བསམ་འདས་མཚན་གཞི་དང་བྲལ་བ། བསྟན་པ་རྡུལ་མེད་ཅིང་དྲི་མ་མེད་པ། འཁོར་ཡེ་ཤེས་རྒྱ་མཚོ། ཞིང་ཁམས་བདེ་ཆེན་རྣམ་དག ཆོས་ངོ་འབྱེད་པ་མེད་པ། ལས་སེམས་ཉིད་ཕྱིན་ཅི་ལོག་ལས་འདས་པ་དང་བརྒྱད་དོ། །དེ་ཐམས་ཅད་ཀྱི་རང་བཞིན་རྟགས་ཀྱི་སྐུ་བཞི་ནི། ཆོས་སྐུའི་སྟོན་པ་རང་བཞིན་མ་བཅོས་པ། གནས་སྟོང་པ་ཀུན་ཁྱབ། བསྟན་པ་འདུལ་སྟངས་རྣམ་དག །འཁོར་རང་བཞིན་ཡོངས་དག །དུས་ངེས་མེད་སྣ་ཚོགས། ཆོས་ཟག་པ་རང་ཟད། འཐད་པ་ཆོས་ཀྱི་ཕུང་པོ་འདུས་པས་ན་ཆོས་ཀྱི་སྐུའོ། །བྱེད་ལས་ལས་བདག་ཏུ་མེད་པའི་ལས་བྱེད་པ་དང་བརྒྱད་དོ། ། གཟུགས་སྐུའི་སྟོན་པ་སྐུ་སྣང་ལ་རང་བཞིན་མེད་པ་ཞལ་ཀུན་ཏུ་ཐལ་ལེ་བ། གནས་ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ། བསྟན་པ་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པ། འཁོར་སྣང་བ་དང་མི་སྣང་བ། དུས་སྤྲོས་བཞིའི་«༼༡༽»ཚིག་ཙམ་དུ་བྱུང་བ། ཞིང་ཁམས་ཕྱི་ནས་བལྟས་པས་ནང་གསལ་བ། ཆོས་སྤྲོས་གཞི་རྣམ་པར་དག་པ། འཐད་པ་གཟུགས་རྡུལ་དང་རྡུལ་ཕྲན་དག་པར་བྱེད་པས་ན་གཟུགས་སྐུའོ། །ལས་ཀྱི་གཟུགས་ཅན་རྣམས་ཀྱི་ལས་ཟད་པར་བྱེད་པ་དང་བརྒྱད་དོ། །དེ་དག་གི་ཞར་ལ་ཞི་བའི་སྐུའི་སྟོན་པ་རང་ཤེས་རིག་གི་རྒྱལ་པོ་འདུས་མ་བྱས་པ་གནས་ཙིཏྟ་རིན་པོ་ཆེའི་གཞལ་མེད་ཁང་། བསྟན་པ་རྩ་རླུང་ཐབས་ཀྱི་མན་ངག འཁོར་ཡེ་ཤེས་ལྔ་དང་། རླུང་ལྔ་དང་། ཤེས་རབ་ལྔ་དང་། འོད་ལྔ་དང་། སྐུ་ལྔ་དང་། རིགས་ལྔའོ། །དུས་ལུས་དང་སེམས་འཛོམ་པའོ། ། ཞིང་ཁམས་འགྲོ་བ་འདུལ་བ། ཆོས་འཁོར་བ་དང་མྱ་ངན་ལས་འདས་པ། འཐད་པ་དེ་ལ་བརྟེན་ནས་ལུས་སེམས་སྡུག་བསྔལ་ཞི་བས་ན་ཞི་བའི་སྐུར་འཐད་དོ། ། ལས་ཁམས་གསུམ་ལས་གྲོལ་བར་བྱེད་པ་སྟེ་བརྒྱད་དོ། །ཁྲོ་བོའི་སྐུའི་སྟོན་པ་ཡེ་ཤེས་ཀྱི་ཧེ་རུ་ཀ་ལྔ། གནས་བྷན་དྷ་འབར་བའི་གཞལ་ཡས་ཁང་སྟེ་སད་པ་དུང་ཁང་དཀར་པོ། བསྟན་པ་བདེ་ཆེན་གྱི་འབར་འཛག །འཁོར་སྒྲོན་མ་རྣམ་པ་བཞི། དུས་ཡེ་ཤེས་རང་འཁྱིལ་བའི་དུས། ཞིང་ཁམས་མིག་གི་དབང་པོ་མཐོང་བ་མ་འགགས་པ། ཆོས་གཟུགས་ཀྱི་དེ་བཞིན་ཉིད། འཐད་པ་ཡུལ་དང་ཤེས་པ་ལ་ཁྲོས་པས་ན་ཁྲོ་བོའི་སྐུར་འཐད་དོ། །ལས་ཀྱི་གདུལ་བྱ་ཕྱིན་ཅི་ལོག་རྣམས་ཚར་གཅོད་པ་དང་བརྒྱད་དོ། །དེ་དག་ལ་སྐབས་འདིར་འབྲས་བུར་གཞག་པ་ནི་གཞི་སྨིན་བྱའི་སྦྱང་གཞི་ཐོག་མའི་འོད་གསལ་ཡིན་པ་དང་། གདུལ་གཞིའི་འབྲས་བུ་རང་བཞིན་རྣམ་དག་ཡིན་པས་གློ་བུར་རྣམ་དག་གི་ཞར་ལ་སྨོས་པའོ། །དེ་དག་ལ་བརྟགས་པས་དབང་དང་འབྲས་བུ་ལ་བཅུ་དྲུག་ཕྲག་བཞི། སྐུ་ལ་བཅུ་དྲུག་ཕྲག་བཞི་སྟེ་ཕྲག་བརྒྱད་བསྡོམས་པས། བརྒྱ་དང་ཉེར་བརྒྱད་ནི་དབང་བསྐུར་བའི་འབྲས་བུ་ཕུན་སུམ་ཚོགས་པའོ། །གསུམ་པ་མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བ་ནི། དབང་བཞིའི་ས་བོན་གྱི་ཆ་ལས་དྲུག་བརྒྱ་དང་དྲུག་ཅུ་རྩ་དྲུག་གིས་འགྲོ་བ་དྲུག་གི་ལས་དང་ཉོན་མོངས་པ་དག་པར་མཛད་པའོ། །དེ་ལ་ ཐོག་མར་«༼༡༽»མཐོང་བ་རྣམ་པར་དག་པ་ལས། བདག་ཉིད་ལ་ཟག་པ་མེད་པའི་མངོན་པར་ཤེས་པ་ནི། དབང་པོའི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་གིས་དུས་གསུམ་དུས་གཅིག་ལ་མཐོང་བ་པྲ་སེན་མཐོང་བ་ལྟ་བུ་སྟེ། དེ་ཡང་མིག་གི་མངོན་ཤེས་དྲུག་གིས་གཟུགས་ཐམས་ཅད་ཤེས། རྣ་བའི་མངོན་ཤེས་དྲུག་གིས་བརྗོད་པའི་སྒྲ་ཐམས་ཅད་གཏན་ལ་ཕེབས་སོ། །སྣའི་དྲུག་གིས་འགྲོ་བ་དྲུག་གི་ལས་གཏན་ལ་ཕེབས་སོ། །ལྕེའི་དྲུག་གིས་འགྲོ་དྲུག་གི་འཁོར་དང་ལོངས་སྤྱོད་ཤེས་སོ། །ལུས་ཀྱི་དྲུག་གིས་འགྲོ་དྲུག་གི་གཟུགས་རྡུལ་ཕྲན་དང་རགས་པ་ཐམས་ཅད་ཤེས་སོ། ། ཡིད་ཀྱི་དྲུག་གིས་འགྲོ་དྲུག་གི་བསམ་པ་ཐམས་ཅད་ཤེས་སོ། །དེ་ལྟར་དབྱེ་གཞི་ཕྲི་བས་དབང་པོའི་མངོན་ཤེས་སུམ་ཅུས་སྲིད་པ་ཡན་ལག་སུམ་ཅུ་ཤེས་ཤིང་། མཚན་སུམ་ཅུ་རྩ་གཉིས་གྲུབ་པ་ནི་དབང་སུམ་ཅུ་རྩ་གཉིས་ལས་བྱུང་བའོ། །དེ་ནས་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། སྦྱངས་པའི་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་ཡེ་ཤེས་དྲུག་ཤར་བས་ཚིག་ཐམས་ཅད་ཀྱི་བརྡ་དོན་ཁོང་དུ་ཆུད་པའོ། །བསླབ་པའི་ཤེས་རབ་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་གིས་སེམས་ཉིད་ཆོས་ཉིད་ལ་འཇུག་པ་ཁྱད་པར་ཅན་སྐྱེ་བའོ། །མཐོང་བ་རྣམ་པར་དག་པ་ཞེས་ཀུན་ལ་སྦྱར་ཏེ། ཐོས་པའི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་སྒྲ་དང་དོན་ཐམས་ཅད་ཤེས་སོ། །བསམ་བྱུང་གི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་ཆོས་ཐམས་ཅད་ཀྱི་འདུ་«༼༡༽»མཆེད་རྟོགས་སོ། །སྒོམ་བྱུང་གི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་ཆོས་དང་སེམས་གཉིས་འདྲེས་ཏེ་ནམ་མཁའ་ལྟར་ཤེས་སོ། །དེ་ལྟར་སུམ་ཅུ་ནི་དབང་གི་འགྱུར་བྱེད་སུམ་ཅུ་རྩ་གཉིས་ཀྱིས་སངས་རྒྱས་ཀྱིས་སྦྱངས་པའི་ཡོན་ཏན་སུམ་ཅུ་རྩ་གཉིས་མཐོང་བ་ལས་བྱུང་བའོ། །དེ་ནས་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། འདིའི་དུས་ན་ཡེ་ཤེས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྙེད་པའོ། །དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་གིས་ཆོས་ཀྱི་མཚན་ཉིད་དང་དགོངས་པ་མངོན་སུམ་དུ་ཤེས་སོ། །མཉམ་པ་ཉིད་ཀྱི་དྲུག་གིས་འཁོར་འདས་གཉིས་སུ་མེད་པར་ཤེས་སོ། །སོ་སོར་རྟོག་པའི་དྲུག་གིས་འགྲོ་བ་དྲུག་གི་དབང་པོ་ལ་སོགས་པ་ཤེས་སོ། །བྱ་བ་གྲུབ་པའི་དྲུག་གིས་ཆོས་ཐམས་ཅད་རྩོལ་བ་དང་བྲལ་བ་དང་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཤེས་སོ། །ཆོས་ཀྱི་དབྱིངས་ཀྱི་དྲུག་གིས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཤེས་སོ། །མི་གནས་པའི་ཡེ་ཤེས་ཀྱི་དྲུག་གིས་ཆོས་གང་ལའང་མི་གནས་པ་ཤེས་སོ། །དེ་ཡང་དབྱེ་གཞི་རེ་ཕྲི་བས་མངོན་ཤེས་ལྔ་ཚན་དྲུག་ཏུ་འགྱུར་ཏེ། ཡེ་ཤེས་ཀྱི་མངོན་པར་ཤེས་པ་སུམ་ཅུ་ནི་དབང་སུམ་ཅུ་རྩ་གཉིས་ལས་བྱུང་བའོ། །དེ་ནས་རྣམ་པར་གྲོལ་བའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་སེམས་དང་སེམས་བྱུང་ནུབ་པའོ། །དེ་ལ་རྣམ་གྲོལ་དང་པོའི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་ཤར་བས། ལུས་ཀྱི་ཟག་པ་ཟད་པའོ། །རྣམ་གྲོལ་གཉིས་པ་དྲུག་གིས་ངག་གི་ཟག་པ་ཟད་པའོ། །གསུམ་པའི་དྲུག་གིས་ཡིད་ཀྱི་ཟག་པ་ཟད་པའོ། །བཞི་པའི་དྲུག་གིས་སེམས་ཀྱི་ཟག་པ་ཟད་པའོ། །ལྔ་པའི་དྲུག་གིས་ཤེས་རབ་ཀྱི་ཕུང་པོ་ལ་སྒྲིབ་པའི་ཟག་པ་ཟད་པའོ། །དྲུག་པའི་དྲུག་གིས་ཆོས་དང་ཆོས་ཉིད་ཀྱི་ཟག་པ་ཟད་པའོ། །སུམ་ཅུ་པོ་དེ་དག་གིས་ཕྱི་ནང་གསང་བ་ཡོངས་རྫོགས་ཀྱི་དབང་ལས་བྱུང་བའོ། །དེ་ནས་སྐུ་གསུང་ཐུགས་ཀྱི་ལས་མངོན་དུ་གྱུར་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། སངས་རྒྱས་ཀྱི་མཁྱེན་པ་མ་ལུས་པ་རྫོགས་པའོ། །སྐུ་དངོས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་ཤར་བས་སངས་རྒྱས་ཀྱི་སྐུ་ཐམས་ཅད་མཐོང་ཞིང་རང་གིས་ཀྱང་བརྙེས་པའོ། །སྐུའི་སྣང་བའི་དྲུག་ཤར་བས་འོད་ཀྱི་ཚོགས་མཐའ་ཡས་པ་ལ་སྤྱོད་དོ། །གསུང་དངོས་ཀྱི་དྲུག་ཤར་བས་གསུང་དབྱངས་དྲུག་ཅུ་ལ་སྤྱོད་དོ། །གསུང་གི་སྣང་བའི་དྲུག་གིས་སྒྲ་དབྱངས་དུ་མ་ལ་སྤྱོད་དོ། །ཐུགས་དངོས་ཀྱི་དྲུག་གིས་ཏིང་ངེ་འཛིན་ཐམས་ཅད་ལ་སྤྱོད་དོ། ། ཐུགས་ཀྱི་སྣང་བའི་དྲུག་གིས་གཞན་གྱི་སེམས་ཤེས་པ་ལ་སྤྱོད་དོ། །དེ་ལྟར་སུམ་ཅུ་པོ་ནི་དབང་གི་ལྷ་ངོ་སུམ་ཅུ་རྩ་གཉིས་ཤེས་པ་ལས་བྱུང་ངོ་། །དེ་ནས་ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་ཆོས་ཉིད་ཀྱི་དགོངས་པ་ལ་དབྱེར་མི་ཕྱེད་པར་བཞུགས་སོ། །སེམས་རྣམ་པར་གདུལ་བའི་མངོན་ཤེས་དྲུག་ཤར་བས་སེམས་ཀྱི་རང་བཞིན་ཤེས་སོ། །སེམས་སྦྱང་བའི་དྲུག་གིས་རྩ་བ་ཤེས་སོ། །སེམས་ཞི་བའི་དྲུག་གིས་སེམས་མེད་པའི་མཚན་ཉིད་ཤེས་སོ། །སེམས་རྣམ་པར་དག་པའི་དྲུག་གིས་མི་འགྱུར་བར་ཤེས་སོ། །སེམས་མི་ལྡོག་པའི་དྲུག་གིས་ཁམས་གསུམ་མིང་མེད་པར་ཤེས་སོ། །སེམས་ལས་འདས་པའི་དྲུག་གིས་ཤེས་བྱེད་དང་འདུ་འཕྲོ་དག་སྟེ་མི་ལྡོག་པར་རྟོགས་སོ། །དེ་ལྟར་སུམ་ཅུ་ནི་དབང་གི་རྣམ་པར་འཕྲུལ་པའི་དབྱེ་བ་ཤེས་པ་ལས་བྱུང་ངོ་། །དེ་ལྟར་མཐོང་བ་དག་པའི་མངོན་ཤེས་བརྒྱ་དང་བརྒྱད་ཅུ་ནི་མོས་པའི་མཐོང་བ་ཙམ་ལས་བྱུང་བའོ། །དེ་ཡང་ཕྱེ་ན་མོས་པའི་བཞི་ལ་བཞི་བཅུ་རྩ་ལྔ་ལྔའི་ཡོན་ཏན་དུ་འབྱུང་བ་ནི། སྤྲོས་བཅས་ཀྱི་དབང་ཐོབ་པ་ལས་བྱུང་བའོ། །དེའི་འགྲེས་ཀྱིས་ཐོས་པ་རྣམ་པར་དག་པའི་མངོན་ཤེས་ཀྱང་བརྒྱ་དང་བརྒྱད་ཅུར་འགྱུར་ཏེ། དེ་ལའང་ཡེ་ཤེས་བཞིའི་ཡོན་ཏན་འཇུག་པ་སྔར་དང་འདྲའོ། །འདི་དག་སྤྲོས་མེད་ཀྱི་དབང་ལས་བྱུང་བའོ། །བསམ་བྱ་དག་པའི་བརྒྱ་དང་བརྒྱད་ཅུ་ནི་བསྒྱུར་གཞིའི་དོན་ཤེས་པ་ལས་བྱུང་བ་སྟེ། ཡེ་ཤེས་«༼༡༽«སུ»་དག་པ་དང་། མྱོང་བྱེད་དག་པའི་བརྒྱ་བརྒྱད་ཅུ་ཆོད་པའི་རང་བཞིན་ཤེས་པ་ལས་བྱུང་བ་དང་། རིག་«༼༢༽» བྱེད་དག་པའི་བརྒྱ་བརྒྱད་ཅུ་པ་མདོ་ཤེས་པ་ལས་བྱུང་བ་དང་ཚན་པ་གསུམ་ནི་ཤིན་ཏུ་སྤྲོས་མེད་ཀྱི་དབང་ལས་བྱུང་བའོ། །ཆོས་དག་པའི་མངོན་ཤེས་བརྒྱ་བརྒྱད་ཅུ་ནི་རབ་ཏུ་སྤྲོས་པ་མེད་པའི་དབང་ལས་བྱུང་བའོ། །དེ་ལྟར་ན་ས་དང་སྦྱར་བས་སའི་ཡོན་ཏན་ཉིས་སྟོང་སུམ་བརྒྱ་དང་དྲུག་ཅུ། ཡེ་ཤེས་ཀྱི་བྱེད་པ་དྲུག་བརྒྱ་དང་དྲུག་ཅུ། ཆོས་ཀྱི་རྣམ་གྲངས་སུམ་སྟོང་དང་བརྒྱ་ཉི་ཤུ་རྣམས་ནི་རྡོ་རྗེ་འཆང་གི་སའི་མངོན་ཤེས་ཀྱི་རྣམ་པར་འཕྲུལ་པའི་དབྱེ་བ་ཆེན་པོའོ། །འདི་དག་ནི་དབང་གི་རྣམ་པར་གཞག་པ་སྟེ། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་སྒོ་དང་པོའི་གཞི་གལ་པོ་ཆེ་ཡང་དག་པ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། གཞིའི་དོན་སྨིན་པར་བྱེད་པ་དབང་གི་རྣམ་པར་གཞག་པ་སྟེ་རིམ་ཁང་དྲུག་པའོ།། «།།

[edit]
rywikitexts e-text input by Karma Lekshey Ling.

དེའི་སྤྲོས་མེད་ཀྱིས་དོན་རང་ཐོག་ཏུ་ཕེབས་པས་ཆོས་ཉིད་ལས་འགྲོ་ས་མེད་པའོ། །དེའི་ཤིན་ཏུ་སྤྲོས་མེད་སྟོང་ཉིད་ཀྱི་དཀྱིལ་འཁོར་དུ་འཇུག་པས་སྒོ་གསུམ་ཁམས་གསུམ་དུ་མི་འཇུག་པའོ། །རབ་ཏུ་སྤྲོས་མེད་ཀྱིས་ཚོགས་དྲུག་དག་པར་བྱེད་པའོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དབྱེ་བ་ངེས་པ་ནི། རབ་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་སེམས་གང་ཡིན་ལ་སོགས་པས་ཆགས་སྡང་རང་གྲོལ་བར་བྱེད་དོ། །སྤྲོས་མེད་སྤྲུལ་སྐུའི་ཞིང་བསྟན་པས་ཕུང་པོ་ཁམས་དང་སྐྱེ་མཆེད་སྟོངས་པར་བྱེད་དོ། །ཤིན་ཏུ་སྤྲོས་མེད་ལོངས་སྐུའི་ཞིང་བསྟན་པས་སེམས་ཉིད་འགྲོ་འོང་མེད་པའི་དོན་རྟོགས་པར་བྱེད་དོ། །རབ་ཏུ་སྤྲོས་མེད་ཆོས་སྐུར་ལུང་བསྟན་པས་འཁོར་འདས་ལ་ཞེན་པའི་ཤེས་སྒྲིབ་ཕྲ་མོ་སྦྱོང་བར་བྱེད་དོ། །གཉིས་པ་རང་ངོའི་་དབྱེ་བ་རྒྱས་པར་བཤད་པ་ལ་དབང་བཞི་ལས། དང་པོ་སྤྲོས་བཅས་ལ། སྤྲོས་བཅས་ཀྱི་སྤྲོས་བཅས་དམ་བསྲེ་ཞིང་མནའ་ཆུ་བླུད་པ་ལ་སོགས་པ་སྟེ་ཕྱིའོ། །སྤྲོས་བཅས་ཀྱི་སྤྲོས་མེད་དཀྱིལ་འཁོར་དུ་གཞུག་ཅིང་ལྷ་ངོ་བསྟན་ནས་མིང་གི་དབང་བསྐུར་བ་སྟེ་ནང་ངོ༌། །སྤྲོས་བཅས་ཀྱི་ཤིན་ཏུ་སྤྲོས་མེད་ཉན་ཐོས་ཀྱི་སྡོམ་པ་སྦྱིན་པ་ནས་རིམ་དགུ་རྫོགས་ཏེ་དབུགས་དབྱུང་གཟེངས་བསྟོད་དང་བཅས་པ་གསང་བའོ། །སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་བུམ་པ་ངེས་པའི་སྐུར་རྒྱུ་སྟེ་ཡོངས་སུ་རྫོགས་པའོ། །འདི་ལའང་བུམ་པ་ངེས་པ་རྟེན་གཞལ་ཡས་ཁང་བརྟེན་པ་ལྷར་གསལ་བས་དབང་བསྐུར་བ་ཡོངས་སུ་རྫོགས་པའི་ཕྱི་སྤྲོས་བཅས་སོ། །སློབ་མའི་ལུས་ལྷར་བསྐྱེད་པ་ལ་འབྱུང་བཞི་དག་སྦྱོང་གི་རྫས་དབང་ཉི་ཟླ་སྦྱིན་པ་ལ་སོགས་པ་ནང་སྤྲོས་མེད་དོ། །མུ་དྲ་སྦྱིན་ནས་སྦྱོར་བ་ངེས་པ་གསང་བ་ཤིན་ཏུ་སྤྲོས་མེད་དོ། །བརྡ་དོན་ངེས་པའི་ཚིག་སྦྱིན་པ་ཡོངས་སུ་རྫོགས་པ་རབ་ཏུ་སྤྲོས་མེད་དོ། །དེ་ལྟར་ན་ཡོངས་སུ་རྫོགས་པ་ལ་བཞི་ཡོད་པ་ལྟར་གཞན་གསུམ་ལའང་ཤེས་པར་བྱའོ། །དེ་ལྟར་བཅུ་དྲུག་གིས་སྤྲོས་བཅས་དབྱེ་བའི་དགོས་པ་ནི། ལུས་འབྱུང་བཞིའི་རྒྱ་བཞི་འཇིག་པ་སྟེ། འབྱུང་བཞི་ཡང་སའི་ས་ལ་སོགས་པ་བཞིར་ཕྱེ་བས་བཅུ་དྲུག་དག་པར་སྦྱོང་བའི་དགོས་པ་ཡོད་དོ། །གཉིས་པ་སྤྲོས་མེད་ཀྱི་དབང་བཞི་རང་ངོའི་དབྱེ་བ་ནི། སྤྲོས་མེད་ཀྱི་སྤྲོས་བཅས་ཀྱིས་ལུས་ངག་ཡིད་སེམས་བཞི་ཡི་གེའི་གནས་བཞིའི་སྦྱོང་བ་ནི་ཕྱིའོ། །དེའི་སྤྲོས་མེད་ཀྱིས་སྒོ་གསུམ་གཞི་མེད་བྱ་རྩོལ་ལས་འདས་པར་མཚོན་པས་ནང་ངོ༌། །དེའི་ཤིན་ཏུ་སྤྲོས་མེད་ཀྱིས་ཡུལ་ལྔ་ལམ་དུ་བསླངས་པས་སྒོ་ལྔ་ཧར་སངས་སུ་གྲོལ་བ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་ཀྱིས་རྟོགས་པ་ཁྱད་པར་ཅན་བསྐྱེད་པས་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་ངག་གི་བརྗོད་གཞི་དང༌། རྗོད་བྱེད་དང༌། བརྗོད་བྱ་དང༌། བརྗོད་པ་བཞིའི་རྒྱ་ལས་གྲོལ་བར་བྱེད་དོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་རང་ངོའི་དབྱེ་བ་ནི། ཤིན་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་རུ་ཤན་འབྱེད་པ་ཕྱིའོ། །དེའི་སྤྲོས་མེད་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ་ནང་ངོ༌། །དེའི་ཤིན་ཏུ་སྤྲོས་མེད་ནམ་མཁའི་དཀྱིལ་འཁོར་དུ་འཇུག་པ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་རིག་པ་རང་ངོ་སྤྲད་པ་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་ཡིད་འགྱུ་བ་དང༌། འགྱུ་བྱེད་དང༌། འགྱུ་བྱ་དང༌། འགྱུས་པ་བཞིའི་རྒྱ་འཇིག་པར་བྱེད་པའོ། །བཞི་པ་རབ་ཏུ་སྤྲོས་པ་མེད་པ་རང་ངོའི་དབྱེ་བ་ནི། རབ་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་འདུག་སྟངས་བསྟན་པ་ཕྱིའོ། །དེའི་སྤྲོས་མེད་ལྟ་སྟངས་བྱེད་པ་ནང་ངོ༌། །དེའི་ཤིན་ཏུ་སྤྲོས་མེད་ཕྱོགས་བཞིར་ལྟ་སྟངས་དང་གཟིགས་སྟངས་བསྟུན་པ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་སོང་ཅིག་ལ་སོགས་པ་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་སེམས་བསམ་པ་དང༌། དྲན་པ་དང༌། རྟོག་པ་དང༌། ཞེན་པ་བཞིའི་རྒྱ་འཇིག་པར་བྱེད་དོ། །སྐབས་འདིར་ཡིད་དང་སེམས་ཀྱི་གོ་དོན། སྒོ་ལྔའི་ཡུལ་འཛིན་རྟོག་བྱེད་ཀུན་གཞིའི་རྣམ་པར་ཤེས་པ་སེམས་ལ། དེ་དང་མ་འབྲེལ་བར་དོན་སྔ་ཕྱི་དང་ཡིད་ཡུལ་དོན་སྤྱི་དཔྱོད་པ་ལ་ཡིད་ཅེས་བརྗོད་དོ། །རང་གི་སྣང་ཡུལ་དངོས་པོ་འཛིན་པ་དང༌། དངོས་མེད་འཛིན་པ་སྟེ། གསལ་བ་དང་མི་གསལ་བ་འཛིན་པས་ཕྱེ་བ་ཡིན་ནོ། །དེ་ལྟར་ན་རང་ངོའི་དབྱེ་བ་རེ་རེ་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞི་སྟེ་བཅུ་དྲུག་ཏུ་ཡོད་དོ། །གསུམ་པ་རྣམ་པར་འཕྲུལ་པའི་དབྱེ་བས་ཤིན་ཏུ་རྒྱས་པར་སྤྲོ་བ་ལ་གསུམ་སྟེ་དབང་སོ་སོའི་དག་བྱེད་ཀྱི་དབྱེ་བས་དག་རྒྱུ་བཅུ་དྲུག་འགྱུར་དང་བཅས་པ་བསྟན་པ། ལུས་ཀྱི་བྱ་བ་ལ་བརྟེན་ནས་ངེས་པའི་དབྱེ་བས་དབང་གི་གནས་ལུགས་བསྟན་པ། གྲངས་ཀྱི་དབྱེ་བ་ལ་བརྟེན་ནས་ལས་དང་ཉོན་མོངས་པའི་དག་བྱེད་བསྟན་པའོ། །དང་པོ་ནི་དབང་གི་རང་ངོའི་དབྱེ་བ་བཅུ་དྲུག་གིས་ཕྱིར་འབྱུང་བའི་ལས་བཅུ་དྲུག་དག་པར་བྱེད་ལ། ནང་དུ་སེམས་ཀྱི་རྟོག་པ་བཅུ་དྲུག་དག་པར་བྱེད་ལ། གསང་བར་རླུང་གི་འཕེན་སྡུད་བཅུ་དྲུག་དག་པར་བྱེད་ལ། བླ་ན་མེད་པར་ས་བཅུ་དྲུག་ལ་གནས་པའི་ངེས་པ་ཐོབ་པར་བྱེད་པས་དབང་བཅུ་དྲུག་ཏུ་བསྟན་པའོ། །དབང་དེ་དག་གི་དག་བྱ་ལུས་ངག་ཡིད་སེམས་བཞིའི་དྲི་མ་དག་པ་ལ་ལྟོས་ནས་གཞག་གོ །དེའང་ལུས་ལ་ཆུ་ཚོགས་པའི་ཆོས་བསྡུས་པས་འཆིང་བྱེད་རྒྱའི་དྲི་མར་སོང༌། མེས་དེ་དག་སྨིན་ཅིང་གསལ་བར་བྱས་པས་དངོས་པོར་གྲུབ་པའི་དྲི་མར་སོང༌། རླུང་གིས་དེ་དག་སོ་སོའི་ལས་བྱས་པས་ཞེན་པ་རང་རྒྱུད་དང་བཅས་པའི་དྲི་མར་སོང་བའོ། །ངག་སྨྲ་ནའང་སྨྲའོ་སྙམ་པ་ཡིད་ཀྱི་རྟོག་པས་བསླད་པའི་དྲི་མ་དང༌། སྨྲ་བྱེད་ལུས་ཀྱི་དྲི་མ་དང༌། སྨྲ་བའི་ཚིག་ལ་རྟོག་དཔྱོད་ཀྱི་དྲི་མ་དང༌། བརྗོད་ལས་རྟོག་པའི་འགྱུར་བྱེད་ཀྱི་དྲི་མ་དང༌། ཡང་ཡིད་འགྱུ་བ་ལའང༌། འགྱུ་བ་དྲན་བསམ་གྱི་རྟོག་པའི་དྲི་མ་དང༌། འགྱུ་བྱེད་ཡུལ་དང་ཤེས་པའི་དྲི་མ་དང༌། འགྱུས་པ་བག་ཆགས་སྔ་ཕྱིའི་དྲི་མ་དང༌། འགྱུས་པ་དངོས་ལ་ཞེན་པའི་དྲི་མ་དང༌། ཡང་སེམས་ཀྱི་དྲན་པས་ཡུལ་འཇུག་པའི་དྲི་མ་དང༌། བསམ་པས་དགེ་མི་དགེ་ལུང་བསྟན་མ་བསྟན་བཞི་ཀུན་ནས་སློང་བའི་དྲི་མ་དང༌། རྟོག་པས་སྙམ་བྱེད་དང༌། ཡིད་གཉིས་དང༌། ཐེ་ཚོམ་དང༌། ཡིད་དཔྱོད་ཀྱི་དྲི་མ་དང༌། འཛིན་ཡུལ་སྣ་ཚོགས་ལ་རྟོག་པའི་དྲི་མའོ། །དྲི་མ་དེ་དག་གི་དག་བྱེད་དབང་བཞི་སྟེ། སྤྲོས་བཅས་ཀྱི་སྤྲོས་བཅས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་དྲུག་གོ །དེ་དག་གིས་ལུས་ངག་ཡིད་སེམས་བཞི་རེ་རེ་ལ་དྲི་མ་བཞི་བཞི་སྟེ་བཅུ་་དྲུག་གི་ཚོགས་དག་པར་སྦྱོང་བའོ། །དེ་ཡང་ཐོག་མར་སྤྲོས་བཅས་ཉེ་བར་མཚོན་པ་ནི། སྤྲོས་བཅས་ཀྱི་སྤྲོས་བཅས་བརྡའི་སྤྲོས་བཅས་དང༌། དོན་གྱི་སྤྲོས་བཅས་ཏེ་གཉིས། དེའི་སྤྲོས་མེད་ལ་བརྡ་དོན་གཉིས། ཤིན་ཏུ་སྤྲོས་མེད་ལ་གཉིས། རབ་ཏུ་སྤྲོས་མེད་ལ་བརྡ་དོན་གཉིས་ཏེ་བརྒྱད། དེ་བཞིན་དུ་སྤྲོས་མེད་ལ་བརྡའི་སྤྲོས་མེད་ལ་སོགས་པ་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད། རབ་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་གཉིས་སུ་འགྱུར་ལ། ལུས་ངག་ཡིད་སེམས་བཞིའི་ཚོགས་ལའང༌། དེ་ལྟར་ཕྱེ་བས་སུམ་ཅུ་རྩ་གཉིས་དག་པར་བྱེད་པ་ནི། བསྐྱེད་རིམ་གྱི་དག་བྱ་དང་དག་བྱེད་ཤེས་པའི་དགོས་པ་ཡོད་པའོ། །དེ་ལྟར་དག་བྱ་དྲི་མ་སུམ་ཅུ་རྩ་གཉིས་དང༌། དག་བྱེད་དབང་སུམ་ཅུ་རྩ་གཉིས་བསྡོམས་ན། དྲུག་ཅུ་རྩ་བཞི་ནི་དག་བྱ་དག་བྱེད་ཀྱི་དབྱེ་བ་ངེས་པའོ། །གཉིས་པ་ལུས་ཀྱི་བྱ་བ་ལ་བརྟེན་ནས་དབྱེ་བས་དབང་གི་གནས་ལུགས་བསྟན་པ་ནི། དག་བྱ་དྲི་མ་སུམ་ཅུ་་རྩ་གཉིས་ཀྱི་གཞི་ལུས་མི་འདྲ་བ་དཔག་ཏུ་མེད་པ་ཡང་ས་ཆུ་མེ་རླུང་བཞི་ལས་གྲུབ་ལ། དེ་དག་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་བརྒྱད་དོ། །དེ་ཡང་ས་ཆུ་མེ་རླུང་གཞི་ལ་ཟུག་པ་དང༌། བྱེར་བ་དང༌། སྙོམས་པ་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་སོ། །དེ་དག་བྱེད་དབང་ལའང་སྤྲོས་བཅས་ལ་སོགས་བཞི་ལ་སྐུ་གསུང་ཐུགས་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་ཀྱིས་དག་པར་བྱེད་དོ། །འབྱུང་བཞི་ཕོ་མོ་གཉིས་ཏེ་བརྒྱད་ཀྱི་དག་བྱ་ནི། དབང་བཞི་ལ་ཐབས་ཤེས་རབ་གཉིས་གཉིས་སུ་ཕྱེ་བས་བརྒྱད་ཀྱིས་དག་པར་བྱེད་དོ། །ལུས་ཀྱི་འབྱུང་བའི་བྱེ་བྲག་ལའང༌། ས་ལ་སོགས་པ་བཞི་པོ་རེ་རེ་ལ་སའི་ས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་དྲུག་ནི། ཚ་བ་དང་གྲང་བ་གཉིས་ཀྱི་དབྱེ་བས་དྲུག་ཅུ་རྩ་བཞིར་འགྱུར་ཏེ། གོང་གི་བརྡ་དོན་གྱི་དབྱེ་བའི་དབང་དྲུག་ཅུ་རྩ་བཞིས་དག་པར་བྱེད་དོ། །དེའང་འབྱུང་བ་བཞི་པོ་རེ་རེ་ལའང་ལེགས་པར་ཕྱེ་ན། ས་ལའང་དྲུག་ཅུ་རྩ་བཞི། དེ་ལ་ཁྱབ་པ་འབྱུང་བ་སྤྱིའི་ལུས་དང༌། རང་གི་མཚན་ཉིད་འཛིན་པ་དངོས་གྱི་ལུས་གཉིས་སུ་ཕྱེ་བས། ས་ལ་ལུས་མི་འདྲ་བ་བརྒྱ་དང་ཉེར་བརྒྱད། དེ་བཞིན་དུ་ཕྱེ་བས་ཆུ་དང་མེ་དང༌། རླུང་རྣམས་ལ་བརྒྱ་ཉེར་བརྒྱད་ཚན་པ་གསུམ་སྟེ། བསྡོམས་པས་ལྔ་བརྒྱ་དང་བཅུ་གཉིས་ཀྱི་ལུས་སུ་སྨིན་ནོ། །དེ་ལྟར་ཕྱིར་ལུས་་སྨིན་པ་བཞིན་ནང་དུ་ཉོན་མོངས་པ་ཡང༌། འདོད་ཆགས་ལ་བལྟས་པ་དང༌། བགད་པ་དང༌། བཅངས་པ་དང༌། འཁྱུད་པ་སྟེ་བཞི་ནི་འབྱུང་བ་རེ་རེའི་ལུས་ལ་བཞི་བཞི་སྟེ་བཅུ་དྲུག གཏི་མུག་ལ་རྨུགས་པས་མ་ཤེས་པ་དང༌། འཐིབས་པ་དང༌། མྱོས་པ་དང༌། རབ་ཏུ་མ་རིག་པ་འདྲེས་པ་དང་བཞི་པོ་ལས་བཞི་ལ་ཕྱེ་བས་བཅུ་དྲུག ཞེས་དང་སྡང་བ་དང༌། སྡང་བ་ཆེན་པོ་དང༌། ཆེར་སྡང་བ་དང༌། རབ་ཏུ་སྡང་བ་སྟེ་ལུས་རེ་ལས་ཕྱེ་བས་བཅུ་དྲུག །ང་རྒྱལ་ལ་ཕྲ་བ་དང༌། རགས་པ་དང༌། འགྱུར་བ་དང༌། མཆེད་པ་དང༌། འཕྲོ་བ་བཞི་ཡང་བཅུ་དྲུག ཕྲག་དོག་ལ་ཡང་བ་དང༌། ལྕི་བ་དང༌། རྒོད་པ་དང༌། ཕྲ་བ་བཞི་སྟེ་ཕྱེ་བས་བཅུ་དྲུག་སྟེ་བསྡོམས་པས་བརྒྱད་ཅུ་ཐམ་པ། དེ་ལས་བྱེ་བྲག་ཏུ་ཕྱེ་ན་འབྱུང་བའི་ལུས་མི་འདྲ་བ་ལྔ་བརྒྱ་དང་བཅུ་གཉིས་པོ་རེ་རེ་ལ། ཉོན་མོངས་པ་བཞི་བཞིའི་གྲངས་ཀྱིས་ཉི་ཤུ་ཉི་ཤུ་གནས་པས། ཐམས་ཅད་བསྡོམ་ནས་ཁྲི་ཕྲག་གཅིག་དང་བརྒྱ་བཞི་བཅུ་རྩ་བརྒྱད་དུ་འབྱུང་ལ། ལུས་དང་ཉོན་མོངས་པ་གཉིས་ཀའི་རྣམ་གྲངས་བསྡོམས་ནས་ཁྲི་ཕྲག་གཅིག་དང་དྲུག་བརྒྱ་དྲུག་ཅུ་ཐམ་པ་ནི་དག་བྱའི་དྲི་མ་ཡིན་ལ། དེའི་དག་བྱེད་ཀྱི་དབང་འོག་ཏུ་སྟོན་ནོ། །གསུམ་པ་གྲངས་ཀྱི་དབྱེ་བས་ལུས་དང་ཉོན་མོངས་པའི་དག་བྱེད་བསྟན་པ་ནི། དབང་རྣམ་པ་བཞི་ལས། དང་པོ་སྤྲོས་བཅས་ལའང་གཞིར་བྱས་པའི་སྤྲོས་བཅས་ཀྱི་སྤྲོས་བཅས་ཕྱི་ནང་གསང་བ་ཡོངས་རྫོགས་དང་བཞིར་དབྱེ་ན། སྤྲོས་བཅས་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་སྟ་གོན་གྱི་ཚོམ་བུ་ལ་སོ་ཤིང་བྲིམ་པ། དེའི་ནང་མཎྜལ་འབུལ་བ། དེའི་གསང་བ་སྲུང་སྐུད་གདགས་ཤིང་ཀུ་ཤ་སྦྱིན་པ། ཡོངས་སུ་རྫོགས་པ་རྨི་ལམ་བརྟག་པའོ། །དེའི་སྤྲོས་མེད་ཀྱི་ཕྱིའི་དབང་ཁྲུས་བྱ་བ། གསོལ་བ་བཏབ་པ། རྡོ་རྗེས་ནང་དུ་བོད་པ་གསུམ་མོ། །དེའི་ནང་དམ་ཚིག་གི་མནའ་ཆུ་བླུད་པ། འཁོར་བ་སྤོང་བའི་མནའ། མྱང་འདས་ལེན་པའི་མནའ། སེམས་ཅན་གྱི་དོན་མི་བྱེད་རེའི་མནའ་བཞིའོ། །དེའི་གསང་བ་དམ་ཚིག་དང༌། སྡོམ་པ་དབོག་པ་དང༌། དཀྱིལ་འཁོར་དུ་འཇུག་པ་དང༌། སེམས་ཀྱི་མེ་ཏོག་དབུལ་བའོ། །དེའི་ཡོངས་སུ་རྫོགས་པ་དཀྱིལ་འཁོར་དུ་འཇུག་པ་ལྷ་ངོ་བསྟན་པ། མེ་ཏོག་དོར་བ། མིང་གི་དབང་ངོ༌། །དེའི་ཤིན་ཏུ་སྤྲོས་པ་མེད་པའི་ཕྱིའི་དབང་ཉན་ཐོས་ཀྱི་དཀྱིལ་འཁོར་དུ་འཇུག་པ། ས་ལམ་གྱི་ཚད་བསྟན་པ། སྟོད་གཡོགས་དང་སྨད་གཡོགས་སྦྱིན་པ། ལྷུང་བཟེད་དང་བསིལ་བྱེད་སྦྱིན་པ་ལ་སོགས་པ་སྟེ། ཁྲིམས་ཀྱི་ཐ་ཚིག ས་ལ་སོགས་པ། ལས་ཀྱི་དབྱེ་བ། རྟེན་འབྲེལ་མཚོན་པ། སྒོམ་པ་སྦྱིན་པ། ལུང་བསྟན་པ་དང༌། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དུ་འཇུག་པ་དང༌། སེམས་བསྐྱེད་པ་དང༌། སྡོམ་པ་སྦྱིན་པ་དང༌། ཁྱད་པར་གྱི་སེམས་གཟུང་ལ་སོགས་པའོ། །དེའི་ནང་གི་དབང་ཀྲཱི་ཡའི་དཀྱིལ་འཁོར་དུ་འཇུག་པ་དང༌། སེམས་བསྐྱེད་པ་དང༌། སྡོམ་པ་གཟུང་བ་དང༌། མེ་ཏོག་དོར་ཞིང་ལྷ་ངོ་བསྟན་པ་དང༌། མིང་གི་དབང་དང༌། ལུང་བསྟན་པ་དང༌། གཟེངས་བསྟོད་པ་དང༌། དབུགས་དབྱུང་བ་དང༌། དབང་བསྐུར་བའོ། །དེ་བཞིན་དུ་ཨུ་པ་དང་ཡོ་གའི་དཀྱིལ་འཁོར་དུ་འཇུག་པ་ལ་རྣམ་གྲངས་དགུ་དགུ་སྟེ་ཉི་ཤུ་རྩ་བདུན་ནོ། །དེའི་གསང་བ་མ་ཧཱའི་ལུང་བསྟན་པ་དང༌། དཀྱིལ་འཁོར་དུ་འཇུག་པ་དང༌། ལྷ་ངོ་བསྟན་པ་དང༌། མེ་ཏོག་དོར་བ་དང༌། མིང་གི་དབང་དང༌། ཉན་པ་དང༌། འཆད་པ་དང༌། ཕན་པ་དང༌། ནུས་པ་དང༌། རིག་པའི་དབང་དང༌། ཡན་ལག་གི་དང༌། ཁྱད་པར་གྱི་དབང་དང་བཅུ་གཉིས་སོ། །དེ་ནས་ཨ་ནུའི་དཀྱིལ་འཁོར་དུ་འཇུག་པ་དང༌། བརྡ་ངེས་པར་མཚོན་པ་དང༌། དབུགས་དབྱུང་བ་དང༌། ཕྱག་རྒྱ་བསྒྱུར་བ་དང༌། ལས་སུ་བྱ་བ་དང༌། འཇུག་པ་ངེས་པ་དང་དྲུག་གོ །དེའི་ཡོངས་སུ་རྫོགས་པ། རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་གཞུག་པ་དང༌། བསྒོམས་པ་ངེས་པའི་དཀྱིལ་འཁོར་དུ་མེ་ཏོག་དོར་བ་དང༌། ལྷ་ངོ་བསྟན་ཞིང་དབང་བསྐུར་བ་དང༌། འབྲས་བུ་བྱ་བྲལ་རྫོགས་པའི་དབང་བསྐུར་བ་དང་བཞིའོ། །སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་པ་མེད་པའི་ཕྱིའི་ཐ་དབང་ནི། དེ་ལྟར་རིམ་པ་དགུའི་དབང་རྫོགས་ནས། ཁྱད་པར་གྱི་དབང་ལ་འཇུག་པ་ནི། ཕྱག་རྒྱའི་དཀྱིལ་འཁོར་དུ་འཇུག་པ༌། དེའི་ཕྱི་ལ་རིག་མ་བརྟག་ཅིང་དགུག་པ་རྩ་བཙལ་ཞིང་སློང་བ། བདེ་བ་བཙལ་བ། རྒྱས་པར་བྱ་བ། དབབ་ཅིང་གཟུང་བ། བཟློག་ཅིང་སྦྱང་བ་དང་དྲུག་གོ །འདིའི་ནང་གི་དབང་ལ། སྦྱོར་བ་སྙོམས་པར་འཇུག་པ། བྱང་སེམས་ཡི་གེ་གསུམ་གྱི་སྒྲ་དང་བཅས་པ། མེ་ལོང་དུ་བླང་བ། དེ་རྡོ་རྗེ། པདྨ། འཁོར་ལོ་གསུམ་དུ་དམིགས་ཏེ་སློབ་མའི་ལྕེ་ལ་བཞག་ནས་ལུས་ངག་སྟོངས་པར་བྱ་བ་སྟེ་དྲུག་གོ །དེའི་གསང་བ་བདེ་བ་དང་བྱང་སེམས་དངོས་ཀྱི་བྱིན་རླབས་ལུས་ངག་ཡིད་གསུམ་ལ་བྱ་བ་གསུམ། གསང་བ་དང་གསང་བར་འོས་པ་དང༌། གསང་བར་གཉེར་གཏད་པ་གསུམ་སྟེ་དྲུག་གོ །དེའི་ཡོངས་སུ་རྫོགས་པ་ཚིག་སྣ་ཚོགས་པས་མཚོན་པ་སྟེ། བརྡའི་ཚིག་དང༌། དོན་གྱི་ཚིག་དང༌། བརྡ་དོན་དབྱེར་མི་ཕྱེད་པའི་ཚིགས་གསུམ་མོ། །དེ་ལྟར་ན་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་ལ། བསྐུར་རྒྱུའི་དབང་དྲུག དེའི་ཕྱི་ལ་སོ་ཤིང་བྲིམ་པ་དང་གཅིག །དེའི་ནང་མཎྜལ་འབུལ་བ་དང་གཉིས། དེའི་གསང་བ་སྲུང་སྐུད་དང་ཀུ་ཤ་བྱིན་པ་གཉིས་ཏེ་བཞི། དེའི་ཡོངས་རྫོགས་རྨི་ལམ་བརྟག་པ་དང༌། བཟང་ངན་གྱི་རྗེས་དྲི་བ་གཉིས་ཏེ་དྲུག་གོ །དེའི་སྒྲོས་བཅས་ཀྱི་སྤྲོས་མེད་ཀྱི་ཕྱི་ལ་གསུམ་སྟེ་དགུ། དེའི་ནང་ལ་བཞི་སྟེ་བཅུ་གསུམ། དེའི་གསང་བ་ལ་བཞི་སྟེ་བཅུ་བདུན། དེའི་ཡོངས་རྫོགས་ལ་བཞི་སྟེ་ཉེར་གཅིག སྤྲོས་པ་མེད་པའི་ཤིན་ཏུ་སྤྲོས་པའི་ཕྱི་ལ་ཉན་ཐོས་ལ་དྲུག །རང་རྒྱལ་ལ་ལྔ་སྟེ་བཅུ་གཅིག བྱང་སེམས་ལ་བཞི་སྟེ་བཅོ་ལྔ། དེའི་ནང་གི་དབང་ལ་ཀྲཱི་ཡ་ལ་དགུ་སྟེ་ཉེར་བཞི། ཨུ་པ་ལ་དགུ་སྟེ་སོ་གསུམ། ཡོ་ག་ལ་དགུ་སྟེ་ཞེ་གཉིས། དེའི་གསང་བའི་དབང་ལ་མ་ཧཱ་ལ་བཅུ་གཉིས་ཏེ་ལྔ་བཅུ་རྩ་བཞི། ཨ་ནུ་ལ་དྲུག་སྟེ་དྲུག་ཅུ་ཐམ་པ། དེའི་ཡོངས་རྫོགས་ཨ་ཏི་ལ་བཞི་སྟེ་དྲུག་ཅུ་རྩ་བཞི་སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱིའི་དབང་ལ་བཅུ་བདུན། ནང་ལ་་དྲུག་སྟེ་ཉེར་གསུམ། དེའི་གསང་བ་ལ་དྲུག་སྟེ་ཉེར་དགུ། དེའི་ཡོངས་སུ་རྫོགས་པ་ལ་གཅིག་སྟེ་སུམ་ཅུ་ཐམ་པའོ། །ཤིན་ཏུ་སྤྲོས་མེད་ལ་དྲུག་ཅུ་རྩ་བཞི་སྟེ་དགུ་བཅུ་རྩ་བཞིའོ། །དེའི་སྤྲོས་མེད་ལ་བཅོ་ལྔ་སྟེ་བརྒྱ་དང་དགུའོ། །དེའི་སྤྲོས་བཅས་ལ་དྲུག་སྟེ་སྤྲོས་བཅས་བསྐུར་རྒྱུའི་ཆོས་བརྒྱད་དང་བཅོ་ལྔའོ། །སྤྲོས་མེད་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་ལ་བླ་མའི་བྱ་བ་དང་སློབ་མའི་བྱ་བ་གཉིས། དེའི་ནང་ལ་མཎྜལ་དང་བུམ་པ་གཉིས་ཏེ་བཞི། དེའི་གསང་བ་ལ་མཎྜལ་གྱི་ལེགས་པར་བཤད་པའི་ཆོས་ལྔ། བུམ་པའི་ལེགས་བཤད་ལྔ་སྟེ་བཅུ། གོང་མ་བཞི་དང་བསྡོམས་པས་བཅུ་བཞི། དེའི་ཡོངས་རྫོགས་ལ་བླ་མས་མིང་གི་མཚོན་པ་བརྗོད་པ་དང་སློབ་མས་སྟོབས་བསྐྱེད་པ་གཉིས་ཏེ་བཅུ་དྲུག་གོ །སྤྲོས་མེད་ཀྱི་སྤྲོས་མེད་ཀྱི་ཕྱིའི་དབང་ལ་ཨའི་བསྙེན་པས་སྐྱེ་མེད་ཀྱི་ལམ་སྦྱང་བ་དང༌། ཨའི་སྒྲུབ་པས་འགག་མེད་ཀྱི་སྣ་བསལ་བ་དང༌། ཨའི་འཕྲོ་འདུས་ལུས་ངག་ཡིད་དག་པར་བྱེད་པ་དང་གསུམ་མོ། །དེའི་ནང་ལ་ཁྲུས་ཀྱིས་དག་བྱའི་ཚུལ་བསྟན་པ། མཎྜལ་ཕུལ་བས་འདོད་པའི་དོན་ཐོབ་པར་བྱ་བ། ལུང་བཙལ་བས་བྱ་བ་ལ་འཇུག་པ་ངོ་ཤེས་པ་དང་གསུམ་མོ། །དེའི་གསང་བ་ལ་དཀྱིལ་འཁོར་དུ་འཇུག་པས། དབྱིངས་ལ་རིག་པ་གཞུག་པའི་གནད་དང༌། ལྷ་ངོ་བསྟན་པས་དབྱིངས་རིག་ངོ་སྤྲད་པ་དང༌། མིང་གི་དབང་བསྐུར་བས་སངས་རྒྱས་ཀྱི་སྲས་སུ་བྱ་བའོ། །དེ་ལྟར་གསུམ་དང༌། དེའི་ཡོངས་སུ་རྫོགས་པ་ལ་ཕྱི་ཡུལ་དབང་པོའི་ཚིགས་སུ་བཅད་པས་ལུང་བསྟན་པས་ཤེས་པ་དང་ཡུལ་གཉིས་མེད་ཉམས་སུ་མྱོང་བའི་དབང་དང༌། ནང་སེམས་གསལ་བའི་ཚིགས་སུ་བཅད་པས་དབུགས་དབྱུང་བས་སྐྱེ་མེད་ངོས་གཟུང་དང་བྲལ་བའི་དབང་དང༌། གསང་བཟུང་འཇུག་རིས་མེད་ཀྱི་ཚིགས་སུ་བཅད་པས་གཟེངས་བསྟོད་པས་དབྱིངས་རིག་གཉིས་མེད་བདེ་ཆེན་གྱི་དབང་བསྟན་པ་དང་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འཇུག་པར་འོས་པ་དང༌། ཐོབ་པར་འོས་པ་གཉིས། དེའི་ནང་ལ་སྤྱོད་པར་ངེས་པ་དང༌། ལྟ་བར་ངེས་པ་གཉིས་ཏེ་བཞི། དེའི་གསང་བ་ལ་རིགས་འབྱེད་པ་དང༌། བདག་ཉིད་དུ་གནས་པ་གཉིས་ཏེ་དྲུག དེའི་ཡོངས་སུ་རྫོགས་པ་ལ་རྒྱུ་དང་རྐྱེན་གཉིས་ཏེ་བརྒྱད་དོ། །དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་སེམས་གནས་པ་དང༌། ངག་གནས་པ་གཉིས། དེའི་ནང་ལ་ངག་བསྒྱུར་བ་དང༌། སེམས་ཐོབ་པ་གཉིས་ཏེ་བཞི། དེའི་གསང་བ་ལ་བདེ་བ་ལུང་བསྟན་པ་དང༌། གསང་བ་དབུགས་དབྱུང་བ་གཉིས་ཏེ་དྲུག དེའི་ཡོངས་རྫོགས་ལ་སྤྲོ་བར་གནས་པ་དང༌། རང་གི་ལས་ཐོབ་པ་གཉིས་ཏེ་བརྒྱད་དོ། །དེ་ལྟར་སྤྲོས་མེད་ཀྱི་སྤྲོས་བཅས་ལ་བཅུ་དྲུག དེའི་སྤྲོས་མེད་ལ་བཅུ་གཉིས་ཏེ་ཉེར་བརྒྱད། དེའི་ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་དྲུག དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དོ། །བསྐུར་བས་ཐོབ་པའི་འབྲས་བུ་བཞི་བཅུ་རྩ་བཞིའོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ཀྱི་ཕྱི་ལ། ལམ་གསལ་བའི་ཕྱིར་བླ་མ་ལ་གསོལ་བ་གདབ་པ་དང༌། རྣམ་ཤེས་བརྒྱད་ཀྱི་འཕྲོ་འདུ་བཅད་པའི་ཕྱིར་ཡི་གེ་བརྒྱད་ཀྱི་རྒྱས་གདབ་པ་དང༌། ཡིད་ཀྱི་བྱུང་ཚོར་བཀག་ནས་བར་ཆད་ཞི་བའི་ཕྱིར་ཕཊ་ཀྱི་སྒྲ་སྒྲོགས་པ་དང་གསུམ། དེའི་ནང་ལ་གནས་བཙལ་བས་ཕྱོགས་ཀྱི་ངེས་པ་གཟུང་བ་དང༌། བགེགས་བསལ་བའི་ཕྱིར་གཏོར་མ་སྦྱིན་པ་དང༌། སེམས་ལ་སྤྲོ་བ་བསྐྱེད་པ་དང་གསུམ། དེའི་གསང་བ་ལ་ལུས་ཀྱི་སྤྱོད་པ་བརྩམ་པའི་ཡུལ་དང༌། རྩོམ་པའི་ཐབས་དང༌། བརྩམས་པའི་དགོས་པ་དང་གསུམ། དེའི་ཡོངས་སུ་རྫོགས་པ་ལ་ངག་གི་སྤྱོད་པ་བརྩམ་པའི་ཡུལ་དང༌། རྩོམ་པའི་ཐབས་དང་བརྩམས་པའི་དགོས་པ་གསུམ། དེའི་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་སྤྱོད་པ་རྩོམ་པའི་ཡུལ། ཐབས་དགོས་པ་གསུམ། དེའི་ནང་ལ་ལུས་དང༌། ངག་དང༌། སེམས་ཀྱི་སྡིག་པ་ངེས་པའི་ཡུལ་གསུམ། དེའི་གསང་བ་ལ་ལུས་དང༌། ངག་དང༌། སེམས་ཀྱི་སྡིག་པ་དག་པའི་ཚད་གསུམ། དེའི་ཡོངས་རྫོགས་ལ། ལུས་དང༌། ངག་དང༌། སེམས་ཀྱི་མ་དག་ན་བཤགས་པའི་ཐབས་གསུམ་སྟེ་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འབྲུའི་མཎྜལ་གྱིས་ལོངས་སྤྱོད་འཕེལ་བ་དང༌། དྲིས་ཁམས་རྒྱས་པ་དང༌། མེ་ཏོག་གི་དབང་པོ་གསལ་བ་དང༌། རིན་པོ་ཆེའི་འབྱོར་པ་རྒྱས་པ་བཞིའོ། །དེའི་ནང་ལ་རིགས་བྲིས་པས་བདེ་བ་ཉམས་སུ་མྱོང་བ་དང༌། ཡིན་པར་བརྗོད་པས་སྤྲོས་བ་བསྐྱེད་པ་གཉིས་ཏེ་དྲུག དེའི་གསང་བ་དཀྱིལ་འཁོར་དུ་འཇུག་པ་ལ། ཤར་སྒོ་ནས་ཞུགས་པས་ལམ་སྟོང་ཉིད་དུ་བསྟན་པ་དང༌། ལྷོ་སྒོ་ནས་ཞུགས་པས་སེམས་སྟོང་པ་ཉིད་དུ་ངོ་སྤྲད། ནུབ་སྒོ་ནས་ཞུགས་པས་ཉོན་མོངས་པ་སྟོང་ཉིད་དུ་རང་གྲོལ། བྱང་སྒོར་ཞུགས་པས་ལས་དང་བག་ཆགས་སྟོང་ཉིད་དུ་མཐའ་ཟད་པ་དང་བཞི་སྟེ་བཅུའོ། །དེའི་ཡོངས་རྫོགས་རིག་པའི་མེ་ཏོག་དོར་བས་སེམས་ཉིད་དུ་ཐིམ་པའི་གནད་དང༌། དེ་ལས་དབུགས་དབྱུང་བ་དང༌། ལུང་བསྟན་པ་གཉིས་ཏེ་བཅུ་གཉིས་སོ། །དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་གནད་སྐྱིལ་ཀྲུང་གིས་གཞི་བཅའ་བ་དང༌། ཉི་མ་ལྔ་ལ་སེམས་གཏད་པས་ཡེ་ཤེས་ལྔ་ངོས་ཟིན་པ་དང༌། དེའི་འོད་འཕྲོ་བས་སེམས་གསལ་གདབ་པ་དང་གསུམ། དེའི་ནང་ལ་ཇེ་མཐོ་་རྟོག་པ་མེད་པའི་ལམ་བཙལ་བ་དང༌། སླར་མི་ལྡོག་པས་མྱ་ངན་ལས་འདས་པའི་སར་གཞི་འཛུགས་པ་དང༌། ལན་གསུམ་དུ་བརྗོད་པས་སྐུ་གསུམ་འདུ་འབྲལ་མེད་པའི་ས་ལ་དབྱེར་མེད་པ་དང་གསུམ་སྟེ་དྲུག དེའི་གསང་བ་ལ་བླ་མས་བཞེངས་པས་སྣང་སྲིད་ཆོས་ཉིད་དུ་བཞེངས་པའི་གདེང་རྙེད་པ་དང༌། ཨ་ཨ་ཞེས་པས་མ་སྐྱེས་ལ་སྐྱེ་བ་མེད་པའི་གནད་བཙལ་བ་དང༌། མིག་ལ་མཛུབ་མོ་གཏད་པས་རིག་པ་འཆར་བའི་ལམ་གསལ་བ་དང་དགུའོ། །དེའི་ཡོངས་རྫོགས་ལ་ནམ་མཁའ་རྒྱ་ཆེ་བར་བརྗོད་པས་དབྱིངས་ལ་འདྲིས་པར་བྱ་བ་དང༌། ནམ་མཁའ་ལ་ཕྱག་གིས་བྱུགས་པས་བརྡ་དོན་ཉམས་དང་འདྲེས་པ་དང༌། འགྲོ་ན་འགྲོ་ས་འདུག་གམ། འདུག་ན་འདུག་ས་འདུག་གམ། སླར་འགྲོ་ས་དང་ལྡོག་ས་འདུག་གམ་གྱི་རྒྱས་གདབ་པ་དང་ལྔ་སྟེ། བཅུ་བཞིའོ། །རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ཀྱི་ཕྱི་ལ་སུ་ཡིན་དྲིས་པས་རིགས་མཚོན་པ་དང་ སེམས་ཀྱི་བུས་ལན་བཏབ་པས་ལམ་ཉེ་བར་འཇུག་པ་དང་གཉིས། དེའི་ནང་ལ་ཆོས་སྐུའི་འདུག་སྟངས་ཀྱིས་གཞི་བཙལ་བ་དང༌། ལོངས་སྐུའི་འདུག་སྟངས་ཀྱིས་ལམ་གསལ་བ་དང༌། སྤྲུལ་སྐུའི་འདུག་སྟངས་ཀྱིས་ཕུགས་དཀྲུ་བ་དང་གསུམ། དེའི་གསང་བ་ལ་འདུག་སྟངས་ཐུན་མོང་བ་རྣམས་ཀྱིས་གནད་བསྟུན་པ་དང༌། ཨེ་མ་ལ་སོགས་པས་ཆོས་སྐུའི་དཀྱིལ་འཁོར་དུ་འཇུག་པ་ལུས་ཀྱི་གནད་དང༌། ལོངས་སྐུ་དང་སྤྲུལ་སྐུའི་དཀྱིལ་འཁོར་དུ་འཇུག་པ་ལུས་གནད་བསྟུན་པ་དང་བདུན་ཏེ་དགུའོ། །དེའི་གསང་བ་ལ་སྤྲུལ་སྐུའི་ཞིང་དུ་འཇུག་པའི་བར་ཏེ་བཅུ་གསུམ། དེའི་ཡོངས་རྫོགས་ལ་ལོངས་སྐུའི་ཞིང་དུ་འཇུག་པ་དང་ལྔ་སྟེ་བཅོ་བརྒྱད་དོ། །དེའི་སྤྲོས་མེད་ཀྱི་ཕྱི་ལ་ཆོས་སྐུའི་ཞིང་ཁམས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། དེའི་ནང་ལ་སྐུ་གསུམ་གྱི་ལྷ་ངོ་བསྟན་པ་གསུམ་སྟེ་དྲུག དེའི་གསང་བ་ལ་དེར་གནས་པ་གསུམ་སྟེ་དགུ །དེའི་ཡོངས་རྫོགས་ལ་སླར་མི་ལྡོག་པའི་སུ་གསུམ་སྟེ་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་ངོ་བོ་ངེས་ཚིག དབྱེ་བ་མཚོན་པ་གསུམ། དེའི་ནང་ལ་སེམས་གནས་པ། ཐོབ་པ་བརྟན་པ་གསུམ་སྟེ་དྲུག དེའི་གསང་བ་ལ་སེམས་ཀྱི་གཞི་ལམ་འབྲས་བུ་གསུམ་སྟེ་དགུ དེའི་ཡོངས་རྫོགས་ལ་སེམས་ཀྱི་འཇུག་པ། ཁྱབ་བྱེད། འགྱུར་དང་གསུམ་སྟེ་བཅུ་གཉིས་སོ། །དེའི་རབ་ཏུ་སྤྲོས་མེད་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱི་ལ། ལུས་ཀྱི་འདུག་སྟངས་བཅུ་གཅིག་གིས་ཐོབ་སྟེ་གནས་པ་དང༌། དེའི་ནང་ལ་སེམས་ཀྱིས་བཅུ་གཉིས་ཀྱིས་སྲིད་པའི་འཁོར་ལོ་བཅུ་གཉིས་རྒྱུན་གཅོད་པ་དང་ཉེར་གསུམ། དེའི་གསང་བ་ལ་སེམས་ཉིད་སྐྱེ་མེད་དུ་ལྷ་ངོ་བསྟན་པས་སེམས་བདུན་ལ་དབང་ཐོབ་པས་མ་རིག་པའི་ཁམས་བདུན་རྒྱུན་གཅོད་པ་སྟེ་སུམ་ཅུ། དེའི་ཡོངས་རྫོགས་ལ་མན་ངག་གི་དབྱེ་བ་དྲུག་དང༌། ཟག་པ་མེད་པའི་སྡེ་བཞི་སྟེ་བཅུ་གཅིག་དང་བསྡོམས་པས་ཞེ་གཅིག་གོ །དེ་ལྟར་ན་རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ལ་རྣམ་གྲངས་བཅོ་བརྒྱད། དེའི་སྤྲོས་མེད་ལ་བཅུ་གཉིས་ཏེ་སུམ་ཅུ། དེའི་ཤིན་ཏུ་སྤྲོས་མེད་ལ་བཅུ་གཉིས་ཏེ་ཞེ་གཉིས། དེའི་རབ་ཏུ་སྤྲོས་མེད་ལ་ཞེ་གཅིག་སྟེ་བརྒྱད་ཅུ་རྩ་གསུམ་མོ། །ཤིན་ཏུ་སྤྲོས་པ་མེད་པ་ལ་བཞི་བཅུ་རྩ་བརྒྱད་དེ་བརྒྱ་སུམ་ཅུ་སོ་གཅིག སྤྲོས་པ་མེད་པ་ལ་དེའི་སྤྲོས་བཅས་ལ་བཅུ་དྲུག སྤྲོས་མེད་ལ་བཅུ་གཉིས་ཏེ་ཉེར་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་དྲུག །དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དེ་བཞི་བཅུ་རྩ་བཞི་སྟེ། བརྒྱ་བདུན་ཅུ་རྩ་བཞི། སྤྲོས་བཅས་ལ་བརྒྱ་དང་བཅོ་ལྔ་སྟེ་ཉིས་བརྒྱ་བཞི་བཅུ་རྩ་དགུའོ། །དེ་ཡང་སྐུ་གསུང་ཐུགས་དབྱེར་མེད་པ་དང་བཞི་ལ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་དང༌། མ་ངེས་པའི་དུས་བཞིར་བྱས་ཏེ། དབང་ཉིས་བརྒྱ་བརྒྱད་ཅུ་རྩ་དགུ་པོ་དེ་བཞིར་འབྲེལ་བས་ཕྱེ༌། ཁྲི་ཆིག་སྟོང་ཚིག་བརྒྱ་དང་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །དེ་ལྟར་དག་བྱེད་དེ་ཙམ་གྱིས། དག་བྱ་འགྲོ་བའི་ལུས་མི་འདྲ་བ་བཅུ་གཉིས་ལས་བྱེད་པའི་འགྱུར་གྱིས་རྣམ་པར་ཕྱེ་ན། ཁྲི་ཕྲག་གཅིག་དང༌། སྟོང་ཕྲག་གསུམ་དང༌། དྲུག་བརྒྱ་སུམ་ཅུ་རྩ་གཉིས། ཉོན་མོངས་པ་ཡང་དེའི་འགྱུར་བརྩིས་པས་ཁྲི་ཕྲག་གཅིག་དང་ཕྱེད་དང་བདུན་བརྒྱ་སྟེ། དེ་ལས་སྟོང་ཕྲག་གཉིས་དང་དགུ་བརྒྱ་བདུན་ཅུ་རྩ་གཉིས་ལྷག་པ་ནི། ལས་ཀྱི་མཐའ་ཉེ་བར་སྡུད་པ་ལ་དགོངས་པ་སྟེ། གོང་གི་ལུས་དང་ཉོན་མོངས་པའི་དབྱེ་བ་རྣམས་དག་པར་བྱེད་པའོ། །ཞར་ལ་དག་བྱ་ནང་གི་རླུང་གི་དབྱེ་བས་དབང་ངེས་པའི་རྣམ་གྲངས་བསྟན་པ་ནི། འབྱུང་བ་བཞིའི་རླུང་གི་རིམ་པས་ཏེ། དེའི་དག་བྱེད་དབང་བཞི་ལ་རང་ངོའི་དབྱེ་བ་བཅུ་དྲུག་ལས། རེ་རེ་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞིར་ཕྱེ་བས། སྤྲོས་བཅས་ལ་བཅུ་དྲུག སྤྲོས་མེད་ལ་བཅུ་དྲུག་སྟེ་སོ་གཉིས། ཤིན་ཏུ་སྤྲོས་མེད་ལ་བཅུ་དྲུག་སྟེ་ཞེ་བརྒྱད། རབ་ཏུ་སྤྲོས་མེད་ལ་བཅུ་དྲུག་སྟེ་དྲུག་ཅུ་རྩ་བཞིས་ནི། རླུང་ལས་རླུང༌། ཆུ་རླུང༌། མེ་རླུང༌། རླུང་གི་རླུང་བཞི་ལ། བྱེར་བ། ཟུག་པ༌། སྙོམས་པ། འཁྲུག་པ་བཞི་བཞིར་ཕྱེ་བས་བཅུ་དྲུག དེ་རེ་རེ་ལ་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་སུམ་ཅུ་རྩ་དྲུག་གི་ཕྱེད་པའི་ལས་དག་པར་བྱེད་པའོ། །སྤྱི་དོན་གསུམ་པ་དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུ་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གི་འབྲས་བུའོ། །དང་པོ་ལ་ལམ་གྱི་ཡོན་ཏན་སྤྱིར་བསྟན་པ་དང༌། རིགས་འཛིན་བཞིའི་ཐོབ་ཚུལ་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི་སྤྲོས་བཅས་ཀྱིས་ཚོགས་ལམ་བཅུ་གཉིས་རྫོགས་པའི་ཡོན་ཏན་འཐོབ་པའི་རྟེན་བྱེད། སྤྲོས་མེད་ཀྱིས་སྦྱོར་ལམ་ངེས་འབྱེད་ཆ་བཞི་རྫོགས་པའི་རྟེན་བྱེད། ཤིན་ཏུ་སྤྲོས་མེད་ཀྱིས་མཐོང་ལམ་རྫོགས་པའི་རྟེན་བྱེད། རབ་ཏུ་སྤྲོས་མེད་ཀྱིས་སྒོམ་ལམ་དགུ་རྫོགས་པའི་རྟེན་བྱེད་པའོ། །དེ་བཞིན་དུ་མོས་པའི་ས་དང་འཇུག་པའི་ས་དང་བསྒྱུར་བའི་ས་དང་ཆོད་པའི་ས་བཞི་དབང་བཞི་རེ་རེ་ལ་སྦྱར་བས་ས་བཅུ་དྲུག་གི་ཡོན་ཏན་རྫོགས་པས་ཐུན་མོང་གི་ཡོན་ཏན་རྫོགས་པའི་རང་བཞིན་ཐོབ་པའོ། །དེ་ཡང་སྤྲོས་བཅས་ཀྱི་སྤྲོས་བཅས་མོས་པ་དང་ལྡན་པའི་ས་སྟེ་གདུང་བ་དང་བསོད་ནམས་ཀྱི་ཁྱད་པར་རོ། །དེའི་སྤྲོས་མེད་འཇུག་པ་དག་པའི་ས་སྟེ་དད་པས་ངེས་པ་ལ་བརྟེན་ནས་རང་དབང་ཅན་དུ་འཇུག་པའོ། །དེའི་ཤིན་ཏུ་སྤྲོས་མེད་དངོས་པོ་དག་པར་བསྒྱུར་བའི་ས་སྟེ་ལུས་ངག་གི་བཅིངས་པ་ལ་མི་གནས་པའོ། །དེའི་རབ་ཏུ་སྤྲོས་མེད་ལས་ཀྱི་མཐའ་ཆོད་པའི་ས་སྟེ། སྤྲོས་པ་དང་འཁོར་བ་ལ་མི་གནས་པའོ། །དེ་བཞིན་དུ་དབང་ལྷག་མ་གསུམ་ལའང་སྦྱོར་ཏེ། མོས་པ་ལ་སོགས་པའང་བཞི་བཞིར་སྦྱར་ན། མོས་པའི་མོས་པ་དད་པས་ངེས་པ། མོས་པའི་འཇུག་པ་སྙིང་རྗེ་ངེས་པ། མོས་པའི་བསྒྱུར་བ་ཐབས་ཀྱིས་ཟིན་པ། མོས་པའི་ཆོད་པ་ཤེས་བར་ཀྱིས་དོན་ཆོད་པའོ། །འཇུག་པའི་མོས་པ་ཞི་གནས་ལ་མོས་པ། དེའི་འཇུག་པ་ལྷག་མཐོང་ལ་འཇུག་པ། དེའི་བསྒྱུར་བ་མཉམ་གཞག་གི་རྟོག་པ་ཐ་དད་དུ་བསྒྱུར་བ། དེའི་ཆོད་པ་རྗེས་ཤེས་ཀྱི་འགྱུ་བ་ཆོད་པའོ། །བསྒྱུར་བའི་མོས་པ་གོས་ཀྱི་ཞེན་པ་གྲོལ་བ། དེའི་འཇུག་པ་ཟས་ཀྱི་ཞེན་པ་གྲོལ་བ། དེའི་བསྒྱུར་བ་རྨི་ལམ་འོད་གསལ་དུ་གྲོལ་བ། དེའི་ཆོད་པ་བག་ཆགས་དང་ཉོན་མོངས་གྲོལ་བའོ། །ཆོད་པའི་མོས་པ་སྤྱོད་པས་འཁོར་བ་ལ་མི་གནས་པ། དེའི་འཇུག་པས་བསྒོམས་པས་བསམ་གཏན་ལ་གནས་པ དེའི་བསྒྱུར་བ་ལྟ་བས་འཁྲུལ་སྣང་ལ་མི་གནས་པར་ཁམས་གསུམ་སྐུ་གསུམ་དུ་བསྒྱུར་བ། དེའི་ཆོད་པ་འབྲས་བུ་འཁོར་འདས་གཉིས་དུས་གཅིག་ལ་ཆོད་པའོ། །དེ་ལྟར་བཅུ་དྲུག་དང་དབང་གི་ང་རོ་བཅུ་དྲུག་པོ་དེ་བསྡོམས་པས་སུམ་ཅུ་རྩ་གཉིས་ལ། ས་བཅུ་དྲུག་ལ་ཡེ་ཤེས་གནས་པ། སྐྱེ་བ། ཐོབ་པ། འཆར་བ་བཞི་བཞིར་དབྱེ་བས་དྲུག་ཅུ་་རྩ་བཞི་ནི་རྡོ་རྗེ་འཆང་གིས་མཆོག་རྫོགས་པར་བྱེད་པའོ། །དབང་གི་ང་རོ་བཅུ་དྲུག་ལ་སྦྱར་བས་མཚན་སུམ་ཅུ་རྩ་གཉིས་འགྲུབ་པའི་རྒྱུ་བྱེད་པའོ། །གཉིས་པ་རིག་འཛིན་གྱི་ས་བཞིའི་ཐོབ་ཚུལ་ནི། དབང་བཞིའི་འཇུག་པ་རྗེས་སུ་དྲན་པ་ལས་རིགས་འཛིན་གྱི་ས་བཞི་སྟེ། རྣལ་འབྱོར་གྱི་ས་དང༌། རྣལ་འབྱོར་ཆེན་པོའི་ས་དང༌། འབྱེད་པའི་རྣལ་འབྱོར་གྱི་ས་དང༌། རྟོགས་པའི་རྣལ་འབྱོར་གྱི་ས་དང་བཞི་ལས། དབང་དུ་བསྒྱུར་བ་དང་མ་བསྒྱུར་བ་གཉིས་གཉིས་ཏེ་བརྒྱད་དུ་ངེས་སོ། །དེ་ལ་ཡང་ཆ་ཤས་ཀྱིས་བཞི་བཞིར་ཕྱེ་ན། རྣལ་འབྱོར་གྱི་ས་ལའང༌། རྣལ་འབྱོར་དང་བྱ་བའི་རྣལ་འབྱོར་དང༌། སྤྱོད་པའི་རྣལ་འབྱོར་དང༌། བསྒྱུར་བའི་རྣལ་འབྱོར་དང་བཞིའོ། །རྣལ་འབྱོར་ཆེན་པོ་ལ་ཤིན་ཏུ་རྣལ་འབྱོར་གྱི་ས་དང༌། རང་ས་ངེས་པའི་རྣལ་འབྱོར་གྱི་ས་དང༌། སྤྲོས་པའི་རྣལ་འབྱོར་གྱི་ས་དང༌། བྱ་བྲལ་རྫོགས་པའི་རྣལ་འབྱོར་གྱི་ས་སྟེ་བཞིའོ། །འབྱེད་པའི་རྣལ་འབྱོར་གྱི་ས་ལ། བརྡའི་ས་དང༌། དོན་གྱི་ས་དང༌། བརྡ་དོན་དབྱེར་མེད་ཀྱི་ས་དང༌། མ་འདྲེས་པའི་ས་སྟེ་བཞིའོ། །རྟོགས་པའི་རྣལ་འབྱོར་གྱི་ས་ལ། རྫུ་འཕྲུལ་འཕྲུལ་པའི་ས་དང༌། ཁྱད་པར་རྟོགས་པའི་ས་དང༌། མངོན་པར་འབྱུང་བའི་ས་དང༌། དཔའ་བོ་རིགས་འབྱེད་ཀྱི་ས་དང་བཞི་སྟེ་བསྡོམས་པས་ས་བཅུ་དྲུག་གོ །དེ་ལྟར་ས་བཅུ་དྲུག་ལས། ས་དང་པོ་ལ་ཤེས་བྱེད་ཀྱི་རྫུ་འཕྲུལ་བདུན་ནི། རང་གི་ལུས་བརྒྱ་སྟོང་དུ་སྤྲུལ་པ་དང༌། དེ་དག་ཡན་ལག་བརྒྱ་སྟོང་དུ་སྤྲུལ་པ་དང༌། ལུས་གཅིག་ལ་མགོ་བརྒྱ་སྟོང་དུ་སྤྲུལ་པ་དང༌། ལུས་བརྒྱ་སྟོང་ལ་མགོ་གཅིག་པར་སྤྲུལ་པ་དང༌། མགོ་གཅིག་ལ་ལུས་མི་འདྲ་བ་བརྒྱ་སྟོང་སྤྲུལ་ནས་དེ་ལས་སྤྲུལ་པ་འགྱེད་པ་སྟེ་ལྔ་དང༌། ལུས་ལ་མགོ་དང་ཡན་ལག་མི་འདྲ་བ་དཔག་ཏུ་མེད་པར་སྤྲུལ་པ་དང་དྲུག སྐྱེ་བ་སྣ་ཚོགས་པར་སྤྲུལ་པ་དང་བདུན་ནི་དབང་དུ་གྱུར་པའི་ས་རྟོགས་པ་ལས་བྱུང་བའོ། །ས་གཉིས་པ་ལ་རང་གི་ཁོག་པ་ཁ་ཕྱེ་ནས་གློ་སྙིང་རྣམ་གཞན་ལ་སྟོན་པར་ནུས་པ་དང༌། ལུས་ཀྱི་སྟོད་ནས་མེ་འབར་བ་ལ་སྨད་ནས་ཆུ་འབྲུམ་པར་ནུས་པ་དང༌། ཡན་ལག་བཅད་ནས་ཕྱོགས་བཞིར་འཐོར་བར་ནུས་པ་དང༌། མིག་ལ་སོགས་པའི་དབང་པོ་ལྔ་ཐང་ལ་ལྷུང་བར་ནུས་པ་དང༌། ལུས་ཀྱི་སྟོབས་ཀྱིས་རི་བོ་འཕེན་པར་ནུས་པ་དང༌། ཕྱིའི་རྒྱ་མཚོ་ཆེན་པོ་ནམ་མཁའ་ལ་སྤར་བ་ནུས་པ་དང༌། གཟའ་སྐར་རྣམས་ཐང་ལ་ལྷུང་པ་དང་བདུན་ནི་དབང་གི་དུས་སུ་ཡན་ལག་བདུན་སྔོན་དུ་སོང་བ་ལས་བྱུང་བའོ། །ས་གསུམ་པ་ལ་རླུང་ཞགས་པ་འཆིང་བར་ནུས་པ་དང༌། འགྲོ་བའི་བསམ་པ་གཞན་དུ་བསྒྱུར་བ་དང༌། འཇིག་རྟེན་སྐྱོང་བའི་ལྷའི་རྒྱལ་པོ་རྣམས་སྒྲོལ་བར་ནུས་པ་དང༌། མཁའ་འགྲོ་མའི་ཡིད་ཕྲོག་པར་ནུས་པ་དང༌། འགྲོ་བ་བརྒྱ་སྒྲོལ་ཞིང་བསྒྲལ་བ་ལས་གསོ་བར་ནུས་པ་དང༌། ལྷ་དང་ཀླུ་དང་གནོད་སྦྱིན་གྱི་བུ་མོ་ལ་རོལ་པར་ནུས་པ་དང༌། དབང་ཕྱུག་ཆེན་པོ་ལ་སོགས་པའི་འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ཀྱི་སྟོབས་ཉམས་པར་ནུས་པ་དང་བདུན་ནི་དབང་བསྐུར་བའི་དུས་སུ་སེམས་བསྐྱེད་པ་ལས་བྱུང་བའོ། །ས་བཞི་པ་ལ་ནམ་མཁའ་རྡོ་རྗེར་བསྒྱུར་བར་ནུས་པ་དང༌། མེ་ཆུར་བསྒྱུར། ཆུ་མེར་བསྒྱུར། ས་མེར་བསྒྱུར། ས་ཆུར་བསྒྱུར། རླུང་མེར་བསྒྱུར། མེ་རླུང་དུ་བསྒྱུར་བར་ནུས་པ་དང་བདུན་ནི་ཡི་གེ་སྤྲོ་བསྡུ་བསྒོམས་པ་ལས་བྱུང་བའོ། །ས་ལྔ་པ་ནི་ནམ་མཁའ་བདུན་པ་ལ་དབང་བསྒྱུར་བར་ནུས་ཏེ་སྟོང་ཉིད་བསྒོམས་པ་ལས་བྱུང་བའོ། །ས་དྲུག་པས་མེ་བདུན་ལ་དབང་བསྒྱུར་བ་ནི། སྔོན་དུ་དབང་གི་ཤེས་བྱེད་ལས་བྱུང་བའོ། །ས་བདུན་པས་ས་གཅིག་ནས་གཉིས་སུ་བྱས་པའི་བདུན་ལ་དབང་བ་ནི་འབྱུང་བ་རིམ་བརྩེགས་བསྒོམས་པ་ལས་བྱུང་བའོ། །ཡང་ཆུ་བདུན་ལ་དབང་བ་ནི་སྔོན་འགྲོ་སོང་བ་ལས་བྱུང་བའོ། །ས་བརྒྱད་པས་རླུང་བདུན་ལ་དབང་བ་ནི་འཁོར་ལོ་བཞིའི་རླུང་སྦྱངས་པ་ལས་བྱུང་བའོ། །ས་དགུས་པས་བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་བསྐྱོད་ནུས་པ་ནི་སྦྱོར་བ་སྔོན་དུ་སོང་བ་ལས་བྱུང་བའོ། །ས་བཅུ་པས་ཆོས་སུ་བྱ་བ་བདུན་ལ་དབང་བ་ནི་ལྷ་བསྒོམས་པ་ལས་བྱུང་བའོ། །ས་བཅུ་གཅིག་པས་རྟ་སྤྲིན་གྱི་ཤུགས་ཅན་བདུན་སྤྲུལ་ནུས་པ་ནི་བརྩོན་འགྲུས་བརྩམས་པ་ལས་བྱུང་བའོ། །བཅུ་གཉིས་པས་དགེ་སློང་བསིལ་བྱེད་ཅན་བདུན་སྤྲུལ་ནུས་པ་དམ་ཚིག་དང་སྡོམ་པས་གནས་པ་ལས་བྱུང་བའོ། །བཅུ་གསུམ་པས་ལྷའི་གཞལ་མེད་ཁང་བདུན་སྤྲུལ་ནུས་པ་ནི་གཞལ་ཡས་ཁང་བསྒོམས་པ་ལས་བྱུང་བའོ། །བཅུ་བཞི་པས་འཇིག་རྟེན་གྱི་ཁམས་བདུན་སྤྲུལ་ནུས་པ་ནི་བླ་མ་མཉེས་པར་བྱས་པ་ལས་བྱུང་བའོ། །བཅོ་ལྔ་པས་ཡི་དམ་གྱི་ལྷ་བདུན་སྤྲུལ་ནུས་པ་ནི་ཡི་དམ་བསྒོམས་པ་ལས་བྱུང་བའོ། །བཅུ་དྲུག་པས་ལྷ་མོ་བདུན་སྤྲུལ་ཞིང་གཟུགས་སོགས་ཡུལ་དྲུག་གི་དག་བྱེད་ལ་ལོངས་སྤྱོད་ལ། འགྲོ་དྲུག་གི་སྐྱེ་གནས་སྟོན་པར་ནུས་པ་དང་བཅུ་དགུ་ནི་དབང་རྣམས་རྫོགས་པ་ལས་བྱུང་བའོ། །དེ་ལྟར་ས་བཅུ་དྲུག་ལ་རྫུ་འཕྲུལ་བརྒྱ་ཐམ་པ་འབྱུང་བ་ནི་རིགས་འཛིན་གྱི་ས་ཞེས་བྱའོ། །མིང་གི་རྣམ་གྲངས་གཞན་རྣམ་པར་སྨིན་པ་དང༌། ཚེ་ལ་དབང་བ་དང༌། ཕྱག་རྒྱ་ཆེན་པོ་དང༌། ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ། རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོ་དང༌། འབྱེད་པའི་རྣལ་འབྱོར་དང༌། རྟོགས་པའི་རྣལ་འབྱོར་ཏེ་རིམ་པ་བཞིན་ནོ། །དེ་ཡང་རྣམ་པར་སྨིན་པའི་རིག་འཛིན་ནི་སེམས་ལྷའི་སྐུར་སྨིན་ཡང་ལུས་ལ་མ་སྨིན་པས་བར་དོར་གྲོལ་བའོ། །ཚེ་དབང་ནི་དེ་ཉིད་ལ་གྲོལ་བའོ། །ཕྱག་རྒྱ་ཆེན་པོ་ནི་ལུས་སེམས་ལྷར་སྨིན་པའོ། །ལྷུན་གྲུབ་ནི་རང་གཞན་གྱི་དོན་གཉིས་གྲུབ་པའོ། །འདི་དག་ལས་བཅུ་དྲུག་པོ་དེ་སྔ་མ་བཞིན་སྦྱར་ཏེ་ཡོན་ཏན་ཤེས་པར་བྱའོ། །རྣམ་སྨིན་ནི་བར་མ་ཆད་ན་ཚེ་དེ་ལ་ཚེ་དབང་ཐོབ་ནས་འབྲས་བུ་ཐོབ་པའོ། །ཚེ་དབང་ནི་བསྐལ་བ་ཆེན་པོ་གཅིག་ན་རྫུ་འཕྲུལ་སྦྱངས་ནས་རྡོ་རྗེ་འཆང་གི་ས་འཐོབ་བོ། །ཕྱག་རྒྱ་ཆེན་པོ་ནི་ལོ་བརྒྱ་ན་རྡོ་རྗེ་འཆང་གི་ས་འཐོབ་བོ། །ལྷུན་གྲུབ་ནི་ལོ་སྟོང་ན་རྡོ་རྗེ་འཆང་གི་ས་འཐོབ་སྟེ་འཕྲིན་ལས་བཞིས་དོན་གཉིས་མཛད་པའི་ཕྱིར་རོ། །འཕྲིན་ལས་བཞི་ནི། ཞི་བ། རྒྱས་པ། དབང༌། དྲག་པོའོ། །དེ་ལ་སྤྲོས་བཅས་ཀྱིས་ཞི་བའི་ལས་བྱེད་དེ་དངོས་པོ་ལུས་སེམས་ཀྱི་བར་ཆད་མངོན་གྱུར་དང༌། དངོས་མེད་དྲི་མ་ཕྲ་རགས་གཉིས་ཞི་བར་བྱེད་པའོ། །དབྱེ་ན་ཞི་བའི་ཞི་བ་ཤེས་པ་དང་རླུང༌། ཞི་བའི་རྒྱས་པ་ཚེ་དང་བསོད་ནམས། ཞི་བའི་དབང་ལུས་ངག་གི་ནུས་པ། ཞི་བའི་དྲག་པོ་གཉིས་ཞི་ནས་གཅིག་ཏུ་གནས་པའོ། །སྤྲོས་མེད་ཀྱིས་རྒྱས་པའི་ལས་འགྲུབ་བོ། །དབྱེ་ན་རྒྱས་པའི་ཞི་བ་རྣམ་རྟོག་ངན་པ་ཟད་པ། རྒྱས་པའི་རྒྱས་པ་ཚེ་དང་བསོད་ནམས་འཁོར་དང་ལོངས་སྤྱོད་ཉམས་དང་བྱིན་བརླབས་སོ། །རྒྱས་པའི་དབང་ཇི་ལྟར་འདོད་པའི་བསྒྲུབ་བྱ་རྒྱས་པ། རྒྱས་པའི་དྲག་པོ་ལུས་ངག་སེམས་ཀྱི་ནུས་པ་རྫོགས་པའོ། །ཤིན་ཏུ་སྤྲོས་མེད་ཀྱིས་དབང་གི་འཕྲིན་ལས་འགྲུབ་བོ། །དབྱེ་ན་དབང་གི་ཞི་བ་ལུས་ངག་ཡིད་ཀྱི་བར་ཆད་ཞི་བ། དབང་གི་རྒྱས་པ་ལྟ་སྒོམ་སྤྱོད་འབྲས་རྒྱས་པ། དབང་གི་དབང་མི་དང་མ་ཡིན་རྣམས་འདུས་པ། དབང་གི་དྲག་པོ་དགུག་པ་ལ་སོགས་པ་འགྲུབ་པའོ། །རབ་ཏུ་སྤྲོས་པ་མེད་པས་དྲག་པོའི་འཕྲིན་ལས་འགྲུབ་པའོ། །དབྱེ་ན་དྲག་པོའི་ཞི་བ་དགུག་པ་དང་བཅིང་བའི་ལས་སོ། །དྲག་པོའི་རྒྱས་པ་དབྱེ་བ་དང་བསྐྲད་པ༌། དྲག་པོའི་དབང་ཚུར་ལ་ཀླན་ཀ་མི་རྙེད་པ། དྲག་པོའི་དྲག་པོ་སྤ་བཀོང་བ་དང་བསད་པ་ལ་སོགས་པ་འགྲུབ་པའོ། །དེ་ལྟར་བཅུ་དྲུག་ནི་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་སོགས་རང་ངོའི་དབྱེ་བ་བཅུ་དྲུག་གི་འབྲས་བུའོ། །དེ་ཡང་རྣམ་པར་འཕྲུལ་པས་དབྱེ་ན། ལུས་མི་འདྲ་བའི་གྲངས་བཞིན་དག་བྱེད་ཀྱང་དེ་ཙམ་ཡོད་པ་ནི་འཕྲིན་ལས་ཀྱི་གྲངས་སོ། །གཞན་ཡང་གནས་སྐབས་སུ་ཐོབ་པ་ནི། སྤྲོས་བཅས་ཀྱི་དབང་གིས་ལུས་ཀྱི་ཡོན་ཏན། ཚེ་རིང་བ་དང༌། ནད་མེད་པ་དང༌། འགྲོ་བ་བྱམས་པ་དང༌། བསོད་ནམས་དང་ལྡན་པ་དང༌། རྫུ་འཕྲུལ་འགྲུབ་པ་དང༌། ལུས་ཀྱི་རྡུལ་ཕྲན་མཐོང་བ་ལ་སོགས་པའོ། །སྤྲོས་མེད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། གཞན་གྱི་རྣར་སྙན་པ་དང༌། བསྒོ་བ་བཞིན་ཉན་པ་དང༌། བཀའ་བསྟན་བཅོས་པ་དབང་བ་དང༌། མི་མ་ཡིན་པའི་སྐད་ཤེས་པ་ལ་སོགས་པའོ། །ཤིན་ཏུ་སྤྲོས་མེད་ཀྱིས་ཡིད་དག་་པ་དང༌། ཏིང་ངེ་འཛིན་དང༌། རིག་པ་དང༌། གང་བསམས་ཆོས་ཉིད་དུ་འཆར་བ་དང༌། དུས་བཞི་དུས་གཅིག་ཏུ་རྟོགས་པ་དང༌། འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ལ་སོགས་པའོ། །རབ་ཏུ་སྤྲོས་མེད་ཀྱིས་སེམས་ལས་སུ་རུང་བ་དང༌། མངོན་པར་ཤེས་པ་དང༌། ཚེ་དཔག་ཏུ་མེད་པར་བྱིན་གྱིས་རློབས་པ་ལ་སོགས་པའོ། །ཁྱད་པར་དུ་དབང་བཞིས་སྣང་བ་བཞིའི་ཡོན་ཏན་ཐོབ་པ་ནི། སྤྲོས་བཅས་ཀྱིས་ཆོས་ཉིད་མངོན་སུམ་གྱི་སྣང་བ། སྤྲོས་མེད་ཀྱིས་ཉམས་གོང་འཕེལ། ཤིན་ཏུ་སྤྲོས་མེད་ཀྱིས་རིག་པ་ཚད་ཕེབས། རབ་ཏུ་སྤྲོས་མེད་ཀྱིས་ཆོས་ཉིད་ཟད་པའི་སྣང་བ་སྟེ། དེ་དག་རེ་རེ་ཞིང་ཕྱི་སྣང་བའི་ཡོན་ཏན་རེ་དང༌། ནང་ཉམས་ཏིང་ངེ་འཛིན་རེ་དང༌། གསང་བ་ལྟ་དགོངས་ཁྱད་པར་ཅན་རེ་དང༌། ཡོངས་རྫོགས་བསྟན་པའི་ཚད་རེ་ཐོབ་ནས། ཟག་བཅས་མི་སྣང་བར་སངས་རྒྱས་ཀྱི་ས་ལ་སྦྱོར་བའོ། །འདི་དག་ནི་ཐུན་མོང་དུ་གནས་སྐབས་ཀྱི་ཡོན་ཏན་ནོ། །གཉིས་པ་མཐར་ཐུག་གི་འབྲས་བུ་ནི། མགོན་པོ་རྡོ་རྗེ་འཆང་གི་ས་སྟེ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་རྫོགས་པར་ཐོབ་པའོ། །དབྱེ་ན་གསུམ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཞིང་ཁམས་མདོར་བསྟན། བསམ་གྱིས་མི་ཁྱབ་པའི་དབྱེ་བ་རྒྱས་པར་བཤད། མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བའོ། །དང་པོ་ནི་དབང་མཐར་ཕྱིན་པའི་འབྲས་བུ་བཞི་ལ་རྟགས་བཞི་དང་ཚད་བཞི་སྟེ། བཅུ་གཉིས། སྨིན་སོ་སྐུ་བཞི་སྟེ་བཅུ་དྲུག ཡེ་ཤེས་བཞི་སྟེ་ཉི་ཤུ། ཡེ་ཤེས་ཀྱི་འོད་ཟེར་བཞི་སྟེ་ཉེར་བཞི། འོད་ཀྱིས་བཀྱེ་བའི་སྤྲུལ་པ་བཞི་སྟེ་ཉེར་བརྒྱད། སྤྲུལ་པའི་གདུལ་ཞིང་བཞི་སྟེ་སུམ་ཅུ་རྩ་གཉིས་སུ་སྨིན་པས་དོན་འབྱུང་བ་ནི། ལམ་དུ་དབང་སུམ་ཅུ་རྩ་གཉིས་ཐོབ་པ་ལས་བྱུང་བའོ། །དེ་ཡང་སྐུ་བཞི་ལ་གཞི་གནས་ཀྱི་ཡེ་ཤེས། མཚན་ཉིད་འཛིན་པའི་ཡེ་ཤེས། ཐམས་ཅད་མཁྱེན་པའི་ཡེ་ཤེས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བཞི་བཞི་བརྩིས་པས་བཅུ་དྲུག ཡེ་ཤེས་ཀྱི་མཁྱེན་པ་བཞི་བཞི་བརྩིས་པས་བཅུ་དྲུག་སྟེ་སུམ་ཅུ་་རྩ་གཉིས་ནི་སྐུ་དང་ཡེ་ཤེས་ཀྱི་རྣམ་གྲངས་སུམ་ཅུ་རྩ་གཉིས་ཞེས་བྱའོ། །འདི་དག་རྫོགས་པ་ནི་རྡོ་རྗེ་འཆང་གི་ས་བཅུ་དྲུག་མཛད་པ་ཡེ་ཤེས་ཀྱི་ཡུལ་བཅུ་དྲུག་དང་བཅས་པའོ། །ཡེ་ཤེས་ཀྱི་སྣང་བའི་རང་འོད་ལྔ་ལས་གཞི་ལྔའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པ་ནི། འོད་མཐིང་གའི་ཀློང་ན་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རྫོགས་པའོ། །དེ་བཞིན་དུ་དཀར་པོས་མི་བསྐྱོད་པ། སེར་པོས་རིན་ཆེན་འབྱུང་ལྡན། དམར་པོས་སྣང་བ་མཐའ་ཡས། ལྗང་གུས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའོ། །དཀྱིལ་འཁོར་དེ་དག་ལས་གདུལ་བྱའི་ཞིང་དུ་འཕྲིན་ལས་བཞིའི་སྤྲུལ་པ་འགྱེད་ལ། གདུལ་ཞིང་ཤར་ཕྱོགས་མངོན་པར་དགའ་བ། ལྷོ་དཔལ་དང་ལྡན་པ། ནུབ་པདྨ་བརྩེགས་པ། བྱང་ལས་རབ་རྫོགས་པ་བཞིས་འགྲོ་བ་སྨིན་པར་བྱེད་དོ། །གཉིས་པ་བསམ་གྱིས་མི་ཁྱབ་པའི་དབྱེ་བས་རྒྱས་པར་བཤད་པ་ནི། སྐུ་བཞིའི་ཞིང་ཁམས་ཕུན་སུམ་ཚོགས་པ་ལྔ་ལྔར་དབྱེ་བ་ལས། དང་པོ་ཆོས་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོ། གནས་ཆོས་ཀྱི་དབྱིངས། བསྟན་པ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བསྟན་པ། འཁོར་འདུས་མ་བྱས་པ། དུས་ཆོས་ཉིད་ལ་འཕོ་འགྱུར་མེད་པ་དང་ལྔ་ནི་ཆོས་སྐུར་འཇོག་པའི་འཐད་པ་ནི། ཞིང་ཁམས་རྣམ་པར་དག་པ་དེ་ཉིད་དང་བརྗོད་དུ་མེད་པ། ཆོས་བརྗོད་དུ་མེད་པ། འབད་མེད་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཀྱི་སྒོ་ནས་ཆོས་སྐུ་ཞེས་བརྗོད་པའོ། །ཕུན་སུམ་ཚོགས་པ་ལྔ། བརྗོད་དུ་མེད་པ་དང༌། ལྷུན་གྱིས་གྲུབ་པ་གཉིས་ཏེ། བརྒྱད་ནི། དབང་བཞིའི་ས་བོན་བཞི་དང༌། འབྲས་བུ་བཞི་སྟེ་བརྒྱད་སྨིན་པ་ལས་བྱུང་བའོ། །ལོངས་སྐུའི་སྟོན་པ་རྣམ་པར་སྣང་མཛད་གང་ཆེན་མཚོ། །གནས་རྣམས་དག་སྟུག་པོ་བཀོད་པ། བསྟན་པ་རང་བྱུང་གི་ཡི་གེ་དྲུག་གི་རང་སྒྲ་ལྗགས་ཀྱི་འོད་ཟེར་ལས་འཕྲོ་བ་བསྟན་པའི་བུ་གཅིག འཁོར་ཉིད་ལས་མིག་པ་རིགས་བཞིའི་སངས་རྒྱས། དུས་རང་བཞིན་རྣམ་དག་ཆེན་པོ། ཞིང་ཁམས་ཕྱག་མཉམ་གཞག་གི་མཐིལ་ན། ཡས་མར་བརྩེགས་པའི་ཉི་ཤུ་རྩ་ལྔ། སྐྱིལ་ཀྲུང་མན་ཆད་ལ་བཅུ་དྲུག དེ་དག་ཀྱང་ཡས་མན་དུ་བལྟས་པས་རྒྱ་དེབ་བརྩེགས་པ་ལྟ་བུར་བར་ན་རྣམ་དག་གི་ནམ་མཁས་བཅད་ནས་གནས་ལ། ཕན་ཚུན་ནི་ཟ་འོག་གི་གུར་ཁྱིམ་བཀྲམ་པ་དང་འདྲ་སྟེ། སོ་སོའི་ལྕགས་རི་དང་མཚོས་པར་བཅད་དེ་གནས་སོ། །ཆོས་ནི་རང་གི་ངོ་བོ་རྣམ་དག་ཆེན་པོའི་ཆོས་ལ་སྤྱོད་པའོ། །འཐད་པ་ནི་འོད་དང་ཁ་དོག་སྐུ་དང་ཡེ་ཤེས་ལ་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །དེ་ཡང་འོད་ཟེར་སྦྱོར་བ་དག་པ་ཡབ་ཀྱི་ཞལ་ནས་ཞུགས་ཏེ་གསང་བའི་གནས་ནས་ཡུམ་གྱི་མཁའ་ལ་འཐོན་ནས་སྤྲུལ་པ་འགྱེད་པ་སྟེ། ཕུན་སུམ་ཚོགས་པ་ལྔ། ཞིང་དང་སྤྲུལ་པ་གཉིས་ཏེ་བརྒྱད་དོ། །དེ་ཡང་དབང་བརྒྱད་ཀྱི་འབྲས་བུའོ། །སྤྲུལ་པ་སྐུའི་སྟོན་པ་དྲུག་པ་རྡོ་རྗེ་འཆང༌། གནས་ལྕང་ལོ་ཅན་ཏེ་འོག་མིན་གྱི་མིང་གི་བྱེ་བྲག་གོ །བསྟན་པ་རང་བཞིན་རྫོགས་པ་ཆེན་པོ། འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ། དུས་སྐུ་འདུལ་བའི་དུས། ཞིང་ཁམས་རྒྱ་ཆེ་བ་ཚངས་ཆེན། དེ་ལས་ཁོལ་བུར་ཕྱུང་ན་མི་མཇེད་དེ་གླིང་བཞི་རི་རབ་དང་བཅས་པ་བྱེ་བ་ཕྲག་བརྒྱའོ། །ཆོས་བསྟན་པ་དངོས་དང་གཟུགས་བརྙན་གཉིས་སོ། །འཐད་པ་གང་ལ་གང་འདུལ་དུ་སྤྲུལ་བས་ན་སྤྲུལ་སྐུའི། །རང་གཞན་གྱི་དོན་གཉིས་རྫོགས་པའི་འཕྲིན་ལས་དང་བརྒྱད་དོ། །ངོ་བོ་ཉིད་ཀྱི་སྐུའི་སྟོན་པ་བསམ་བརྗོད་རྣམ་པར་དག་པ། གནས་བསམ་འདས་མཚན་གཞི་དང་བྲལ་བ། བསྟན་པ་རྡུལ་མེད་ཅིང་དྲི་མ་མེད་པ། འཁོར་ཡེ་ཤེས་རྒྱ་མཚོ། ཞིང་ཁམས་བདེ་ཆེན་རྣམ་དག །ཆོས་ངོ་འབྱེད་པ་མེད་པ། ལས་སེམས་ཉིད་ཕྱིན་ཅི་ལོག་ལས་འདས་པ་དང་བརྒྱད་དོ། །དེ་ཐམས་ཅད་ཀྱི་རང་བཞིན་རྟགས་ཀྱི་སྐུ་བཞི་ནི། ཆོས་སྐུའི་སྟོན་པ་རང་བཞིན་མ་བཅོས་པ། གནས་སྟོང་པ་ཀུན་ཁྱབ། བསྟན་པ་འདུལ་སྟངས་རྣམ་དག འཁོར་རང་བཞིན་ཡོངས་དག དུས་ངེས་མེད་སྣ་ཚོགས། ཆོས་ཟག་པ་རང་ཟད། འཐག་པ་ཆོས་ཀྱི་ཕུང་པོ་འདུས་པས་ན་ཆོས་ཀྱི་ཕུང་པོ་འདུས་པས་ན་ཆོས་ཀྱི་སྐུའོ། །བྱེད་ལས་ལས་བདག་ཏུ་མེད་པའི་ལས་བྱེད་པ་དང་བརྒྱད་དོ། །གཟུགས་སྐུའི་སྟོན་པ་སྐུ་སྣང་ལ་རང་བཞིན་མེད་པ་ཞལ་ཀུན་ཏུ་ཐལ་ལེ་བ། གནས་ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ། བསྟན་པ་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པ། འཁོར་སྣང་བ་དང་མི་སྣང་བ། དུས་སྤྲོས་བཞིའི་ཚིག་ཙམ་དུ་བྱུང་བ། ཞིང་ཁམས་ཕྱི་ནས་བལྟས་པས་ནང་གསལ་བ། ཆོས་སྤྲོས་གཞི་རྣམ་པར་དག་པ། འཐད་པ་གཟུགས་རྡུལ་དང་རྡུལ་ཕྲན་དག་པར་བྱེད་པས་ན་གཟུགས་སྐུའོ། །ལས་ཀྱི་གཟུགས་ཅན་རྣམས་ཀྱི་ལས་ཟད་པར་བྱེད་པ་དང་བརྒྱད་དོ། །དེ་དག་གི་ཞར་ལ་ཞི་བའི་སྐུའི་སྟོན་པ་རང་ཤེས་རིག་གི་རྒྱལ་པོ་འདུས་མ་བྱས་པ་གནས་ཙིཏྟ་རིན་པོ་ཆེའི་གཞལ་མེད་ཁང༌། བསྟན་པ་རྩ་རླུང་ཐམས་ཅད་ཀྱི་མན་ངག འཁོར་ཡེ་ཤེས་ལྔ་དང༌། རླུང་ལྔ་དང༌། ཤེས་རབ་ལྔ་དང༌། འོད་ལྔ་དང༌། སྐུ་ལྔ་དང༌། རིགས་ལྔའོ། །དུས་ལུས་དང་སེམས་འཛོམ་པའོ། །ཞིང་ཁམས་འགྲོ་བ་འདུལ་བ། ཆོས་འཁོར་བ་དང་མྱ་ངན་ལས་འདས་པ། འཐད་པ་དེ་ལ་བརྟེན་ནས་ལུས་སེམས་སྡུག་བསྔལ་ཞི་བས་ན་ཞི་བའི་སྐུར་འཐད་དོ། །ལས་ཁམས་གསུམ་ལས་གྲོལ་བར་བྱེད་པ་སྟེ་བརྒྱད་དོ། །ཁྲོ་བོའི་སྐུའི་སྟོན་པ་ཡེ་ཤེས་ཀྱི་ཧེ་རུ་ཀ་ལྔ། གནས་བྷནྡྷ་འབར་བའི་གཞལ་ཡས་ཁང་སྟེ་ཀླད་པ་དུང་ཁང་དཀར་པོ། བསྟན་པ་བདེ་ཆེན་གྱི་འབར་འཛག །འཁོར་སྒྲོན་མ་རྣམས་པ་བཞི། དུས་ཡེ་ཤེས་རང་འཁྱིལ་བའི་དུས། ཞིང་ཁམས་མིག་གི་དབང་པོ་མཐོང་བ་མ་འགགས་པ། ཆོས་གཟུགས་ཀྱི་དེ་བཞིན་ཉིད། འཐད་པ་ཡུལ་དང་ཤེས་པ་ལ་ཁྲོས་པས་ན་ཁྲོ་བོའི་སྐུར་འཐད་དོ། །ལས་ཀྱི་གདུལ་བྱ་ཕྱིན་ཅི་ལོག་རྣམས་ཚར་གཅོད་པ་དང་བརྒྱད་དོ། །དེ་དག་ལ་སྐབས་འདིར་འབྲས་བུར་གཞག་པ་ནི་གཞི་སྨིན་བྱའི་སྦྱང་གཞི་ཐོག་མའི་འོད་གསལ་ཡིན་པ་དང༌། གདུལ་བཞིའི་འབྲས་བུ་རང་བཞིན་རྣམ་དག་ཡིན་པས་གློ་བུར་རྣམ་དག་གི་ཞར་ལ་སྨོས་པའོ། །དེ་དག་ལ་བརྟགས་པས་དབང་དང་འབྲས་བུ་ལ་བཅུ་དྲུག་ཕྲག་བཞི། སྐུ་ལ་བཅུ་དྲུག་ཕྲག་བཞི་སྟེ་ཕྲག་བརྒྱད་བསྡོམས་པས། བརྒྱ་དང་ཉེར་བརྒྱད་ནི་དབང་བསྐུར་བའི་འབྲས་བུ་ཕུན་སུམ་ཚོགས་པའོ། །གསུམ་པ་མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བ་ནི། དབང་བཞིའི་ས་བོན་གྱི་ཆ་ལས་དྲུག་བརྒྱ་དང་དྲུག་ཅུ་རྩ་དྲུག་གིས་འགྲོ་བ་དྲུག་གི་ལས་དང་ཉོན་མོངས་པ་དག་པར་མཛད་པའོ། །དེ་ལ་ཐོག་མར་མཐོང་བ་རྣམ་པར་དག་པ་ལས། བདག་ཉིད་ལ་ཟག་པ་མེད་པའི་མངོན་པར་ཤེས་པ་ནི། དབང་པོའི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་གིས་དུས་གསུམ་དུས་གཅིག་ལ་མཐོང་བ་པྲ་སེན་མཐོང་བ་ལྟ་བུ་སྟེ། དེ་ཡང་མིག་གི་མངོན་ཤེས་དྲུག་གིས་གཟུགས་ཐམས་ཅད་ཤེས། རྣ་བའི་མངོན་ཤེས་དྲུག་གིས་བརྗོད་པའི་སྒྲ་ཐམས་ཅད་གཏན་ལ་ཕེབས་སོ། །སྣའི་དྲུག་གིས་འགྲོ་བ་དྲུག་གི་ལས་གཏན་ལ་ཕེབས་སོ། །ལྕེའི་དྲུག་གིས་འགྲོ་དྲུག་གི་འཁོར་དང་ལོངས་སྤྱོད་ཤེས་སོ། །ལུས་ཀྱི་དྲུག་གིས་འགྲོ་དྲུག་གི་གཟུགས་རྡུལ་ཕྲན་དང་རགས་པ་ཐམས་ཅད་ཤེས་སོ། །ཡིད་ཀྱི་དྲུག་གིས་འགྲོ་དྲུག་གི་བསམ་པ་ཐམས་ཅད་ཤེས་སོ། །དེ་ལྟར་དབྱེ་གཞི་ཕྲི་བས་དབང་པོའི་མངོན་ཤེས་སུམ་ཅུ་སྲིད་པ་ཡན་ལག་སུམ་ཅུ་ཤེས་ཤིང༌། མཚན་སུམ་ཅུ་རྩ་གཉིས་གྲུབ་པ་ནི་དབང་སུམ་ཅུ་རྩ་གཉིས་ལས་བྱུང་བའོ། །དེ་ནས་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། སྦྱངས་པའི་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་ཡེ་ཤེས་དྲུག་ཤར་བས་ཚིག་ཐམས་ཅད་ཀྱི་བརྡ་དོན་ཁོང་དུ་ཆུད་པའོ། །བསླབ་པའི་ཤེས་རབ་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་གིས་སེམས་ཉིད་ཆོས་ཉིད་ལ་འཇུག་པ་ཁྱད་པར་ཅན་སྐྱེ་བའོ། །མཐོང་བ་རྣམ་པར་དག་ཞེས་ཀུན་ལ་སྦྱར་ཏེ། ཐོས་པའི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་སྒྲ་དང་དོན་ཐམས་ཅད་ཤེས་སོ། །བསམ་བྱུང་གི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་ཆོས་ཐམས་ཅད་ཀྱི་འདུ་མཆེད་རྟོགས་སོ། །སྒོམ་བྱུང་གི་ཤེས་བར་ཀྱི་མངོན་ཤེས་དྲུག་གིས་ཆོས་དང་སེམས་གཉིས་འདྲེས་ཏེ་ནམ་མཁའ་ལྟར་ཤེས་སོ། །དེ་ལྟར་སུམ་ཅུ་ནི་དབང་གི་འགྱུར་བྱེད་སུམ་ཅུ་རྩ་གཉིས་ཀྱིས་སངས་རྒྱས་ཀྱིས་སྦྱངས་པའི་ཡོན་ཏན་སུམ་ཅུ་རྩ་གཉིས་མཐོང་བ་ལས་བྱུང་བའོ། །དེ་ནས་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། འདིའི་དུས་ན་ཡེ་ཤེས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྙེད་པའོ། །དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་གིས་ཆོས་ཀྱི་མཚན་ཉིད་དང་དགོངས་པ་མངོན་སུམ་དུ་ཤེས་སོ། །མཉམ་པ་ཉིད་ཀྱི་དྲུག་གིས་འཁོར་འདས་གཉིས་སུ་མེད་པར་ཤེས་སོ། །སོ་སོར་རྟོག་པའི་དྲུག་གིས་འགྲོ་བ་དྲུག་གི་དབང་པོ་ལ་སོགས་པ་ཤེས་སོ། །བྱ་བ་གྲུབ་པའི་དྲུག་གིས་ཆོས་ཐམས་ཅད་རྩོལ་བ་དང་བྲལ་བ་དང་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཤེས་སོ། །ཆོས་ཀྱི་དབྱིངས་ཀྱི་དྲུག་གིས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཤེས་སོ། །མི་གནས་པའི་ཡེ་ཤེས་ཀྱི་དྲུག་གིས་ཆོས་གང་ལའང་མི་གནས་པ་ཤེས་སོ། །དེ་ཡང་དབྱེ་གཞི་རེ་ཕྲི་བས་མངོན་ཤེས་ལྔ་ཚན་དྲུག་ཏུ་འགྱུར་ཏེ། ཡེ་ཤེས་ཀྱི་མངོན་པར་ཤེས་པ་སུམ་ཅུ་ནི་དབང་སུམ་ཅུ་རྩ་གཉིས་ལས་བྱུང་བའོ། །དེ་རྣམ་པར་གྲོལ་བའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་སེམས་དང་སེམས་བྱུང་ནུབ་པའོ། །དེ་ལ་རྣམ་གྲོལ་དང་པོའི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་ཤར་བས། ལུས་ཀྱི་ཟག་པ་ཟད་པའོ། །རྣམ་གྲོལ་གཉིས་པ་དྲུག་གིས་ངག་གི་ཟག་པ་ཟད་པའོ། །གསུམ་པའི་དྲུག་གྱིས་ཡིད་ཀྱིས་ཟག་པ་ཟད་པའོ། །བཞི་པའི་དྲུག་གིས་སེམས་ཀྱི་ཟག་པ་ཟད་པའོ། །ལྔ་པའི་དྲུག་གིས་ཤེས་རབ་ཀྱི་ཕུང་པོ་ལ་སྒྲིབ་པའི་ཟག་པ་ཟད་པའོ། །དྲུག་པའི་དྲུག་གིས་ཆོས་དང་ཆོས་ཉིད་ཀྱི་ཟག་པ་ཟད་པའོ། །སུམ་ཅུ་པོ་དེ་དག་གིས་ཕྱི་ནང་གསང་བ་ཡོངས་རྫོགས་ཀྱི་དབང་ལས་བྱུང་བའོ། །དེ་ནས་སྐུ་གསུང་ཐུགས་ཀྱི་ལས་མངོན་དུ་གྱུར་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། སངས་རྒྱས་ཀྱི་མཁྱེན་པ་མ་ལུས་པ་རྫོགས་པའོ། །སྐུ་དངོས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་ཤར་བས་སངས་རྒྱས་ཀྱི་སྐུ་ཐམས་ཅད་མཐོང་ཞིང་རང་གིས་ཀྱང་བརྙེས་པའོ། །སྐུའི་སྣང་བའི་དྲུག་ཤར་བས་འོད་ཀྱི་ཚོགས་མཐའ་ཡས་པ་ལ་སྤྱོད་དོ། །གསུང་དངོས་ཀྱི་དྲུག་ཤར་བས་གསུང་དབྱངས་དྲུག་ཅུ་ལ་སྤྱོད་དོ། །གསུང་གི་སྣང་བའི་དྲུག་གིས་སྒྲ་དབྱངས་དུ་མ་ལ་སྤྱོད་དོ། །ཐུགས་དངོས་ཀྱི་དྲུག་གིས་ཏིང་ངེ་འཛིན་ཐམས་ཅད་ལ་སྤྱོད་དོ། །ཐུགས་ཀྱི་སྣང་བའི་དྲུག་གིས་གཞན་གྱི་སེམས་ཤེས་པ་ལ་སྤྱོད་དོ། །དེ་ལྟར་སུམ་ཅུ་པོ་ནི་དབང་གི་ལྷ་ངོ་སུམ་ཅུ་རྩ་གཉིས་ཤེས་པ་ལས་བྱུང་ངོ༌། །དེ་ནས་ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་ཆོས་ཉིད་ཀྱི་དགོངས་པ་ལ་དབྱེར་མི་ཕྱེད་པར་བཞུགས་སོ། །སེམས་རྣམ་པར་གདུལ་བའི་མངོན་ཤེས་དྲུག་ཤར་བས་སེམས་ཀྱི་རང་བཞིན་ཤེས་སོ། །སེམས་སྦྱང་བའི་དྲུག་གིས་རྩ་བ་ཤེས་སོ། །སེམས་ཞི་བའི་དྲུག་གིས་སེམས་མེད་པའི་མཚན་ཉིད་ཤེས་སོ། །སེམས་རྣམ་པར་དག་པའི་དྲུག་གིས་མི་འགྱུར་བར་ཤེས་སོ། །སེམས་མི་ལྡོག་པའི་དྲུག་གིས་ཁམས་གསུམ་མིང་མེད་པར་ཤེས་སོ། །སེམས་ལས་འདས་པའི་དྲུག་གིས་ཤེས་བྱེད་དང་འདུ་འཕྲོ་དག་སྟེ་མི་ལྡོག་པར་རྟོགས་སོ། །དེ་ལྟར་སུམ་ཅུ་ནི་དབང་གི་རྣམ་པར་འཕྲུལ་པའི་དབྱེ་བ་ཤེས་པ་ལས་བྱུང་ངོ༌། །དེ་ལྟར་མཐོང་བ་དག་པའི་མངོན་ཤེས་བརྒྱ་དང་བརྒྱད་ཅུ་ནི་མོས་པའི་མཐོང་བ་ཙམ་ལས་བྱུང་བའོ། །དེ་ཡང་ཕྱེ་ན་མོས་པའི་བཞི་བཅུ་རྩ་ལྔ་ལྔའི་ཡོན་ཏན་འབྱུང་བ་ནི། སྤྲོས་བཅས་ཀྱི་དབང་ཐོབ་པ་ལས་བྱུང་བའོ། །དེའི་འགྲེས་ཀྱིས་ཐོས་པ་རྣམ་པར་དག་པའི་མངོན་ཤེས་ཀྱང་བརྒྱ་དང་བརྒྱད་ཅུར་འགྱུར་ཏེ། དེ་ལའང་ཡེ་ཤེས་བཞིའི་ཡོན་ཏན་འཇུག་པ་སྔར་དང་འདྲའོ། །འདི་དག་སྤྲོས་མེད་ཀྱི་དབང་ལས་བྱུང་བའོ། །བསམ་བྱ་དག་པའི་བརྒྱ་དང་བརྒྱད་ཅུ་ནི་བསྒྱུར་གཞིའི་དོན་ཤེས་པ་ལས་བྱུང་བ་སྟེ། ཡེ་ཤེས་སུ་དག་པ་དང༌། མྱོང་བྱེད་དག་པའི་བརྒྱ་བརྒྱད་ཅུ་ཆོད་པའི་རང་བཞིན་ཤེས་པ་ལས་བྱུང་བ་དང༌། རེག་བྱེད་དག་པའི་བརྒྱ་བརྒྱད་ཅུ་པ་མདོ་ཤེས་པ་ལས་བྱུང་བ་དང་ཚན་པ་གསུམ་ནི་ཤིན་ཏུ་སྤྲོས་མེད་ཀྱི་དབང་ལས་བྱུང་བའོ། །ཆོས་དག་པའི་མངོན་ཤེས་བརྒྱ་བརྒྱད་ཅུ་ནི་རབ་ཏུ་སྤྲོས་པ་མེད་པའི་དབང་ལས་བྱུང་བའོ། །དེ་ལྟར་ན་ས་དང་སྦྱར་བས་སའི་ཡོན་ཏན་ཉིས་སྟོང་སུམ་བརྒྱ་དང་དྲུག་ཅུ། ཡེ་ཤེས་ཀྱི་བྱེད་པ་དྲུག་བརྒྱ་དང་དྲུག་ཅུ། ཆོས་ཀྱི་རྣམ་གྲངས་སུམ་སྟོང་དང་བརྒྱ་ཉི་ཤུ་རྣམས་ནི་རྡོ་རྗེ་འཆང་གི་སའི་མངོན་ཤེས་ཀྱི་རྣམ་པར་འཕྲུལ་བའི་དབྱེ་བ་ཆེན་པོའོ། །འདི་དག་ནི་དབང་གི་རྣམ་པར་གཞག་པ་སྟེ། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་སྒོ་དང་པོའི་གཞི་གལ་པོ་ཆེ་ཡང་དག་པ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། གཞིའི་དོན་སྨིན་པར་བྱེད་པ་དང་དབང་གི་རྣམ་པར་གཞག་པ་སྟེ་རིམ་ཁང་དྲུག་པའོ། །

[edit]
OCR of the BDRC scans (I1CZ5002), gorn05 tibocr 2026: BDRC OCR on 869 pages, Mitra OCR on 389 pages (the model with more recognisable syllables on each page).
Volume I1CZ5002

[p. 233] དེའི་སྤྲོས་མེད་ཀྱིས་དོན་རང་ཐོག་ཏུ་ཕེབས་པས་ཆོས་ཉིད་ལས་འགྲོ་ས་མེད་པའོ། །དེའི་ཤིན་ཏུ་སྤྲོས་མེད་སྟོང་ཉིད་ཀྱི་དཀྱིལ་འཁོར་དུ་འཇུག་པས་སྒོ་གསུམ་ཁམས་གསུམ་དུ་མི་འཇུག་པའོ། ། རབ་ཏུ་སྤྲོས་མེད་ཀྱིས་ཚོགས་དྲུག་དག་པར་བྱེད་པའོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དབྱེ་བ་ངེས་པ་ནི། རབ་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་སེམས་གང་ཡིན་ལ་སོགས་པས་ཆགས་སྡང་རང་གྲོལ་བར་བྱེད་དོ། །སྤྲོས་མེད་སྤྲུལ་སྐུའི་ཞིང་བསྟན་པས་ཕུང་པོ་ཁམས་ དང་སྐྱེ་མཆེད་སྟོངས་པར་བྱེད་དོ། །ཤིན་ཏུ་སྤྲོས་མེད་ལོངས་སྐུའི་ཞིང་བསྟན་པས་སེམས་ཉིད་འགྲོ་འོང་མེད་པའི་དོན་རྟོགས་པར་བྱེད་དོ། །རབ་ཏུ་སྤྲོས་མེད་ཆོས་སྐུར་ལུང་བསྟན་པས་འཁོར་འདས་ལ་ཞེན་པའི་ཤེས་སྒྲིབ་ཕྲ་མ་སྦྱོང་བར་བྱེད་དོ། །གཉིས་པ་རང་ངོའི་ དབྱེ་བ་རྒྱས་པར་བཤད་པ་ལ་དབང་བཞི་ལས། དང་པོ་སྤྲོས་བཅས་ལ། སྤྲོས་བཅས་ཀྱི་སྤྲོས་བཅས་དམ་བསྲེ་ཞིང་མནའ་ཆུ་བླུད་པ་ལ་སོགས་པ་སྟེ་ཕྱིའོ། །སྤྲོས་བཅས་ཀྱི་སྤྲོས་མེད་དཀྱིལ་འཁོར་དུ་གཞུག་ཅིང་ལྷ་ངོ་བསྟན་ནས་མིང་གི་དབང་བསྐུར་བ་སྟེ་ནང་ངོ། །སྤྲོས་ བཅས་ཀྱི་ཤིན་ཏུ་སྤྲོས་མེད་ཉན་ཐོས་ཀྱི་སྡོམ་པ་སྦྱིན་པ་ནས་རིམ་དགུ་རྫོགས་ཏེ་དབུགས་དབྱུང་གཟེངས་བསྟོད་དང་བཅས་པ་གསང་བའོ། །སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་བུམ་པ་ངེས་པའི་སྐུར་རྒྱུ་སྟེ་ཡོངས་སུ་རྫོགས་པའོ། །འདི་ལའང་བུམ་པ་ངེས་པ་རྟེན་གཞལ་ཡས་ ཁང་བརྟེན་པ་ལྷར་གསལ་བས་དབང་བསྐུར་བ་ཡོངས་སུ་རྫོགས་པའི་ཕྱི་སྤྲོས་བཅས་སོ། །སློབ་མའི་ལུས་ལྷར་བསྐྱེད་པ་ལ་འབྱུང་བཞི་དག་སྦྱོང་གི་རྫས་དབང་ཉི་ཟླ་སྦྱིན་པ་ལ་སོགས་པ་ནང་སྤྲོས་མེད་དོ། །མུ་དྲ་སྦྱིན་ནས་སྦྱོར་བ་ངེས་པ་གསང་བ་ཤིན་ཏུ་སྤྲོས་མེད་དོ། ། བརྡ་དོན་ངེས་པའི་ཚིག་སྦྱིན་པ་ཡོངས་སུ་རྫོགས་པ་རབ་ཏུ་སྤྲོས་མེད་དོ། །དེ་ལྟར་ན་ཡོངས་སུ་རྫོགས་པ་ལ་བཞི་ཡོད་པ་ལྟར་གཞན་གསུམ་ལའང་ཤེས་པར་བྱའོ། །དེ་ལྟར་བཅུ་དྲུག་གིས་སྤྲོས་བཅས་དབྱེ་བའི་དགོས་པ་ནི། ལུས་འབྱུང་བཞིའི་རྒྱ་བཞི་འཇིག་པ་སྟེ། འབྱུང་

[p. 234] བཞི་ཡང་སའི་ས་ལ་སོགས་པ་བཞིར་ཕྱེ་བས་བཅུ་དྲུག་དག་པར་སྦྱོང་བའི་དགོས་པ་ཡོད་དོ། །གཉིས་པ་སྤྲོས་མེད་ཀྱི་དབང་བཞི་རང་ངོའི་དབྱེ་བ་ནི། སྤྲོས་མེད་ཀྱི་སྤྲོས་བཅས་ཀྱིས་ལུས་ངག་ཡིད་སེམས་བཞི་ཡི་གེའི་གནས་བཞིའི་སྦྱོང་བ་ནི་ཕྱིའོ། །དེའི་སྤྲོས་ མེད་ཀྱིས་སྒོ་གསུམ་གཞི་མེད་བྱ་རྩོལ་ལས་འདས་པར་མཚོན་པས་ནང་ངོ་། །དེའི་ཤིན་ཏུ་སྤྲོས་མེད་ཀྱིས་ཡུལ་ལྔ་ལམ་དུ་བསླངས་པས་སྒོ་ལྔ་ཧར་སངས་སུ་གྲོལ་བ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་ཀྱིས་རྟོགས་པ་ཁྱད་པར་ཅན་བསྐྱེད་པས་ཡོངས་སུ་རྫོགས་པའོ། ། འདི་བཞིའི་དགོས་པ་ནི་ངག་གི་བརྗོད་གཞི་དང་། རྗོད་བྱེད་དང་། བརྗོད་བྱ་དང་། བརྗོད་པ་བཞིའི་རྒྱ་ལས་གྲོལ་བར་བྱེད་པའོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་རང་ངོའི་དབྱེ་བ་ནི། ཤིན་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་རུ་ཤན་འབྱེད་པ་ཕྱིའོ། །དེའི་སྤྲོས་མེད་མཎྜལ་འབུལ་ ཞིང་གསོལ་བ་འདེབས་པ་ནང་ངོ་། །དེའི་ཤིན་ཏུ་སྨྲོས་མེད་ནམ་མཁའི་དཀྱིལ་འཁོར་དུ་འཇུག་པ་གསང་བའོ། །དེའི་རབ་དུ་སྤྲོས་མེད་རིག་པ་རང་ངོ་སྤྲད་པ་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་ཡིད་འགྱུ་བ་དང་། འགྱུ་བྱེད་དང་། འགྱུ་བྱ་དང་། འགྱུས་པ་བཞིའི་ རྒྱ་འཇིག་པར་བྱེད་པའོ། །བཞི་པ་རབ་ཏུ་སྤྲོས་པ་མེད་པ་རང་ངོའི་དབྱེ་བ་ནི། རབ་ཏུ་སྤྲོས་མེད་ཀྱི་སྤྲོས་བཅད་འདུག་སྟངས་བསྟུན་པ་ཕྱིའོ། །དེའི་སྤྲོས་མེད་ལྟ་སྟངས་བྱེད་པ་ནང་ངོ་། །དེའི་ཤིན་དུ་སྤྲོས་མེད་ཕྱོགས་བཞིར་ལྟ་སྟངས་དང་གཟིགས་སྟངས་བསྟུན་ པ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་སོང་ཅིག་ལ་སོགས་པ་ཡོངས་སུ་རྫོགས་པའོ། འདི་བཞིའི་དགོས་པ་ནི་སེམས་བསམ་པ་དང་། དྲན་པ་དང་། རྟོག་པ་དང་། ཞེན་པ་བཞིའི་རྒྱ་འཇིག་པར་བྱེད་དོ། །སྐབས་འདིར་ཡིད་དང་སེམས་ཀྱི་གོ་དོན། སྒོ་ལྔའི་ ཡུལ་འཛིན་རྟོག་བྱེད་ཀུན་གཞིའི་རྣམ་པར་ཤེས་པ་སེམས་ལ། དེ་དང་མ་འབྲེལ་བར་དོན་སྔ་ཕྱི་དང་ཡིད་ཡུལ་དོན་སྤྱི་དཔྱོད་པ་ལ་ཡིད་ཅེས་བརྗོད་དོ། །རང་གི་སྣང་ཡུལ་དངོས་པོ་འཛིན་པ་དང་། དངོས་མེད་འཛིན་པ་སྟེ། གསལ་བ་དང་མི་གསལ་བ་འཛིན་པས་

[p. 235] སྤྲོས་བཅས་ཀྱི་སྤྲོས་བཅས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་དྲུག་གོ། །དེ་དག་གིས་ལུས་ངག་ཡིད་སེམས་བཞི་རེ་རེ་ལ་དྲི་མ་བཞི་བཞི་སྟེ་བཅུ་དྲུག་གི་ཚོགས་དག་པར་སྦྱོང་བའོ། །དེ་ཡང་ཐོག་མར་སྤྲོས་བཅས་ཉེ་བར་མཚོན་པ་ནི། སྤྲོས་བཅས་ཀྱི་ སྤྲོས་བཅས་ལ་བརྡའི་སྤྲོས་བཅས་དང་། དོན་གྱི་སྤྲོས་བཅས་ཏེ་གཉིས། དེའི་སྤྲོས་མེད་ལ་བརྡ་དོན་གཉིས། ཤིན་ཏུ་སྤྲོས་མེད་ལ་གཉིས། རབ་ཏུ་སྤྲོས་མེད་ལ་བརྡ་དོན་གཉིས་ཏེ་བརྒྱད། དེ་བཞིན་དུ་སྤྲོས་མེད་ལ་བརྡའི་སྤྲོས་མེད་ལ་སོགས་པ་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད། རབ་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་གཉིས་སུ་འགྱུར་ལ། ལུས་ངག་ཡིད་སེམས་བཞིའི་ཚོགས་པ་ལའང་། དེ་ལྟར་ཕྱེ་བས་སུམ་ཅུ་རྩ་གཉིས་དག་པར་བྱེད་པ་ནི། བསྐྱེད་རིམ་གྱི་དག་བྱ་དང་དག་བྱེད་ཤེས་པའི་དགོས་པ་ ཡོད་པའོ། །དེ་ལྟར་དག་བྱ་དྲི་མ་སུམ་ཅུ་རྩ་གཉིས་དང་། དག་བྱེད་དབང་སུམ་ཅུ་རྩ་གཉིས་བསྡོམས་ན། དྲུག་ཅུ་རྩ་བཞི་ནི་དག་བྱ་དག་བྱེད་ཀྱི་དབྱེ་བ་ངེས་པའོ། །གཉིས་པ་ལུས་ཀྱི་བྱ་བ་ལ་བརྟེན་ནས་དབྱེ་བས་དབང་གི་གནས་ལུགས་བསྟན་པ་ནི། དག་བྱ་དྲི་མ་ སུམ་ཅུ་རྩ་གཉིས་ཀྱི་གཞི་ལུས་མི་འདྲ་བ་དཔག་ཏུ་མེད་པ་ཡང་ས་ཆུ་མེ་རླུང་བཞི་ལས་གྲུབ་ལ། དེ་དག་ལ་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་བརྒྱད་དོ། །དེ་ཡང་ས་ཆུ་མེ་རླུང་གཞི་ལ་ཟུག་པ་དང་། བྱེར་བ་དང་། སྙོམས་པ་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་སོ། །དེ་དག་ བྱེད་དབང་ལའང་སྤྲོས་བཅས་ལ་སོགས་བཞི་ལ་སྐུ་གསུང་ཐུགས་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་ཀྱིས་དག་པར་བྱེད་དོ། །འབྱུང་བཞི་པོ་མོ་གཉིས་ཏེ་བརྒྱད་ཀྱི་དག་བྱ་ནི། དབང་བཞི་ལ་ཐབས་ཤེས་རབ་གཉིས་གཉིས་སུ་ཕྱེ་བས་བརྒྱད་ཀྱིས་དག་པར་བྱེད་དོ། །ལུས་ཀྱི་ འབྱུང་བའི་བྱེ་བྲག་ལའང་། ས་ལ་སོགས་པ་བཞི་པོ་རེ་རེ་ལ་སའི་ས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་དྲུག་ནི། ཚ་བ་དང་གྲང་བ་གཉིས་ཀྱི་དབྱེ་བས་དྲུག་ཅུ་རྩ་བཞིར་འགྱུར་ཏེ། གོང་གི་བརྡ་དོན་གྱི་དབྱེ་བའི་དབང་དྲུག་ཅུ་རྩ་བཞིས་དག་པར་བྱེད་དོ། །དེའང་འབྱུང་བ་བཞི་

[p. 236] ཕྱེ་བ་ཡིན་ནོ། །དེ་ལྟར་ན་རང་ངོའི་དབྱེ་བ་རེ་རེ་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞི་སྟེ་བཅུ་དྲུག་ཏུ་ཡོད་དོ། །གསུམ་པ་རྣམ་པར་འཕྲུལ་པའི་དབྱེ་བས་ཤིན་ཏུ་རྒྱས་པར་སྤྲོ་བ་ལ་གསུམ་སྟེ་དབང་སོ་སོའི་དག་བྱེད་ཀྱི་དབྱེ་བས་དག་རྒྱུ་བཅུ་དྲུག་འགྱུར་དང་བཅས་པ་བསྟན་པ། ལུས་ཀྱི་བྱ་བ་ལ་བརྟེན་ནས་ངེས་པའི་དབྱེ་བས་དབང་གི་གནས་ལུགས་བསྟན་པ། གྲངས་ཀྱི་དབྱེ་བ་ལ་བརྟེན་ནས་ལས་དང་ཉོན་མོངས་པའི་དག་བྱེད་བསྟན་པའོ། །དང་པོ་ནི་དབང་གི་རང་ངོའི་དབྱེ་བ་བཅུ་དྲུག་གིས་ཕྱིར་འབྱུང་བའི་ལས་བཅུ་དྲུག་དག་པར་བྱེད་ལ། ནང་དུ་སེམས་ཀྱི་རྟོག་པ་བཅུ་དྲུག་དག་པར་བྱེད་པ་ལ། གསང་བར་རླུང་གི་འཕེན་སྡུད་བཅུ་དྲུག་དག་པར་བྱེད་བ་ལ། བླ་ན་མེད་པར་ས་བཅུ་དྲུག་ལ་གནས་པའི་ངེས་པ་ཐོབ་པར་བྱེད་པས་དབང་བཅུ་དྲུག་ཏུ་བསྟན་པའོ། །དབང་དེ་དག་གི་དག་བྱ་ལུས་ངག་ཡིད་སེམས་བཞིའི་དྲི་མ་དག་པ་ལ་ལྟོས་ནས་གཞག་གོ །དེའང་ལུས་ལ་ཆུས་ཚོགས་པའི་ཆོས་བསྡུས་པས་འཆིང་བྱེད་རྒྱའི་དྲི་མར་སོང་། མེས་དེ་དག་སྨིན་ཅིང་གསལ་བར་བྱས་པས་དངོས་པོར་གྲུབ་པའི་དྲི་མར་སོང་། རླུང་གིས་དེ་དག་སོ་སོའི་ལས་བྱས་པས་ཞེན་པ་རང་རྒྱུད་དང་བཅས་པའི་དྲི་མར་སོང་བའོ། །ངག་སྨྲ་ནའང་སྨྲའོ་སྙམ་པ་ཡིད་ཀྱི་རྟོག་པས་བསླད་པའི་དྲི་མ་དང་། སྨྲ་བྱེད་ལུས་ཀྱི་དྲི་མ་དང་། སྨྲ་བའི་ཚིག་ལ་རྟོག་དཔྱོད་ཀྱི་དྲི་མ་དང་། བརྗོད་ལས་རྟོག་པའི་འགྱུར་བྱེད་ཀྱི་དྲི་མ་དང་། ཡང་ཡིད་འགྱུ་བ་ལའང་། འགྱུ་བ་དྲན་བསམ་གྱི་རྟོག་པའི་དྲི་མ་དང་། འགྱུ་བྱེད་ཡུལ་དང་ཤེས་པའི་དྲི་མ་དང་། འགྱུས་པ་བག་ཆགས་སྔ་ཕྱིའི་དྲི་མ་དང་། འགྱུས་པའི་དངོས་ལ་ཞེན་པའི་དྲི་མ་དང་། ཡང་སེམས་ཀྱི་དྲན་པས་ཡུལ་འཇུག་པའི་དྲི་མ་དང་། བསམ་པས་དགེ་མི་དགེ་ལུང་དུ་བསྟན་མ་བསྟན་བཞི་ཀུན་ནས་སློང་བའི་དྲི་མ་དང་། རྟོག་པས་སྙམ་བྱེད་དང་། ཡིད་གཉིས་དང་། ཐེ་ཚོམ་དང་། ཡིད་དཔྱོད་ཀྱི་དྲི་མ་དང་། འཛིན་ཡུལ་སྣ་ཚོགས་ལ་རྟོག་པའི་དྲི་མའོ། །དྲི་མ་དེ་དག་གི་དག་བྱེད་དབང་བཞི་སྟེ།

[p. 237] པོ་རེ་རེ་ལའང་ལེགས་པར་ཕྱེ་ན། ས་ལའང་དྲུག་ཅུ་རྩ་བཞི། དེ་ལ་ཁྱབ་པ་འབྱུང་བ་སྤྱིའི་ལུས་དང་། རང་གི་མཚན་ཉིད་འཛིན་པ་དངོས་ཀྱི་ལུས་གཉིས་སུ་ཕྱེ་བས། ས་ལ་ལུས་མི་འདྲ་བ་བརྒྱ་དང་ཉེར་བརྒྱད། དེ་བཞིན་དུ་ཕྱེ་བས་ཆུ་དང་། མེ་དང་། རླུང་རྣམས་ལ་བརྒྱ་ཉེར་བརྒྱད་ཚན་པ་གསུམ་སྟེ། བསྡོམས་པས་ལྔ་བརྒྱ་དང་བཅུ་གཉིས་ཀྱི་ལུས་སུ་སྨིན་ནོ། །དེ་ལྟར་ཕྱིར་ལུས་སྨིན་པ་བཞིན་ནང་དུ་ཉོན་མོངས་པ་ཡང་། འདོད་ཆགས་ལ་བལྟས་པ་དང་། བགད་པ་དང་། བཅངས་པ་དང་། འཁྱུད་པ་ སྟེ་བཞི་ནི་འབྱུང་བ་རེ་རེའི་ལུས་ལ་བཞི་བཞི་སྟེ་བཅུ་དྲུག །གཏི་མུག་ལ་རྨུགས་པས་མ་ཤེས་པ་དང་། འཐིབས་པ་དང་། མྱོས་པ་དང་། རབ་ཏུ་མ་རིག་པ་འདྲེས་པ་དང་བཞི་པོ་ལུས་བཞི་ལ་ཕྱེ་བས་བཅུ་དྲུག །ཞེ་སྡང་ལ་སྡང་བ་དང་། སྡང་བ་ཆེན་པོ་དང་། ཆར་སྡང་ བ་དང་། རབ་ཏུ་སྡང་བ་སྟེ་ལུས་རེ་ལས་ཕྱེ་བས་བཅུ་དྲུག །ང་རྒྱལ་ལ་ཕྲ་བ་དང་། རགས་པ་དང་། འགྱུར་བ་དང་། མཆེད་པ་དང་། འཕྲོ་བ་བཞི་ཡང་བཅུ་དྲུག །ཕྲག་དོག་ལ་ཡང་བ་དང་། ལྕི་བ་དང་། རྒོད་པ་དང་། ཕྲ་བ་བཞི་སྟེ་ཕྱེ་བས་བཅུ་དྲུག་སྟེ་བསྡོམས་ པས་བརྒྱད་ཅུ་ཐམ་པ། དེ་ལས་བྱེ་བྲག་ཏུ་ཕྱེ་ན་འབྱུང་བའི་ལུས་མི་འདྲ་བ་ལྔ་བརྒྱ་དང་བཅུ་གཉིས་པོ་རེ་རེ་ལ། ཉོན་མོངས་པ་བཞི་བཞིའི་གྲངས་ཀྱིས་ཉི་ཤུ་ཉི་ཤུ་གནས་པས། ཐམས་ཅད་བསྡོམས་ནས་ཁྲི་ཕྲག་གཅིག་དང་བརྒྱ་བཞི་བཅུ་རྩ་བརྒྱད་དུ་འབྱུང་ལ། ལུས་དང་ ཉོན་མོངས་པ་གཉིས་ཀའི་རྣམ་གྲངས་བསྡོམས་ནས་ཁྲི་ཕྲག་གཅི་དང་དྲུག་བརྒྱ་དྲུག་ཅུ་ཐམ་པ་ནི་དག་བྱའི་དྲི་མ་ཡིན་ལ། དེའི་དག་བྱེད་ཀྱི་དབང་འོག་ཏུ་སྟོན་ནོ། །གསུམ་པ་གྲངས་ཀྱི་དབྱེ་བས་ལུས་དང་ཉོན་མོངས་པའི་དག་བྱེད་བསྟན་པ་ནི། དབང་རྣམ་པ་བཞི་ལས། དང་པོ་སྤྲོས་བཅས་ལའང་གཞིར་བྱས་པའི་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་ཕྱི་ནང་གསང་བ་ཡོངས་རྫོགས་དང་བཞིར་དབྱེ་ན། སྤྲོས་བཅས་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་སྟ་གོན་གྱི་ཚོམ་བུ་ལ་སོ་ཤིང་བྲིམ་པ། དེའི་ནང་མཎྜལ་འབུལ་བ། དེའི་གསང་བ་སྲུང་སྐུད་གདགས་

[p. 238] ཤིང་ཀུ་ཤ་སྦྱིན་པ། ཡོངས་སུ་རྫོགས་པ་རྨི་ལམ་བརྟག་པའོ། །དེའི་སྤྲོས་མེད་ཀྱི་ཕྱིའི་དབང་ཁྲུས་བྱ་བ། གསོལ་བ་བཏབ་པ། རྡོ་རྗེས་ནང་དུ་བོད་པ་གསུམ་མོ། །དེའི་ནང་དམ་ཚིག་གི་མནའ་ཆུ་བླུད་པ། འཁོར་བ་སྤོང་བའི་མནའ། མྱང་འདས་ལེན་ པའི་མནའ། སེམས་ཅན་གྱི་དོན་མི་བྱེད་རིའི་མནའ་བཞིའོ། །དེའི་གསང་བ་དམ་ཚིག་དང་། །སྡོམ་པ་དཔོག་པ་དང་། དཀྱིལ་འཁོར་དུ་འཇུག་པ་དང་། སེམས་ཀྱི་མེ་ཏོག་དབུལ་བའོ། །དེའི་ཡོངས་སུ་རྫོགས་པ་དཀྱིལ་འཁོར་དུ་འཇུག་པ་ལྷ་ངོ་བསྟན་པ། མེ་ཏོག་དོར་བ། མིང་གི་དབང་ངོ་། །དེའི་ཤིན་ཏུ་སྤྲོས་པ་མེད་པའི་ཕྱིའི་དབང་ཉན་ཐོས་ཀྱི་དཀྱིལ་འཁོར་དུ་འཇུག་པ། ས་ལ་རྨི་གྱི་ཚད་བསྟན་པ། སྟོང་གཡོགས་དང་སྨ་ར་གཡོགས་སྦྱིན་པ། ལྷུང་བཟེད་དང་བསིལ་བྱེད་སྦྱིན་པ་ལ་སོགས་པ་སྟེ། ཁྲིམས་ཀྱི་ ཐ་ཚིག །ས་ལ་སོགས་པ། ལས་ཀྱི་དབྱེ་བ། རྟེན་འབྲེལ་མཚོན་པ། སྒོམ་པ་སྦྱིན་པ། ལུང་བསྟན་པ་དང་། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དུ་འཇུག་པ་དང་། སེམས་བསྐྱེད་པ་དང་། སྡོམ་པ་སྦྱིན་པ་དང་། ཁྱད་པར་གྱི་སེམས་གཟུང་ལ་སོགས་ པའོ། །དེའི་ནང་གི་དབང་ཀྲཱི་ཡའི་དཀྱིལ་འཁོར་དུ་འཇུག་པ་དང་། སེམས་བསྐྱེད་པ་དང་། སྡོམ་པ་གཟུང་བ་དང་། མེ་ཏོག་དོར་ཞིང་ལྷ་ངོ་བསྟན་པ་དང་། མིང་གི་དབང་དང་། ལུང་བསྟན་པ་དང་། གཟེངས་བསྟོད་པ་དང་། དབུགས་དབྱུང་བ་དང་། དབང་བསྐུར་ བའོ། །དེ་བཞིན་དུ་ཨུ་པ་དང་ཡོ་གའི་དཀྱིལ་འཁོར་དུ་འཇུག་པ་ལ་རྣམ་གྲངས་དགུ་དགུ་སྟེ་ཉི་ཤུ་རྩ་བདུན་ནོ། །དེའི་གསང་བ་མ་ཧཱའི་ལུང་བསྟན་པ་དང་། དཀྱིལ་འཁོར་དུ་འཇུག་པ་དང་། ལྷ་ངོ་བསྟན་པ་དང་། མེ་ཏོག་དོར་བ་དང་། མིང་གི་དབང་དང་། ཉན་པ་དང་། འཆད་པ་དང་། ཕན་པ་དང་། ནུས་པ་དང་། རིག་པའི་དབང་དང་། ཡན་ལག་གི་དང་། ཁྱད་པར་གྱི་དབང་དང་བཅུ་གཉིས་སོ། །དེ་ནས་ཨ་ནུའི་དཀྱིལ་འཁོར་དུ་འཇུག་པ་དང་། བརྡ་ངེས་པ་རོ་མཚོན་པ་དང་། དབུགས་དབྱུང་བ་དང་། ཕྱག་རྒྱ་བསྒྱུར་བ་དང་། ལས་

[p. 239] སུ་བྱ་བ་དང་། འཇུག་པ་ངེས་པ་དང་དྲུག་གོ། །དེའི་ཡོངས་སུ་རྫོགས་པ། རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་གཞུག་པ་དང་། བསྒོམས་པ་ངེས་པའི་དཀྱིལ་འཁོར་དུ་མེ་ཏོག་དོར་བ་དང་། ལྷ་ངོ་བསྟན་ཞིང་དབང་བསྐུར་བ་དང་། འབྲས་ བུ་བྱ་བྲལ་རྫོགས་པའི་དབང་བསྐུར་བ་དང་བཞིའོ། །སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་པ་མེད་པའི་ཕྱིའི་ཐ་དབང་ནི། དེ་ལྟར་རིམ་པ་དགུའི་དབང་རྫོགས་ནས། ཁྱད་པར་གྱི་དབང་ལ་འཇུག་པ་ནི། ཕྱག་རྒྱའི་དཀྱིལ་འཁོར་དུ་འཇུག་པ་སྟེ། དེའི་ཕྱི་ལ་རིག་མ་བརྟག་ཅིང་ དགུག་པ་རྩ་བཙལ་ཞིང་སློང་བ། བདེ་བ་བཙལ་བ། རྒྱས་པར་བྱ་བ། དབབ་ཅིང་གཟུང་བ། བཟློག་ཅིང་སྦྱང་བ་དང་དྲུག་གོ། །འདིའི་ནང་གི་དབང་ལ། སྦྱོར་བ་སྙོམས་པར་འཇུག་པ། བྱང་སེམས་ཡི་གེ་གསུམ་གྱི་སྒྲ་དང་བཅས་པ། མེ་ལོང་དུ་བླང་བ། དེ་ རྡོ་རྗེ། པདྨ། འཁོར་ལོ་གསུམ་དུ་དམིགས་ཏེ་སློབ་མའི་ལྕེ་ལ་བཞག་ནས་ལུས་ངག་སྟོངས་པར་བྱ་བ་སྟེ་དྲུག་གོ། །དེའི་གསང་བ་བདེ་བ་དང་བྱང་སེམས་དངོས་ཀྱི་བྱིན་རླབས་ལུས་ངག་ཡིད་གསུམ་ལ་བྱ་བ་གསུམ། གསང་བ་དང་གསང་བར་འོས་པ་དང་། གསང་བར་ གཉེར་གཏད་པ་གསུམ་སྟེ་དྲུག་གོ། །དེའི་ཡོངས་སུ་རྫོགས་པ་ཚིག་སྣ་ཚོགས་པས་མཚོན་པ་སྟེ། བརྡའི་ཚིག་དང་། དོན་གྱི་ཚིག་དང་། བརྡ་དོན་དབྱེར་མི་ཕྱེད་པའི་ཚིག་གསུམ་མོ། །དེ་ལྟར་ན་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་ལ། བསྐུར་རྒྱུའི་དབང་དྲུག །དེའི་ཕྱི་ལ་སོ་ཤིང་བྲིམ་པ་དང་གཅིག །དེའི་ནང་ལ་མཎྜལ་འབུལ་བ་དང་གཉིས། དེའི་གསང་བ་སྲུང་སྐུད་དང་ཀུ་ཤ་བྱིན་པ་གཉིས་ཏེ་བཞི། དེའི་ཡོངས་རྫོགས་རྨི་ལམ་བརྟག་པ་དང་། བཟང་ངན་གྱི་རྗེས་དྲི་བ་གཉིས་ཏེ་དྲུག་གོ། །དེའི་སྤྲོས་ བཅས་ཀྱི་སྤྲོས་མེད་ཀྱི་ཕྱི་ལ་གསུམ་སྟེ་དགུ། དེའི་ནང་ལ་བཞི་སྟེ་བཅུ་གསུམ། དེའི་གསང་བ་ལ་བཞི་སྟེ་བཅུ་བདུན། དེའི་ཡོངས་རྫོགས་ལ་བཞི་སྟེ་ཉེར་གཅིག །སྤྲོས་པ་མེད་པའི་ཤིན་ཏུ་སྤྲོས་པའི་ཕྱི་ལ་ཉན་ཐོས་ལ་དྲུག །རང་རྒྱལ་ལ་ལྔ་སྟེ་བཅུ་གཅིག །བྱང་སེམས་

[p. 240] ལ་བཞི་སྟེ་བཅོ་ལྔ། དེའི་ནང་གི་དབང་ལ་ཀྲཱི་ཡ་ལ་དགུ་སྟེ་ཉེར་བཞི། ཨུ་པ་ལ་དགུ་སྟེ་སོ་གསུམ། ཡོ་ག་ལ་དགུ་སྟེ་ཞེ་གཉིས། དེའི་གསང་བའི་དབང་ལ་མ་ཧཱ་ལ་བཅུ་གཉིས་ཏེ་ལྔ་བཅུ་རྩ་བཞི། ཨ་ནུ་ལ་དྲུག་སྟེ་དྲུག་ཅུ་ཐམ་པ། དེའི་ཡོངས་རྫོགས་ཨ་ཏི་ལ་བཞི་སྟེ་ དྲུག་ཅུ་རྩ་བཞི་སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱིའི་དབང་ལ་བཅུ་བདུན། ནང་ལ་དྲུག་སྟེ་ཉེར་གསུམ། དེའི་གསང་བ་ལ་དྲུག་སྟེ་ཉེར་དགུ། དེའི་ཡོངས་སུ་རྫོགས་པ་ལ་གཅིག་སྟེ་སུམ་ཅུ་ཐམ་པའོ། །ཤིན་ཏུ་སྤྲོས་མེད་ལ་དྲུག་ཅུ་རྩ་བཞི་སྟེ་དགུ་བཅུ་རྩ་བཞིའོ། །དེའི་ སྤྲོས་མེད་ལ་བཅོ་ལྔ་སྟེ་བརྒྱ་དང་དགུའོ། །དེའི་སྤྲོས་བཅས་ལ་དྲུག་སྟེ་སྤྲོས་བཅས་བསྐུར་རྒྱུའི་ཆོས་བརྒྱ་དང་བཅོ་ལྔའོ། །སྤྲོས་མེད་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་ལ་བླ་མའི་བྱ་བ་དང་སློབ་མའི་བྱ་བ་གཉིས། དེའི་ནང་ལ་མཎྜལ་དང་བུམ་པ་གཉིས་ཏེ་བཞི། དེའི་གསང་བ་ ལ་མཎྜལ་གྱི་ལེགས་པར་བཤད་པའི་ཆོས་ལྔ། བུམ་པའི་ལེགས་བཤད་ལྔ་སྟེ་བཅུ། གོང་མ་བཞི་དང་བསྡོམས་པས་བཅུ་བཞི། དེའི་ཡོངས་རྫོགས་ལ་བླ་མས་མིང་གི་མཚོན་པ་བརྗོད་པ་དང་སློབ་མས་སྟོབས་བསྐྱེད་པ་གཉིས་ཏེ་བཅུ་དྲུག་གོ། །སྤྲོས་མེད་ཀྱི་སྤྲོས་མེད་ ཀྱི་ཕྱིའི་དབང་ལ་ཨའི་བསྙེན་པས་སྐྱེ་མེད་ཀྱི་ལམ་སྦྱང་བ་དང་། ཨའི་སྒྲུབ་པས་འགག་མེད་ཀྱི་སྣ་བསལ་བ་དང་། ཨའི་འཕྲོ་འདུས་ལུས་ངག་ཡིད་དག་པར་བྱེད་པ་དང་གསུམ་མོ། །དེའི་ནང་ལ་ཁྲུས་ཀྱིས་དག་བྱའི་ཚུལ་བསྟན་པ། མཎྜལ་ཕུལ་བས་འདོད་པའི་དོན་ ཐོབ་པར་བྱ་བ། ལུང་བཙལ་བས་བྱ་བ་ལ་འཇུག་པ་ངོ་ཤེས་པ་དང་གསུམ་མོ། །དེའི་གསང་བ་ལ་དཀྱིལ་འཁོར་དུ་འཇུག་པས། དབྱིངས་ལ་རིག་པ་གཞུག་པའི་གནད་དང་། ལྷ་ངོ་བསྟན་པས་དབྱིངས་རིག་དེ་སྤྲད་པ་དང་། མིང་གི་དབང་བསྐུར་བས་སངས་རྒྱས་ཀྱི་ སྲས་སུ་བྱ་བའོ། །དེ་ལྟར་གསུམ་དང་། དེའི་ཡོངས་སུ་རྫོགས་པ་ལ་ཕྱི་ཡུལ་དབང་པོའི་ཚིགས་སུ་བཅད་པས་ལུང་བསྟན་པས་ཤེས་པ་དང་ཡུལ་གཉིས་མེད་ཉམས་སུ་མྱོང་བའི་དབང་དང་། ནང་སེམས་གསལ་བའི་ཚིགས་སུ་བཅད་པས་དབུགས་དབྱུང་བས་སྐྱེ་མེད་

[p. 241] ངོས་གཟུང་དང་བྲལ་བའི་དབང་དང་། གསང་བ་ཟུང་འཇུག་རིས་མེད་ཀྱི་ཚིགས་སུ་བཅད་པས་གཟེངས་བསྟོད་པས་དབྱིངས་རིག་གཉིས་མེད་བདེ་ཆེན་གྱི་དབང་བསྟན་པ་དང་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འཇུག་པར་འོས་པ་ དང་། ཐོབ་པར་འོས་པ་གཉིས། དེའི་ནང་ལ་སྤྱོད་པར་ངེས་པ་དང་། ལྟ་བར་ངེས་པ་གཉིས་ཏེ་བཞི། དེའི་གསང་བ་ལ་རིགས་འབྱེད་པ་དང་། བདག་ཉིད་དུ་གནས་པ་གཉིས་ཏེ་དྲུག །དེའི་ཡོངས་སུ་རྫོགས་པ་ལ་རྒྱུ་དང་རྐྱེན་གཉིས་ཏེ་བརྒྱད་དོ། །དེའི་རབ་ཏུ་ སྤྲོས་པ་མེད་པའི་ཕྱི་ལ་སེམས་གནས་པ་དང་། ངག་གནས་པ་གཉིས། དེའི་ནང་ལ་ངག་བསྒྱུར་བ་དང་། སེམས་ཐོབ་པ་གཉིས་ཏེ་བཞི། དེའི་གསང་བ་ལ་བདེ་བ་ལུང་བསྟན་པ་དང་། གསང་བ་དབུགས་དབྱུང་བ་གཉིས་ཏེ་དྲུག །དེའི་ཡོངས་རྫོགས་ལ་སྤྲོ་ བར་གནས་པ་དང་། རང་གི་ལས་ཐོབ་པ་གཉིས་ཏེ་བརྒྱད་དོ། །དེ་ལྟར་སྤྲོས་མེད་ཀྱི་སྤྲོས་བཅས་ལ་བཅུ་དྲུག །དེའི་སྤྲོས་མེད་ལ་བཅུ་གཉིས་ཏེ་ཉེར་བརྒྱད། དེའི་ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་དྲུག །དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དོ། །བསྐུར་བས་ ཐོབ་པའི་འབྲས་བུ་བཞི་བཅུ་རྩ་བཞིའོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ཀྱི་ཕྱི་ལ། ལམ་གསལ་བའི་ཕྱིར་བླ་མ་ལ་གསོལ་བ་གདབ་པ་དང་། རྣམ་ཤེས་བརྒྱད་ཀྱི་འཕྲོ་འདུ་བཅད་པའི་ཕྱིར་ཡི་གེ་བརྒྱད་ཀྱི་རྒྱས་གདབ་པ་དང་། ཡིད་ཀྱི་བྱུང་ཚོར་བཀག་ནས་ བར་ཆད་ཞི་བའི་ཕྱིར་ཕཊ་ཀྱི་སྒྲ་སྒྲོགས་པ་དང་གསུམ། དེའི་ནང་ལ་གནས་བཙལ་བས་ཕྱོགས་ཀྱི་ངེས་པ་གཟུང་བ་དང་། བགེགས་བསལ་བའི་ཕྱིར་གཏོར་མ་སྦྱིན་པ་དང་། སེམས་ལ་སྤྲོ་བ་བསྐྱེད་པ་དང་གསུམ། དེའི་གསང་བ་ལ་ལུས་ཀྱི་སྤྱོད་པ་བརྩམ་པའི་ ཡུལ་དང་། རྩོམ་པའི་ཐབས་དང་། བརྩམས་པའི་དགོས་པ་དང་གསུམ། དེའི་ཡོངས་སུ་རྫོགས་པ་ལ་ངག་གི་སྤྱོད་པ་བརྩམ་པའི་ཡུལ་དང་། རྩོམ་པའི་ཐབས་དང་། བརྩམས་པའི་དགོས་པ་གསུམ། དེའི་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་སྤྱོད་པ་རྩོམ་པའི་

[p. 242] ཡུལ༑ ཐབས་དགོས་པ་གསུམ། དེའི་ནང་ལ་ལུས་དང་། ངག་དང་། སེམས་ཀྱི་སྡིག་པ་ངེས་པའི་ཡུལ་གསུམ། དེའི་གསང་བ་ལ་ལུས་དང་། ངག་དང་སེམས་ཀྱི་སྡིག་པ་དག་པའི་ཚད་གསུམ། དེའི་ཡོངས་རྫོགས་ལ། ལུས་དང་། ངག་དང༑ སེམས་ཀྱི་མ་དག་ན་བཤགས་པའི་ཐབས་གསུམ་སྟེ་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འབྲུའི་མཎྜལ་གྱིས་ལོངས་སྤྱོད་འཕེལ་བ་དང་། དྲིས་ཁམས་རྒྱས་པ་དང་། མེ་ཏོག་གིས་དབང་པོ་གསལ་བ་དང་། རིན་པོ་ཆེས་འབྱོར་པ་རྒྱས་པ་བཞིའོ། ། དེའི་ནང་ལ་རིགས་བྲིས་པས་བདེ་བ་ཉམས་སུ་མྱོང་བ་དང་། ཡིན་པར་བརྗོད་པས་སྤྲོ་བ་བསྐྱེད་པ་གཉིས་ཏེ་དྲུག །དེའི་གསང་བ་དཀྱིལ་འཁོར་དུ་འཇུག་པ་ལ། ཤར་སྒོ་ནས་ཞུགས་པས་ལམ་སྟོང་ཉིད་དུ་བསྟན་པ་དང་། ལྷོ་སྒོ་ནས་ཞུགས་པས་སེམས་སྟོང་པ་ཉིད་དུ་ ངོ་སྤྲད། ནུབ་སྒོ་ནས་ཞུགས་པས་ཉོན་མོངས་པ་སྟོང་ཉིད་དུ་རང་གྲོལ། བྱང་སྒོར་ཞུགས་པས་ལས་དང་བག་ཆགས་སྟོང་ཉིད་དུ་མཐའ་ཟད་པ་དང་བཞི་སྟེ་བཅུའོ། །དེའི་ཡོངས་རྫོགས་རིག་པའི་མེ་ཏོག་དོར་བས་སེམས་སེམས་ཉིད་དུ་ཐིམ་པའི་གནད་དང་། དེ་ལས་ དབུགས་དབྱུང་བ་དང་། ལུང་བསྟན་པ་གཉིས་ཏེ་བཅུ་གཉིས་སོ། །དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་ལུས་གནད་སྐྱིལ་ཀྲུང་གིས་གཞི་བཅའ་བ་དང་། ཉི་མ་ལྔ་ལ་སེམས་གཏད་པས་ཡེ་ཤེས་ལྔ་ངོས་ཟིན་པ་དང་། དེའི་འོད་འཕྲོ་བས་སེམས་གསལ་གདབ་པ་དང་གསུམ། དེའི་ནང་ལ་ཇེ་མཐོ་རྟོག་པ་མེད་པའི་ལམ་བཙལ་བ་དང་། སླར་མི་ལྡོག་པས་མྱ་ངན་ལས་འདས་པའི་སར་གཞི་འཛུགས་པ་དང་། ལན་གསུམ་དུ་བརྗོད་པས་སྐུ་གསུམ་འདུ་འབྲལ་མེད་པའི་ས་ལ་དབྱེར་མེད་པ་དང་གསུམ་སྟེ་དྲུག །དེའི་གསང་བ་ལ་བླ་མས་བཞེངས་ པས་སྣང་སྲིད་ཆོས་ཉིད་དུ་བཞེངས་པའི་གདེང་རྙེད་པ་དང་། ཨ་ཨ་ཞེས་པས་མ་སྐྱེས་ལ་སྐྱེ་བ་མེད་པའི་གནད་བཙལ་བ་དང་། མིག་ལ་མཛུབ་མོ་གཏད་པས་རིག་པ་འཆར་བའི་ལམ་གསལ་བ་དང་དགུའོ། །དེའི་ཡོངས་རྫོགས་ལ་ནམ་མཁའ་རྒྱ་ཆེ་བར་བརྗོད་པས་

[p. 243] ༄༅། །དབྱིངས་ལ་འདྲིས་པར་བྱ་བ་དང་། ནམ་མཁའ་ལ་ཕྱག་གིས་བྱུགས་པས་བརྡ་དོན་ཉམས་དང་འདྲེས་པ་དང་། འགྲོ་ན་འགྲོ་ས་འདུག་གམ། འདུག་ན་འདུག་ས་འདུག་གམ། སླར་འགྲོ་ས་དང་ལྡོག་ས་འདུག་གམ་གྱི་རྒྱས་གདབ་པ་དང་ལྔ་སྟེ། བཅུ་བཞིའོ། །རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ཀྱི་ཕྱི་ལ་སུ་ཡིན་དྲིས་པས་རིགས་མཚོན་པ་དང་། སེམས་ཀྱི་བུས་ལན་བཏབ་པས་ལམ་ཉེ་བར་འཇུག་པ་དང་གཉིས། དེའི་ནང་ལ་ཆོས་སྐུའི་འདུག་སྟངས་ཀྱིས་གཞི་བཙལ་བ་དང་། ལོངས་སྐུའི་འདུག་སྟངས་ ཀྱིས་ལམ་གསལ་བ་དང་། སྤྲུལ་སྐུའི་འདུག་སྟངས་ཀྱིས་ཕུགས་དཀྲུ་བ་དང་གསུམ། དེའི་གསང་བ་ལ་འདུག་སྟངས་ཐུན་མོང་བ་རྣམས་ཀྱིས་གནད་བསྟུན་པ་དང་། ཨེ་མ་ལ་སོགས་པས་ཆོས་སྐུའི་དཀྱིལ་འཁོར་དུ་འཇུག་པ་ལུས་ཀྱི་གནད་དང་། ལོངས་སྐུ་དང་ སྤྲུལ་སྐུའི་དཀྱིལ་འཁོར་དུ་འཇུགས་པ་ལུས་གནད་བསྟུན་པ་དང་བདུན་ཏེ་དགུའོ། །དེའི་གསང་བ་ལ་སྤྲུལ་སྐུའི་ཞིང་དུ་འཇུག་པའི་བར་ཏེ་བཅུ་གསུམ། དེའི་ཡོངས་རྫོགས་ལ་ལོངས་སྐུའི་ཞིང་དུ་འཇུག་པ་དང་ལྔ་སྟེ་བཅོ་བརྒྱད་དོ། །དེའི་སྤྲོས་མེད་ཀྱི་ཕྱི་ལ་ཆོས་སྐུའི་ ཞིང་ཁམས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། དེའི་ནང་ལ་སྐུ་གསུམ་གྱི་ལྷ་ངོ་བསྟན་པ་གསུམ་སྟེ་དྲུག །དེའི་གསང་བ་ལ་དེར་གནས་པ་གསུམ་སྟེ་དགུ། དེའི་ཡོངས་རྫོགས་ལ་སླར་མི་ལྡོག་པའི་ས་གསུམ་སྟེ་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་ སེམས་ཀྱི་ངོ་བོ་ངེས་ཚིག །དབྱེ་བ་མཚོན་པ་གསུམ། དེའི་ནང་ལ་སེམས་གནས་པ། ཐོབ་པ་བརྟན་པ་གསུམ་སྟེ་དྲུག །དེའི་བསང་བ་ལ་སེམས་ཀྱི་གཞི་ལམ་འབྲས་བུ་གསུམ་སྟེ་དགུ། དེའི་ཡོང་རྫོགས་ལ་སེམས་ཀྱི་འཇུག་པ། ཁྱབ་བྱེད། འགྱུར་ དང་གསུམ་སྟེ་བཅུ་གཉིས་སོ། དེའི་རབ་ཏུ་སྤྲོས་མེད་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱི་ལ། ལུས་ཀྱི་འདུག་སྟངས་བཅུ་གཅིག་གིས་ཐོབ་སྟེ་གནས་པ་དང་། དེའི་ནང་ལ་སེམས་ཀྱི་ས་བཅུ་གཉིས་ཀྱིས་སྲིད་པའི་འཁོར་ལོ་བཅུ་གཉིས་རྒྱུན་གཅོད་པ་དང་ཉེར་གསུམ། དེའི་

[p. 244] གསང་བ་ལ་སེམས་ཉིད་སྐྱེ་མེད་དུ་ལྷ་ངོ་བསྟན་པས་སེམས་བདུན་ལ་དབང་ཐོབ་པས་མ་རིག་པའི་ཁམས་བདུན་རྒྱུན་གཅོད་པ་སྟེ་སུམ་ཅུ། དེའི་ཡོངས་རྫོགས་ལ་མན་ངག་གི་དབྱེ་བ་དྲུག་དང་། ཟག་པ་མེད་པའི་སྡེ་བཞི་སྟེ་བཅུ་གཅིག་དང་བསྡོམས་པས་ཞེ་གཅིག་ གོ། །དེ་ལྟར་ན་རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ལ་རྣམ་གྲངས་བཅོ་བརྒྱད། དེའི་སྤྲོས་མེད་ལ་བཅུ་གཉིས་ཏེ་སུམ་ཅུ། དེའི་ཤིན་ཏུ་སྤྲོས་མེད་ལ་བཅུ་གཉིས་ཏེ། ཞེ་གཉིས། དེའི་རབ་ཏུ་སྤྲོས་མེད་ལ་ཞེ་གཅིག་སྟེ་བརྒྱད་ཅུ་རྩ་གསུམ་མོ། །ཤིན་ཏུ་སྤྲོས་ པ་མེད་པ་ལ་བཞི་བཅུ་རྩ་བརྒྱད་དེ་བརྒྱ་སུམ་ཅུ་སོ་གཅིག །སྤྲོས་པ་མེད་པ་ལ་དེའི་སྤྲོས་བཅས་ལ་བཅུ་དྲུག །སྤྲོས་མེད་ལ་བཅུ་གཉིས་ཏེ་ཉེར་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་དྲུག །དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དེ། བཞི་བཅུ་རྩ་བཞི་སྟེ། བརྒྱ་བདུན་ཅུ་རྩ་བཞི། སྤྲོས་བཅས་ལ་བརྒྱ་དང་བཅོ་ལྔ་སྟེ་ཉིས་བརྒྱ་བཞི་བཅུ་རྩ་དགུའོ། །དེ་ཡང་སྐུ་གསུང་ཐུགས་དབྱེར་མེད་པ་དང་བཞི་ལ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། མ་ངེས་པའི་དུས་བཞིར་བྱས་ཏེ། དབང་ཉིས་བརྒྱ་ བརྒྱད་ཅུ་རྩ་དགུ་པོ་དེ་བཞིར་འབྲེལ་པས་ཕྱེ་ན། ཁྲི་ཆིག་སྟོང་ཆིག་བརྒྱ་དང་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །དེ་ལྟར་དག་བྱེད་དེ་ཙམ་གྱིས། །དག་བྱ་འགྲོ་བའི་ལུས་མི་འདྲ་བ་བཅུ་གཉིས་ལས་བྱེད་པའི་འགྱུར་གྱིས་རྣམ་པར་ཕྱེ་ན། ཁྲི་ཕྲག་གཅིག་དང་། སྟོང་ཕྲག་གསུམ་དང་། དྲུག་བརྒྱ་སུམ་ཅུ་རྩ་གཉིས། ཉོན་མོངས་པ་ཡང་དེའི་འགྱུར་བརྩིས་པས་ཁྲི་ཕྲག་གཅིག་དང་ཕྱེད་དང་བདུན་བརྒྱ་སྟེ། དེ་ལས་སྟོང་ཕྲག་གཉིས་དང་དགུ་བརྒྱ་བདུན་ཅུ་རྩ་གཉིས་ལྷག་པ་ནི། ལས་ཀྱི་མཐའ་ཉེ་བར་སྡུད་པ་ལ་དགོངས་ པ་སྟེ། གོང་གི་ལུས་དང་ཉོན་མོངས་པའི་དབྱེ་བ་རྣམས་དག་པར་བྱེད་པའོ། །ཞར་ལ་དག་བྱ་ནང་གི་རླུང་གི་དབྱེ་བས་དབང་ངེས་པའི་རྣམ་གྲངས་བསྟན་པ་ནི། འབྱུང་བ་བཞིའི་རླུང་གི་རིམ་པས་ཏེ། དེའི་དག་བྱེད་དབང་བཞི་ལ་རང་ངོའི་དབྱེ་བ་བཅུ་དྲུག་ལས།

[p. 245] ༄༅། །རེ་རེ་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞིར་ཕྱེ་བས། སྤྲོས་བཅས་ལ་བཅུ་དྲུག །སྤྲོས་མེད་ལ་བཅུ་དྲུག་སྟེ་སོ་གཉིས། ཤིན་ཏུ་སྤྲོས་མེད་ལ་བཅུ་དྲུག་སྟེ་ཞེ་བརྒྱད། རབ་ཏུ་སྤྲོས་མེད་ལ་བཅུ་དྲུག་ཏེ་དྲུག་ཅུ་རྩ་བཞིས་ནི། རླུང་ལས་རླུང་། ཆུ་རླུང་། མེ་རླུང་། རླུང་གི་རླུང་བཞི་ལ། བྱེར་བ། ཟུག་པ། སྙོམས་པ། འཁྲུག་པ་བཞི་བཞིར་ཕྱེ་བས་བཅུ་དྲུག །དེ་རེ་རེ་ལ་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་སུམ་ཅུ་རྩ་དྲུག་གི་ཕྱེད་པའི་ལས་དག་པར་བྱེད་པའོ། །སྤྱི་དོན་གསུམ་ པ་དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུ་ལ་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གི་འབྲས་བུའོ། །དང་པོ་ལ་ལམ་གྱི་ཡོན་ཏན་སྤྱིར་བསྟན་པ་དང་། རིགས་འཛིན་བཞིའི་ཐོབ་ཚུལ་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི་སྤྲོས་བཅས་ཀྱིས་ཚོགས་ལམ་ བཅུ་གཉིས་རྫོགས་པའི་ཡོན་ཏན་འཐོབ་པའི་རྟེན་བྱེད། སྤྲོས་མེད་ཀྱིས་སྦྱོར་ལམ་ངེས་འབྱེད་ཆ་བཞི་རྫོགས་པའི་རྟེན་བྱེད། ཤིན་ཏུ་སྤྲོས་མེད་ཀྱིས་མཐོང་ལམ་རྫོགས་པའི་རྟེན་བྱེད། རབ་ཏུ་སྤྲོས་མེད་ཀྱིས་སྒོམ་ལམ་ས་དགུ་རྫོགས་པའི་རྟེན་བྱེད་པའོ། །དེ་ བཞིན་དུ་མོས་པའི་ས་དང་འཇུག་པའི་ས་དང་བསྒྱུར་བའི་ས་དང་ཆོད་པའི་ས་བཞི་དབང་བཞི་རེ་རེ་ལ་སྦྱར་བས་ས་བཅུ་དྲུག་གི་ཡོན་ཏན་རྫོགས་པས་ཐུན་མོང་གི་ཡོན་ཏན་རྫོགས་པའི་རང་བཞིན་ཐོབ་པའོ། །དེ་ཡང་སྤྲོས་བཅས་ཀྱི་སྤྲོས་བཅས་མོས་པ་དང་ལྡན་པའི་ས་སྟེ་གདུང་བ་དང་བསོད་ ནམས་ཀྱི་ཁྱད་པར་རོ། །དེའི་སྤྲོས་མེད་འཇུག་པ་དག་པའི་ས་སྟེ་དད་པས་ངེས་པ་ལ་བརྟེན་ནས་རང་དབང་ཅན་དུ་འཇུག་པའོ། །དེའི་ཤིན་ཏུ་སྤྲོས་མེད་དངོས་པོ་དག་པར་བསྒྱུར་བའི་ས་སྟེ་ལུས་ངག་གི་བཅིངས་པ་ལ་མི་གནས་པའོ། །དེའི་རབ་ཏུ་སྤྲོས་མེད་ལས་ ཀྱི་མཐའ་ཆོད་པའི་ས་སྟེ། སྤྲོས་པ་དང་འཁོར་བ་ལ་མི་གནས་པའོ། །དེ་བཞིན་དུ་དབང་ལྷག་མ་གསུམ་ལའང་སྦྱར་ཏེ། མོས་པ་ལ་སོགས་པའང་བཞི་བཞིར་སྦྱར་ན། མོས་པའི་མོས་པ་དད་པས་ངེས་པ། མོས་པའི་འཇུག་པ་སྙིང་རྗེ་ངེས་པ། མོས་

[p. 246] པའི་བསྒྱུར་བ་ཐབས་ཀྱིས་ཟིན་པ། མོས་པའི་ཆོད་པ་ཤེས་རབ་ཀྱིས་དོན་ཆོད་པའོ། །འཇུག་པའི་མོས་པ་ཞི་གནས་ལ་མོས་པ། དེའི་འཇུག་པ་ལྷག་མཐོང་ལ་འཇུག་པ། དེའི་བསྒྱུར་བ་མཉམ་གཞག་གི་རྟོགས་པ་ཐ་དད་དུ་བསྒྱུར་བ། དེའི་ཆོད་པ་རྗེས་ཤེས་ཀྱི་འགྱུ་བ་ ཆོད་པའོ། །བསྒྱུར་བའི་མོས་པ་གོས་ཀྱི་ཞེན་པ་གྲོལ་བ། དེའི་འཇུག་པ་ཟས་ཀྱི་ཞེན་པ་གྲོལ་བ། དེའིབསྒྱུར་བ་རྨི་ལམ་འོད་གསལ་དུ་གྲོལ་བ། དེའི་ཆོད་པ་བག་ཆགས་དང་ཉོན་མོངས་གྲོལ་བའོ། །ཆོད་པའི་མོས་པ་སྤྱོད་པས་འཁོར་བ་ལ་མི་གནས་པ། དེའི་འཇུག་པ་བསྒོམས་པས་ བསམ་གཏན་ལ་གནས་པ། དེའི་བསྒྱུར་བ་ལྟ་བས་འཁྲུལ་སྣང་ལ་མི་གནས་པར་ཁམས་གསུམ་སྐུ་གསུམ་དུ་བསྒྱུར་བ། དེའི་ཆོད་བ་འབྲས་བུ་འཁོར་འདས་གཉིས་དུས་གཅིག་ལ་ཆོད་པའོ། །དེ་ལྟར་བཅུ་དྲུག་དང་དབང་གི་ང་རོ་བཅུ་དྲུག་པོ་དེ་བསྡོམས་པས་སུམ་ཅུ་རྩ་གཉིས་ལ། ས་བཅུ་དྲུག་ ལ་ཡེ་ཤེས་གནས་པ། སྐྱེ་བ། ཐོབ་པ། འཆར་བ་བཞི་བཞིར་དབྱེ་བས་དྲུག་ཅུ་རྩ་བཞི་ནི་རྡོ་རྗེ་འཆང་གིས་མཆོག་རྫོགས་པར་བྱེད་པའོ། །དབང་གི་ང་རེ་བཅུ་དྲུག་ལ་སྦྱར་བས་མཚན་སུམ་ཅུ་རྩ་གཉིས་འགྲུབ་པའི་རྒྱུ་བྱེད་པའོ། །གཉིས་པ་རིགས་འཛིན་གྱི་ས་ བཞིའི་ཐོབ་ཚུལ་ནི། དབང་བཞིའི་འཇུག་པ་རྗེས་སུ་དྲན་པ་ལས་རིགས་འཛིན་གྱི་ས་བཞི་སྟེ། རྣལ་འབྱོར་གྱི་ས་དང་། རྣལ་འབྱོར་ཆེན་པོའི་ས་དང་། འབྱེད་པའི་རྣལ་འབྱོར་གྱི་ས་དང་། རྟོགས་པའི་རྣལ་འབྱོར་གྱི་ས་དག་བཞི་ལས། དབང་དུ་བསྒྱུར་བ་དང་མ་ བསྒྱུར་བ་གཉིས་གཉིས་ཏེ་བརྒྱད་དུ་ངེས་སོ། །དེ་ལ་ཡང་ཆ་ཤས་ཀྱིས་བཞི་བཞིར་ཕྱེ་ན། རྣལ་འབྱོར་གྱི་ས་ལའང་། རྣལ་འབྱོར་དང་། བྱ་བའི་རྣལ་འབྱོར་དང་། སྤྱོད་པའི་རྣལ་འབྱོར་དང་། བསྒྱུར་བའི་རྣལ་འབྱོར་དང་བཞིའོ། །རྣལ་འབྱོར་ཆེན་པོ་ལ་ཤིན་ཏུ་རྣལ་ འབྱོར་གྱིས་དང་། རང་ས་ངེས་པའི་རྣལ་འབྱོར་གྱི་ས་དང། སྤྲོས་པའི་རྣལ་འབྱོར་གྱི་ས་དད། བྱ་བྲལ་རྫོགས་པའི་རྣལ་འབྱོར་གྱིས་སྟེ་བཞིའོ། །འབྱེད་པའི་རྣལ་འབྱོར་གྱིས་ལ། བརྡའི་ས་དང་། དོན་གྱིས་དང་། བརྡ་དོན་འབྱེར་མེད་ཀྱིས་དང་། མ་འདྲེས་པའི་

[p. 247] ས་སྟེ་བཞིའོ། །རྟོགས་པའི་རྣལ་འབྱོར་གྱི་ས་ལ། རྫུ་འཕྲུལ་འཕྲུལ་བའི་ས་དང་། ཁྱད་པར་རྟོགས་པའི་ས་དང་། མངོན་པར་འབྱུང་བའི་ས་དང་། དཔའ་བོ་རིགས་འབྱེད་ཀྱི་ས་དང་བཞི་སྟེ་བསྡོམས་པས་ས་བཅུ་དྲུག་གོ། །དེ་ལྟར་ས་བཅུ་དྲུག་ལས། ས་དང་པོ་ལ་ཤེས་བྱེད་ཀྱི་རྫུ་འཕྲུལ་བདུན་ནི། རང་གི་ལུས་བརྒྱ་སྟོང་དུ་སྤྲུལ་པ་དང་། དེ་དག་ལ་ཡན་ལག་བརྒྱ་སྟོང་དུ་སྤྲུལ་པ་དང་ལུས་གཅིག་ལ་མགོ་བརྒྱ་སྟོང་དུ་སྤྲུལ་པ་དང་ཡུས་བརྒྱ་སྟོང་ལ་མགོ་གཅིག་པར་སྤྲུལ་པ་དང་། མགོ་གཅིག་ལ་ལུས་མི་འདྲ་བ་བརྒྱ་སྟོང་སྤྲུལ་ནས་དེ་ལས་སྤྲུལ་པ་འགྱེད་པ་སྟེ་ལྔ་དང་། ལུས་ལ་མགོ་དང་ཡན་ལག་མི་འདྲ་བ་དཔག་ཏུ་མེད་པར་སྤྲུལ་པ་དང་དྲུག །སྐྱེ་བ་སྣ་ཚོགས་པར་སྤྲུལ་པ་དང་བདུན་ནི་དབང་དུ་གྱུར་པའི་ས་རྟོགས་པ་ལས་བྱུང་བའོ། །ས་གཉིས་པ་ལ་རང་གི་ཁོག་པ་ཁ་ཕྱེ་ནས་གློ་སྙིང་རྣམས་གཞན་ལ་སྟོན་པར་ནུས་པ་དང་། ལུས་ཀྱི་སྟོད་ནས་མེ་འབར་བ་ལ་སྨད་ནས་ཆུ་འབྲུག་པར་ནུས་པ་དང་། ཡན་ལག་བཅད་ནས་ཕྱོགས་བཞིར་འཐོར་བར་ནུས་པ་དང་། མིག་ལ་སོགས་པའི་དབང་པོ་ལྔ་ཐང་ལ་ལྷུང་བར་ནུས་པ་དང་། ལུས་གྱི་སྟོབས་ཀྱིས་རི་བོ་འཕེན་པར་ནུས་པ་དང་། ཕྱིའི་རྒྱ་མཚོ་ཆེན་པོ་ནམ་མཁའ་ལ་སྤར་བར་ནུས་པ་དང་། གཟའ་སྐར་རྣམས་ཐང་ལ་ལྷུང་བར་ནུས་པ་ངང་བདུན་ནི་དབང་གི་དུས་སུ་ཡན་ལག་བདུན་སྔོན་དུ་སོང་བ་ལས་བྱུང་བའོ། །ས་གསུམ་པ་ལ་རླུང་ཞགས་པར་འཆིང་བར་ནུས་པ་དང་། འགྲོ་བའི་བསམ་པ་གཞན་དུ་བསྒྱུར་བ་དང་། འཇིག་རྟེན་སྐྱོང་བའི་ལྷའི་རྒྱལ་པོ་རྣམས་སྒྲོལ་བར་ནུས་པ་དང་། མཁའ་འགྲོ་མའི་ཡིད་འཕྲོག་པར་ནུས་པ་དང་། འགྲོ་བ་བརྒྱ་སྒྲོལ་ཞིང་བསྒྲལ་བ་རྣམས་གསོ་བར་ནུས་པ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་གྱི་བུ་མོ་ལ་རོལ་པར་ནུས་པ་དང་། དབང་ཕྱུག་ཆེན་པོ་ལ་སོགས་པའི་འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ཀྱི་སྟོབས་ཉམས་པར་ནུས་པ་དང་བདུན་ནི་དབང་བསྐུར་བའི་དུས་སུ་སེམས་བསྐྱེད་པ་ལས་བྱུང་བའོ། །ས་བཞི་པ་ལ་ནམ་མཁའ་རྡོ་རྗེར་བསྒྱུར་བར་ནུས་པ་དང་།

[p. 248] མེ་ཆུར་བསྒྱུར། ཆུ་མེར་བསྒྱུར། ས་མེར་བསྒྱུར། ས་ཆུར་བསྒྱུར། རླུང་མེར་བསྒྱུར། མེ་རླུང་དུ་བསྒྱུར་བར་ནུས་པ་དང་བདུན་ནི་ཡི་གེ་སྤྲོ་བསྡུ་བསྒོམས་པ་ལས་བྱུང་བའོ། །ས་ལྔ་པས་ནི་ནམ་མཁའ་བདུན་པ་ལ་དབང་བསྒྱུར་བར་ནུས་ཏེ་སྟོང་ཉིད་བསྒོམས་པ་ ལས་བྱུང་བའོ། །ས་དྲུག་པས་མེ་བདུན་ལ་དབང་བསྒྱུར་བ་ནི། སྔོན་དུ་དབང་གི་ཤེས་བྱེད་ལས་བྱུང་བའོ། །ས་བདུན་པས་ས་གཅིག་ནས་གཉིས་སུ་བྱས་པའི་བདུན་ལ་དབང་བ་ནི་འབྱུང་བ་རིམ་བརྩེགས་བསྒོམས་པ་ལས་བྱུང་བའོ།། །།ཡང་ཆུ་བདུན་ལ་དབང་ བ་ནི་སྔོན་འགྲོ་སོང་བ་ལས་བྱུང་བའོ། །ས་བརྒྱད་པས་རླུང་བདུན་ལ་དབང་བ་ནི་འཁོར་ལོ་བཞིའི་རླུང་སྦྱངས་པ་ལས་བྱུང་བའོ། །ས་དགུ་པས་བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་བསྐྱོད་ནུས་པ་ནི་སྦྱོར་བ་སྔོན་དུ་སོང་བ་ལས་བྱུང་བའོ།། །།ས་བཅུ་པས་ཆོས་སུ་ བྱ་བ་བདུན་ལ་དབང་བ་ནི་ལྷ་བསྒོམས་པ་ལས་བྱུང་བའོ། །ས་བཅུ་གཅིག་པས་རྟ་སྤྲིན་གྱི་ཤུགས་ཅན་བདུན་སྤྲུལ་ནུས་པ་ནི་བརྩོན་འགྲུས་བརྩམས་པ་ལས་བྱུང་བའོ། །བཅུ་གཉིས་པས་དགེ་སློང་བསིལ་བྱེད་ཅན་བདུན་སྤྲུལ་ནུས་པ་ནི། དམ་ཚིག་དང་ སྡོམ་པས་གནས་པ་ལས་བྱུང་བའོ། །བཅུག་གསུམ་པས་ལྷའི་གཞལ་མེད་ཁང་བདུན་སྤྲུལ་ནུས་པ་ནི་གཞལ་ཡས་ཁང་བསྒོམས་པ་ལས་བྱུང་བའོ། ། བཅུ་བཞི་པས་འཇིག་རྟེན་གྱི་ཁམས་བདུན་སྤྲུལ་ནུས་པ་ནི་བླ་མ་མཉེས་པར་བྱས་པ་ལས་བྱུང་བའོ། །བཅོ་ ལྔ་པས་ཡི་དམ་གྱི་ལྷ་བདུན་སྤྲུལ་ནུས་པ་ནི་ཡི་དམ་བསྒོམས་པ་ལས་བྱུང་བའོ།། །།བཅུ་དྲུག་པས་ལྷ་མོ་བདུན་སྤྲུལ་ཞིང་གཟུགས་སོགས་ཡུལ་དྲུག་གི་དག་བྱེད་ལ་ལོངས་སྤྱོད་ལ། འགྲོ་དྲུག་གི་སྐྱེ་གནས་སྟོན་པར་ནུས་པ་དང་བཅུ་དགུ་ནི་དབང་རྣམས་ རྫོགས་པ་ལས་བྱུང་བའོ། །དེ་ལྟར་ས་བཅུ་དྲུག་ལ་རྫུ་འཕྲུལ་བརྒྱ་ཐམ་པ་འབྱུང་བ་ནི་རིགས་འཛིན་གྱི་ས་ཞེས་བྱའོ། །མིང་གི་རྣམ་གྲངས་གཞན་རྣམ་པར་སྨིན་པ་དང་། ཚེ་ལ་དབང་བ་དང་། ཕྱག་རྒྱ་ཆེན་པོ་དང་། ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ། རྣལ་འབྱོར་

[p. 249] ༄༅། །དང་། རྣལ་འབྱོར་ཆེན་པོ་དང་། འབྱེད་པའི་རྣལ་འབྱོར་དང་། རྟོགས་པའི་རྣལ་འབྱོར་ཏེ་རིམ་པ་བཞིན་ནོ། །དེ་ཡང་རྣམ་པར་སྨིན་པའི་རིགས་འཛིན་ནི་སེམས་ལྷའི་སྐུར་སྨིན་ཡང་ལུས་མ་སྨིན་པས་བར་དོར་གྲོལ་བའོ། །ཚེ་དབང་ནི་དེ་ ཉིད་ལ་གྲོལ་བའོ། །ཕྱག་རྒྱ་ཆེན་པོ་ནི་ལུས་སེམས་ལྷར་སྨིན་པའོ། །ལྷུན་གྲུབ་ནི་རང་གཞན་གྱི་དོན་གཉིས་གྲུབ་པའོ། །འདི་དག་ལ་ས་བཅུ་དྲུག་པོ་དེ་སྔ་མ་བཞིན་སྦྱར་ཏེ་ཡོན་ཏན་ཤེས་པར་བྱའོ། །རྣམ་སྨིན་ནི་བར་མ་ཆད་ན་ཚེ་དེ་ལ་ཚེ་དབང་ཐོབ་ནས་འབྲས་ བུ་ཐོབ་པའོ། །ཚེ་དབང་ནི་བསྐལ་པ་ཆེན་པོ་གཅིག་ན་རྫུ་འཕྲུལ་སྦྱངས་ནས་རྡོ་རྗེ་འཆང་གིས་འཐོབ་བོ། །ཕྱག་རྒྱ་ཆེན་པོ་ནི་ལོ་བརྒྱན་རྡོ་རྗེ་འཆང་གིས་འཐོབ་པོ། །ལྷུན་གྲུབ་ནི་ལོ་སྟོང་ན་རྡོ་རྗེ་འཆང་གིས་འཐོབ་སྟེ་འཕྲིན་ལས་བཞིས་དོན་གཉིས་མཛད་པའི་ཕྱིར་རོ།། འཕྲིན་ལས་བཞི་ནི། ཞི་བ། རྒྱས་པ། དབང་། དྲག་པོའོ། །དེ་ལ་སྤྲོས་བཅས་ཀྱིས་ཞི་བའི་ལས་བྱེད་དེ་དངོས་པོ་ལུས་སེམས་ཀྱི་བར་ཆད་མངོན་གྱུར་དང་། དངོས་མེད་དྲི་མ་ཕྲ་རགས་གཉིས་ཞི་བར་བྱེད་པའོ། །དབྱེ་ན་ཞི་བའི་ཞི་བ་ཤེས་པ་དང་རླུང་། ཞི་ བའི་རྒྱས་པ་ཚེ་དང་བསོད་ནམས། ཞི་བའི་དབང་ལུས་ངག་གི་ནུས་པ། ཞི་བའི་དྲག་པོ་གཉིས་ཞི་ནས་གཅིག་ཏུ་གནས་པའོ། །སྤྲོས་མེད་ཀྱིས་རྒྱས་པའི་ལས་འགྲུབ་བོ། །དབྱེ་ན་རྒྱས་པའི་ཞི་བ་རྣམ་རྟོག་ངན་པ་ཟད་པ། རྒྱས་པའི་རྒྱས་པ་ཚེ་དང་བསོད་ནས་ འཁོར་དང་ལོངས་སྤྱོད་ཉམས་དང་བྱིན་བརླབས་སོ། །རྒྱས་པའི་དབང་ཇི་ལྟར་འདོད་པའི་བསྒྲུབ་བྱ་རྒྱས་པ། རྒྱས་པའི་དྲག་པོ་ལུས་ངག་སེམས་ཀྱི་ནུས་པ་རྫོགས་པའོ། །ཤིན་ཏུ་སྤྲོས་མེད་ཀྱིས་དབང་གི་འཕྲིན་ལས་འགྲུབ་པོ། །དབྱེ་ན་དབང་གི་ཞི་བ་ལུས་ ངག་ཡིད་ཀྱི་བར་ཆད་ཞི་བ། དབང་གི་རྒྱས་པ་ལྟ་སྒོམ་སྤྱོད་འབྲས་རྒྱས་པ། དབང་གི་དབང་མི་དང་མི་མ་ཡིན་རྣམས་འདུས་པ། དབང་གི་དྲག་པོ་དགུག་པ་ལ་སོགས་པ་འགྲུབ་པའོ། །རབ་ཏུ་སྤྲོས་པ་མེད་པས་དྲག་པོའི་འཕྲིན་ལས་འགྲུབ་པའོ། །དབྱེ་ན་

[p. 250] དྲག་པོའི་ཞི་བ་དགུག་པ་དང་བཅིང་བའི་ལས་སོ། །དྲག་པོའི་རྒྱས་པ་དབྱེ་བ་དང་བསྐྲད་པ། དྲག་པོའི་དབང་ཚུར་ལ་ཀླན་ཀ་མི་རྙེད་པ། དྲག་པོའི་དྲག་པོ་སྦ་བཀོང་བ་དང་བསད་པ་ལ་སོགས་པ་འགྲུབ་པའོ། །དེ་ལྟར་བཅུ་དྲུག་ནི་སྤྲོས་བཅས་ཀྱི་སྤྲོས་ བཅས་ལ་སོགས་རང་ངོའི་དབྱེ་བ་བཅུ་དྲུག་གི་འབྲས་བུའོ། །དེ་ཡང་རྣམ་པར་འཕྲུལ་པས་དབྱེ་ན། ལུས་མི་འདྲ་བའི་གྲངས་བཞིན་དག་བྱེད་ཀྱང་དེ་ཙམ་ཡོད་པ་ནི་འཕྲིན་ལས་ཀྱི་གྲངས་སོ། །གཞན་ཡང་གམ་སྐབས་སུ་ཐོབ་པ་ནི། སྤྲོས་བཅས་ ཀྱི་དབང་གིས་ལུས་ཀྱི་ཡོན་ཏན། ཚེ་རིང་བ་དང་། ནད་མེད་པ་དང་། འགྲོ་བ་བྱམས་པ་དང་། བསོད་ནམས་དང་ལྡན་པ་དང་། རྫུ་འཕྲུལ་འགྲུབ་པ་དང་། ལུས་ཀྱི་རྡུལ་ཕྲན་མཐོང་བ་ལ་སོགས་པའོ། །སྤྲོ་བ་མེད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་ དང་། གཞན་གྱི་རྣར་སྙན་པ་དང་། བསྒོ་བ་བཞིན་ཉན་པ་དང་། བཀའ་བསྟན་བཅོས་ལ་དབང་བ་དང་། མི་མ་ཡིན་པའི་སྐད་ཤེས་པ་ལ་སོགས་པའོ། །ཤིན་ཏུ་སྤྲོས་མེད་ཀྱིས་ཡིད་དག་པ་དང་། ཏིང་ངེ་འཛིན་དང་། རིག་པ་དང་། གང་བསམས་ ཆོས་ཉིད་དུ་འཆར་བ་དང་། །དུས་བཞི་དུས་གཅིག་ཏུ་རྟོགས་པ་དང་། འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ལ་སོགས་པའོ། རབ་ཏུ་སྤྲོས་མེད་ཀྱིས་སེམས་ལས་སུ་རུང་བ་དང་། མངོན་པར་ཤེས་པ་དང་། ཚེ་དཔག་ཏུ་མེད་པར་བྱིན་གྱིས་རློབ་པ་ལ་སོགས་ པའོ། །ཁྱད་པར་དུ་དབང་བཞིས་སྣང་བ་བཞིའི་ཡོན་ཏན་ཐོབ་པ་ནི། སྤྲོས་བཅས་ཀྱིས་ཆོས་ཉིད་མངོན་སུམ་གྱི་སྣང་བ། སྤྲོས་མེད་ཀྱིས་ཉམས་གོང་འཕེལ། ཤིན་ཏུ་སྤྲོས་མེད་ཀྱིས་རིག་པ་ཚད་ཕེབས། རབ་ཏུ་སྤྲོས་མེད་ཀྱིས་ཆོས་ཉིད་ཟད་པའི་སྣང་ བ་སྟེ། དེ་དག་རེ་རེ་ཞིང་ཕྱི་སྣང་བའི་ཡོན་ཏན་རེ་དང་། ནང་ཉམས་ཏིང་ངེ་འཛིན་རེ་དང་། གསང་བ་ལྟ་དགོངས་ཁྱད་པར་ཅན་རེ་དང་། ཡོངས་རྫོགས་བསྟན་པའི་ཚད་རེ་ཐོབ་ནས། ཟག་བཅས་མི་སྣང་བར་སངས་རྒྱས་ཀྱི་ས་ལ་སྦྱོར་བའོ། །འདི་དག་ནི་ཐུན་

[p. 251] ༄༅། །མོང་དུ་གནས་སྐབས་ཀྱི་ཡོན་ཏན་ནོ། །གཉིས་པ་མཐར་ཐུག་གི་འབྲས་བུ་ནི། མགོན་པོ་རྡོ་རྗེ་འཆང་གི་ས་སྟ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་རྫོགས་པར་ཐོབ་པའོ། །དབྱེ་ན་གསུམ་སྟེ། སྐུ་དང་ཡེ་ ཤེས་འདུ་འབྲལ་མེད་པའི་ཞིང་ཁམས་མདོར་བསྟན། བསམ་གྱིས་མི་ཁྱབ་པའི་དབྱེ་བ་རྒྱས་པར་བཤད། མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བའོ། །དང་པོ་ནི་དབང་མཐར་ཕྱིན་པའི་འབྲས་བུ་བཞི་ལ་རྟགས་བཞི་དང་ཚད་བཞི་སྟེ། བཅུ་གཉིས། སྨིན་སོ་སྐུ་བཞི་སྟེ་བཅུ་དྲུག །ཡེ་ཤེས་བཞི་སྟེ་ཉི་ཤུ། ཡེ་ཤེས་ཀྱི་འོད་ཟེར་བཞི་སྟེ་ཉེར་བཞི། འོད་ཀྱིས་བཀྱེ་བའི་སྤྲུལ་པ་བཞི་སྟེ་ཉེར་བརྒྱད། སྤྲུལ་པའི་གདུལ་ཞིང་བཞི་སྟེ་སུམ་ཅུ་རྩ་གཉིས་སུ་སྨིན་པས་དོན་འབྱུང་བ་ནི། ལམ་དུ་ དབང་སུམ་ཅུ་རྩ་གཉིས་ཐོབ་པ་ལས་བྱུང་བའོ། །དེ་ཡང་སྐུ་བཞི་ལ་གཞི་གནས་ཀྱི་ཡེ་ཤེས། མཚན་ཉིད་འཛིན་པའི་ཡེ་ཤེས། ཐམས་ཅད་མཁྱེན་པའི་ཡེ་ཤེས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེ་ས་བཞི་བཞི་བརྩིས་པས་བཅུ་དྲུག །ཡེ་ཤེས་ཀྱི་ མཁྱེན་པ་བཞི་བཞི་བརྩིས་པས་བཅུ་དྲག་སྟེ་སུམ་ཅུ་རྩ་གཉིས་ནི་སྐུ་དང་ཡེ་ཤེས་ཀྱི་རྣམ་གྲངས་སུམ་ཅུ་རྩ་གཉིས་ཞེས་བྱའོ། །འདི་དག་རྫོགས་པ་ནི་རྡོ་རྗེ་འཆང་གི་ས་བཅུ་དྲུག་མཛད་པ་ཡེ་ཤེས་ཀྱི་ཡུལ་བཅུ་དྲུག་དང་བཅས་པའོ། །ཡེ་ཤེས་ཀྱི་སྣང་བའི་རང་ འོད་ལྔ་ལས་ཞིང་ལྔའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པ་ནི། འོད་མཐིང་གའི་ཀློང་ན་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རྫོགས་པའོ། །དེ་བཞིན་དུ་དཀར་པོས་མི་བསྐྱོད་པ། སེར་པོས་རིན་ཆེན་འབྱུང་ལྡན། དམར་པོས་སྣང་བ་མཐའ་ཡས། ལྗང་ གུས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའོ། །དཀྱིལ་འཁོར་དེ་དག་ལས་གདུལ་བྱའི་ཞིང་དུ་འཕྲིན་ལས་བཞིའི་སྤྲུལ་པ་འགྱེད་ལ། གདུལ་ཞིང་ཤར་ཕྱོགས་མངོན་པར་དགའ་བ། ལྷོ་དཔལ་དང་ལྡན་པ། ནུབ་པདམ་བརྩེགས་པ། བྱང་

[p. 252] ལས་རབ་རྫོགས་པ་བཞིས་འགྲོ་བ་སྨིན་པར་བྱེད་དོ། །གཉིས་པ་བསམ་གྱིས་མི་ཁྱབ་པའི་དབྱེ་བས་རྒྱས་པར་བཤད་པ་ནི། སྐུ་བཞིའི་ཞིང་ཁམས་ཕུན་སུམ་ཚོགས་པ་ལྔ་ལྔར་དབྱེ་བ་ལས། དང་པོ་ཆོས་སྐུའི་སྟོན་པ་དཔལ་ཀུན་དུ་བཟང་པོ། གནས་ ཆོས་ཀྱི་དབྱིངས། བསྟན་པ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བསྟན་པ། འཁོར་འདུས་མ་བྱས་པ། དུས་ཆོས་ཉིད་ལ་འཕོ་འགྱུར་མེད་པ་དང་ལྔ་ནི་ཆོས་སྐུར་འཇོག་པའི་འཐད་པ་ནི། ཞིང་ཁམས་རྣམ་པར་དག་པ་དེ་ཉིད་དང་བརྗོད་དུ་མེད་པ། ཆོས་ བརྗོད་དུ་མེད་པ། འབད་མེད་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཀྱི་སྒོ་ནས་ཆོས་སྐུ་ཞེས་བརྗོད་པའོ། །ཕུན་སུམ་ཚོགས་པ་ལྔ། བརྗོད་དུ་མེད་པ་དང་། ལྷུན་གྱིས་གྲུབ་པ་གཉིས་ཏེ་བརྒྱད་ནི། དབང་བཞིའི་ས་བོན་བཞི་དང་། འབྲས་བུ་བཞི་སྟེ་བརྒྱད་སྨིན་ པ་ལས་བྱུང་བའོ། །ལོངས་སྐུའི་སྟོན་པ་རྣམ་པར་སྣང་མཛད་གང་ཆེན་མཚོ། གནས་རྣམ་དག་སྟུག་པོ་བཀོད་པ། བསྟན་པ་རང་བྱུང་གི་ཡི་གེ་དྲུག་གི་རང་སྒྲ་ལྗགས་ཀྱི་འོད་ཟེར་ལས་འཕྲོ་བ་བསྟན་པའི་བུ་གཅིག །འཁོར་ཉིད་ལས་མི་གཞན་པ་རིགས་ བཞིའི་སངས་རྒྱས། དུས་རང་བཞིན་རྣམ་དག་ཆེན་པོ། ཞིང་ཁམས་ཕྱག་མཉམ་གཞག་གི་མཐིལ་ན། ཡས་མར་བརྩེགས་པའི་ཉི་ཤུ་རྩ་ལྔ། སྐྱིལ་ཀྲུང་མན་ཆད་ལ་བཅུ་དྲུག །དེ་དག་ཀྱང་ཡས་མན་དུ་བལྟས་པས་རྒྱ་དེབ་བརྩེགས་པ་ལྟ་བུར་བར་ན་རྣམ་དག་ གི་ནམ་མཁས་བཅད་ནས་གནས་ལ། ཕན་ཚུན་ནི་ཟ་འོག་གི་གུར་ཁྱིམ་བཀྲམ་པ་དང་འདྲ་སྟེ། སོ་སོའི་ལྕགས་རི་དང་མཚོས་པར་བཅད་དེ་གནས་སོ། །ཆོས་ནི་རང་གི་ངོ་བོ་རྣམ་དག་ཆེན་པོའི་ཆོས་ལ་སྤྱོད་པའོ། །འཐད་པ་ནི་འོད་དང་ཁ་དོག་སྐུ་དང་ཡེ་ཤེས་ལ་ སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །དེ་ཡང་འོད་ཟེར་ཀྱི་སྦྱོར་བ་དག་པ་ཡབ་ཀྱི་ཞལ་ནས་ཞུགས་ཏེ་གསང་བའི་གནས་ནས་ཡུམ་གྱི་མཁའ་ལ་འཐོན་ནས་སྤྲུལ་པ་འགྱེད་པ་སྟེ། ཕུན་སུམ་ཚོགས་པ་ལྔ། ཞིང་དང་སྤྲུལ་པ་གཉིས་ཏེ་བརྒྱད་དོ། །དེ་ཡང་

[p. 253] ༄༅། །དབང་བརྒྱད་ཀྱི་འབྲས་བུའོ། །སྤྲུལ་པ་སྐུའི་སྟོན་པ་དྲུག་པ་རྡོ་རྗེ་འཆང་། གནས་ལྕང་ལོ་ཅན་ཏེ་འོག་མིན་གྱི་མིང་གི་བྱེ་བྲག་གོ། །བསྟན་པ་རང་བཞིན་རྫོགས་པ་ཆེན་པོ། འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ། དུས་སྐུས་འབུལ་ བའི་དུས། ཞིང་ཁམས་རྒྱ་ཆེ་བ་ཚངས་ཆེན། དེ་ལས་ཁོལ་བུར་ཕྱུང་ན་མི་མཇེད་དེ་གླིང་བཞི་རི་རབ་དང་བཅས་པ་བྱེ་བ་ཕྲག་བརྒྱའོ། །ཆོས་བསྟན་པ་དངོས་དང་གཟུགས་བརྙན་གཉིས་སོ། །འཐད་པ་གང་ལ་གང་འདུལ་དུ་སྤྲུལ་པས་ན་སྤྲུལ་སྐུའོ། རང་གཞན་ གྱི་དོན་གཉིས་རྫོགས་པའི་འཕྲིན་ལས་དང་བརྒྱད་དོ། །ངོ་བོ་ཉིད་ཀྱི་སྐུའི་སྟོན་པ་བསམ་བརྗོད་རྣམ་པར་དག་པ། གནས་བསམ་འདས་མཚན་གཞི་དང་བྲལ་བ། བསྟན་པ་རྡུལ་མེད་ཅིང་དྲི་མ་མེད་པ། འཁོར་ཡེ་ཤེས་རྒྱ་མཚོ། ཞིང་ཁམས་བདེ་ཆེན་རྣམ་དག། ཆོས་ངོ་འབྱེད་པ་མེད་པ། ལས་སེམས་ཉིད་ཕྱིན་ཅི་ལོག་ལས་འདས་པ་དང་བརྒྱད་དོ། །དེ་ཐམས་ཅད་ཀྱི་རང་བཞིན་རྟགས་ཀྱི་སྐུ་བཞི་ནི། ཆོས་སྐུའི་སྟོན་པ་རང་བཞིན་མ་བཅོས་པ། གནས་སྟོང་པ་ཀུན་ཁྱབ། བསྟན་པ་འདུལ་སྟངས་རྣམ་དག །འཁོར་ རང་བཞིན་ཡོངས་དག །དུས་ངེས་མེད་སྣ་ཚོགས། ཆོས་ཟག་པ་རང་ཟད། འཐག་པ་ཆོས་ཀྱི་ཕུང་པོ་འདུས་པས་ན་ཆོས་ཀྱི་སྐུའོ། །བྱེད་ལས་ལས་བདག་ཏུ་མེད་པའི་ལས་བྱེད་པ་དང་བརྒྱད་དོ། །གཟུགས་སྐུའི་སྟོན་པ་སྐུ་སྣང་ལ་རང་བཞིན་མེད་པ་ཞལ་ཀུན་དུ་ ཐལ་ལེ་བ། གནས་ཕྱི་དང་ནང་མེད་པ་ཀུན་དུ་ཡང་ནང་དུ་གྱུར་པ། བསྟན་པ་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པ། འཁོར་སྣང་བ་དང་མི་སྣང་བ། དུས་སྤྲོས་བཞིའི་ཚིག་ཙམ་དུ་བྱུང་བ། ཞིང་ཁམས་ཕྱི་ནས་བལྟས་པས་ནང་གསལ་བ། ཆོས་ སྤྲོས་གཞི་རྣམ་པར་དག་པ། འཐད་པ་གཟུགས་རྡུལ་དང་རྡུལ་ཕྲན་དག་པར་བྱེད་པས་ན་གཟུགས་སྐུའོ། །ལས་ཀྱི་གཟུགས་ཅན་རྣམས་ཀྱི་ལས་ཟད་པར་བྱེད་པ་དང་བརྒྱད་དོ། དེ་དག་གི་ཞར་ལ་ཞི་བའི་སྐུའི་སྟོན་པ་རང་ཤེས་རིག་གི་རྒྱལ་པོ་འདུས་མ་བྱས་པ་

[p. 254] གནས་ཙིཏྟ་རིན་པོ་ཆེའི་གཞལ་མེད་ཁང་། བསྟན་པ་རྩ་རླུང་ཐབས་ཀྱི་མན་ངག །འཁོར་ཡེ་ཤེས་ལྔ་དང་། རླུང་ལྔ་དང་། ཤེས་རབ་ལྔ་དང་། འོད་ལྔ་དང་། སྐུ་ལྔ་དང་། རིགས་ལྔའོ། །དུས་ལུས་དང་སེམས་འཛོམ་པའོ། །ཞིང་ཁམས་འགྲོ་བ་འདུལ་ བ། ཆོས་འཁོར་བ་དང་མྱ་ངན་ལས་འདས་པ། འཐད་པ་དེ་ལ་བརྟེན་ནས་ལུས་སེམས་སྡུག་བསྔལ་ཞི་བས་ན་ཞི་བའི་སྐུར་འཐད་དོ། །ལས་ཁམས་གསུམ་ལས་གྲོལ་བར་བྱེད་པ་སྟ་བརྒྱད་དོ། །ཁྲོ་བོའི་སྐུའི་སྟོན་པ་ཡེ་ཤེས་ཀྱི་ཧེ་རུ་ཀ་ལྔ། གནས་བྷན་དྷ་ འབར་བའི་གཞལ་ཡས་ཁང་སྟེ་ཀླད་པ་དུང་ཁང་དཀར་པོ། བསྟན་པ་བདེ་ཆེན་གྱི་འབར་འཛག །འཁོར་སྒྲོན་མ་རྣམ་པ་བཞི། དུས་ཡེ་ཤེས་རང་འཁྱིལ་བའི་དུས། ཞིང་ཁམས་མིག་གི་དབང་པོ་མཐོང་བ་མ་འགགས་པ། ཆོས་གཟུགས་ཀྱི་དེ་བཞིན་ ཉིད། འཐད་པ་ཡུལ་དང་ཤེས་པ་ལ་ཁྲོས་པས་ན་ཁྲོ་བོའི་སྐུར་འཐད་དོ། །ལས་ཀྱི་གདུལ་བྱ་ཕྱིན་ཅི་ལོག་རྣམས་ཚར་གཅོད་པ་དང་བརྒྱད་དོ། །དེ་དག་ལ་སྐབས་འདིར་འབྲས་བུར་གཞག་པ་ནི་གཞི་སྨིན་བྱའི་སྦྱང་གཞི་ཐོག་མའི་འོད་གསལ་ཡིན་པ་དང་། གདུལ་ གཞིའི་འབྲས་བུ་རང་བཞིན་རྣམ་དག་ཡིན་པས་གློ་བུར་རྣམ་དག་གི་ཞར་ལ་སྨོས་པའོ། །དེ་དག་ལ་བརྟགས་པས་དབང་དང་འབྲས་བུ་ལ་བཅུ་དྲུག་ཕྲག་བཞི། སྐུ་ལ་བཅུ་དྲུག་ཕྲག་བཞི་སྟེ་ཕྲག་བརྒྱད་བསྡོམས་པས། བརྒྱ་དང་ཉེར་བརྒྱད་ནི་དབང་བསྐུར་བའི་ འབྲས་བུ་ཕུན་སུམ་ཚོགས་པའོ། །གསུམ་པ་མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བ་ནི། དབང་བཞིའི་ས་བོན་གྱི་ཆ་ལས་དྲུག་བརྒྱ་དང་དྲུག་ཅུ་རྩ་དྲུག་གིས་འགྲོ་བ་དྲུག་གི་ལས་དང་ཉོན་མོངས་པ་དག་པར་མཛད་པའོ། །དེ་ལ་ཐོག་མར་མཐོང་བ་ རྣམ་པར་དག་པ་ལས། བདག་ཉིད་ལ་ཟག་པ་མེད་པའི་མངོན་པར་ཤེས་པ་ནི། དབང་པོའི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་གིས་དུས་གསུམ་དུས་གཅིག་ལ་མཐོང་བ་པྲ་སེན་མཐོང་བ་ལྟ་བུ་སྟེ། དེ་ཡང་མིག་གི་མངོན་ཤེས་དྲུག་གིས་གཟུགས་

[p. 255] ༄༅། །ཐམས་ཅད་ཤེས། རྣ་བའི་མངོན་ཤེས་དྲུག་གིས་བརྗོད་པའི་སྒྲ་ཐམས་ཅད་གཏན་ལ་ཕེབས་སོ། །སྣའི་དྲུག་གིས་འགྲོ་བ་དྲུག་གི་ལས་གཏན་ལ་ཕེབས་སོ། །ལྕེའི་དྲུག་གིས་འགྲོ་དྲུག་གི་འཁོར་དང་ལོངས་སྤྱོད་ཤེས་སོ། །ལུས་ཀྱི་དྲུག་ གིས་འགྲོ་དྲུག་གི་གཟུགས་རྡུལ་ཕྲན་དང་རགས་པ་ཐམས་ཅད་ཤེས་སོ། །ཡིད་ཀྱི་དྲུག་གིས་འགྲོ་དྲུག་གི་བསམ་པ་ཐམས་ཅད་ཤེས་སོ། དེ་ལྟར་དབྱེ་གཞི་ཕྱི་བས་དབང་པོའི་མངོན་ཤེས་སུམ་ཅུས་སྲིད་པ་ཡན་ལག་སུམ་ཅུ་ཤེས་ཤིང་། མཚན་སུམ་ཅུ་རྩ་ གཉིས་གྲུབ་པ་ནི་དབང་སུམ་ཅུ་རྩ་གཉིས་ལས་བྱུང་བའོ། །དེ་ནས་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། སྦྱངས་པའི་ཤེས་རབ་ཀྱི་མཐོང་བ་རྣམས་པར་དག་པའི་ཡེ་ཤེས་དྲུག་ཤར་བས་ཚིག་ཐམས་ཅད་ཀྱི་བརྡ་དོན་ཁོང་དུ་ཆུད་པའོ། ། བསླབ་པའི་ཤེས་རབ་ཀྱི་མཐོང་པ་དག་པའི་མངོན་ཤེས་དྲུག་གིས་སེམས་ཉིད་ཆོས་ཉིད་ལ་འཇུག་པ་ཁྱད་པར་ཅན་སྐྱེ་བའོ། །མཐོང་བ་རྣམ་པར་དག་པ་ཞེས་ཀུན་ལ་སྦྱར་ཏེ། ཐོས་པའི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་སྒྲ་དང་དོན་ཐམས་ཅད་ཤེས་སོ། །བསམ་ བྱུང་གི་ཤེས་རབ་ཀྱི་མངོན་ཤེས་དྲུ་གིས་ཆོས་ཐམས་ཅད་ཀྱི་འདུ་མཆེད་རྟོགས་སོ། །སྒོམ་བྱུང་གི་ཤེས་རབ་ཀྱི་མངོན་ཞེས་དྲུག་གིས་ཆོས་དང་སེམས་གཉིས་འདྲེས་ཏེ་ནམ་མཁའ་ལྟར་ཤེས་སོ། །དེ་ལྟར་སུམ་ཅུ་ནི་དབང་གི་འགྱུར་བྱེད་སུམ་ཅུ་རྩ་གཉིས་ཀྱིས་ སངས་རྒྱས་ཀྱིས་སྦྱངས་པའི་ཡོན་ཏན་སུམ་ཅུ་རྩ་གཉིས་མཐོང་བ་ལས་བྱུང་བའོ། །དེ་ནས་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། འདིའི་དུས་ན་ཡེ་ཤེས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྙེད་པའོ། །དེ་ཡང་མེ་ལོང་ལྟ་ བུའི་ཡེ་ཤེས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་གྱིས་ཆོས་ཀྱི་མཚན་ཉིད་དང་དགོངས་པ་མངོན་སུམ་དུ་ཤེས་སོ། །མཉམ་པ་ཉིད་ཀྱི་དྲུག་གིས་འཁོར་འདས་གཉིས་སུ་མེད་པར་ཤེས་སོ། །སོ་སོར་རྟོག་པའི་དྲུག་གིས་འགྲོ་བ་དྲུག་གི་དབང་པོ་ལ་སོགས་པ་ཤེས་

[p. 256] སོ། །བྱ་བ་གྲུབ་པའི་དྲུག་གིས་ཆོས་ཐམས་ཅད་རྩོལ་བ་དང་བྲལ་བ་དང་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཤེས་སོ། །ཆོས་ཀྱི་དབྱིངས་ཀྱི་དྲུག་གིས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཤེས་སོ། །མི་གནས་པའི་ཡེ་ཤེས་ཀྱི་དྲུག་གིས་ཆོས་གང་ལའང་མི་ གནས་པ་ཤེས་སོ། །དེ་ཡང་དབྱེ་གཞི་རེ་ཕྲི་བས་མངོན་ཤེས་ལྔ་ཚན་དྲུག་ཏུ་འགྱུར་ཏེ། ཡེ་ཤེས་ཀྱི་མངོན་པར་ཤེས་པ་སུམ་ཅུ་ནི་དབང་སུམ་ཅུ་རྩ་གཉིས་ལས་བྱུང་བའོ། །དེ་ནས་རྣམ་པར་གྲོལ་བའི་མངོན་ཤེས་དྲུག་འཆར་ཏོ། །འདིའི་དུས་ན་སེམས་དང་ སེམས་བྱུང་ནུབ་པའོ། །དེ་ལ་རྣམ་གྲོལ་དང་པོའི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་ཤར་བས། ལུས་ཀྱི་ཟག་པ་ཟད་པའོ། །རྣམ་གྲོལ་གཉིས་པ་དྲུག་གིས་ངག་གི་ཟག་པ་ཟད་པའོ། །གསུམ་པའི་དྲུག་གིས་ཡིད་ཀྱི་ཟག་པ་ཟད་པའོ། །བཞི་པའི་ དྲུག་གིས་སེམས་ཀྱི་ཟག་པ་ཟད་པའོ། ལྔ་པའི་དྲུག་གིས་ཤེས་རབ་ཀྱི་ཕུང་པོ་ལ་སྒྲིབ་པའི་ཟག་པ་ཟད་པའོ། །དྲུག་པའི་དྲུག་གིས་ཆོས་དང་ཆོས་ཉིད་ཀྱི་ཟག་པ་ཟད་པའོ། སུམ་ཅུ་པོ་དེ་དག་གིས་ཕྱི་ནང་གསང་བ་ཡོངས་རྫོགས་ཀྱི་དབང་ལས་བྱུང་བའོ། །དེ་ནས སྐུ་གསུང་ཐུགས་ཀྱི་ལས་མངོན་དུ་གྱུར་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། སངས་རྒྱས་ཀྱི་མཁྱེན་པ་མ་ལུས་པ་རྫོགས་པའོ། །སྐུ་དངོས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་པའི་ཤར་བས་སངས་རྒྱས་ཀྱི་སྐུ་ཐམས་ཅད་མཐོང་ཞིང་རང་གིས་ཀྱང་བརྙེས་པའོ། ། སྐུའི་སྣང་བའི་དྲུག་ཤར་བས་འོད་ཀྱི་ཚོགས་མཐའ་ཡས་པ་ལ་སྤྱོད་དོ། །གསུང་དངོས་ཀྱི་དྲུག་ཤར་བས་གསུང་དབྱངས་དྲུག་ཅུ་ལ་སྤྱོད་དོ། །གསུང་གི་སྣང་བའི་དྲུག་གིས་སྒྲ་དབྱངས་དུ་མ་ལ་སྤྱོད་དོ། །ཐུགས་དངོས་ཀྱི་དྲུག་གིས་ཏིང་ངེ་འཛིན་ཐམས་ཅད་ལ་ སྤྱོད་དོ། །ཐུགས་ཀྱི་སྣང་བའི་དྲུག་གིས་གཞན་གྱི་སེམས་ཤེས་པ་ལ་སྤྱོད་དོ། །དེ་ལྟར་སུམ་ཅུ་པོ་ནི་དབང་གི་ལྷ་ངོ་སུམ་ཅུ་རྩ་གཉིས་ཤེས་པ་ལས་བྱུང་ངོ། །དེ་ནས་ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་ཆས་ཉད་

[p. 257] ཀྱི་དགོངས་པ་ལ་དབྱེར་མི་ཕྱེད་པར་བཞུགས་སོ། །སེམས་རྣམ་པར་གདུལ་བའི་མངོན་ཤེས་དྲུག་ཤར་བས་སེམས་ཀྱི་རང་བཞིན་ཤེས་སོ། །སེམས་སྦྱང་བའི་དྲུག་གིས་རྩ་བ་ཤེས་སོ། །སེམས་ཞི་བའི་དྲུག་གིས་སེམས་མེད་པའི་མཚན་ཉིད་ ཤེས་སོ། །སེམས་རྣམ་པར་དག་པའི་དྲུག་གིས་མི་འགྱུར་བར་ཤེས་སོ། །སེམས་མི་ལྡོག་པའི་དྲུག་གིས་ཁམས་གསུམ་མིང་མེད་པར་ཤེས་སོ། །སེམས་ལས་འདས་པའི་དྲུག་གིས་ཤེས་བྱེད་དང་འདུ་འཕྲོ་དག་སྟེ་མི་ལྡོག་པར་རྟོགས་སོ། །དེ་ལྟར་ སུམ་ཅུ་ནི་དབང་གི་རྣམ་པར་འཕྲུལ་པའི་དབྱེ་བ་ཤེས་པ་ལས་བྱུང་ངོ་། །དེ་ལྟར་མཐོང་བ་དག་པའི་མངོན་ཤེས་བརྒྱ་དང་བརྒྱད་ཅུ་ནི་མོས་པའི་མཐོང་བ་ཙམ་ལས་བྱུང་བའོ། །དེ་ཡང་ཕྱེ་ན་མོས་པའི་བཞི་ལ་བཞི་བཅུ་རྩ་ལྔ་ལྔའི་ཡོན་ཏན་དུ་འབྱུང་བ་ནི། སྤྲོས་བཅས་ ཀྱི་དབང་ཐོབ་པ་ལས་བྱུང་བའོ། །དེའི་འགྲེས་ཀྱིས་ཐོས་པ་རྣམ་པར་དག་པའི་མངོན་ཤེས་ཀྱང་བརྒྱ་དང་བརྒྱད་ཅུར་འགྱུར་ཏེ། དེ་ལའང་ཡེ་ཤེས་བཞིའི་ཡོན་ཏན་འཇུག་པ་སྔར་དང་འདྲའོ། །འདི་དག་སྤྲོས་མེད་ཀྱི་དབང་ལས་བྱུང་བའོ། །བསམ་བྱ་དག་པའི་བརྒྱ་ དང་བརྒྱད་ཅུ་ནི་བསྒྱུར་གཞིའི་དོན་ཤེས་པ་ལས་བྱུང་བ་སྟེ། ཡེ་ཤེས་སུ་དག་པ་དང་། མྱོང་བྱེད་དག་པའི་བརྒྱ་བརྒྱད་ཅུ་ཆོད་པའི་རང་བཞིན་ཤེས་པ་ལས་བྱུང་བ་དང་། རེག་བྱེད་དག་པའི་བརྒྱ་བརྒྱད་བཅུ་པ་མདོ་ཤེས་པ་ལས་བྱུང་བ་དང་ཚན་པ་གསུམ་ནི་ཤིན་ཏུ་སྤྲོས་མེད་ཀྱི་ དབང་ལས་བྱུང་བའོ། །ཆོས་དག་པའི་མངོན་ཤེས་བརྒྱད་བརྒྱད་ཅུ་ནི་རབ་ཏུ་སྤྲོས་པ་མེད་པའི་དབང་ལས་བྱུང་བའོ། །དེ་ལྟར་ན་ས་དང་སྦྱར་བས་སའི་ཡོན་ཏན་ཉིས་སྟོང་སུམ་བརྒྱ་དང་དྲུག་ཅུ། ཡེ་ཤེས་ཀྱི་བྱེད་པ་དྲུག་བརྒྱ་དང་དྲུག་ཅུ། ཆོས་ཀྱི་རྣམ་གྲངས་སུམ་སྟོང་ དང་བརྒྱ་ཉི་ཤུ་རྣམས་ནི་རྡོ་རྗེ་འཆང་གི་སའི་མངོན་ཤེས་ཀྱི་རྣམ་པར་འཕྲུལ་པའི་དབྱེ་བ་ཆེན་པོའོ། །འདི་དག་ནི་དབང་གི་རྣམ་པར་གཞག་པ་སྟེ། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་སྒོ་དང་པོའི་གཞི་གལ་པོ་ཆེ་ཡང་དག་པ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་

[p. 258] མཛོད་ལས། གཞིའི་དོན་སྨིན་པར་བྱེད་པ་དབང་གི་རྣམ་པར་གཞག་པ་སྟེ་རིམ་ཁང་དྲུག་པའོ།། །།

[edit]
OCR of the BDRC scans (I2PD19908), gorn05 tibocr 2026: BDRC OCR on 94 pages, Mitra OCR on 434 pages (the model with more recognisable syllables on each page).
Volume I2PD19908

[p. 147] དེའི་སྤྲོས་མེད་ཀྱིས་དོན་རང་ཐོག་ཏུ་ཕེབས་པས་ཆོས་ཉིད་ལས་འགྲོས་མེད་པའོ། །དེའི་ཤིན་ཏུ་སྤྲོས་མེད་སྟོང་ཉིད་ཀྱི་དཀྱིལ་ འཁོར་དུ་འཇུག་པས་སྒོ་གསུམ། ཁམས་གསུམ་དུ་མི་འཇུག་པའོ། །རབ་ཏུ་སྤྲོས་མེད་ཀྱིས་ཚོགས་དྲུག་དག་པར་བྱེད་པའོ།། །།བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དབྱེ་བ་ངེས་པ་ནི། རབ་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས། སེམས་གང་ཡིན་ལ་སོགས་ པས་ཚོགས་སྔར་རང་གྲོལ་བར་བྱེད་དོ། །སྤྲོས་མེད་སྒྱུ་མ་སྐུའི་ཞིང་བསྟན་པས་ཕུང་པོ་ཁམས་དང་སྐྱེ་མཆེད་སྟོང་པར་བྱེད་དོ། །ཤིན་ཏུ་སྤྲོས་མེད་ཡོངས་སྐུའི་ཞིང་བསྟན་པས་སེམས་ཉིད་འགྲོ་འོང་མེད་པའི་དོན་རྟོགས་པར་བྱེད་དོ། །རབ་ཏུ་ སྤྲོས་མེད་ཆོས་སྐུར་ལུང་བསྟན་པས་འཁོར་འདས་ལ་ཞེན་པའི་ཤེས་སྒྲིབ་ཕྲ་མོ་སྦྱོང་བར་བྱེད་དོ།། །།གཉིས་པ་རང་ངོའི་དབྱེ་བ་རྒྱས་པར་བཤད་པ་ལ་དབང་བཞི་ལས། དང་པོ་སྤྲོས་བཅས་ལ། སྤྲོས་བཅས་ཀྱི་སྤྲོས་བཅས་དམ་བསྲེ་ཞིང་ ༄༅། །གནའ་ཆུ་བླུད་པ་ལ་སོགས་པ་སྟེ་ཕྱིའོ། །སྤྲོས་བཅས་ཀྱི་སྤྲོས་མེད་དཀྱིལ་འཁོར་དུ་བཞུག་ཅིང་ལྷ་ངོ་བསྟན་ནས་མིང་གི་དབང་བསྐུར་བ་སྟེ་ནང་ངོ་། །སྤྲོས་བཅས་ཀྱི་ཤིན་ཏུ་སྤྲོས་མེད་ཉན་ཐོས་ཀྱི་སྡོམ་པ་སྦྱིན་པ་ནས་རིམ་དགུ་རྫོགས་ ཏེ་དབུགས་དབྱུང་གཟིངས་བསྟོད་དང་བཅས་པ་གསང་བའོ། །སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་བུམ་པ་ངེས་པའི་སྐུར་རྒྱུ་སྟེ་ཡོངས་སུ་རྫོགས་པའོ། །འདི་ལའང་བུམ་པ་ངེས་པ་རྟེན་གཞལ་ཡས་ཁང་བརྟེན་པ་ལྟར་གསལ་བས་དབང་བསྐུར་ བ་ཡོངས་སུ་རྫོགས་པའི་ཕྱི་སྤྲོས་བཅས་སོ། །སློབ་མའི་ལུས་ལྟར་སྐྱེད་པ་ལ་འབྱུང་བཞི་དག་སྦྱོང་གི་རྫས་དབང་ཉི་ཟླ་སྦྱིན་པ་ལ་སོགས་པ་ནང་སྤྲོས་མེད་དོ། །མུ་དྲ་སྦྱིན་ནས་སྦྱོར་བ་ངེས་པ་གསང་བ་ཤིན་ཏུ་སྤྲོས་མེད་དོ། །བརྡ་དོན་ངེས་པའི་ ཚིག་སྦྱིན་པ་ཡོངས་སུ་རྫོགས་པ་རབ་ཏུ་སྤྲོས་མེད་དོ། །དེ་ལྟར་ན་ཡོངས་སུ་རྫོགས་པ་ལ་བཞི་ཡོད་པ་ལྟར་གཞན་གསུམ་ལའང་ཤེས་པར་བྱའོ།། །།དེ་ལྟར་བཅུ་དྲུག་གིས་སྤྲོས་བཅས་དབྱེ་བའི་དགོས་པ་ནི། ལུས་འབྱུང་བཞིའི་རྒྱ་བཞི་ འཇིག་པ་སྟེ། འབྱུང་བཞི་ཡང་སའི་ས་ལ་སོགས་པ་བཞིར་ཕྱེ་བས་བཅུ་དྲུག་དག་པར་སྦྱོང་བའི་དགོས་པ་ཡོད་དོ། །གཉིས་པ་སྤྲོས་མེད་ཀྱི་དབང་བཞི་རང་ངོའི་དབྱེ་བ་ནི། སྤྲོས་མེད་ཀྱི་སྤྲོས་བཅས་ཀྱིས་ལུས་ངག་ཡིད་སེམས་བཞི་ཡི་ བཞིའི་གནས་བཞིས་སྦྱོང་བ་ནི་ཕྱིའོ། །དེའི་སྤྲོས་མེད་ཀྱིས་སྒོ་གསུམ་གཞི་མེད་བྱ་བརྩལ་ལས་འདས་པར་མཚོན་པས་ནང་ངོ་། །དེའི་ཤིན་ཏུ་སྤྲོས་མེད་ཀྱིས་ཡུལ་ལྔ་ལམ་དུ་བསླང་བས་སྒོ་ལྔ་ཧར་སངས་སུ་གྲོལ་བ་གསང་བའོ། །དེའི་རབ་ཏུ་ སྤྲོས་མེད་ཀྱིས་རྟོགས་པ་ཁྱད་པར་ཅན་སྐྱེད་པས་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་ངག་གི་བརྗོད་གཞི་དང་། རྗོད་བྱེད་དང་། བརྗོད་བྱ་དང་། བརྗོད་པ་བཞིའི་རྒྱ་ལས་གྲོལ་བར་བྱེད་པའོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་

[p. 148] རང་ངོའི་དབྱེ་བ་ནི། ཤིན་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་རུ་ཤན་འབྱེད་པ་ཕྱིའོ། །དེའི་སྤྲོས་མེད་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ་ནང་ངོ། །དེའི་ཤིན་ཏུ་སྤྲོས་མེད་ནམ་མཁའི་དཀྱིལ་འཁོར་དུ་འཇུག་པ་གསང་བའོ། །དེའི་རབ་ཏུ་སྤྲོས་ མེད་རིག་པ་རང་ངོ་སྤྲད་པ་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་ཡིད་འགྱུ་བ་དང་། འགྱུ་བྱེད་དང་། འགྱུ་བྱ་དང་། འགྱུས་པ་བཞིའི་རྒྱ་འཇིག་པར་བྱེད་པའོ།། །།བཞི་པ་རབ་ཏུ་སྤྲོས་པ་མེད་པ་རང་ངོའི་དབྱེ་བ་ནི། རབ་ཏུ་སྤྲོས་ མེད་ཀྱི་སྤྲོས་བཅས་འདུག་སྟངས་བསྟུན་པ་ཕྱིའོ། །དེའི་སྤྲོས་མེད་ལྟ་སྟངས་བྱེད་པ་ནང་ངོ། །དེའི་ཤིན་ཏུ་སྤྲོས་མེད་ཕྱོགས་བཞིར་ལྟ་སྟངས་དང་གཟིགས་སྟངས་བསྟུན་པ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་སོང་ཅིག་ལ་སོགས་པ་ཡོངས་ སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི། སེམས་བསམ་པ་དང་། དྲན་པ་དང་། རྟོག་པ་དང་། ཞེན་པ་བཞིའི་རྒྱ་འཇིག་པར་བྱེད་དོ། །སྐབས་འདིར་ཡིད་དང་སེམས་ཀྱི་གོ་དོན། སྒོ་ལྔའི་ཡུལ་འཛིན་རྟོག་བྱེད་ཀུན་གཞིའི་རྣམ་པར་ཤེས་པ་ སེམས་ལ། དེ་དང་མ་འབྲེལ་བར་དོན་སྔ་ཕྱི་དང་ཡིད་ཡུལ་དོན་སྤྱི་དཔྱོད་པ་ལ་ཡིད་ཅེས་བརྗོད་དོ། །རང་གི་སྣང་ཡུལ་དངོས་པོ་འཛིན་པ་དང་། དངོས་མེད་འཛིན་པ་སྟེ། གསལ་བ་དང་། མི་གསལ་བ་འཛིན་པས་ཕྱེ་བ་ཡིན་ནོ། །དེ་ལྟར་ན་རང་ ངོའི་དབྱེ་བ་རེ་རེ་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞི་སྟེ་བཅུ་དྲུག་དུ་ཡོད་དོ། །གསུམ་པ་རྣམ་པར་འཕྲུལ་པའི་དབྱེ་བས་ཤིན་ཏུ་རྒྱས་པར་སྤྲོ་བ་ལ་གསུམ་སྟེ་དབང་སོ་སོའི་ངག་བྱེད་ཀྱི་དབྱེ་བས་དག་རྒྱུ་བཅུ་དྲུག་འགྱུར་དང་བནྶ་ པ་བསྟན་པ། ལུས་ཀྱི་བྱ་བ་ལ་བརྟེན་ནས་ངེས་པའི་དབྱེ་བས་དབང་གི་གནས་ལུགས་བསྟན་པ། གྲངས་ཀྱི་དབྱེ་བ་ལ་བརྟེན་ནས་ལས་དང་ཉོན་མོངས་པའི་དག་བྱེད་བསྟན་པའོ། །དང་པོ་ནི་དབང་གི་རང་ངོའི་དབྱེ་བ་བཅུ་དྲུག་གིས་ཕྱིར་ ༄༅། །འབྱུང་བའི་ལས་བཅུ་དྲུག་དག་པར་བྱེད་ལ། ནང་དུ་སེམས་ཀྱི་རྟོག་པ་བཅུ་དྲུག་དག་པར་བྱེད་ལ། གསང་པར་རླུང་གི་འཕེན་བསྡུད་བཅུ་དྲུག་དག་པར་བྱེད་ལ། བླ་ན་མེད་པར་ས་བཅུ་དྲུག་ལ་གནས་པའི་ངེས་པ་ཐོབ་པར་བྱེད་པས་དབང་ བཅུ་དྲུག་དུ་བསྟན་པའོ། །དབང་དེ་དག་གི་དག་བྱ་ལུས་ངག་ཡིད་སེམས་བཞིའི་དྲི་མ་དག་པ་ལ་ལྟོས་ནས་བཞག་གོ །དེའང་ལུས་ལ་ཆུས་ཚོགས་པའི་ཆོས་བསྡུས་པས་འཆིང་བྱེད་རྒྱའི་དྲི་མར་སོང་། མེས་དེ་དག་སྨིན་ཅིང་གསལ་བར་བྱས་ པས་དངོས་པོར་གྲུབ་པའི་དྲི་མར་སོང་། རླུང་གིས་དེ་དག་སོ་སོའི་ལས་བྱས་པས་ཞེན་པ་རང་རྒྱུད་དང་བཅས་པའི་དྲི་མར་སོང་བའོ། །ངག་སྨྲ་ནའང་སྨྲའོ་སྙམ་པ་ཡིད་ཀྱི་རྟོག་པས་བསླད་པའི་དྲི་མ་དང་། སྨྲ་བྱེད་ལུས་ཀྱི་དྲི་མ་དང་། སྨྲ་ པའི་ཚིག་ལ་རྟོག་དཔྱོད་ཀྱི་དྲི་མ་དང་། བརྗོད་ལས་རྟོག་པའི་འགྱུར་བྱེད་ཀྱི་དྲི་མ་དང་། ཡང་ཡིད་འགྱུ་བ་ལའང་། འགྱུ་བ་དྲན་བསམ་གྱི་རྟོག་པའི་དྲི་མ་དང་། འགྱུ་བྱེད་ཡུལ་དང་ཤེས་པའི་དྲི་མ་དང་། འགྱུས་པ་བག་ཆགས་སྔ་ཕྱིའི་དྲི་ མ་དང་། འགྱུས་པ་དངོས་ལ་ཞེན་པའི་དྲི་མ་དང་། ཡང་སེམས་ཀྱི་དྲན་པས་ཡུལ་འཇུག་པའི་དྲི་མ་དང་། བསམ་པས་དགེ་མི་དགེ་ལུང་དུ་བསྟན་མ་བསྟན་བཞི་ཀུན་ནས་སློང་བའི་དྲི་མ་དང་། རྟོག་པས་སྙམ་བྱེད་དང་། ཡིད་གཉིས་ དང་། ཐེ་ཚོམ་དང་། ཡིད་དཔྱོད་ཀྱི་དྲི་མ་དང་། འཛིན་ཡུལ་སྣ་ཚོགས་ལ་རྟོག་པའི་དྲི་མའོ། །དྲི་མ་དེ་དག་གི་དག་བྱེད་དབང་བཞི་སྟེ། སྤྲོས་བཅས་ཀྱི་སྤྲོས་བཅས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་དྲུག་གོ །དེ་དག་གིས་ ལུས་ངག་ཡིད་སེམས་བཞི་རེ་རེ་ལ་དྲི་མ་བཞི་བཞི་སྟེ་བཅུ་དྲུག་གི་ཚོགས་དག་པར་སྦྱོང་བའོ། །དེ་ཡང་ཐོག་མར་སྤྲོས་བཅས་ཉེ་བར་མཚོན་པ་ནི། སྤྲོས་བཅས་ཀྱི་སྤྲོས་བཅས་ལ། བརྡའི་སྤྲོས་བཅས་དང་། དོན་གྱི་སྤྲོས་བཅས་ཏེ་གཉིས།

[p. 149] དེའི་སྤྲོས་མེད་ལ་བརྡ་དོན་གཉིས། ཤིན་ཏུ་སྤྲོས་མེད་ལ་གཉིས། རབ་ཏུ་སྤྲོས་མེད་ལ་བརྡ་དོན་གཉི་སྟེ་བརྒྱད། དེ་བཞིན་དུ་སྤྲོས་མེད་ལ་བརྡའི་སྤྲོས་མེད་ལ་སོགས་པ་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད། རབ་ཏུ་སྤྲོས་མེད་ལ་བརྒྱད་ དེ་སུམ་བཅུ་རྩ་གཉིས་སུ་འགྱུར་ལ། ལུས་ངག་ཡིད་སེམས་བཞིའི་ཚོགས་པ་ལའང་། དེ་ལྟར་ཕྱེ་བས་སུམ་བཅུ་རྩ་གཉིས་དག་པར་བྱེད་པ་ནི། སྐྱེད་རིམས་ཀྱི་དག་བྱ་དང་དག་བྱེད་ཤེས་པའི་དགོས་པ་ཡོད་པའོ། །དེ་ལྟར་དག་བྱ་དྲི་མ་ སུམ་བཅུ་རྩ་གཉིས་དང་། དག་བྱེད་དབང་སུམ་བཅུ་རྩ་གཉིས་བསྡོམས་ན། དྲུག་བཅུ་རྩ་བཞི་ནི་དག་བྱ་དག་བྱེད་ཀྱི་དབྱེ་བ་ངེས་པའོ།། །།གཉིས་པ་ལུས་ཀྱི་བྱ་བ་ལ་བརྟེན་ནས་དབྱེ་བས་དབང་གི་གནས་ལུགས་བསྟན་པ་ནི། དག་བྱ་དྲི་མ་སུམ་ བཅུ་རྩ་གཉིས་ཀྱི་གཞི་ལུས་མི་འདྲ་བ་དཔག་ཏུ་མེད་པ་ཡང་། ས་ཆུ་མེ་རླུང་བཞི་ལས་གྲུབ་ལ། དེ་དག་ལ་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་བརྒྱད་དོ། །དེ་ཡང་ས་ཆུ་མེ་རླུང་གཞི་ལ་ཟུག་པ་དང་། བྱེར་བ་དང་། སྙོམས་པ་གསུམ་གསུམ་དུ་ ཕྱེ་བས་བཅུ་གཉིས་སོ། །དེ་དག་བྱེད་དབང་ལའང་སྤྲོས་བཅས་ལ་སོགས་བཞི་ལ་སྐུ་གསུང་ཐུགས་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་ཀྱིས་དག་པར་བྱེད་དོ། །འབྱུང་བཞི་ཕོ་མོ་གཉིས་ཏེ་བརྒྱད་ཀྱི་དག་བྱ་ནི། དབང་བཞི་ལ་ ཐབས་ཤེས་རབ་གཉིས་གཉིས་སུ་ཕྱེ་བས་རྒྱད་ཀྱིས་དག་པར་བྱེད་དོ། ལུས་ཀྱི་འབྱུང་བའི་བྱེ་བྲག་ལའང་། ས་ལ་སོགས་པ་བཞི་པོ་རེ་རེ་ལ་སའི་ས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་དྲུག་ནི། ཚ་བ་དང་། གྲང་བ་གཉིས་ཀྱི་དབྱེ་བས་ དྲུག་བཅུ་རྩ་བཞིར་འགྱུར་སྟེ། གོང་གི་བརྡ་དོན་གྱི་དབྱེ་བའི་དབང་དྲུག་བཅུ་རྩ་བཞིས་དག་པར་བྱེད་དོ། །དེའང་འབྱུང་བ་བཞི་པོ་རེ་རེ་ལའང་ལེགས་པར་ཕྱེ་ན། ས་ལའང་དྲུག་བཅུ་རྩ་བཞི། དེ་ལ་ཁྱབ་པ་འབྱུང་བ་སྤྱིའི་ལུས་དང་། རང་གི་མཚན་ཉིད་ ༄༅། །འཛིན་པ་དངོས་ཀྱི་ལུས་གཉིས་སུ་ཕྱེ་བས། ས་ལ་ལུས་མི་འདྲ་བ་བརྒྱ་དང་ཉེར་བརྒྱད། དེ་བཞིན་དུ་ཕྱེ་བས་ཆུ་དང་། མེ་དང་། རླུང་རྣམས་ལ་བརྒྱ་ཉེར་བརྒྱད་ཚན་པ་གསུམ་སྟེ། བསྡོམས་པས་ལྔ་བརྒྱ་དང་བཅུ་གཉིས་ཀྱི་ལུས་སུ་སྨིན་ནོ། །དེ་ལྟར་ ཕྱིར་ལུས་སྨིན་པ་བཞིན་ནང་དུ་ཉོན་མོངས་པ་ཡང་། འདོད་ཆགས་ལ་ལྟས་པ་དང་། རྒོད་པ་དང་། ཕྲ་བ་བཞི་སྟེ་ཕྱེ་བས་བཅུ་དྲུག་སྟེ་བསྡོམས་པས་བརྒྱ་བཅུ་ཙམ་པ། དེ་ལས་བྱེ་བྲག་ཏུ་ཕྱེ་ན་འབྱུང་བའི་ལུས་མི་འདྲ་བ་ལྔ་བརྒྱ་དང་བཅུ་གཉིས་པོ་རེ་རེ་ལ། དང་། རབ་ཏུ་མ་རིག་པ་འདྲེས་པ་དང་བཞི་པོ་ལུས་བཞི་ལ་ཕྱེ་བས་བཅུ་དྲུག་ཞེ་སྡང་ལ་སྡང་བ་དང་། སྡང་བ་ཆེན་པོ་དང་། ཆེར་སྡང་བ་དང་། རབ་ཏུ་སྡང་བ་སྟེ་ལུས་རེ་ལས་ཕྱེ་བས་བཅུ་དྲུག །གཏི་མུག་ལ་རྒྱུགས་པས་མ་ཤེས་པ་དང་། འཐིབས་པ་དང་། མྱོས་པ་ དང་། འཕྲོ་བ་བཞི་ཡང་བཅུ་དྲུག །ཕྲག་དོག་ལ་ཡང་བ་དང་། ལྕི་བ་དང་། རྒོད་པ་དང་། པྲ་བ་བཞི་སྟེ་ཕྱེ་བས་བཅུ་དྲག་སྟེ་བསྡོམས་པས་བརྒྱ་དང་བཅུ་རྩ་བ། དེ་ལས་བྱེ་བྲག་ཏུ་ཕྱེན་འབྱུང་བའི་ལུས་མི་འདྲ་པ་ལྔ་བརྒྱ་དང་བཅུ་གཉིས་བོ་རེ་རེ་ལ། ཉོན་མོངས་པ་བཞི་བཞིའི་གྲངས་ཀྱིས་ཉི་ཤུ་ཉི་ཤུ་གནས་པས། ཐམས་ཅད་བསྡོམས་ནས་ཁྲི་ཕྲག་གཅིག་དང་བརྒྱ་བཞི་བཅུ་རྩ་བརྒྱད་དུ་འབྱུང་ལ། ལུས་དང་ཉོན་མོངས་པ་གཉིས་ཀའི་རྣམ་གྲངས་བསྡོམས་ནས་ཁྲི་ཕྲག་གཅི་དང་དྲུག་བརྒྱ་ དྲུག་བཅུ་ཙམ་པ་ནི་དག་བྱའི་དྲི་མ་ཡིན་ལ། དེའི་དག་བྱེད་ཀྱི་དབང་འོག་ཏུ་སྟོན་ནོ།། གསུམ་པ་གྲངས་ཀྱི་དབྱེ་བས་ལུས་དང་ཉོན་མོངས་པའི་དག་བྱེད་བསྟན་པ་ནི། དབང་རྣམ་པ་བཞི་ལས། དང་པོ་སྤྲོས་བཅས་ལའང་བཞིར་བྱས་པའི་སྤྲོས་བཅས་ ཀྱི་སྤྲོས་བཅས་ལ་ཕྱི་ནང་གསང་བ་ཡོངས་རྫོགས་དང་བཞིར་དབྱེ་ན། སྤྲོས་བཅས་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་སྟ་གོན་གྱི་ཚོམ་བུ་ལ་སོ་ཤིང་བྲིམ་པ། དེའི་ནང་མཎྜལ་འབུལ་བ། དེའི་གསང་བ་སྲུང་སྐུད་གདགས་ཤིང་ཀུ་ཤ་སྦྱིན་པ། ཡོངས་

[p. 150] སུ་རྫོགས་པ་རྨི་ལམ་བརྟག་པའོ། །དེའི་སྤྲོས་མེད་ཀྱི་ཕྱིའི་དབང་ཁྲུས་བྱ་བ། གསོལ་བ་བཏབ་པ། རྡོ་རྗེས་ནང་དུ་བོད་པ་གསུམ་མོ། །དེའི་ནང་ང་མཆིག་གི་གནའ་ཆུ་བླུད་པ། འཁོར་བ་སྤོང་བའི་གནའ། མྱང་འདས་ལེན་པའི་གནའ། སེམས་ཅན་གྱི་དོན་ མི་བྱེད་རིའི་གནའ་བཞིའོ། །དེའི་གསང་བ་དམ་ཚིག་དང་། སྡོམ་པ་དབོག་པ་དང་། དཀྱིལ་འཁོར་དུ་འཇུག་པ་དང་། སེམས་ཀྱི་མེ་ཏོག་དབུལ་བའོ། །དེའི་ཡོངས་སུ་རྫོགས་པ་དཀྱིལ་འཁོར་དུ་འཇུག་པ་ལྷ་ངོ་བསྟན་པ། མེ་ཏོག་ངོར་བ། མིང་གི་དབང་ངོ།། དེའི་ཤིན་ཏུ་སྤྲོས་པ་མེད་པའི་ཕྱིའི་དབང་ཉན་ཐོས་ཀྱི་དཀྱིལ་འཁོར་དུ་འཇུག་པ། ས་ལམ་གྱི་ཚད་བསྟན་པ། སྟོང་གཡོགས་དང་སྣང་གཡོགས་སྦྱིན་པ། ལྷུང་བཟེད་དང་བསིལ་བྱེད་སྦྱིན་པ་ལ་སོགས་པ་སྟེ། ཁྲིམས་ཀྱི་ཐ་ཚིགས། ས་ལ་སོགས་ པ། ལས་ཀྱི་དབྱེ་བ། རྟེན་འབྲེལ་མཚོན་པ། བསྒོམ་པ་སྦྱིན་པ། ལུང་བསྟན་པ་དང་། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དུ་འཇུག་པ་དང་། སེམས་སྐྱེད་པ་དང་། སྡོམ་པ་སྦྱིན་པ་དང་། ཁྱད་པར་གྱི་སེམས་བཟུང་ལ་སོགས་པའོ། །དེའི་ནང་གི་ དབང་ཀྲི་ཡའི་དཀྱིལ་འཁོར་དུ་འཇུག་པ་དང་། སེམས་སྐྱེད་པ་དང་། སྡོམ་པ་བཟུང་བ་དང་། མེ་ཏོག་ངོར་ཞིང་ལྷ་ངོ་བསྟན་པ་དང་། མིང་གི་དབང་དང་། ལུང་བསྟན་པ་དང་། གཟེངས་བསྟོད་པ་དང་། དབུགས་དབྱུང་བ་དང་། དབང་བསྐུར་བའོ།། དེ་བཞིན་དུ་ཨུ་པ་དང་ཡོ་གའི་དཀྱིལ་འཁོར་དུ་འཇུག་པ་ལ་རྣམ་གྲངས་དགུ་དགུ་སྟེ་ཉི་ཤུ་རྩ་བདུན་ནོ། །དེའི་གསང་བ་མ་ཧཱའི་ལུང་བསྟན་པ་དང་། དཀྱིལ་འཁོར་དུ་འཇུག་པ་དང་། ལྷ་ངོ་བསྟན་པ་དང་། མེ་ཏོག་ངོར་བ་དང་། མིང་གི་དབང་དང་། ཉན་པ་དང་། འཆད་པ་དང་། ཕན་པ་དང་། ནུས་པ་དང་། རིག་པའི་དབང་དང་། ཡན་ལག་གི་དང་། ཁྱད་པར་གྱི་དབང་དང་བཅུ་གཉིས་སོ། །དེ་ནས་ཨ་ནུའི་དཀྱིལ་འཁོར་དུ་འཇུག་པ་དང་། བརྡ་དེས་པར་མཚོན་པ་དང་། དབུགས་དབྱུང་བ་དྲ། ༄༅། །ཕྱག་རྒྱ་བསྒྱུར་བ་དང་། ལས་སུ་བྱ་བ་དང་། འཇུག་པ་ངེས་པ་དང་དྲུག་གོ །དེའི་ཡོངས་སུ་རྫོགས་པ། རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་བཞུག་པ་དང་། བསྒོམས་པ་ངེས་པའི་དཀྱིལ་འཁོར་དུ་མེ་ཏོག་ངོར་བ་དང་། ལྷ་ངོ་ བསྟན་ཞིང་དབང་བསྐུར་བ་དང་། འབྲས་བུ་བྱ་བྲལ་རྫོགས་པའི་དབང་བསྐུར་བ་དང་བཞིའོ། །སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་པ་མེད་པའི་ཕྱིའི་ཐ་དབང་ནི། དེ་ལྟར་རིམ་པ་དགུའི་དབང་རྫོགས་ནས། ཁྱད་པར་གྱི་དབང་ལ་འཇུག་པ་ནི། ཕྱག་རྒྱའི་དཀྱིལ་འཁོར་དུ་འཇུག་པ་སྟེ། དེའི་ཕྱི་ལ་རིག་མ་བརྟག་ཅིང་དགུག་པ་རྩ་བཙལ་ཞིང་སླང་བ། བདེ་བ་བཙལ་བ། རྒྱས་པར་བྱ་བ། དབབ་ཅིང་གཟུང་པ། བཟློག་ཅིང་སྦྱང་པ་དང་དྲུག་གོ །འདིའི་ནང་གི་དབང་ལ། སྦྱོར་བ་སྙོཾས་ པར་འཇུག་པ། བྱང་སེམས་ཡི་གེ་གསུམ་གྱི་སྒྲ་དང་བཅས་པ། མེ་ལོང་དུ་བླང་པ། དེ་རྡོ་རྗེ། བད་མ། འཁོར་ལོ་གསུམ་དུ་དམིགས་ཏེ་སློབ་མའི་ལྕེ་ལ་བཞག་ནས་ལུས་ངག་སྟོངས་པར་བྱ་བ་སྟེ་དྲུག་གོ །དེའི་གསང་པ་བདེ་བ་དང་བྱེད་སོས་ དངོས་ཀྱི་བྱིན་བརླབས་ལུས་ངག་ཡིད་གསུམ་ལ་བྱ་བ་གསུཾ། གསང་པ་དང་གསང་པར་འོས་པ་དང་། གསང་པར་གཉེར་གཏད་པ་གསུམ་སྟེ་དྲུག་གོ །དེའི་ཡོངས་སུ་རྫོགས་པ་ཚིག་སྣ་ཚོགས་པས་མཚོན་པ་སྟེ། བརྡའི་ཚིག་དང་། དོན་ གྱི་ཚིག་དང་། བརྡ་དོན་དབྱེར་མི་ཕྱེད་པའི་ཚིག་གསུམ་མོ། །དེ་ལྟར་ན་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་ལ། བསྐུར་རྒྱུའི་དབང་དྲུག །དེའི་ཕྱི་ལ་སོ་ཤིང་བྲིམ་པ་དང་གཅིག །དེའི་ནང་ལ་མཎྜལ་འབུལ་བ་དང་ གཉིས། དེའི་གསང་པ་སྲུང་སྐུད་དང་ཀུ་ཤ་བྱིན་པ་གཉིས་ཏེ་བཞི། དེའི་ཡོངས་རྫོགས་རྨི་ལམ་བརྟག་པ་དང་། བཟང་ངན་གྱི་རྗེས་དྲི་བ་གཉིས་ཏེ་དྲུག་གོ །དེའི་སྤྲོས་བཅས་ཀྱི་སྤྲོས་མེད་ཀྱི་ཕྱི་ལ་གསུམ་སྟེ་དགུ། དེའི་ནང་ལ་བཞི་སྟེ་བཅུ་

[p. 151] གསུམ། དེའི་གསང་བ་ལ་བཞི་སྟེ་བཅུ་བདུན། དེའི་ཡོངས་རྫོགས་ལ་བཞི་སྟེ་ཉེར་གཅིག །སྤྲོས་པ་མེད་པའི་ཤིན་དུ་སྤྲོས་པའི་ཕྱི་ལ་ཉན་ཐོས་ལ་དྲུག །རང་རྒྱལ་ལ་ལྔ་སྟེ་བཅུ་གཅིག་བྱང་སེམས་ལ་བཞི་སྟེ་བཅོ་ལྔ། དེའི་ནང་གི་དབང་ལ་ཀྲི་ ཡ་ལ་དགུ་སྟེ་ཉེར་བཞི། ཨུ་པ་ལ་དགུ་སྟེ་སོ་གསུམ། ཡོ་ག་ལ་དགུ་སྟེ་ཞེ་གཉིས། དེའི་གསང་བའི་དབང་ལ་མཧཱ་ལ་བཅུ་གཉིས་ཏེ་ལྔ་བཅུ་རྩ་བཞི། ཨ་ནུ་ལ་དྲུག་སྟེ་དྲུག་བཅུ་ཐམ་པ། དེའི་ཡོངས་རྫོགས་ཨ་ཏི་ལ་བཞི་སྟེ་དྲུག་བཅུ་རྩ་བཞི་ སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱིའི་དབང་ལ་བཅུ་བདུན། ནང་ལ་དྲུག་སྟེ་ཉེར་གསུམ། དེའི་གསང་བ་ལ་དྲུག་སྟེ་ཉེར་དགུ། དེའི་ཡོངས་སུ་རྫོགས་པ་ལ་གཅིག་སྟེ་སུམ་བཅུ་ཐམ་པའོ། །ཤིན་ཏུ་སྤྲོས་མེད་ལ་དྲུག་བཅུ་རྩ་བཞི་སྟེ། དགུ་བཅུ་རྩ་ བཞིའོ། །དེའི་སྤྲོས་མེད་ལ་བཅོ་ལྔ་སྟེ་བརྒྱ་དང་དགུའོ། །དེའི་སྤྲོས་བཅས་ལ་དྲུག་སྟེ་སྤྲོས་བཅས་བསྐུར་རྒྱུའི་ཆོས་བརྒྱ་དང་བཅོ་ལྔའོ། །སྤྲོས་མེད་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་ལ་བླ་མའི་བྱ་བ་དང་སློབ་མའི་བྱ་བ་གཉིས། དེའི་ནང་ལ་མཎྜལ་དང་ བུམ་པ་གཉིས་ཏེ་བཞི། དེའི་གསང་བ་ལ་མཎྜལ་གྱི་ལེགས་པར་བཤད་པའི་ཆོས་ལྔ། བུམ་པའི་ལེགས་བཤད་ལྔ་སྟེ་བཅུ། གོང་མ་བཞི་དང་བསྡོམས་པས་བཅུ་བཞི། དེའི་ཡོངས་རྫོགས་ལ་བླ་མས་མིང་གི་མཚོན་པ་བརྗོད་པ་དང་སློབ་མས་སྟོབས་སྐྱེད་པ་ གཉིས་ཏེ་བཅུ་དྲུག་གོ །སྤྲོས་མེད་ཀྱི་སྤྲོས་མེད་ཀྱི་ཕྱིའི་དབང་ལ་ཨའི་བསྙེན་པས་སྐྱེ་མེད་ཀྱི་ལམ་སྦྱང་པ་དང་། ཨའི་བསྒྲུབ་པས་འགག་མེད་ཀྱི་སྣ་བསལ་བ་དང་། ཨའི་འཕྲོ་འདུས་ལུས་ངག་ཡིད་དག་པར་བྱེད་པ་དང་གསུམ་མོ། །དེའི་ ནང་ལ་ཁྲུས་ཀྱིས་དག་བྱའི་ཚུལ་བསྟེན་པ། མཎྜལ་ཕུལ་བས་འདོད་པའི་དོན་ཐོབ་པར་བྱ་བ། ལུང་བཙལ་བས་བྱ་བ་ལ་འཇུག་པ་ངོ་ཤེས་པ་དང་གསུམ་མོ། །དེའི་གསང་བ་ལ་དཀྱིལ་འཁོར་དུ་འཇུག་པས། དབྱིངས་ལ་རིག་པ་གཞུག་པའི་ ༄༅། །གནད་དང་། ལྷ་ངོ་བསྟན་པས་དབྱིངས་རིག་ངོ་སྤྲད་པ་དང་། མིང་གི་དབང་བསྐུར་བས་སངས་རྒྱས་ཀྱི་སྲས་སུ་བྱ་བའོ། །དེ་ལྟར་གསུམ་དང་། དེའི་ཡོངས་སུ་རྫོགས་པ་ལ་ཕྱི་ཡུལ་དབང་པོའི་ཚིགས་སུ་བཅད་པས་ལུང་བསྟན་པས་ཤེས་པ་ དང་ཡུལ་གཉིས་མེད་ཉམས་སུ་མྱོང་བའི་དབང་དང་། ནང་སེམས་གསལ་བའི་ཚིགས་སུ་བཅད་པས་དབུགས་དབྱུང་པས་སྐྱེ་མེད་ངོས་བཟུང་དང་བྲལ་བའི་དབང་དང་། གསང་བ་ཟུང་འཇུག་རིས་མེད་ཀྱི་ཚིགས་སུ་བཅད་པས་གཟེངས་བསྟོད་པས་ དབྱིངས་རིག་གཉིས་མེད་བདེ་ཆེན་གྱི་དབང་བསྟན་པ་དང་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འཇུག་པར་འོས་པ་དང་། ཐོབ་པར་འོས་པ་གཉིས། དེའི་ནང་ལ་སྤྱོད་པར་ངེས་པ་དང་། ལྟ་བར་ངེས་པ་གཉིས་ཏེ་བཞི། དེའི་གསང་བ་ལ་ རིགས་འབྱེད་པ་དང་། བདག་ཉིད་དུ་གནས་པ་གཉིས་ཏེ་དྲུག །དེའི་ཡོངས་སུ་རྫོགས་པ་ལ་རྒྱུ་དང་རྐྱེན་གཉིས་ཏེ་བརྒྱད་དོ། །དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་སེམས་གནས་པ་དང་། ངག་གནས་པ་གཉིས་དེའི་ནང་ལ་ངག་བསྒྱུར་བ་དང་། སེམས་ཐོབ་པ་གཉིས་ཏེ་བཞི། དེའི་གསང་བ་ལ་བདེ་བ་ལུང་བསྟན་པ་དང་། གསང་བ་དབུགས་དབྱུང་བ་གཉིས་ཏེ་དྲུག །དེའི་ཡོངས་རྫོགས་ལ་སྤྲོ་བར་གནས་པ་དང་། རང་གི་ལས་ཐོབ་པ་གཉིས་ཏེ་བརྒྱད་དོ། །དེ་ལྟར་སྤྲོས་མེད་ཀྱི་སྤྲོས་བཅས་ ལ་བཅུ་དྲུག །དེའི་སྤྲོས་མེད་ལ་བཅུ་གཉིས་ཏེ་ཉེར་བརྒྱད། དེའི་ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་བཅུ་རྩ་དྲུག །དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དེ། བསྐུར་བས་ཐོབ་པའི་འབྲས་བུ་བཞི་བཅུ་རྩ་བཞིའོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ ཀྱི་ཕྱི་ལ། ལམ་གསལ་བའི་ཕྱིར་བླ་མ་ལ་གསོལ་བ་གདབ་པ་དང་། རྣམ་ཤེས་བརྒྱད་ཀྱི་འཕྲོ་འདུ་བཅད་པའི་ཕྱིར་ཡི་གེ་བརྒྱད་ཀྱི་རྒྱས་གདབ་པ་དང་། ཡིད་ཀྱི་ཟུང་ཚོར་བཀག་ནས་བར་ཆད་ཞི་བའི་ཕྱིར་ཕཊ་ཀྱི་སྒྲ་སྒྲོགས་པ་དང་གསུམ། དེའི་ནང་

[p. 152] ལ་གནས་བཙལ་བས་ཕྱོགས་ཀྱི་ངེས་པ་བཟུང་བ་དང་། བགེགས་བསལ་བའི་ཕྱིར་གཏོར་མ་སྦྱིན་པ་དང་། སེམས་ལ་སྤྲོ་བ་བསྐྱེད་པ་དང་གསུམ། དེའི་གསང་བ་ལ་ལུས་ཀྱི་སྤྱོད་པ་བརྩམ་པའི་ཡུལ་དང་། རྩོམ་པའི་ཐབས་དང་། བརྩམས་པའི་ དགོས་པ་དང་གསུམ། དེའི་ཡོངས་སུ་རྫོགས་པ་ལ་དག་གི་སྤྱོད་པ་བརྩམ་པའི་ཡུལ་དང་། རྩོམ་པའི་ཐབས་དང་། བརྩམས་པའི་དགོས་པ་གསུམ། དེའི་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་སྤྱོད་པ་རྩོམ་པའི་ཡུལ། ཐབས་དགོས་པ་གསུམ། དེའི་ ནང་ལ་ལུས་དང་། ངག་དང་། སེམས་ཀྱི་སྡིག་པ་ངེས་པའི་ཡུལ་གསུམ། དེའི་གསང་བ་ལ་ལུས་དང་། ངག་དང་། སེམས་ཀྱི་སྡིག་པ་དག་པའི་ཚད་གསུམ། དེའི་ཡོངས་རྫོགས་ལ། ལུས་དང་། ངག་དང་། སེམས་ཀྱི་མ་དག་ན་བཤགས་པའི་ཐབས་ གསུམ་སྟེ་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འབྲུའི་མཎྜལ་གྱིས་ལོངས་སྤྱོད་འཕེལ་བ་དང་། དྲིས་ཁམས་རྒྱས་པ་དང་། མེ་ཏོག་གིས་དབང་པོ་གསལ་བ་དང་། རིན་པོ་ཆེས་འབྱོར་པ་རྒྱས་པ་བཞིའོ། །དེའི་ནང་ལ་རིགས་དྲིས་ པས་བདེ་བ་ཉམས་སུ་མྱོང་བ་དང་། ཡིན་པར་བརྗོད་པས་སྤྲོ་བ་སྐྱེད་པ་གཉིས་ཏེ་དྲུག །དེའི་གསང་བ་དཀྱིལ་འཁོར་དུ་འཇུག་པ་ལ། ཤར་སྒོ་ནས་ཞུགས་པས་ལམ་སྟོང་ཉིད་དུ་བསྟན་པ་དང་། ལྷོ་སྒོ་ནས་ཞུགས་པས་སེམས་སྟོང་པ་ཉིད་ དུ་ངོ་སྤྲད། ནུབ་སྒོ་ནས་ཞུགས་པས་ཉོན་མོངས་པ་སྟོང་ཉིད་དུ་རང་གྲོལ། བྱང་སྒོར་ཞུགས་པས་ལས་དང་བག་ཆགས་སྟོང་ཉིད་དུ་མཐའ་ཟད་པ་དང་བཞི་སྟེ་བཅུའོ། །དེའི་ཡོངས་རྫོགས་རིག་པའི་མེ་ཏོག་དོར་བས་སེམས་སེམས་ཉིད་དུ་ཐིམ་ པའི་གནད་དང་། དེ་ལས་དབུགས་དབྱུང་པ་དང་། ལུང་བསྟན་པ་གཉིས་ཏེ་བཅུ་གཉིས་སོ། །དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་ལུས་གནད་སྐྱིལ་དཀྲུང་གིས་གཞི་བཅའ་བ་དང་། ཉི་མ་ལྔ་ལ་སེམས་གཏད་པས་ཡེ་ཤེས་ལྔ་ངོས་ཟིན་པ་དང་། དེའི་འོད་ འཕྲོ་བས་སེམས་གསལ་གདབ་པ་དང་གསུམ། དེའི་ནང་ལ་ཇི་མཐོ་རྟོག་པ་མེད་པའི་ལམ་བཙལ་བ་དང་། སླར་མི་ལྡོག་པས་མྱ་ངན་ལས་འདས་པའི་སར་གཞི་འཛུགས་པ་དང་། ལན་གསུམ་དུ་བརྗོད་པས་སྐུ་གསུམ་འདུ་འབྲལ་མེད་ པའི་ས་ལ་དབྱེར་མེད་པ་དང་གསུམ་སྟེ་དྲུག །དེའི་གསང་བ་ལ་བླ་མས་བཞེངས་པས་སྣང་སྲིད་ཆོས་ཉིད་དུ་བཞེངས་པའི་གདེང་རྙེད་པ་དང་། ཨ་ཨ་ཅེས་པས་མ་སྐྱེས་ལ་སྐྱེ་བ་མེད་པའི་གནད་བཙལ་བ་དང་། མིག་ལ་མཛུབ་མོ་གཏད་པས་རིག་པ་འཆར་ བའི་ལམ་གསལ་བ་དང་དགུའོ། །དེའི་ཡོངས་རྫོགས་ལ་ནམ་མཁའ་རྒྱ་ཆེ་བར་བརྗོད་པས་དབྱིངས་ལ་འདྲིས་པར་བྱ་བ་དང་། ནམ་མཁའ་ལ་ཕྱག་གིས་བྱུགས་པས་བརྡ་དོན་ཉམས་དང་འདྲེས་པ་དང་། འགྲོན་འགྲོས་འདུག་གམ། འདུག་ན་འདུག་ས་ བདུག་གམ། སླར་འགྲོ་ས་དང་ལྡོག་ས་འདུག་གམ་གྱི་རྒྱས་གདབ་པ་དང་ལྔ་སྟེ་བཅུ་བཞིའོ། །རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ཀྱི་ཕྱི་ལ་སུ་ཡིན་དྲིས་པས་རིགས་མཚོན་པ་དང་། སེམས་ཀྱི་བུས་ལན་བཏབ་པས་ལམ་ཉེ་བར་འཇུག་པ་དང་གཉིས། དེའི་ ནང་ལ་ཆོས་སྐུའི་འདུག་སྟངས་ཀྱིས་གཞི་བཙལ་བ་དང་། ལོངས་སྐུའི་འདུག་སྟངས་ཀྱིས་ལམ་གསལ་བ་དང་། སྤྲུལ་སྐུའི་འདུག་སྟངས་ཀྱིས་ཕུགས་དཀྲུབ་དང་གསུམ། དེའི་གསང་བ་ལ་འདུག་སྟངས་ཐུན་མོང་པ་རྣམས་ཀྱིས་གནད་བསྟུན་པ་དང་། ཨེ་མ་ལ་སོགས་པས་ཆོས་སྐུའི་དཀྱིལ་འཁོར་དུ་འཇུག་པ་ལུས་ཀྱི་གནད་དང་། ལོངས་སྐུ་དང་། སྤྲུལ་སྐུའི་དཀྱིལ་འཁོར་དུ་འཇུག་པ་ལུས་གནད་བསྟུན་པ་དང་བདུན་སྟེ་དགུའོ། །དེའི་གསང་བ་ལ་སྤྲུལ་སྐུའི་ཞིང་དུ་འཇུག་པའི་བར་ཏེ་བཅུ་གསུམ། དེའི་ ཡོངས་རྫོགས་ལ་ལོངས་སྐུའི་ཞིང་དུ་འཇུག་པ་དང་ལྔ་སྟེ་བཅོ་བརྒྱད་དོ། །དེའི་སྤྲོས་མེད་ཀྱི་ཕྱི་ལ་ཆོས་སྐུའི་ཞིང་ཁམས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། དེའི་ནང་ལ་སྐུ་གསུམ་གྱི་ལྷ་ངོ་བསྟན་པ་གསུམ་སྟེ་དྲུག །དེའི་གསང་བ་ལ་དེར་གནས་པ་གསུམ།

[p. 153] སྟེ་དགུ། དེའི་ཡོངས་རྫོགས་ལ་སླར་མི་ལྡོག་པའི་ས་གསུམ་སྟེ་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་ངོ་བོ་དེས་ཚིག །དབྱེ་བ་མཚོན་པ་གསུམ། དེའི་ནང་ལ་སེམས་གནས་པ། ཐོབ་པ་བརྟན་པ་གསུམ་སྟེ་དྲུག །དེའི་གསང་བ་ལ་སེམས་ ཀྱི་གཞི་ལམ་འབྲས་བུ་གསུམ་སྟེ་དགུ། དེའི་ཡོངས་རྫོགས་པ་ལ་སེམས་ཀྱི་འཇུག་པ། ཁྱབ་བྱེད། འགྱུར་དང་གསུམ་སྟེ་བཅུ་གཉིས་སོ།། དེའི་རབ་ཏུ་སྤྲོས་མེད་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱི་ལ། ལུས་ཀྱི་འཇུག་སྟངས་བཅུ་གཅིག་གིས་ཐོབ་སྟེ་གནས་པ་དང་ དེའི་ནང་ལ་སེམས་ཀྱི་ས་བཅུ་གཉིས་ཀྱིས་སྲིད་པའི་འཁོར་ལོ་བཅུ་གཉིས་རྒྱུན་གཅོད་པ་དང་ཉེར་གསུམ། དེའི་གསང་བ་ལ་སེམས་ཉིད་སྐྱེ་མེད་དུ་ལྷ་ཇོ་བསྟན་པས་སེམས་བདུན་ལ་དབང་ཐོབ་བསམ་རིག་པའི་ཁམས་བདུན་རྒྱུན་གཅོད་པ་སྟེ་སུམ་ བཅུ། དེའི་ཡོངས་རྫོགས་ལ་མན་ངག་གི་དབྱེ་བ་དྲུག་དང་། ཟག་པ་མེད་པའི་སྡེ་བཞི་སྟེ་བཅུ་གཅིག་དང་བསྡོམས་པས་ཞེ་གཅིག་གོ། དེ་ལྟར་ན་རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ལ་རྣམ་གྲངས་བཅོ་བརྒྱད། དེའི་སྤྲོས་མེད་ལ་བཅུ་གཉིས་ཏེ་སུམ་ བཅུ། དེའི་ཤིན་ཏུ་སྤྲོས་མེད་ལ་བཅུ་གཉིས་ཏཻ་ཞེ་གཉིས། དེའི་རབ་ཏུ་སྤྲོས་མེད་ལ་ཞེ་གཅིག་སྟེ་བརྒྱད་བཅུ་རྩ་གསུམ་མོ།། ཤིན་ཏུ་སྤྲོས་པ་མེད་པ་ལ་བཞི་བཅུ་རྩ་བརྒྱད་ཏེ་བརྒྱ་སུམ་བཅུ་སོ་གཅིག །སྤྲོས་པ་མེད་པ་ལ་དེའི་སྤྲོས་བཅས་ལ་བཅུ་ དྲུག །སྤྲོས་མེད་ལ་བཅུ་གཉིས་ཉེ་ཉེར་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་བཅུ་རྩ་དྲུག །དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དེ། བཞི་བཅུ་རྩ་བཞི་སྟེ། བརྒྱ་བདུན་བཅུ་རྩ་བཞི། སྤྲོས་བཅས་ལ་བརྒྱ་དང་བཅོ་ལྔ་སྟེ། ཉིས་བརྒྱ་བཞི་བཅུ་རྩ་དགུའོ། ། དེ་ཡང་སྐུ་གསུང་ཐུགས་དབྱེར་མེད་པ་དང་བཞི་ལ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། མ་ངེས་པའི་དུས་བཞིར་བྱས་ཏེ། དབང་ཉིས་བརྒྱ་བརྒྱད་བཅུ་རྩ་དགུ་པོའི་བཞིར་འབྲེལ་བས་ཕྱེ་ན། ཁྲི་ཆིག་སྟོང་ཆིག་བརྒྱ་དང་ བཅུ། སུམ་བཅུ་རྩ་དྲུག་དུ་འགྱུར་རོ། །དེ་ལྟར་དག་བྱེད་དེ་ཙམ་གྱིས། དག་བྱ་འགྲོ་བའི་ལུས་མི་འདྲ་བ་བཅུ་གཉིས་ལས་བྱེད་པའི་འགྱུར་གྱིས་རྣམ་པར་ཕྱེ་ན། ཁྲི་ཕྲག་གཅིག་དང་། སྟོང་ཕྲག་གསུམ་དང་། དྲུག་བརྒྱ་སུམ་བཅུ་རྩ་གཉིས། ཉོན་མོངས་པ་ཡང་དེའི་འགྱུར་བརྩིས་པས་ཁྲི་ཕྲག་གཅིག་དང་ཕྱེད་དང་བདུན་བརྒྱ་སྟེ། དེ་ལས་སྟོང་ཕྲག་གཉིས་དང་དགུ་བརྒྱ་བདུན་བཅུ་རྩ་གཉིས་ལྷག་པ་ནི། ལས་ཀྱི་མཐའ་ཉེ་བར་བསྡུད་པ་ལ་དགོངས་པ་སྟེ། གོང་གི་ལུས་དང་ཉོན་མོངས་ པའི་དབྱེ་བ་རྣམས་དག་པར་བྱེད་པའོ། །ཞར་ལ་དག་བྱ་ནང་གི་རླུང་གི་དབྱེ་བས་དབང་ངེས་པའི་རྣམ་གྲངས་བསྟན་པ་ནི། འབྱུང་བ་བཞིའི་རླུང་གི་རིམ་པས་ཏེ། དེའི་དག་བྱེད་དབང་བཞི་ལ་རང་དེའི་དབྱེ་བ་བཅུ་དྲུག་ལས། རེ་རེ་ལ་ཕྱི་ནང་གསང་ བ་ཡོངས་རྫོགས་བཞི་བཞིར་ཕྱེ་བས། སྤྲོས་བཅས་ལ་བཅུ་དྲུག །སྤྲོས་མེད་ལ་བཅུ་དྲུག་སྟེ་སོ་གཉིས། ཤིན་ཏུ་སྤྲོས་མེད་ལ་བཅུ་དྲུག་སྟེ་ཞེ་བརྒྱད། རབ་ཏུ་སྤྲོས་མེད་ལ་བཅུ་དྲུག་ཏེ་དྲུག་བཅུ་རྩ་བཞིས་ནི། རླུང་ལས་རླུང་། ཆུ་རླུང་། མེ་རླུང་། རླུང་ གི་རླུང་བཞི་ལ། དབྱེར་བ། ཟུག་པ། སྙོམས་པ། འཁྲུག་པ་བཞི་བཞིར་ཕྱེ་བས་བཅུ་དྲུག །དེ་རེ་རེ་ལ་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་སུམ་བཅུ་རྩ་དྲུག་གི་བྱེད་པའི་ལས་དག་པར་བྱེད་པའོ།། །།སྤྱི་དོན་གསུམ་པ་དབང་བསྐུར་བ་མཐར་ཕྱིན་པའི་འབྲས་ བུ་ལ་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གི་འབྲས་བུའོ། །དང་པོ་ལ་ལམ་གྱི་ཡོན་ཏན་སྤྱིར་བསྟན་པ་དང་། རིགས་འཛིན་བཞིའི་ཐོབ་ཚུལ་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི་སྤྲོས་བཅས་ཀྱིས་ཚོགས་ལམ་བཅུ་གཉིས་རྫོགས་པའི་ཡོན་ཏན་ འཐོབ་པའི་རྟེན་བྱེད། སྤྲོས་མེད་ཀྱིས་སྦྱོར་ལམ་ངེས་འབྱེད་ཆ་བཞི་རྫོགས་པའི་རྟེན་བྱེད། ཤིན་ཏུ་སྤྲོས་མེད་ཀྱིས་མཐོང་ལམ་རྫོགས་པའི་རྟེན་བྱེད། རབ་ཏུ་སྤྲོས་མེད་ཀྱིས་བསྒོམ་ལམ་ས་དགུ་རྫོགས་པའི་རྟེན་བྱེད་པའོ།། དེ་བཞིན་དུ་མོས་པའི་ས་

[p. 154] དང་། འཇུག་པའི་ས་དང་། བསྒྱུར་བའི་ས་དང་། ཚོད་པའི་ས་བཞི་དབང་བཞི་རེ་རེ་ལ་སྦྱར་བས་ས་བཅུ་དྲུག་གི་ཡོན་ཏན་རྫོགས་པས་ཐུན་མོང་གི་ཡོན་ཏན་རྫོགས་པའི་རང་བཞིན་ཐོབ་པའོ། །དེ་ཡང་སྤྲོས་བཅས་ཀྱི་སྤྲོས་བཅས་མོས་པ་དང་ལྡན་ པའི་ས་སྟེ་གདུང་བ་དང་བསོད་ནམས་ཀྱི་ཁྱད་པར་རོ། །དེའི་སྤྲོས་མེད་འཇུག་པ་དག་བློས་སྟེ་དད་པས་ངེས་པ་ལ་བརྟེན་ནས་རང་དབང་ཅན་དུ་འཇུག་པའོ། །དེའི་ཤིན་ཏུ་སྤྲོས་མེད་དངོས་པོ་དག་པར་བསྒྱུར་བའི་ས་སྟེ་ལུས་ངག་གི་བཅིངས་པ་ལ་མི་གནས་ པའོ། །དེའི་རབ་ཏུ་སྤྲོས་མེད་ལས་ཀྱི་མཐའ་ཆོད་པའི་ས་ཏེ་སྤྲོས་པ་དང་འཁོར་བ་ལ་མི་གནས་པའོ། །དེ་བཞིན་དུ་དབང་ལྷག་མ་གསུམ་ལའང་སྦྱར་ཏེ། མོས་པ་ལ་སོགས་པའང་བཞི་བཞིར་སྦྱར་ན། མོས་པའི་མོས་པ་དད་པས་ངེས་པ། མོས་པའི་ འཇུག་པ་སྙིང་རྗེ་ངེས་པ། མོས་པའི་བསྒྱུར་བ་ཐབས་ཀྱིས་ཟིན་པ། མོས་པའི་ཆོད་པ་ཤེས་རབ་ཀྱིས་དོན་ཆོད་པའོ། །འཇུག་པའི་མོས་པ་ཞི་གནས་ལ་མོས་པ། དེའི་འཇུག་པ་ལྷག་མཐོང་ལ་འཇུག་པ། དེའི་བསྒྱུར་བ་མཉམ་བཞག་གི་རྟོགས་པ་ ཐ་དད་དུ་བསྒྱུར་བ། དེའི་ཆོད་པ་རྗེས་ཤེས་ཀྱི་འགྲུབ་ཆོད་པའོ། །བསྒྱུར་བའི་མོས་པ་གོས་ཀྱི་ཞེན་པ་གྲོལ་བ། དེའི་འཇུག་པ་ཟས་ཀྱི་ཞེན་པ་གྲོལ་བ། དེའི་སྒྱུར་བ་རྨི་ལམ་འོད་གསལ་དུ་གྲོལ་བ། དེའི་ཆོད་པ་བག་ཆགས་དང་ཉོན་མོངས་གྲོལ་བའོ། ། ཆོད་པའི་མོས་པ་སྤྱོད་པས་འཁོར་བ་ལ་མི་གནས་པ། དེའི་འཇུག་པ་བསྒོམ་བླ་བསམ་གཏན་ལ་གནས་པ། དེའི་བསྒྱུར་བ་ལྟ་བས་འཁྲུལ་སྣང་ལ་མི་གནས་པར་ཁམས་གསུམ་སྐུ་གསུམ་དུ་བསྒྱུར་བ། དེའི་ཆོད་པ་འབྲས་བུ་འཁོར་འདས་གཉིས་ དུས་གཅིག་ལ་ཆོད་པའོ། །དེ་ལྟར་བཅུ་དྲུག་དང་། དབང་གི་ང་རོ་བཅུ་དྲུག་པོ་དེ་བསྡོམས་པས་སུམ་བཅུ་རྩ་གཉིས་ལ། ས་བཅུ་དྲུག་ལ་ཡེ་ཤེས་གནས་པ། སྐྱེ་བ། ཐོབ་པ། འཆར་བ་བཞི་བཞིར་དབྱེ་བས་དྲུག་བཅུ་རྩ་བཞི་ནི་རྡོ་རྗེ་འཆང་གི་ས་མཆོག་ ༄༅། །རྫོགས་པར་བྱེད་པའོ། །དབང་གི་ང་རོ་བཅུ་དྲུག་ལ་སྦྱར་བས་མཚན་སུམ་བཅུ་རྩ་གཉིས་འགྲུབ་པའི་རྒྱུ་བྱེད་པའོ། །གཉིས་པ་རིགས་འཛིན་གྱིས་བཞིའི་ཐོབ་ཚུལ་ནི། དབང་བཞིའི་འཇུག་པ་རྗེས་སུ་དྲན་པ་ལས་རིགས་འཛིན་གྱིས་ བཞི་སྟེ། རྣལ་འབྱོར་གྱི་ས་དང་། རྣལ་འབྱོར་ཆེན་པོའི་ས་དང་། འབྱེད་པའི་རྣལ་འབྱོར་གྱི་ས་དང་། རྟོགས་པའི་རྣལ་འབྱོར་གྱི་ས་དང་བཞི་ལས། དབང་དུ་བསྒྱུར་བ་དང་། མ་བསྒྱུར་བ་གཉིས་གཉིས་ཏེ་བརྒྱད་དུ་ངེས་སོ། །དེ་ལ་ཡང་ཆ་ཤས་ཀྱི་བཞི་བཞིར་ ཕྱེ་ན། རྣལ་འབྱོར་གྱི་ས་ལའང་། རྣལ་འབྱོར་དང་། བྱ་བའི་རྣལ་འབྱོར་དང་། སྤྱོད་པའི་རྣལ་འབྱོར་དང་། བསྒྱུར་བའི་རྣལ་འབྱོར་དང་བཞིའོ། །རྣལ་འབྱོར་ཆེན་པོ་ལ་ཤིན་ཏུ་རྣལ་འབྱོར་གྱིས་དང་། རང་ས་ངེས་པའི་རྣལ་འབྱོར་གྱི་ས་དང་། སྤྲོས་པའི་རྣལ་ འབྱོར་གྱི་ས་དང་། བྱ་བྲལ་རྫོགས་པའི་རྣལ་འབྱོར་གྱི་ས་སྟེ་བཞིའོ། །འབྱེད་པའི་རྣལ་འབྱོར་གྱི་ས་ལ། བརྡའི་ས་དང་། དོན་གྱི་ས་དང་། བརྡ་དོན་དབྱེར་མེད་ཀྱི་ས་དང་། མ་འདྲེས་པའི་ས་སྟེ་བཞིའོ། །རྟོགས་པའི་རྣལ་འབྱོར་གྱི་ས་ལ། རྫུ་འཕྲུལ་འཕྲུལ་ བའི་ས་དང་། ཁྱད་པར་རྟོགས་པའི་ས་དང་། མངོན་པར་འབྱུང་བའི་ས་དང་། དཔའ་བོ་རིགས་འབྱེད་ཀྱི་ས་དང་བཞི་སྟེ། བསྡོམས་པས་ས་བཅུ་དྲུག་གོ །དེ་ལྟར་ས་བཅུ་དྲུག་ལས། ས་དང་པོ་ལ་ཤེས་བྱེད་ཀྱི་རྫུ་འཕྲུལ་བདུན་ནི། རང་གི་ལུས་བརྒྱ་སྟོང་ དུ་སྤྲུལ་བ་དང་། དེ་དག་ལ་ཡན་ལག་བརྒྱ་སྟོང་དུ་སྤྲུལ་བ་དང་། ལུས་གཅིག་ལ་མགོ་བརྒྱ་སྟོང་དུ་སྤྲུལ་བ་དང་། ལུས་བརྒྱ་སྟོང་ལ་མགོ་གཅིག་པར་སྤྲུལ་བ་དང་། མགོ་གཅིག་ལ་ལུས་མི་འདྲ་བ་བརྒྱ་སྟོང་སྤྲུལ་ནས། དེ་ལས་སྤྲུལ་པ་འགྱེད་པ་སྟེ་ལྔ་དང་། ལུས་ལ་མགོ་དང་ཡན་ལག་མི་འདྲ་བ་དཔག་ཏུ་མེད་པར་སྤྲུལ་བ་དང་དྲུག །སྐྱེ་བ་སྣ་ཚོགས་པར་སྤྲུལ་པ་དང་བདུན་ནི་དབང་དུ་གྱུར་པའི་ས་རྟོགས་པ་ལས་བྱུང་པའོ། །ས་གཉིས་པ་ལ་རང་གི་ཁོག་པ་ཁ་ཕྱེ་ནས་གློ་སྙིང་རྣམས་གཞན་ལ་སྟོན་པར་ནུས་

[p. 155] བ་དང་། ལུས་ཀྱི་སྟོང་ནས་མེ་འབར་བ་ལ་སྨད་ནས་ཆུ་འབྲུག་པར་ནུས་པ་དང་། ཡན་ལག་བཅད་ནས་ཕྱོགས་བཞིར་འཐོར་བར་ནུས་པ་དང་། མིག་ལ་སོགས་པའི་དབང་པོ་ལྔ་ཐང་ལ་ལྷུང་པར་ནུས་པ་དང་། ལུས་ཀྱི་སྟོབས་ཀྱི་རི་བོ་འཕེན་པར་ནུས་པ་དང་། ཕྱིའི་རྒྱ་མཚོ་ ཆེན་པོ་ནམ་མཁའ་ལ་སྤར་བར་ནུས་པ་དང་། གཟའ་སྐར་རྣམས་ཐང་ལ་ལྷུང་བར་ནུས་པ་དང་བདུན་ནི་དབང་གི་དུས་སུ་ཡན་ལག་བདུན་སྔོན་དུ་སོང་བ་ལས་བྱུང་བའོ། །ས་གསུམ་པ་ལ་རླུང་ཞགས་པར་འཆིང་བར་ནུས་པ་དང་། འགྲོ་བའི་བསམ་པ་གཞན་དུ་བསྒྱུར་ བ་དང་། འཇིག་རྟེན་སྐྱོང་བའི་ལྷའི་རྒྱལ་པོ་རྣམས་སྒྲོལ་བར་ནུས་པ་དང་། མཁའ་འགྲོ་མའི་ཡིད་འཕྲོག་པར་ནུས་པ་དང་། འགྲོ་བ་བརྒྱ་སྒྲོལ་ཞིང་སྒྲལ་བ་རྣམས་གསོ་བར་ནུས་པ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་གྱི་བུ་མོ་ལ་རོལ་བར་ནུས་པ་དང་། དབང་ཕྱུག་ ཆེན་པོ་ལ་སོགས་པའི་འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ཀྱི་སྟོབས་ཉམས་པར་ནུས་པ་དང་བདུན་ནི་དབང་བསྐུར་བའི་དུས་སུ་སེམས་སྐྱེད་པ་ལས་བྱུང་བའོ། །ས་བཞི་པ་ལ་ནམ་མཁའ་རྡོ་རྗེར་བསྒྱུར་བར་ནུས་པ་དང་། མེ་ཆུར་བསྒྱུར། ཆུ་མེར་བསྒྱུར། ས་མེར་བསྒྱུར་ ཆུར་བསྒྱུར། རླུང་མེར་བསྒྱུར། མེ་རླུང་དུ་བསྒྱུར་བར་ནུས་པ་དང་བདུན་ནི་ཡི་གེ་སྤྲོ་བསྡུ་བསྒོམས་པ་ལས་བྱུང་པའོ། །ས་ལྔ་པས་ནི་ནམ་མཁའ་བདུན་པ་ལ་དབང་བསྒྱུར་བར་ནུས་ཏེ་སྟོང་ཉིད་བསྒོམས་པ་ལས་བྱུང་པའོ། །ས་དྲུག་པས་མེ་བདུན་ལ་ དབང་བསྒྱུར་བ་ནི་སྔོན་དུ་དབང་གི་ཤེས་བྱེད་ལས་བྱུང་བའོ། །ས་བདུན་པས་ས་གཅིག་ནས་གཉིས་སུ་བྱས་པའི་བདུན་ལ་དབང་པ་ནི་འབྱུང་བ་རིམ་བརྩེགས་བསྒོམས་པ་ལས་བྱུང་པའོ། །ཡང་ཆུ་བདུན་ལ་དབང་པ་ནི་སྔོན་འགྲོ་སོང་པ་ལས་བྱུང་བའོ། ། བརྒྱད་པས་རླུང་བདུན་ལ་དབང་པ་ནི་འཁོར་ལོ་བཞིའི་རླུང་སྦྱངས་པ་ལས་བྱུང་པའོ། །ས་དགུ་པས་བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་སྐྱོད་ནུས་པ་ནི་སྦྱོར་བ་སྔོན་དུ་སོང་པ་ལས་བྱུང་པའོ། །ས་བཅུ་པས་ཆོས་སུ་བྱ་བ་བདུན་ལ་དབང་པ་ནི་ལྷ་ ༄༅། །བསྒོམས་པ་ལས་བྱུང་པའོ། །ས་བཅུ་གཅིག་པས་རྟ་སྤྲིན་གྱི་ཤུགས་ཅན་བདུན་སྤྲུལ་ནུས་པ་ནི་བརྩོན་འགྲུས་བརྩམས་པ་ལས་བྱུང་བའོ། །བཅུ་གཉིས་པས་དགེ་སློང་གསིལ་བྱེད་ཅན་བདུན་སྤྲུལ་ནུས་པ་ནི་དམ་ཚིག་དང་སྡོམ་པ་ལ་གནས་པ་ ལས་བྱུང་པའོ། །བཅུ་གསུམ་པས་ལྷའི་གཞལ་མེད་ཁང་བདུན་སྤྲུལ་ནུས་པ་ནི་གཞལ་ཡས་ཁང་བསྒོམས་པ་ལས་བྱུང་པའོ། །བཅུ་བཞི་པས་འཇིག་རྟེན་གྱི་ཁམས་བདུན་སྤྲུལ་ནུས་པ་ནི་བླ་མ་མཉེས་པར་བྱས་པ་ལས་བྱུང་པའོ། །བཅོ་ལྔ་པས་ ཡི་དམ་གྱི་ལྷ་བདུན་སྤྲུལ་ནུས་པ་ནི་ཡི་དམ་བསྒོམས་པ་ལས་བྱུང་པའོ། །བཅུ་དྲུག་པས་ལྷ་མོ་བདུན་སྤྲུལ་ཞིང་། གཟུགས་སོགས་ཡུལ་དྲུག་གི་དག་བྱེད་ལ་ལོངས་སྤྱོད་ལ། འགྲོ་དྲུག་གི་སྐྱེ་གནས་སྟོན་པར་ནུས་པ་དང་བཅུ་དགུ་ནི་དབང་རྣམས་རྫོགས་པ་ ལས་བྱུང་པའོ། །དེ་ལྟར་ས་བཅུ་དྲུག་ལ་རྫུ་འཕྲུལ་བརྒྱ་ཐམ་པ་འབྱུང་བ་ནི་རིགས་འཛིན་གྱི་ས་ཞེས་བྱའོ། །མིང་གི་རྣམ་གྲངས་གཞན་རྣམ་པར་སྨིན་པ་དང་། ཚེ་ལ་དབང་པ་དང་། ཕྱག་རྒྱ་ཆེན་པོ་དང་། ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ། རྣལ་འབྱོར་ དང་། རྣལ་འབྱོར་ཆེན་པོ་དང་། འབྱེད་པའི་རྣལ་འབྱོར་དང་། རྟོགས་པའི་རྣལ་འབྱོར་ཏེ་རིམ་པ་བཞིན་ནོ། །དེ་ཡང་རྣམ་པར་སྨིན་པའི་རིགས་འཛིན་ནི་སེམས་ལྷའི་སྐུར་སྨིན་ཡང་ལུས་མ་སྨིན་པས། བར་དོར་གྲོལ་བའོ། །ཚེ་དབང་ནི་དེ་ཉིད་ལ་གྲོལ་ བའོ། །ཕྱག་རྒྱ་ཆེན་པོ་ནི་ལུས་སེམས་ལྷར་སྨིན་པའོ། །ལྷུན་གྲུབ་ནི་རང་གཞན་གྱི་དོན་གཉིས་གྲུབ་པའོ། །འདི་དག་ལ་ས་བཅུ་དྲུག་པོ་དེ་སྔ་མ་བཞིན་སྦྱར་ཏེ་ཡོན་ཏན་ཤེས་པར་བྱའོ། །རྣམ་སྨིན་ནི་བར་མ་ཆད་ན་ཚེ་དེ་ལ་ཚེ་དབང་ཐོབ་ནས་འབྲས་ བུ་ཐོབ་པའོ། །ཚེ་དབང་ནི། བསྐལ་པ་ཆེན་པོ་གཅིག་ན་རྫུ་འཕྲུལ་སྦྱངས་ནས། རྡོ་རྗེ་འཆང་གི་ས་འཐོབ་བོ། །ཕྱག་རྒྱ་ཆེན་པོ་ནི་ཡོ་བརྒྱན་རྡོ་རྗེ་འཆང་གི་ས་འཐོབ་བོ། །ལྷུན་གྲུབ་ནི་ལོ་སྟོང་ན་རྡོ་རྗེ་འཆང་གི་ས་འཐོབ་སྟེ་འཕྲིན་ལས་བཞི་ས་དོན་གཉིས་

[p. 156] མཛད་པའི་ཕྱིར་རོ། །འཕྲིན་ལས་བཞི་ནི། ཞི་བ། རྒྱས་པ། དབང་། དྲག་པོའོ། །དེ་ལ་སྤྲོས་བཅས་ཀྱིས། ཞི་བའི་ལས་བྱེད་དེ་དངོས་པོ་ལུས་སེམས་ཀྱི་བར་ཆད་མངོན་གྱུར་དང་། དངོས་མེད་དྲི་མ་ཕྲ་རགས་གཉིས་ཞི་བར་བྱེད་པའོ། །དབྱེ་ན་ཞི་བའི་ཞི་བ་ ཤེས་པ་དང་རླུང་། ཞི་བའི་རྒྱས་པ་ཚེ་དང་བསོད་ནམས། ཞི་བའི་དབང་ལུས་ངག་གི་ནུས་པ། ཞི་བའི་དྲག་པོ་གཉིས་ཞི་ནས་ཀ་ཅིག་ཏུ་གནས་པའོ། །སྤྲོས་མེད་ཀྱིས་རྒྱས་པའི་ལས་འགྲུབ་པོ། །དབྱེ་ན་རྒྱས་པའི་ཞི་བ་རྣམ་རྟོག་ངན་པ་ཟད་པ། རྒྱས་པའི་རྒྱས་པ་ཚེ་དང་བསོད་ནམས། འཁོར་དང་ལོངས་སྤྱོད་ཉམས་དང་བྱིན་བརླབས་སོ། །རྒྱས་པའི་དབང་ཇི་ལྟར་འདོད་པའི་བསྒྲུབ་བྱ་རྒྱས་པ། རྒྱས་པའི་དྲག་པོ་ལུས་ངག་སེམས་ཀྱི་ནུས་པ་རྫོགས་པའོ། །ཤིན་ཏུ་སྤྲོས་མེད་ཀྱིས་དབང་ གི་འཕྲིན་ལས་འགྲུབ་པོ། །དབྱེ་ན་དབང་གི་ཞི་བ་ལུས་ངག་ཡིད་ཀྱི་བར་ཆད་ཞི་བ། དབང་གི་རྒྱས་པ་ལྟ་སྒོམ་སྤྱོད་འབྲས་རྒྱས་པ། དབང་གི་དབང་མི་དང་མི་མ་ཡིན་རྣམས་འདུས་པ། དབང་གི་དྲག་པོ་དགུག་པ་ལ་སོགས་པ་འགྲུབ་པའོ། །རབ་ ཏུ་སྤྲོས་པ་མེད་པས་དྲག་པོའི་འཕྲིན་ལས་འགྲུབ་པའོ། །དབྱེ་ན་དྲག་པོའི་ཞི་བ་དགུག་པ་དང་བཅིང་པའི་ལས་སོ། །དྲག་པོའི་རྒྱས་པ་དབྱེ་བ་དང་བསྐྲད་པ། དྲག་པོའི་དབང་ཚུར་ལ་ཀླན་ཀ་མི་རྙེད་པ། དྲག་པོའི་དྲག་པོ་སྤ་བཀོང་བ་དང་བསད་པ་ལ་ སོགས་པ་འགྲུབ་པའོ། །དེ་ལྟར་བཅུ་དྲུག་ནི་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་སོགས་རང་ངོའི་དབྱེ་བ་བཅུ་དྲུག་གི་འབྲས་བུའོ། །དེ་ཡང་རྣམ་པར་འཕྲུལ་པས་དབྱེ་ན། ལུས་མི་འདྲ་བའི་གྲངས་བཞིན་དག་བྱེད་ཀྱང་དེ་ཙམ་ཡོད་པ་ནི་འཕྲིན་ལས་ཀྱི་གྲངས་སོ། ། བཞན་ཡང་གནས་སྐབས་སུ་ཐོབ་པ་ནི། སྤྲོས་བཅས་ཀྱི་དབང་གིས། ལུས་ཀྱི་ཡོན་ཏན། ཚེ་རིང་བ་དང་། ནད་མེད་པ་དང་། འགྲོ་བ་བྱམས་པ་དང་། བསོད་ནམས་དང་ལྡན་པ་དང་། རྫུ་འཕྲུལ་འགྲུབ་པ་དང་། ལུས་ཀྱི་རྡུལ་ཕྲན་མཐོང་བ་ལ་སོགས་ པའོ། །སྤྲོས་མེད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། གཞན་གྱི་རྣམ་སྙན་པ་དང་། བསྒོ་བ་བཞིན་ཉན་པ་དང་། བཀའ་བསྟན་ཆོས་ལ་དབང་བ་དང་། མི་མ་ཡིན་པའི་སྐད་ཤེས་པ་ལ་སོགས་པའོ། །ཤིན་ཏུ་ སྤྲོས་མེད་ཀྱིས་ཡིད་དགེ་བ་དང་། ཏིང་ངེ་འཛིན་དང་། རིག་པ་དང་། གང་བསམས་ཆོས་ཉིད་དུ་འཚེར་བ་དང་། དུས་བཞི་དུས་གཅིག་ཏུ་རྟོགས་པ་དང་། འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ལ་སོགས་པའོ། །རབ་ཏུ་སྤྲོས་མེད་ཀྱིས་སེམས་ལས་སུ་ རུང་པ་དང་། མངོན་པར་ཤེས་པ་དང་། ཚེ་དཔག་ཏུ་མེད་པར་བྱིན་གྱིས་རློབ་པ་ལ་སོགས་པའོ། །ཁྱད་པར་དུ་དབང་བཞིས་སྣང་བ་བཞིའི་ཡོན་ཏན་ཐོབ་པ་ནི། སྤྲོས་པ་ཆུ་ཀྱིས་ཆོས་ཉིད་མངོན་གསུམ་གྱི་སྣང་བ། སྤྲོས་མེད་ཀྱིས་ཉམས་ གོང་འཕེལ། ཤིན་ཏུ་སྤྲོས་མེད་ཀྱིས་རིག་པ་ཚད་ཕེབས། རབ་ཏུ་སྤྲོས་མེད་ཀྱིས་ཆོས་ཉིད་ཟད་པའི་སྣང་བ་སྟེ། དེ་དག་རེ་རེ་ཞིང་ཕྱི་སྣང་བའི་ཡོན་ཏན་རེ་དང་། ནང་ཉམས་ཏིང་ངེ་འཛིན་རེ་དང་། གསང་བ་ལྟ་དགོངས་ཁྱད་པར་ ཅན་རེ་དང་། ཡོངས་རྫོགས་བསྟན་པའི་ཚད་རེ་ཐོབ་ནས། ཟག་བཅས་མི་སྣང་བར་སངས་རྒྱས་ཀྱི་ས་ལ་སྦྱོར་བའོ། །འདི་དག་ནི་ཐུན་མོང་དུ་གནས་སྐབས་ཀྱི་ཡོན་ཏན་ནོ། །གཉིས་པ་མཐར་ཐུག་གི་འབྲས་བུ་ནི། མགོན་པོ་རྡོ་རྗེ་ འཆང་གིས་སྟེ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་རྫོགས་པར་ཐོབ་པའོ། །དབྱེ་ན་གསུམ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཞིང་ཁམས་མདོར་བསྟན། བསམ་གྱིས་མི་ཁྱབ་པའི་དབྱེ་བ་རྒྱས་པར་ བཤད། མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བའོ། །དང་པོ་ནི། དབང་མཐར་ཕྱིན་པའི་འབྲས་བུ་བཞི་ལ་རྟགས་བཞི་དང་ཆད་བཞི་སྟེ་བཅུ་གཉིས། སྨིན་སོ་སྐུ་བཞི་སྟེ་བཅུ་དྲུག །ཡེ་ཤེས་བཞི་སྟེ་ཉི་ཤུ། ཡེ་ཤེས་ཀྱི་འོད་ཟེར་

[p. 157] བཞི་སྟེ་ཉེར་བཞི། འོད་ཀྱིས་བཀྱེ་བའི་སྤྲུལ་པ་བཞི་སྟེ་ཉེར་བརྒྱད། སྤྲུལ་པའི་གདུལ་ཞིང་བཞི་སྐྱེས་པ་བཅུ་རྩ་གཉིས་སུ་སྨིན་པས་དོན་འབྱུང་བ་ནི། གམ་དུ་དབང་སུམ་བཅུ་རྩ་གཉིས་ཐོབ་པ་ལས་བྱུང་བའོ། །དེ་ཡང་སྐུ་བཞི་ལ། གཞི་གནས་ ཀྱི་ཡེ་ཤེས། མཚན་ཉིད་འཛིན་པའི་ཡེ་ཤེས། ཐམས་ཅད་མཁྱེན་པའི་ཡེ་ཤེས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེ་བཞི་བཞི་བརྩིས་པས་བཅུ་དྲུག །ཡེ་ཤེས་ཀྱི་མཁྱེན་པ་བཞི་བཞི་བརྩིས་པས་བཅུ་དུག་སྟེ་སུམ་བཅུ་རྩ་གཉིས་ནི་སྐུ་ དང་ཡེ་ཤེས་ཀྱི་རྣམ་གྲངས་སུམ་བཅུ་རྩ་གཉིས་ཞེས་བྱའོ། །འདི་དག་རྫོགས་པ་ནི་རྡོ་རྗེ་འཆང་གིས་བཅུ་དྲུག་མཛད་པ་ཡེ་ཤེས་ཀྱི་ཡུལ་བཅུ་དྲུག་དང་བཅས་པའོ། །ཡེ་ཤེས་ཀྱི་སྣང་བའི་རང་འོད་ལྔ་ལས་ཞི་ལྔ་ལྔའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་ པ་ནི། འོད་མཐིང་གའི་ཀློང་ན་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རྫོགས་པའོ། །དེ་བཞིན་དུ་དཀར་པོས་མི་བསྐྱོད་པ། སེར་པོ་སེར་ནི་ཆེན་འབྱུང་ལྡན། དམར་པོས་སྣང་བ་མཐའ་ཡས། ལྗང་ཁུས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་དུ་ལྷུན་ གྱིས་གྲུབ་པའོ། །དཀྱིལ་འཁོར་དེ་དག་ལས་གདུལ་བྱའི་ཞིང་དུ་འཕྲིན་ལས་བཞིའི་སྤྲུལ་པ་འགྱོད་ལ། གདུལ་ཞིང་ཤེར་ཕྱོགས་མངོན་པར་དགའ་བ། ལྷོ་དཔལ་དང་ལྡན་པ། ནུབ་པད་མ་བརྩེགས་པ། བྱང་ལས་རབ་རྫོགས་པ་བཞིའི་འགྲོ་བ་ སྨིན་པར་བྱེད་དོ། །གཉིས་པ་བསམ་གྱིས་མི་ཁྱབ་པའི་དབྱེ་བས་རྒྱས་པར་བཤད་པ་ནི། སྐུ་བཞིའི་ཞིང་ཁམས་ཕུན་སུམ་ཚོགས་པ་ལྔ་ལྔར་དབྱེ་བ་ལས། དང་པོ་ཆོས་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོ། གནས་ཆོས་ཀྱི་དབྱིངས། བསྟན་པ་ སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བསྟན་པ། འཁོར་འདུས་མ་བྱས་པ། དུས་ཆོས་ཉིད་ལ་འཕོ་འགྱུར་མེད་པ་དང་ལྔ་ནི་ཆོས་སྐུར་འཇོག་པའི་འཐད་པ་ནི། ཞིང་ཁམས་རྣམ་པར་དག་པ་དེ་ཉིད་དང་རྗོད་དུ་མེད་པ། ཆོས་བརྗོད་དུ་མེད་པ། འབད་ པ་ནི་སངས་རྒྱས། དུས་རང་བཞིན་རྣམ་དག་ཆེན་པོ། ཞིང་ཁམས་ཕྱག་མཉམ་གཞག་གི་མཐིལ་ན། ཡས་མར་རྩེགས་པའི་ཉི་ཤུ་རྩ་ལྔ། སྐྱིལ་དཀྲུང་མན་ཆད་ལ་བཅུ་དྲུག །དེ་དག་ཀྱང་ཡས་མན་དུ་ལྟས་པས་རྒྱ་ཆེ་བ་བརྩེགས་པ་ལྟ་བུར་བར་ན་ནི་ རབ་བཞིན་སངས་རྒྱས། དུས་རང་བ་བཞིན་རྣམ་དག་ཆེན་པོ།་ཞིང་ཁམས་ཕྱག་མཉམ་གཞགས་པའི་མཐིལ་ན། ཡས་མར་རྩེག་པའི་ཉི་ཤུ་རྩ་ལྔ། སྤྱི་ལ་དཀྲུང་མན་ཆད་ལ་བཅུར་དྲུག །དེ་དག་ཀྱང་ཡས་གན་དུ་ལྟས་པས་རྒྱ་ཆེ་བ་ལ་བརྩེགས་པ་ལྟ་བུར་བར་ ན་ནི་ནམ་མཁས་བཅད་ནས་གནས་ལ། ཕན་ཚུན་ནི་ཟ་འོག་གི་གུར་ཁྱིམ་བཀྲམ་པ་དང་འདྲ་སྟེ། སོ་སོའི་ལྕགས་རི་དང་། མཆོས་བར་བཅད་དེ་གནས་སོ། །ཆོས་ནི་རང་གི་ངོ་བོ་རྣམ་དག་ཆེན་པོའི་ཆོས་ལ་སྤྱོད་པའོ། །འཐད་པ་ནི་འོད་དང་། ཁ་དོག་སྐུ་དང་ ཡེ་ཤེས་ལ་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །དེ་ཡང་འོད་ཟེར་གྱི་སྦྱོར་བ་དག་པ་ཡབ་ཀྱི་ཞལ་ནས་ཞུགས་ཏེ་གསང་བའི་གནས་ནས་ཡུམ་གྱི་མཁའ་ལ་འཐོན་ནས་སྤྲུལ་པ་འགྱེད་པ་སྟེ། ཕུན་སུམ་ཚོགས་པ་ལྔ། ཞིང་དང་སྤྲུལ་པ་ གཉིས་ཏེ་བརྒྱད་དོ། །དེ་ཡང་དབང་བརྒྱད་ཀྱི་འབྲས་བུའོ། །སྤྲུལ་པ་སྐུའི་སྟོན་པ་དྲུག་པ་རྡོ་རྗེ་འཆང་། གནས་ལྕང་ལོ་ཅན་སྟེ་འོག་མིན་གྱི་མིང་གི་བྱེ་བྲག་པོ། བསྟན་པ་རང་བཞིན་རྫོགས་པ་ཆེན་པོ། འཁོར་འཇིག་རྟེན་རང་འཇིག་རྟེན་ལས་འདས་ པ། དུས་སྐུས་འདུལ་བའི་དུས། ཞིང་ཁམས་རྒྱ་ཆེ་བ་ཚངས་ཆེན། དེ་ལས་ཁོལ་བུར་ཕྱུང་ན་མི་མཛད་དེ་གླིང་བཞི་རི་རབ་དང་བཅས་པ་བྱེ་བ་ཕྲག་བརྒྱའོ། །ཆོས་བསྟན་པ་དངོས་དང་གཟུགས་བརྙན་གཉིས་སོ། །འཐད་པ་གང་ལ་གང་འདུལ་དུ་

[p. 158] སྤྲུལ་བས་ན་སྤྲུལ་སྐུའོ། །རང་གཞན་གྱི་དོན་གཉིས་རྫོགས་པའི་འཕྲིན་ལས་དང་བརྒྱད་དོ། །ངོ་བོ་ཉིད་ཀྱི་སྐུའི་སྟོན་པ་བསམ་བརྗོད་རྣམ་པར་དག་པ། གནས་བསམ་འདས་མཚན་གཞི་དང་བྲལ་བ། བསྟན་པ་རྡུལ་མེད་ཅིང་དྲི་མ་མེད་པ། འཁོར་ ཡེ་ཤེས་རྒྱ་མཚོ། ཞིང་ཁམས་བདེ་ཆེན་རྣམ་དག། ཆོས་ངོ་འབྱེད་པ་མེད་པ། ལས་སེམས་ཉིད་ཕྱིན་ཅི་ལོག་ལས་འདས་པ་དང་བརྒྱད་དོ། །དེ་ཐམས་ཅད་ཀྱི་རང་བཞིན་རྟགས་ཀྱི་སྐུ་བཞི་ནི། ཆོས་སྐུའི་སྟོན་པ་རང་བཞིན་མ་བཅོས་པ། གནས་སྟོང་པ་ ཀུན་ཁྱབ། བསྟན་པ་འདུལ་སྟངས་རྣམ་དག། འཁོར་རང་བཞིན་ཡོངས་དག། དུས་ངེས་མེད་སྣ་ཚོགས། ཆོས་ཟག་པ་རང་ཟང་། འཐད་པ་ཆོས་ཀྱི་ཕུང་པོ་འདུས་པས་ན་ཆོས་ཀྱི་སྐུའོ། །བྱེད་ལས་ལས་བདག་ཏུ་མེད་པའི་ལས་བྱེད་པ་དང་བརྒྱད་དོ། ། གཟུགས་སྐུའི་སྟོན་པ་སྐུ་སྣང་ལ་རང་བཞིན་མེད་པ་ཞལ་ཀུན་དུ་ཐལ་ལེ་བ། གནས་ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ། བསྟན་པ་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པ། འཁོར་སྣང་བ་དང་མི་སྣང་པ། དུས་སྤྲོས་གཞིའི་ཚིག་ ཙམ་དུ་བྱུང་བ། ཞིང་ཁམས་ཕྱི་ནས་ལྟས་པས་ནང་གསལ་བ། ཆོས་སྤྲོས་གཞི་རྣམ་པར་རེག་པ། འབྲང་བ་གཟུགས་རྡུལ་དང་རྡུལ་ཕྲན་དག་པར་བྱེད་པས་ན་གཟུགས་སྐུའོ། །ལས་ཀྱི་གཟུགས་ཅན་རྣམས་ཀྱི་ལས་ཟད་པར་བྱེད་པ་དང་བརྒྱད་དོ། ། དེ་དག་གི་ཞར་ལ་ཞི་བའི་སྐུའི་སྟོན་པ་རང་ཤེས་རིག་གི་རྒྱལ་པོ་འདུས་མ་བྱས་པ། གནས་ཙིཏྟ་རིན་པོ་ཆེའི་གཞལ་མེད་ཁང་། བསྟན་པ་རྩ་རླུང་ཐབས་ཀྱི་མན་ངག། འཁོར་ཡེ་ཤེས་ལྔ་དང་། རླུང་ལྔ་དང་། ཤེས་རབ་ལྔ་དང་། འོད་ལྔ་དང་། སྐུ་ལྔ་དང་ རིགས་ལྔའོ། །དུས་ལུས་དང་སེམས་འཛོམ་པའོ། །ཞིང་ཁམས་འགྲོ་བ་འདུལ་བ། ཆོས་འཁོར་བ་དང་མྱ་ངན་ལས་འདས་པ། འཐད་པ་དེ་ལ་རྟེན་ནས་ལུས་སེམས་སྡུག་བསྔལ་ཞི་བས་ན་ཞི་བའི་སྐུར་འཐད་དོ། །ལས་ཁམས་གསུམ་ལས། ༄༅། །གྲོལ་བར་བྱེད་པ་སྟེ་བརྒྱད་དོ། །ཁྲོ་བོའི་སྐུའི་སྟོན་པ་ཡེ་ཤེས་ཀྱི་ཧེ་རུ་ཀ་ལྔ། གནས་བན་དྷ་འབར་བའི་གཞལ་ཡས་ཁང་སྟེ་ཀླད་པ་དུང་ཁང་དཀར་པོ། བསྟན་པ་བདེ་ཆེན་གྱི་འབར་འཛག། འཁོར་སྒྲོན་མ་རྣམ་པ་བཞི། དུས་ཡེ་ཤེས་རང་འཁྱིལ་ བའི་དུས། ཞིང་ཁམས་མིག་གི་དབང་པོ་མཐོང་བ་མ་འགགས་པ། ཆོས་གཟུགས་ཀྱི་དེ་བཞིན་ཉིད། འཐད་པ་ཡུལ་དང་ཤེས་པ་ལ་འཁྲོས་པས་ན་ཁྲོ་བོའི་སྐུར་འཐད་དོ། །ལས་ཀྱི་གདུལ་བྱ་ཕྱིན་ཅི་ལོག་རྣམས་ཚར་གཅོད་པ་དང་བརྒྱད་དོ། །དེ་དག་ལ་ སྐབས་འདིར་འབྲས་བུར་བཞག་པ་ནི། གཞི་སྨིན་བྱའི་སྦྱང་གཞི་ཐོག་མའི་འོད་གསལ་ཡིན་པ་དང་། གདུལ་གཞིའི་འབྲས་བུ་རང་བཞིན་རྣམ་དག་ཡིན་པས་བློ་བུར་རྣམ་དག་གི་ཞར་ལ་སྨོས་པའོ། །དེ་དག་ལ་བརྟགས་པས། དབང་དང་འབྲས་བུ་ལ་ བཅུ་དྲུག་ཕྲག་བཞི། སྐུ་ལ་བཅུ་དྲུག་ཕྲག་བཞི་སྟེ་ཕྲག་བརྒྱད་བསྡོམས་པས། བརྒྱ་དང་ཉེར་བརྒྱད་ནི་དབང་བསྐུར་བའི་འབྲས་བུ་ཕུན་གསུམ་ཚོགས་པའོ། །གསུམ་པ་མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བ་ནི། དབང་བཞིའི་ས་བོན་ གྱི་ཆ་ལས་དྲུག་བརྒྱ་དང་དྲུག་བཅུ་རྩ་དྲུག་གིས་འགྲོ་བ་དྲུག་གི་ལས་དང་ཉོན་མོངས་པ་དག་པར་མཛད་པའོ། །དེ་ལ་ཐོག་མར་མཐོང་བ་རྣམ་པར་དག་པ་ལས། བདག་ཉིད་ལ་ཟག་པ་མེད་པའི་མངོན་པར་ཤེས་པ་ནི། དབང་པོའི་མཐོང་བ་རྣམ་པར་དག་པའི་ མངོན་པར་ཤེས་པ་དྲུག་གིས་དུས་གསུམ་དུས་གཅིག་ལ་མཐོང་པ་པྲ་སེན་མཐོང་བ་ལྟ་བུ་སྟེ། དེ་ཡང་མིག་གི་མངོན་ཤེས་དྲུག་གིས་གཟུགས་ཐམས་ཅད་ཤེས། རྣ་བའི་མངོན་ཤེས་དྲུག་གིས་བརྗོད་པའི་སྒྲ་ཐམས་ཅད་གཏན་ལ་ཕེབས་སོ། །རྣའི་ དྲུག་གིས་འགྲོ་བ་དྲུག་གི་ལས་གཏན་ལ་ཕེབས་སོ། །ལྕེའི་དྲུག་གིས་འགྲོ་དྲུག་གི་འཁོར་དང་ལོངས་སྤྱོད་ཤེས་སོ། །ལུས་ཀྱི་དྲུག་གིས་འགྲོ་དྲུག་གི་གཟུགས་རྡུལ་ཕྲན་དང་རགས་པ་ཐམས་ཅད་ཤེས་སོ། །ཡིད་ཀྱི་དྲུག་གིས་འགྲོ་དྲུག་གི་བསམ་པ་ཐམས་

[p. 159] ཅད་ཤེས་སོ། །དེ་ལྟར་དབྱེ་གཞི་ཕྲི་བས་དབང་པོའི་མངོན་ཤེས་སུམ་བཅུས་སྲིད་པ་ཡན་ལག་སུམ་བཅུ་ཤེས་ཤིང་། མཚན་སུམ་བཅུ་རྩ་གཉིས་གྲུབ་པ་ནི་དབང་སུམ་བཅུ་རྩ་གཉིས་ལས་བྱུང་བའོ། །དེ་ནས་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་ མངོན་པར་ཤེས་པ་དྲུག་འཆར་ཏེ། སྦྱངས་པའི་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་ཡེ་ཤེས་དྲུག་ཤར་བས་ཚིག་ཐམས་ཅད་ཀྱི་བརྡ་དོན་ཁོང་དུ་ཆུད་པའོ། །བསླབ་པའི་ཤེས་རབ་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་གིས་སེམས་ཉིད་ཆོས་ཉིད་ ལ་འཇུག་པ་ཁྱད་པར་ཅན་སྐྱེ་བའོ། །མཐོང་བ་རྣམ་པར་དག་པ་ཞེས་ཀུན་ལ་སྦྱར་ཏེ། ཐོས་པའི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་སྒྲ་དང་དོན་ཐམས་ཅད་ཤེས་སོ། །བསམ་བྱུང་གི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་ཆོས་ཐམས་ཅད་ཀྱི་འདུ་འཆད་ རྟོགས་སོ། །སྒོམ་བྱུང་གི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་ཆོས་དང་སེམས་གཉིས་འདྲེས་ཏེ་ནམ་མཁའ་ལྟར་ཤེས་སོ། །དེ་ལྟར་སུམ་བཅུ་ནི་དབང་གི་འགྱུར་བྱེད་སུམ་བཅུ་རྩ་གཉིས་ཀྱིས་སངས་རྒྱས་ཀྱིས་སྦྱངས་པའི་ཡོན་ཏན་སུམ་བཅུ་རྩ་གཉིས་ མཐོང་བ་ལས་བྱུང་བའོ། །དེ་ནས་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། འདིའི་དུས་ན་ཡེ་ཤེས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྙེད་པའོ། །དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མཐོང་བ་དག་པའི་ མངོན་ཤེས་དྲུག་གིས་ཆོས་ཀྱི་མཚན་ཉིད་དང་དགོངས་པ་མངོན་གསུམ་དུ་ཤེས་སོ། །མཉམ་པ་ཉིད་ཀྱི་དྲུག་གིས་འཁོར་འདས་གཉིས་སུ་མེད་པར་ཤེས་སོ། །སོ་སོར་རྟོགས་པའི་དྲུག་གིས་འགྲོ་བ་དྲུག་གི་དབང་པོ་ལ་སོགས་པ་ཤེས་སོ། །བྱ་བ་ གྲུབ་པའི་དྲུག་གིས་ཆོས་ཐམས་ཅད་རྩོལ་བ་དང་བྲལ་བ་དང་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཤེས་སོ། །ཆོས་ཀྱི་དབྱིངས་ཀྱི་དྲུག་གིས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཤེས་སོ། །མི་གནས་པའི་ཡེ་ཤེས་ཀྱི་དྲུག་གིས་ཆོས་གང་ལའང་ ༄༅། །མི་གནས་པ་ཤེས་སོ། །དེ་ཡང་དབྱེ་གཞི་རེ་ཕྲི་བས་མངོན་ཤེས་ལྔ་ཚན་དྲུག་ཏུ་འགྱུར་ཏེ། ཡེ་ཤེས་ཀྱི་མངོན་པར་ཤེས་པ་སུམ་བཅུ་ནི་དབང་སུམ་བཅུ་རྩ་གཉིས་ལས་བྱུང་བའོ། །དེ་ནས་རྣམ་པར་གྲོལ་བའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་སེམས་དང་སེམས་བྱུང་ནུབ་པའོ། །དེ་ལ་རྣམ་གྲོལ་དང་པོའི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་ཤར་བས། ལུས་ཀྱི་ཟག་པ་ཟད་པའོ། །རྣམ་གྲོལ་གཉིས་པ་དྲུག་གིས་དག་གི་ཟག་པ་ཟད་པའོ། །གསུམ་པའི་དྲུག་གིས་ ཡིད་ཀྱི་ཟག་པ་ཟད་པའོ། །བཞི་པའི་དྲུག་གིས་སེམས་ཀྱི་ཟག་པ་ཟད་པའོ། །ལྔ་པའི་དྲུག་གིས་ཤེས་རབ་ཀྱི་ཕུང་པོ་ལ་སྒྲིབ་པའི་ཟག་པ་ཟད་པའོ། །དྲུག་པའི་དྲུག་གིས་ཆོས་དང་ཆོས་ཉིད་ཀྱི་ཟག་པ་ཟད་པའོ། །སུམ་བཅུ་པོ་དེ་དག་གིས་ཕྱི་ནང་གསུམ་ པ་ཡོངས་རྫོགས་ཀྱི་དབང་ལས་བྱུང་བའོ། །དེ་ནས་སྐུ་གསུང་ཐུགས་ཀྱི་ལས་མངོན་དུ་གྱུར་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། སངས་རྒྱས་ཀྱི་མཁྱེན་པ་མ་ལུས་པ་རྫོགས་པའོ། །སྐུ་དངོས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་ཤར་བས་ སངས་རྒྱས་ཀྱི་སྐུ་ཐམས་ཅད་མཐོང་ཞིང་རང་གིས་ཀྱང་བརྙེས་པའོ། །སྐུའི་སྣང་བའི་དྲུག་ཤར་བས་འོད་ཀྱི་ཚོགས་མཐའ་ཡས་པ་ལ་སྤྱོད་དོ། །གསུང་དངོས་ཀྱི་དྲུག་ཤར་བས་གསུང་དབྱངས་དྲུག་བཅུ་ལ་སྤྱོད་དོ། །གསུང་གི་སྣང་བའི་དྲུག་གིས་སྒྲ་ དབྱངས་དུ་མ་ལ་སྤྱོད་དོ། །ཐུགས་དངོས་ཀྱི་དྲུག་གིས་ཏིང་ངེ་འཛིན་ཐམས་ཅད་ལ་སྤྱོད་དོ། །ཐུགས་ཀྱི་སྣང་བའི་དྲུག་གིས་གཞན་གྱི་སེམས་ཤེས་པ་ལ་སྤྱོད་དོ། །དེ་ལྟར་སུམ་བཅུ་པོ་ནི་དབང་གི་ལྷ་ངོ་སུམ་བཅུ་རྩ་གཉིས་ཤེས་པ་ལས་བྱུང་ངོ། །དེ་ནས་ ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་ཆོས་ཉིད་ཀྱི་དགོངས་པ་ལ་དབྱེར་མི་ཕྱེད་པར་བཞུགས་སོ། །སེམས་རྣམ་པར་གདུལ་བའི་མངོན་ཤེས་དྲུག་ཤར་བས་སེམས་ཀྱི་རང་བཞིན་ཤེས་སོ། །སེམས་

[p. 160] སྤྱད་པའི་དྲུག་གིས་རྩ་བ་ཤེས་སོ། སེམས་ཞི་བའི་དྲུག་གིས་སེམས་མེད་པའི་མཚན་ཉིད་ཤེས་སོ། སེམས་རྣམ་པར་དག་པའི་དྲུག་གིས་མི་འགྱུར་བར་ཤེས་སོ། སེམས་མི་ལྡོག་པའི་དྲུག་གིས་ཁམས་གསུམ་མིང་མེད་པར་ཤེས་སོ། སེམས་ ལས་འདས་པའི་དྲུག་གིས་ཤེས་བྱེད་དང་འདྲ་འཕྲོ་དག་སྟེ་མི་ལྡོག་པར་རྟོགས་སོ། དེ་ལྟར་སུམ་བཅུ་ནི་དབང་གི་རྣམ་པར་འཕྲུལ་བའི་དབྱེ་བ་ཤེས་པ་ལས་བྱུང་ངོ། དེ་ལྟར་མཐོང་བ་དག་པའི་མངོན་ཤེས་རྒྱ་དང་རྒྱ་བཅུ་ནི་མོས་པའི་མཐོང་བ་ཙམ་ལས་ བྱུང་བའོ། དེ་ཡང་ཕྱིན་མོས་པའི་བཞི་ལ་བཞི་བཅུ་རྩ་ལྔ་ལྔའི་ཡོན་ཏན་དུ་འབྱུང་བ་ནི། སྤྲོས་བཅས་ཀྱི་དབང་ཐོབ་པ་ལས་བྱུང་བའོ། དེའི་འདྲེས་ཀྱིས་ཐོས་པ་རྣམ་པར་དག་པའི་མངོན་ཤེས་ཀྱང་བརྒྱ་དང་བརྒྱ་བཅུར་འགྱུར་ཏེ། དེ་ལའང་ཡེ་ཤེས་ བཞིའི་ཡོན་ཏན་འཇུག་པ་སྔར་དང་འདྲའོ། འདི་དག་སྤྲོས་མེད་ཀྱི་དབང་ལས་བྱུང་བའོ། བསམ་བྱ་དག་པའི་བརྒྱ་དང་བརྒྱད་བཅུ་ནི་བསྒྱུར་གཞིའི་དོན་ཤེས་པ་ལས་བྱུང་བ་སྟེ། ཡེ་ཤེས་སུ་དག་པ་དང་། མྱོང་བྱེད་དག་པའི་བརྒྱ་བརྒྱད་བཅུ་ཆོད་པའི་ རང་བཞིན་ཤེས་པ་ལས་བྱུང་བ་དང་། རེག་བྱེད་དག་པའི་བརྒྱ་བརྒྱད་བཅུ་པ་མངོ་ཤེས་པ་ལས་བྱུང་བ་དང་ཚན་པ་གསུམ་ནི་ཤིན་ཏུ་སྤྲོས་མེད་ཀྱི་དབང་ལས་བྱུང་བའོ། ཆོས་དག་པའི་མངོན་ཤེས་བརྒྱ་བརྒྱད་བཅུ་ནི་རབ་ཏུ་སྤྲོས་པ་མེད་པའི་དབང་ལས་ བྱུང་བའོ། དེ་ལྟར་ན་ས་དང་སྦྱར་བས་སའི་ཡོན་ཏན་ཉིས་སྟོང་སུམ་བརྒྱ་དང་དྲུག་བཅུ། ཡེ་ཤེས་ཀྱི་བྱེད་པ་དྲུག་བརྒྱ་དང་དྲུག་བཅུ། ཆོས་ཀྱི་རྣམ་གྲངས་སུམ་སྟོང་དང་བརྒྱ་ཉི་ཤུ་རྣམས་ནི་རྡོ་རྗེ་འཆང་གི་སའི་མངོན་ཤེས་ཀྱི་རྣཾ་སྐུ་འཕྲུལ་པའི་དབྱེ་བ་ཆེན་ པོའོ། འདི་དག་ནི་དབང་གི་རྣམ་པར་བཞག་པ་སྟེ། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་སྒོ་དང་པོའི་གཞི་གལ་པོ་ཆེ་ཡང་དག་པ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། གཞིའི་དོན་སྨིན་པར་བྱེད་པ་དབང་གི་རྣམ་པར་བཞག་ ༄༅། །པ་སྟེ། རིམ་ཁང་དྲུག་པའོ།། །།

[edit]
OCR of the BDRC scans (I8LS32893), gorn05 tibocr 2026: BDRC OCR on 849 pages, Mitra OCR on 523 pages (the model with more recognisable syllables on each page).
Volume I8LS32893

[p. 317] བླ་ན་མེད་པ་རབ་ཏུ་སྤྲོས་པ་མེད་པས་ངོ་མ་སྤྲད་ན་མཐོང་བྱེད་ཀྱི་ལམ་མི་གསལ་བས་བཞིར་ངེས་ ལ། ཕྱིར་རླུང་སེམས་གཉིས་པ་དང་མའི་རྒྱུ་རྐྱེན་གཉིས་ཏེ་བཞི་དག་པས་ཀྱང་བཞིར་ངེས་ལ། ནང་ལུས་ཀྱི་འཁོར་ལོ་ཟླ་ཞིང་རྩའི་ཁྱད་པར་བཞི་ལ་འཇུག་པས་ཀྱང་བཞིར་ངེས་ལ། གསང་བར་སྒྲོན་མ་བཞིའི་སྣང་བ་བཞི་སྟོན་པས་ཀྱང་ བཞིར་ངེས། བླ་ན་མེད་པར་རྟགས་བཞི་ངེས་པ་ལས། ཚད་བཞི་ངེས་པའི་འབྲས་བུ་སྐུ་བཞིར་འབྱུང་བས་ཀྱང་བཞིར་ངེས་སོ། །གཉིས་པ་སྨིན་པོ་བཞིའི་དཔེ་མཚོན་བསྟན་པ་ནི། དབང་བཞི་འཐུག་པའི་དུས་ཀྱི་སྨིན་པོ་སྣང་བ་མ་དག་པ་དང་། དག་པ་གཉིས་ཀྱིས་བསྡུས་པ་ཡང་། མཁའ་དང་དབྱིངས་གཉིས་སུ་འཇུས་ལ། རྫོགས་འཇིག་གནས་གསུམ་དུས་གསུམ་དུ་འདུས་པས། ལུས་ངག་ཡིད་གསུམ་སྨིན་པའི་ལུས་སུ་གྲོལ་བའོ། །འཁོར་འདས་ཀྱི་ཆོས་ཟག་བཅས་ཟག་མེད་གཉིས་ ལ་དབང་བསྒྱུར་བས་གཉིས་སུ་བྱུང་སྟེ། སྣང་བ་ལ་དབང་བས་ལུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་དག་པར་བྱེད་པ་དང་། སྲིད་པ་ལ་དབང་བས་ཉོན་མོངས་པ་དག་པར་བྱེད་པའོ། །དེ་ལ་སྤྲོས་བཅས་ཀྱིས་ལུས་ངག་ཡིད་སེམས་བཞིའི་འཇུག་

[p. 318] ༄༅། །བསྟེ་ནང་ངོ། །སྤྲོས་བཅས་ཀྱི་ཤིན་ཏུ་སྤྲོས་མེད་ཉན་ཐོས་ཀྱི་སྡོམ་པ་སྦྱིན་པ་ནས་རིམ་དགུ་རྫོགས་ཏེ་དབུགས་དབྱུང་གཟེངས་བསྟོད་དང་བཅས་པ་གསང་བའོ། །སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་བུམ་པ་ངེས་པའི་ སྐུར་བྱེད་ཏེ་ཡོངས་སུ་རྫོགས་པའོ། །འདི་ལའང་བུམ་པ་ངེས་པ་རྟེན་གཞལ་ཡས་ཁང་བརྟེན་པ་ལྷར་གསལ་བས་དབང་བསྐུར་བ་ཡོངས་སུ་རྫོགས་པའི་ཕྱི་སྤྲོས་བཅས་སོ། སློབ་མའི་ལུས་ལྷར་བསྐྱེད་པ་ལ་འབྱུང་བཞི་དག་སྦྱོང་གི་རྫས་དབང་ ཉི་ཟླ་སྦྱིན་པ་ལ་སོགས་པ་ནང་སྤྲོས་མེད་དོ། །མུ་དྲ་སྦྱིན་ནས་སྦྱོར་བ་ངེས་པ་གསང་བ་ཤིན་ཏུ་སྤྲོས་མེད་དོ། །བརྡ་དོན་ངེས་པའི་ཚིག་སྦྱིན་པ་ཡོངས་སུ་རྫོགས་པ་རབ་ཏུ་སྤྲོས་མེད་དོ། །དེ་ལྟར་ན་ཡོངས་སུ་རྫོགས་པ་ལ་བཞི་ཡོད་པ་ལྟར་གཞན་ གསུམ་ལའང་ཤེས་པར་བྱའོ། །དེ་ལྟར་བཅུ་དྲུག་གིས་སྤྲོས་བཅས་དབྱེ་བའི་དགོས་པ་ནི། ལུས་འབྱུང་བཞིའི་རྒྱ་བཞི་འཇིག་པ་སྟེ། འབྱུང་བཞི་ཡང་སའི་ས་ལ་སོགས་པ་བཞིར་ཕྱེ་བས་བཅུ་དྲུག་དག་པར་སྦྱོང་བའི་དགོས་པ་ཡོད་དོ། ། གཉིས་པ་སྤྲོས་མེད་ཀྱི་དབང་བཞི་རང་ངོའི་དབྱེ་བ་ནི། སྤྲོས་མེད་ཀྱི་སྤྲོས་བཅས་ཀྱིས་ལུས་ངག་ཡིད་སེམས་བཞི་ཡི་ཀེའི་གནས་བཞིའི་སྦྱོང་བ་ནི་ཕྱིའོ། །དེའི་སྤྲོས་མེད་ཀྱིས་སྒོ་གསུམ་གཞི་མེད་བྱ་རྩོལ་ལས་འདས་པར་མཚོན་པས་ནང་ངོ། ། དེའི་ཤིན་ཏུ་སྤྲོས་མེད་ཀྱིས་ཡུལ་ལྔ་ལམ་དུ་བསླངས་པས་སྒོ་ལྔ་ཧར་སངས་སུ་གྲོལ་བ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་ཀྱིས་རྟོགས་པ་ཁྱད་པར་ཅན་བསྐྱེད་པས་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་ངག་གི་བརྗོད་གཞི་

[p. 319] འགྱུར། དེའི་སྤྲོས་མེད་ཀྱིས་ནང་དུ་འཇུག་པའི་ཐབས་སྟོན། དེའི་ཤིན་ཏུ་སྤྲོས་མེད་ཀྱིས་ཡིད་འགྱུར་བས་རྟོག་པ་དག་པ་ལ་སྦྱོར། རབ་ཏུ་སྤྲོས་མེད་ཀྱིས་གཉིས་སུ་མེད་པའི་དོན་ཐོབ་པར་བྱེད་པའོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་དབང་ བཞིས་ལས་ཀྱི་མཐའ་གྲོལ་བར་བྱེད་པ་ནི། ཤིན་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་ཀྱིས་ལས་དང་། ཚིག་དང་། ཡི་གེ་དང་། རྟོག་པ་དག་ཅིང་ལུས་ངག་ཡིད་སེམས་བཞི་ལ་བདེ་བ་སྟེར་བའོ། །དེ་ཡང་རུ་ཤན་འབྱེད་པའི་སྤྱོད་པ་ལས་བྱུང་བའོ། ། དེའི་སྤྲོས་མེད་ཀྱིས་དོན་དང་ཐོག་ཏུ་ཕེབས་པས་ཆོས་ཉིད་ལས་འགྲོས་མེད་པའོ། །དེའི་ཤིན་ཏུ་སྤྲོས་མེད་སྟོང་ཉིད་ཀྱི་དཀྱིལ་འཁོར་དུ་འཇུག་པས་སྒོ་གསུམ་ཁམས་གསུམ་དུ་མི་འཇུག་པའོ། །རབ་ཏུ་སྤྲོས་མེད་ཀྱིས་ཚོགས་དྲུག་དག་པར་བྱེད་པའོ། ། བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དབྱེ་བ་ངེས་པ་ནི། རབ་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་སེམས་གང་ཡིན་ལ་སོགས་པས་ཆགས་སྡང་རང་གྲོལ་བར་བྱེད་དོ། །སྤྲོས་མེད་སྤྲུལ་སྐུའི་ཞིང་བསྟན་པས་ཕུང་པོ་ཁམས་དང་སྐྱེ་མཆེད་སྟོངས་པར་བྱེད་དོ། །ཤིན་ཏུ་ སྤྲོས་མེད་ལོངས་སྐུའི་ཞིང་བསྟན་པས་སེམས་ཉིད་འགྲོ་འོང་མེད་པའི་དོན་རྟོགས་པར་བྱེད་དོ། །རབ་ཏུ་སྤྲོས་མེད་ཆོས་སྐུར་ལུང་བསྟན་པས་འཁོར་འདས་ལ་ཞེན་པའི་ཤེས་སྒྲིབ་ཕྲ་མོ་སྦྱོང་བར་བྱེད་དོ། །གཉིས་པ་རང་ངོའི་དབྱེ་བ་རྒྱས་པར་ བཤད་པ་ལ་དབང་བཞི་ལས། དང་པོ་སྤྲོས་བཅས་ལ། སྤྲོས་བཅས་ཀྱི་སྤྲོས་བཅས་དམ་བསྲེ་ཞིང་མནའ་ཆུ་བླུད་པ་ལ་སོགས་པ་སྟེ་ཕྱིའོ། །སྤྲོས་བཅས་ཀྱི་སྤྲོས་མེད་དཀྱིལ་འཁོར་དུ་གཞུག་ཅིང་ལྷ་ངོ་བསྟན་ནས་མིང་གི་དབང་བསྐུར་

[p. 320] ༄༅། །འཕྲུལ་པའི་དབྱེ་བས་ཤིན་ཏུ་རྒྱས་པར་སྤྲོ་བ་ལཾ་གསུམ་སྟེ་དབང་སོ་སོའི་དགེ་བྱེད་ཀྱི་དབྱེ་བས་དག་རྒྱུ་བཅུ་དྲུག་འགྱུར་དང་བཅས་པ་བསྟན་པ། ལུས་ཀྱི་བྱ་བ་ལ་བརྟེན་ནས་ངེས་པའི་དབྱེ་བས་དབང་གི་གནས་ ལུགས་བསྟན་པ། གྲངས་ཀྱི་དབྱེ་བ་ལ་བརྟེན་ནས་ལས་དང་ཉོན་མོངས་པའི་དག་བྱེད་བསྟན་པའོ། །དང་པོ་ནི་དབང་གི་རང་ངོའི་དབྱེ་བ་བཅུ་དྲུག་གིས་ཕྱིར་འབྱུང་བའི་ལས་བཅུ་དྲུག་དག་པར་བྱེད་ལ། ནང་དུ་སེམས་ཀྱི་རྟོག་པ་བཅུ་དྲུག་དག་ པར་བྱེད་ལ། གསང་བར་རླུང་གི་འཕེན་སྡུད་བཅུ་དྲུག་དག་པར་བྱེད་ལ་བླ་ན་མེད་པར་ས་བཅུ་དྲུག་ལ་གནས་པའི་ངེས་པ་ཐོབ་པར་བྱེད་པས་དབང་བཅུ་དྲུག་ཏུ་བསྟན་པའོ། །དབང་དེ་དག་གི་དག་བྱ་ལུས་ངག་ཡིད་སེམས་བཞིའི་དྲི་མ་དག་པ་ལ་ ལྟོས་ནས་གཞག་གོ །དེའང་ལུས་ལ་ཆུས་ཚོགས་པའི་ཆོས་བསྡུས་པས་འཆིང་བྱེད་རྒྱའི་དྲི་མར་སོང་། མེས་དེ་དག་སྨིན་ཅིང་གསལ་བར་བྱས་པས་དངོས་པོར་གྲུབ་པའི་དྲི་མར་སོང་། རླུང་གིས་དེ་དག་སོ་སོའི་ལས་བྱས་པས་ཞེན་པ་རང་རྒྱུད་དང་བཅས་ པའི་དྲི་མར་སོང་བའོ། །ངག་སྨྲ་ནའང་སྨྲའོ་སྙམ་པ་ཡིད་ཀྱི་རྟོག་པས་བསླད་པའི་དྲི་མ་དང་། སྨྲ་བྱེད་ལུས་ཀྱི་དྲི་མ་དང་། སྨྲ་བའི་ཚིག་ལ་རྟོག་དཔྱོད་ཀྱི་དྲི་མ་དང་། བརྗོད་ལས་རྟོག་པའི་འགྱུར་བྱེད་ཀྱི་དྲི་མ་དང་། ཡང་ཡིད་འགྱུ་བ་ལའང་། འགྱུ་བ་དྲན་བསམ་གྱི་ རྟོག་པའི་དྲི་མ་དང་། འགྱུ་བྱེད་ཡུལ་དང་ཤེས་པའི་དྲི་མ་དང་། འགྱུས་པ་བག་ཆགས་སྔ་ཕྱིའི་དྲི་མ་དང་། འགྱུས་པ་དངོས་ལ་ཞེན་པའི་དྲི་མ་དང་། ཡང་སེམས་ཀྱི་དྲན་པ་ས་ཡུལ་འཇུག་པའི་དྲི་མ་དང་། བསམ་པས་དགེ་མི་དགེ་ལུང་དུ་བསྟན་མ་བསྟན་བཞི་

[p. 321] དང་། རྗོད་བྱེད་དང་། བརྗོད་བྱ་དང་། བརྗོད་ཕ་བཞིའི་རྒྱ་ལས་གྲོལ་བར་བྱེད་པའོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་རང་དེའི་དབྱེ་བ་ནི། ཤིན་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་རུ་ཤན་འབྱེད་པ་ཕྱིའོ། །དེའི་སྤྲོས་མེད་མཎྜལ་འབུལ་ཞིང་གསོལ་བ་ འདེབས་པ་ནང་ངོ། །དེའི་ཤིན་ཏུ་སྤྲོས་མེད་ནམ་མཁའི་དཀྱིལ་འཁོར་དུ་འཇུག་པ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་རིག་པ་རང་ངོ་སྤྲད་པ་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་ཡིད་འགྱུ་བ་དང་། འགྱུ་བྱེད་དང་། འགྱུ་བྱ་དང་། འགྱུས་པ་བཞིའི་རྒྱ་འཇིག་པར་བྱེད་པའོ། །བཞི་པ་རབ་ཏུ་སྤྲོས་པ་མེད་པ་རང་ངོའི་དབྱེ་བ་ནི། རབ་ཏུ་སྤྲོས་མེད་ཀྱི་སྤྲོས་པཅས་འདུག་སྟངས་བསྟུན་པ་ཕྱིའོ། །དེའི་སྤྲོས་མེད་ལྟ་སྟངས་བྱེད་པ་ནང་ངོ། །དེའི་ཤིན་དུ་སྤྲོས་མེད་ཕྱོགས་བཞིར་ལྟ་ སྟངས་དང་གཟིགས་སྟངས་བསྟུན་པ་གསང་བའོ། །དེའི་རབ?་ཏུ་སྤྲོས་མེད་སོང་ཅིག་ལ་སོགས་པ་ཡོངས་སུ་རྫོགས་པའོ།། འདི་བཞིའི་དགོས་པ་ནི་སེམས་བསམ་པ་དང་། དྲན་པ་དང་། རྟོག་པ་དང་། ཞེན་པ་བཞིའི་རྒྱ་འཇིག་པར་བྱེ་ དོ། །སྐབས་འདིར་ཡིད་དང་སེམས་ཀྱི་གོ་དོན། སྒོ་ལྔའི་ཡུལ་འཛིན་རྟོག་བྱེད་ཀུན་གཞིའི་རྣམ་པར་ཤེས་པ་སེམས་ལ། དེ་དང་མ་འབྲེལ་བར་དོན་སྔ་ཕྱི་དང་ཡིད་ཡུལ་དོན་སྤྱི་དཔྱོད་པ་ལ་ཡིད་ཅེས་བརྗོད་དོ། །རང་གི་སྣང་ཡུལ་ དངོས་པོ་འཛིན་པ་དང་། དངོས་མེད་འཛིན་པ་སྟེ། གསལ་བ་དང་མི་གསལ་བ་འཛིན་པས་ཕྱེ་བ་ཡིན་ནོ། །དེ་ལྟར་ན་རང་ངོའི་དབྱེ་བ་རེ་རེ་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞི་སྟེ་བཅུ་དྲུག་ཏུ་ཡོད་དོ། །གསུམ་པ་རྣམ་པར་

[p. 322] ༄༅། །ལའང་སྤྲོས་བཅས་ལ་སོགས་བཞི་ལ་སྐུ་གསུང་ཐུགས་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་ཀྱིས་དག་པར་བྱེད་དོ། །འབྱུང་བཞི་ཕོ་མོ་གཉིས་ཏེ་བརྒྱད་ཀྱི་དག་བྱ་ནི། དབང་བཞི་ལ་ཐབས་ཤེས་རབ་གཉིས་ གཉིས་སུ་ཕྱེ་བས་བརྒྱད་ཀྱིས་དག་པར་བྱེད་དོ། ལུས་ཀྱི་འབྱུང་བའི་བྱེ་བྲག་ལའང་། ས་ལ་སོགས་པ་བཞི་པོ་རེ་རེ་ལ་སའི་ས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་དྲུག་ནི། ཚ་བ་དང་གྲང་བ་གཉིས་ཀྱི་དབྱེ་བས་དྲུག་ཅུ་རྩ་བཞིར་འགྱུར་ཏེ། གོང་གི་བརྡ་དོན་གྱི་དབྱེ་བའི་དབང་དྲུག་ཅུ་རྩ་བཞིས་དག་པར་བྱེད་དོ། །དེའང་འབྱུང་བ་བཞི་པོ་རེ་རེ་ལའང་ལེགས་པར་ཕྱེ་ན། ས་ལའང་དྲུག་ཅུ་རྩ་བཞི། དེ་ལ་ཁྱབ་པ་འབྱུང་བ་སྤྱིའི་ལུས་དང་། རང་གི་མཚན་ཉིད་འཛིན་པ་དངོས་ཀྱི་ལུས་གཉིས་ སུ་ཕྱེ་བས། ས་ལ་ལུས་མི་འདྲ་བ་བརྒྱ་དང་ཉེར་བརྒྱད། དེ་བཞིན་དུ་ཕྱེ་བས་ཆུ་དང་། མི་དང་། རླུང་རྣམས་ལ་བརྒྱ་ཉེར་བརྒྱད་ཚན་པ་གསུམ་སྟེ། བསྡོམས་པས་ལྔ་བརྒྱ་དང་བཅུ་གཉིས་ཀྱི་ལུས་སུ་སྨིན་ནོ། །དེ་ལྟར་ཕྱིར་ལུས་སྨིན་པ་བཞིན་ ནང་དུ་ཉོན་མོངས་པ་ཡང་། འདོད་ཆགས་ལ་བལྟས་པ་དང་། བགད་པ་དང་། བཅངས་པ་དང་། འཁྱུད་པ་སྟེ་བཞི་ནི་འབྱུང་བ་རེ་རེའི་ལུས་ལ་བཞི་བཞི་སྟེ་བཅུ་དྲུག །གཏི་མུག་ལ་རྨུགས་པས་མ་ཤེས་པ་དང་། འཐིབས་པ་དང་། མྱོས་ པ་དང་། རབ་ཏུ་མ་རིག་པ་འདྲེས་པ་དང་བཞི་པོ་ལུས་བཞི་ལ་ཕྱི་བས་བཅུ་དྲུག །ཞེ་སྡང་ལ་སྡང་བ་དང་། སྡང་བ་ཆེན་པོ་དང་། ཆེར་སྡང་བ་དང་། རབ་ཏུ་སྡང་བ་སྟེ་ལུས་རེ་ལས་ཕྱེ་བས་བཅུ་དྲུག །ང་རྒྱལ་ལ་ཕྲ་བ་དང་། རགས་པ་དང་། འབྱུང་

[p. 323] ཀུན་ནས་སྤོང་བའི་དྲི་མ་དང་། རྟོག་པས་སྙམ་བྱེད་དང་། ཡིད་གཉིས་དང་། ཐེ་ཚོམ་དང་། ཡིད་དཔྱོད་ཀྱི་དྲི་མ་དང་། འཛིན་ཡུལ་སྣ་ཚོགས་ལ་རྟོག་པའི་དྲི་མའོ། །དྲི་མ་དེ་དག་གི་དག་བྱེད་དབང་བཞི་སྟེ། སྤྲོས་བཅས་ཀྱི་སྤྲོས་བཅས་ལ་སོགས་པ་བཞི་བཞིར་ ཕྱེ་བས་བཅུ་དྲུག་གོ། །དེ་དག་གིས་ལུས་ངག་ཡིད་སེམས་བཞི་རེ་རེ་ལ་དྲི་མ་བཞི་བཞི་སྟེ་བཅུ་དྲུག་གི་ཚོགས་དག་པར་སྦྱོང་བའོ། །དེ་ཡང་ཐོག་མར་སྤྲོས་བཅས་ཉེ་བར་མཚོན་པ་ནི། སྤྲོས་བཅས་ཀྱི་སྤྲོས་བཅས་ལ་བརྡའི་སྤྲོས་བཅས་དང་། དོན་གྱི་སྤྲོས་ བཅས་ཏེ་གཉིས། དེའི་སྤྲོས་མེད་ལ་བརྡ་དོན་གཉིས། ཤིན་ཏུ་སྤྲོས་མེད་ལ་གཉིས། རབ་ཏུ་སྤྲོས་མེད་ལ་བརྡ་དོན་གཉིས་ཏེ་བརྒྱད། དེ་བཞིན་དུ་སྤྲོས་མེད་ལ་བརྡའི་སྤྲོས་མེད་ལ་སོགས་པ་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད། རབ་ཏུ་སྤྲོས་མེད་ལ་བརྒྱད་ དེ་སུ་ཨུ་ཙ་རྩ་གཉིས་སུ་འགྱུར་ལ། ལུས་ངག་ཡིད་སེམས་བཞིའི་ཚོགས་པ་ལའང་། དེ་ལྟར་ཕྱེ་བས་སུམ་ཅུ་རྩ་གཉིས་དག་པར་བྱེད་པ་ནི། བསྐྱེད་རིམ་གྱི་དག་བྱ་དང་དག་བྱེད་ཤེས་པའི་དགོས་པ་ཡོད་པའོ། །དེ་ལྟར་དག་བྱ་དྲི་མ་སུམ་ཅུ་རྩ་ གཉིས་དང་། དག་བྱེད་དབང་སུམ་ཅུ་རྩ་གཉིས་བསྡོམས་ན། དྲུག་ཅུ་རྩ་བཞི་ནི་དག་བྱ་དག་བྱེད་ཀྱི་དབྱེ་བ་ངེས་པའོ། །གཉིས་པ་ལུས་ཀྱི་བྱ་བ་ལ་བརྟེན་ནས་དབྱེ་བས་དབང་གི་གནས་ལུགས་བསྟན་པ་ནི། དག་བྱ་དྲི་མ་སུམ་ཅུ་རྩ་གཉིས་ཀྱི་གཞི་ལུས་ མི་འདྲ་བ་དཔག་ཏུ་མེད་པ་ཡང་ས་ཆུ་མེ་རླུང་བཞི་ལས་གྲུབ་ལ། དེ་དག་ལ་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་བརྒྱད་དོ། །དེ་ཡང་ས་ཆུ་མེ་རླུང་གཞི་ལ་ཟུག་པ་དང་། བྱེར་བ་དང་། སྙོམས་པ་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་སོ། །དེ་དག་བྱེད་དབང་

[p. 324] ༄༅། །བསྟན་པ། མེ་ཏོག་དོར་བ། མིང་གི་དབང་ངོ། །དེའི་ཤིན་ཏུ་སྤྲོས་པ་མེད་པའི་ཕྱིའི་དབང་ཉན་ཐོས་ཀྱི་དཀྱིལ་འཁོར་དུ་འཇུག་པ། ས་ལམ་གྱི་ཚད་བསྟན་ལ། སྟོད་གཡོགས་དང་སྨད་གཡོགས་སྦྱིན་ལ། ལྷུང་བཟེད་དབང་སིལ་བྱེད་སྦྱིན་པ་ལ་སོགས་པ་སྟེ། ཁྲིམས་ཀྱི་ཐ་ཚིག་འགོག་པ་ལ་སོགས་པ། ལས་ཀྱི་དབྱེ་བ། རྟེན་འབྲེལ་མཚོན་པ། སྦོམ་བསྐྱོན་པ། ལུང་བསྟན་པ་དང་། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དུ་འཇུག་པ་དང་། སེམས་བསྐྱེད་པ་དང་། སྡོམ་པ་སྦྱིན་པ་དང་། ཁྱད་པར་གྱི་སེམས་གཟུང་ལ་སོགས་པའོ། །དེའི་ནང་གི་དབང་གི་ཡའི་དཀྱིལ་འཁོར་དུ་འཇུག་པ་དང་། སེམས་བསྐྱེད་པ་དང་། སྡོམ་པ་གཟུང་བ་དང་། མེ་ཏོག་དོར་ཞིང་ལྷ་ངོ་བསྟན་ པ་དང་། མིང་གི་དབང་དང་། ལུང་བསྟན་པ་དང་། གཟེངས་བསྟོད་པ་དང་། དབུགས་དབྱུང་བ་དང་། དབང་བསྐུར་བའོ། །དེ་བཞིན་དུ་ཨུ་པ་དང་ཡོ་གའི་དཀྱིལ་འཁོར་དུ་འཇུག་པ་ལ་རྣམ་གྲངས་དགུ་དགུ་སྟེ་ཉི་ཤུ་རྩ་བདུན་ནོ། །དེའི་གསང་ བ་མཐུའི་ལུང་བསྟན་པ་དང་། དཀྱིལ་འཁོར་དུ་འཇུག་པ་དང་། ལྷ་ངོ་བསྟན་པ་དང་། མེ་ཏོག་དོར་བ་དང་། མིང་གི་དབང་དང་། ཉན་པ་དང་། འཆད་པ་དང་། ཕན་པ་དང་། ནུས་པ་དང་། རིག་པའི་དབང་དང་། ཡན་ལག་གི་དང་། ཁྱད་པར་གྱི་དབང་དང་བཅུ་གཉིས་སོ། །དེ་ནས་ཨ་ནུའི་དཀྱིལ་འཁོར་དུ་འཇུག་པ་དང་། བན་ངེས་པར་མཚོན་པ་དང་། དབུགས་དབྱུང་བ་དང་། ཕྱག་རྒྱ་བསྒྱུར་བ་དང་། ལས་སུ་བྱ་བ་དང་། འཇུག་པ་ངེས་པ་དང་དྲུག་གོ །དེའི་

[p. 325] བ་དང་། མཆེད་པ་དང་། འཕྲོ་བ་བཞི་ཡང་བཅུ་དྲུག །ཕྲག་དོག་ལ་ཡང་བ་དང་། ལྕི་བ་དང་། རྒོད་པ་དང་། ཕྲ་བ་བཞི་སྟེ་ཕྱེ་བས་བཅུ་དྲུག་སྟེ་བསྡོམས་པས་བརྒྱད་ཅུ་ཐམ་པ། དེ་ལས་བྱེ་བྲག་ཏུ་ཕྱེ་ན་འབྱུང་བའི་ལུས་མི་འདྲ་བ་ལྔ་བརྒྱ་དང་བཅུ་ གཉིས་པོ་རེ་རེ་ལ། ཉོན་མོངས་པ་བཞི་བཞིའི་གྲངས་ཀྱིས་ཉི་ཤུ་ཉི་ཤུ་གནས་པས། ཐམས་ཅད་བསྡོམས་ནས་ཁྲི་ཕྲག་གཅིག་དང་བརྒྱ་བཞི་བཅུ་རྩ་བརྒྱད་དུ་འབྱུང་ལ། ལུས་དང་ཉོན་མོངས་པ་གཉིས་ཀའི་རྣམ་གྲངས་བསྡོམས་ནས་ཁྲི་ཕྲག་ གཅིག་དང་དྲུག་བརྒྱ་དྲུག་ཅུ་ཐམ་པ་ནི་དག་བྱའི་དྲི་མ་ཡིན་ལ། དེའི་དག་བྱེད་ཀྱི་དབང་འོག་ཏུ་སྟོན་ནོ། །གསུམ་པ་གྲངས་ཀྱི་དབྱེ་བས་ལུས་དང་ཉོན་མོངས་པའི་དག་བྱེད་བསྟན་པ་ནི། དབང་རྣམ་པ་བཞི་ལས། དང་པོ་སྤྲོས་བཅས་ལའང་གཞིར་བྱས་ པའི་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་ཕྱི་ནང་གསང་བ་ཡོངས་རྫོགས་དང་བཞིར་དབྱེ་ན། སྤྲོས་བཅས་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་སྟ་གོན་གྱི་ཚོམ་བུ་ལ་སོ་ཤིང་བྲིམ་པ། དེའི་ནང་མཎྜལ་འབུལ་བ། དེའི་གསང་བ་སྲུང་སྐུད་གདངས་ཤིང་ཀུ་ཤ་སྦྱིན་པ། ཡོངས་ སུ་རྫོགས་པ་རྨི་ལམ་བརྟག་པའོ། །དེའི་སྤྲོས་མེད་ཀྱི་ཕྱིའི་དབང་ཁྲུས་བྱ་བ། གསོལ་བ་བཏབ་པ། རྡོ་རྗེས་ནང་དུ་བོད་པ་གསུམ་མོ། །དེའི་ནང་དམ་ཚིག་གི་མནའ་ཆུ་བླུད་པ། འཁོར་བ་སྤོང་བའི་མནའ། མྱང་འདས་ལེན་པའི་མནའ། སེམས་ ཅན་གྱི་དོན་མི་བྱེད་རིའི་མནའ་བཞིའོ། །དེའི་གསང་བ་དམ་ཚིག་དང་། །སྡོམ་པ་དབོག་པ་དང་། དཀྱིལ་འཁོར་དུ་འཇུག་པ་དང་། སེམས་ཀྱི་མེ་ཏོག་དབུལ་བའོ། །དེའི་ཡོངས་སུ་རྫོགས་པ་དཀྱིལ་འཁོར་དུ་འཇུག་པ་ལྷ་ངོ་

[p. 326] ༄༅། །བཟང་ངན་གྱི་རྗེས་དྲི་བ་གཉིས་ཏེ་དྲུག་གོ། །དེའི་སྤྲོས་བཅས་ཀྱི་སྤྲོས་མེད་ཀྱི་ཕྱི་ལ་གསུམ་སྟེ་དགུ། དེའི་ནང་ལ་བཞི་སྟེ་བཅུ་གསུམ། དེའི་གསང་བ་ལ་བཞི་སྟེ་བཅུ་བདུན། དེའི་ཡོངས་རྫོགས་ལ་བཞི་སྟེ་ཉེར་གཅིག། སྤྲོས་པ་མེད་པའི་ཤན་ཏུ་སྤྲོས་པའི་ཕྱི་ལ་ཉན་ཐོས་ལ་དྲུག །རང་རྒྱལ་ལ་ལྔ་སྟེ་བཅུ་གཅིག །བྱང་སེམས་ལ་བཞི་སྟེ་བཅོ་ལྔ། དེའི་ནང་གི་དབང་ལ་ཀྵི་ཡ་ལ་དགུ་སྟེ་ཉེར་བཞི། ཨུ་པ་ལ་དགུ་སྟེ་སོ་གསུམ། ཡོ་ག་ལ་དགུ་སྟེ་ཞེ་གཉིས། དེའི་གསང་ བའི་དབང་ལ་མཧཱ་ལ་བཅུ་གཉིས་ཏེ་ལྔ་བཅུ་རྩ་བཞི། ཨ་ནུ་ལ་དྲུག་སྟེ་དྲུག་ཅུ་ཐམ་པ། དེའི་ཡོངས་རྫོགས་ཨ་ཏི་ལ་བཞི་སྟེ་དྲུག་ཅུ་རྩ་བཞི་སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱིའི་དབང་ལ་བཅུ་བདུན། ནང་ལ་དྲུག་སྟེ་ཉེར་གསུམ། དེའི་གསང་བ་ལ་ དྲུག་སྟེ་ཉེར་དགུ། དེའི་ཡོངས་སུ་རྫོགས་པ་ལ་གཅིག་སྟེ་སུམ་ཅུ་ཐམ་པའོ། །ཤིན་ཏུ་སྤྲོས་མེད་ལ་དྲུག་ཅུ་རྩ་བཞི་སྟེ་དགུ་བཅུ་རྩ་བཞིའོ། །དེའི་སྤྲོས་མེད་ལ་བཅོ་ལྔ་སྟེ་བརྒྱ་དང་དགུའོ། །དེའི་སྤྲོས་བཅས་ལ་དྲུག་ཏེ་སྤྲོས་བཅས་བསྐུར་རྒྱུའི་ཆོས་བརྒྱ་དང་ བཅོ་ལྔའོ། །སྤྲོས་མེད་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་ལ་བླ་མའི་བྱ་བ་དང་སློབ་མའི་བྱ་བ་གཉིས། དེའི་ནང་ལ་མཎྜལ་དང་བུམ་པ་གཉིས་ཏེ་བཞི། དེའི་གསང་བ་ལ་མཎྜལ་གྱི་ལེགས་པར་བཤད་པའི་ཆོས་ལྔ། བུམ་པའི་ལེགས་བཤད་ལྔ་སྟེ་བཅུ། ཡོང་མ་བཞི་དང་བསྡོམས་པས་བཅུ་བཞི། དེའི་ཡོངས་རྫོགས་ལ་བླ་མས་མིང་གི་མཚོན་པ་བརྗོད་པ་དང་སློབ་མས་སྟོབས་བསྐྱེད་པ་གཉིས་ཏེ་བཅུ་དྲུག་གོ། །སྤྲོས་མེད་ཀྱི་སྤྲོས་མེད་ཀྱི་ཕྱིའི་དབང་ལ་ཨའི་བསྙེན་པས་སྐྱེ་མེད་ཀྱི་ལམ་སྦྱང་བ་དང་།

[p. 327] ཡོངས་སུ་རྫོགས་པ། རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་གཞུག་པ་དང་། བསྒོམས་པ་ངེས་པའི་དཀྱིལ་འཁོར་དུ་མེ་ཏོག་དོར་བ་དང་། ལྷ་ངོ་བསྟན་ཞིང་དབང་བསྐུར་བ་དང་། འབྲས་བུ་བྱ་བྲལ་རྫོགས་པའི་དབང་བསྐུར་བ་དང་བཞི་པོ་ སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་པ་མེད་པའི་ཕྱིའི་ཐ་དབང་ནི། དེ་ལྟར་རིམ་པ་དགུའི་དབང་རྫོགས་ནས། ཁྱད་པར་གྱི་དབང་ལ་འཇུག་པ་ནི། ཕྱག་རྒྱའི་དཀྱིལ་འཁོར་དུ་འཇུག་པ་སྟེ། དེའི་ཕྱི་ལ་རིག་མ་བརྟག་ཅིང་དགུག་པ་རྩ་བཙལ་ཞིང་སློང་བ། བདེ་བ་ བཙལ་བ། རྒྱས་པར་བྱ་བ། དབབ་ཅིང་གཟུང་བ། བཟློག་ཅིང་སྦྱང་བ་དང་དྲུག་གོ། །འདིའི་ནང་གི་དབང་ལ། སྦྱོར་བ་སྙོམས་པར་འཇུག་པ། བྱང་སེམས་ཡི་གེ་གསུམ་གྱི་སྒྲ་དང་བཅས་པ། མེ་ལོང་དུ་བླང་བ། དེ་རྡོ་རྗེ། པདྨ། འཁོར་ལོ་གསུམ་ དུ་དམིགས་ཏེ་སློབ་མའི་ལྕེ་ལ་བཞག་ནས་ལུས་ངག་སྟོང་ས་པར་བྱ་བ་སྟེ་དྲུག་གོ། །དེའི་གསང་བ་བདེ་བ་དང་བྱང་སེམས་དངོས་ཀྱི་བྱིན་རླབས་ལུས་ངག་ཡིད་གསུམ་ལ་བྱ་བ་གསུམ། གསང་བ་དང་གསང་བར་འོས་པ་དང་། གསང་བར་ གཉེར་གཏད་པ་གསུམ་སྟེ་དྲུག་གོ། །དེའི་ཡོངས་སུ་རྫོགས་པ་ཚིག་སྣ་ཚོགས་པས་མཚོན་པ་སྟེ། བརྡའི་ཚིག་དང་། དོན་གྱི་ཚིག་དང་། བརྡ་དོན་དབྱེར་མི་ཕྱེད་པའི་ཚིག་གསུམ་མོ། །དེ་ལྟར་ན་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་ཕྱི་ནང་གསང་ བ་ཡོངས་རྫོགས་བཞི་ལ། བསྐུར་རྒྱུའི་དབང་དྲུག །དེའི་ཕྱི་ལ་སོ་ཤིང་བྲིམ་པ་དང་གཅིག །དེའི་ནང་ལ་མཎྜལ་འབུལ་བ་དང་གཉིས། དེའི་གསང་བ་སྲུང་སྐུད་དང་ཀུ་ཤ་བྱིན་པ་གཉིས་ཏེ་བཞི། དེའི་ཡོངས་རྫོགས་རྨི་ལམ་བརྟག་པ་དང་།

[p. 328] ༄༅། །ཏེ་དྲུག །དེའི་ཡོངས་རྫོགས་ལ་སྤྲོ་བར་གནས་པ་དང་། རང་གི་ལས་ཐོབ་པ་གཉིས་ཏེ་བརྒྱད་དོ། །དེ་ལྟར་སྤྲོས་མེད་ཀྱི་སྤྲོས་བཅས་ལ་བཅུ་དྲུག །དེའི་སྤྲོས་མེད་ལ་བཅུ་གཉིས་ཏེ་ཉེར་བརྒྱད། དེའི་ཤིན་ཏུ་སྤྲོས་ མེད་ལ་བརྒྱད་དེ་སུམ་ཅུ་རྩ་དྲུག །དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དོ། །བསྐུར་བས་ཐོབ་པའི་འབྲས་བུ་བཞི་བཅུ་རྩ་བཞིའོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ཀྱི་ཕྱི་ལ། ལམ་གསལ་བའི་ཕྱིར་བླ་མ་ལ་གསོལ་བ་གདབ་པ་དང་། རྣམ་ཤེས་བརྒྱད་ཀྱི་འཕྲོ་འདུ་བཅད་པའི་ཕྱིར་ཡི་གེ་བརྒྱད་ཀྱི་རྒྱས་གདབ་པ་དང་། ཡིད་ཀྱི་བྱུང་ཚོར་བཀག་ནས་བར་ཆད་ཞི་བའི་ཕྱིར་ཕཊ་ཀྱི་སྒྲ་སྒྲོགས་པ་དང་གསུམ། དེའི་ནང་ལ་གནས་བཙལ་བས་ཕྱོགས་ཀྱི་ངེས་པ་གཟུང་བ་ དང་། བགེགས་བསལ་བའི་ཕྱིར་གཏོར་མ་སྦྱིན་པ་དང་། སེམས་ལ་སྤྲོ་བ་བསྐྱེད་པ་དང་གསུམ། དེའི་གསང་བ་ལ་ལུས་ཀྱི་སྤྱོད་པ་བརྩམ་པའི་ཡུལ་དང་། རྩོམ་པའི་ཐབས་དང་། བརྩམས་པའི་དགོས་པ་དང་གསུམ། དེའི་ཡོངས་སུ་ རྫོགས་པ་ལ་ངག་གི་སྤྱོད་པ་བརྩམ་པའི་ཡུལ་དག། རྩོམ་པའི་ཐབས་དང་།བརྩམས་པའི་དགོས་པ་གསུམ། དེའི་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་སྤྱོད་པ་རྩོམ་པའི་ཡུལ། ཐབས་དགོས་པ་གསུམ། དེའི་ནང་ལ་ལུས་དང་། ངག་དང་། སེམས་ཀྱི་སྡིག་པ་ངེས་པའི་ཡུལ་གསུམ། དེའི་གསང་བ་ལ་ལས་དང་། ངག་དང་། སེམས་ཀྱི་སྡིག་པ་དག་པའི་ཚད་གསུམ། དེའི་ཡོངས་རྫོགས་ལ། ལུས་དང་། ངག་དང་། སེམ་ཀྱི་མ་དག་ན་བཤགས་པའི་ཐབས་གསུམ་སྟེ་བཅུ་

[p. 329] ཨའི་སྒྲུབ་པས་འགག་མེད་ཀྱི་སྣ་བསལ་བ་དང་། ཨའི་འཕྲོ་འདུས་ལུས་ངག་ཡིད་དག་པར་བྱེད་པ་དང་གསུམ་མོ། །དེའི་ནང་ལ་ཁྲུས་ཀྱིས་ངག་བྱའི་ཚུལ་བསྟན་པ། མཎྜལ་ཕུལ་བས་འདོད་པའི་དོན་ཐོབ་པར་བྱ་བ། ལུང་བཅས་པས་བྱ་བ་ལ་ འཇུག་པ་ངོ་ཤེས་པ་དང་གསུམ་མོ། །དེའི་གསང་བ་ལ་དཀྱིལ་འཁོར་དུ་འཇུག་པས། དབྱིངས་ལ་རིག་པ་གཞུག་པའི་གནད་དང་། ལྷ་ངོ་བསྟན་པས་དབྱིངས་རིག་ངོ་སྤྲད་པ་དང་། མིང་གི་དབང་བསྐུར་བས་སངས་རྒྱས་ཀྱི་སྲས་སུ་བྱ་བའོ། ། དེ་ལྟར་གསུམ་དང་། དེའི་ཡོངས་སུ་རྫོགས་པ་ལ་ཕྱི་ཡུལ་དབང་པོའི་ཚིགས་སུ་བཅད་པས་ལུང་བསྟན་པས་ཤེས་པ་དང་ཡུལ་གཉིས་མེད་ཉམས་སུ་མྱོང་བའི་དབང་དང་། ནང་སེམས་གསལ་བའི་ཚིགས་སུ་བཅད་པས་དབུགས་དབྱེད་པས་སྐྱེ་ མེད་ངོས་གཟུང་དང་བྲལ་བའི་དབང་དང་། གསང་བ་ཟུང་འཇུག་པས་མེད་ཀྱི་ཚིགས་སུ་བཅད་པས་གཟེངས་བསྟོད་པས་དབྱིངས་རིག་གཉིས་མེད་བདེ་ཆེན་གྱི་དབང་བསྟན་པ་དང་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འཇུག་པ་ངོ་ངེས་པ་ དང་། ཐོབ་པར་འོས་པ་གཉིས། དེའི་ནང་ལ་སྤྱོད་པར་ངེས་པ་དང་། ལྟ་བར་ངེས་པ་གཉིས་ཏེ་བཞི། དེའི་གསང་བ་ལ་རིགས་འབྱེད་པ་དང་། བདག་ཉིད་དུ་གནས་པ་གཉིས་ཏེ་དྲུག །དེའི་ཡོངས་སུ་རྫོགས་པ་ལ་རྒྱུ་དང་རྐྱེན་གཉིས་ཏེ་བརྒྱད་ དོ། །དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་སེམས་གནས་པ་དང་། ངག་གནས་པ་གཉིས། དེའི་ནང་ལ་ངག་བསྒྱུར་བ་དང་། སེམས་ཐོབ་པ་གཉིས་ཏེ་བཞི། དེའི་གསང་བ་ལ་བདེ་བ་ལུང་བསྟན་པ་དང་། གསང་བ་དབུགས་དབྱུང་བ་གཉིས་

[p. 330] ༄༅། །ཡོངས་རྫོགས་ལ་ནམ་མཁའ་རྒྱ་ཆེ་བར་བརྗོད་པས་དབྱིངས་ལ་འདྲིས་པར་བྱ་བ་དང་། ནམ་མཁའ་ལ་ཕྱག་གིས་བྱུགས་པས་བརྡེ་དོན་ཉམས་དང་འདྲེས་པ་དང་། འགྲོན་འགྲོ་ས་འདུག་གམ། འདུག་ན་འདུག་ས་ འདུག་གམ། སླར་འགྲོ་ས་དང་ལྡོག་ས་འདུག་གམ་གྱི་རྒྱས་གདབ་པ་དང་ལྔ་སྟེ། བཅུ་བཞིའོ། །རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ཀྱི་ཕྱི་ལ་སུ་ཡིན་དྲིས་པས་རིགས་མཚོན་པ་དང་། སེམས་ཀྱི་བུས་ལན་བཏབ་པས་ལམ་ཉེ་བར་འཇུག་པ་དང་ གཉིས། དེའི་ནང་ལ་ཆོས་སྐུའི་འདུག་སྟངས་ཀྱིས་གཞི་བཙལ་བ་དང་། ལོངས་སྐུའི་འདུག་སྟངས་ཀྱིས་ལམ་གསལ་བ་དང་། སྤྲུལ་སྐུའི་འདུག་སྟངས་ཀྱིས་ཕུགས་དཀྲུ་བ་དང་གསུམ། དེའི་གསང་བ་ལ་འདུག་སྟངས་ཐུན་མོང་བ་རྣམས་ཀྱིས་ གནད་བསྟུན་པ་དང་། ཨེ་མ་ལ་སོགས་པས་ཆོས་སྐུའི་དཀྱིལ་འཁོར་དུ་འཇུག་པ་ལུས་ཀྱི་གནད་དང་། ལོངས་སྐུ་དང་སྤྲུལ་སྐུའི་དཀྱིལ་འཁོར་དུ་འཇུགས་པ་ལུས་གནད་བསྟུན་པ་དང་བདུན་ཏེ་དགུའོ། །དེའི་གསང་བ་ལ་སྤྲུལ་སྐུའི་ཞིང་དུ་འཇུག་ པའི་བར་ཏེ་བཅུ་གསུམ། དེའི་ཡོངས་རྫོགས་ལ་ལོངས་སྐུའི་ཞིང་དུ་འཇུག་པ་དང་ལྔ་སྟེ་བཅོ་བརྒྱད་དོ། །དེའི་སྤྲོས་མེད་ཀྱི་ཕྱི་ལ་ཆོས་སྐུའི་ཞིང་ཁམས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། དེའི་ནང་ལ་སྐུ་གསུམ་གྱི་ལྷ་ངོ་བསྟན་པ་གསུམ་སྟེ་དྲུག ། དེའི་གསང་བ་ལ་དེར་གནས་པ་གསུམ་སྟེ་དགུ། དེའི་ཡོངས་རྫོགས་ལ་སླར་མི་ལྡོག་པའི་ས་གསུམ་སྟེ་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་ངོ་བོ་ངེས་ཚིག །དབྱེ་བ་མཚོན་པ་གསུམ། དེའི་ནང་ལ་སེམས་གནས་པ། ཐོབ་

[p. 331] གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འབྲུའི་མཎྜལ་གྱིས་ལོངས་སྤྱོད་འཕེལ་བ་དང་། དྲིས་ཁམས་རྒྱས་པ་དང་། མེ་ཏོག་གིས་དབང་པོ་གསལ་བ་དང་། རིན་པོ་ཆེས་འབྱོར་པ་རྒྱས་པ་བཞིའོ། །དེའི་ནང་ལ་རིགས་བྲིས་པས་བདེ་བ་ཉམས་ སུ་མྱོང་བ་དང་། ཡིན་པར་བརྗོད་པས་སྤྲོ་བ་བསྐྱེད་པ་གཉིས་ཏེ་དྲུག །དེའི་གསང་བ་དཀྱིལ་འཁོར་དུ་འཇུག་པ་ལ། ཤར་སྒོ་ནས་ཞུགས་པས་ལམ་སྟོང་ཉིད་དུ་བསྟན་པ་དང་། ལྷོ་སྒོ་ནས་ཞུགས་པས་སེམས་སྟོང་པ་ཉིད་དུ་ངོ་སྤྲད། ནུབ་སྒོ་ནས་ ཞུགས་པས་ཉོན་མོངས་པ་སྟེང་ཉིད་དུ་རང་གྲོལ། བྱང་སྒོར་ཞུགས་པས་ལས་དང་བག་ཆགས་སྟོང་ཉིད་དུ་མཐའ་ཟད་པ་དང་བཞི་སྟེ་བཅུའོ། །དེའི་ཡོངས་རྫོགས་རིག་པའི་མེ་ཏོག་དོར་བས་སེམས་སེམས་ཉིད་དུ་ཐིམ་པའི་གནད་དང་། དེ་ལས་དབུགས་ དབྱུང་བ་དང་། ལུང་བསྟན་པ་གཉིས་ཏེ་བཅུ་གཉིས་སོ། །དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་ལུས་གནད་སྐྱིལ་ཀྲུང་གིས་གཞི་བཅའ་བ་དང་། ཉི་མ་ལྔ་ལ་སེམས་གཏད་པས་ཡེ་ཤེས་ལྔ་ངོས་ཟིན་པ་དང་། དེའི་འོད་འཕྲོ་བས་སེམས་གསལ་གདབ་པ་དང་ གསུམ། དེའི་ནང་ལ་ཐེ་མཐོ་རྟོག་པ་མེད་པའི་ལམ་བཙལ་བ་དང་། སླར་མི་ལྡོག་པས་མྱ་ངན་ལས་འདས་པའི་སར་གཞི་འཛུགས་པ་དང་། ལན་གསུམ་དུ་བརྗོད་པས་སྐུ་གསུམ་འདུ་འབྲལ་མེད་པའི་ས་ལ་དབྱེར་མེད་པ་དང་གསུམ་སྟེ་དྲུག །དེའི་ གསང་བ་ལ་བླ་མས་བཞེངས་པས་སྣང་སྲིད་ཆོས་ཉིད་དུ་བཞེངས་པའི་གདེང་རྙེད་པ་དང་། ཨ་ཨ་ཞེས་པས་མ་སྐྱེས་ལ་སྐྱེ་བ་མེད་པའི་གནད་བཙལ་བ་དང་། མིག་ལ་མཛུབ་མོ་གཏད་པས་རིག་པ་འཆར་བའི་ལམ་གསལ་བ་དང་དགུའོ། །དེའི་

[p. 332] ༄༅། །འབྲེལ་པས་ཕྱེ་ན། ཁྲི་ཆིག་སྟོང་ཆིག་བརྒྱ་དང་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །དེ་ལྟར་དག་བྱེད་དེ་ཙམ་གྱིས། །དག་བྱ་འགྲོ་བའི་ལུས་མི་འདྲ་བ་བཅུ་གཉིས་ལས་བྱེད་པའི་འགྱུར་གྱིས་རྣམ་པར་ཕྱེ་ན། ཁྲི་ ཕྲག་གཅིག་དང་། སྟོང་ཕྲག་གསུམ་དང་། དྲུག་བརྒྱ་སུམ་ཅུ་རྩ་གཉིས། ཉོན་མོངས་པ་ཡང་དེའི་འགྱུར་བརྩིས་པས་ཁྲི་ཕྲག་གཅིག་དང་ཕྱེད་དང་བདུན་བརྒྱ་སྟེ། དེ་ལས་སྟོང་ཕྲག་གཉིས་དང་དགུ་བརྒྱ་བདུན་ཅུ་རྩ་གཉིས་ལྷག་པ་ནི། ལས་ཀྱི་ མཐའ་ཉེ་བར་སྡུད་པ་ལ་དགོངས་པ་སྟེ། གོང་གི་ལུས་དང་ཉོན་མོངས་པའི་དབྱེ་བ་རྣམས་དག་པར་བྱེད་པའོ། །ཞར་ཁ་དག་བྱ་ནང་གི་རླུང་གི་དབྱེ་བས་དབང་ངེས་པའི་རྣམ་གྲངས་བསྟན་པ་ནི། འབྱུང་བ་བཞིའི་རླུང་གི་རིམ་པས་ཏེ། དེའི་ དག་བྱེད་དབང་བཞི་ལ་རང་ངོའི་དབྱེ་བ་བཅུ་དྲུག་ལས། རེ་རེ་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞིར་ཕྱེ་བས། སྤྲོས་བཅས་ལ་བཅུ་དྲུག །སྤྲོས་མེད་ལ་བཅུ་དྲུག་སྟེ་སོ་གཉིས། ཤིན་ཏུ་སྤྲོས་མེད་ལ་བཅུ་དྲུག་སྟེ་ཞེ་བརྒྱད། རབ་ཏུ་སྤྲོས་མེད་ ལ་བཅུ་དྲུག་སྟེ་དྲུག་ཅུ་རྩ་བཞིས་ནི། རླུང་ལས་རླུང་། ཆུ་རླུང་། མེ་རླུང་། རླུང་གི་རླུང་བཞི་ལ། བྱེར་བ། ཟུག་པ། སྙོམས་པ། འཁྲུག་པ་བཞི་བཞིར་ཕྱེ་བས་བཅུ་དྲུག །དེ་རེ་རེ་ལ་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་སུམ་ཅུ་རྩ་དྲུག་གི་ཕྱེད་པའི་ལས་ དག་པར་བྱེད་པའོ། །སྤྱི་དོན་གསུམ་པ་དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུ་ལ་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གི་འབྲས་བུའོ། །དང་པོ་ལ་ལམ་གྱི་ཡོན་ཏན་སྤྱིར་བསྟན་པ་དང་། རིགས་འཛིན་བཞིའི་ཐོབ་ཚུལ་བྱེ་བྲག་ཏུ་བསྟན་

[p. 333] པ་བརྟན་པ་གསུམ་སྟེ་དྲུག །དེའི་གསང་བ་ལ་སེམས་ཀྱི་གཞི་ལམ་འབྲས་བུ་གསུམ་སྟེ་དགུ། དེའི་ཡོངས་རྫོགས་ལ་སེམས་ཀྱི་འཇུག་པ། ཁྱབ་བྱེད། འགྱུར་དང་གསུམ་སྟེ་བཅུ་གཉིས་སོ། །དེའི་རབ་ཏུ་སྤྲོས་མེད་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱི་ ལ༑ ལུས་ཀྱི་འདུག་སྟངས་བཅུ་གཅིག་གིས་ཐོབ་སྟེ་གནས་པ་དང་། དེའི་ནང་ལ་སེམས་ཀྱི་ས་བཅུ་གཉིས་ཀྱིས་སྲིད་པའི་འཁོར་ལོ་བཅུ་གཉིས་རྒྱུན་གཅོད་པ་དང་ཉོར་གསུམ། དེའི་གསང་བ་ལ་སེམས་ཉིད་སྐྱེ་མེད་དུ་ལྷ་ངོ་བསྟན་པས་ སེམས་བདུན་ལ་དབང་ཐོབ་པས་མ་རིག་པའི་ཁམས་བདུན་རྒྱུན་གཅོད་པ་སྟེ་སུམ་ཅུ། དེའི་ཡོངས་རྫོགས་ལ་མན་ངག་གི་དབྱེ་བ་དྲུག་དང་། ཟག་པ་མེད་པའི་སྡེ་བཞི་སྟེ་བཅུ་གཅིག་དང་བསྡོམས་པས་ཞེ་གཅིག་གོ། །དེ་ལྟར་ན་རབ་ཏུ་སྤྲོས་པ་ མེད་པའི་སྤྲོས་བཅས་ལ་རྣམ་གྲངས་བཅོ་བརྒྱད། དེའི་སྤྲོས་མེད་ལ་བཅུ་གཉིས་ཏེ་སུམ་ཅུ། དེའི་ཤིན་ཏུ་སྤྲོས་མེད་ལ་བཅུ་གཉིས་དེ་ཞེ་གཉིས། དེའི་རབ་ཏུ་སྤྲོས་མེད་ལ་ཞེ་གཅིག་སྟེ་བརྒྱད་ཅུ་རྩ་གསུམ་མོ། །ཤིན་ཏུ་སྤྲོས་པ་མེད་པ་ལ་བཞི་བཅུ་རྩ་བརྒྱད་ དེ་བརྒྱ་སུམ་ཅུ་སོ་གཅིག །སྤྲོས་པ་མེད་པ་ལ་དེའི་སྤྲོས་བཅས་ལ་བཅུ་དྲུག །སྤྲོས་མེད་ལ་བཅུ་གཉིས་ཏེ་ཉེར་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་དྲུག །དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དེ་བཞི་བཅུ་རྩ་བཞི་སྟེ། བརྒྱ་བདུན་ཅུ་རྩ་བཞི། སྤྲོས་ བཅས་ལ་བརྒྱ་དང་བཅོ་ལྔ་སྟེ་ཉིས་བརྒྱ་བཞི་བཅུ་རྩ་དགུའོ། །དེ་ཡང་སྐུ་གསུང་ཐུགས་འབྱེར་མེད་པ་དང་བཞི་ལ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། མ་ངེས་པའི་དུས་བཞིར་བྱས་ཏེ། དབང་ཉིས་བརྒྱ་བརྒྱད་ཅུ་རྩ་དགུ་པོ་དེ་བཞིར་

[p. 334] ༄༅། །འོད་གསལ་དུ་གྲོལ་བ། དེའི་ཆོད་པ་བག་ཆགས་དང་ཉོན་མོངས་གྲོལ་བའོ། །ཆོད་པའི་མོས་པ་སྤྱོད་པས་འཁོར་བ་ལ་མི་གནས་པ། དེའི་འཇུག་པ་བསྒོམས་པས་བསམ་གཏན་ལ་གནས་པ། དེའི་བསྒྱུར་བ་ལྟ་ བས་འཁྲུལ་སྣང་ལ་མི་གནས་པར་ཁམས་གསུམ་སྐུ་གསུམ་དུ་བསྒྱུར་བ། དེའི་ཆོད་པ་འབྲས་བུ་འཁོར་འདས་གཉིས་དུས་གཅིག་ལ་ཆོད་པའོ། །དེ་ལྟར་བཅུ་དྲུག་དང་དབང་གི་ང་རོ་བཅུ་དྲུག་པོ་དེ་བསྡོམས་པས་སུམ་ཅུ་རྩ་གཉིས་ལ། ས་བཅུ་ དྲུག་ལ་ཡེ་ཤེས་གནས་པ། སྐྱེ་བ། ཐོབ་པ། འཆར་བ་བཞི་བཞིར་དབྱེ་བས་དྲུག་ཅུ་རྩ་བཞི་ནི་རྡོ་རྗེ་འཆང་གི་ས་མཆོག་རྫོགས་པར་བྱེད་པའོ། །དབང་གི་ང་རོ་བཅུ་དྲུག་ལ་སྦྱར་བས་མཚན་སུམ་ཅུ་རྩ་གཉིས་འགྲུབ་པའི་རྒྱུ་བྱེད་པའོ། ། གཉིས་པ་རིགས་འཛིན་གྱི་ས་བཞིའི་ཐོབ་ཚུལ་ནི། དབང་བཞིའི་འཇུག་པ་རྗེས་སུ་དྲན་པ་ལས་རིགས་འཛིན་གྱི་ས་བཞི་སྟེ། རྣལ་འབྱོར་གྱི་ས་དང་། རྣལ་འབྱོར་ཆེན་པོའི་ས་དང་། འབྱེད་པའི་རྣལ་འབྱོར་གྱི་ས་དང་། རྟོགས་པའི་རྣལ་འབྱོར་ གྱིས་དང་བཞི་ལས། དབང་དུ་བསྒྱུར་བ་དང་མ་བསྒྱུར་བ་གཉིས་གཉིས་ཏེ་བརྒྱད་དུ་ངེས་སོ། །དེ་ལ་ཡང་ཆ་ཤས་ཀྱིས་བཞི་བཞིར་ཕྱེ་ན། རྣལ་འབྱོར་གྱི་ས་ལའང་། རྣལ་འབྱོར་དང་། བྱ་བའི་རྣལ་འབྱོར་དང་། སྤྱོད་པའི་རྣལ་འབྱོར་ དང༑ བསྒྱུར་བའི་རྣལ་འབྱོར་དང་བཞིའོ། །རྣལ་འབྱོར་ཆེན་པོ་ལ་ཤིན་ཏུ་རྣལ་འབྱོར་གྱི་ས་དང་། རང་ས་ངེས་པའི་རྣལ་འབྱོར་གྱི་ས་དང། སྤྲོས་པའི་རྣལ་འབྱོར་གྱི་ས་དག། བྱ་བྲལ་རྫོགས་པའི་རྣལ་འབྱོར་གྱིས་སྟེ་བཞིའོ། །འབྱེད་

[p. 335] པའོ། །དང་པོ་ནི་སྤྲོས་བཅས་ཀྱིས་ཚོགས་ལམ་བཅུ་གཉིས་རྫོགས་པའི་ཡོན་ཏན་འཐོབ་པའི་རྟེན་བྱེད། སྤྲོས་མེད་ཀྱིས་སྦྱོར་ལམ་ངེས་འབྱེད་ཆ་བཞི་རྫོགས་པའི་རྟེན་བྱེད། ཤིན་ཏུ་སྤྲོས་མེད་ཀྱིས་མཐོང་ལམ་རྫོགས་པའི་རྟེན་བྱེད། རབ་ཏུ་སྤྲོས་མེད་ ཀྱིས་སྒོམ་ལམ་ས་དགུ་རྫོགས་པའི་རྟེན་བྱེད་པའོ། །དེ་བཞིན་དུ་མོས་པའི་ས་དང་འཇུག་པའི་ས་དང་བསྒྱུར་བའི་ས་དང་ཆོད་པའི་ས་བཞི་དབང་བཞི་རེ་རེ་ལ་སྦྱར་བས་ས་བཅུ་དྲུག་གི་ཡོན་ཏན་རྫོགས་པས་ཐུན་མོང་གི་ཡོན་ཏན་རྫོགས་པའི་རང་བཞིན་ཐོབ་ པའོ། །དེ་ཡང་སྤྲོས་བཅས་ཀྱི་སྤྲོས་བཅས་མོས་པ་དང་ལྡན་པའི་ས་སྟེ་གདུང་བ་དང་བསོད་ནམས་ཀྱི་ཁྱད་པར་རོ། །དེའི་སྤྲོས་མེད་འཇུག་པ་དག་པའི་ས་སྟེ་དད་པས་ངེས་པ་ལ་བརྟེན་ནས་རང་དབང་ཅན་དུ་འཇུག་པའོ། །དེའི་ཤིན་ཏུ་སྤྲོས་མེད་དངོས་པོ་ དག་པར་བསྒྱུར་བའི་ས་སྟེ་ལུས་ངག་གི་བཅིངས་པ་ལ་མི་གནས་པའོ། །དེའི་རབ་ཏུ་སྤྲོས་མེད་ལས་ཀྱི་མཐའ་ཆོད་པའི་ས་སྟེ། སྤྲོས་པ་དང་འཁོར་བ་ལ་མི་གནས་པའོ། །དེ་བཞིན་དུ་དབང་ལྷག་མ་གསུམ་ལའང་སྦྱར་ཏེ། མོས་པ་ལ་སོགས་ པའང་བཞི་བཞིར་སྦྱར་ན། མོས་པའི་མོས་པ་དད་པས་ངེས་པ། མོས་པའི་འཇུག་པ་སྙིང་རྗེ་ངེས་པ། མོས་པའི་བསྒྱུར་བ་ཐབས་ཀྱིས་ཟིན་པ། མོས་པའི་ཆོད་པ་ཤེས་རབ་ཀྱིས་དོན་ཆོད་པའོ། །འཇུག་པའི་མོས་པ་ཞི་གནས་ལ་མོས་པ། དེའི་འཇུག་ པ་ལྷག་མཐོང་ལ་འཇུག་པ། དེའི་བསྒྱུར་བ་མཉམ་གཞག་གི་རྟོགས་པ་ཐ་དད་དུ་བསྒྱུར་བ། དེའི་ཆོད་པ་རྗེས་ཤེས་ཀྱི་འགྱུ་བ་ཆོད་པའོ། །བསྒྱུར་བའི་མོས་པ་གོས་ཀྱི་ཞེན་པ་གྲོལ་བ། དེའི་འཇུག་པ་ཟས་ཀྱི་ཞེན་པ་གྲོལ་བ། དེའི་བསྒྱུར་བ་རྨི་ལམ་

[p. 336] ༄༅། །བའི་བསམ་པ་གཞན་དུ་བསྒྱུར་བ་དང་། འཇིག་རྟེན་སྦྱོང་བའི་ལྷའི་རྒྱལ་པོ་རྣམས་སྒོལ་བར་ནུས་པ་དང་། མཁའ་འགྲོ་མའི་ཡིད་འཕྲོག་པར་ནུས་པ་དང་། འགྲོ་བ་བརྒྱ་སྒྲོལ་ཞིང་བསྒྲལ་བ་རྣམས་གསོ་བར་ ནུས་པ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་གྱི་བུ་མོ་ལ་རོལ་པར་ནུས་པ་དང་། དབང་ཕྱུག་ཆེན་པོ་ལ་སོགས་པའི་འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ཀྱི་སྟོབས་ཉམས་པར་ནུས་པ་དང་བདུན་ནི་དབང་བསྐུར་བའི་དུས་སུ་སེམས་བསྐྱེད་པ་ ལས་བྱུང་བའོ། །ས་བཞི་པ་ལ་ནམ་མཁའ་རྡོ་རྗེར་བསྒྱུར་བར་ནུས་པ་དང་། མེ་ཆུར་བསྒྱུར། ཆུ་མེར་བསྒྱུར། ས་མེར་བསྒྱུར། ས་ཆུར་བསྒྱུར། རླུང་མེར་བསྒྱུར། མེ་རླུང་དུ་བསྒྱུར་བར་ནུས་པ་དང་བདུན་ནི་ཡི་གེ་སྤྲོ་བསྡུ་བསྒོམས་པ་ལས་ བྱུང་བའོ། །ས་ལྔ་པས་ནི་ནམ་མཁའ་བདུན་པ་ལ་དབང་བསྒྱུར་བར་ནུས་ཏེ་སྟོང་ཉིད་བསྒོམས་པ་ལས་བྱུང་བའོ། །ས་དྲུག་པས་མེ་བདུན་ལ་དབང་བསྒྱུར་བ་ནི། སྔོན་དུ་དབང་གི་ཤེས་བྱེད་ལས་བྱུང་བའོ། །ས་བདུན་པས་ས་གཅིག་ནས་ གཉིས་སུ་བྱས་པའི་བདུན་ལ་དབང་བ་ནི་འབྱུང་བ་རིམ་བརྩེགས་བསྒོམས་པ་ལས་བྱུང་བའོ།།ཡང་ཆུ་བདུན་ལ་དབང་བ་ནི་སྔོན་འགྲོ་སོང་བ་ལས་བྱུང་བའོ། །ས་བརྒྱད་པས་རླུང་བདུན་ལ་དབང་བ་ནི་འཁོར་ལོ་བཞིའི་རླུང་སྦྱངས་པ་ལས་བྱུང་ བའོ༑ ༑ས་དགུ་པས་བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་བསྐྱོད་ནུས་པ་ནི་སྦྱོར་བ་སྔོན་དུ་སོང་བ་ལས་བྱུང་བའོ། ས་བཅུ་པས་ཆོས་སུ་བྱ་བ་བདུན་ལ་དབང་བ་ནི་ལྷ་བསྒོམས་པ་ལས་བྱུང་བའོ།ས་བཅུ་གཅིག་པས་རྟ་སྤྲིན་ཀྱི་ཤུགས་ཅན་བདུན་

[p. 337] པའི་རྣལ་འབྱོར་གྱིས་ལ། བདེའི་ས་དང་། དོན་གྱིས་དང་། བརྡ་དོན་དབྱེར་མེད་ཀྱི་ས་དང་། མ་འདྲེས་པའི་ས་སྟེ་བཞིའོ། །རྟོགས་པའི་རྣལ་འབྱོར་གྱི་ས་ལ། རྫུ་འཕྲུལ་འཕྲུལ་པའི་ས་དང་། ཁྱད་པར་རྟོགས་པའི་ས་དང་། མངོན་པར་འབྱུང་ བའི་ས་དང་། དཔའ་བོ་རིགས་འབྱེད་ཀྱི་ས་དང་བཞི་སྟེ་བསྡོམས་པས་ས་བཅུ་དྲུག་གོ། །དེ་ལྟར་ས་བཅུ་དྲུག་ལས། ས་དང་པོ་ལ་ཤེས་བྱེད་ཀྱི་རྫུ་འཕྲུལ་བདུན་ནི། རང་གི་ལུས་བརྒྱ་སྟོང་དུ་སྤྲུལ་པ་དང་། དེ་དག་ལ་ཡན་ལག་བརྒྱ་སྟོང་དུ་ སྤྲུལ་པ་དང་། ལུས་གཅིག་ལ་མགོ་བརྒྱ་སྟོང་དུ་སྤྲུལ་པ་དང་། ལུས་བརྒྱ་སྟོང་ལ་མགོ་གཅིག་པར་སྤྲུལ་པ་དང་། མགོ་གཅིག་ལ་ལུས་མི་འདྲ་བ་བརྒྱ་སྟོང་སྤྲུལ་ནས་དེ་ལས་སྤྲུལ་པ་འབྱེད་པ་སྟེ་ལྔ་དང་། ལུས་ལ་མགོ་དང་ཡན་ལག་མི་འདྲ་བ་དེ་དག་ ཏུ་མེད་པར་སྤྲུལ་པ་དང་དྲུག །སྐྱེ་བ་སྣ་ཚོགས་པར་སྤྲུལ་པ་དང་བདུན་ནི་དབང་དུ་གྱུར་པའི་ས་རྟོགས་པ་ལས་བྱུང་བའོ། །ས་གཉིས་པ་ལ་རང་གི་ཁོག་པ་ཁ་ཕྱེ་ནས་གློ་སྙིང་རྣམས་གཞན་ལ་སྟོན་པར་ནུས་པ་དང་། ལུས་ཀྱི་སྟོད་ནས་མེ་འབར་ བ་ལ་སྨད་ནས་ཆུ་འབྲུ་བ་བར་ནུས་པ་དང་། ཡན་ལག་བཅད་ནས་ཕྱོགས་བཞིར་འཐོར་བར་ནུས་པ་དང་། མིག་ལ་སོགས་པའི་དབང་པོ་ལྔ་ཐང་ལ་ལྷུང་བར་ནུས་པ་དང་། ལུས་ཀྱི་སྟོབས་ཀྱིས་རི་བོ་འཕེན་པར་ནུས་པ་དང་། ཕྱིའི་རྒྱ་མཚོ་ ཆེན་པོ་ནམ་མཁའ་ལ་སྤར་བར་ནུས་པ་དང་། གཟའ་སྐར་རྣམས་ཐང་ལ་ལྷུང་བར་ནུས་པ་དང་བདུན་ནི་དབང་གི་དུས་སུ་ཡན་ལག་བདུན་སྔོན་དུ་སོང་བ་ལས་བྱུང་བའོ། །ས་གསུམ་པ་ལ་རླུང་ཞགས་པར་འཆིང་བར་ནུས་པ་དང་། འགྲོ་

[p. 338] ༄༅། །ཚེ་དབང་ནི་བསྐལ་པ་ཆེན་པོ་གཅིག་ན་རྫུ་འཕྲུལ་སྦྱངས་ནས་རྡོ་རྗེ་འཆང་གིས་འཐོབ་བོ། །ཕྱག་རྒྱ་ཆེན་པོ་ནི་ལོ་བརྒྱ་ན་རྡོ་རྗེ་འཆང་གིས་འཐོབ་པོ། །ལྷུན་གྲུབ་ནི་ལོ་སྟོང་ན་རྡོ་རྗེ་འཆང་གིས་འཐོ་བ་སྟེ། འཕྲིན་ལས་བཞིས་དོན་གཉིས་མཛད་པའི་ཕྱིར་རོ། །འཕྲིན་ལས་བཞི་ནི། ཞི་བ། རྒྱས་པ། དབང་། དྲག་པོའོ། །དེ་ལ་སྤྲོས་བཅས་ཀྱིས་ཞི་བའི་ལས་བྱེད་དེ་དངོས་པོ་ལུས་སེམས་ཀྱི་བར་ཆད་མངོན་གྱུར་དང་། དངོས་མེད་དྲི་མ་ཕྲ་རགས་གཉིས་ཞི་བར་བྱེད་པའོ། །དབྱེ་ན་ཞི་བའི་ཞི་བ་ཤེས་པ་དང་རླུང་། ཞི་བའི་རྒྱས་པ་ཚེ་དང་བསོད་ནམས། ཞི་བའི་དབང་ལུས་ངག་གི་ནུས་པ། ཞི་བའི་དྲག་པོ་གཉིས་ཞི་ནས་གཅིག་ཏུ་གནས་པའོ། ། སྤྲོས་མེད་ཀྱིས་རྒྱས་པའི་ལས་འགྲུབ་པོ། །དབྱེ་ན་རྒྱས་པའི་ཞི་བ་རྣམ་རྟོག་ངན་པ་ཟད་པ། རྒྱས་པའི་རྒྱས་པ་ཚེ་དང་བསོད་ནས་འཁོར་དང་ལོངས་སྤྱོད་ཉམས་དང་བྱིན་བརླབས་སོ། །རྒྱས་པའི་དབང་ཇི་ལྟར་འདོད་པའི་བསྒྲུབ་ བྱ་རྒྱས་པ། རྒྱས་པའི་དྲག་པོ་ལུས་ངག་སེམས་ཀྱི་ནུས་པ་རྫོགས་པའོ། །ཤིན་ཏུ་སྤྲོས་མེད་ཀྱིས་དབང་གི་འཕྲིན་ལས་འགྲུབ་པོ། །དབྱེ་ན་དབང་གི་ཞི་བ་ལུས་ངག་ཡིད་ཀྱི་བར་ཆད་ཞི་བ། དབང་གི་རྒྱས་པ་ལྟ་སྒོམ་སྤྱོད་འབྲས་ རྒྱས་པ། དབང་གི་དབང་མི་དང་མི་མ་ཡིན་རྣམས་འདུས་པ། དབང་གི་དྲག་པོ་དགུག་པ་ལ་སོགས་པ་འགྲུབ་པའོ། །རབ་ཏུ་སྤྲོས་པ་མེད་པས་དྲག་པོའི་འཕྲིན་ལས་འགྲུབ་པའོ། །དབྱེ་ན་དྲག་པོའི་ཞི་བ་དགུག་པ་དང་

[p. 339] སྤྲུལ་ནུས་པ་ནི་བརྩོན་འགྲུས་བརྩམས་པ་ལས་བྱུང་བའོ། །བཅུ་གཉིས་པས་དགེ་སློང་བསིལ་བྱེད་ཅན་བདུན་སྤྲུལ་ནུས་པ་ནི་དམ་ཚིག་དང་སྡོམ་པས་གནས་པ་ལས་བྱུང་བའོ། །བཙུ་གསུམ་པས་ལྷའི་གཞལ་མེད་ཁང་བདུན་སྤྲུལ་ནུས་པ་ནི་ གཞལ་ཡས་ཁང་བསྒོམས་པ་ལས་བྱུང་བའོ། ། བཙུ་བཞི་པས་འཇིག་རྟེན་གྱི་ཁམས་བདུན་སྤྲུལ་ནུས་པ་ནི་བླ་མ་མཉེས་པར་བྱས་པ་ལས་བྱུང་བའོ། །བཅོ་ལྔ་པས་ཡི་དམ་གྱི་ལྷ་བདུན་སྤྲུལ་ནུས་པ་ནི་ཡི་དམ་བསྒོམས་པ་ལས་བྱུང་བའོ།། བཅུ་ དྲུག་པས་ལྷ་མོ་བདུན་སྤྲུལ་ཞིང་གཟུགས་སོགས་ཡུལ་དྲུག་གི་དག་བྱེད་ལ་ལོངས་སྤྱོད་ལ། འགྲོ་དྲུག་གི་སྐྱེ་གནས་སྟོན་པར་ནུས་པ་དང་བཅུ་དགུ་ནི་དབང་རྣམས་རྫོགས་པ་ལས་བྱུང་བའོ། །དེ་ལྟར་ས་བཅུ་དྲུག་ལ་རྫུ་འཕྲུལ་ བརྒྱ་ཐམ་པ་འབྱུང་བ་ནི་རིགས་འཛིན་གྱི་ས་ཞེས་བྱའོ། །མིང་གི་རྣམ་གྲངས་གཞན་རྣམ་པར་སྨིན་པ་དང་། ཚེ་ལ་དབང་བ་དང་། ཕྱག་རྒྱ་ཆེན་པོ་དང་། ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ། རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། འབྱེད་ པའི་རྣལ་འབྱོར་དང་། རྟོགས་པའི་རྣལ་འབྱོར་ཏེ་རིམ་པ་བཞིན་ནོ། །དེ་ཡང་རྣམ་པར་སྨིན་པའི་རིགས་འཛིན་ནི་སེམས་ལྷའི་སྐུར་སྨིན་ཡང་ལུས་མ་སྨིན་པས་བར་དོར་གྲོལ་བའོ། །ཚེ་དབང་ནི་དེ་ཉིད་ལ་གྲོལ་བའོ། །ཕྱག་རྒྱ་ཆེན་ པོ་ནི་ལུས་སེམས་ལྷར་སྨིན་པའོ། །ལྷུན་གྲུབ་ནི་རང་གཞན་གྱི་དོན་གཉིས་གྲུབ་པའོ། །འདི་དག་ལ་ས་བཅུ་དྲུག་པོ་དེ་སྔ་མ་བཞིན་སྦྱར་ཏེ་ཡོན་ཏན་ཤེས་པར་བྱའོ། །རྣམ་སྨིན་ནི་བར་མ་ཆད་ན་ཚེ་དེ་ལ་ཚེ་དབང་ཐོབ་ནས་འབྲས་བུ་ཐོབ་པའོ།།

[p. 340] ༄༅། །སྤྲོས་མེད་ཀྱིས་ཆོས་ཉིད་ཟད་པའི་སྣང་བ་སྟེ། དེ་དག་རེ་རེ་ཞིང་ཕྱི་སྣང་བའི་ཡོན་ཏན་རེ་དང་། ནང་ཉམས་ཏིང་ངེ་འཛིན་རེ་དང་། གསང་བ་ལྷ་དགོངས་ཁྱད་པར་ཅན་རེ་དང་། ཡོངས་རྫོགས་བསྟན་པའི་ཚད་ རེ་འོ་བ་ནས། ཟབ་བཅས་མི་སྣང་བར་སངས་རྒྱས་ཀྱི་ས་ལ་སྦྱོར་བའོ། །འདི་དག་ནི་ཐུན་མོང་དུ་གནས་སྐབས་ཀྱི་ཡོན་ཏན་ནོ། །གཉིས་པ་མཐར་ཐུག་གི་འབྲས་བུ་ནི། མགོན་པོ་རྡོ་རྗེ་འཆང་གིས་སྟེ། སྐུ་གསུང་ཐུགས་མི་ཕྲད་པ་རྒྱན་ གྱི་འཁོར་ལོའི་ཡོན་ཏན་རྫོགས་པར་ཐོབ་པའོ། །དབྱེ་ནས་བྱུང་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཞིང་ཁམས་མདོར་བསྡུ་ན། བསམ་གྱིས་མི་ཁྱབ་པའི་དབྱེ་བ་རྒྱས་པར་བཤད། མངོན་པར་ཤེས་པ་མཐའ་ཡས་པས་ དབང་བསྒྱུར་བའོ། །དང་པོ་ནི་དབང་མཐར་ཕྱིན་པའི་འབྲས་བུ་བཞི་ལ་ཐེགས་བཞི་དང་ཚད་བཞི་སྟེ། བཅུ་གཉིས། སྨིན་སོ་སྐུ་བཞི་སྟེ་བཅུ་དྲུག །ཡེ་ཤེས་བཞི་སྟེ་ཉི་ཤུ། ཡེ་ཤེས་ཀྱི་འོད་ཟེར་བཞི་སྟེ་ཉེར་བཞི། འོད་ཀྱིས་དབྱེ་ བའི་སྤྲུལ་པ་བཞི་སྟེ་ཉེར་བརྒྱད། སྤྲུལ་པའི་གདུལ་ཞིང་བཞི་སྟེ་སུམ་ཅུ་རྩ་གཉིས་སུ་སྨིན་པས་དེ་ལ་འབྱུང་བ་ནི། ལམ་དུ་དབང་སུམ་ཅུ་རྩ་གཉིས་ཐོབ་པ་ལས་བྱུང་བའོ། །དེ་ཡང་སྐུ་བཞི་ལ་གཞི་གནས་ཀྱི་ཡེ་ཤེས། མཚན་ཉིད་འཛིན་ པའི་ཡེ་ཤེས། ཐམས་ཅད་མཁྱེན་པའི་ཡེ་ཤེས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བཞི་བཞི་བརྩིས་པས་འབྱུང་དང་། ཡེ་ཤེས་ཀྱི་མཁྱེན་པ་བཞི་བཞི་བརྩིས་པས་བཅུ་དྲུག་སྟེ་སུམ་ཅུ་རྩ་གཉིས་ནི་སྐུ་དང་ཡེ་ཤེས་ཀྱི་རྣམ་གྲངས་

[p. 341] བཅིང་བའི་ལས་སོ། །དྲག་པོའི་རྒྱས་པ་དབྱེ་བ་དང་བསྐྲད་པ། དྲག་པོའི་དབང་ཚུར་ལ་བླ་ན་ཀ་མི་རྙེད་པ། དྲག་པོའི་དྲག་པོ་སྦ་བཀོང་བ་དང་བསང་བ་ལ་སོགས་པ་འགྲུབ་པའོ། །དེ་ལྟར་བཅུ་དྲུག་ནི་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་ སོགས་པ་དང་པོའི་དབྱེ་བ་བཅུ་དྲུག་གི་འབྲས་བུའོ། །དེ་ཡང་རྣམ་པར་འཕྲུལ་པས་དབྱེ་ན། ལུས་མི་འདྲ་བའི་གྲངས་བཞིན་དག་བྱེད་ཀྱང་དེ་ཙམ་ཡོད་པ་ནི་འཕྲིན་ལས་ཀྱི་གྲངས་སོ། །གཞན་ཡང་གནས་སྐབས་སུ་ཐོབ་པ་ནི། སྤྲོས་བཅས་ ཀྱི་དབང་གིས་ལུས་ཀྱི་ཡོན་ཏན། ཚེ་རིང་བ་དང་། ནད་མེད་པ་དང་། འགྲོ་བ་བྱམས་པ་དང་། བསོད་ནམས་དང་ལྡན་པ་དང་། རྫུ་འཕྲུལ་འགྲུབ་པ་དང་། ལུས་ཀྱི་རྡུལ་ཕྲན་མཐོང་བ་ལ་སོགས་པའོ། །སྤྲོས་མེད་ཀྱིས་ཆོས་ཀྱི་འཁོར་ལོ་ བསྐོར་བ་དང་། གཞན་གྱི་ནར་སྙན་པ་དང་། བསྒོ་བ་བཞིན་ཉན་པ་དང་། བཀའ་བསྟན་བཅོས་ལ་དབང་བ་དང་། མི་མ་ཡིན་པའི་སྐད་ཤེས་པ་ལ་སོགས་པའོ། །ཤིན་ཏུ་སྤྲོས་མེད་ཀྱིས་ཡིད་དག་པ་དང་། ཏིང་ངེ་འཛིན་དང་རིག་པ་དང་། གང་བསམས་མོས་ཉིད་དུ་འཆར་བ་དང་། དུས་བཞི་དུས་གཅིག་ཏུ་རྟོགས་པ་དང་། འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ལ་སོགས་པའོ། །རབ་ཏུ་སྤྲོས་མེད་ཀྱིས་སེམས་ལས་སུ་རུང་བ་དང་། མངོན་པར་ཤེས་པ་དང་། ཚེ་དཔག་ཏུ་མེད་ པར་བྱིན་གྱིས་རློབ་པ་ལ་སོགས་པའོ། །ཁྱད་པར་དུ་དབང་བཞིས་སྣང་བ་བཞིའི་ཡོན་ཏན་ཐོབ་པ་ནི། སྤྲོས་བཅས་ཀྱིས་ཆོས་ཉིད་མངོན་སུམ་གྱི་སྣང་བ། སྤྲོས་མེད་ཀྱིས་ཉམས་གོང་འཕེལ། །ཤིན་ཏུ་སྤྲོས་མེད་ཀྱིས་རིག་པ་ཚད་ཕེབས། རབ་ཏུ་

[p. 342] ༄༅། །བཞིའི་ས་བོན་བཞི་དང་། འབྲས་བུ་བཞི་སྟེ་བརྒྱད་སྨིན་པ་ལས་བྱུང་བའོ། །ལོངས་སྐུའི་སྟོན་པ་རྣམ་པར་སྣང་མཛད་གང་ཆེན་མཚོ། གནས་རྣམ་དག་སྟུག་པོ་བཀོད་པ། བསྟན་པ་རང་བྱུང་གི་ ཡི་གེ་དྲུག་གི་རང་སྒྲ་ལྗགས་ཀྱི་འོད་ཟེར་ལས་འཕྲོ་བ་བསྟན་པའི་བུ་གཅིག །འཁོར་ཉིད་ལས་མི་གཞན་པ་རིགས་བཞིའི་སངས་རྒྱས། དུས་རང་བཞིན་རྣམ་དག་ཆེན་པོ། ཞིང་ཁམས་ཕྱག་མཉམ་གཞག་གི་མཐེལ་ན། ཡས་མར་བརྩེགས་ པའི་ཉི་ཤུ་རྩ་ལྔ། སྐྱེལ་ཀྲུང་མན་ཆད་ལ་བཅུ་དྲུག །དེ་དག་ཀྱང་ཡས་མན་དུ་བལྟས་པས་རྒྱ་དེབ་བརྩེགས་པ་ལྟ་བུར་བར་ན་རྣམ་དག་གི་ནམ་མཁས་བཅད་ནས་གནས་ལ། ཕན་ཚུན་ནི་ཟ་འོག་གི་གུར་ཁྱིམ་བཀྲམ་པ་དང་འདྲ་སྟེ། སོ་སོའི་ ལྷ་གསར་རི་དང་མཚོས་བར་བཅད་དེ་གནས་སོ། །ཆོས་ནི་རང་གི་ངོ་བོ་རྣམ་དག་ཆེན་པོའི་ཆོས་ལ་སྤྱོད་པའོ། །འཐད་པ་ནི་འོད་དང་ཁ་དོག་སྐུ་དང་ཡེ་ཤེས་ལ་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །དེ་ཡང་འོད་ཟེར་གྱི་སྦྱོར་བ་དག་ པ་ཡང་གྱི་ཞལ་ནས་ཞུགས་ཏེ་གསང་བའི་གནས་ནས་ཡུམ་གྱི་མཁའ་ལ་འཐེན་ནས་སྤྲུལ་པ་འགྱེད་པ་སྟེ། ཕུན་སུམ་ཚོགས་པ་ལྔ། ཞིང་དང་སྤྲུལ་པ་གཉིས་ཏེ་བརྒྱད་དོ། །དེ་ཡང་དབང་བརྒྱད་ཀྱི་འབྲས་བུའོ། །སྤྲུལ་པ་སྐུའི་སྟོན་པ་ དྲུག་པ་རྡོ་རྗེ་འཆང་། གནས་ལྕང་ལོ་ཅན་ཏེ་འོག་མིན་གྱི་མིང་གི་བྱེ་བྲག་གོ། བསྟན་པ་རང་བཞིན་རྫོགས་པ་ཆེན་པོ། འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ། དུས་སྐུས་འདུལ་བའི་དུས། ཞིང་ཁམས་རྒྱ་ཆེ་བ་ཚངས་

[p. 343] སུམ་ཅུ་རྩ་གཉིས་ཞེས་བྱའོ། །འདི་དག་རྫོགས་པ་ནི་རྡོ་རྗེ་འཆང་གིས་བཅུ་དྲུག་མཛད་པ་ཡེ་ཤེས་ཀྱི་ཡུལ་བཅུ་དྲུག་དང་བཅས་པའོ། །ཡེ་ཤེས་ཀྱི་སྣང་བའི་རང་འོད་ལྔ་ལས་ཞིང་ལྔའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པ་ནི། འོད་མཐིང་གའི་ཀློང་ན་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རྫོགས་པའོ། །དེ་བཞིན་དུ་དཀར་པོས་མི་བསྐྱོད་པ། སེར་པོས་རིན་ཆེན་འབྱུང་ལྡན། དམར་པོས་སྣང་བ་མཐའ་ཡས། ལྗང་གུས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་དུ་ལྷུན་ གྱིས་གྲུབ་པའོ། །དཀྱིལ་འཁོར་དེ་དག་ལས་གདུལ་བྱའི་ཞིང་དུ་འཕྲིན་ལས་བཞིའི་སྤྲུལ་པ་འགྱེད་ལ། གདུལ་ཞིང་ཤར་ཕྱོགས་མངོན་པར་དགའ་བ། ལྷོ་དཔལ་དང་ལྡན་པ། ནུབ་པདམ་བརྩེགས་པ། བྱང་ལས་རབ་རྫོགས་ པ་བཞིས་འགྲོ་བ་སྨིན་པར་བྱེད་དོ། །གཉིས་པ་བསམ་གྱིས་མི་ཁྱབ་པའི་དབྱེ་བས་རྒྱས་པར་བཤད་པ་ནི། སྐུ་བཞིའི་ཞིང་ཁམས་ཕུན་སུམ་ཚོགས་པ་ལྔ་ལྔ་རེ་དབྱེ་བ་ལས། དང་པོ་ཆོས་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་ པོ༑ གནས་ཆོས་ཀྱི་དབྱིངས། བསྟན་པ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བསྟན་པ། འཁོར་འདུས་མ་བྱས་པ། དུས་ཆོས་ཉིད་ལ་འཕོ་འགྱུར་མེད་པ་དང་ལྔ་ནི་ཆོས་སྐུར་འཇོག་པའི་འཐད་པ་ནི། ཞིང་ཁམས་རྣམ་པར་དག་པ་དེ་ ཉིད་དང་བརྗོད་དུ་མེད་པ། ཆོས་བརྗོད་དུ་མེད་པ། འབྱང་ཐེད་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཀྱི་སྒོ་ནས་ཆོས་སྐུ་ཞེས་བརྗོད་པའོ། །ཕུན་སུམ་ཚོགས་པ་ལྔ། བརྗོད་དུ་མེད་པ་དང་། ལྷུན་གྱིས་གྲུབ་པ་གཉིས་ཏེ་བརྒྱད་ནི། དབང་

[p. 344] ༄༅། །པ་དང་བརྒྱད་དོ། །དེ་དག་གི་ཞར་ལ་ཞི་བའི་སྐུའི་སྟོན་པ་རང་ཤེས་རིག་གི་རྒྱལ་པོ་འདུས་མ་བྱས་པ་གནས་ཙིཏྟ་རིན་པོ་ཆེའི་གཞལ་མེད་ཁང་། བསྟན་པ་རྩ་རླུང་ཐབས་ཀྱི་མན་ངག ། འཁོར་ཡེ་ཤེས་ལྔ་དང་། རླུང་ལྔ་དང་། ཤེས་རབ་ལྔ་དང་། འོད་ལྔ་དང་། སྐུ་ལྔ་དང་། རིགས་ལྔའོ། །དུས་ལུས་དང་སེམས་འཇོམ་པའོ། །ཞིང་ཁམས་འགྲོ་བ་འདུལ་བ། ཆོས་འདོད་པ་དང་མྱ་ངན་ལས་འདས་པ། འཐད་ པ་དེ་ལྔ་བརྟེན་ནས་ལུས་སེམས་སྡུག་བསྔལ་ཞི་བས་ན་ཞི་བའི་སྐུར་འཐད་དོ། །ལས་ཁམས་གསུམ་ལས་གྲོལ་བར་བྱེད་པ་སྟེ་བརྒྱད་དོ། །ཁྲོ་བོའི་སྐུའི་སྟོན་པ་ཡེ་ཤེས་ཀྱི་ཧེ་རུ་ཀ་ལྔ། གནས་བྷན་དྷ་འབར་བའི་གཞལ་ཡས་ཁང་ སྟེ་ཀླད་པ་དུང་ཁང་དཀར་པོ། བསྟན་པ་བདེ་ཆེན་གྱི་འབར་འཛག །འཁོར་སྒྲོན་མ་རྣམ་པ་བཞི། དུས་ཡེ་ཤེས་རང་འཁྱིལ་བའི་དུས། ཞིང་ཁམས་མིག་གི་དབང་པོ་མཐོང་བ་མ་འགགས་པ། ཆོས་གཟུགས་ཀྱི་དེ་བཞིན་ ཡིན། འཐད་པ་ཡུལ་དང་ཤེས་པ་ལ་ཁྲོས་པས་ན་ཁྲོ་བོའི་སྐུར་འཐད་དོ། །ལས་ཀྱི་གདུལ་བྱ་ཕྱིན་ཅི་ལོག་རྣམས་ཚར་གཅོད་པ་དང་བརྒྱད་དོ། །དེ་དག་ལ་སྐབས་འདིར་འབྲས་བུར་གཞག་པ་མི་གཞི་སྨིན་བྱའི་སྦྱང་བ་ནི་ཐོག་ མའི་འོད་གསལ་ཡིན་པ་དང་། གདུལ་བཞིའི་འབྲས་བུ་རང་བཞིན་རྣམ་དག་ཡིན་པས་གློ་བུར་རྣམ་དག་གི་ཞར་ལ་སྨོས་པའོ། །དེ་དག་ལ་བརྟགས་པས་དབང་དང་འབྲས་བུ་ལ་བཅུ་དྲུག་ཕྲག་བཞི། སྐུ་ལ་བཅུ་དྲུག་ཕྲག་བཞི།

[p. 345] ཆེན། དེ་ལས་ཁོལ་བུར་ཕྱུང་ན་མི་མཇེད་དེ་གླིང་བཞི་རི་རབ་དང་བཅས་པ་བྱེ་བ་ཕྲག་བརྒྱའོ། །ཆོས་བསྟན་པ་དངོས་དང་གཟུགས་བརྙན་གཉིས་སོ། །འཐད་པ་གང་ལ་གང་འདུལ་དུ་སྤྲུལ་བས་ན་སྤྲུལ་སྐུའོ། །རང་གཞན་གྱི་དོན་གཉིས་ རྫོགས་པའི་འཕྲིན་ལས་དང་བརྒྱད་དོ། །ངོ་བོ་ཉིད་ཀྱི་སྐུའི་སྟོན་པ་བསམ་བརྗོད་རྣམ་པར་དག་པ། གནས་བསམ་འདས་མཚན་གཞི་དང་བྲལ་བ། བསྟན་པ་རྡུལ་མེད་ཅིང་དྲི་མ་མེད་པ། འཁོར་ཡེ་ཤེས་རྒྱ་མཚོ། ཞིང་ཁམས་བདེ་ཆེན་ རྣམ་དག །ཆོས་ངོ་འབྱེད་པ་མེད་པ། ལས་སེམས་ཉིད་ཕྱིན་ཅི་ལོག་ལས་འདས་པ་དང་བརྒྱད་དོ། །དེ་ཐམས་ཅད་ཀྱི་རང་བཞིན་རྟགས་ཀྱི་སྐུ་བཞི་ནི། ཆོས་སྐུའི་སྟོན་པ་རང་བཞིན་མ་བཅོས་པ། གནས་སྟོང་པ་ཀུན་ཁྱབ། བསྟན་པ་ འདུལ་སྟངས་རྣམ་དག །འཁོར་རང་བཞིན་ཡོངས་དག །དུས་ངེས་མེད་སྣ་ཚོགས། ཆོས་ཟག་པ་རང་ཟད། འཐད་པ་ཆོས་ཀྱི་ཕུང་པོ་འདུས་པས་ན་ཆོས་ཀྱི་སྐུའོ། །བྱེད་ལས་ལས་བདག་ཏུ་མེད་པའི་ལས་བྱེད་པ་དང་བརྒྱད་དོ། ། གཟུགས་སྐུའི་སྟོན་པ་སྐུ་སྣང་ལ་རང་བཞིན་མེད་པ་ཞལ་ཀུན་དུ་ཐལ་ལེ་བ། གནས་ཕྱི་དང་ནང་མེད་པ་ཀུན་དུ་ཡང་ནང་དུ་གྱུར་པ། བསྟན་པ་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པ། འཁོར་སྣང་བ་དང་མི་སྣང་བ། དུས་སྤྲོས་བཞིའི་ ཚིག་ཙམ་དུ་བྱུང་བ། ཞིང་ཁམས་ཕྱི་ནས་བལྟས་པས་ནར་གསལ་བ། ཆོས་སྤྲོས་གཞི་རྣམ་པར་དག་པ། འཐད་པ་གཟུགས་རྡུལ་དང་རྡུལ་ཕྲན་དག་པར་བྱེད་བས་ན་གཟུགས་སྐུའོ། །ལས་གཟུགས་ཅན་རྣམས་ཀྱི་ལས་ཟད་པར་བྱེད་

[p. 346] ༄༅། །མངོན་ཤེས་དྲུག་གིས་སེམས་ཉིད་ཆོས་ཉིད་ལ་འཇུག་པ་ཁྱད་པར་ཅན་སྐྱེ་བའོ། །མཐོང་བ་རྣམ་པར་དག་པ་ཞེས་ཀུན་ལ་སྦྱར་ཏེ། ཐོས་པའི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་སྒྲ་དང་དོན་ཐམས་ཅད་ ཤེས་སོ། །བསམ་བྱུང་གི་ཤེས་རབ་ཀྱི་མངོན་ཤེས་དྲུ་གིས་ཆོས་ཐམས་ཅད་ཀྱི་འདུ་མཆེད་རྟོགས་སོ། །སྒོམ་བྱུང་གི་ཤེས་རབ་ཀྱི་མངོ་ཤེས་དྲུག་གིས་ཆོས་དང་སེམས་གཉིས་འདྲེས་ཏེ་ནམ་མཁའ་ལྟར་ཤེས་སོ། །དེ་ལྟར་སུམ་ཅུ་ནི་ དབང་གི་འགྱུར་བྱེད་སུམ་ཅུ་རྩ་གཉིས་ཀྱིས་སངས་རྒྱས་ཀྱིས་སྦྱངས་པའི་ཡོན་ཏན་སུམ་ཅུ་རྩ་གཉིས་མཐོང་བ་ལས་བྱུང་བའོ། །དེ་ནས་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། འདིའི་དུས་ན་ཡེ་ཤེས་ཀྱི་མིག་ རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྙེད་པའོ། །དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་གིས་ཆོས་ཀྱི་མཚན་ཉིད་དང་དགོངས་པ་མངོན་སུམ་དུ་ཤེས་སོ། །མཉམ་པ་ཉིད་ཀྱི་དྲུག་གིས་འཁོར་འདས་གཉིས་སུ་མེད་པར་ ཤེས་སོ། །སོ་སོར་རྟོག་པའི་དྲུག་གིས་འགྲོ་བ་དྲུག་གི་དབང་པོ་ལ་སོགས་པ་ཤེས་སོ། །བྱ་བ་གྲུབ་པའི་དྲུག་གིས་ཆོས་ཐམས་ཅད་རྩོལ་བ་དང་བྲལ་བ་དང་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཤེས་སོ། །ཆོས་ཀྱི་དབྱིངས་ཀྱི་དྲུག་གིས་ སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཤེས་སོ། །མི་གནས་པའི་ཡེ་ཤེས་ཀྱི་དྲུག་གིས་ཆོས་གང་ལའང་མི་གནས་པ་ཤེས་སོ། །དེ་ཡང་དབྱེ་གཞི་རེ་ཕྲི་བས་མངོན་ཤེས་ལྔ་ཚན་དྲུག་ཏུ་འགྱུར་ཏེ། ཡེ་ཤེས་ཀྱི་མངོན་པར་ཤེས་པ་སུམ་

[p. 347] སྟེ་ཕྲག་བརྒྱད་བསྒོམས་པས། བརྒྱ་དང་ཉེར་བརྒྱད་ནི་དབང་བསྐུར་བའི་འབྲས་བུ་ཕུན་སུམ་ཚོགས་པའོ། །གསུམ་པ་མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བ་ནི། དབང་བཞིའི་ས་བོན་གྱི་ཆ་ལས་དྲུག་བརྒྱ་དང་དྲུག་ཅུ་རྩ་ དྲུག་གིས་འགྲོ་བ་དྲུག་གི་ལས་དང་ཉོན་མོངས་པ་དག་པར་མཛད་པའོ། །དེ་ལ་ཐོག་མར་མཐོང་བ་རྣམ་པར་དག་པ་ལས། བདག་ཉིད་ལ་ཟག་པ་མེད་པའི་མངོན་པར་ཤེས་པ་ནི། དབང་པོའི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་ པ་དྲུག་གིས་དུས་གསུམ་དུས་གཅིག་ལ་མཐོང་བ་པས་ན་མཐོང་བ་ལྟ་བུ་སྟེ། དེ་ཡང་མིག་གི་མངོན་ཤེས་དྲུག་གིས་གཟུགས་ཐམས་ཅད་ཤེས། རྣ་བའི་མངོན་ཤེས་དྲུག་གིས་བརྗོད་པའི་སྒྲ་ཐམས་ཅད་གཏན་ལ་ཕེབས་སོ། །སྣའི་ དྲུག་གིས་འགྲོ་བ་དྲུག་གི་ལས་གཏན་ལ་ཕེབས་སོ། །ལྕེའི་དྲུག་གིས་འགྲོ་དྲུག་གི་འཁོར་དང་ལོངས་སྤྱོད་ཤེས་སོ། །ལུས་ཀྱི་དྲུག་གིས་འགྲོ་དྲུག་གི་གཟུགས་རྡུལ་ཕྲན་དང་རགས་པ་ཐམས་ཅད་ཤེས་སོ། །ཡིད་ཀྱི་དྲུག་གིས་འགྲོ་ དྲུག་གི་བསམ་པ་ཐམས་ཅད་ཤེས་སོ། །དེ་ལྟར་དབྱེ་གཞི་ཕྲི་བས་དབང་པོའི་མངོན་ཤེས་སུམ་ཅུས་སྲིད་པ་ཡན་ལག་སུམ་ཅུ་ཤེས་ཤིང་། མཚན་སུམ་ཅུ་རྩ་གཉིས་གྲུབ་པ་ནི་དབང་སུམ་ཅུ་རྩ་གཉིས་ལས་བྱུང་བའོ། །དེ་ནས་ཤེས་རབ་ཀྱི་ མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། སྦྱངས་པའི་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་ཡེ་ཤེས་དྲུག་ཤར་བས་ཚིག་ཐམས་ཅད་ཀྱི་བརྡ་དོམ་ཁོང་དུ་ཆུད་པའོ། །བསླབ་པའི་ཤེས་རབ་ཀྱི་མཐོང་བ་དག་པའི་

[p. 348] ༄༅། །ཉིད་ཀྱི་དགོངས་པ་ལ་དབྱེར་མི་བྱེད་པར་བཞུགས་སོ། །སེམས་རྣམ་པར་གདུལ་བའི་མངོན་ཤེས་དྲུག་ཤར་བས་སེམས་ཀྱི་རང་བཞིན་ཤེས་སོ། །སེམས་སྦྱང་བའི་དྲུག་གིས་རྩ་བ་ཤེས་སོ། །སེམས་ཞི་ བའི་དྲུག་གིས་སེམས་མེད་པའི་མཚན་ཉིད་ཤེས་སོ། །སེམས་རྣམ་པར་དག་པའི་དྲུག་གིས་མི་འགྱུར་བར་ཤེས་སོ། །སེམས་མི་ལྡོག་པའི་དྲུག་གིས་ཁམས་གསུམ་མིང་མེད་པར་ཤེས་སོ། །སེམས་ལས་འདས་པའི་དྲུག་གིས་ཤེས་བྱེད་ དང་འདུ་འཕྲོ་དག་སྟེ་མི་ལྡོག་པར་རྟོགས་སོ། །དེ་ལྟར་སུམ་ཅུ་ནི་དབང་གི་རྣམ་པར་འཕྲུལ་པའི་དབྱེ་བ་ཤེས་པ་ལས་བྱུང་ངོ། །དེ་ལྟར་མཐོང་བ་དག་པའི་མངོན་ཤེས་བརྒྱ་དང་བརྒྱད་ཅུ་ནི་མོས་པའི་མཐོང་བ་ཙམ་ལས་བྱུང་བའོ། །དེ་ཡང་ཕྱི་ ན་མོས་པའི་བཞི་ལ་བཞི་བཅུ་རྩ་ལྔ་ལྔའི་ཡོན་ཏན་དུ་འབྱུང་བ་ནི། སྤྲོས་བཅས་ཀྱི་དབང་ཐོབ་པ་ལས་བྱུང་བའོ། །དེའི་འགྲོས་ཀྱིས་ཐོས་པ་རྣམ་པར་དག་པའི་མངོན་ཤེས་ཀྱང་བརྒྱ་དང་བརྒྱད་ཅུར་འགྱུར་ཏེ། དེ་ལའང་ཡེ་ཤེས་བཞིའི་ཡོན་ ཏན་འཇུག་པ་སྔར་དང་འདྲའོ། །འདི་དག་སྤྲོས་མེད་ཀྱི་དབང་ལས་བྱུང་བའོ། །བསམ་བྱ་དག་པའི་བརྒྱ་དང་བརྒྱད་ཅུ་ནི་བསྒྱུར་གཞིའི་དོན་ཤེས་པ་ལས་བྱུང་བ་སྟེ། ཡེ་ཤེས་སུ་དག་པ་དང་། མྱོང་བྱེད་དག་པའི་བརྒྱ་བརྒྱད་ཅུ་ཆོད་པའི་རང་ བཞིན་ཤེས་པ་ལས་བྱུང་བ་དང་། རེག་བྱེད་དག་པའི་བརྒྱ་བརྒྱད་བཅུ་པ་མདོ་ཤེས་པ་ལས་བྱུང་བ་དང་ཚན་པ་གསུམ་ནི་ཤིན་ཏུ་སྤྲོས་མེད་ཀྱི་དབང་ལས་བྱང་བའོ། །ཆོས་དག་པའི་མངོན་ཤེས་བརྒྱད་བརྒྱད་ཅུ་ནི་རབ་ཏུ་སྤྲོས་པ་མེད་པའི་དབང་

[p. 349] ཅུ་ནི་དབང་སུམ་ཅུ་རྩ་གཉིས་ལས་བྱུང་བའོ། །དེ་ནས་རྣམ་པར་གྲོལ་བའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་སེམས་དང་སེམས་བྱུང་ནུབ་པའོ། །དེ་ལ་རྣམ་གྲོལ་དང་པོའི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་ཤར་བས། ལུས་ཀྱི་ཟག་པ་ཟད་པའོ། །རྣམ་གྲོལ་གཉིས་པ་དྲུག་གིས་ངག་གི་ཟག་པ་ཟད་པའོ། །གསུམ་པའི་དྲུག་གིས་ཡིད་ཀྱི་ཟག་པ་ཟད་པའོ། །བཞི་པའི་དྲུག་གིས་སེམས་ཀྱི་ཟག་པ་ཟད་པའོ། ལྔ་པའི་དྲུག་གིས་ཤེས་རབ་ཀྱི་ཕུང་པོ་ལ་ སྒྲིབ་པའི་ཟག་པ་ཟད་པའོ། །དྲུག་པའི་དྲུག་གིས་ཆོས་དང་ཆོས་ཉིད་ཀྱི་ཟག་པ་ཟད་པའོ། སུམ་ཅུ་པོ་དེ་དག་གིས་ཕྱི་ནང་གསང་བ་ཡོངས་རྫོགས་ཀྱི་དབང་ལས་བྱུང་བའོ། །དེ་ནས་སྐུ་གསུང་ཐུགས་ཀྱི་ལས་མངོན་དུ་གྱུར་པའི་མངོན་པར་ ཤེས་པ་དྲུག་འཆར་ཏེ། སངས་རྒྱས་ཀྱི་མཁྱེན་པ་མ་ལུས་པ་རྫོགས་པའོ། །སྐུ་དངོས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་ཤེས་པས་སངས་རྒྱས་ཀྱི་སྐུ་ཐམས་ཅད་མཐོང་ཞིང་རང་གིས་ཀྱང་བརྙེས་པའོ། །སྐུའི་སྣང་བའི་དྲུག་ཤར་བས་འོད་ཀྱི་ ཚོགས་མཐའ་ཡས་པ་ལ་སྤྱོད་དོ། །གསུང་དངོས་ཀྱི་དྲུག་ཤར་བས་གསུང་དབྱངས་དྲུག་ཅུ་ལ་སྤྱོད་དོ། །གསུང་གི་སྣང་བའི་དྲུག་གིས་སྒྲ་དབྱངས་དུ་མ་ལ་སྤྱོད་དོ། །ཐུགས་དངོས་ཀྱི་དྲུག་གིས་ཏིང་ངེ་འཛིན་ཐམས་ཅད་ལ་སྤྱོད་དོ། །ཐུགས་ ཀྱི་སྣང་བའི་དྲུག་གིས་གཞན་གྱི་སེམས་ཤེས་པ་ལ་སྤྱོད་དོ། །དེ་ལྟར་སུམ་ཅུ་པོ་ནི་དབང་གི་ལྷ་ངོ་སུམ་ཅུ་རྩ་གཉིས་ཤེས་པ་ལས་བྱུང་ངོ། །དེ་ནས་ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་འཆར་ཏེ།

[edit]
OCR of the BDRC scans (I0TTBBC0034_001, I0TTBBC0034_002), gorn05 tibocr 2026: BDRC OCR on 777 pages, Mitra OCR on 504 pages (the model with more recognisable syllables on each page).
Volume I0TTBBC0034_001

[p. 298] དེའི་སྤྲོས་མེད་ཀྱིས་དོན་རང་ཐོག་ཏུ་ཕེབས་པས་ཆོས་ཉིད་ལས་འགྲོ་ས་མེད་པའོ། །དེའི་ཤིན་ཏུ་སྤྲོས་མེད་སྟོང་ཉིད་ཀྱི་དཀྱིལ་ འཁོར་དུ་འཇུག་པས་སྒོ་གསུམ་ཁམས་གསུམ་དུ་མི་འཇུག་པའོ། །རབ་ཏུ་སྤྲོས་མེད་ཀྱིས་ཚོགས་དྲུག་དག་པར་བྱེད་པའོ།། བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དབྱེ་བ་ངེས་པ་ནི། རབ་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་སེམས་གང་ཡིན་ལ་སོགས་ པས་ཆགས་སྡང་རང་གྲོལ་བར་བྱེད་དོ། །སྤྲོས་མེད་སྦྲུལ་སྐུའི་ཞིང་བསྟན་པས་ཕུང་པོ་ཁམས་དང་སྐྱེ་མཆེད་སྟོང་པར་བྱེད་དོ། །ཤིན་ཏུ་སྤྲོས་མེད་ཡོངས་སྐུའི་ཞིང་བསྟན་པས་སེམས་ཉིད་འགྲོ་འོང་མེད་པའི་དོན་རྟོགས་པར་བྱེད་དོ། །རབ་ཏུ་ སྤྲོས་མེད་ཆོས་སྐུར་ལུང་བསྟན་པས་འཁོར་འདས་ལ་ཞེན་པའི་ཤེས་སྒྲིབ་ཕྲ་མོ་སྦྱོང་བར་བྱེད་དོ།། གཉིས་པ་རང་ངོའི་དབྱེ་བ་རྒྱས་པར་བཤད་པ་ལ་དབང་བཞི་ལས། དང་པོ་སྤྲོས་བཅས་ལ། སྤྲོས་བཅས་ཀྱི་སྤྲོས་བཅས་དམ་བསྲེ་ཞིང་

[p. 299] ༄༅། །གནའ་ཆུ་བླུད་པ་ལ་སོགས་པ་སྟེ་ཕྱིའོ། །སྤྲོས་བཅས་ཀྱི་སྤྲོས་མེད་དཀྱིལ་འཁོར་དུ་བཞུག་ཅིང་ལྷ་ངོ་བསྟན་ནས་མིང་གི་དབང་བསྐུར་བ་སྟེ་ནང་ངོ། །སྤྲོས་བཅས་ཀྱི་ཤིན་ཏུ་སྤྲོས་མེད་ཉན་ཐོས་ཀྱི་སྡོམ་པ་སྦྱིན་པ་ནས་རིམ་དགུ་རྫོགས་ ཏེ་དབུགས་དབྱུང་གཟེངས་བསྟོད་དང་བཅས་པ་གསང་པའོ། །སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་བུམ་པ་ངེས་པའི་སྐུར་རྒྱུ་སྟེ་ཡོངས་སུ་རྫོགས་པའོ། །འདི་ལའང་བུམ་པ་ངེས་པ་རྟེན་གཞལ་ཡས་ཁང་བརྟེན་པ་ལྷར་གསལ་བས་དབང་བསྐུར་ བ་ཡོངས་སུ་རྫོགས་པའི་ཕྱི་སྤྲོས་བཅས་སོ། །སློབ་མའི་ལུས་ལྷར་སྐྱེད་པ་ལ་འབྱུང་བཞི་དག་སྦྱོང་གི་རྫས་དབང་ཉི་ཟླ་སྦྱིན་པ་ལ་སོགས་པ་ནང་སྤྲོས་མེད་དོ། །མུ་དྲ་སྦྱིན་ནས་སྦྱོར་བ་ངེས་པ་གསང་བ་ཤིན་ཏུ་སྤྲོས་མེད་དོ། །བརྡ་དོན་ངེས་པའི་ ཚིག་སྦྱིན་པ་ཡོངས་སུ་རྫོགས་པ་རབ་ཏུ་སྤྲོས་མེད་དོ། །དེ་ལྟར་ན་ཡོངས་སུ་རྫོགས་པ་ལ་བཞི་ཡོད་པ་ལྟར་གཞན་གསུམ་ལའང་ཤེས་པར་བྱའོ།། དེ་ལྟར་བཅུ་དྲུག་གིས་སྤྲོས་བཅས་དབྱེ་བའི་དགོས་པ་ནི། ལུས་འབྱུང་བཞིའི་རྒྱ་བཞི་ འཇིག་པ་སྟེ། འབྱུང་བཞི་ཡང་སའི་ས་ལ་སོགས་པ་བཞིར་ཕྱེ་བས་བཅུ་དྲུག་དག་པར་སྦྱོང་བའི་དགོས་པ་ཡོད་དོ། །གཉིས་པ་སྤྲོས་མེད་ཀྱི་དབང་བཞི་རང་ངོའི་དབྱེ་བ་ནི། སྤྲོས་མེད་ཀྱི་སྤྲོས་བཅས་ཀྱིས་ལུས་ངག་ཡིད་སེམས་བཞི་ཡི་ གེའི་གནས་བཞིས་སྦྱོང་པ་ནི་ཕྱིའོ།། དེའི་སྤྲོས་མེད་ཀྱིས་སྒོ་གསུམ་གཞི་མེད་བྱ་བརྩལ་ལས་འདས་པར་མཚོན་པས་ནང་ངོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱིས་ཡུལ་ལྔ་ལམ་དུ་བསླང་པས་སྒོ་ལྔ་ཧར་སངས་སུ་གྲོལ་བ་གསང་བའོ། །དེའི་རབ་ཏུ་ སྤྲོས་མེད་ཀྱིས་རྟོགས་པ་ཁྱད་པར་ཅན་སྐྱེད་པས་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་ངག་གི་བརྗོད་གཞི་དང་། རྗོད་བྱེད་དང་། བརྗོད་བྱ་དང་། བརྗོད་པ་བཞིའི་རྒྱ་ལས་གྲོལ་བར་བྱེད་པའོ།། གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་

[p. 300] རང་ངོའི་དབྱེ་བ་ནི། ཤིན་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་རུ་ཤན་འབྱེད་པ་ཕྱིའོ། །དེའི་སྤྲོས་མེད་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ་ནང་ངོ། །དེའི་ཤིན་ཏུ་སྤྲོས་མེད་ནམ་མཁའི་དཀྱིལ་འཁོར་དུ་འཇུག་པ་གསང་བའོ། །དེའི་རབ་ཏུ་སྤྲོས་ མེད་རིག་པ་རང་ངོ་སྤྲད་པ་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་ཡིད་འགྱུ་བ་དང་། འགྱུ་བྱེད་དང་། འགྱུ་བྱ་དང་། འགྱུས་པ་བཞིའི་རྒྱ་འཇིག་པར་བྱེད་པའོ།། །།བཞི་པ་རབ་ཏུ་སྤྲོས་པ་མེད་པ་རང་ངོའི་དབྱེ་བ་ནི། རབ་ཏུ་སྤྲོས་ མེད་ཀྱི་སྤྲོས་བཅས་འདུག་སྟངས་བསྟུན་པ་ཕྱིའོ། །དེའི་སྤྲོས་མེད་ལྟ་སྟངས་བྱེད་པ་ནང་ངོ། །དེའི་ཤིན་ཏུ་སྤྲོས་མེད་ཕྱོགས་བཞིར་ལྟ་སྟངས་དང་གཟིགས་སྟངས་བསྟུན་པ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་སོད་ཅིག་ལ་སོགས་པ་ཡོངས་ སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི། སེམས་བསམ་པ་དང་། དྲན་པ་དང་། རྟོག་པ་དང་། ཞེན་པ་བཞིའི་རྒྱ་འཇིག་པར་བྱེད་དོ། །སྐབས་འདིར་ཡིད་དང་སེམས་ཀྱི་གོ་དོན། སྒོ་ལྔའི་ཡུལ་འཛིན་རྟོག་བྱེད་ཀུན་གཞིའི་རྣམ་པར་ཤེས་པ་ སེམས་ལ། དེ་དང་མ་འབྲེལ་བར་དོན་སྔ་ཕྱི་དང་ཡིད་ཡུལ་དོན་སྤྱི་དབྱོད་པ་ལ་ཡིད་ཅེས་བརྗོད་དོ། །རང་གི་སྣང་ཡུལ་དངོས་པོ་འཛིན་པ་དང་། དངོས་མེད་འཛིན་པ་སྟེ། གསལ་བ་དང་། མི་གསལ་བ་འཛིན་པས་ཕྱེ་བ་ཡིན་ནོ། །དེ་ལྟར་ན་རང་ ངོའི་དབྱེ་བ་རེ་རེ་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞི་སྟེ་བཅུ་དྲུག་ཏུ་ཡོད་དོ།། གསུམ་པ་རྣམ་པར་འཕྲུལ་བའི་དབྱེ་བས་ཤིན་ཏུ་རྒྱས་པར་སྤྲོ་བ་ལ་གསུམ་སྟེ་དབང་སོ་སོའི་ངག་བྱེད་ཀྱི་དབྱེ་བས་དག་རྒྱུ་བཅུ་དྲུག་འགྱུར་དང་བརྣབ་ པ་བསྟན་པ། ལུས་ཀྱི་བྱ་བ་ལ་བརྟེན་ནས་ངེས་པའི་དབྱེ་བས་དབང་གི་གནས་ལུགས་བསྟན་པ། གྲངས་ཀྱི་དབྱེ་བ་ལ་བརྟེན་ནས་ལས་དང་ཉོན་མོངས་པའི་དག་བྱེད་བསྟན་པའོ། །དང་པོ་ནི་དབང་གི་རང་ངོའི་དབྱེ་བ་བཅུ་དྲུག་གིས་ཕྱིར་

[p. 301] ༄༅། །འབྱུང་བའི་ལས་བཅུ་དྲུག་དག་པར་བྱེད་ལ། ནང་དུ་སེམས་ཀྱི་རྟོག་པ་བཅུ་དྲུག་དག་པར་བྱེད་ལ། གསང་བར་རླུང་གི་འཕེན་བསྡུད་བཅུ་དྲུག་དག་པར་བྱེད་ལ། བླ་ན་མེད་པར་ས་བཅུ་དྲུག་ལ་གནས་པའི་ངེས་པ་ཐོབ་པར་བྱེད་པས་དབང་ བཅུ་དྲུག་དུ་བསྟན་པའོ། །དབང་དེ་དག་གི་ངག་བྱ་ལུས་ངག་ཡིད་སེམས་བཞིའི་དྲི་མ་དག་པ་ལ་ལྟོས་ནས་བཞག་གོ །དེའང་ལུས་ལ་ཆུས་ཚོགས་པའི་ཆོས་བསྡུས་པས་འཆིང་བྱེད་རྒྱུའི་དྲི་མར་སོང་། མེས་དེ་དག་སྨིན་ཅིང་གསལ་བར་བྱས་ པས་དངོས་པོར་གྲུབ་པའི་དྲི་མར་སོང་། རླུང་གིས་དེ་དག་སོ་སོའི་ལས་བྱས་པས་ཞེན་པ་རང་རྒྱུད་དང་བཅས་པའི་དྲི་མར་སོང་བའོ། །ངག་སྨྲ་ནའང་སྨྲའོ་སྙམ་པ་ཡིད་ཀྱི་རྟོག་པས་བསླང་བའི་དྲི་མ་དང་། སྨྲ་བྱེད་ལུས་ཀྱི་དྲི་མ་དང་། སྨྲ་ པའི་ཚིག་ལ་རྟོག་དཔྱོད་ཀྱི་དྲི་མེ་དང་། བརྗོད་ལས་རྟོག་པའི་འགྱུར་བྱེད་ཀྱི་དྲི་མ་དང་། ཡང་ཡིད་འགྱུ་བ་ལའང་། འགྱུ་བ་དྲན་བསམ་གྱི་རྟོག་པའི་དྲི་མ་དང་། འགྱུ་བྱེད་ཡུལ་དང་ཤེས་པའི་དྲི་མ་དང་། འགྱུས་པ་བག་ཆགས་སྔ་ཕྱིའི་དྲི་ མ་དང་། འགྱུས་པ་དངོས་ལ་ཞེན་པའི་དྲི་མ་དང་། ཡང་སེམས་ཀྱི་དྲན་པས་ཡུལ་འཇུག་པའི་དྲི་མ་དང་། བསམ་པས་དགེ་མི་དགེ་ལུང་དུ་བསྟན་མ་བསྟན་བཞི་ཀུན་ནས་སློང་བའི་དྲི་མ་དང་། རྟོག་པས་སྙམ་བྱེད་དང་། ཡིད་གཉིས་ དང་། ཐེ་ཚོམ་དང་། ཡིད་དཔྱོད་ཀྱི་དྲི་མ་དང་། འཛིན་ཡུལ་སྣ་ཚོགས་ལ་རྟོག་པའི་དྲི་མའོ། །དྲི་མ་དེ་དག་གི་ངག་བྱེད་དབང་བཞི་སྟེ། སྤྲོས་བཅས་ཀྱི་སྤྲོས་བཅས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་དྲུག་གོ །དེ་དག་གིས་ ལུས་ངག་ཡིད་སེམས་བཞི་རེ་རེ་ལ་དྲི་མ་བཞི་བཞི་སྟེ་བཅུ་དྲུག་གི་ཚོགས་དག་པར་སྦྱོང་བའོ། །དེ་ཡང་ཐོག་མར་སྤྲོས་བཅས་ཉེ་བར་མཚོན་པ་ནི། སྤྲོས་བཅས་ཀྱི་སྤྲོས་བཅས་ལ། བརྡའི་སྤྲོས་བཅས་དང་། དོན་གྱི་སྤྲོས་བཅས་ཏེ་གཉིས།

[p. 302] དེའི་སྤྲོས་མེད་ལ་བརྡ་དོན་གཉིས། ཤིན་ཏུ་སྤྲོས་མེད་ལ་གཉིས། རབ་ཏུ་སྤྲོས་མེད་ལ་བརྡ་དོན་གཉི་སྟེ་བརྒྱད། དེ་བཞིན་དུ་སྤྲོས་མེད་ལ་བརྡའི་སྤྲོས་མེད་ལ་སོགས་པ་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད། རབ་ཏུ་སྤྲོས་མེད་ལ་བརྒྱད་ དེ་སུམ་བཅུ་རྩ་གཉིས་སུ་འགྱུར་ལ། ལུས་ངག་ཡིད་སེམས་བཞིའི་ཚོགས་པ་ལའང་། དེ་ལྟར་ཕྱེ་བས་སུམ་བཅུ་རྩ་གཉིས་དག་པར་བྱེད་པ་ནི། སྐྱེད་རིམས་ཀྱི་ངག་བྱ་དང་དགྲ་བྱེད་ཤེས་པའི་དགོས་པ་ཡོད་པའོ། །དེ་ལྟར་དག་བྱ་དྲི་མ་ སུམ་བཅུ་རྩ་གཉིས་དང་། དག་བྱེད་དབང་སུམ་བཅུ་རྩ་གཉིས་བསྡོམས་ན། དྲུག་བཅུ་རྩ་བཞི་ནི་དག་བྱ་དག་བྱེད་ཀྱི་དབྱེ་བ་ངེས་པའོ།། གཉིས་པ་ལུས་ཀྱི་བྱ་བ་ལ་བརྟེན་ནས་དབྱེ་བས་དབང་གི་གནས་ལུགས་བསྟན་པ་ནི། དག་བྱ་དྲི་མ་སུམ་ བཅུ་རྩ་གཉིས་ཀྱི་གཞི་ལུས་མི་འདྲ་བ་དཔག་ཏུ་མེད་པ་ཡང་། ས་ཆུ་མེ་རླུང་བཞི་ལས་གྲུབ་ལ། དེ་དག་ལ་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་བརྒྱད་དོ། །དེ་ཡང་ས་ཆུ་མེ་རླུང་གཞི་ལ་ཟུག་པ་དང་། བྱེར་བ་དང་། སྙོམས་པ་གསུམ་གསུམ་དུ་ ཕྱེ་བས་བཅུ་གཉིས་སོ། །དེ་དག་བྱེད་དབང་ལའང་སྤྲོས་བཅས་ལ་སོགས་བཞི་ལ་སྐུ་གསུང་ཐུགས་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་ཀྱིས་དག་པར་བྱེད་དོ། །འབྱུང་བཞི་ཕོ་མོ་གཉིས་ཏེ་བརྒྱད་ཀྱི་དག་བྱ་ནི། དབང་བཞི་ལ་ ཐབས་ཤེས་རབ་གཉིས་གཉིས་སུ་ཕྱེ་བས་རྒྱད་ཀྱིས་དག་པར་བྱེད་དོ། ལུས་ཀྱི་འབྱུང་བའི་བྱེ་བྲག་ལའང་། ས་ལ་སོགས་པ་བཞི་པོ་རེ་རེ་ལ་སའི་ས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་དྲུག་ནི། ཚ་བ་དང་། གྲང་བ་གཉིས་ཀྱི་དབྱེ་བས་ དྲུག་བཅུ་རྩ་བཞིར་འགྱུར་སྟེ། གོང་གི་བརྡ་དོན་གྱི་དབྱེ་བའི་དབང་དྲུག་བཅུ་རྩ་བཞིས་དག་པར་བྱེད་དོ། །དེ་འང་འབྱུང་བ་བཞི་པོ་རེ་རེ་ལའང་ལེགས་པར་ཕྱེ་ན། ས་ལའང་དྲུག་བཅུ་རྩ་བཞི། དེ་ལ་ཁྱབ་པ་འབྱུང་བ་སྤྱིའི་ལུས་དང་། རང་གི་མཚན་ཉིད་

[p. 303] ༄༅། །འཛིན་པ་དངོས་ཀྱི་ལུས་གཉིས་སུ་ཕྱེ་བས། ས་ལ་ལུས་མི་འདྲ་བ་བརྒྱ་དང་ཉེར་བརྒྱད། དེ་བཞིན་དུ་ཕྱེ་བས་ཆུ་དང་། མེ་དང་། རླུང་རྣམས་ལ་བརྒྱ་ཉེར་བརྒྱད་ཚན་པ་གསུཾ་སྟེ། བསྡོམས་པས་ལྔ་བརྒྱ་དང་བཅུ་གཉིས་ཀྱི་ལུས་སུ་སྨིན་ནོ། །དེ་ལྟར ཕྱིར་ལུས་སྨིན་པ་བཞིན་ནང་དུ་ཉོན་མོངས་པ་ཡང་། འདོད་ཆགས་ལ་ལྟས་པ་དང་། རྒད་པ་དང་། བཅངས་པ་དང་། མཁྱུད་པ་སྟེ་བཞི་ནི་འབྱུང་བ་རེ་རེའི་ལུས་ལ་བཞི་བཞི་སྟེ་བཅུ་དྲུག། གཏི་མུག་ལ་རྨུགས་པས་མ་ཤེས་པ་དང་། འཐིབས་པ་དང་། མྱོས་པ་ དང་། རབ་ཏུ་མ་རིག་པ་འདྲེས་པ་དང་བཞི་པོ་ལུས་བཞི་ལ་ཕྱེ་བས་བཅུ་དྲུག། ཞེ་སྡང་ལ་སྡང་པ་དང་། སྡང་བ་ཆེན་པོ་དང་། ཆེར་སྡང་བ་དང་། རབ་ཏུ་སྡང་པ་སྟེ་ལུས་རེ་ལས་ཕྱེ་བས་བཅུ་དྲུག། ང་རྒྱལ་ལ་ཕྲ་བ་དང་། རགས་པ་དང་། འགྱུར་བ་དང་། མཆེད་ པ་དང་། འཕྲོ་བ་བཞི་ཡང་བཅུ་དྲུག། ཕྲག་དོག་ལ་ཡང་བ་དང་། ལྕི་བ་དང་། རྒོད་པ་དང་། ཕྲ་བ་བཞི་སྟེ་ཕྱེ་བས་བཅུ་དྲུག་སྟ་བསྡོམས་པས་བརྒྱ་བཅུ་ཐམ་པ། དེ་ལས་བྱེ་བྲག་ཏུ་ཕྱེ་ན་འབྱུང་བའི་ལུས་མི་འདྲ་བ་ལྔ་བརྒྱ་དང་བཅུ་གཉིས་པོ་རེ་རེ་ལ། ཉོན་མོངས་པ་བཞི་བཞིའི་གྲངས་ཀྱིས་ཉི་ཤུ་ཉི་ཤུ་གནས་པས། ཐམས་ཅད་བསྡོམས་ནས་ཁྲི་ཕྲག་གཅིག་དང་བརྒྱ་བཞི་བཅུ་རྩ་བརྒྱད་དུ་འབྱུང་ལ། ལུས་དང་ཉོན་མོངས་པ་གཉིས་ཀའི་རྣམ་གྲངས་བསྡོམས་ནས་ཁྲི་ཕྲག་གཅི་ག་དང་དྲུག་བརྒྱ་ དྲུག་བཅུ་ཐམ་པ་ནི་དག་བྱའི་དྲི་མ་ཡིན་ལ། དེའི་དག་བྱེད་ཀྱི་དབང་འོག་ཏུ་སྟོན་ནོ།། ༑གསུམ་པ་གྲངས་ཀྱི་དབྱེ་བས་ལུས་དང་ཉོན་མོངས་པའི་དག་བྱེད་བསྟན་པ་ནི། དབང་རྣམ་པ་བཞི་ལས། དང་པོ་སྤྲོས་བཅས་ལའང་བཞིར་བྱས་པའི་སྤྲོས་བཅས་ ཀྱི་སྤྲོས་བཅས་ལ་ཕྱི་ནང་གསང་བ་ཡོངས་རྫོགས་དང་བཞིར་དབྱེ་ན། སྤྲོས་བཅས་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་སྟ་གོན་གྱི་ཚམ་བུ་ལ་སོ་ཤིང་བྲིམ་པ། དེའི་ནང་མཎྜལ་འབུལ་བ། དེའི་གསང་བ་སྲུང་སྐུད་གདགས་ཤིང་ཀུ་ཤ་སྦྱིན་པ། ཡོངས་

[p. 304] སུ་རྫོགས་པ་རྨོ་ལམ་བརྟག་པའོ། །དེའི་སྤྲོས་མེད་ཀྱི་ཕྱིའི་དབང་ཁྲུས་བྱ་བ། གསོལ་བ་བཏབ་པ། རྡོ་རྗེས་ནང་དུ་བོད་པ་གསུམ་མོ། །དེའི་ནང་དམ་ཚིག་གི་གནའ་ཆུ་བླུད་པ། འཁོར་བ་སྤོང་བའི་གནའ། མྱང་འདས་ལེན་པའི་གནའ། སེམས་ཅན་གྱི་དོན་ མི་བྱེད་རིའི་གནའ་བཞིའོ། །དེའི་གསང་བ་དམ་ཚིག་དང་། སྡོམ་པ་དཔོག་པ་དང་། དཀྱིལ་འཁོར་དུ་འཇུག་པ་དང་། སེམས་ཀྱི་མེ་ཏོག་དབུལ་བའོ། །དེའི་ཡོངས་སུ་རྫོགས་པ་དཀྱིལ་འཁོར་དུ་འཇུག་པ་ལྷ་ངོ་བསྟན་པ། མེ་ཏོག་ངོར་བ། མིང་གི་དབང་ངོ།། དེའི་ཤིན་ཏུ་སྤྲོས་པ་མེད་པའི་ཕྱིའི་དབང་ཉན་ཐོས་ཀྱི་དཀྱིལ་འཁོར་དུ་འཇུག་པ། ས་ལམ་གྱི་ཚད་བསྟན་པ། སྟོང་གཡོགས་དང་སྨད་གཡོགས་སྦྱིན་པ། ལྷུང་བཟེད་དང་བསིལ་བྱེད་སྦྱིན་པ་ལ་སོགས་པ་སྟེ། ཁྲིམས་ཀྱི་ཐ་ཚིགས། ས་ལ་སོགས་ པ། ལས་ཀྱི་དབྱེ་བ། རྟེན་འབྲེལ་མཚོན་པ། བསྒོམ་པ་སྦྱིན་པ། ལུང་བསྟན་པ་དང་། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དུ་འཇུག་པ་དང་། སེམས་སྐྱེད་པ་དང་། སྡོམ་པ་སྦྱིན་པ་དང་། ཁྱད་པར་གྱི་སེམས་བཟུང་ལ་སོགས་པའོ། །དེའི་ནང་གི་ དབང་ཀྲི་ཡའི་དཀྱིལ་འཁོར་དུ་འཇུག་པ་དང་། སེམས་སྐྱེད་པ་དང་། སྡོམ་པ་བཟུང་བ་དང་། མེ་ཏོག་ངོར་ཞིང་ལྷ་ངོ་བསྟན་པ་དང་། མིང་གི་དབང་དང་། ལུང་བསྟན་པ་དང་། གཟེངས་བསྟོད་པ་དང་། དབུགས་དབྱུང་པ་དང་། དབང་བསྐུར་བའོ།། དེ་བཞིན་དུ་ཨུ་པ་དང་ཡོ་གའི་དཀྱིལ་འཁོར་དུ་འཇུག་པ་ལ་རྣམ་གྲངས་དགུ་དགུ་སྟེ་ཉི་ཤུ་རྩ་བདུན་ནོ། །དེའི་གསང་བ་མ་ཧཱའི་ལུང་བསྟན་པ་དང་། དཀྱིལ་འཁོར་དུ་འཇུག་པ་དང་། ལྷ་ངོ་བསྟན་པ་དང་། མེ་ཏོག་ངོར་བ་དང་། མིང་གི་དབང་དང་། ཉན་པ་དང་། འཆད་པ་དང་། ཕན་པ་དང་། ནུས་པ་དང་། རིག་པའི་དབང་དང་། ཡན་ལག་གི་དང་། ཁྱད་པར་གྱི་དབང་དང་བཅུ་གཉིས་སོ། །དེ་ནས་ཨ་ནུའི་དཀྱིལ་འཁོར་དུ་འཇུག་པ་དང་། བརྡ་ངེས་པར་མཚོན་པ་དང་། དབུགས་དབྱུང་པདམ།

[p. 305] ༄༅། །ཕྱག་རྒྱ་བསྒྱུར་བ་དང་། ལས་སུ་བྱ་བ་དང་། འཇུག་པ་ངེས་པ་དང་དྲུག་གོ །དེའི་ཡོངས་སུ་རྫོགས་པ། རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་བཞུག་པ་དང་། བསྒོམས་པ་ངེས་པའི་དཀྱིལ་འཁོར་དུ་མེ་ཏོག་དོར་བ་དང་། ལྷ་ངོ་ བསྟན་ཞིང་དབང་བསྐུར་བ་དང་། འབྲས་བུ་བྱ་བྲལ་རྫོགས་པའི་དབང་བསྐུར་བ་དང་བཞིའོ།། །།སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་པ་མེད་པའི་ཕྱིའི་ཐ་དབང་ནི། དེ་ལྟར་རིམ་པ་དགུའི་དབང་རྫོགས་ནས། ཁྱད་པར་གྱི་དབང་ལ་འཇུག་པ་ནི། ཕྱག་རྒྱའི་དཀྱིལ་འཁོར་དུ་འཇུག་པ་སྟེ། དེའི་ཕྱི་ལ་རིག་མ་བརྟག་ཅིང་དགུག་པ་རྩ་བཙལ་ཞིང་སླང་བ། བདེ་བ་བཙལ་བ། རྒྱས་པར་བྱ་བ། དབབ་ཅིང་གཟུང་བ། བཟློག་ཅིང་སྦྱང་པ་དང་དྲུག་གོ །འདིའི་ནང་གི་དབང་ལ། སྦྱོར་བ་སྨོས་ པར་འཇུག་པ། བྱང་སེམས་ཡི་གེ་གསུམ་གྱི་སྒྲ་དང་བཅས་པ། མེ་ལོང་དུ་བླང་པ། དེ་རྡོ་རྗེ། པད་མ། འཁོར་ལོ་གསུམ་དུ་དམིགས་ཏེ་སློབ་མའི་ལྕེ་ལ་བཞག་ནས་ལུས་ངག་སྟོངས་པར་བྱ་བ་སྟེ་དྲུག་གོ །དེའི་གསང་བ་བདེ་བ་དང་བྱང་སེམས་ དངོས་ཀྱི་བྱིན་བརླབས་ལུས་ངག་ཡིད་གསུམ་ལ་བྱ་བ་གསུམ། གསང་བ་དང་གསང་བར་འོས་པ་དང་། གསང་བར་གཉེར་གཏང་བ་གསུམ་སྟེ་དྲུག་གོ །དེའི་ཡོངས་སུ་རྫོགས་པ་ཚིག་སྣ་ཚོགས་པས་མཚོན་པ་སྟེ། བརྡའི་ཚིག་དང་། དོན་ གྱི་ཚིག་དང་། བརྡ་དོན་དབྱེར་མི་ཕྱེད་པའི་ཚིག་གསུམ་མོ།། དེ་ལྟར་ན་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་ལ། བསྐུར་རྒྱུའི་དབང་དྲུག། དེའི་ཕྱི་ལ་སོ་ཤིང་བྲིམ་པ་དང་གཅིག། དེའི་ནང་ལ་མཎྜལ་འབུལ་བ་དང་ གཉིས། དེའི་གསང་བ་སྲུང་སྐུད་དང་ཀུ་ཤ་བྱིན་པ་གཉིས་ཏེ་བཞི། དེའི་ཡོངས་རྫོགས་རྨི་ལམ་བརྟག་པ་དང་། བཟང་ངན་གྱི་རྗེས་དྲི་བ་གཉིས་ཏེ་དྲུག་གོ། དེའི་སྤྲོས་བཅས་ཀྱི་སྤྲོས་མེད་ཀྱི་ཕྱི་ལ་གསུམ་སྟེ་དགུ། དེའི་ནང་ལ་བཞི་སྟེ་བཅུ་

[p. 306] གསུམ། དེའི་གསང་བ་ལ་བཞི་སྟེ་བཅུ་བདུན། དེའི་ཡོངས་རྫོགས་ལ་བཞི་སྟེ་ཉེར་གཅིག། སྤྲོས་པ་མེད་པའི་ཤིན་དུ་སྤྲོས་པའི་ཕྱི་ལ་ཉན་ཐོས་ལ་དྲུག། རང་རྒྱལ་ལ་ལྔ་སྟེ་བཅུ་གཅིག་བྱང་སེམས་ལ་བཞི་སྟེ་བཅོ་ལྔ། དེའི་ནང་གི་དབང་ལ་ཀྲི་ ཡ་ལ་དགུ་སྟེ་ཉེར་བཞི། ཨུ་པ་ལ་དགུ་སྟེ་སོ་གསུམ། ཡོ་ག་ལ་དགུ་སྟེ་ཞེ་གཉིས། དེའི་གསང་བའི་དབང་ལ་མ་ཧཱ་ལ་བཅུ་གཉིས་ཏེ་ལྔ་བཅུ་རྩ་བཞི། ཨ་ནུ་ལ་དྲུག་སྟེ་དྲུག་བཅུ་ཐམ་པ། དེའི་ཡོངས་རྫོགས་ཨ་ཏི་ལ་བཞི་སྟེ་དྲུག་བཅུ་རྩ་བཞི་ སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱིའི་དབང་ལ་བཅུ་བདུན། ནང་ལ་དྲུག་སྟེ་ཉེར་གསུམ། དེའི་གསང་བ་ལ་དྲུག་སྟེ་ཉེར་དགུ། དེའི་ཡོངས་སུ་རྫོགས་པ་ལ་གཅིག་སྟེ་སུམ་བཅུ་ཐམ་པའོ། །ཤིན་ཏུ་སྤྲོས་མེད་ལ་དྲུག་བཅུ་རྩ་བཞི་སྟེ། དགུ་བཅུ་རྩ་ བཞིའོ། །དེའི་སྤྲོས་མེད་ལ་བཅོ་ལྔ་སྟེ་བརྒྱ་དང་དགུའོ། །དེའི་སྤྲོས་བཅས་ལ་དྲུག་སྟེ་སྤྲོས་བཅས་བསྐུར་རྒྱུའི་ཆོས་བརྒྱ་དང་བཅོ་ལྔའོ།། །།སྤྲོས་མེད་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་ལ་བླ་མའི་བྱ་བ་དང་སློབ་མའི་བྱ་བ་གཉིས། དེའི་ནང་ལ་མཎྜལ་དང་ བུམ་པ་གཉིས་ཏེ་བཞི། དེའི་གསང་བ་ལ་མཎྜལ་གྱི་ལེགས་པར་བཤད་པའི་ཆོས་ལྔ། བུམ་པའི་ལེགས་བཤད་ལྔ་སྟེ་བཅུ། གོང་མ་བཞི་དང་བསྡོམས་པས་བཅུ་བཞི། དེའི་ཡོངས་རྫོགས་ལ་བླ་མས་མིང་གི་མཚོན་པ་བརྗོད་པ་དང་སློབ་མས་སྟོབས་སྐྱེད་པ་ གཉིས་ཏེ་བཅུ་དྲུག་གོ། །སྤྲོས་མེད་ཀྱི་སྤྲོས་མེད་ཀྱི་ཕྱིའི་དབང་ལཨའི་བསྙེན་པས་སྐྱེ་མེད་ཀྱི་ལམ་སྦྱང་པ་དང་། ཨའི་བསྒྲུབ་པས་འགག་མེད་ཀྱི་སྣ་བསལ་བ་དང་། ཨའི་འཕྲོ་འདུས་ལུས་ངག་ཡིད་དག་པར་བྱེད་པ་དང་གསུམ་མོ། །དེའི་ ནང་ལ་ཁྲུས་ཀྱིས་དག་བྱའི་ཚུལ་བསྟེན་པ། མཎྜལ་ཕུལ་བས་འདོད་པའི་དོན་ཐོབ་པར་བྱ་བ། ལུང་བཙལ་བས་བྱ་བ་ལ་འཇུག་པ་ངོ་ཤེས་པ་དང་གསུམ་མོ།། དེའི་གསང་བ་ལ་དཀྱིལ་འཁོར་དུ་འཇུག་པས། དབྱིངས་ལ་རིག་པ་གཞུག་པའི་

[p. 307] ༄༅། །གནད་དང་། ལྷ་ངོ་བསྟན་པས་དབྱིངས་རིག་ངོ་སྤྲད་པ་དང་། མིང་གི་དབང་བསྐུར་བས་སངས་རྒྱས་ཀྱི་སྲས་སུ་བྱ་བའོ། །དེ་ལྟར་གསུམ་དང་། དེའི་ཡོངས་སུ་རྫོགས་པ་ལ་ཕྱི་ཡུལ་དབང་པོའི་ཚིགས་སུ་བཅད་པས་ལུང་བསྟན་པས་ཤེས་པ་ དང་ཡུལ་གཉིས་མེད་ཉམས་སུ་མྱོང་བའི་དབང་དང་། ནང་སེམས་གསལ་བའི་ཚིགས་སུ་བཅད་པས་དབུགས་དབྱུང་པས་སྐྱེ་མེད་ངོས་བཟུང་དང་བྲལ་བའི་དབང་དང་། གསང་བ་ཟུང་འཇུག་རིས་མེད་ཀྱི་ཚིགས་སུ་བཅད་པས་གཟེངས་བསྟན་པས་ དབྱིངས་རིག་གཉིས་མེད་བདེ་ཆེན་གྱི་དབང་བསྟན་པ་དང་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འཇུག་པར་འོས་པ་དང་། ཐོབ་པར་འོས་པ་གཉིས། དེའི་ནང་ལ་སྤྱོད་པར་ངེས་པ་དང་། ལྟ་བར་ངེས་པ་གཉིས་ཏེ་བཞི། དེའི་གསང་བ་ལ་ རིགས་པ་བྱེད་པ་དང་། བདག་ཉིད་དུ་གནས་པ་གཉིས་ཏེ་དྲུག། དེའི་ཡོངས་སུ་རྫོགས་པ་ལ་རྒྱུ་དང་རྐྱེན་གཉིས་ཏེ་བརྒྱད་དོ། །དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་སེམས་གནས་པ་དང་། ངག་གནས་པ་གཉིས། དེའི་ནང་ལ་ངག་བསྒྱུར་བ་དང་། སེམས་ཐོབ་པ་གཉིས་ཏེ་བཞི། དེའི་གསང་བ་ལ་བདེ་བ་ལུང་བསྟན་པ་དང་། གསང་བ་དབུགས་དབྱུང་པ་གཉིས་ཏེ་དྲུག། དེའི་ཡོངས་རྫོགས་ལ་སྤྲོ་བར་གནས་པ་དང་། རང་གི་ལས་ཐོབ་པ་གཉིས་ཏེ་བརྒྱད་དོ། །དེ་ལྟར་སྤྲོས་མེད་ཀྱི་སྤྲོས་བཅས་ ལ་བཅུ་དྲུག། དེའི་སྤྲོས་མེད་ལ་བཅུ་གཉིས་ཏེ་ཉེར་བརྒྱད། དེའི་ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་བཅུ་རྩ་དྲུག། དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དེ། བསྐུར་བས་ཐོབ་པའི་འབྲས་བུ་བཞི་བཅུ་རྩ་བཞིའོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ ཀྱི་ཕྱི་ལ། ལམ་གསལ་བའི་ཕྱིར་བླ་མ་ལ་གསོལ་བ་གདབ་པ་དང་། རྣམ་ཤེས་བརྒྱད་ཀྱི་འཕྲོ་འདུ་བཅད་པའི་ཕྱིར་ཡི་གེ་བརྒྱད་ཀྱི་རྒྱས་གདབ་པ་དང་། ཡིད་ཀྱི་བྱུང་ཚོར་བཀག་ནས་བར་ཆད་ཞི་བའི་ཕྱིར་ཕཊ་ཀྱི་སྒྲ་སྒྲོགས་པ་དང་གསུམ། དེའི་ནང་

[p. 308] ལ་གནས་བཙལ་བས་ཕྱོགས་ཀྱི་ངེས་པ་བཟུང་བ་དང་། བགེགས་བསལ་བའི་ཕྱིར་གཏོར་མ་སྦྱིན་པ་དང་། སེམས་ལ་སྤྲོ་བ་བསྐྱེད་པ་དང་གསུམ། དེའི་གསང་བ་ལ་ལུས་ཀྱི་སྤྱོད་པ་བརྩམ་པའི་ཡུལ་དང་། རྩོམ་པའི་ཐབས་དང་། བརྩམས་པའི་ དགོས་པ་དང་གསུམ། དེའི་ཡོངས་སུ་རྫོགས་པ་ལ་ངག་གི་སྤྱོད་པ་བརྩམ་པའི་ཡུལ་དག། རྩོམ་པའི་ཐབས་དང་།བརྩམས་པའི་དགོས་པ་གསུམ། དེའི་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་སྤྱོད་པ་རྩོམ་པའི་ཡུལ། ཐབས་དགོས་པ་གསུམ། དེའི་ ནང་ལ་ལུས་དང་། ངག་དང་། སེམས་ཀྱི་སྡིག་པ་ངེས་པའི་ཡུལ་གསུམ། དེའི་གསང་པ་ལ་ལུས་དང་། ངག་དང། སེམས་ཀྱི་སྡིག་པ་དག་པའི་ཚད་གསུམ། དེའི་ཡོངས་རྫོགས་ལ། ལུས་དང་། ངག་དང་།སེམས་ཀྱི་མ་དག་ན་བཤགས་པའི་ཐབས་ གསུམ་སྟེ་བཅུ་གཉིས་སོ།། དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འབྲུའི་མཎྜལ་གྱིས་ལོངས་སྤྱོད་འཕེལ་བ་དང་། དྲིས་ཁམས་རྒྱས་པ་དང་། མེ་ཏོག་གིས་དབང་པོ་གསལ་བ་དང་། རིན་པོ་ཆེས་འབྱོར་པ་རྒྱས་པ་བཞིའོ། །དེའི་ནང་ལ་རིགས་དྲིས་ པས་བདེ་བ་ཉམས་སུ་མྱོང་བ་དང་། ཡིན་པར་བརྗོད་པས་སྤྲོ་བ་སྐྱེད་པ་གཉིས་ཏེ་དྲུག། དེའི་གསང་བ་དཀྱིལ་འཁོར་དུ་འཇུག་པ་ལ། ཤར་སྒོ་ནས་ཞུགས་པས་ལམ་སྟོང་ཉིད་དུ་བསྟན་པ་དང་། ལྷོ་སྒོ་ནས་ཞུགས་པས་སེམས་སྟོང་པ་ཉིད་ དུ་ངོ་སྤྲད། ནུབ་སྒོ་ནས་ཞུགས་པས་ཉོན་མོངས་པ་སྟོང་ཉིད་དུ་རང་གྲོལ། བྱང་སྒོར་ཞུགས་པས་ལས་དང་བག་ཆགས་སྟོང་ཉིད་དུ་མཐའ་ཟད་པ་དང་བཞི་སྟེ་བཅུའོ།། དེའི་ཡོངས་རྫོགས་རིག་པའི་མེ་ཏོག་དོར་བས་སེམས་སེམས་ཉིད་དུ་ཐིམ་ པའི་གནད་དང་། དེ་ལས་དབུགས་དབྱུང་པ་དང་། ལུང་བསྟན་པ་གཉིས་ཏེ་བཅུ་གཉིས་སོ། །དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་ལུས་གནད་སྐྱིལ་དཀྲུང་གིས་གཞི་བཅའ་བ་དང་། ཉི་མ་ལྔ་ལ་སེམས་གཏད་པས་ཡེ་ཤེས་ལྔ་ངོས་ཟིན་པ་དང་། དེའི་འོད་

[p. 309] ༄༅། །འཕྲོ་བས་སེམས་གསལ་གདབ་པ་དང་གསུམ། དེའི་ནང་ལ་ཇེ་མཐོ་རྟོག་པ་མེད་པའི་ལམ་བཙལ་བ་དང་། སླར་མི་ལྡོག་པས་མྱ་ངན་ལས་འདས་པའི་སར་གཞི་འཛུགས་པ་དང་། ལན་གསུམ་དུ་བརྗོད་པས་སྐུ་གསུམ་འདུ་འབྲལ་མང་ བའི་ས་ལ་དབྱེར་མེད་པ་དང་གསུམ་སྟེ་དྲུག། དེའི་གསང་བ་ལ་བླ་མས་བཞེངས་པས་སྣང་སྲིད་ཆོས་ཉིད་དུ་བཞེངས་པའི་གདེང་རྙེད་པ་དང་། ཨ་ཨ་ཅེས་པས་མ་སྐྱེས་ལ་སྐྱེ་བ་མེད་པའི་གནང་བཙལ་བ་དང་། མིག་ལ་མཇུབ་མོ་གཏང་པས་རིག་པ་འཆར་ བའི་ལམ་གསལ་བ་དང་དགུའོ། །དེའི་ཡོངས་རྫོགས་ལ་ནམ་མཁའ་རྒྱ་ཆེ་བར་བརྗོད་པས་དབྱིངས་ལ་འདྲིས་པར་བྱ་བ་དང་། ནམ་མཁའ་ལ་ཕྱག་གིས་བྱུགས་པས་བརྡ་དོན་ཉམས་དང་འདྲེས་པ་དང་། འགྲོན་འགྲོས་འདུག་གམ། འདུག་ན་འདུག་ས་ འདུག་གམ། སླར་འགྲོ་ས་དང་ལྡོགས་འདུག་གམ་གྱི་རྒྱས་གདབ་པ་དང་ལྔ་སྟེ་བཅུ་བཞིའོ།། རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ཀྱི་ཕྱི་ལ་སུ་ཡིན་དྲིས་པས་རིགས་མཚོན་པ་དང་། སེམས་ཀྱི་བུས་ལན་བཏབ་པས་ལམ་ཉེ་བར་འཇུག་པ་དང་གཉིས། དེའི་ ནང་ལ་ཆོས་སྐུའི་འདུག་སྟངས་ཀྱིས་གཞི་བཙལ་བ་དང་། ལོངས་སྐུའི་འདུག་སྟངས་ཀྱིས་ལམ་གསལ་བ་དང་། སྤྲུལ་སྐུའི་འདུག་སྟངས་ཀྱིས་ཕུགས་དཀྲུ་བ་དང་གསུམ། དེའི་གསང་བ་ལ་འདུག་སྟངས་ཐུན་མོང་པ་རྣམས་ཀྱིས་གནད་བསྟུན་པ་དང་། ཨེ་མ་ལ་སོགས་པས་ཆོས་སྐུའི་དཀྱིལ་འཁོར་དུ་འཇུག་པ་ལུས་ཀྱི་གནད་དང་། ལོངས་སྐུ་དང་། སྤྲུལ་སྐུའི་དཀྱིལ་འཁོར་དུ་འཇུགས་པ་ལུས་གནད་བསྟུན་པ་དང་བདུན་སྟེ་དགུའོ། །དེའི་གསང་བ་ལ་སྤྲུལ་སྐུའི་ཞིང་དུ་འཇུག་པའི་བར་ཏེ་བཅུ་གསུམ། དེའི་ ཡོངས་རྫོགས་ལ་ལོངས་སྐུའི་ཞིང་དུ་འཇུག་པ་དང་ལྔ་སྟེ་བཅོ་བརྒྱད་དོ།། དེའི་སྤྲོས་མེད་ཀྱི་ཕྱི་ལ་ཆོས་སྐུའི་ཞིང་ཁམས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། དེའི་ནང་ལ་སྐུ་གསུམ་གྱི་ལྷ་ངོ་བསྟན་པ་གསུམ་སྟེ་དྲུག། དེའི་གསང་བ་ལ་དེར་གནས་པ་གསུམ་

[p. 310] སྟེ་དགུ། དེའི་ཡོངས་རྫོགས་ལ་སླར་མི་ལྡོག་པའི་ས་གསུམ་སྟེ་བཅུ་གཉིས་སོ།། དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་ངོ་བོ་ངེས་ཚིག། དབྱེ་བ་མཚོན་པ་གསུམ། དེའི་ནང་ལ་སེམས་གནས་པ། ཐོབ་པ་བརྟན་པ་གསུམ་སྟེ་དྲུག། དེའི་གསང་པ་ལ་སེཾས་ ཀྱི་གཞི་ལམ་འབྲས་བུ་གསུམ་སྟེ་དགུ། དེའི་ཡོངས་རྫོགས་ལ་སེམས་ཀྱི་འཇུག་པ། ཁྱབ་བྱེད། འགྱུར་དང་གསུམ་སྟེ་བཅུ་གཉིས་སོ།། དེའི་རབ་ཏུ་སྤྲོས་མེད་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱི་ལ། ལུས་ཀྱི་འདུག་སྟངས་བཅུ་གཅིག་གིས་ཐོབ་སྟེ་གནས་པ་ཏུ་ དེའི་ནང་ལ་སེམས་ཀྱི་ས་བཅུ་གཉིས་ཀྱིས་སྲིད་པའི་འཁོར་ལོ་བཅུ་གཉིས་རྒྱུན་གཅོད་པ་དང་ཉེར་གསུམ། དེའི་གསང་བ་ལ་སེམས་ཉིད་སྐྱེ་མེད་དུ་ལྷ་ངོ་བསྟན་པས་སེམས་བདུན་ལ་དབང་ཐོབ་པས་མ་རིག་པའི་ཁམས་བདུན་རྒྱུན་གཅོད་པ་སྟེ་སུམ་ བཅུ། དེའི་ཡོངས་རྫོགས་ལ་མན་ངག་གི་དབྱེ་བ་དྲུག་དང་། ཟག་པ་མེད་པའི་སྡེ་བཞི་སྟེ་བཅུ་གཅིག་དང་བསྡོམས་པ་སོ་ཞིག་ཅིག་གོ། དེ་ལྟར་ན་རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ལ་རྣམ་གྲངས་བཅོ་བརྒྱད། དེའི་སྤྲོས་མེད་ལ་བཅུ་གཉིས་ཏེ་སུམ་ བཅུ། དེའི་ཤིན་ཏུ་སྤྲོས་མེད་ལ་བཅུ་གཉིས་ཏེ་ཞེ་གཉིས། དེའི་རབ་ཏུ་སྤྲོས་མེད་ལ་ཞེ་གཅིག་སྟེ་བརྒྱད་བཅུ་རྩ་གསུམ་མོ།། ཤིན་ཏུ་སྤྲོས་པ་མེད་པ་ལ་བཞི་བཅུ་རྩ་བརྒྱད་ཏེ་བརྒྱ་སུམ་བཅུ་སོ་གཅིག། སྤྲོས་པ་མེད་པ་ལ་དེའི་སྤྲོས་བཅས་ལ་བཅུ་ དྲུག། སྤྲོས་མེད་ལ་བཅུ་གཉིས་ཏེ་ཉེར་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་བཅུ་རྩ་དྲུག། དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དེ། བཞི་བཅུ་རྩ་བཞི་སྟེ། བརྒྱ་བདུན་བཅུ་རྩ་བཞི། སྤྲོས་བཅས་ལ་བརྒྱ་དང་བཅོ་ལྔ་སྟེ། ཉིས་བརྒྱ་བཞི་བཅུ་རྩ་དགུའོ། དེ་ཡང་སྐུ་གསུང་ཐུགས་དབྱེར་མེད་པ་དང་བཞི་ལ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། མ་ངེས་པའི་དུས་བཞིར་བྱས་ཏེ། དབང་ཉིས་བརྒྱ་བརྒྱད་བཅུ་རྩ་དགུ་པོ་དེ་བཞིར་འབྲེལ་བས་ཕྱི་ན། ཁྲི་ཆིག་སྟོང་ཆིག་བརྒྱ་དང་

[p. 311] ༄༅། །སུམ་བཅུ་རྩ་དྲུག་དུ་འགྱུར་རོ།། ༑དེ་ལྟར་དག་བྱེད་དེ་ཙམ་གྱིས། དག་བྱ་འགྲོ་བའི་ལུས་མི་འདྲ་བ་བཅུ་གཉིས་ལས་བྱེད་པའི་འགྱུར་གྱིས་རྣམ་པར་ཕྱེ་ན། ཁྲི་ཕྲག་གཅིག་དང་། སྟོང་ཕྲག་གསུམ་དང་། དྲུག་བརྒྱ་སུམ་བཅུ་རྩ་གཉིས། ཉོན་མོངས་པ་ཡང་དེའི་འགྱུར་བརྩིས་པས་ཁྲི་ཕྲག་གཅིག་དང་ཕྱེད་དང་བདུན་བརྒྱ་སྟེ། དེ་ལས་སྟོང་ཕྲག་གཉིས་དང་དགུ་བརྒྱ་བདུན་བཅུ་རྩ་གཉིས་ལྷག་པ་ནི། ལས་ཀྱི་མཐའ་ཉེ་བར་བསྡུད་པ་ལ་དགོངས་པ་སྟེ། གོང་གི་ལུས་དང་ཉོན་མོངས་ པའི་དབྱེ་བ་རྣམས་དག་པར་བྱེད་པའོ།། ཞར་ལ་དག་བྱ་ནང་གི་རླུང་གི་དབྱེ་བས་དབང་ངེས་པའི་རྣམ་གྲངས་བསྟན་པ་ནི། འབྱུང་བ་བཞིའི་རླུང་གི་རིམ་པས་ཏེ། དེའི་དག་བྱེད་དབང་བཞི་ལ་རང་ངོའི་དབྱེ་བ་བཅུ་དྲུག་ལས། རེ་རེ་ལ་ཕྱི་ནང་གསང་ པ་ཡོངས་རྫོགས་བཞི་བཞིར་ཕྱེ་བས། སྤྲོས་བཅས་ལ་བཅུ་དྲུག། སྤྲོས་མེད་ལ་བཅུ་དྲུག་སྟེ་སོ་གཉིས། ཤིན་ཏུ་སྤྲོས་མེད་ཁ་བཅུ་དྲུག་སྟེ་ཞེ་བརྒྱད། རབ་ཏུ་སྤྲོས་མེད་ལ་བཅུ་དྲུག་སྟེ་དྲུག་བཅུ་རྩ་བཞིས་ནི། རླུང་ལས་རླུང་། ཆུ་རླུང་། མེ་རླུང་། རླུང་ གི་རླུང་བཞི་ལ། བྱེར་བ། ཟུག་པ། སྙོམས་པ། འཁྲུག་པ་བཞི་བཞིར་ཕྱེ་བས་བཅུ་དྲུག། དེ་རེ་རེ་ལ་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་སུམ་བཅུ་རྩ་དྲུག་གི་བྱེད་པའི་ལས་དག་པར་བྱེད་པའོ།། ༑ །།སྤྱི་དོན་གསུམ་པ་དབང་བསྐུར་བ་མཐར་ཕྱིན་པའི་འབྲས་ བུ་ལ་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གི་འབྲས་བུའོ། །དང་པོ་ལ་ལམ་གྱི་ཡོན་ཏན་སྤྱིར་བསྟན་པ་དང་། རིགས་འཛིན་བཞིའི་ཐོབ་ཚུལ་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི་སྤྲོས་བཅས་ཀྱིས་ཚོགས་ལམ་བཅུ་གཉིས་རྫོགས་པའི་ཡོན་ཏན་ འཐོབ་པའི་རྟེན་བྱེད། སྤྲོས་མེད་ཀྱིས་སྦྱོར་ལམ་ངེས་འབྱེད་ཆ་བཞི་རྫོགས་པའི་རྟེན་བྱེད། ཤིན་ཏུ་སྤྲོས་མེད་ཀྱིས་མཐོང་ལམ་རྫོགས་པའི་རྟེན་བྱེད། རབ་ཏུ་སྤྲོས་མེད་ཀྱིས་བསྒོམ་ལམ་ས་དགུ་རྫོགས་པའི་རྟེན་བྱེད་པའོ།། དེ་བཞིན་དུ་མོས་པའི་ས་

[p. 312] དང་། འཇུག་པའི་ས་དང་། བསྒྱུར་བའི་ས་དང་། ཆོད་པའི་ས་བཞི་དབང་བཞི་རེ་རེ་ལ་སྦྱར་བས་ས་བཅུ་དྲུག་གི་ཡོན་ཏན་རྫོགས་པས་ཐུན་མོང་གི་ཡོན་ཏན་རྫོགས་པའི་རང་བཞིན་ཐོབ་པའོ། །དེ་ཡང་སྤྲོས་བཅས་ཀྱི་སྤྲོས་བཅས་མོས་པ་དང་ལྡན་ པའི་ས་སྟེ་གདུང་བ་དང་བསོད་ནམས་ཀྱི་ཁྱད་པར་རོ། །དེའི་སྤྲོས་མེད་འཇུག་པ་དག་པའི་ས་སྟེ་དད་པས་ངེས་པ་ལ་བརྟེན་ནས་རང་དབང་ཅན་དུ་འཇུག་པའོ། །དེའི་ཤིན་ཏུ་སྤྲོས་མེད་དངོས་པོ་དག་པར་བསྒྱུར་བའི་ས་སྟེ་ལུས་ངག་གི་བཅིངས་པ་ལ་མི་གནས་ པའོ། །དེའི་རབ་ཏུ་སྤྲོས་མེད་ལས་ཀྱི་མཐའ་ཆོད་པའི་ས་ཏེ་སྤྲོས་པ་དང་འཁོར་བ་ལ་མི་གནས་པའོ། །དེ་བཞིན་དུ་དབང་ལྷག་མ་གསུམ་ལའང་སྦྱར་ཏེ། མོས་པ་ལ་སོགས་པའང་བཞི་བཞིར་སྦྱར་ན། མོས་པའི་མོས་པ་དད་པས་ངེས་པ། མོས་པའི་ འཇུག་པ་སྙིང་རྗེ་ངེས་པ། མོས་པའི་བསྒྱུར་བ་ཐབས་ཀྱིས་ཟིན་པ། མོས་པའི་ཆོད་པ་ཤེས་རབ་ཀྱིས་དོན་ཆོད་པའོ། །འཇུག་པའི་མོས་པ་ཞི་གནས་ལ་མོས་པ། དེའི་འཇུག་པ་ལྷག་མཐོང་ལ་འཇུག་པ། དེའི་བསྒྱུར་བ་མཉམ་བཞག་གི་རྟོགས་པ་ ཐ་དད་དུ་བསྒྱུར་བ། དེའི་ཆོད་པ་རྗེས་ཤེས་ཀྱི་འགྱུ་བ་ཆོད་པའོ། །བསྒྱུར་བའི་མོས་པ་གོས་ཀྱི་ཞེན་པ་གྲོལ་བ། དེའི་འཇུག་པ་ཟས་ཀྱི་ཞེན་པ་གྲོལ་བ། དེ་འི་སྒྱུར་བ་རྨི་ལམ་འོད་གསལ་དུ་གྲོལ་བ། དེའི་ཆོད་པ་བག་ཆགས་དང་ཉོན་མོངས་གྲོལ་བའོ། ། ཆོད་པའི་མོས་པ་སྤྱོད་པས་འཁོར་བ་ལ་མི་གནས་པ། དེའི་འཇུག་པ་བསྒོམ་པས་བསམ་གཏན་ལ་གནས་པ། དེའི་བསྒྱུར་བ་ལྟ་བས་འཁྲུལ་སྣང་ལ་མི་གནས་པར་ཁམས་གསུམ་སྐུ་གསུམ་དུ་བསྒྱུར་བ། དེའི་ཆོད་པའི་འབྲས་བུ་འཁོར་འདས་གཉིས་ དུས་གཅིག་ལ་ཆོད་པའོ། །དེ་ལྟར་བཅུ་དྲུག་དང་། དབང་གི་ང་རོ་བཅུ་དྲུག་པོ་དེ་བསྡོམས་པས་སུམ་བཅུ་རྩ་གཉིས་ལ། ས་བཅུ་དྲུག་ལ་ཡེ་ཤེས་གནས་པ། སྐྱེ་བ། ཐོབ་པ། འཆར་བ་བཞི་བཞིར་དབྱེ་བས་དྲུག་བཅུ་རྩ་བཞི་ནི་རྡོ་རྗེ་འཆང་གིས་མཆོག་

[p. 313] ༄༅། །རྫོགས་པར་བྱེད་པའོ། །དབང་གི་ང་རོ་བཅུ་དྲུག་ལ་སྦྱར་བས་མཚན་སུམ་བཅུ་རྩ་གཉིས་འགྲུབ་པའི་རྒྱུ་བྱེད་པའོ།། གཉིས་པ་རིགས་འཛིན་གྱིས་བཞིའི་ཐོབ་ཚུལ་ནི། དབང་བཞིའི་འཇུག་པ་རྗེས་སུ་དྲན་པ་ལས་རིགས་འཛིན་གྱིས་ བཞི་སྟེ། རྣལ་འབྱོར་གྱི་ས་དང་། རྣལ་འབྱོར་ཆེན་པོའི་ས་དང་། འབྱེད་པའི་རྣལ་འབྱོར་གྱི་ས་དང་། རྟོགས་པའི་རྣལ་འབྱོར་གྱི་ས་དང་བཞི་ལས། དབང་དུ་བསྒྱུར་བ་དང་། མ་བསྒྱུར་བ་གཉིས་གཉིས་ཏེ་བརྒྱད་དུ་ངེས་སོ། །དེ་ལ་ཡང་ཆ་ཤས་ཀྱིས་བཞི་བཞིར་ ཕྱེ་ན། རྣལ་འབྱོར་གྱི་ས་ལའང་། རྣལ་འབྱོར་དང་། བྱ་བའི་རྣལ་འབྱོར་དང་། སྤྱོད་པའི་རྣལ་འབྱོར་དང་། བསྒྱུར་བའི་རྣལ་འབྱོར་དང་བཞིའོ། །རྣལ་འབྱོར་ཆེན་པོ་ལ་ཤིན་ཏུ་རྣལ་འབྱོར་གྱི་ས་དང་། རང་ས་ངེས་པའི་རྣལ་འབྱོར་གྱི་ས་དང་། སྤྲོས་པའི་རྣལ་ འབྱོར་གྱི་ས་དང་། བྱ་བྲལ་རྫོགས་པའི་རྣལ་འབྱོར་གྱི་ས་སྟེ་བཞིའོ། །འབྱེད་པའི་རྣལ་འབྱོར་གྱི་ས་ལ། བརྡའི་ས་དང་། དོན་གྱི་ས་དང་། བརྡ་དོན་དབྱེར་མེད་ཀྱི་ས་དང་། མ་འདྲེས་པའི་ས་སྟེ་བཞིའོ། །རྟོགས་པའི་རྣལ་འབྱོར་གྱི་ས་ལ། རྫུ་འཕྲུལ་འཕྲུལ་ བའི་ས་དང་། ཁྱད་པར་རྟོགས་པའི་ས་དང་། མངོན་པར་འབྱུང་བའི་ས་དང་། དཔའ་བོ་རིགས་འབྱེད་ཀྱི་ས་དང་བཞི་སྟེ། བསྡོམས་པས་ས་བཅུ་དྲུག་གོ། དེ་ལྟར་ས་བཅུ་དྲུག་ལས། ས་དང་པོ་ལ་ཤེས་བྱེད་ཀྱི་རྫུ་འཕྲུལ་བདུན་ནི། རང་གི་ལུས་བརྒྱ་སྟོང་ དུ་སྤྲུལ་བ་དང་། དེ་དག་ལ་ཡན་ལག་བརྒྱ་སྟོང་དུ་སྤྲུལ་བ་དང་། ལུས་གཅིག་ལ་མགོ་བརྒྱ་སྟོང་དུ་སྤྲུལ་བ་དང་། ལུས་བརྒྱ་སྟོང་ལ་མགོ་གཅིག་པར་སྤྲུལ་བ་དང་། མགོ་གཅིག་ལ་ལུས་མི་འདྲ་བ་བརྒྱ་སྟོང་སྤྲུལ་ནས། དེ་ལས་སྤྲུལ་པ་འགྱེད་པ་སྟེ་ལྔ་དང་། ལུས་ལ་མགོ་དང་ཡན་ལག་མི་འདྲ་བ་དཔག་ཏུ་མེད་པར་སྤྲུལ་བ་དང་དྲུག། སྐྱེ་བ་སྣ་ཚོགས་པར་སྤྲུལ་བ་དང་བདུན་ནི་དབང་དུ་གྱུར་བའི་ས་རྟོགས་པ་ལས་བྱུང་པའོ།། ས་གཉིས་པ་ལ་རང་གི་ཁོག་པ་ཁ་ཕྱི་ནས་གློ་སྙིང་རྣམ་གཞན་ལ་སྟོན་པར་ནུས་

[p. 314] པ་དང་། ལུས་ཀྱི་སྟོང་ནས་མེ་འབར་བ་ལ་སྨད་ནས་ཆུ་འབྲུག་པར་ནུས་པ་དང་། ཡན་ལག་བཅད་ནས་ཕྱོགས་བཞིར་འཐོར་བར་ནུས་པ་དང་། མིག་ལ་སོགས་པའི་དབང་པོ་ལྔ་ཐང་ལ་ལྷུང་པར་ནུས་པ་དང་། ལུས་ཀྱི་སྟོབས་ཀྱི་རི་བོ་འཕེན་པར་ནུས་པ་དང་། ཕྱིའི་རྒྱ་མཚོ་ ཆེན་པོ་ནམ་མཁའ་ལ་སྔར་བར་ནུས་པ་དང་། གཟའ་སྐར་རྣམས་ཐང་ལ་ལྷུང་བར་ནུས་པ་དང་བདུན་ནི་དབང་གི་དུས་སུ་ཡན་ལག་བདུན་སྔོན་དུ་སོང་བ་ལས་བྱུང་བའོ། །ས་གསུམ་པ་ལ་རླུང་ཞགས་པར་འཆིང་བར་ནུས་པ་དང་། འགྲོ་བའི་བསམ་པ་གཞན་དུ་བསྒྱུར་ བ་དང་། འཇིག་རྟེན་སྐྱོང་བའི་ལྷའི་རྒྱལ་པོ་རྣམས་སྒྲོལ་བར་ནུས་པ་དང་། མཁའ་འགྲོ་མའི་ཡིད་འཕྲོག་པར་ནུས་པ་དང་། འགྲོ་བ་བརྒྱ་སྒྲོལ་ཞིང་སྒྲལ་བ་རྣམས་གསོ་བར་ནུས་པ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་གྱི་བུ་མོ་ལ་རོལ་བར་ནུས་པ་དང་། དབང་ཕྱུག་ ཆེན་པོ་ལ་སོགས་པའི་འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ཀྱི་སྟོབས་ཉམས་པར་ནུས་པ་དང་བདུན་ནི་དབང་བསྐུར་བའི་དུས་སུ་སེམས་སྐྱེད་པ་ལས་བྱུང་བའོ། །ས་བཞི་པ་ལ་ནམ་མཁའ་རྡོ་རྗེར་བསྒྱུར་བར་ནུས་པ་དང་། མེ་ཆུར་བསྒྱུར། ཆུ་མེར་བསྒྱུར། ས་མེར་བསྒྱུར་ ས་ཆུར་བསྒྱུར། རླུང་མེར་བསྒྱུར། མེ་རླུང་དུ་བསྒྱུར་བར་ནུས་པ་དང་བདུན་ནི་ཡི་གེ་སྤྲོ་བསྡུ་བསྒོམས་པ་ལས་བྱུང་བའོ། །ས་ལྔ་པས་ནི་ནམ་མཁའ་བདུན་པ་ལ་དབང་བསྒྱུར་བར་ནུས་ཏེ་སྟོང་ཉིད་བསྒོམས་པ་ལས་བྱུང་པའོ། །ས་དྲུག་པས་མེ་བདུན་ལ་ དབང་བསྒྱུར་བ་ནི་སྔོན་དུ་དབང་གི་ཤེས་བྱེད་ལས་བྱུང་བའོ། །ས་བདུན་པས་ས་གཅིག་ནས་གཉིས་སུ་བྱས་པའི་བདུན་ལ་དབང་བ་ནི་འབྱུང་བ་རིམ་བརྩེགས་བསྒོམས་པ་ལས་བྱུང་པའོ། །ཡང་ཆུ་བདུན་ལ་དབང་བ་ནི་སྔོན་འགྲོ་སོང་བ་ལས་བྱུང་བའོ། ། ས་བརྒྱད་པས་རླུང་བདུན་ལ་དབང་བ་ནི་འཁོར་ལོ་བཞིའི་རླུང་སྦྱངས་པ་ལས་བྱུང་བའོ། །ས་དགུ་པས་བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་སྐྱོད་ནུས་པ་ནི་སྦྱོར་བ་སྔོན་དུ་སོང་བ་ལས་བྱུང་བའོ། །ས་བཅུ་པས་ཆོས་སུ་བྱ་བ་བདུན་ལ་དབང་བ་ནི་ལྷ་

[p. 315] ༄༅། །བསྒོམས་པ་ལས་བྱུང་བའོ། །ས་བཅུ་གཅིག་པས་རྟ་སྤྲིན་གྱི་ཤུགས་ཅན་བདུན་སྤྲུལ་ནུས་པ་ནི་བརྩོན་འགྲུས་བརྩམས་པ་ལས་བྱུང་བའོ། །བཅུ་གཉིས་པས་དགེ་སློང་གསིལ་བྱེད་ཅན་བདུན་སྤྲུལ་ནུས་པ་ནི་དམ་ཚིག་དང་སྡོམ་པ་ལ་གནས་པ་ ལས་བྱུང་བའོ། །བཅུ་གསུམ་པས་ལྷའི་གཞལ་མེད་ཁང་བདུན་སྤྲུལ་ནུས་པ་ནི་གཞལ་ཡས་ཁང་བསྒོམས་པ་ལས་བྱུང་བའོ། །བཅུ་བཞི་པས་འཇིག་རྟེན་གྱི་ཁམས་བདུན་སྤྲུལ་ནུས་པ་ནི་བླ་མ་མཉེས་པར་བྱས་པ་ལས་བྱུང་བའོ། །བཅོ་ལྔ་པས་ ཡི་དམ་གྱི་ལྷ་བདུན་སྤྲུལ་ནུས་པ་ནི་ཡི་དམ་བསྒོམས་པ་ལས་བྱུང་བའོ། །བཅུ་དྲུག་པས་ལྷ་མོ་བདུན་སྤྲུལ་ཞིང་། གཟུགས་སོགས་ཡུལ་དྲུག་གི་དག་བྱེད་ལ་ལོངས་སྤྱོད་ལ། འགྲོ་དྲུག་གི་སྐྱེ་གནས་སྟོན་པར་ནུས་པ་དང་བཅུ་དགུ་ནི་དབང་རྣམས་རྫོགས་པ་ ལས་བྱུང་བའོ། །དེ་ལྟར་ས་བཅུ་དྲུག་ལ་རྫུ་འཕྲུལ་བརྒྱ་ཐམ་པ་འབྱུང་བ་ནི་རིགས་འཛིན་གྱི་ས་ཞེས་བྱའོ། །མིང་གི་རྣམ་གྲངས་གཞན་རྣམ་པར་སྨིན་པ་དང་། ཚེ་ལ་དབང་པ་དང་། ཕྱག་རྒྱ་ཆེན་པོ་དང་། ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ། རྣལ་འབྱོར་ དང་། རྣལ་འབྱོར་ཆེན་པོ་དང་། འབྱེད་པའི་རྣལ་འབྱོར་དང་། རྟོགས་པའི་རྣལ་འབྱོར་ཏེ་རིམ་པ་བཞིན་ནོ། །དེ་ཡང་རྣམ་པར་སྨིན་པའི་རིགས་འཛིན་ནི་སེམས་ལྷའི་སྐུར་སྨིན་ཡང་ལུས་མ་སྨིན་པས། བར་དོར་གྲོལ་བའོ། །ཚེ་དབང་ནི་དེ་ཉིད་ལ་གྲོལ་ བའོ། །ཕྱག་རྒྱ་ཆེན་པོ་ནི་ལུས་སེམས་ལྷར་སྨིན་པའོ། །ལྷུན་གྲུབ་ནི་རང་གཞན་གྱི་དོན་གཉིས་གྲུབ་པའོ། །འདི་དག་ལ་ས་བཅུ་དྲུག་པོ་དེ་སྔ་མ་བཞིན་སྦྱར་ཏེ་ཡོན་ཏན་ཤེས་པར་བྱའོ། །རྣམ་སྨིན་ནི་བར་མ་ཆད་ན་ཚེ་དེ་ལ་ཚེ་དབང་ཐོབ་ནས་འབྲས་ བུ་ཐོབ་པའོ། །ཚེ་དབང་ནི། བསྐལ་པ་ཆེན་པོ་གཅིག་ན་རྫུ་འཕྲུལ་སྦྱངས་ནས། རྡོ་རྗེ་འཆང་གི་ས་འཐོབ་བོ། །ཕྱག་རྒྱ་ཆེན་པོ་ནི་ཡོ་བརྒྱན་རྡོ་རྗེ་འཆང་གི་ས་འཐོབ་བོ། །ལྷུན་གྲུབ་ནི་ལོ་སྟོང་ན་རྡོ་རྗེ་འཆང་གི་ས་འཐོབ་སྟེ་འཕྲིན་ལས་བཞིས་དོན་གཉིས་

[p. 316] མཛད་པའི་ཕྱིར་རོ།། འཕྲིན་ལས་བཞི་ནི། ཞི་བ། རྒྱས་པ། དབང་། དྲག་པོའོ།། དེ་ལ་སྤྲོས་བཅས་ཀྱིས། ཞི་བའི་ལས་བྱེད་དེ་དངོས་པོ་ལུས་སེམས་ཀྱི་བར་ཆད་མང་ན་རྒྱུ་དེ་དང་། དངོས་མེད་དྲི་མ་ཕྲ་རགས་གཉིས་ན་ཟར་བྱང་བའོ། དབྱེ་ན་ཞི་བ་བཞི་ནི་ ཤེས་པ་དང་རླུང་། ཞི་བའི་རྒྱས་པ་ཚེ་དང་བསོད་ནམས། ཞི་བའི་དབང་ལུས་ངག་གི་ནུས་པ། ཞི་བའི་དྲག་པོ་གཉིས་ཞི་ནས་གཅིག་ཏུ་གནས་པའོ།། སྤྲོས་མེད་ཀྱིས་རྒྱས་པའི་ལས་འགྲུབ་བོ།། དབྱེ་ན་རྒྱས་པའི་ཞི་བ་རྣམ་རྟོག་ངན་པ་ཟང་བ། རྒྱས་པའི་རྒྱས་པ་ཚེ་དང་བསོད་ནས། འཁོར་དང་ལོངས་སྤྱོད་ཉམས་དང་བྱིན་བརླབས་སོ།། རྒྱས་པའི་དབང་ཇི་ལྟར་འདོད་པའི་བསྒྲུབ་བྱ་རྒྱས་པ། རྒྱས་པའི་དྲག་པོ་ལུས་ངག་སེམས་ཀྱི་ནུས་པ་རྫོགས་པའོ།། ཤིན་ཏུ་སྤྲོས་མེད་ཀྱིས་དབང་ གི་འཕྲིན་ལས་འགྲུབ་བོ།། དབྱེ་ན། དབང་གི་ཞི་བ་ལུས་ངག་ཡིད་ཀྱི་བར་ཆད་ཞི་བ། དབང་གི་རྒྱས་པ་ལྟ་སྒོམ་སྤྱོད་འབྲས་རྒྱས་པ། དབང་གི་དབང་མི་དང་མི་མ་ཡིན་རྣམས་འདུས་པ། དབང་གི་དྲག་པོ་དགུག་པ་ལ་སོགས་པ་འགྲུབ་པའོ།། རབ་ ཏུ་སྤྲོས་པ་མེད་པས་དྲག་པོའི་འཕྲིན་ལས་འགྲུབ་པའོ།། དབྱེ་ན་དྲག་པོའི་ཞི་བ་དགུག་པ་དང་བཅིང་པའི་ལས་སོ།། དྲག་པོའི་རྒྱས་པ་དབྱེ་བ་དང་བསྐྲད་པ། དྲག་པོའི་དབང་ཚུར་ལ་ཀླན་ཀ་མི་རྙེད་པ། དྲག་པོའི་དྲག་པོ་སྦ་བཀོད་པ་དང་བསད་པ་ལ་ སོགས་པ་འགྲུབ་པའོ།། དེ་ལྟར་བཅུ་དྲུག་ནི་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་སོགས་རང་ངོའི་དབྱེ་བ་བཅུ་དྲུག་གི་འབྲས་བུའོ།། དེ་ཡང་རྣམ་པར་འཕྲུལ་པས་དབྱེ་ན། ལུས་མི་འདྲ་བའི་གྲངས་བཞིན་དག་བྱེད་ཀྱང་དེ་ཙམ་ཡོད་པ་ནི་འཕྲིན་ལས་ཀྱི་གྲངས་སོ།། གཞན་ཡང་གནས་སྐབས་སུ་ཐོབ་པ་ནི། སྤྲོས་བཅས་ཀྱི་དབང་གིས། ལུས་ཀྱི་ཡོན་ཏན། ཚེ་རིང་བ་དང་། ནད་མེད་པ་དང་། འགྲོ་བ་བྱམས་པ་དང་། བསོད་ནམས་དང་ལྡན་པ་དང་། རྫུ་འཕྲུལ་འགྲུབ་པ་དང་། ལུས་ཀྱི་རྡུལ་ཕྲན་མཐོང་བ་ལ་སོགས་

[p. 317] ༄༅། །པའོ།། སྤྲོས་མེད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། གཞན་གྱི་རྣར་སྙན་པ་དང་། བསྒོ་བ་བཞིན་ཉན་པ་དང་། བཀའ་བསྟན་ཆོས་ལ་དབང་པ་དང་། མི་མ་ཡིན་པའི་སྐད་ཤེས་པ་ལ་སོགས་པའོ།། ཤིན་ཏུ་ སྤྲོས་མེད་ཀྱིས་ཡིད་དག་པ་དང་། ཏིང་ངེ་འཛིན་དང་། རིག་པ་དང་། གང་བསམས་ཆོས་ཉིད་དུ་འཆར་བ་དང་། དུས་བཞི་དུས་གཅིག་དུ་རྟོགས་པ་དང་། འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ལ་སོགས་པའོ། །རབ་ཏུ་སྤྲོས་མེད་ཀྱིས་སེམས་ལས་སུ་ རུང་པ་དང་། མངོན་པར་ཤེས་པ་དང་། ཚ་དཔག་ཏུ་མེད་པར་བྱིན་གྱིས་རློབ་པ་ལ་སོགས་པའོ། །ཁྱད་པར་དུ་དབང་བཞིས་སྣང་པ་བཞིའི་ཡོན་ཏན་ཐོབ་པ་ནི། སྤྲོས་པ་ནས་ཀྱིས་ཆོས་ཉིད་མངོན་གསུམ་གྱི་སྣང་པ། སྤྲོས་མེད་ཀྱིས་ཉས་ གོང་འཕེལ། ཤིན་ཏུ་སྤྲོས་མེད་ཀྱིས་རིག་པ་ཚད་ཕེབས། རབ་ཏུ་སྤྲོས་མེད་ཀྱིས་ཆོས་ཉིད་ཟད་པའི་སྣང་པ་སྟེ། དེ་དག་རེ་རེ་ཞིང་ཕྱི་སྣང་པའི་ཡོན་ཏན་རེ་དང་། ནང་ཉམས་ཏིང་ངེ་འཛིན་རེ་དང་། གསང་པ་ལྟ་དགངས་ཁྱད་པར་ ཅན་རེ་དང་། ཡོངས་རྫོགས་བསྟན་པའི་ཚད་རེ་ཐོབ་ནས། ཟག་བཅས་མི་སྣང་བར་སངས་རྒྱས་ཀྱི་ས་ལ་སྦྱོར་བའོ། །འདི་དག་ནི་ཐུན་མོང་དུ་གནས་སྐབས་ཀྱི་ཡོན་ཏན་ནོ། །གཉིས་པ་མཐར་ཐུག་གི་འབྲས་བུ་ནི། མགོན་པོ་རྡོ་རྗེ་ འཆང་གི་ས་སྟེ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་རྫོགས་པར་ཐོབ་པའོ། །དབྱེ་ན་གསུམ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཞིང་ཁམས་མདོར་བསྟན། བསམ་གྱིས་མི་ཁྱབ་པའི་དབྱེ་བ་རྒྱས་པར་ བཤད། མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བའོ། །དང་པོ་ནི། དབང་མཐར་ཕྱིན་པའི་འབྲས་བུ་བཞི་ལ་རྟགས་བཞི་དང་ཚད་བཞི་སྟེ་བཅུ་གཉིས། སྨིན་སོ་སྐུ་བཞི་སྟེ་བཅུ་དྲུག། ཡེ་ཤེས་བཞི་སྟེ་ཉི་ཤུ། ཡེ་ཤེས་ཀྱི་འོད་ཟེར་

[p. 318] བཞི་སྟེ་ཉེར་བཞི། འོད་ཀྱིས་བཀྱེ་བའི་སྤྲུལ་པ་བཞི་སྟེ་ཉེར་བརྒྱད། སྤྲུལ་པའི་གདུལ་ཞིང་བཞི་སྟེ་སུམ་བཅུ་རྩ་གཉིས་སུ་སྨིན་པས་དོན་འབྱུང་པ་ནི། ལམ་དུ་དབང་སུམ་བཅུ་རྩ་གཉིས་ཐོབ་པ་ལས་བྱུང་བའོ། །དེ་ཡང་སྐུ་བཞི་ལ། གཞི་གནས་ ཀྱི་ཡེ་ཤེས། མཚན་ཉིད་འཛིན་པའི་ཡེ་ཤེས། ཐམས་ཅད་མཁྱེན་པའི་ཡེ་ཤེས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེ་ས་བཞི་བཞི་བརྩིས་པས་བཅུ་དྲུག། ཡེ་ཤེས་ཀྱི་མཁྱེན་པ་བཞི་བཞི་བརྩིས་པས་བཅུ་དྲག་སྟེ་སུམ་བཅུ་རྩ་གཉིས་ནི་སྐུ་ དང་ཡེ་ཤེས་ཀྱི་རྣམ་གྲངས་སུམ་བཅུ་རྩ་གཉིས་ཞེས་བྱའོ། །འདི་དག་རྫོགས་པ་ནི་རྡོ་རྗེ་འཆང་གིས་བཅུ་དྲུག་མཛད་པ་ཡེ་ཤེས་ཀྱི་ཡུལ་བཅུ་དྲུག་དང་བཅས་པའོ། །ཡེ་ཤེས་ཀྱི་སྣང་པའི་རང་འོད་ལྔ་ལས་ཞིང་ལྔའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་ པ་ནི། འོད་མཐིང་གའི་ཀློང་ན་རྣཾ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རྫོགས་པའོ། །དེ་བཞིན་དུ་དཀར་པོས་མི་བསྐྱོད་པ། སེར་པོས་རིན་ཆེན་འབྱུང་ལྡན། དམར་པོས་སྣང་པ་མཐའ་ཡས། ལྗང་ཁུས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་དུ་ལྷུན་ གྱིས་གྲུབ་པའོ། །དཀྱིལ་འཁོར་དེ་དག་ལས་གདུལ་བྱའི་ཞིང་དུ་འཕྲིན་ལས་བཞིའི་སྤྲུལ་པ་འགྱེད་ལ། གདུལ་ཞིང་ཤར་ཕྱོགས་མངོན་པར་དགའ་བ། ལྷོ་དབལ་དང་ལྡན་པ། ནུབ་པད་མ་བརྩེགས་པ། བྱང་ལས་རབ་རྫོགས་པ་བཞིའི་འགྲོ་བ་ སྨིན་པར་བྱེད་དོ། །གཉིས་པ་བསམ་གྱིས་མི་ཁྱབ་པའི་དབྱེ་བས་རྒྱས་པར་བཤད་པ་ནི། སྐུ་བཞིའི་ཞིང་ཁམས་ཕུན་གསུམ་ཚོགས་པ་ལྔ་ལྔར་དབྱེ་བ་ལས། དང་པོ་ཆོས་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོ། གནས་ཆོས་ཀྱི་དབྱིངས། བསྟན་པ་ སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བསྟན་པ། འཁོར་འདུས་མ་བྱས་པ། དུས་ཆོས་ཉིད་ལ་འཕོ་འགྱུར་མེད་པ་དང་ལྔ་ནི་ཆོས་སྐུར་འཛག་པའི་འཐད་པ་ནི། ཞིང་ཁམས་རྣམ་པར་དག་པ་དེ་ཉིད་དང་རྗོད་དུ་མེད་པ། ཆོས་བརྗོད་དུ་མེད་པ། འབད་

[p. 319] ༄༅། །མེད་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཀྱི་སྒོ་ནས་ཆོས་སྐུ་ཞེས་བརྗོད་པའོ། །ཕུན་གསུམ་ཚོགས་པ་ལྔ། བརྗོད་དུ་མེད་པ་དང་། ལྷུན་གྱིས་གྲུབ་པ་གཉིས་ཏེ་བརྒྱད་ནི། དབང་བཞིའི་ས་བོན་བཞི་དང་། འབྲས་བུ་བཞི་སྟེ་བརྒྱད་སྨིན་པ་ལས་ བྱུང་བའོ། །ལོངས་སྐུའི་སྟོན་པ་རྣམ་པར་སྣང་མཛད་གང་ཆེན་མཚོ། གནས་རྣམ་དག་སྟུག་པོ་བཀོད་པ། བསྟན་པ་རང་བྱུང་གི་ཡི་གེ་དྲུག་གི་རང་སྒྲ་ལྗགས་ཀྱི་འོད་ཟེར་ལས་འཕྲོ་བ་བསྟན་པའི་བུ་གཅིག། འཁོར་ཉིད་ལས་མི་གཞན་པ་རིགས་ བཞིའི་སངས་རྒྱས། དུས་རང་བཞིན་རྣམ་དག་ཆེན་པོ། ཞིང་ཁམས་ཕྱག་མཉམ་གཞག་གི་མཐིལ་ན། ཡས་མར་རྩེགས་པའི་ཉི་ཤུ་རྩ་ལྔ། སྐྱིལ་དཀྲུང་མན་ཆད་ལ་བཅུ་དྲུག། དེ་དག་ཀྱང་ཡང་མན་དུ་ལྟས་པཱ་རྒྱ་དེབ་བརྩེགས་པ་ལྟ་བུར་བར་ན་རྨི་ དག་གི་ནམ་མཁས་བཅད་ནས་གནས་ལ། ཕན་ཚུན་ནི་ཟ་འོག་གི་གུར་ཁྱིམ་བཀྲམ་པ་དང་འདྲ་སྟེ། སོ་སོའི་ལྕགས་རི་དང་། མཆོས་པར་བཅད་དེ་གནས་སོ། །ཆོས་ནི་རང་གི་ངོ་བོ་རྣམ་དག་ཆེན་པོའི་ཆོས་ལ་སྤྱོད་པའོ། །འཐད་པ་ནི་འོད་དང་། ཁ་དོག་སྐུ་དང་ ཡེ་ཤེས་ལ་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །དེ་ཡང་འོད་ཟེར་གྱི་སྦྱོར་བ་དག་པ་ཡབ་ཀྱི་ཞལ་ནས་ཞུགས་ཏེ་གསང་བའི་གནས་ནས་ཡུམ་གྱི་མཁའ་ལ་འཐོན་ནས་སྤྲུལ་པ་འགྱེད་པ་སྟེ། ཕུན་གསུམ་ཚོགས་པ་ལྔ། ཞིང་དང་སྤྲུལ་པ་ གཉིས་ཏེ་བརྒྱད་དོ། །དེ་ཡང་དབང་བརྒྱད་ཀྱི་འབྲས་བུའོ། །སྤྲུལ་པ་སྐུའི་སྟོན་པ་དྲུག་པ་རྡོ་རྗེ་འཆང་། གནས་ལྕང་ལོ་ཅན་སྟེ་འོག་མིན་གྱི་མིང་གི་བྱེ་བྲག་གོ། བསྟན་པ་རང་བཞིན་རྫོགས་པ་ཆེན་པོ། འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་ པ། དུས་སྐུས་འདུལ་བའི་དུས། ཞིང་ཁམས་རྒྱ་ཆེ་བ་ཚངས་ཆེན། དེ་ལས་ཁོལ་བུར་ཕྱུང་ན་མི་མཇེད་དེ་གླིང་བཞི་རི་རབ་དང་བཅས་པ་བྱེ་བ་ཕྲག་བརྒྱའོ། །ཆོས་བསྟན་པ་དངོས་དང་གཟུགས་བརྙན་གཉིས་སོ། །འཐད་པ་གང་ལ་གང་འདུལ་དུ་

[p. 320] སྤྲུལ་བས་ན་སྤྲུལ་སྐུའོ།། རང་གཞན་གྱི་དོན་གཉིས་རྫོགས་པའི་འཕྲིན་ལས་དང་བརྒྱད་དོ།། ངོ་བོ་ཉིད་ཀྱི་སྐུའི་སྟོན་པ་བསམ་བརྗོད་རྣམ་པར་དག་པ། གནས་བསམ་འདས་མཚན་གཞི་དང་བྲལ་བ། བསྟན་པ་རྡུལ་མེད་ཅིང་དྲི་མ་མེད་པ། འཁོར་ ཡེ་ཤེས་རྒྱ་མཚོ། ཞིང་ཁམས་བདེ་ཆེན་རྣམ་དག། ཆོས་ངོ་འབྱེད་པ་མེད་པ། ལས་སེམས་ཉིད་ཕྱིན་ཅི་ལོག་ལས་འདས་པ་དང་བརྒྱད་པོ།། དེ་ཐམས་ཅད་ཀྱི་རང་བཞིན་རྟགས་ཀྱི་སྐུ་བཞི་ནི། ཆོས་སྐུའི་སྟོན་པ་རང་བཞིན་མ་བཅོས་པ། གནས་སྟོང་པ་ ཀུན་ཁྱབ། བསྟན་པ་འདུལ་སྟངས་རྣམ་དག། འཁོར་རང་བཞིན་ཡོངས་དག། དུས་ངེས་མེད་སྣ་ཚོགས། ཆོས་ཟག་པ་རང་ཟད། འཐད་པ་ཆོས་ཀྱི་ཕུང་པོ་འདུས་བས་ན་ཆོས་ཀྱི་སྐུའོ།། བྱེད་ལས་ལས་བདག་ཏུ་མེད་པའི་ལས་བྱེད་པ་དང་བརྒྱད་དོ།། གཟུགས་སྐུའི་སྟོན་པ་སྐུ་སྣང་ལ་རང་བཞིན་མེད་པ་ཞལ་ཀུན་དུ་ཐལ་ལེ་བ། གནས་ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ། བསྟན་པ་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པ། འཁོར་སྣང་བ་དང་མི་སྣང་བ། དུས་སྤྲོས་གཞིའི་ཚིག་ ཙམ་དུ་བྱུང་བ། ཞིང་ཁམས་ཕྱི་ནས་ལྟས་པས་ནད་གསལ་བ། ཆོས་སྤྲོས་གཞི་རྣམ་པར་དག་པ། འཐད་པ་གཟུགས་རྡུལ་དང་རྡུལ་ཕྲན་དག་པར་བྱེད་པས་ན་གཟུགས་སྐུའོ།། ལས་ཀྱི་གཟུགས་ཅན་རྣམས་ཀྱི་ལས་ཟད་པར་བྱེད་པ་དང་བརྒྱད་དོ།། །། དེ་དག་གི་ཞར་ལ་ཞི་བའི་སྐུའི་སྟོན་པ་རང་ཤེས་རིག་གི་རྒྱལ་པོ་འདུས་མ་བྱས་པ། གནས་ཙིཏྟ་རིན་པོ་ཆེའི་གཞལ་མེད་ཁང་། བསྟན་པ་རྩ་རླུང་ཐབས་ཀྱི་མན་ངག། འཁོར་ཡེ་ཤེས་ལྔ་དང་། རླུང་ལྔ་དང་། ཤེས་རབ་ལྔ་དང་། འོད་ལྔ་དང་། སྐུ་ལྔ་དང་། རིགས་ལྔའོ།། དུས་ལུས་དང་སེམས་འཛོམ་པའོ།། ཞིང་ཁམས་འགྲོ་བ་འདུལ་བ། ཆོས་འཁོར་བ་དང་མྱ་ངན་ལས་འདས་པ། འཐད་པ་དེ་ལ་རྟེན་ནས་ལུས་སེམས་སྡུག་བསྔལ་ཞི་བས་ན་ཞི་བའི་སྐུར་འཐད་དོ།། ལས་ཁམས་གསུམ་ལས་

[p. 321] ༄༅། །གྲོལ་བར་བྱེད་པ་སྟེ་བརྒྱད་དོ། །ཁྲོ་བོའི་སྐུའི་སྟོན་པ་ཡེ་ཤེས་ཀྱི་ཧེ་རུ་ཀ་ལྔ། གནས་པན་དྷ་འབར་བའི་གཞལ་ཡས་ཁང་སྟེ་ཀླད་པ་དུང་ཁང་དཀར་པོ། བསྟན་པ་བདེ་ཆེན་གྱི་འབར་འཛག། འཁོར་སྒྲོན་མ་རྣམ་པ་བཞི། དུས་ཡེ་ཤེས་རང་འཁྱིལ་ བའི་དུས། ཞིང་ཁམས་མིག་གི་དབང་པོ་མཐོང་བ་མ་འགགས་པ། ཆོས་གཟུགས་ཀྱི་དེ་བཞིན་ཉིད། འཐད་པ་ཡུལ་དང་ཤེས་པ་ལ་འཁྲོས་པས་ན་ཁྲོ་བོའི་སྐུར་འཐད་དོ། །ལས་ཀྱི་གདུལ་བྱ་ཕྱིན་ཅི་ལོག་རྣམས་ཚར་གཅོད་པ་དང་བརྒྱད་དོ། །དེ་དག་ལ་ སྐབས་འདིར་འབྲས་བུར་བཞག་པ་ནི། གཞི་སྨིན་བྱའི་སྦྱང་གཞི་ཐོག་མའི་འོད་གསལ་ཡིན་པ་དང་། གདུལ་གཞིའི་འབྲས་བུ་རང་བཞིན་རྣམ་དག་ཡིན་པས་བློ་བུར་རྣམ་དག་གི་ཞར་ལ་སྨོས་པའོ། །དེ་དག་ལ་བརྟགས་པས། དབང་དང་འབྲས་བུ་ལ་ བཅུ་དྲུག་ཕྲག་བཞི། སྐུ་ལ་བཅུ་དྲུག་ཕྲག་བཞི་སྟེ་ཕྲག་བརྒྱད་བསྡོམས་པས། བརྒྱ་དང་ཉེར་བརྒྱད་ནི་དབང་བསྐུར་བའི་འབྲས་བུ་ཕུན་སུམ་ཚོགས་པའོ། །གསུམ་པ་མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བ་ནི། དབང་བཞིའི་ས་བོན་ གྱི་ཆ་ལས་དྲུག་བརྒྱ་དང་དྲུག་བཅུ་རྩ་དྲུག་གིས་འགྲོ་བ་དྲུག་གི་ལས་དང་ཉོན་མོངས་པ་དག་པར་མཛད་པའོ། །དེ་ལ་ཐོག་མར་མཐོང་བ་རྣམ་པར་དག་པ་ལས། བདག་ཉིད་ལ་ཟག་པ་མེད་པའི་མངོན་པར་ཤེས་པ་ནི། དབང་པོའི་མཐོང་བ་རྣམ་པར་དག་པའི་ མངོན་པར་ཤེས་པ་དྲུག་གིས་དུས་གསུམ་དུས་གཅིག་ལ་མཐོང་བ་བྲ་སེན་མཐོང་བ་ལྟ་བུ་སྟེ། དེ་ཡང་མིག་གི་མངོན་ཤེས་དྲུག་གིས་གཟུགས་ཐམས་ཅད་ཤེས། རྣ་བའི་མངོན་ཤེས་དྲུག་གིས་བརྗོད་པའི་སྒྲ་ཐམས་ཅད་གཏན་ལ་ཕེབས་སོ། །རྣའི་ དྲུག་གིས་འགྲོ་བ་དྲུག་གི་ལས་གཏན་ལ་ཕེབས་སོ། །ལྕེའི་དྲུག་གིས་འགྲོ་དྲུག་གི་འཁོར་དང་ལོངས་སྤྱོད་ཤེས་སོ། །ལུས་ཀྱི་དྲུག་གིས་འགྲོ་དྲུག་གི་གཟུགས་རྡུལ་ཕྲན་དང་རགས་པ་ཐམས་ཅད་ཤེས་སོ། །ཡིད་ཀྱི་དྲུག་གིས་འགྲོ་དྲུག་གི་བསམ་པ་ཐམས་

[p. 322] ཅད་ཤེས་སོ།། དེ་ལྟར་དབྱེ་གཞི་ཕྲི་བས་དབང་པོའི་མངོན་ཤེས་སུམ་བཅུས་སྲིད་པ་ཡན་ལག་སུམ་བཅུ་ཤེས་ཤིང་། མཚན་སུམ་བཅུ་རྩ་གཉིས་གྲུབ་པ་ནི་དབང་སུམ་བཅུ་རྩ་གཉིས་ལས་བྱུང་བའོ།། དེ་ནས་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་ མངོན་པར་ཤེས་པ་དྲུག་འཆར་ཏེ། སྦྱངས་པའི་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་ཡེ་ཤེས་དྲུག་ཤར་བས་ཚིག་ཐམས་ཅད་ཀྱི་བརྡ་དོན་ཁོང་དུ་ཆུད་པའོ།། བསླབ་པའི་ཤེས་རབ་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་གིས་སེམས་ཉིད་ཆོས་ཉིད་ ལ་འཇུག་པ་ཁྱད་པར་ཅན་སྐྱེ་བའོ།། མཐོང་བ་རྣམ་པར་དག་པ་ཞེས་ཀུན་ལ་སྦྱར་ཏེ། ཐོས་པའི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་སྒྲ་དང་དོན་ཐམས་ཅད་ཤེས་སོ།། བསམ་བྱུང་གི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་ཆོས་ཐམས་ཅད་ཀྱི་འདུ་འཆད་ རྟོགས་སོ།། སྒོམ་བྱུང་གི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་ཆོས་དང་སེམས་གཉིས་འདྲེས་ཏེ་ནམ་མཁའ་ལྟར་ཤེས་སོ།། དེ་ལྟར་སུམ་བཅུ་ནི་དབང་གི་འགྱུར་བྱེད་སུམ་བཅུ་རྩ་གཉིས་ཀྱིས་སངས་རྒྱས་ཀྱིས་སྦྱངས་པའི་ཡོན་ཏན་སུམ་བཅུ་རྩ་གཉིས་ མཐོང་བ་ལས་བྱུང་བའོ།། དེ་ནས་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། འདིའི་དུས་ན་ཡེ་ཤེས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྙེད་པའོ།། དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མཐོང་བ་དག་པའི་ མངོན་ཤེས་དྲུག་གིས་ཆོས་ཀྱི་མཚན་ཉིད་དང་དགོངས་པ་མངོན་སུམ་དུ་ཤེས་སོ།། མཉམ་པ་ཉིད་ཀྱི་དྲུག་གིས་འཁོར་འདས་གཉིས་སུ་མེད་པར་ཤེས་སོ།། སོ་སོར་རྟོགས་པའི་དྲུག་གིས་འགྲོ་བ་དྲུག་གི་དབང་པོ་ལ་སོགས་པ་ཤེས་སོ།། བྱ་བ་ གྲུབ་པའི་དྲུག་གིས་ཆོས་ཐམས་ཅད་རྩོལ་བ་དང་བྲལ་བ་དང་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཤེས་སོ།། ཆོས་ཀྱི་དབྱིངས་ཀྱི་དྲུག་གིས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཤེས་སོ།། མི་གནས་པའི་ཡེ་ཤེས་ཀྱི་དྲུག་གིས་ཆོས་གང་བའང་

[p. 323] ༄༅། །མི་གནས་པ་ཤེས་སོ། །དེ་ཡང་དབྱེ་གཞི་རེ་ཕྲི་བས་མངོན་ཤེས་ལྔ་ཚན་དྲུག་ཏུ་འགྱུར་ཏེ། ཡེ་ཤེས་ཀྱི་མངོན་པར་ཤེས་པ་སུམ་བཅུ་ནི་དབང་སུམ་བཅུ་རྩ་གཉིས་ལས་བྱུང་བའོ། །དེ་ནས་རྣམ་པར་གྲོལ་བའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་སེམས་དང་སེམས་བྱུང་ནུབ་པའོ། །དེ་ལ་རྣམ་གྲོལ་དང་པོའི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་ཤར་བས། ལུས་ཀྱི་ཟག་པ་ཟད་པའོ། །རྣམ་གྲོལ་གཉིས་པ་དྲུག་གིས་ངག་གི་ཟག་པ་ཟད་པའོ། །གསུམ་པའི་དྲུག་གིས་ ཡིད་ཀྱི་ཟག་པ་ཟད་པའོ། །བཞི་པའི་དྲུག་གིས་སེམས་ཀྱི་ཟག་པ་ཟད་པའོ། །ལྔ་པའི་དྲུག་གིས་ཤེས་རབ་ཀྱི་ཕུང་པོ་ལ་སྒྲིབ་པའི་ཟག་པ་ཟད་པའོ། །དྲུག་པའི་དྲུག་གིས་ཆོས་དང་ཆོས་ཉིད་ཀྱི་ཟག་པ་ཟད་པའོ། །སུམ་བཅུ་པོ་དེ་དག་གིས་ཕྱི་ནང་གསུམ་ པ་ཡོངས་རྫོགས་ཀྱི་དབང་ལས་བྱུང་བའོ། །དེ་ནས་སྐུ་གསུང་ཐུགས་ཀྱི་ལས་མངོན་དུ་གྱུར་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། སངས་རྒྱས་ཀྱི་མཁྱེན་པ་མ་ལུས་པ་རྫོགས་པའོ། །སྐུ་དངོས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་ཤར་བས་ སངས་རྒྱས་ཀྱི་སྐུ་ཐམས་ཅད་མཐོང་ཞིང་རང་གིས་ཀྱང་བརྙེས་པའོ། །སྐུའི་སྣང་བའི་དྲུག་ཤར་བས་འོད་ཀྱི་ཚོགས་མཐའ་ཡས་པ་ལ་སྤྱོད་དོ། །གསུང་དངོས་ཀྱི་དྲུག་ཤར་བས་གསུང་དབྱངས་དྲུག་བཅུ་ལ་སྤྱོད་དོ། །གསུང་གི་སྣང་བའི་དྲུག་གིས་སྒྲ་ དབྱངས་དུ་མ་ལ་སྤྱོད་དོ། །ཐུགས་དངོས་ཀྱི་དྲུག་གིས་ཏིང་ངེ་འཛིན་ཐམས་ཅད་ལ་སྤྱོད་དོ། །ཐུགས་ཀྱི་སྣང་བའི་དྲུག་གིས་གཞན་གྱི་སེམས་ཤེས་པ་ལ་སྤྱོད་དོ། །དེ་ལྟར་སུམ་བཅུ་པོ་ནི་དབང་གི་ལྷ་ངོ་སུམ་བཅུ་རྩ་གཉིས་ཤེས་པ་ལས་བྱུང་ངོ། །དེ་ནས་ ཆོས་ཉིད་ཀྱི་མཐོང་པ་རྣམ་པར་དག་པའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་ཆོས་ཉིད་ཀྱི་དགོངས་པ་ལ་དབྱེར་མི་ཕྱེད་པར་བཞུགས་སོ། །སེམས་རྣམ་པར་གདུལ་བའི་མངོན་ཤེས་དྲུག་ཤར་བས་སེམས་ཀྱི་རང་བཞིན་ཤེས་སོ། །སེམས་

[p. 324] སྦྱང་པའི་དྲུག་གིས་རྩ་བ་ཤེས་སོ།། སེམས་ཞི་བའི་དྲུག་གིས་སེམས་མེད་པའི་མཚན་ཉིད་ཤེས་སོ།། སེམས་རྣམ་པར་དག་པའི་དྲུག་གིས་མི་འགྱུར་བར་ཤེས་སོ།། སེམས་མི་ལྡོག་པའི་དྲུག་གིས་ཁམས་གསུམ་མིང་མེད་པར་ཤེས་སོ།། སེམས་ ལས་འདས་པའི་དྲུག་གིས་ཤེས་བྱེད་དང་འདུ་འཕྲོ་དག་སྟེ་མི་ལྡོག་པར་རྟོགས་སོ།། དེ་ལྟར་སུམ་བཅུ་ནི་དབང་གི་རྣམ་པར་འཕྲུལ་བའི་དབྱེ་བ་ཤེས་པ་ལས་བྱུང་ངོ།། དེ་ལྟར་མཐོང་བ་དག་པའི་མངོན་ཤེས་བརྒྱ་དང་བརྒྱད་བཅུ་ནི་མོས་པའི་མཐོང་བ་ཙམ་ལས་ བྱུང་བའོ།། དེ་ཡང་ཕྱེ་ན་མོས་པའི་བཞི་ལ་བཞི་བཅུ་རྩ་ལྔ་ལྔའི་ཡོན་ཏན་དུ་འབྱུང་བ་ནི། སྤྲོས་བཅས་ཀྱི་དབང་ཐོབ་པ་ལས་བྱུང་བའོ།། དེའི་འདྲེས་ཀྱིས་ཐོས་པ་རྣམ་པར་དག་པའི་མངོན་ཤེས་ཀྱང་བརྒྱ་དང་བརྒྱད་བཅུར་འགྱུར་ཏེ། དེ་ལའང་ཡེ་ཤེས་ བཞིའི་ཡོན་ཏན་འཇུག་པ་སྔར་དང་འདྲའོ།། འདི་དག་སྤྲོས་མེད་ཀྱི་དབང་ལས་བྱུང་བའོ།། བསམ་བྱ་དག་པའི་བརྒྱ་དང་བརྒྱད་བཅུ་ནི་བསྒྱུར་གཞིའི་དོན་ཤེས་པ་ལས་བྱུང་བ་སྟེ། ཡེ་ཤེས་སུ་དག་པ་དང་། མྱོང་བྱེད་དག་པའི་བརྒྱ་བརྒྱད་བཅུ་ཆོད་པའི་ རང་བཞིན་ཤེས་པ་ལས་བྱུང་བ་དང་། རེག་བྱེད་དག་པའི་བརྒྱ་བརྒྱད་ཅུ་པ་མདོ་ཤེས་པ་ལས་བྱུང་བ་དང་ཚན་པ་གསུམ་ནི་ཤིན་ཏུ་སྤྲོས་མེད་ཀྱི་དབང་ལས་བྱང་བའོ།། ཆོས་དག་པའི་མངོན་ཤེས་བརྒྱད་བརྒྱད་བཅུ་ནི་རབ་ཏུ་སྤྲོས་པ་མེད་པའི་དབང་ལས་ བྱུང་བའོ།། དེ་ལྟར་ན་ས་དང་སྦྱར་བས་སའི་ཡོན་ཏན་ཉིས་སྟོང་སུམ་བརྒྱ་དང་དྲུག་བཅུ། ཡེ་ཤེས་ཀྱི་བྱེད་པ་དྲུག་བརྒྱ་དང་དྲུག་བཅུ། ཆོས་ཀྱི་རྣམ་གྲངས་སུམ་སྟོང་དང་བརྒྱ་ཉི་ཤུ་རྣམས་ནི་རྡོ་རྗེ་འཆང་གི་སའི་མངོན་ཤེས་ཀྱི་རྣམ་པར་འཕྲུལ་བའི་དབྱེ་བ་ཆེན་ པོའོ།། འདི་དག་ནི་དབང་གི་རྣམ་པར་བཞག་པ་སྟེ། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་སྒོ་དང་པོའི་གཞི་གལ་པོ་ཆེ་ཡང་དག་པ་ཡིན་ནོ།། །།ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། གཞིའི་དོན་སྨིན་པར་བྱེད་པ་དབང་གི་རྣམ་པར་བཞག

[p. 325] ༄༅། །པ་སྟེ། རིམ་ཁང་དྲུག་པའོ།། །།

[edit]
OCR of the BDRC scans (I0TTBBC0007_001, I0TTBBC0007_002), gorn05 tibocr 2026: BDRC OCR on 256 pages, Mitra OCR on 129 pages (the model with more recognisable syllables on each page).
Volume I0TTBBC0007_001

[p. 235] རྩེ་མོར་བཟུང་བས་སྤྲུལ་སྐུའི་བདེ་བ་ཉཾས་

[p. 236] མཛད་པའི་ཕྱིར་རོ།། འཕྲིན་ལས་བཞི་ནི། ཞི་བ། རྒྱས་པ། དབང་། དྲག་པོའོ།། དེ་ལ་སྤྲོས་བཅས་ཀྱིས། ཞི་བའི་ལས་བྱེད་དེ་དངོས་པོ་ལུས་སེམས་ཀྱི་བར་ཆད་མངོན་གྱུར་དང་། དངོས་མེད་དྲི་མ་ཕྲ་རགས་གཉིས་ཞི་བར་བྱེད་པའོ། དབྱེ་ན་ཞི་བའི་ཞི་བ་ ཤེས་པ་དང་རླུང་། ཞི་བའི་རྒྱས་པ་ཚེ་དང་བསོད་ནམས། ཞི་བའི་དབང་ལུས་ངག་གི་ནུས་པ། ཞི་བའི་དྲག་པོ་གཉིས་ཞི་ནས་གཅིག་ཏུ་གནས་པའོ།། སྤྲོས་མེད་ཀྱིས་རྒྱས་པའི་ལས་འགྲུབ་པོ།། དབྱེ་ན་རྒྱས་པའི་ཞི་བ་རྣམ་རྟོག་ངན་པ་ཟད་པ། རྒྱས་པའི་རྒྱས་པ་ཚེ་དང་བསོད་ནས། འཁོར་དང་ལོངས་སྤྱོད་ཉམས་དང་བྱིན་བརླབས་སོ།། རྒྱས་པའི་དབང་ཇི་ལྟར་འདོད་པའི་བསྒྲུབ་བྱ་རྒྱས་པ། རྒྱས་པའི་དྲག་པོ་ལུས་ངག་སེམས་ཀྱི་ནུས་པ་རྫོགས་པའོ།། ཤིན་ཏུ་སྤྲོས་མེད་ཀྱིས་དབང་ གི་འཕྲིན་ལས་འགྲུབ་པོ།། དབྱེ་ན། དབང་གི་ཞི་བ་ལུས་ངག་ཡིད་ཀྱི་བར་ཆད་ཞི་བ། དབང་གི་རྒྱས་པ་ལྟ་སྒོམ་སྤྱོད་འབྲས་རྒྱས་པ། དབང་གི་དབང་མི་དང་མི་མ་ཡིན་རྣམས་འདུས་པ། དབང་གི་དྲག་པོ་དགུག་པ་ལ་སོགས་པ་འགྲུབ་པའོ།། རབ་ ཏུ་སྤྲོས་པ་མེད་པས་དྲག་པོའི་འཕྲིན་ལས་འགྲུབ་པའོ།། དབྱེ་ན་དྲག་པོའི་ཞི་བ་དགུག་པ་དང་བཅིང་པའི་ལས་སོ།། དྲག་པོའི་རྒྱས་པ་དབྱེ་བ་དང་བསྐྲད་པ། དྲག་པོའི་དབང་ཚུར་ལ་ཀླན་ཀ་མི་རྙེད་པ། དྲག་པོའི་དྲག་པོ་སྤ་བཀོད་པ་དང་བསད་པ་ལ་ སོགས་པ་འགྲུབ་པའོ།། དེ་ལྟར་བཅུ་དྲུག་ནི་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་སོགས་རང་ངོའི་དབྱེ་བ་བཅུ་དྲུག་གི་འབྲས་བུའོ།། དེ་ཡང་རྣམ་པར་འཕྲུལ་པས་དབྱེ་ན། ལུས་མི་འདྲ་བའི་གྲངས་བཞིན་དག་བྱེད་ཀྱང་དེ་ཙམ་ཡོད་པ་ནི་འཕྲིན་ལས་ཀྱི་གྲངས་སོ།། གཞན་ཡང་གནས་སྐབས་སུ་ཐོབ་པ་ནི། སྤྲོས་བཅས་ཀྱི་དབང་གིས། ལུས་ཀྱི་ཡོན་ཏན། ཚེ་རིང་བ་དང་། ནད་མེད་པ་དང་། འགྲོ་བ་བྱམས་པ་དང་། བསོད་ནམས་དང་ལྡན་པ་དང་། རྫུ་འཕྲུལ་འགྲུབ་པ་དང་། ལུས་ཀྱི་རྡུལ་ཕྲན་མཐོང་བ་ལ་སོགས་

[p. 237] ༄༅། །བསྒོམས་པ་ལས་བྱུང་བའོ། །ས་བཅུ་གཅིག་པས་རྟ་སྤྲིན་གྱི་ཤུགས་ཅན་བདུན་སྤྲུལ་ནུས་པ་ནི་བརྩོན་འགྲུས་བརྩམས་པ་ལས་བྱུང་བའོ། །བཅུ་གཉིས་པས་དགེ་སློང་བསིལ་བྱེད་ཅན་བདུན་སྤྲུལ་ནུས་པ་ནི་དམ་ཚིག་དང་སྡོམ་པ་ལ་གནས་པ་ ལས་བྱུང་བའོ། །བཅུ་གསུམ་པས་ལྷའི་གཞལ་མེད་ཁང་བདུན་སྤྲུལ་ནུས་པ་ནི་གཞལ་ཡས་ཁང་བསྒོམས་པ་ལས་བྱུང་བའོ། །བཅུ་བཞི་པས་འཇིག་རྟེན་གྱི་ཁམས་བདུན་སྤྲུལ་ནུས་པ་ནི་བླ་མ་མཉེས་པར་བྱས་པ་ལས་བྱུང་བའོ། །བཅོ་ལྔ་པས་ ཡི་དམ་གྱི་ལྷ་བདུན་སྤྲུལ་ནུས་པ་ནི་ཡི་དམ་བསྒོམས་པ་ལས་བྱུང་བའོ། །བཅུ་དྲུག་པས་ལྷ་མོ་བདུན་སྤྲུལ་ཞིང་། གཟུགས་སོགས་ཡུལ་དྲུག་གི་དག་བྱེད་ལ་ལོངས་སྤྱོད་ལ། འགྲོ་དྲུག་གི་སྐྱེ་གནས་སྟོན་པར་ནུས་པ་དང་བཅུ་དགུ་ནི་དབང་རྣམས་རྫོགས་པ་ ལས་བྱུང་བའོ། །དེ་ལྟར་ས་བཅུ་དྲུག་ལ་རྫུ་འཕྲུལ་བརྒྱ་ཐམ་པ་འབྱུང་བ་ནི་རིགས་འཛིན་གྱི་ས་ཞེས་བྱའོ། །མིང་གི་རྣམ་གྲངས་གཞན་རྣམ་པར་སྨིན་པ་དང་། ཚེ་ལ་དབང་བ་དང་། ཕྱག་རྒྱ་ཆེན་པོ་དང་། ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ། རྣལ་འབྱོར་ དང་། རྣལ་འབྱོར་ཆེན་པོ་དང་། འབྱེད་པའི་རྣལ་འབྱོར་དང་། རྟོགས་པའི་རྣལ་འབྱོར་ཏེ་རིམ་པ་བཞིན་ནོ། །དེ་ཡང་རྣམ་པར་སྨིན་པའི་རིགས་འཛིན་ནི་སེམས་ལྷའི་སྐུར་སྨིན་ཡང་ལུས་མ་སྨིན་པས། བར་དོར་གྲོལ་བའོ། །ཚེ་དབང་ནི་དེ་ཉིད་ལ་གྲོལ་ བའོ། །ཕྱག་རྒྱ་ཆེན་པོ་ནི་ལུས་སེམས་ལྷར་སྨིན་པའོ། །ལྷུན་གྲུབ་ནི་རང་གཞན་གྱི་དོན་གཉིས་གྲུབ་པའོ། །འདི་དག་ལ་ས་བཅུ་དྲུག་པོ་དེ་སྔ་མ་བཞིན་སྦྱར་ཏེ་ཡོན་ཏན་ཤེས་པར་བྱའོ། །རྣམ་སྨིན་ནི་བང་མ་ཆད་ན་ཚེ་དེ་ལ་ཚེ་དབང་ཐོབ་ནས་འབྲས་ བུ་ཐོབ་པའོ། །ཚེ་དབང་ནི། བསྐལ་པ་ཆེན་པོ་གཅིག་ན་རྫུ་འཕྲུལ་སྦྱངས་ནས། རྡོ་རྗེ་འཆང་གི་ས་འཐོབ་བོ། །ཕྱག་རྒྱ་ཆེན་པོ་ནི་ལོ་བརྒྱན་རྡོ་རྗེ་འཆང་གི་ས་འཐོབ་བོ། །ལྷུན་གྲུབ་ནི་ལོ་སྟོང་ན་རྡོ་རྗེ་འཆང་གི་ས་འཐོབ་སྟེ་འཕྲིན་ལས་བཞི་ས་དོན་གཉིས་

[p. 238] པ་དང་། ལུས་ཀྱི་སྟོད་ནས་མེ་འབར་བ་ལ་སྨད་ནས་ཆུ་འབྲུག་པར་ནུས་པ་དང་། ཡན་ལག་བཅད་ནས་ཕྱོགས་བཞིར་འཐོར་བར་ནུས་པ་དང་། མིག་ལ་སོགས་པའི་དབང་པོ་ལྔ་ཐང་ལ་ལྷུང་པར་ནུས་པ་དང་། ལུས་ཀྱི་སྟོབས་ཀྱི་རི་བོ་འཕེན་པར་ནུས་པ་དང་། ཕྱིའི་རྒྱ་མཚོ་ ཆེན་པོ་ནམ་མཁའ་ལ་སྤར་བར་ནུས་པ་དང་། གཟའ་སྐར་རྣམས་ཐང་ལ་ལྷུང་བར་ནུས་པ་དང་བདུན་ནི་དབང་གི་དུས་སུ་ཡན་ལག་བདུན་སྔོན་དུ་སོང་བ་ལས་བྱུང་བའོ།། ས་གསུམ་པ་ལ་རླུང་ཞགས་པར་འཆིང་བར་ནུས་པ་དང་། འགྲོ་བའི་བསམ་པ་གཞན་དུ་བསྒྱུར་ བ་དང་། འཇིག་རྟེན་སྐྱོང་བའི་ལྷའི་རྒྱལ་པོ་རྣམས་སྒྲོལ་བར་ནུས་པ་དང་། མཁའ་འགྲོ་མའི་ཡིད་འཕྲོག་པར་ནུས་པ་དང་། འགྲོ་བ་བརྒྱ་སྒྲོལ་ཞིང་སྒྲལ་བ་རྣམས་གསོ་བར་ནུས་པ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་གྱི་བུ་མོ་ལ་རོལ་བར་ནུས་པ་དང་། དབང་ཕྱུག་ ཆེན་པོ་ལ་སོགས་པའི་འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ཀྱི་སྟོབས་ཉམས་པར་ནུས་པ་དང་བདུན་ནི་དཔང་བསྐུར་བའི་དུས་སུ་སེམས་སྐྱེད་པ་ལས་བྱུང་བའོ།། ས་བཞི་པ་ལ་ནམ་མཁའ་རྡོ་རྗེར་བསྒྱུར་བར་ནུས་པ་དང་། མེ་ཆུར་བསྒྱུར། ཆུ་མེར་བསྒྱུར། ས་མེར་བསྒྱུར་ བ་ཆུར་བསྒྱུར། རླུང་མེར་བསྒྱུར། མེ་རླུང་དུ་བསྒྱུར་བར་ནུས་པ་དང་བདུན་ན་ཡི་གེ་སྤྲོ་བསྡུ་བསྒོམས་པ་ལས་བྱུང་བའོ།། སལྔ་པས་ནི་ནམ་མཁའ་བདུན་པ་ལ་དབང་བསྒྱུར་བར་ནུས་ཏེ་སྟོང་ཉིད་བསྒོམས་པ་ལས་བྱུང་པའོ།། ས་དྲུག་པས་མེ་བདུན་ལ་ དབང་བསྒྱུར་བ་ནི་སྔོན་དུ་དབང་གི་ཤེས་བྱེད་ལས་བྱུང་བའོ།། ས་བདུན་པས་ས་གཅིག་ནས་གཉིས་སུ་བྱས་པའི་བདུན་ལ་དབང་བ་ནི་འབྱུང་བ་རིམ་བརྩེགས་བསྒོམས་པ་ལས་བྱུང་བའོ། །ཡང་ཆུ་བདུན་ལ་དབང་བ་ནི་སྔོན་འགྲོ་སོང་བ་ལས་བྱུང་བའོ།། ས་བརྒྱད་པས་རླུང་བདུན་ལ་དབང་བ་ནི་འཁོར་ལོ་བཞིའི་རླུང་སྦྱངས་པ་ལས་བྱུང་བའོ།། ས་དགུ་པས་བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་སྐྱོང་ནུས་པ་ནི་སྦྱོར་བ་སྔོན་དུ་སོང་བ་ལས་བྱུང་པའོ།། ས་བཅུ་པས་ཆོས་སུ་བྱ་བ་བདུན་ལ་དབང་བ་ནི་ལྷ་

[p. 239] ༄༅། །རྫོགས་པར་བྱེད་པའོ། །དབང་གི་ང་རོ་བཅུ་དྲུག་ལ་སྦྱར་བས་མཚན་སུམ་བཅུ་རྩ་གཉིས་འགྲུབ་པའི་རྒྱུ་བྱེད་པའོ། །གཉིས་པ་རིགས་འཛིན་གྱིས་བཞིའི་ཐོབ་ཚུལ་ནི། དབང་བཞིའི་འཇུག་པ་རྗེས་སུ་དྲན་པ་ལས་རིགས་འཛིན་གྱིས་ བཞི་སྟེ། རྣལ་འབྱོར་གྱི་ས་དང་། རྣལ་འབྱོར་ཆེན་པོའི་ས་དང་། འབྱེད་པའི་རྣལ་འབྱོར་གྱི་ས་དང་། རྟོགས་པའི་རྣལ་འབྱོར་གྱི་ས་དང་བཞི་ལས། དབང་དུ་བསྒྱུར་བ་དང་། མ་བསྒྱུར་བ་གཉིས་གཉིས་ཏེ་བརྒྱད་དུ་ངེས་སོ། །དེ་ལ་ཡང་ཆ་ཤས་ཀྱི་བཞི་བཞིར་ ཕྱེ་ན། རྣལ་འབྱོར་གྱི་ས་ལའང་། རྣལ་འབྱོར་དང་། བྱ་བའི་རྣལ་འབྱོར་དང་། སྤྱོད་པའི་རྣལ་འབྱོར་དང་། བསྒྱུར་བའི་རྣལ་འབྱོར་དང་བཞིའོ། །རྣལ་འབྱོར་ཆེན་པོ་ལ་ཤིན་ཏུ་རྣལ་འབྱོར་གྱི་ས་དང་། རང་ས་ངེས་པའི་རྣལ་འབྱོར་གྱི་ས་དང་། སྤྲོས་པའི་རྣལ་ འབྱོར་གྱི་ས་དང་། བྱ་བྲལ་རྫོགས་པའི་རྣལ་འབྱོར་གྱི་ས་སྟེ་བཞིའོ། །འབྱེད་པའི་རྣལ་འབྱོར་གྱི་ས་ལ། བརྡའི་ས་དང་། དོན་གྱི་ས་དང་། བརྡ་དོན་དབྱེར་མེད་ཀྱི་ས་དང་། མ་འདྲེས་པའི་ས་སྟེ་བཞིའོ། །རྟོགས་པའི་རྣལ་འབྱོར་གྱི་ས་ལ། རྫུ་འཕྲུལ་འཕྲུལ་ བའི་ས་དང་། ཁྱད་པར་རྟོགས་པའི་ས་དང་། མངོན་པར་འབྱུང་བའི་ས་དང་། དཔའ་བོ་རིགས་འབྱེད་ཀྱི་ས་དང་བཞི་སྟེ། བསྡོམས་པས་ས་བཅུ་དྲུག་གོ། དེ་ལྟར་ས་བཅུ་དྲུག་ལས། ས་དང་པོ་ལ་ཤེས་བྱེད་ཀྱི་རྫུ་འཕྲུལ་བདུན་མི། རང་གི་ལུས་བརྒྱ་སྟོང་ དུ་སྤྲུལ་བ་དང་། དེ་དག་ལ་ཡན་ལག་བརྒྱ་སྟོང་དུ་སྤྲུལ་བ་དང་། ལུས་གཅིག་ལ་མགོ་བརྒྱ་སྟོང་དུ་སྤྲུལ་བ་དང་། ལུས་བརྒྱ་སྟོང་ལ་མགོ་གཅིག་པར་སྤྲུལ་བ་དང་། མགོ་གཅིག་ལ་ལུས་མི་འདྲ་བ་བརྒྱ་སྟོང་སྤྲུལ་ནས། དེ་ལས་སྤྲུལ་པ་འགྱེད་པ་སྟེ་ལྔ་དང་། ལུས་ལ་མགོ་དང་ཡན་ལག་མི་འདྲ་བ་དཔག་ཏུ་མེད་པར་སྤྲུལ་བ་དང་དྲུག། སྐྱེ་བ་སྣ་ཚོགས་པར་སྤྲུལ་བ་དང་བདུན་ནི་དབང་དུ་གྱུར་བའི་ས་རྟོགས་པ་ལས་བྱུང་པའོ། །ས་གཉིས་པ་ལ་རང་གི་ཁོག་པ་ཁ་ཕྱི་ནས་གློ་སྙིང་རྣམས་གཞན་ལ་སྟོན་པར་ནུས་

[p. 240] དང་། འཇུག་པའི་ས་དང་། བསྒྱུར་བའི་ས་དང་། ཆོད་པའི་ས་བཞི་དབང་བཞི་རེ་རེ་ལ་སྦྱར་བས་ས་བཅུ་དྲུག་གི་ཡོན་ཏན་རྫོགས་པས་ཐུན་མོང་གི་ཡོན་ཏན་རྫོགས་པའི་རང་བཞིན་ཐོབ་པའོ། །དེ་ཡང་སྤྲོས་བཅས་ཀྱི་སྤྲོས་བཅས་མོས་པ་དང་ལྡན་ པའི་ས་སྟེ་གདུང་བ་དང་བསོད་ནམས་ཀྱི་ཁྱད་པར་རོ། །དེའི་སྤྲོས་མེད་འཇུག་པ་དག་པའི་ས་སྟེ་དད་པས་ངེས་པ་ལ་བརྟེན་ནས་རང་དབང་ཅན་དུ་འཇུག་པའོ། །དེའི་ཤིན་ཏུ་སྤྲོས་མེད་དངོས་པོ་དག་པར་བསྒྱུར་བའི་ས་སྟེ་ལུས་ངག་གི་བཅིངས་པ་ལ་མི་གནས་ པའོ། །དེའི་རབ་ཏུ་སྤྲོས་མེད་ལས་ཀྱི་མཐའ་ཆོད་པའི་ས་ཏེ་སྤྲོས་པ་དང་འཁོར་བ་ལ་མི་གནས་པའོ། །དེ་བཞིན་དུ་དབང་ལྷག་མ་གསུམ་ལའང་སྦྱར་ཏེ། མོས་པ་ལ་སོགས་པའང་བཞི་བཞིར་སྦྱར་ན། མོས་པའི་མོས་པ་དད་པས་ངེས་པ། མོས་པའི་ འཇུག་པ་སྙིང་རྗེ་ངེས་པ། མོས་པའི་བསྒྱུར་བ་ཐབས་ཀྱིས་ཟིན་པ། མོས་པའི་ཆོད་པ་ཤེས་རབ་ཀྱིས་དོན་ཆོད་པའོ། །འཇུག་པའི་མོས་པ་ཞི་གནས་ལ་མོས་པ། དེའི་འཇུག་པ་ལྷག་མཐོང་ལ་འཇུག་པ། དེའི་བསྒྱུར་བ་མཉམ་བཞག་གི་རྟོགས་པ་ ཐ་དད་དུ་བསྒྱུར་བ། དེའི་ཆོད་པ་རྗེས་ཤེས་ཀྱི་འགྱུ་བ་ཆོད་པའོ། །བསྒྱུར་བའི་མོས་པ་གོས་ཀྱི་ཞེན་པ་གྲོལ་བ། དེའི་འཇུག་པ་ཟས་ཀྱི་ཞེན་པ་གྲོལ་བ། དེའིསྒྱུར་བ་རྨི་ལམ་འོད་གསལ་དུ་གྲོལ་བ། དེའི་ཆོད་པ་བག་ཆགས་དང་ཉོན་མོངས་གྲོལ་བའོ། ། ཆོད་པའི་མོས་པ་སྤྱོད་པས་འཁོར་བ་ལ་མི་གནས་པ། དེའི་འཇུག་པ་བསྒོམ་པས་བསམ་གཏན་ལ་གནས་པ། དེའི་བསྒྱུར་བ་ལྟ་བས་འཁྲུལ་སྣང་ལ་མི་གནས་པར་ཁམས་གསུམ་སྐུ་གསུམ་དུ་བསྒྱུར་བ། དེའི་ཆོད་བ་འབྲས་བུ་འཁོར་འདས་གཉིས་ དུས་གཅིག་ལ་ཆོད་པའོ། །དེ་ལྟར་བཅུ་དྲུག་དང་། དབང་གི་ང་རོ་བཅུ་དྲུག་པོ་དེ་བསྡོམས་པས་སུམ་བཅུ་རྩ་གཉིས་ལ། ས་བཅུ་དྲུག་ལ་ཡེ་ཤེས་གནས་པ། སྐྱེ་བ། ཐོབ་པ། འཆར་བ་བཞི་བཞིར་དབྱེ་བས་དྲུག་བཅུ་རྩ་བཞི་ནི་རྡོ་རྗེ་འཆང་གི་ས་མཆོག་

[p. 241] ༄༅། །སུམ་བཅུ་རྩ་དྲུག་དུ་འགྱུར་རོ།། དེ་ལྟར་དག་བྱེད་དེ་ཙམ་གྱིས། དག་བྱ་འགྲོ་བའི་ལུས་མི་འདྲ་བ་བཅུ་གཉིས་ལས་བྱེད་པའི་འགྱུར་གྱིས་རྣམ་པར་ཕྱེ་ན། ཁྲི་ཕྲག་གཅིག་དང་། སྟོང་ཕྲག་གསུམ་དང་། དྲུག་བརྒྱ་སུམ་བཅུ་རྩ་གཉིས། ཉོན་མོངས་པ་ཡང་དེའི་འགྱུར་བརྩིས་པས་ཁྲི་ཕྲག་གཅིག་དང་ཕྱེད་དང་བདུན་བརྒྱ་སྟེ། དེ་ལས་སྟོང་ཕྲག་གཉིས་དང་དགུ་བརྒྱ་བདུན་བཅུ་རྩ་གཉིས་ལྷག་པ་ནི། ལས་ཀྱི་མཐའ་ཉེ་བར་བསྡུད་པ་ལ་དགོངས་པ་སྟེ། གོང་གི་ལུས་དང་ཉོན་མོངས་ པའི་དབྱེ་བ་རྣམས་དག་པར་བྱེད་པའོ།། ཞར་ལ་དག་བྱ་ནང་གི་རླུང་གི་དབྱེ་བས་དབང་ངེས་པའི་རྣམ་གྲངས་བསྟན་པ་ནི། འབྱུང་བ་བཞིའི་རླུང་གི་རིམ་པས་ཏེ། དེའི་དག་བྱེད་དབང་བཞི་ལ་རང་ངོའི་དབྱེ་བ་བཅུ་དྲུག་ལས། རེ་རེ་ལ་ཕྱི་ནང་གསང་ པ་ཡོངས་རྫོགས་བཞི་བཞིར་ཕྱེ་བས། སྤྲོས་བཅས་ལ་བཅུ་དྲུག། སྤྲོས་མེད་ལ་བཅུ་དྲུག་སྟེ་སོ་གཉིས། ཤིན་ཏུ་སྤྲོས་མེད་ལ་བཅུ་དྲུག་སྟེ་ཞེ་བརྒྱད། རབ་ཏུ་སྤྲོས་མེད་ལ་བཅུ་དྲུག་ཏེ་དྲུག་བཅུ་རྩ་བཞིས་ན་ནི། རླུང་ལས་རླུང་། ཆུ་རླུང་། མེ་རླུང་། རླུང་ གི་རླུང་བཞི་ལ། བྱེར་བ། ཟུག་པ། སྙོམས་པ། འཁྲུག་པ་བཞི་བཞིར་ཕྱེ་བས་བཅུ་དྲུག། དེ་རེ་རེ་ལ་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་སུམ་བཅུ་རྩ་དྲུག་གི་བྱེད་པའི་ལས་དག་པར་བྱེད་པའོ།། ༑༑།། ༈ །།སྤྱི་དོན་གསུམ་པ་དབང་བསྐུར་བ་མཐར་ཕྱིན་པའི་འབྲས་ བུ་ལ་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གི་འབྲས་བུའོ། །དང་པོ་ལ་ལམ་གྱི་ཡོན་ཏན་སྤྱིར་བསྟན་པ་དང་། རིགས་འཛིན་བཞིའི་ཐོབ་ཚུལ་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི་སྤྲོས་བཅས་ཀྱིས་ཚོགས་ལམ་བཅུ་གཉིས་རྫོགས་པའི་ཡོན་ཏན་ འཐོབ་པའི་རྟེན་བྱེད། སྤྲོས་མེད་ཀྱིས་སྦྱོར་ལམ་ངེས་འབྱེད་ཆ་བཞི་རྫོགས་པའི་རྟེན་བྱེད། ཤིན་ཏུ་སྤྲོས་མེད་ཀྱིས་མཐོང་ལམ་རྫོགས་པའི་རྟེན་བྱེད། རབ་ཏུ་སྤྲོས་མེད་ཀྱིས་བསྒོམ་ལམ་ས་དགུ་རྫོགས་པའི་རྟེན་བྱེད་པའོ།། དེ་བཞིན་དུ་མོས་པའི་ས་

[p. 242] སྟེ་དགུ། དེའི་ཡོངས་རྫོགས་ལ་སླར་མི་ལྡོག་པའི་ས་གསུམ་སྟེ་བཅུ་གཉིས་སོ།། དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་ངོ་བོ་ངེས་ཚིག། དབྱེ་བ་མཚོན་པ་གསུམ། དེའི་ནང་ལ་སེམས་གནས་པ། ཐོབ་པ་བརྟན་པ་གསུམ་སྟེ་དྲུག། དེའི་གསང་པ་ལ་སེམས་ ཀྱི་གཞི་ལམ་འབྲས་བུ་གསུམ་སྟེ་དགུ། དེའི་ཡོངས་རྫོགས་ལ་སེམས་ཀྱི་འཇུག་པ། ཁྱབ་བྱེད། འགྱུར་དང་གསུམ་སྟེ་བཅུ་གཉིས་སོ།། དེའི་རབ་ཏུ་སྤྲོས་མེད་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱི་ལ། ལུས་ཀྱི་འདུག་སྟངས་བཅུ་གཅིག་གིས་ཐོབ་སྟེ་གནས་པ་དྲུག། དེའི་ནང་ལ་སེམས་ཀྱི་ས་བཅུ་གཉིས་ཀྱིས་སྲིད་པའི་འཁོར་ལོ་བཅུ་གཉིས་རྒྱུན་གཅོད་པ་དང་ཉེར་གསུམ། དེའི་གསང་བ་ལ་སེམས་ཉིད་སྐྱེ་མེད་དུ་ལྷ་ངོ་བསྟན་པས་སེམས་བདུན་ལ་དབང་ཐོབ་པས་མ་རིག་པའི་ཁམས་བདུན་རྒྱུན་གཅོད་པ་སྟེ་སུམ་ བཅུ། དེའི་ཡོངས་རྫོགས་ལ་མན་ངག་གི་དབྱེ་བ་དྲུག་དང་། ཟག་པ་མེད་པའི་སྡེ་བཞི་སྟེ་བཅུ་གཅིག་དང་བསྡོམས་པས་ཞེ་གཅིག་གོ། དེ་ལྟར་ན་རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ལ་རྣམ་གྲངས་བཅོ་བརྒྱད། དེའི་སྤྲོས་མེད་ལ་བཅུ་གཉིས་ཏེ་སུམ་ བཅུ། དེའི་ཤིན་ཏུ་སྤྲོས་མེད་ལ་བཅུ་གཉིས་ཏེ་ཞེ་གཉིས། དེའི་རབ་ཏུ་སྤྲོས་མེད་ལ་ཞེ་གཅིག་སྟེ་བརྒྱད་བཅུ་རྩ་གསུམ་མོ།། ཤིན་ཏུ་སྤྲོས་པ་མེད་པ་ལ་བཞི་བཅུ་རྩ་བརྒྱད་ཏེ་བརྒྱ་སུམ་བཅུ་སོ་གཅིག། སྤྲོས་པ་མེད་པ་ལ་དེའི་སྤྲོས་བཅས་ལ་བཅུ་ དྲུག། སྤྲོས་མེད་ལ་བཅུ་གཉིས་ཏེ་ཉེར་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་བཅུ་རྩ་དྲུག། དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དེ། བཞི་བཅུ་རྩ་བཞི་སྟེ། བརྒྱ་བདུན་བཅུ་རྩ་བཞི། སྤྲོས་བཅས་ལ་བརྒྱ་དང་བཅོ་ལྔ་སྟེ། ཉིས་བརྒྱ་བཞི་བཅུ་རྩ་དགུའོ། དེ་ཡང་སྐུ་གསུང་ཐུགས་དབྱེར་མེད་པ་དང་བཞི་ལ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། མ་ངེས་པའི་དུས་བཞིར་བྱས་ཏེ། དབང་ཉིས་བརྒྱ་བརྒྱད་བཅུ་རྩ་དགུ་པོ་དེ་བཞིར་འབྲེལ་བས་ཕྱེ་ན། ཁྲི་ཆིག་སྟོང་ཆིག་བརྒྱ་དང་

[p. 243] ༄༅། །འཕྲོ་བས་སེམས་གསལ་གདབ་པ་དང་གསུམ། དེའི་ནང་ལ་ཇེ་མཐོ་རྟོག་པ་མེད་པའི་ལམ་བཙལ་བ་དང་། སླར་མི་ལྡོག་པས་མྱ་ངན་ལས་འདས་པའི་སར་གཞི་འཛུགས་པ་དང་། ལན་གསུམ་དུ་བརྗོད་པས་སྐུ་གསུམ་འདུ་འབྲལ་མེད་ པའི་ས་ལ་དབྱེར་མེད་པ་དང་གསུམ་སྟེ་དྲུག། དེའི་གསང་བ་ལ་བླ་མས་བཞེངས་པས་སྣང་སྲིད་ཆོས་ཉིད་དུ་བཞེངས་པའི་གདེང་རྙེད་པ་དང་། ཨ་ཨ་ཅེས་པས་མ་སྐྱེས་ལ་སྐྱེ་བ་མེད་པའི་གནང་བཙལ་བ་དང་། མིག་ལ་མཛུབ་མོ་གཏད་པས་རིག་པ་འཆར་ བའི་ལམ་གསལ་བ་དང་དགུའོ། །དེའི་ཡོངས་རྫོགས་ལ་ནམ་མཁའ་རྒྱ་ཆེ་བར་བརྗོད་པས་དབྱིངས་ལ་འདྲིས་པར་བྱ་བ་དང་། ནམ་མཁའ་ལ་ཕྱག་གིས་བྱུགས་པས་བརྗོད་ན་ཉམས་དང་འདྲེས་པ་དང་། འགྲོན་འགྲོ་ས་འདུག་གམ། འདུག་ན་འདུག་ས་ འདུག་གམ། སླར་འགྲོ་ས་དང་ལྡོག་ས་འདུག་གམ་གྱི་རྒྱས་གདབ་པ་དང་ལྔ་སྟེ་བཅུ་བཞིའོ།། རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ཀྱི་ཕྱི་ལ་སུ་ཡིན་དྲིས་པས་རིགས་མཚོན་པ་དང་། སེམས་ཀྱི་བུས་ལན་བཏབ་པས་ལམ་ཉེ་བར་འཇུག་པ་དང་གཉིས། དེའི་ ནང་ལ་ཆོས་སྐུའི་འདུག་སྟངས་ཀྱིས་གཞི་བཙལ་བ་དང་། ལོངས་སྐུའི་འདུག་སྟངས་ཀྱིས་ལམ་གསལ་བ་དང་། སྤྲུལ་སྐུའི་འདུག་སྟངས་ཀྱིས་ཕུགས་དཀྲུ་བ་དང་གསུམ། དེའི་གསང་བ་ལ་འདུག་སྟངས་ཐུན་མོང་པ་རྣམས་ཀྱིས་གནང་བསྟུན་པ་དང་། ཨེ་མ་ལ་སོགས་པས་ཆོས་སྐུའི་དཀྱིལ་འཁོར་དུ་འཇུག་པ་ལུས་ཀྱི་གནད་དང་། ལོངས་སྐུ་དང་། སྤྲུལ་སྐུའི་དཀྱིལ་འཁོར་དུ་འཇུགས་པ་ལུས་གནད་བསྟུན་པ་དང་བདུན་སྟེ་དགུའོ། །དེའི་གསང་བ་ལ་སྤྲུལ་སྐུའི་ཞིང་དུ་འཇུག་པའི་བར་ཏེ་བཅུ་གསུམ། དེའི་ ཡོངས་རྫོགས་ལ་ལོངས་སྐུའི་ཞིང་དུ་འཇུག་པ་དང་ལྔ་སྟེ་བཅོ་བརྒྱད་དོ།། དེའི་སྤྲོས་མེད་ཀྱི་ཕྱི་ལ་ཆོས་སྐུའི་ཞིང་ཁམས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། དེའི་ནང་ལ་སྐུ་གསུམ་གྱི་ལྷ་ངོ་བསྟན་པ་གསུམ་སྟེ་དྲུག། དེའི་གསང་བ་ལ་དེར་གནས་པ་གསུམ་

[p. 244] ལ་གནས་བཙལ་བས་ཕྱོགས་ཀྱི་ངེས་པ་བཟུང་པ་དང་། བགེགས་བསལ་བའི་ཕྱིར་གཏོར་མ་སྦྱིན་པ་དང་། སེམས་ལ་སྤྲོ་བ་བསྐྱེད་པ་དང་གསུམ། དེའི་གསང་བ་ལ་ལུས་ཀྱི་སྤྱོད་པ་བརྩམ་པའི་ཡུལ་དང་། རྩོམ་པའི་ཐབས་དང་། བརྩམས་པའི་ དགོས་པ་དང་གསུམ། དེའི་ཡོངས་སུ་རྫོགས་པ་ལ་ངག་གི་སྤྱོད་པ་བརྩམ་པའི་ཡུལ་དག། རྩོམ་པའི་ཐབས་དང་།བརྩམས་པའི་དགོས་པ་གསུམ། དེའི་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་སྤྱོད་པ་རྩོམ་པའི་ཡུལ། ཐབས་དགོས་པ་གསུམ། དེའི་ ནང་ལ་ལུས་དང་། ངག་དང་། སེམས་ཀྱི་སྡིག་པ་ངེས་པའི་ཡུལ་གསུམ། དེའི་གསང་བ་ལས་ལུས་དང་། ངག་དང་།སེམས་ཀྱི་སྡིག་པ་དག་པའི་ཚད་གསུམ། དེའི་ཡོངས་རྫོགས་ལ། ལུས་དང་། ངག་དང་། །སེམས་ཀྱི་མ་དག་ན་བཤགས་པའི་ཐབས་ གསུམ་སྟེ་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འབྲུའི་མཎྜལ་གྱིས་ལོངས་སྤྱོད་འཕེལ་བ་དང་། དྲིས་ཁམས་རྒྱས་པ་དང་། མེ་ཏོག་གིས་དབང་པོ་གསལ་བ་དང་། རིན་པོ་ཆེས་འབྱོར་པ་རྒྱས་པ་བཞིའོ། །དེའི་ནང་ལ་རིགས་དྲིས་ པས་བདེ་བ་ཉམས་སུ་མྱོང་བ་དང་། ཡིན་པར་བརྗོད་པས་སྤྲོ་བ་སྐྱེད་པ་གཉིས་ཏེ་དྲུག། དེའི་གསང་བ་དཀྱིལ་འཁོར་དུ་འཇུག་པ་ལ། ཤར་སྒོ་ནས་ཞུགས་པས་ལམ་སྟོང་ཉིད་དུ་བསྟན་པ་དང་། ལྷོ་སྒོ་ནས་ཞུགས་པས་སེམས་སྟོང་པ་ཉིད་ དུ་ངོ་སྤྲད། ནུབ་སྒོ་ནས་ཞུགས་པས་ཉོན་མོངས་པ་སྟོང་ཉིད་དུ་རང་གྲོལ། བྱང་སྒོར་ཞུགས་པས་ལས་དང་བག་ཆགས་སྟོང་ཉིད་དུ་མཐའ་ཟད་པ་དང་བཞི་སྟེ་བཅུའོ། །དེའི་ཡོངས་རྫོགས་རིག་པའི་མེ་ཏོག་དོར་བས་སེམས་སེམས་ཉིད་དུ་ཐིམ་ པའི་གནད་དང་། དེ་ལས་དབུགས་དབྱུང་པ་དང་། ལུང་བསྟན་པ་གཉིས་ཏེ་བཅུ་གཉིས་སོ། །དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་ལུས་གནད་སྐྱིལ་དཀྲུང་གིས་གཞི་བཅའ་བ་དང་། ཉི་མ་ལྔ་ལ་སེམས་གཏད་པས་ཡེ་ཤེས་ལྔ་ངོས་ཟིན་པ་དང་། དེའི་འོད་

[p. 245] ༄༅། །གནད་དང་། ལྷ་ངོ་བསྟན་པས་དབྱིངས་རིག་ངོ་སྤྲད་པ་དང་། མིང་གི་དབང་བསྐུར་བས་སངས་རྒྱས་ཀྱི་སྲས་སུ་བྱ་བའོ། །དེ་ལྟར་གསུམ་དང་། དེའི་ཡོངས་སུ་རྫོགས་པ་ལ་ཕྱི་ཡུལ་དབང་པོའི་ཚིགས་སུ་བཅད་པས་ལུང་བསྟན་པས་ཤེས་པ་ དང་ཡུལ་གཉིས་མེད་ཉམས་སུ་མྱོང་བའི་དབང་དང་། ནང་སེམས་གསལ་བའི་ཚིགས་སུ་བཅད་པས་དབུགས་དབྱུང་པས་སྐྱེ་མེད་ངོས་བཟུང་དང་བྲལ་བའི་དབང་དང་། གསང་པ་ཟུང་འཇུག་རིས་མེད་ཀྱི་ཚིགས་སུ་བཅད་པས་གཟེངས་བསྟོད་པས་ དབྱིངས་རིག་གཉིས་མེད་བདེ་ཆེན་གྱི་དབང་བསྟན་པ་དང་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འཇུག་པར་འོས་པ་དང་། ཐོབ་པར་འོས་པ་གཉིས། དེའི་ནང་ལ་སྤྱོད་པར་ངེས་པ་དང་། ལྟ་བར་ངེས་པ་གཉིས་ཏེ་བཞི། དེའི་གསང་བ་ལ་ རིགས་འབྱེད་པ་དང་། བདག་ཉིད་དུ་གནས་པ་གཉིས་ཏེ་དྲུག། དེའི་ཡོངས་སུ་རྫོགས་པ་ལ་རྒྱུ་དང་རྐྱེན་གཉིས་ཏེ་བརྒྱད་དོ། །དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་སེམས་གནས་པ་དང་། ངག་གནས་པ་གཉིས། དེའི་ནང་ལ་ངག་བསྒྱུར་བ་དང་། སེམས་ཐོབ་པ་གཉིས་ཏེ་བཞི། དེའི་གསང་པ་ལ། བདེ་བ་ལུང་བསྟན་པ་དང་། གསང་པ་དབུགས་དབྱུང་པ་གཉིས་ཏེ་དྲུག། དེའི་ཡོངས་རྫོགས་ལ་སྤྲོ་བར་གནས་པ་དང་། རང་གི་ལས་ཐོབ་པ་གཉིས་ཏེ་བརྒྱད་དོ། །དེ་ལྟར་སྤྲོས་མེད་ཀྱི་སྤྲོས་བཅས་ ལ་བཅུ་དྲུག། དེའི་སྤྲོས་མེད་ལ་བཅུ་གཉིས་ཏེ་ཉེར་བརྒྱད། དེའི་ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་བཅུ་རྩ་དྲུག། དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དེ། བསྐུར་བས་ཐོབ་པའི་འབྲས་བུ་བཞི་བཅུ་རྩ་བཞིའོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ ཀྱི་ཕྱི་ལ། ལམ་གསལ་བའི་ཕྱིར་བླ་མ་ལ་གསོལ་བ་གདབ་པ་དང་། རྣམ་ཤེས་བརྒྱད་ཀྱི་འཕྲོ་འདུ་བཅད་པའི་ཕྱིར་ཡི་གེ་བརྒྱད་ཀྱི་རྒྱས་གདབ་པ་དང་། ཡིད་ཀྱི་བྱུང་ཚོར་བཀག་ནས་བར་ཆད་ཞི་བའི་ཕྱིར་ཕཊ་ཀྱི་སྒྲ་སྒྲོགས་པ་དང་གསུམ། དེའི་ནང་

[p. 246] གསུམ། དེའི་གསང་བ་ལ་བཞི་སྟེ་བཅུ་བདུན། དེའི་ཡོངས་རྫོགས་ལ་བཞི་སྟེ་ཉེར་གཅིག། སྤྲོས་པ་མེད་པའི་ཤིན་དུ་སྤྲོས་པའི་ཕྱི་ལ་ཉན་ཐོས་ལ་དྲུག། རང་རྒྱལ་ལ་ལྔ་སྟེ་བཅུ་གཅིག་བྱེད་སེམས་ལ་བཞི་སྟེ་བཅོ་ལྔ། དེའི་ནང་གི་དབང་ལ་ཀྲི་ ཡ་ལ་དགུ་སྟེ་ཉེར་བཞི། ཨུ་པ་ལ་དགུ་སྟེ་སོ་གསུམ། ཡོ་ག་ལ་དགུ་སྟེ་ཞེ་གཉིས། དེའི་གསང་བའི་དབང་ལ་མཧཱ་ལ་བཅུ་གཉིས་ཏེ་ལྔ་བཅུ་རྩ་བཞི། ཨ་ནུ་ལ་དྲུག་སྟེ་དྲུག་བཅུ་ཐམ་པ། དེའི་ཡོངས་རྫོགས་ཨ་ཏི་ལ་བཞི་སྟེ་དྲུག་བཅུ་རྩ་བཞི་ སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱིའི་དབང་ལ་བཅུ་བདུན། ནང་ལ་དྲུག་སྟེ་ཉེར་གསུམ། དེའི་གསང་བ་ལ་དྲུག་སྟེ་ཉེར་དགུ། དེའི་ཡོངས་སུ་རྫོགས་པ་ལ་གཅིག་སྟེ་སུམ་བཅུ་ཐམ་པའོ། །ཤིན་ཏུ་སྤྲོས་མེད་ལ་དྲུག་བཅུ་རྩ་བཞི་སྟེ། དགུ་བཅུ་རྩ་ བཞིའོ། །དེའི་སྤྲོས་མེད་ལ་བཅོ་ལྔ་སྟེ་བརྒྱ་དང་དགུའོ། །དེའི་སྤྲོས་བཅས་ལ་དྲུག་སྟེ་སྤྲོས་བཅས་བསྐུར་རྒྱུའི་ཆོས་བརྒྱ་དང་བཅོ་ལྔའོ།། །།སྤྲོས་མེད་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་ལ་བླ་མའི་བྱ་བ་དང་སློབ་མའི་བྱ་བ་གཉིས། དེའི་ནང་ལ་མཎྜལ་དང་ བུམ་པ་གཉིས་ཏེ་བཞི། དེའི་གསང་པ་ལ་མཎྜལ་གྱི་ལེགས་པར་བཤད་པའི་ཆོས་ལྔ། བུམ་པའི་ལེགས་བཤད་ལྔ་སྟེ་བཅུ། གོང་མ་བཞི་དང་བསྡོམས་པས་བཅུ་བཞི། དེའི་ཡོངས་རྫོགས་ལ་བླ་མས་མིང་གི་མཚོན་པ་བརྗོད་པ་དང་སློབ་མས་སྟོབས་སྐྱེད་པ་ གཉིས་ཏེ་བཅུ་དྲུག་གོ། །སྤྲོས་མེད་ཀྱི་སྤྲོས་མེད་ཀྱི་ཕྱིའི་དབང་ལ་ཨའི་བསྙེན་པས་སྐྱེ་མེད་ཀྱི་ལམ་སྦྱང་པ་དང་། ཨའི་བསྒྲུབ་པས་འགག་མེད་ཀྱི་སྣ་བསལ་བ་དང་། ཨའི་འཕྲོ་འདུས་ལུས་ངག་ཡིད་དག་པར་བྱེད་པ་དང་གསུམ་མོ། །དེའི་ ནང་ལ་ཁྲུས་ཀྱིས་དག་བྱའི་ཚུལ་བསྟེན་པ། མཎྜལ་ཕུལ་བས་འདོད་པའི་དོན་ཐོབ་པར་བྱ་བ། ལུང་བཙལ་བས་བྱ་བ་ལ་འཇུག་པ་ངོ་ཤེས་པ་དང་གསུམ་མོ། །དེའི་གསང་བ་ལ་དཀྱིལ་འཁོར་དུ་འཇུག་པས། དབྱིངས་ལ་རིག་པ་གཞུག་པའི་

[p. 247] ༄༅། །ཕྱག་རྒྱ་བསྒྱུར་བ་དང་། ལས་སུ་བྱ་བ་དང་། འཇུག་པ་ངེས་པ་དང་དྲུག་གོ །དེའི་ཡོངས་སུ་རྫོགས་པ། རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་བཞུག་པ་དང་། བསྒོམས་པ་ངེས་པའི་དཀྱིལ་འཁོར་དུ་མེ་ཏོག་དོར་བ་དང་། ལྷ་ངོ་ བསྟན་ཞིང་དབང་བསྐུར་བ་དང་། འབྲས་བུ་བྱ་བྲལ་རྫོགས་པའི་དབང་བསྐུར་བ་དང་བཞིའོ།། །།སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་པ་མེད་པའི་ཕྱིའི་ཐ་དབང་ནི། དེ་ལྟར་རིམ་པ་དགུའི་དབང་རྫོགས་ནས། ཁྱད་པར་གྱི་དབང་ལ་འཇུག་པ་ནི། ཕྱག་རྒྱའི་དཀྱིལ་འཁོར་དུ་འཇུག་པ་སྟེ། དེའི་ཕྱི་ལ་རིག་མ་བརྟག་ཅིང་དགུག་པ་རྩ་བཙལ་ཞིང་སླང་བ། བདེ་བ་བཙལ་བ། རྒྱས་པར་བྱ་བ། དབབ་ཅིང་གཟུང་པ། བཟློག་ཅིང་སྦྱང་པ་དང་དྲུག་གོ །འདིའི་ནང་གི་དབང་ལ། སྦྱོར་བ་སྙོམས་ པར་འཇུག་པ། བྱང་སེམས་ཡི་གེ་གསུམ་གྱི་སྒྲ་དང་བཅས་པ། མེ་ལོང་དུ་བླང་པ། དེ་རྡོ་རྗེ། པད་མ། འཁོར་ལོ་གསུམ་དུ་དམིགས་ཏེ་སློབ་མའི་ལྕེ་ལ་བཞག་ནས་ལུས་ངག་སྟོངས་པར་བྱ་བ་སྟེ་དྲུག་གོ །དེའི་གསང་པ་བདེ་བ་དང་བྱང་སེམས་ དངོས་ཀྱི་བྱིན་བརླབས་ལུས་ངག་ཡིད་གསུམ་ལ་བྱ་བ་གསུམ། གསང་པ་དང་གསང་པར་འོས་པ་དང་། གསང་པར་གཉེར་གཏད་པ་གསུམ་སྟེ་དྲུག་གོ །དེའི་ཡོངས་སུ་རྫོགས་པ་ཚིག་སྣ་ཚོགས་པས་མཚོན་པ་སྟེ། བརྡའི་ཚིག་དང་། དོན་ གྱི་ཚིག་དང་། བརྡ་དོན་དབྱེར་མི་ཕྱེད་པའི་ཚིག་གསུམ་མོ།། དེ་ལྟར་ན་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་ལ། བསྐུར་རྒྱུའི་དབང་དྲུག། དེའི་ཕྱི་ལ་སོ་ཤིང་བྲིམ་པ་དང་གཅིག། དེའི་ནང་ལ་མཎྜལ་འབུལ་བ་དང་ གཉིས། དེའི་གསང་བ་སྲུང་སྐུད་དང་ཀུ་ཤ་བྱིན་པ་གཉིས་ཏེ་བཞི། དེའི་ཡོངས་རྫོགས་རྨི་ལམ་བརྟག་པ་དང་། བཟང་ངན་གྱི་རྗེས་དྲི་བ་གཉིས་ཏེ་དྲུག་གོ། དེའི་སྤྲོས་བཅས་ཀྱི་སྤྲོས་མེད་ཀྱི་ཕྱི་ལ་གསུམ་སྟེ་དགུ། དེའི་ནང་ལ་བཞི་སྟེ་བཅུ་

[p. 248] སུ་རྫོགས་པ་རྨི་ལམ་བརྟག་པའོ། །དེའི་སྤྲོས་མེད་ཀྱི་ཕྱིའི་དབང་ཁྲུས་བྱ་བ། གསོལ་བ་བཏབ་པ། རྡོ་རྗེ་མན་ངག་དུ་བོད་པ་གསུམ་མོ། །དེའི་ནང་དམ་ཚིག་གི་གནའ་ཆུ་བླུད་པ། འཁོར་བ་སྤོང་བའི་གནའ། མྱང་འདས་ལེན་པའི་གནའ། སེམས་ཅན་གྱི་དོན་ མི་བྱེད་རིའི་གནའ་བཞིའོ། །དེའི་གསང་བ་དམ་ཚིག་དང་། སྟོན་པ་དབོག་པ་དང་། དཀྱིལ་འཁོར་དུ་འཇུག་པ་དང་། སེམས་ཀྱི་མེ་ཏོག་དབུལ་བའོ། །དེའི་ཡོངས་སུ་རྫོགས་པ་དཀྱིལ་འཁོར་དུ་འཇུག་པ་ལྷ་ངོ་བསྟན་པ། མེ་ཏོག་དོར་བ། མིང་གི་དབང་ངོ། ། དེའི་ཤིན་ཏུ་སྤྲོས་པ་མེད་པའི་ཕྱིའི་དབང་ཉན་ཐོས་ཀྱི་དཀྱིལ་འཁོར་དུ་འཇུག་པ། ས་ལམ་གྱི་ཚད་བསྟན་པ། སྟོང་གཡོགས་དང་སྣང་གཡོགས་སྦྱིན་པ། ལྷུང་བཟེད་དང་བསིལ་བྱེད་སྦྱིན་པ་ལ་སོགས་པ་སྟེ། ཁྲིམས་ཀྱི་ཐ་ཚིགས། ས་ལ་སོགས་ པ། ལས་ཀྱི་དབྱེ་བ། རྟེན་འབྲེལ་མཚོན་པ། བསྒོམ་པ་སྦྱིན་པ། ལུང་བསྟན་པ་དང་། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དུ་འཇུག་པ་དང་། སེམས་སྐྱེད་པ་དང་། སྡོམ་པ་སྦྱིན་པ་དང་། ཁྱད་པར་གྱི་སེམས་བཟུང་ལ་སོགས་པའོ། །དེའི་ནང་གི་ དབང་ཀྲི་ཡའི་དཀྱིལ་འཁོར་དུ་འཇུག་པ་དང་། སེམས་སྐྱེད་པ་དང་། སྡོམ་པ་བཟུང་བ་དང་། མེ་ཏོག་དོར་ཞིང་ལྷ་ངོ་བསྟན་པ་དང་། མིང་གི་དབང་དང་། ལུང་བསྟན་པ་དང་། གཟེངས་བསྟོད་པ་དང་། དབུགས་དབྱུང་བ་དང་། དབང་བསྐུར་བའོ། ། དེ་བཞིན་དུ་ཨུ་པ་དང་ཡོ་གའི་དཀྱིལ་འཁོར་དུ་འཇུག་པ་ལ་རྣམ་གྲངས་དགུ་དགུ་སྟེ་ཉི་ཤུ་རྩ་བདུན་ནོ། །དེའི་གསང་བ་མ་ཧཱའི་ལུང་བསྟན་པ་དང་། དཀྱིལ་འཁོར་དུ་འཇུག་པ་དང་། ལྷ་ངོ་བསྟན་པ་དང་། མེ་ཏོག་དོར་བ་དང་། མིང་གི་དབང་དང་། ཉན་པ་དང་། འཆད་པ་དང་། ཕན་པ་དང་། རྒྱུས་པ་དང་། རིག་པའི་དབང་དང་། ཡན་ལག་གི་དང་། ཁྱད་པར་གྱི་དབང་དང་བཅུ་གཉིས་སོ། །དེ་ནས་ཨ་ནུའི་དཀྱིལ་འཁོར་དུ་འཇུག་པ་དང་། བརྡ་དེས་པར་མཚོན་པ་དང་། དབུགས་དབྱུང་བ་དྲ།

[p. 249] ༄༅། །འཛིན་པ་དངོས་ཀྱི་ལུས་གཉིས་སུ་ཕྱེ་བས། ས་ལ་ལུས་མི་འདྲ་བ་བརྒྱ་དང་ཉེར་བརྒྱད། དེ་བཞིན་དུ་ཕྱེ་བས་ཆུ་དང་། མེ་དང་། རླུང་རྣམས་ལ་བརྒྱ་ཉེར་བརྒྱད་ཚན་པ་གསུམ་སྟེ། བསྡོམས་པས་ལྔ་བརྒྱ་དང་བཅུ་གཉིས་ཀྱི་ལུས་སུ་སྨིན་ནོ། །དེ་ལྟར་ ཕྱིར་ལུས་སྨིན་པ་བཞིན་ནང་དུ་ཉོན་མོངས་པ་ཡང་། འདོད་ཆགས་ལ་ལྟས་པ་དང་། རྒད་པ་དང་། བཅངས་པ་དང་། མཁྱུད་པ་སྟེ་བཞི་ནི་འབྱུང་བ་རེ་རེའི་ལུས་ལ་བཞི་བཞི་སྟེ་བཅུ་དྲུག། གཏི་མུག་ལ་རྨུགས་པས་མ་ཤེས་པ་དང་། འཐིབས་པ་དང་། མྱོས་པ་ དང་། རབ་ཏུ་མ་རིག་པ་འདྲེས་པ་དང་བཞི་པོ་ལུས་བཞི་ལ་ཕྱེ་བས་བཅུ་དྲུག། ཞེ་སྡང་ལ་སྡང་བ་དང་། སྡང་བ་ཆེན་པོ་དང་། ཆེར་སྡང་བ་དང་། རབ་ཏུ་སྡང་བ་སྟེ་ལུས་རེ་ལས་ཕྱེ་བས་བཅུ་དྲུག། ང་རྒྱལ་ལ་ཕྲ་བ་དང་། རགས་པ་དང་། འགྱུར་བ་དང་། མཆེད་ པ་དང་། འཕྲོ་བ་བཞི་ཡང་བཅུ་དྲུག། ཕྲག་དོག་ལ་ཡང་བ་དང་། ལྕི་བ་དང་། རྒོད་པ་དང་། ཕྲ་བ་བཞི་སྟེ་ཕྱེ་བས་བཅུ་དྲུག་སྟེ་བསྡོམས་པས་བརྒྱ་བཅུ་ཐམ་པ། དེ་ལས་བྱེ་བྲག་ཏུ་ཕྱེ་ན་འབྱུང་བའི་ལུས་མི་འདྲ་བ་ལྔ་བརྒྱ་དང་བཅུ་གཉིས་པོ་རེ་རེ་ལ། ཉོན་མོངས་པ་བཞི་བཞིའི་གྲངས་ཀྱིས་ཉི་ཤུ་ཉི་ཤུ་གནས་པས། ཐམས་ཅད་བསྡོམས་ནས་ཁྲི་ཕྲག་གཅིག་དང་བརྒྱ་བཞི་བཅུ་རྩ་བརྒྱད་དུ་འབྱུང་ལ། ལུས་དང་ཉོན་མོངས་པ་གཉིས་ཀའི་རྣམ་གྲངས་བསྡོམས་ནས་ཁྲི་ཕྲག་གཅི་དང་དྲུག་བརྒྱ་ དྲུག་བཅུ་ཐམ་པ་ནི་དག་བྱའི་དྲི་མ་ཡིན་ལ། དེའི་དག་བྱེད་ཀྱི་དབང་འོག་ཏུ་སྟོན་ནོ།། གསུམ་པ་གྲངས་ཀྱི་དབྱེ་བས་ལུས་དང་ཉོན་མོངས་པའི་དག་བྱེད་བསྟན་པ་ནི། དབང་རྣམ་པ་བཞི་ལས། དང་པོ་སྤྲོས་བཅས་ལའང་བཞིར་བྱས་པའི་སྤྲོས་བཅས་ ཀྱི་སྤྲོས་བཅས་ལ་ཕྱི་ནང་གསང་བ་ཡོངས་རྫོགས་དང་བཞིར་དབྱེ་ན། སྤྲོས་བཅས་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་སྟ་གོན་གྱི་ཚོམ་བུ་ལ་སོ་ཤིང་བྲིམ་པ། དེའི་ནང་མཎྜལ་འབུལ་བ། དེའི་གསང་བ་སྲུང་སྐུད་གདགས་ཤིང་ཀུ་ཤ་སྦྱིན་པ། ཡོངས་

[p. 250] དེའི་སྤྲོས་མེད་ལ་བརྡ་དོན་གཉིས། ཤིན་ཏུ་སྤྲོས་མེད་ལ་གཉིས། རབ་ཏུ་སྤྲོས་མེད་ལ་བརྡ་དོན་གཉི་སྟེ་བརྒྱད། དེ་བཞིན་དུ་སྤྲོས་མེད་ལ་བརྡའི་སྤྲོས་མེད་ལ་སོགས་པ་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད། རབ་ཏུ་སྤྲོས་མེད་ལ་བརྒྱད་ དེ་སུམ་བཅུ་རྩ་གཉིས་སུ་འགྱུར་ལ། ལུས་ངག་ཡིད་སེམས་བཞིའི་ཚོགས་པ་ལའང་། དེ་ལྟར་ཕྱེ་བས་སུམ་བཅུ་རྩ་གཉིས་དག་པར་བྱེད་པ་ནི། སྐྱེད་རིམས་ཀྱི་དག་བྱ་དང་དག་བྱེད་ཤེས་པའི་དགོས་པ་ཡོད་པའོ། །དེ་ལྟར་དག་བྱ་དྲི་མ་ སུམ་བཅུ་རྩ་གཉིས་དང་། དག་བྱེད་དབང་སུམ་བཅུ་རྩ་གཉིས་བསྡོམས་ན། དྲུག་བཅུ་རྩ་བཞི་ནི་དག་བྱ་དག་བྱེད་ཀྱི་དབྱེ་བ་ངེས་པའོ།། གཉིས་པ་ལུས་ཀྱི་བྱ་བ་ལ་བརྟེན་ནས་དབྱེ་བས་དབང་གི་གནས་ལུགས་བསྟན་པ་ནི། དག་བྱ་དྲི་མ་སུམ་ བཅུ་རྩ་གཉིས་ཀྱི་གཞི་ལུས་མི་འདྲ་བ་དཔག་ཏུ་མེད་པ་ཡང་། ས་ཆུ་མེ་རླུང་བཞི་ལས་གྲུབ་ལ། དེ་དག་ལ་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་བརྒྱད་དོ། །དེ་ཡང་ས་ཆུ་མེ་རླུང་གཞི་ལ་ཟུག་པ་དང་། བྱེར་བ་དང་། སྙོམས་པ་གསུམ་གསུམ་དུ་ ཕྱེ་བས་བཅུ་གཉིས་སོ། །དེ་དག་བྱེད་དབང་ལའང་སྤྲོས་བཅས་ལ་སོགས་བཞི་ལ་སྐུ་གསུང་ཐུགས་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་ཀྱིས་དག་པར་བྱེད་དོ། །འབྱུང་བཞི་ཕོ་མོ་གཉིས་ཏེ་བརྒྱད་ཀྱི་དག་བྱ་ནི། དབང་བཞི་ལ་ ཐབས་ཤེས་རབ་གཉིས་གཉིས་སུ་ཕྱེ་བས་རྒྱད་ཀྱིས་དག་པར་བྱེད་དོ། ལུས་ཀྱི་འབྱུང་བའི་བྱེ་བྲག་ལའང་། ས་ལ་སོགས་པ་བཞི་པོ་རེ་རེ་ལ་སའི་ས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་དྲུག་ནི། ཚ་བ་དང་། གྲང་པ་གཉིས་ཀྱི་དབྱེ་བས་ དྲུག་བཅུ་རྩ་བཞིར་འགྱུར་སྟེ། གོང་གི་བརྡ་དོན་གྱི་དབྱེ་བའི་དབང་དྲུག་བཅུ་རྩ་བཞིས་དག་པར་བྱེད་དོ། །དེ་འང་འབྱུང་བ་བཞི་པོ་རེ་རེ་ལའང་ལེགས་པར་ཕྱེ་ན། ས་ལའང་དྲུག་བཅུ་རྩ་བཞི། དེ་ལ་ཁྱབ་པ་འབྱུང་བ་སྤྱིའི་ལུས་དང་། རང་གི་མཚན་ཉིད་

[p. 251] ༄༅། །འབྱུང་པའི་ལས་བཅུ་དྲུག་དག་པར་བྱེད་ལ། ནང་དུ་སེམས་ཀྱི་རྟོག་པ་བཅུ་དྲུག་དག་པར་བྱེད་ལ་གསང་བར་རླུང་གི་འཕེན་བསྡུད་བཅུ་དྲུག་དག་པར་བྱེད་པ་ལ། བླ་ན་མེད་པར་ས་བཅུ་དྲུག་ལ་གནས་པའི་ངེས་པ་ཐོབ་པར་བྱེད་པས་དབང་ བཅུ་དྲུག་དུ་བསྟན་པའོ། །དབང་དེ་དག་གི་དག་བྱ་ལུས་ངག་ཡིད་སེམས་བཞིའི་དྲི་མ་དག་པ་ལ་ལྟོས་ནས་བཞག་གོ །དེའང་ལུས་ལ་ཆུས་ཚོགས་པའི་ཆོས་བསྡུས་པས་འཆིང་བྱེད་རྒྱའི་དྲི་མར་སོང་། མེས་དེ་དག་སྨིན་ཅིང་གསལ་བར་བྱས་ པས་དངོས་པོར་གྲུབ་པའི་དྲི་མར་སོང་། རླུང་གིས་དེ་དག་སོ་སོའི་ལས་བྱས་པས་ཞེན་པ་རང་རྒྱུད་དང་བཅས་པའི་དྲི་མར་སོང་བའོ། །དག་སྨྲ་ནའང་སྨྲའོ་སྙམ་པ་ཡིད་ཀྱི་རྟོག་པས་བསླད་པའི་དྲི་མ་དང་། སྨྲ་བྱེད་ལུས་ཀྱི་དྲི་མ་དང་། སྨྲ་ བའི་ཚིག་ལ་རྟོག་དཔྱོད་ཀྱི་དྲི་མ་དང་། བརྗོད་ལས་རྟོག་པའི་འགྱུར་བྱེད་ཀྱི་དྲི་མ་དང་། ཡང་ཡིད་འགྱུ་བ་ལའང་། འགྱུ་བ་དྲན་བསམ་གྱི་རྟོག་པའི་དྲི་མ་དང་། འགྱུ་བྱེད་ཡུལ་དང་ཤེས་པའི་དྲི་མ་དང་། འགྱུས་པ་བག་ཆགས་སྔ་ཕྱིའི་དྲི་ མ་དང་། འགྱུས་པ་དངོས་ལ་ཞེན་པའི་དྲི་མ་དང་། ཡང་སེམས་ཀྱི་དྲན་པས་ཡུལ་འཇུག་པའི་དྲི་མ་དང་། བསམ་པས་དགེ་མི་དགེ་ལུང་དུ་བསྟན་མ་བསྟན་བཞི་ཀུན་ནས་སློང་བའི་དྲི་མ་དང་། རྟོག་པས་སྙམ་བྱེད་དང་། ཡིད་གཉིས་ དང་། ཐེ་ཚོམ་དང་། ཡིད་དཔྱོད་ཀྱི་དྲི་མ་དང་། འཛིན་ཡུལ་སྣ་ཚོགས་ལ་རྟོག་པའི་དྲི་མའོ། །དྲི་མ་དེ་དག་གི་དག་བྱེད་དབང་བཞི་སྟེ། སྤྲོས་བཅས་ཀྱི་སྤྲོས་བཅས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་དྲུག་གོ། དེ་དག་གིས་ ལུས་ངག་ཡིད་སེམས་བཞི་རེ་རེ་ལ་དྲི་མ་བཞི་བཞི་སྟེ་བཅུ་དྲུག་གི་ཚོགས་དག་པར་སྦྱོང་བའོ། །དེ་ཡང་ཐོག་མར་སྤྲོས་བཅས་ཉེ་བར་མཚོན་པ་ནི། སྤྲོས་བཅས་ཀྱི་སྤྲོས་བཅས། བརྡའི་སྤྲོས་བཅས་དང་། དོན་གྱི་སྤྲོས་བཅས་ཏེ་གཉིས།

[p. 252] རང་ངོའི་དབྱེ་བ་ནི། ཤིན་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་རུ་ཤན་འབྱེད་པ་ཕྱིའོ། །དེའི་སྤྲོས་མེད་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ་ནང་ངོ། །དེའི་ཤིན་ཏུ་སྤྲོས་མེད་ནམ་མཁའི་དཀྱིལ་འཁོར་དུ་འཇུག་པ་གསང་བའོ། །དེའི་རབ་ཏུ་སྤྲོས་ མེད་རིག་པ་རང་ངོ་སྤྲད་པ་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་ཡིད་འགྱུ་བ་དང་། འགྱུ་བྱེད་དང་། འགྱུ་བྱ་དང་། འགྱུས་པ་བཞིའི་རྒྱ་འཇིག་པར་བྱེད་པའོ།། །བཞི་པ་རབ་ཏུ་སྤྲོས་པ་མེད་པ་རང་ངོའི་དབྱེ་བ་ནི། རབ་ཏུ་སྤྲོས་ མེད་ཀྱི་སྤྲོས་བཅས་འདུག་སྟངས་བསྟུན་པ་ཕྱིའོ། །དེའི་སྤྲོས་མེད་ལྟ་སྟངས་བྱེད་པ་ནང་ངོ། །དེའི་ཤིན་ཏུ་སྤྲོས་མེད་ཕྱོགས་བཞིར་ལྟ་སྟངས་དང་གཟིགས་སྟངས་བསྟུན་པ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་སོང་ཅིག་ལ་སོགས་པ་ཡོངས་ སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི། སེམས་བསམ་པ་དང་། དྲན་པ་དང་། རྟོག་པ་དང་། ཞེན་པ་བཞིའི་རྒྱ་འཇིག་པར་བྱེད་དོ། །སྐབས་འདིར་ཡིད་དང་སེམས་ཀྱི་གོ་དོན། སྒོ་ལྔའི་ཡུལ་འཛིན་རྟོག་བྱེད་ཀུན་གཞིའི་རྣམ་པར་ཤེས་པ་ སེམས་ལ། དེ་དང་མ་འབྲེལ་བར་དོན་སྔ་ཕྱི་དང་ཡིད་ཡུལ་དོན་སྤྱི་དཔྱོད་པ་ལ་ཡིད་ཅེས་བརྗོད་དོ། །རང་གི་སྣང་ཡུལ་དངོས་པོ་འཛིན་པ་དང་། དངོས་མེད་འཛིན་པ་སྟེ། གསལ་བ་དང་། མི་གསལ་བ་འཛིན་པས་ཕྱེ་བ་ཡིན་ནོ། །དེ་ལྟར་ན་རང་ ངོའི་དབྱེ་བ་རེ་རེ་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞི་སྟེ་བཅུ་དྲུག་ཏུ་ཡོད་དོ།། གསུམ་པ་རྣམ་པར་འཕྲུལ་བའི་དབྱེ་བས་ཤིན་ཏུ་རྒྱས་པར་སྤྲོ་བ་ལ་གསུམ་སྟེ་དབང་སོ་སོའི་དག་བྱེད་ཀྱི་དབྱེ་བས་དག་རྒྱུ་བཅུ་དྲུག་འགྱུར་དང་བནྡེ་ པ་བསྟན་པ། ལུས་ཀྱི་བྱ་བ་ལ་བརྟེན་ནས་ངེས་པའི་དབྱེ་བས་དབང་གི་གནས་ལུགས་བསྟན་པ། གྲངས་ཀྱི་དབྱེ་བ་ལ་བརྟེན་ནས་ལས་དང་ཉོན་མོངས་པའི་དག་བྱེད་བསྟན་པའོ། །དང་པོ་ནི་དབང་གི་རང་ངོའི་དབྱེ་བ་བཅུ་དྲུག་གིས་ཕྱིར་

[p. 253] ༄༅། །གནའ་ཆུ་བླུད་པ་ལ་སོགས་པ་སྟེ་ཕྱིའོ། །སྤྲོས་བཅས་ཀྱི་སྤྲོས་མེད་དཀྱིལ་འཁོར་དུ་བཞུག་ཅིང་ལྷ་ངོ་བསྟན་ནས་མིང་གི་དབང་བསྐུར་བ་སྟེ་ནང་ངོ། །སྤྲོས་བཅས་ཀྱི་ཤིན་ཏུ་སྤྲོས་མེད་ཉན་ཐོས་ཀྱི་སྡོམ་པ་སྦྱིན་པ་ནས་རིམ་དགུ་རྫོགས་ ཏེ་དབུགས་དབྱུང་གཟེངས་བསྟོད་དང་བཅས་པ་གསང་པའོ། །སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་བུམ་པ་ངེས་པའི་སྐུར་རྒྱུ་སྟེ་ཡོངས་སུ་རྫོགས་པའོ། །འདི་ལའང་བུམ་པ་ངེས་པ་རྟེན་གཞལ་ཡས་ཁང་བརྟེན་པ་ལྷར་གསལ་བས་དབང་བསྐུར་ བ་ཡོངས་སུ་རྫོགས་པའི་ཕྱི་སྤྲོས་བཅས་སོ། །སློབ་མའི་ལུས་ལྷར་སྐྱེད་པ་ལ་འབྱུང་བཞི་དག་སྦྱོང་གི་རྫས་དབང་ཉི་ཟླ་སྦྱིན་པ་ལ་སོགས་པ་ནང་སྤྲོས་མེད་དོ། །མུ་དྲ་སྦྱིན་ནས་སྦྱོར་བ་ངེས་པ་གསང་བ་ཤིན་ཏུ་སྤྲོས་མེད་དོ། །བརྡ་དོན་ངེས་པའི་ ཚིག་སྦྱིན་པ་ཡོངས་སུ་རྫོགས་པ་རབ་ཏུ་སྤྲོས་མེད་དོ། །དེ་ལྟར་ན་ཡོངས་སུ་རྫོགས་པ་ལ་བཞི་ཡོད་པ་ལྟར་གཞན་གསུམ་ལའང་ཤེས་པར་བྱའོ།། དེ་ལྟར་བཅུ་དྲུག་གིས་སྤྲོས་བཅས་དབྱེ་བའི་དགོས་པ་ནི། ལུས་འབྱུང་བཞིའི་རྒྱ་བཞི་ འཇིག་པ་སྟེ། འབྱུང་བཞི་ཡང་སའི་ས་ལ་སོགས་པ་བཞིར་ཕྱེ་བས་བཅུ་དྲུག་དག་པར་སྦྱོང་བའི་དགོས་པ་ཡོད་དོ། །གཉིས་པ་སྤྲོས་མེད་ཀྱི་དབང་བཞི་རང་ངོའི་དབྱེ་བ་ནི། སྤྲོས་མེད་ཀྱི་སྤྲོས་བཅས་ཀྱིས་ལུས་ངག་ཡིད་སེམས་བཞི་ཡི་ གེའི་གནས་བཞིས་སྦྱོང་པ་ནི་ཕྱིའོ།། དེའི་སྤྲོས་མེད་ཀྱིས་སྒོ་གསུམ་གཞི་མེད་བྱ་བརྩལ་ལས་འདས་པར་མཚོན་པས་ནང་ངོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱིས་ཡུལ་ལྔ་ལམ་དུ་བསླང་པས་སྒོ་ལྔ་ཧར་སངས་སུ་གྲོལ་བ་གསང་པའོ། །དེའི་རབ་ཏུ་ སྤྲོས་མེད་ཀྱིས་རྟོགས་པ་ཁྱད་པར་ཅན་སྐྱེད་པས་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་ངག་གི་བརྗོད་གཞི་དང་། རྗོད་བྱེད་དང་། བརྗོད་བྱ་དང་། བརྗོད་པ་བཞིའི་རྒྱ་ལས་གྲོལ་བར་བྱེད་པའོ།། གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་

[p. 254] སྤྲོས་མེད་ཀྱིས་སྣང་བ་ཕྱི་རོལ་ཀྱི་དངོས་པོ་འཁྲུལ་པ་སྟོངས་པར་བྱེད། དེའི་ཤིན་ཏུ་སྤྲོས་མེད་ཀྱིས་འཕྲིན་ལས་བཞི་ལ་སྦྱོར། དེའི་རབ་ཏུ་སྤྲོས་མེད་ཀྱིས་ལུས་བདེ་བ། ངག་གསལ་བ། ཡིད་མི་རྟོག་པ། སེམས་ཟུང་འཇུག་གི་ནུས་པ་འཇོག་པར་ བྱེད་པའོ། །གཉིས་པ་སྤྲོས་མེད་ཀྱི་དབང་བཞིའི་འགྱུར་བརྩི་བ་ནི། སྤྲོས་མེད་ཀྱི་སྤྲོས་བཅས་ཀྱིས་སྐལ་ལྡན་གྱི་ཡིད་འགྱུར། དེའི་སྤྲོས་མེད་ཀྱིས་ནང་དུ་འཇུག་པའི་ཐབས་སྟོན། དེའི་ཤིན་ཏུ་སྤྲོས་མེད་གྱིས་ཡིད་འགྱུར་བས་རྟོག་པ་དག་པ་ ལ་སྦྱོར། རབ་ཏུ་སྤྲོས་མེད་ཀྱིས་གཉིས་སུ་མེད་པའི་དོན་ཐོབ་པར་བྱེད་པའོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་དབང་བཞིས་ལས་ཀྱི་མཐའ་གྲོལ་བར་བྱེད་པ་ནི། ཤིན་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་ཀྱི་ལས་དང་། ཚིག་དང་། ཡི་གེ་དང་། རྟོག་པ་ དག་ཅིང་། ལུས་ངག་ཡིད་སེམས་བཞི་ལ་བདེ་བ་སྟེར་བའོ། །དེ་ཡང་རུ་ཤན་འབྱེད་པའི་སྤྱོད་པ་ལས་བྱུང་བའོ། །དེའི་སྤྲོས་མེད་ཀྱིས་དོན་རང་ཐོག་ཏུ་ཕེབས་པས་ཆོས་ཉིད་ལས་འགྲོ་ས་མེད་པའོ། །དེའི་ཤིན་ཏུ་སྤྲོས་མེད་སྟོང་ཉིད་ཀྱི་དཀྱིལ་ འཁོར་དུ་འཇུག་པས་སྒོ་གསུམ་ཁམས་གསུམ་དུ་མི་འཇུག་པའོ། །རབ་ཏུ་སྤྲོས་མེད་ཀྱིས་ཚོགས་དྲུག་དག་པར་བྱེད་པའོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དབྱེ་བ་ངེས་པ་ནི། རབ་ཏུ་སྤྲོས་མེད་ཀྱི་སྤྲོས་བཅད་སེམས་གང་ཡིན་ལ་སོགས་ པས་ཆགས་སྡང་རང་གྲོལ་བར་བྱེད་དོ། །སྤྲོས་མེད་སྤྲུལ་སྐུའི་ཞིང་བསྟན་པས་ཕུང་པོ་ཁམས་དང་སྐྱེ་མཆེད་སྟོངས་པར་བྱེད་དོ། །ཤིན་ཏུ་སྤྲོས་མེད་ལོངས་སྐུའི་ཞིང་བསྟན་པས་སེམས་ཉིད་འགྲོ་འོང་མེད་པའི་དོན་རྟོགས་པར་བྱེད་དོ། །རབ་ཏུ་ སྤྲོས་མེད་ཆོས་སྐུར་ལུང་བསྟན་པས་འཁོར་འདས་ལ་ཞེན་པའི་ཤེས་སྒྲིབ་ཕྲ་མོ་སྤྱོད་པར་བྱེད་དོ། །གཉིས་པ་རང་ངོའི་དབྱེ་བ་རྒྱས་པར་བཤད་པ་ལ་དབང་བཞི་ལས། དང་པོ་སྤྲོས་བཅས་ལ། སྤྲོས་བཅས་ཀྱི་སྤྲོས་བཅས་དམ་བསྲེ་ཞིང་

[p. 255] ༄༅། །ཚང་བཞི་ངེས་པའི་འབྲས་བུ་སྐུ་བཞིར་འབྱུང་པས་ཀྱང་བཞིར་ངེས་སོ།། གཉིས་པ་སྨིན་སོ་བཞིའི་དཔེ་མཚོན་བསྟན་པ་ནི། དབང་བཞི་འཇུག་པའི་དུས་ཀྱི་སྨིན་སོ་སྣང་བ་མ་དག་པ་དང་དག་པ་གཉིས་གྱིས་བསྡུས་པ་ཡང་། མཁའ་ དང་དབྱིངས་གཉིས་སུ་འདུས་ལ། ཆགས་འཇིག་གནས་གསུམ་དུས་གསུམ་དུ་འདུས་པས། ལུས་ངག་ཡིད་གསུམ་སྨིན་པའི་ལས་སུ་གྲོལ་བའོ། །འཁོར་འདས་ཀྱི་ཆོས་ཟག་བཅས་ཟག་མེད་གཉིས་ལ་དབང་བསྒྱུར་བས་གཉིས་སུ་བྱུང་སྟེ། སྣང་བ་ལ་དབང་བས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་དག་པར་བྱེད་པ་དང་། སྲིད་པ་ལ་དབང་བས་ཉོན་མོངས་པ་དག་པར་བྱེད་པའོ། །དེ་ལ་སྤྲོས་བཅས་ཀྱིས་ལུས་ངག་ཡིད་སེམས་བཞིའི་འཇུག་པའི་ལས་མཚོན་ལ། སྤྲོས་མེད་ ཀྱིས་ཐོབ་པ་དང་གནས་པ་དང་བརྟན་པ་དང་ཉེ་བར་རྟོགས་པ་བཞི་མཚོན་ཞིང་། ཤིན་ཏུ་སྤྲོས་མེད་ཀྱིས་ལུས་ངག་ཡིད་སེམས་པ་བཞི་སྨིན་པའི་རྒྱུ་རྐྱེན་བྱེད་པ་འབྲས་བུ་བཞི་མཚོན་ལ། རབ་ཏུ་སྤྲོས་མེད་ཀྱིས་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ སུ་སྨིན་པ་དང་བརྗོད་དུ་མེད་པའི་དོན་ལ་སྤྱོད་པ་བཞི་མཚོན་པའོ། །དབང་བཞི་སྨིན་པ་སོ་སོའི་དཔེར་ན་ཞིང་ས་བཟང་པོ་ལ་ས་བོན་སྐྱོན་མེད་བཏབ་པས་འབྲས་བུ་སྨིན་པ་ལྟར། རིག་པའི་ཞིང་ལ་དང་པོར་སྤྲོས་བཅས་བསྐུར་བས་ས་བོན་ བཏབ། སྤྲོས་མེད་ཀྱིས་མྱུ་གུ་འཐོན་ནས་ལོ་འདབ་རྒྱས། ཤིན་ཏུ་སྤྲོས་མེད་ཀྱི་མེ་ཏོག་ཤར། རབ་ཏུ་སྤྲོས་མེད་ཀྱིས་སྐུ་བཞི་ངེས་པའི་འབྲས་བུར་སྨིན་པའོ།། གསུམ་པ་སོ་སོའི་རང་བཞིན་ལ་བཞི་ལས། དང་པོ་སྤྲོས་བཅས་ཀྱི་ནུས་པའི་རྣམ་ བཞག་ནི། སྤྲོས་བཅས་ཀྱིས་ལུས་ལ་སོགས་པའི་ཚོགས་པ་དག་ནས་སྐུ་རྡོ་རྗེ་ལ་སྦྱོར་བའོ། །དེའང་སྤྲོས་བཅས་ཀྱི་སྤྲོས་བཅས་ཀྱིས་ལུས་ལྷར་དག། ངག་སྔགས་སུ་དག། ཡིད་ཏིང་ངེ་འཛིན་དུ་དག། སེམས་ཆོས་ཉིད་དུ་དག་པའོ། །དེའི་

[p. 256] ལྷུན་གྲུབ་ཀྱི་རང་ངོ་སྤྲད་པའི་དབང་བསྐུར་བ་སྟེ། ཕྱི་ནང་གསང་བ་ཡོངས་རྫོགས་བཞི་ལས། ཕྱི་ནི་འདུག་སྟངས་སྟོན་པའོ། །ནང་ནི་ལྟ་སྟངས་སྟོན་པའོ། །གསང་པ་ནི་ཕྱོགས་བཞི་ལ་འདུག་སྟངས་དང་གཟིགས་སྟངས་བསྟུན་པས་སངས་རྒྱས་ཀྱི་ཞིང་ དུ་སྤྱོད་པའོ། །ཡོངས་སུ་རྫོགས་པ་ནི་སོང་ཅིག་ལ་སོགས་པ་ཚིག་གི་བརྡ་དོན་སྤྲད་པ་རྣམས་སོ། །དེ་ལྟར་ཡང་ཐལ་འགྱུར་ལས། རབ་ཏུ་སྤྲོས་པ་མེད་པ་ལ། །སེམས་ཀྱི་དཀྱིལ་འཁོར་སྒོ་ཕྱེ་ལ། །ལུས་ཀྱི་འདུག་སྟངས་ངེས་པར་བརྩམ། ། དེ་ལ་གོམས་ཏེ་གཟིགས་སྟངས་སྦྱར། །མངོན་གསུམ་རིག་པ་ལུང་གི་བརྡའོ།། ཅེས་སོ།། དོན་གསུམ་པ་དེ་ལྟར་བསྐུར་བའི་དབང་གི་དབྱེ་བ་ལ་གསུམ་སྟེ། དབང་བཞི་ངེས་པའི་དབྱེ་བས་མདོར་བསྟན། རང་ངོའི་དབྱེ་བས་རྒྱས་པར་བཤད་ རྣམ་པར་འཕྲུལ་པའི་དབྱེ་བས་ཤིན་ཏུ་རྒྱ་ཆེར་སྤྲོས་པའོ། །དང་པོ་ལའང་། དབང་བཞི་ངེས་པའི་འཐད་པ། སྨིན་སོ་བཞིའི་དཔེ་མཚོན། སོ་སོའི་རང་བཞིན་བཤད་པ་གསུམ་ལས། དང་པོ་ནི་སྤྲོས་བཅས་ཀྱི་དབང་། དེ་ནས་སྤྲོས་མེད། དེ་ ནས་ཤིན་ཏུ་སྤྲོས་མེད། དེ་ནས་རབ་ཏུ་སྤྲོས་མེད་བཞིར་ངེས་ཤིང་འཐད་པ་ནི། གང་ཟག་སྐལ་ལྡན་ཅིག་འདིར་འཇུག་པ་ལ་ཐོག་མ་ཕྱི་སྤྲོས་བམ་བཅད་ན་སྣང་ཤེས་ཚོགས་པའི་སྤྲོས་པ་མི་ཆོད། ནང་སྤྲོས་པ་མེད་པར་མ་བསྡུས་ན་སེམས་ ལམ་དུ་མི་ཚུད། གསང་བ་ཤིན་ཏུ་སྤྲོས་པ་མེད་པས་མ་བཅད་ན་སྒྲོན་མས་ལམ་དུ་མི་ལོངས། བླ་ན་མེད་པ་རབ་ཏུ་སྤྲོས་པ་མེད་པས་ངོམ་སྤྲད་ན་མཐོང་བྱེད་ཀྱི་ལམ་མི་གསལ་བས་བཞིར་ངེས་ལ། ཕྱིར་རླུང་སེམས་གཉིས་ཕ་དང་མའི་རྒྱུ་རྐྱེན་ གཉིས་ཏེ་བཞི་དག་པས་ཀྱང་བཞིར་ངེས་ལ། ནང་ལུས་ཀྱི་འཁོར་ལོ་བཞི་རྩའི་ཁྱད་པར་བཞི་ལ་འཇུག་པས་ཀྱང་བཞིར་ངེས་ལ་གསང་བར་སྒྲོན་མ་བཞིས་སྣང་བ་བཞི་སྟོན་པས་ཀྱང་བཞིར་ངེས། བླ་ན་མེད་པར་རྟགས་བཞི་ངེས་པ་ལས་

[p. 257] ༄༅། །སྤྲོས་མེད་ཀྱི་ཕྱི་ནི་སྐུ་གསུང་ཐུགས་ཀྱི་ཡི་གེས་དག་པར་བྱེད་པའོ། །ནང་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་སོགས་པ་བུམ་པའི་གནས་ངེས་པའོ། །གསང་བ་ནི་དངོས་པོ་གང་ལའང་རང་བཞིན་མེད་པ་ལ་སོགས་པ་ཤར་གྲོལ་རིས་ མེད་མཚོན་པའོ། །ཡོངས་སུ་རྫོགས་པ་ནི་ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་ལ་ཅེས་པ་ལ་སོགས་པ་རྟོགས་པ་ཁྱད་པར་ཅན་ལ་བཟླ་བའི་ཚིག་དབང་རིན་པོ་ཆེའོ། །དེ་དག་ཀྱང་ཐལ་འགྱུར་ལས། སྤྲོས་མེད་དད་ལྡན་འཇུག་སྨིན་ ཕྱིར། སྤྲོས་པ་མེད་པའི་དབང་མཆོག་ནི། །མཎྜལ་བུམ་པ་ལ་བརྟེན་ནས། །ཚིགས་སུ་བཅད་པས་དབང་སྦྱིན་བྱ། །ཅེས་སོ།། གསུམ་པ་ཤིན་ཏུ་སྤྲོས་པ་མེད་པའི་དབང་ནི་འཁོར་འདས་རུ་ཤན་ཕྱེ་ནས་བརྡ་དབང་གིས་རང་རིག་ཡེ་སྟོང་ནམ་ མཁའ་ལྟ་བུ་ཀ་དག་གི་ངོ་བོ་ངོ་སྤྲད་པས་དབང་བསྐུར་བའོ། །འདི་ལའང་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་ལས། དང་པོ་ཕྱི་ནི། འཁོར་འདས་རུ་ཤན་འབྱེད་པའོ། །ནང་ནི་ཡེ་ཤེས་ཉི་ཤུ་རྩ་ལྔ་ལ་སྤྱོད་པའི་ཕྱིར་མཎྜལ་ཕུལ་ནས་གསོལ་བ་འདེབས་ པ་རྣམས་སོ། །གསང་བ་ནི། ནམ་མཁའི་ཕྱོགས་བཞིའི་སྒོ་ནས་སེམས་ཉིད་ཀྱི་སྒོར་འཇུག་པའོ། །ཡོངས་སུ་རྫོགས་པ་ནི་ནམ་མཁའ་རྒྱ་ཆེ་ཞེས་རིག་པ་ཀ་དག་བསམ་ངོ་ལས་འདས་པ་མཚོན་པའོ། །དེ་དག་ཀྱང་ཐལ་འ་གྱུར་ལས། ཤིན་ཏུ་ སྤྲོས་པ་མེད་པ་ལས། །འཁོར་འདས་རུ་ཤན་འོག་བཞིན་དབྱེ། །དེ་ཚེ་ནམ་མཁའི་མཚན་ཉིད་ལས། །ལུས་ངག་ཡིད་ཀྱི་སྒྲིབ་པ་ཡང་། །མཚན་ཉིད་ཀྱིས་ནི་ངེས་པར་བརྟག །གལ་ཏེ་སྤྱོད་པ་མ་དག་ན། །རང་རང་མཐུན་པའི་དགེ་བས་སྦྱང་། ། དབང་ནི་བརྡ་ལ་བརྟེན་པ་ཡིས། །རང་རིག་གསལ་བའི་རང་ངོ་སྤྲད། །བརྡ་དགྲོལ་མན་ངག་མཁས་པས་སྦྱར། །ཅེས་སོ།། བཞི་པ་རབ་ཏུ་སྤྲོས་པ་མེད་པའི་དབང་ནི། ལུས་ཀྱི་འདུག་སྟངས་གཟིགས་སྟངས་བསྟུན་ནས། རིག་པའི་རང་བཞིན་

[p. 258] སྲིན་འཐེབ་ཀྱིས་སློབ་མའི་ཁར་ལྷུང་པར་བྱ་བ་ནི། དོན་དམ་ཀུན་རྫོབ་དབྱེར་མི་ཕྱེད་པར་བྱེད་པའོ། །ཡང་སྔ་མ་ལས། སློབ་མའི་ཁར་ནི་གཏུང་བར་བྱ། མི་འཆི་ལྕེ་ཡིས་བླངས་བར་བྱ།། ཅེས་སོ།། བཅོ་ལྔ་པ་དེ་ལྟར་བསྐུར་བས་སློབ་མ་ལ་བདེ་ཆེན་བཟུང་ ཡུལ་དང་བྲལ་བའི་ཉམས་སྐྱེ་བའི་ཚད་བཟུང་པ་ནི། རྩ་རིག་བྱེད་ཀྱི་ཡལ་ག་གཉིས་བཙིར་བས་སྐྱེ་མེད་ངོས་བཟུང་དང་བྲལ་བའི་ཉམས་སྐྱེ་སྟེ། ཅིར་ཡང་བརྗོད་མི་ཤེས་པ་ལྐུགས་པའི་རྨི་ལམ་དང་འདྲ་བའི་ཉམས་སྐྱེ་བ་ནི། དེ་ཉིད་ལས། འདི་ལ་ བརྗོད་པར་མི་ཤེས་པ། །ལྐུགས་པའི་རྨི་ལམ་ཇི་བཞིན་ནོ།། ཅེས་སོ།། བཅུ་དྲུག་པ་རིག་མ་དེ་མི་ཐོང་བར་བྱ་བ་རྟེན་འབྲེལ་གྱི་གནད་ནི། ཁྱི་ནག་པོའི་མིག་གཡས་པ་དང་། ལྕེ་སྤྱང་ནག་མོའི་མིག་གཡོན་པ་དང་། འུག་པའི་གཡས་པ་དང་། ལིང་དུའི་ གཡོན་པ་དང་། ཁྭ་དའི་གཤོག་རྩེ་གཡས་པ་རྣམས་ལེགས་པར་སྦྱར་བའི་རི་ལུ་གསེར་གྱིས་གཏུམས་ནས་རིག་མའི་ཁར་བཅུག་སྟེ། ལག་ཏུ་ཌ་མ་རུ་ལ་སོགས་པ་བཟུང་བ་དེ་ཉིད་དུ་མཐོང་ནས་ལུས་མི་མཐོང་ངོ། །ཡང་སྔ་མ་ལས། ཕྱག་རྒྱ་ མཐོང་ན་དངོས་གྲུབ་མེད། །དེས་ན་མཐོང་པ་མེད་པར་བསྟེན།། ཅེས་སོ།། བཅུ་བདུན་པ་དབང་གི་དུས་མ་ཡིན་པ་འམ་གཞན་དུ་བདེ་བ་མི་བསྟེན་ན་ཡོན་ཕུལ་ལ་རང་གི་ཡུལ་ལ་སོགས་པར་བཏང་པ་ནི་གསེར་ལ་སོགས་པའི་ཡོ་བྱད་ཀྱིས་མགུ་བར་ བྱས་ལ། རང་གི་གནས་སུ་གཤེགས་པར་བྱའོ། །དེ་དག་གིས་དབང་གསུམ་པའི་རྟོགས་དཀའ་བའི་གནས་བཤད་པ་སྟེ་ཤིན་ཏུ་གསང་པ་ཆེན་པོའི་དོན་ཏོ།། དོན་གཉིས་པ་དཀྱིལ་འཁོར་སྤྲོས་པ་མེད་པའི་དབང་རྣམ་པར་བཞག་པ་ནི་མཎྜལ་ དང་བུམ་པ་ལ་བརྟེན་ནས་ཡི་གེ་འཁོར་ལོ་དང་ཚིགས་སུ་བཅད་པས་བསྐུར་བའོ། །འདི་སྤྲོས་མེད་གསང་དབང་སྟེ། ངག་གི་གནས་དག་པ་ཡི་གེ་དང་རྩ་འཚིར་བའི་བདེ་བས་ངོ་སྤྲོད་པའོ། །འདི་ལ་ཕྱི་ནང་གསང་བ། ཡོངས་རྫོགས་བཞི་ལས།

[p. 259] ༄༅། །ཐུབ་ཐང་ནང་དུ་བཟུང་བས་རླུང་དང་འདྲེས་ཏེ་ནད་དུ་མི་འགྲོ་བ་དང་ལུས་སྟོབས་རྒྱས་པ་ལ་སོགས་པ་འབྱུང་ངོ། །དྲི་ཆུ་དང་འདྲེས་ནས་ཕྱིར་བྱུང་ན་མ་འབྱོངས་པའི་རྟགས་ཡིན་པས། སེང་ལྟེང་བརྡུངས་པའི་ཁུ་བ་དང་། ཏིལ་ མར་གྱིས་བྱུགས་པས་མི་འབྱུང་ངོ། །དེ་ལ་རྗེས་ཤེས་བཙལ་བ་ནི། དོན་དམ་པ་བྱང་ཆུབ་སེམས་དང་སྦྱར་བའོ། །གལ་ཏེ་གནད་འདི་དག་མི་ཤེས་པས་ལས་རྒྱ་བསྟེན་ནས་བདེ་བ་ལམ་དུ་བྱས་ན། ལུས་ལ་ཐིག་ལེ་གོར་ནས་ནད་དུ་ འགྲོ་སྟེ། སྐྱུག་ལོ་གཅིང་སྐྱུག་ཏུ་མི་བཏུབ། མ་འབྱོངས་པའི་རྟགས་སུ་གྱེན་ལ་དྲངས་རྟིང་ལ་སྐྱུག་མེར་གྱིས་འགྲོ་ཞིང་ཕོ་བ་མི་བདེ་བསྙམ་པ་འོང་ངོ། །འདིའི་གགས་ནི་ཡི་ག་འཆུས་ནས་སྒྲེག་ཅིང་སྟོངས་སྐྱུགས་བྱེད། ཕོ་ཁ་མི་བདེ་ལ་ནད་དུ་ འགྱུར། སྐབས་སུ་སོགས་པ་དང་ནུ་མ་གཡས་པ་དང་། རྩིབས་ལོགས་སུ་གཟེར་དྲི་ཆེན་སྐམ་ཞིང་འདོན་པར་དཀའ། སྟོང་སྐྱུགས་བྱེད་པའི་ཞོར་ལ་ཁ་ནས་ཆུ་སྔོན་མོ་འཛག་པར་བྱེད་དོ། །དེའི་སེལ་ལུགས་ནི། ལུས་འགལ་མེ་ལྟར་བསྐོར་ ཞིང་ངག་དུ་ཧྲིང་ཧྲིང་ཅེས་བརྗོད། སེམས་མེའི་དཀྱིལ་དུ་གཏད། ཆང་སྦངས་ལ་རྒྱམ་ཚྭའི་ཐང་བཏང་། ཟས་དཀར་གསུམ་ཟོས་པས་གྲོལ་ངེས་སོ།། བཅུ་བཞི་པ་སློབ་མའི་དོན་དུ་བྷ་ག་ནས་ལན་གསུམ་གྱེན་ལ་བཟློག་སྟེ། འདིའི་དུས་ན་ཨཱོཾ་ ཨཱ་ཧཱུཾ་གི་སྒྲ་འབྱིན་པ་ནི་སྐུ་གསུང་ཐུགས་ཀྱི་བྱིན་བརླབས་འཇུག་པའི་གནད་དོ། །དེ་ཡང་དང་པོ་བླ་མའི་ལུས་དང་བསྲེས་པས་སློབ་མའི་ལུས་སྐུའི་བདག་ཉིད་དུ་འགྱུར། གཉིས་པ་ངག་དང་འདྲེས་པས་གསུང་གི་བདག་ཉིད་དུ་འགྱུར། གསུཾ་ པ་སེམས་དང་འདྲེས་པས་ཐུགས་ཀྱི་བདག་ཉིད་དུ་འགྱུར་རོ། །ལུས་དང་བསྲེ་བ་ནི་ལུས་ཀྱི་འཁྲུལ་འཁོར་ལ་རྟེན་པས་སོ། ངག་ནི་ཡིག་འབྲུ་གསུམ། སེམས་ནི་རླུང་གི་འཕེན་བསྡུད་དོ། །དེ་ལྟར་ཕབ་པ་དེ་མེ་ལོང་ཡུ་བ་ཅན་དུ་བླངས་ནས་

[p. 260] ཏེ། སེམས་དང་ཡེ་ཤེས་གཉིས་གང་དུ་ཡང་མ་ཕྱེ་མི་འབྱེད་ལ་མཐའ་གཉིས་དང་བྱེ་བྲག་ལས་མ་འདས་པའོ། །དེ་སྐད་དུ་སྔ་མ་ལས། དང་པོ་དགའ་བ་ཙམ་ཉིད་ལས། །གཉིས་པ་ཚོར་བ་མྱོང་རེག་ལ། །གསུམ་པ་བདེ་བ་ཉིད་ཅེས་བྱ། ། བཞི་པ་མྱོང་བས་ལྷན་གཅིག་སྐྱེས། །ལྔ་པ་སྟོང་པ་ཉིད་ཅེས་སོ།། ཅེས་སོ།། བཅུ་གཉིས་པ་དེ་ཉིད་ལྟ་བ་དང་སྦྱར་ཞིང་འགྱུར་བརྩི་བ་ནི། དང་པོ་རིག་མ་ལ་དངོས་སུ་ནི་མ་སྤྱད་རྩ་སྐྱེད་པའི་ཐབས་ལ་སོགས་པ་བྱེད་པའི་དུས་ནི་མ་ཡིན། ཐ་མལ་ པཱི་འདོད་པ་རང་རྒྱུད་པ་མེད་པས་ལྟ་བ་གཡོ་བའི་དུས་ཞེས་བྱ་སྟེ། རང་གི་ལུས་ལ་བརྟེན་པའི་བདེ་བ་སེམས་ལ་དབང་མེད་པར་སྐྱེད་པའོ། །དེ་ནས་དངོས་ཀྱི་ལུས་འབྱོངས་པས་བྱང་སེམས་བཟུང་ནས་སྦྱངས་ནི་མ་སྦྱངས་པའི་དུས་ན། བདེ་ བ་ཁྱད་པར་ཅན་སྐྱེས་ནས་མྱོང་པ་རང་རྒྱུད་དང་ནི་མ་འདྲེས་པས་སྟོང་ཉིད་སེམས་སུ་ངོས་མ་ཟིན་ལ། སེམས་ཉིད་སྟོང་པ་ཙམ་དུ་ནི་ཤེས་ལ། ཐ་མལ་པའི་རྟོག་པ་རང་གི་སེམས་ལ་གང་ཡང་མེད་པའི་ཚེ་ལྟ་བ་ཐོབ་པའི་དུས་ཞེས་བྱའོ། དེ་ནས་ བྱང་སེཾས་སྦྱངས་ནས་འབྱོངས་པཱི་ཚད་ལ་ཕེབས་པཱི་ཚེ། རྩ་རྣཾས་ལ་བཀྲམ་ནས་ལུས་སེམས་གཉིས་མེད་ཀྱི་ཕྱག་རྒྱ་ཆེན་པོ་བློ་ལས་འདས་པའི་དོན་ཉམས་སུ་མྱོང་པའི་དུས་ན་ལྟ་བ་བརྟན་པའི་དུས་ཞེས་བྱ་སྟེ། ཇི་ལྟར་བྱས་ཀྱང་བྱང་ཆུབ་ཀྱི་ སེམས་ལ་དབང་ཐོབ་པས་འཕོ་འགྱུར་མེད་པ་ཉིད་དོ། །ཡང་སྔ་མ་ལས། གཡོ་དང་ཐོབ་དང་བརྟན་པ་ནི། །སྐུ་གསུམ་པོ་ཡི་ས་ལ་གཤེགས།། ཅེས་སོ།། བཅུ་གསུམ་པ་དེ་ལྟར་ལྟ་བ་ངོས་ཟིན་ནས་རྩ་མིག་ཏུ་དགྲམ་ཞིང་རླུང་དང་བསྲེ་བས་ ལུས་སྟོབས་རྒྱས་ཤིང་དོན་དམ་བྱང་ཆུབ་ཀྱི་སེམས་ལ་སྦྱར་བ་ནི། སྙོམས་འཇུག་དེ་ལ་སྐྱོ་ན་གྱེན་ལ་དྲངས་ཏེ། ཨིག་ཅེས་ཁུ་ཚུར་བཅངས་ནས་མིག་གྱེན་ལ་བཟློག་སྟེ་རླུང་ནང་དུ་བརྡིགས་པས་རྩ་མིག་ཏུ་ཁྲིམས་པར་ངེས་ཏེ། རླུང་

[p. 261] ༄༅། །ཐེན་མར་ཕུལ་བའི་གནད་ཀྱིས་ཚོད་བཟུང་། ལུས་ལ་བདེ་བ་རྒྱས་པས་རྟག་ཏུ་ཟག་མེད་ཀྱི་བདེ་བ་མྱོང་བ་དང་། སེམས་ལ་སྟོང་པ་རྒྱས་པས་ཕྱིར་རིག་མའི་རྩ་འབྱོངས། ནང་དུ་བྱང་ཆུབ་ཀྱི་སེམས་འབྱོངས་པས་ཚེ་རིང་ཞིང་ལུས་ གཟུངས་རྒྱས་པའོ། །དེ་ལྟར་རྡོ་རྗེའི་རྩེ་མོར་བཟུང་པ་དེ་ཇི་ལྟར་སྦྱང་པ་ནི་རླུང་གི་གནད་དེ་འཁོར་ལོ་བཞི་ལ་དབབ་པ་དང་། རླུང་རང་གི་འགྱུར་ཚད་ལ་བསླབ་པའི་ལུགས་གཉིས་ཡིན་ནོ། །བྱང་ཆུབ་ཀྱི་སེམས་སྦྱངས་པའི་དགོས་པ་ནི། རྩ་འབྱོངས་ པས་ནད་མི་འབྱུང་། །རླུང་འབྱོངས་པས་ཏིང་ངེ་འཛིན་སྐྱེ། རྐང་པ་ས་ལ་མ་རེག་པར་འགྲོ་ནུས། ལུས་ཀྱི་རྡུལ་ཕྲན་ཟང་ཐལ་དུ་མཐོང་། ནམ་མཁའ་ལ་འཕུར་བར་ནུས། ཚེ་ཉི་ཟླ་དང་མཉམ། ཟས་གོས་ཀྱི་ཞེན་པ་དང་བྲལ་བ་སྟེ། ཀུན་རྫོབ་བྱང་ཆུབ་ ཀྱི་སེམས་འབྱོངས་པའི་ནུས་པའོ། །དོན་དམ་པ་བྱང་ཆུབ་ཀྱི་སེམས་འབྱོང་པས། འཕོ་བ་ཁྱད་པར་ཅན་གྱི་སྦྱོར་བ་དང་། རྣམ་ཤེས་གཞན་གྱི་གྲོང་ཁྱེར་ལ་འཇུག་པ་འགྲུབ་པོ། །དེ་སྐད་དུའང་། དུར་ཁྲོད་ཁང་བུ་རྩེགས་པའི་རྒྱུད་ལས། བྱང་སེམས་ ཐིག་ལེ་ལ་སྦྱངས་པས། །མཆོག་དང་ཐུན་མོང་ཡོན་ཏན་རྣམས། །རང་གི་སེམས་ལ་གང་འདོད་པ། །འདི་ཡིས་ངེས་པར་འགྲུབ་པར་འགྱུར། །ཅེས་སོ། །དེ་ལྟར་འབྱོངས་པས་བྱང་སེམས་བྷ་གར་ལྷུང་མི་སྲིད་ལ། བདེ་བ་གང་དང་ཡང་མི་ འདྲ་བ་སྐྱེ་བ་ནི་ཚད་ཡིན་ནོ། །དེ་ལ་བྷ་གར་ལྷུང་ཡང་རླུང་གི་སྟོབས་ཀྱིས་ཚུར་ཡུམ་གྱི་ཐིག་ལེ་དང་གཉིས་འདྲོངས་པ་ནི་ཚད་ཡིན་ནོ། །བཅུ་གཅིག་པ་དེ་ལྟ་བུའི་བདེ་བ་སྐྱེ་བའི་གོ་རིམས་ནི། དང་པོ་དགའ་བ་སྟེ། འཇུག་པའི་ཡེ་ཤེས་རླུང་གི་ འཕེན་པ་དང་བསྡུད་པ་ལ་སྤྱོད། གཉིས་པ་ཚོར་བ་སྟེ་མྱོང་བའི་དངོས་རྗེས་ལ་སྤྱོད། གསུམ་པ་བདེ་བ་སྟེ་སེམས་དང་ཡེ་ཤེས་འཁྲུག་པའི་དུས། བཞི་པ་མྱོང་བ་སྟེ་སེམས་དང་ཡེ་ཤེས་གཉིས་དབྱེར་མི་ཕྱེད་པའི་དུས། ལྔ་པ་སྟོང་པ་

[p. 262] ལེ་མི་འབྱུང་ངོ། །དེ་ནི་རྟེན་འབྲེལ་གྱི་གནད་ཟབ་མོས་བྱང་སེམས་བཟུང་བའོ། །ལུས་ཀྱི་འདུག་སྟངས་ཀྱིས་བཟུང་པ་ནི། སྟག་མོའི་འགྱུར་སྟངས་ཀྱིས་བཟུང་བ་དང་། སེང་གེའི་འགིང་ཚུགས་ཀྱིས་བཟུང་པ་དང་། འཇག་མའི་འཕྱུར་སྟངས་ ཀྱིས་བཟུང་པ་དང་། རྩ་གནད་ཀྱི་འཁོར་ལོས་བཟུང་པའོ། །སྟག་མོ་ནི་གཤང་ལམ་དྲག་དུ་བསྡམས་པས་ཟག་པའི་འབྱུང་ས་རྒྱུན་ཆད་ནས་ཟག་མེད་ཀྱི་ཡེ་ཤེས་སྐྱེ་བའི་གནད་དོ། །རྒྱུ་མ་ཕོ་ཁར་ཐེན་པས་རྣམ་རྟོག་ངན་པའི་གསང་ ལམ་ཁེགས་སོ། །ལྕེ་རྩེ་ཐུར་ལ་ཟློག་སྟེ་ལྕེ་ཆུང་ལ་རེག་པས། ལྷན་ཅིག་སྐྱེས་པ་གཉིས་རོ་གཅིག་ཏུ་གྱུར་ནས་རྣམ་དག་འཁོར་ལོས་བསྒྱུར་བའོ། །སྨིན་འཚམས་སུ་ཐིག་ལེ་དཀར་དམར་ལ་སེམས་གཏད་པས་ཐབས་ཤེས་ཟུང་ དུ་ཚུད་པའོ། །ལས་རྒྱའི་སྒྱིད་ཁུང་དུ་རང་གི་ལག་པའི་གྲི་ཁུགས་དང་སྦྱར་བ་ནི་སྤྲོ་བྱེད་ལས་ཀྱི་རླུང་བཟློག་པའི་དགོས་པ་ཡོད། ངག་དུ་ཧཱུཾ་གིས་འདྲེན་པས་སེམས་དང་བདེ་བ་གཉིས་འདྲེ་བའོ། །སེང་གེའི་འགིང་ཚུགས་ནི་རྐང་པའི་ཐེ་བོང་ ས་ལ་བཙུགས་ཏེ་ཕྱིར་ཕུལ་བས། ལས་དང་བག་ཆགས་ཀྱི་འབྲེལ་ཆོད། སྨད་སྐུམས་ལ་སྟོད་གསེང་ལ་བོར་བས་ལུས་སྟོབས་རྒྱས་ཤིང་བྱང་སེམས་རྒྱས་སོ། །མིག་མི་འགུལ་བས་བདེ་བ་ཆེན་པོའི་ཡེ་ཤེས་ལ་སྤྱོད་པའོ། །རླུང་ ནང་དུ་ཐེན་པས་སྣང་པའི་སྐྱེ་ཚུལ་མཚོན་པའོ། །རླུང་གི་རྡོ་རྗེ་སྔོན་བོ་ནས་ཙམ་བསྒོམས་པས་རང་སེམས་སྐྱེ་འཇིག་མེད་པའི་དོན་མཐོང་བའོ། །འཇག་མའི་འཕྱུར་སྟངས་ནི། ལུས་སྤྱི་འདར་ལ་སྐུར་བས་རྩ་མིག་ནས་བྱང་སེམས་ཀྱི་བདེ་ བ་འབེབས་པའི་གནད་དོ། །རླུང་སྤུར་ནས་མགོ་འདར་བ་ནི་རྣམ་རྟོག་རང་འགག་པའོ། །ལུས་ཀྱི་རྩ་གཞི་སྐུམ་པ་ནི་འགྱུ་བྱེད་ཀྱི་སྒོ་ཁེགས་པའོ། །རྩ་གནད་ནི། གཅུང་ཕུར་དང་། གཟེར་བུ་དང་བ་ཐག་ལྟ་བུའི་གནད་དོ། །རླུང་ཡར་

[p. 263] ༄༅།། །།པར་འགྱུར་བའོ། །དེ་ཡང་དངོས་སུ་བྱང་སེམས་འབྱོངས་པ་ལས། །ཕྱིར་ལུས་འབྱོངས་པ་དང་། །ནང་དུ་སེམས་འབྱོངས་པ་གསུམ་དུས་གཅིག་ལ་འབྱུང་བས་ན། སྐུ་གསུམ་བདག་ཏུ་མེད་པའི་ལྟ་བ་ལ་སེམས་གནས་པ་ཞེས་ བྱ་བའོ། དེ་ཡང་འཁོར་བའི་རྩ་བ་ཀུན་རྫོབ་ཡིན་པས་དེའི་གཞི་སྟོངས་པར་བྱེད་པ་ལ་ཐིག་ལེ་མ་འབྱོངས་ན་འཁོར་བའི་རྩ་བ་མི་སྟོངས་པས་སངས་རྒྱས་ལ་རེ་བ་མེད་དོ། །དེ་ཡང་ཐིག་ལེ་རྩ་རོ་མ་ལ་གཏབ་ན་ཟས་ཀྱི་འདུ་ཤེས་དང་འབྲལ་ ལ། རྐྱང་མ་ལ་གཏབ་པས་གོས་མི་དགོས་ཤིང་དྲོད་སྐྱེའོ། །ཀུན་དྷར་མ་ལ་གཏབ་ན་རི་བྲག་རྣམས་ལ་ཟང་ཐལ་དུ་རྒྱུ་བར་ནུས་སོ། །དེ་ནི་བྱང་སེམས་ཐོག་མ་ལུས་ཀྱིས་བསྐྱེད་པས་ལུས་ལས་སུ་རུང་བའི་ཚད་དོ། །དེ་ནས་ལུས་ཀྱིས་ སེམས་འཆིང་བར་བྱེད་པ་ལས། བྱང་སེམས་འབྱོངས་པས་སེམས་འབྱོངས། དེས་སྙིང་རྗེ་ཆེན་པོ་སྐྱེ་ཞིང་། སེམས་བཞག་སར་སྡོད་ལ་བཏང་སར་འགྲོ་བ་འབྱུང་ངོ། །སྔ་མ་ལས། འདི་ཡི་ཡོན་ཏན་བརྗོད་མི་ལང་། །རྒས་དང་ཤི་བ་མེད་ པ་དང་། གཞོན་ཤ་ཆགས་ཤིང་བཟང་པ་དང་། །བཅུད་ཀྱིས་ལེན་པ་ཆེན་པོར་འགྱུར། །ཅེས་སོ། །ཀུན་རྫོབ་ཀྱི་ཐིག་ལེ་དེ་ལུས་ཀྱི་འདུག་སྟངས་དང་། རླུང་གི་གནད་ཀྱིས་བཟུང་བ་ནི། དེ་ཡང་སྔོན་དུ་ཁྱིའི་འབྲས་བུ་གྲིབ་མ་ལ་སྐམས་ པའི་ཕྱེ་མ་དང་། བོང་བུའི་ཨ་རྒ་དང་། ཁྱིའི་རྡོ་རྗེའི་རྩ་རྣམས་ཞིབ་པར་བྱས་ཏེ། རང་གི་རྡོ་རྗེ་ལ་བྱུགས་ནས་སྦྱོར་བ་བྱས་ན། ཐིག་ལེ་མི་འཛག་ཅིང་། ཡུམ་ལ་བདེ་བ་ཁྱད་པར་ཅན་དངོས་སུ་སྐྱེའོ། །ཡང་པདམ་དཀར་པོའི་ནང་ནས་ དཀར་པོ་ནལ་ནལ་པོ་འོང་པ་དེ་ཕྱུང་ལ་སུམ་སྒྲིལ་བྱས་ཏེ། རྐེད་པ་ལ་བཅིངས་ནས་སྦྱད་ན་ཐིག་ལེ་ཕྱིར་མི་འབྱུང་ངོ། །ཡང་ནེ་ལེའི་རྐང་ལག་གཡས་པའི་རྒྱུས་པས་རང་གི་སྲིན་ལག་གཡོན་པའི་རྩ་བ་བསྐྱིགས་ནས་སྦྱད་ན་ཕྱིར་ཐིག་

[p. 264] ལས་ཀྱི་ཕྱག་རྒྱ་མ་ཞེས་བྱའོ། །དེ་ཡང་ལུས་སྤྱི་ནས་རྡོའི་རྩ་བའི་བར་དུ་ཕབ་པས། ལས་ཀྱི་ཕྱག་རྒྱའི་བདེ་བ་ཉམས་སུ་མྱོང་པས་འཕྲིན་ལས་བཞི་ལ་ཐོགས་པ་མེད་པར་བྱེད་དོ། །དེ་ནས་རྐེད་པར་ཕབ་པས་དམ་ཚིག་གི་ཕྱག་རྒྱའི་བདེ་བ་ཉམས་སུས་མྱོང་པས་དྲི་མེད་དག་པའི་ཡེ་ ཤེས་བཞིའི་དམ་ཚིག་དང་འདུ་འབྲལ་མེད་པར་བྱེད་དོ། །དེ་ན་རྩེ་མོ་ཕབ་པས་ཆོས་ཀྱི་ཕྱག་རྒྱའི་བདེ་བ་ཉམ་སུ་མྱོང་པས། ཆོས་སྤྱི་དང་རང་གི་མཚན་ཉིད་ལ་ལོངས་སྤྱོད་པར་བྱེད་དོ། །ཐིག་ལེ་དེ་ཉིད་དུ་བཟུང་པས་ཕྱག་རྒྱ་ཆེན་པོའི་བདེ་བ་ཉམས་སུ་མྱོང་བས་ བདེ་བ་དང་སྟོང་པ་ཟུང་འཇུག་རབ་ཏུ་མི་གནས་པར་བྱེད་པའོ། །དེ་ལྟར་སྦྱངས་པས་ཡུམ་གྱི་རྩ་འབྱོངས་པ་དང་། ཡབ་ཀྱི་བྱང་སེམས་འབྱོངས་པ་གཉིས་དུས་གཅིག་ལ་འབྱུང་སྟེ། རྩ་འབྱོངས་པས་སྙོམས་འཇུག་བྱས་མ་བྱས་འདྲ་བར་བདེ་བ་དང་ མི་འབྲལ་བ་ནི་རྩ་འབྱོངས་པའི་ཚད་དོ། །རྩ་བྱད་དུས་རྩ་ནང་ནས་ཁྲག་དང་ཆུ་སེར་མི་རྒྱུ་བས། ལུས་ཀྱི་ན་ཚ་དང་སྡུག་བསྔལ་གྲོལ་བར་ངེས་སོ། །རྩའི་ནང་སྟོངས་ཏེ་ཁ་བྱེ་བས་སྟོང་པ་ཉིད་ཀྱི་ངང་ལ་གནས་པའོ། །རྩ་ནང་ནས་ཡེ་ཤེས་ཀྱི་རླུང་རྒྱུ་བས་ མི་རྟོག་པའི་ཡེ་ཤེས་ལ་རྒྱུན་དུ་གནས་སོ། །ཡབ་ཀྱི་ཐིག་ལེ་འབྱོངས་པའི་ཚད་ནི། བྷ་གའི་ནང་ནས་ཐིག་ལེ་ཚུར་འདྲེན་པའི་སྟོབས་རྙེད་པ་དང་། དེ་ཀུན་དྷ་ཆུའི་རྣམ་པ་ལྟར་སླ་ཞིང་གསལ་ལ་དག་ཅིང་མཆེད་པར་འགྱུར་ཏེ། དེ་གང་དུ་བཞག་སར་ སྡོད་པས་ལུས་ཀྱི་ནད་འབྱོངས་པ་དང་། དེ་འབྱོངས་པས་ཐིག་ལེ་དངོས་སུ་བྱུང་ཡང་དངོས་པོ་མཐོང་པ་མེད་པས་འཁོར་བའི་རྩ་བ་བཅད་པའི་སྦྱོར་བ་བྱ་མི་དགོས་པར་འཆད་ཅིང་། དེ་ཉིད་ལ་ས་བདེ་བ་ལྷག་པར་སྐྱེས་པས་ནང་དུ་སེཾས་འབྱོངས་ཏེ་རྣམ་ རྟོག་ནུབ་ནས་ལས་དང་བག་ཆགས་ཀྱི་མཐའ་སྟོངས་པ་དང་། ཕྱིར་ལུས་འབྱོངས་པས་སྐྲ་དཀར་དང་གཉེར་མ་མེད་པ་དང་། ལུས་ཀྱི་རིམ་པ་དགུ་རྗེ་བ་དང་། གཞོན་ཤ་ཆགས་ཤིང་དར་ལ་བབ་པར་འགྱུར་བ་དང་། རླུང་མཁྲིས་ལ་སོགས་པའི་ནད་ཞི་ནས་ཚེ་ཉི་ཟླ་དང་མཉམ་

[p. 265] ༄༅། །སུ་མྱོང་བའོ། །དེ་ཡང་ཨོཾ་གྱིས་རྡོ་རྗེར་བསྐྱེད་པ་ནི། སྐུ་རྡོ་རྗེར་བྱས་པས་སྐུ་གསུམ་གཅིག་ཏུ་འདྲིལ་བའི་གནད་དོ། །ཨཱས་བྱང་སེམས་བསྐྱེད་པ་ནི། གསུང་རྡོ་རྗེར་བྱས་པས་བརྗོད་དུ་མེད་པའི་གསུང་དང་བལྟར་མེད་པ་དང་། བསམ་དུ་མེད་པའི་གསུང་ དང་གསུམ་གཅིག་ཏུ་འདྲིལ་བས་ཐོས་བསམ་བསྒོམ་པའི་ཚད་དུ་ཕྱིན་པའོ། །ཧཱུཾ་གིས་བུམ་པ་བསྐྱེད་པ་ནི། ཐུགས་རྡོ་རྗེར་བྱས་པས་ཆོས་སྐུའི་ཐུགས་མི་རྟོག་ཅིང་མི་སེམས་པ་དང་། ལོངས་སྐུའི་མ་ཡེངས་ཡེངས་པ་མེད་པ་དང་། སྤྲུལ་སྐུའི་མཁྱེན་པ་སྣ་ཚོགས་སུ་ཤར་ བ་དང་གསུམ་གཅིག་ཏུ་འདྲིལ་པས་ན་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལས་མི་འདའ་བའོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་གྱིས་རྡོ་རྗེ་སྐྱེད་པ་ནི། བདེ་བ་གསུམ་གྱི་འབྲས་བུ་རིམས་དང་གཅིག་ཆར་གྱིས་བྱེད་པའོ། །ཡུམ་གྱི་ཨེས་པད་མ་ སྐྱེད་པ་ནི། བདེ་བ་ཆེན་པོའི་སྐུའི་རྒྱའོ། །ཧྲིས་པད་མའི་དྲིལ་བུ་སྐྱེད་པ་ནི། བདེ་ཆེན་གྱི་གསུང་གི་རྒྱའོ། །ཧས་པད་མའི་ཟེ་འབྲུ་བསྐྱེད་པ་ནི། བདེ་ཆེན་གྱི་ཐུགས་ཀྱི་རྒྱའོ། །དེ་ལྟར་རྒྱ་གསུམ་བཏབ་པས་ཕྱག་རྒྱ་ཆེན་པོ་ལུས་ངག་ཡིད་གསུམ་གྱི་འཆིང་བྱེད་ལས་གྲོལ་ པས་ན། རང་གྲོལ་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །པད་མའི་བུ་ག་ཕཊ་ཀྱིས་བཀག་པ་ནི། བདེ་ཆེན་གྱི་རླུང་ཡེ་ཡལ་ལ་བོར་བའི་གནད་དོ། །ཡབ་ཀྱི་རྡོ་རྗེའི་བུ་ག་ཧྲིས་བཀག་པ་ནི། བདེ་ཆེན་ཀྱི་སྙིང་པོ་ལ་ལོངས་སྤྱོད་པའོ། །སྔ་མ་ལས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །རྒྱ་གསུམ་ ལྡན་པའི་པད་མའི་དབུས། །བྱང་སེམས་རབ་ཏུ་སྦྱང་པའི་ཕྱིར། །ཧྲི་ཡིས་དགག་པ་མཁས་པས་སྦྱར། །ཡེ་ཤེས་རབ་ཏུ་མི་བཏང་ཕྱིར། །ཕཊ་ཀྱིས་བུ་ག་དགག་པར་བྱ། །ཅེས་སོ། །དེའང་སྐུ་གསུང་ཐུགས་ཀྱི་སྦྱང་པ་གསུམ་གྱིས་རྡོ་རྗེའི་རྩེ་མོ་ནས་རྐེད་པར་དྲངས་པས་ལུས་ཟུངས་རྒྱས་ པའི་ལས་བྱེད། དེ་ནས་རྩ་བར་དྲངས་པས་སེམས་བདེ་ཆེན་དུ་རྒྱས་པའི་ལས་བྱེད། དེ་ནས་ལྟེ་བར་དྲངས་པས་ལུས་སེམས་གཉིས་མེད་ཀྱི་བདེ་བ་རྒྱས་པའི་ལས་བྱེད་དོ། །དེ་ལ་པད་མའི་རྒྱ་གསུམ་གྱིས་བཏབ་པས་བདེ་བ་དང་། གསལ་བ་དང་། སྟོང་པ་གསུམ་ཉམས་སུ་མྱོང་བ་དང་།

[p. 266] ༄༅། །པའོ། །སྤྲོས་མེད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། གཞན་གྱི་རྣམ་པ་དང་། བསྔོ་བ་བཞིན་ཉན་པ་དང་། བཀའ་བསྟན་ཆོས་ལ་དབང་བ་དང་། མི་མ་ཡིན་པའི་སྐད་ཤེས་པ་ལ་སོགས་པའོ། །ཤིན་ཏུ་ སྤྲོས་མེད་ཀྱིས་ཡིད་དགེ་བ་དག་ཏིང་ངེ་འཛིན་དང་། རིག་པ་དང་། གང་བསམས་ཆོས་ཉིད་དེ་འཆིར་བ་དང་། དུས་བཞི་དུས་གཅིག་ཏུ་རྟོགས་པ་དང་། འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ལ་སོགས་པའོ། །རབ་ཏུ་སྤྲོས་མེད་ཀྱིས་སེམས་ལས་སུ་ རུང་བ་དང་། མངོན་པར་ཤེས་པ་དང་། ཚེ་དཔག་ཏུ་མེད་པར་བྱིན་གྱིས་རློབ་པ་ལ་སོགས་པའོ། །ཁྱད་པར་དུ་དབང་བཞིས་སྣང་བ་བཞིའི་ཡོན་ཏན་ཐོབ་པ་ནི། སྤྲོས་པ་ཅན་གྱིས་ཆོས་ཉིད་མངོན་གསུམ་གྱི་སྣང་བ། སྤྲོས་མེད་ཀྱིས་ཉམས་ གོང་འཕེལ། ཤིན་ཏུ་སྤྲོས་མེད་ཀྱིས་རིག་པ་ཚད་ཕེབས། རབ་ཏུ་སྤྲོས་མེད་ཀྱིས་ཆོས་ཉིད་ཟད་པའི་སྣང་བ་སྟེ། དེ་དག་རེ་རེ་ཞིང་ཕྱི་སྣང་བའི་ཡོན་ཏན་རེ་དང་། ནང་ཉམས་ཏིང་ངེ་འཛིན་རེ་དང་། གསང་བ་ལྟ་དགོངས་ཁྱད་པར་ ཅན་རེ་དང་། ཡོངས་རྫོགས་བསྟན་པའི་ཚད་རེ་ཐོབ་ནས། ཟག་བཅས་མི་སྣང་བ་དྲ་སངས་རྒྱས་ཀྱི་ས་ལ་སྦྱོར་བའོ། །འདི་དག་ནི་ཐུན་མོང་དུ་གནས་སྐབས་ཀྱི་ཡོན་ཏན་ནོ། །གཉིས་པ་མཐར་ཐུག་གི་འབྲས་བུ་ནི། མགོན་པོ་རྡོ་རྗེ་ འཆང་གིས་སྟེ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་རྫོགས་པར་ཐོབ་པའོ། །དབྱེ་ན་གསུམ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཞིང་ཁམས་མདོར་བསྟན། པས་མ་གྱིས་མི་ཁྱབ་པའི་དབྱེ་བ་རྒྱས་པར་ བཤད། མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བའོ། །དང་པོ་ནི། དབང་མཐར་བྱིན་བྱེ་བ་འབྲས་བུ་བཞི་ལ་རྟགས་བཞི་དང་ཚད་བཞི་སྟེ་བཅུ་གཉིས། སྨིན་སོ་སྐུ་བཞི་སྟེ་བཅུ་དྲུག །ཡེ་ཤེས་བཞི་སྟེ་ཉི་ཤུ། ཡེ་ཤེས་ཀྱི་འོད་ཟེར་

[p. 267] བཞི་སྟེ་ཉེར་བཞི། འོད་ཀྱིས་བཀྱེ་བའི་སྤྲུལ་པ་བཞི་སྟེ་ཉེར་བརྒྱད། སྤྲུལ་པའི་གདུལ་ཞིང་བཞི་སྟེ་སམ་བཅུ་རྩ་གཉིས་སུ་སྨིན་པས་དོན་འབྱུང་པ་ནི། བམ་དུ་དབང་སུམ་བཅུ་རྩ་གཉིས་ཐོབ་པ་ལས་བྱུང་བའོ།། དེ་ཡང་སྐུ་བཞི་ལ། གཞི་གནས་ ཀྱི་ཡེ་ཤེས། མཚན་ཉིད་འཛིན་པའི་ཡེ་ཤེས། ཐམས་ཅད་མཁྱེན་པའི་ཡེ་ཤེས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤས་བཞི་བཞི་བརྩིས་པས་བཅུ་དྲུག། ཡེ་ཤེས་ཀྱི་མཁྱེན་པ་བཞི་བཞི་བརྩིས་པས་བཅུ་དྲག་སྟེ་སུམ་བཅུ་རྩ་གཉིས་ནི་སྐུ་ དང་ཡེ་ཤེས་ཀྱི་རྣམ་གྲངས་སུམ་བཅུ་རྩ་གཉིས་ཞེས་བྱའོ།། འདི་དག་རྫོགས་པ་ནི་རྡོ་རྗེ་འཆང་གིས་བཅུ་དྲུག་མཛད་པ་ཡེ་ཤེས་ཀྱི་ཡུལ་བཅུ་དྲུག་དང་བཅས་པའོ།། ཡེ་ཤེས་ཀྱི་སྣང་བའི་རང་འོད་ལྔ་ལས་ཞིབ་ལྔའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་ པ་ནི། འོད་མཐིང་གའི་ཀློང་ན་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རྫོགས་པའོ།། དེ་བཞིན་དུ་དཀར་པོས་མི་བསྐྱོད་པ། སེར་པོས་རིན་ཆེན་འབྱུང་ལྡན། དམར་མོས་སྣང་བ་མཐའ་ཡས། ལྗང་ཁུས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་དུ་ལྷུན་ གྱིས་གྲུབ་པའོ།། དཀྱིལ་འཁོར་དེ་དག་ལས་གདུལ་བྱའི་ཞིང་དུ་འཕྲིན་ལས་བཞིའི་སྤྲུལ་པ་འགྱེད་ལ། གདུལ་ཞིང་ཤར་ཕྱོགས་མངོན་པར་དགའ་བ། ལྷོ་དཔལ་དང་ལྡན་པ། ནུབ་པད་མ་བརྩེགས་པ། བྱང་ལས་རབ་རྫོགས་པ་བཞིའི་འགྲོ་བ་ སྨིན་པར་བྱེད་དོ།། གཉིས་པ་བསམ་གྱིས་མི་ཁྱབ་པའི་དབྱེ་བས་རྒྱས་པར་བཤད་པ་ནི། སྐུ་བཞིའི་ཞིང་ཁམས་ཕུན་གསུམ་ཚོགས་པ་ལྔ་ལྔར་དབྱེ་བ་ལས། དང་པོ་ཆོས་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོ། གནས་ཆོས་ཀྱི་དབྱིངས། བསྟན་པ་ སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བསྟན་པ། འཁོར་འདུས་མ་བྱས་པ། དུས་ཆོས་ཉི་རེ་ལ་འཕོ་འགྱུར་མེད་པ་དང་ལྔ་ནི་ཆོས་སྐུར་འཇོག་པའི་འཐད་པ་ནི། ཞིང་ཁམས་རྣམ་པར་དག་པ་དེ་ཉིད་དང་རྗོད་དུ་མེད་པ། ཆོས་བརྗོད་དུ་མེད་པ། འབད་

[p. 268] ༄༅། །མེད་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཀྱི་སྒོ་ནས་ཆོས་སྐུ་ཞེས་བརྗོད་པའོ།། ཕུན་གསུམ་ཚོགས་པ་ལཱ། བརྗོད་དུ་མེད་པ་དང་། ལྷུན་གྱིས་གྲུབ་པ་གཉིས་ཏེ་བརྒྱད་ནི། དབང་བཞིའི་ས་བོན་བཞི་དང་། འབྲས་བུ་བཞི་སྟེ་བརྒྱད་སྨིན་པ་ལས་ བྱུང་བའོ།། ལོངས་སྐུའི་སྟོན་པ་རྣམ་པར་སྣང་མཛད་གང་ཆེན་མཚོ། གནས་རྣམ་དག་སྟུག་པོ་བཀོད་པ། བསྟན་པ་རང་བྱུང་གི་ཡི་གེ་དྲུག་གི་རང་སྒྲ་ལྗགས་ཀྱི་འོད་ཟེར་ལས་འཕྲོ་བ་བསྟན་པའི་བུ་གཅིག། འཁོར་ཉིད་ལས་མི་གཞན་པ་རིགས་ བཞིའི་སངས་རྒྱས། དུས་རང་བཞིན་རྣམ་དག་ཆེན་པོ། ཞིང་ཁམས་ཕྱག་མཉམ་གཞག་གི་མཐིལ་ན། ཡས་མར་རྩེགས་པའི་ཉི་ཤུ་རྩ་ལྔ། སྐྱིལ་དཀྲུང་མན་ཆད་ལ་བཅུ་དྲུག། དེ་དག་ཀྱང་ཡས་མན་དུ་ལྟས་པས་རྒྱ་དེབ་བརྩེགས་པ་ལྟ་བུར་བར་ན་རྣཾ་ དག་གི་ནམ་མཁས་བཅད་ནས་གནས་ལ། ཕན་ཚུན་ནི་ཟ་འོག་གི་གུར་ཁྱིམ་བཀྲམ་པ་དང་འདྲ་སྟེ། སོ་སོའི་ལྕགས་རི་དང་། མཆོས་བར་བཅད་དེ་གནས་སོ།། ཆོས་ནི་རང་གི་ངོ་བོ་རྣམ་དག་ཆེན་པོའི་ཆོས་ལ་སྤྱོད་པའོ། །འཐད་པ་ནི་འོད་དང་། ཁ་དོག་སྐུ་དང་ ཡེ་ཤེས་ལ་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ།། དེ་ཡང་འོད་ཟེར་གྱི་སྦྱོར་བ་དག་པ་ཡབ་ཀྱི་ཞལ་ནས་ཞུགས་ཏེ་གསང་པའི་གནས་ནས་ཡུམ་གྱི་མཁའ་ལ་འཐོན་ནས་སྤྲུལ་པ་འགྱེད་པ་སྟེ། ཕུན་གསུམ་ཚོགས་པ་ལྔ། ཞིང་དང་སྤྲུལ་པ་ གཉིས་ཏེ་བརྒྱད་དོ།། དེ་ཡང་དབང་བརྒྱད་ཀྱི་འབྲས་བུའོ།། སྤྲུལ་པ་སྐུའི་སྟོན་པ་དྲུག་པ་རྡོ་རྗེ་འཆང་། གནས་ལྕང་ལོ་ཅན་སྟེ་འོག་མིན་གྱི་མིང་གི་བྱེ་བྲག་གོ། བསྟན་པ་རང་བཞིན་རྫོགས་པ་ཆེན་པོ། འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་ པ། དུས་སྐུས་འདུལ་བའི་དུས། ཞིང་ཁམས་རྒྱ་ཆེ་བ་ཚངས་ཆེན། དེ་ལས་ཁོལ་བུར་ཕྱུང་ན་མི་མཇེད་དེ་གླིང་བཞི་རི་རབ་དང་བཅས་པ་བྱེ་བ་ཕྲག་བརྒྱའོ།། ཆོས་བསྟན་པ་དངོས་དང་གཟུགས་བརྙན་གཉིས་སོ།། འཐད་པ་གང་ལ་གང་འདུལ་དུ་

[p. 269] སྤྲུལ་པས་ན་སྤྲུལ་སྐུའོ།། རང་གཞན་གྱི་དོན་གཉིས་རྫོགས་པའི་འཕྲིན་ལས་དང་བརྒྱད་དོ།། ངོ་བོ་ཉིད་ཀྱི་སྐུའི་སྟོན་པ་བསམ་བརྗོད་རྣམ་པར་དག་པ། གནས་བསམ་འདས་མཚན་གཞི་དང་བྲལ་བ། བསྟན་པ་རྡུལ་མེད་ཅིང་དྲི་མ་མེད་པ། འཁོར་ ཡེ་ཤེས་རྒྱ་མཚོ། ཞིང་ཁམས་བདེ་ཆེན་རྣམ་དག། ཆོས་ངོ་འབྱེད་པ་མེད་པ། ལས་སེམས་ཉིད་ཕྱིན་ཅི་ལོག་ལས་འདས་པ་དང་བརྒྱད་པོ། དེ་ཐམས་ཅད་ཀྱི་རང་བཞིན་རྟགས་ཀྱི་སྐུ་བཞི་ནི། ཆོས་སྐུའི་སྟོན་པ་རང་བཞིན་མ་བཅོས་པ། གནས་སྟོང་པ་ ཀུན་ཁྱབ། བསྟན་པ་འདུལ་སྟངས་རྣམ་དག། འཁོར་རང་བཞིན་ཡོངས་དག། དུས་ངེས་མེད་སྣ་ཚོགས། ཆོས་ཟག་པ་རང་ཟད། འཐད་པ་ཆོས་ཀྱི་ཕུང་པོ་འདུས་པས་ན་ཆོས་ཀྱི་སྐུའོ།། བྱེད་ལས་ལས་བདག་ཏུ་མེད་པའི་ལས་བྱེད་པ་དང་བརྒྱད་དོ།། གཟུགས་སྐུའི་སྟོན་པ་སྐུ་སྣང་ལ་རང་བཞིན་མེད་པ་ཞལ་ཀུན་དུ་ཐལ་ལེ་བ། གནས་ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ། བསྟན་པ་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པ། འཁོར་སྣང་བ་དང་མི་སྣང་པ། དུས་སྤྲོས་གཞིའི་ཚིག་ ཙམ་དུ་བྱུང་བ། ཞིང་ཁམས་ཕྱི་ནས་ལྟས་པས་ནང་གསལ་བ། ཆོས་སྤྲོས་གཞི་རྣམ་པར་རིག་པ། འཐད་པ་གཟུགས་རྡུལ་དང་རྡུལ་ཕྲན་དག་པར་བྱེད་པས་ན་གཟུགས་སྐུའོ།། ལས་ཀྱི་གཟུགས་ཅན་རྣམས་ཀྱི་ལས་ཟད་པར་བྱེད་པ་དང་བརྒྱད་དོ།། །། དེ་དག་གི་ཞར་ལ་ཞི་བའི་སྐུའི་སྟོན་པ་རང་ཤེས་རིག་གི་རྒྱལ་པོ་འདུས་མ་བྱས་པ། གནས་ཙིཏྟ་རིན་པོ་ཆེའི་གཞལ་མེད་ཁང་། བསྟན་པ་རྩ་རླུང་ཐབས་ཀྱི་མན་ངག། འཁོར་ཡེ་ཤེས་ལྔ་དང་། རླུང་ལྔ་དང་། ཤེས་རབ་ལྔ་དང་། འོད་ལྔ་དང་། སྐུ་ལྔ་དང་ རིགས་ལྔའོ།། དུས་ལུས་དང་སེམས་འཛོམ་པའོ།། ཞིང་ཁམས་འགྲོ་བ་འདུལ་བ། ཆོས་འཁོར་བ་དང་མྱ་ངན་ལས་འདས་པ། འཐད་པ་དེ་ལ་རྟེན་ནས་ལུས་སེམས་སྡུག་བསྔལ་ཞི་བས་ན་ཞི་བའི་སྐུར་འཐད་དོ།། ལས་ཁམས་གསུམ་ལས་

[p. 270] ༄༅། །གྲོལ་བར་བྱེད་པ་སྟེ་བརྒྱད་དོ། །ཁྲོ་བོའི་སྐུའི་སྟོན་པ་ཡེ་ཤེས་ཀྱི་ཧེ་རུ་ཀ་ལྔ། གནས་བན་དྷ་འབར་བའི་གཞལ་ཡས་ཁང་སྟེ་ཀླད་པ་དུང་ཁང་དཀར་པོ། བསྟན་པ་བདེ་ཆེན་གྱི་འབར་འཛག། འཁོར་སྒྲོན་མ་རྣམ་པ་བཞི། དུས་ཡེ་ཤེས་རང་འགྱིལ་ བའི་དུས། ཞིང་ཁམས་མིག་གི་དབང་པོ་མཐོང་བ་མ་འགགས་པ། ཆོས་གཟུགས་ཀྱི་དེ་བཞིན་ཉིད། འཐད་པ་ཡུལ་དང་ཞེས་པ་ལ་འཁྲོས་པས་ན་ཁྲོ་བོའི་སྐུར་འཐད་དོ། །ལས་ཀྱི་གདུལ་བྱ་ཕྱིན་ཅི་ལོག་རྣམས་ཚར་གཅོད་པ་དང་བརྒྱད་དོ། །དེ་དག་ལ་ སྐབས་འདིར་འབྲས་བུར་བཞག་པ་ནི། གཞི་སྨིན་བྱའི་སྦྱང་གཞི་ཐོག་མའི་འོད་གསལ་ཡིན་པ་དང་། གདུལ་གཞིའི་འབྲས་བུ་རང་བཞིན་རྣམ་དག་ཡིན་པས་བློ་བུར་རྣམ་དག་གི་ཞར་ལ་སྨོས་པའོ། །དེ་དག་ལ་བརྟགས་པས། དབང་དང་འབྲས་བུ་ལ་ བཅུ་དྲུག་ཕྲག་བཞི། སྐུ་ལ་བཅུ་དྲུག་ཕྲག་བཞི་སྟེ་ཕྲག་བརྒྱད་བསྡོམས་པས། བརྒྱ་དང་ཉེར་བརྒྱད་ནི་དབང་བསྐུར་བའི་འབྲས་བུ་ཕུན་གསུམ་ཚོགས་པའོ། །གསུམ་པ་མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྐུར་བ་ནི། དབང་བཞིའི་ས་བོན་ གྱི་ཆ་ལས་དྲུག་བརྒྱ་དང་དྲུག་བཅུ་རྩ་དྲུག་གིས་འགྲོ་བ་དྲུག་གི་ལས་དང་ཉོན་མོངས་པ་དག་པར་མཛད་པའོ། །དེ་ལ་ཐོག་མར་མཐོང་བ་རྣམ་པར་དག་པ་ལས། བདག་ཉིད་ལ་ཟག་པ་མེད་པའི་མངོན་པར་ཤེས་པ་ནི། དབང་པོའི་མཐོང་བ་རྣམ་པར་དག་པའི་ མངོན་པར་ཤེས་པ་དྲུག་གིས་དུས་གསུམ་དུས་གཅིག་ལ་མཐོང་པ་བྲ་སེན་མཐོང་བ་ལྟ་བུ་སྟེ། དེ་ཡང་མིག་གི་མངོན་ཤེས་དྲུག་གིས་གཟུགས་ཐམས་ཅད་ཤེས། རྣ་བའི་མངོན་ཤེས་དྲུག་གིས་བརྗོད་པའི་སྒྲ་ཐམས་ཅད་གཏན་ལ་ཕེབས་སོ། །རྣའི་ དྲུག་གིས་འགྲོ་བ་དྲུག་གི་ལས་གཏན་ལ་ཕེབས་སོ། །ལྕེའི་དྲུག་གིས་འགྲོ་དྲུག་གི་འཁོར་དང་ལོངས་སྤྱོད་ཤེས་སོ། །ལུས་ཀྱི་དྲུག་གིས་འགྲོ་དྲུག་གི་གཟུགས་རྡུལ་ཕྲན་དང་རགས་པ་ཐམས་ཅད་ཤེས་སོ། །ཡིད་ཀྱི་དྲུག་གིས་འགྲོ་དྲུག་གི་བསམ་པ་ཐམས་

[p. 271] ཅད་ཤེས་སོ།། དེ་ལྟར་དབྱེ་གཞི་ཕྲི་བས་དབང་པོའི་མངོན་ཤེས་སུམ་བཅུས་སྲིད་པ་ཡན་ལག་སུམ་བཅུ་ཤེས་ཤིང་། མཚན་སུམ་བཅུ་རྩ་གཉིས་གྲུབ་པ་ནི་དབང་སུམ་བཅུ་རྩ་གཉིས་ཡས་བྱུང་བའོ།། དེ་ནས་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་ མངོན་པར་ཤེས་པ་དྲུག་འཆར་ཏེ། སྦྱངས་པའི་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་ཡེ་ཤེས་དྲུག་ཤར་བས་ཚིག་ཐམས་ཅད་ཀྱི་བརྡ་དོན་ཁོང་དུ་ཆུད་པའོ།། བསླབ་པའི་ཤེས་རབ་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་གིས་སེམས་ཉིད་ཆོས་ཉིད་ ལ་འཇུག་པ་ཁྱད་པར་ཅན་སྐྱེ་བའོ།། མཐོང་བ་རྣམ་པར་དག་པ་ཞེས་ཀུན་ལ་སྦྱར་ཏེ། ཐོས་པའི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་སྒྲ་དང་དོན་ཐམས་ཅད་ཤེས་སོ།། བསམ་བྱུང་གི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་ཆོས་ཐམས་ཅད་ཀྱི་འདུ་བ་ཆེད་ རྟོགས་སོ།། སྒོམ་བྱུང་གི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་ཆོས་དང་སེམས་གཉིས་འདྲེས་ཏེ་ནམ་མཁའ་ལྟར་ཤེས་སོ།། དེ་ལྟར་སུམ་བཅུ་ནི་དབང་གི་འགྱུར་བྱེད་སུམ་བཅུ་རྩ་གཉིས་ཀྱིས་སངས་རྒྱས་ཀྱིས་སྦྱངས་པའི་ཡོན་ཏན་སུམ་བཅུ་རྩ་གཉིས་ མཐོང་བ་ལས་བྱུང་བའོ།། དེ་ནས་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། འདིའི་དུས་ན་ཡེ་ཤེས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྙེད་པའོ།། དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མཐོང་བ་དག་པའི་ མངོན་ཤེས་དྲུག་གིས་ཆོས་ཀྱི་མཚན་ཉིད་དང་དགོངས་པ་མངོན་གསུམ་དུ་ཤེས་སོ།། མཉམ་པ་ཉིད་ཀྱི་དྲུག་གིས་འཁོར་འདས་གཉིས་སུ་མེད་པར་ཤེས་སོ།། སོ་སོར་རྟོགས་པའི་དྲུག་གིས་འགྲོ་བ་དྲུག་གི་དབང་པོ་ལ་སོགས་པ་ཤེས་སོ།། བྱ་བ་ གྲུབ་པའི་དྲུག་གིས་ཆོས་ཐམས་ཅད་རྩོལ་བ་དང་བྲལ་བ་དང་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཤེས་སོ།། ཆོས་ཀྱི་དབྱིངས་ཀྱི་དྲུག་གིས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཤེས་སོ།། མི་གནས་པའི་ཡེ་ཤེས་ཀྱི་དྲུག་གིས་ཆོས་གང་ལའང་

[p. 272] ༄༅། །མི་གནས་པ་ཤེས་སོ།། དེ་ཡང་དབྱེ་གཞི་རེ་ཕྲི་བས་མངོན་ཤེས་པཱ་ཚན་དྲུག་ཏུ་འགྱུར་ཏེ། ཡེ་ཤེས་ཀྱི་མངོན་པར་ཤེས་པ་སུམ་བཅུ་ནི་དབང་སུམ་བཅུ་རྩ་གཉིས་ལས་བྱུང་བའོ།། །དེ་ནས་རྣམ་པར་གྲོལ་བའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་སེམས་དང་སེམས་བྱུང་ནུབ་པའོ།། དེ་ལ་རྣམ་གྲོལ་དང་པོའི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་ཤར་བས། ལུས་ཀྱི་ཟག་པ་ཟད་པའོ།། རྣམ་གྲོལ་གཉིས་པ་དྲུག་གིས་དག་གི་ཟག་པ་ཟད་པའོ།། གསུམ་པའི་དྲུག་གིས་ ཡིད་ཀྱི་ཟག་པ་ཟད་པའོ།། བཞི་པའི་དྲུག་གིས་སེམས་ཀྱི་ཟག་པ་ཟད་པའོ།། ལྔ་པའི་དྲུག་གིས་ཤེས་རབ་ཀྱི་ཕུང་པོ་ལ་སྒྲིབ་པའི་ཟག་པ་ཟད་པའོ།། དྲུག་པའི་དྲུག་གིས་ཆོས་དང་ཆོས་ཉིད་ཀྱི་ཟག་པ་ཟད་པའོ།།སུམ་བཅུ་པོ་དེ་དག་གིས་ཕྱི་ནང་གསང་ བ་ཡོངས་རྫོགས་ཀྱི་དབང་ལས་བྱུང་བའོ།། དེ་ནས་སྐུ་གསུང་ཐུགས་ཀྱི་ལས་མངོན་དུ་གྱུར་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། སངས་རྒྱས་ཀྱི་མཁྱེན་པ་མ་ལུས་པ་རྫོགས་པའོ།། སྐུ་དངོས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་ཤེར་བས་ སངས་རྒྱས་ཀྱི་སྐུ་ཐམས་ཅད་མཐོང་ཞིང་རང་གིས་ཀྱང་བརྙེས་པའོ།། སྐུའི་སྣང་བའི་དྲུག་ཤར་བས་འོད་ཀྱི་ཚོགས་མཐའ་ཡས་པ་ལ་སྤྱོད་དོ།། གསུང་དངོས་ཀྱི་དྲུག་ཤར་བས་གསུང་དབྱངས་དྲུག་བཅུ་ལ་སྤྱོད་དོ།། གསུང་གི་སྣང་བའི་དྲུག་གིས་བླ་ དབྱངས་དུ་མ་ལ་སྤྱོད་དོ།། ཐུགས་དངོས་ཀྱི་དྲུག་གིས་ཏིང་ངེ་འཛིན་ཐམས་ཅད་ལ་སྤྱོད་དོ།། ཐུགས་ཀྱི་སྣང་བའི་དྲུག་གིས་གཞན་གྱི་སེམས་ཤེས་པ་ལ་སྤྱོད་དོ།། དེ་ལྟར་སུམ་བཅུ་པོ་ནི་དབང་གི་ལྷ་ངོ་སུམ་བཅུ་རྩ་གཉིས་ཤེས་པ་ལས་བྱུང་ངོ།། དེ་ནས་ ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་ཆོས་ཉིད་ཀྱི་དགོངས་པ་ལ་དབྱེར་མི་ཕྱེད་པར་བཞུགས་སོ།། སེམས་རྣམ་པར་གདུལ་བའི་མངོན་ཤེས་དྲུག་ཤར་བས་སེམས་ཀྱི་རང་བཞིན་ཤེས་སོ།། སེམས་

Volume I0TTBBC0007_002

[p. 1] ས་གཡས་ན B BII BignsigiittoignsiignsisigBBsBMBDakotigkkkkkkkkkkkkkkkdG sigkkkkkkkkkkkkk Kigkkkkkkkkkkiotis nosigns lotogkko lotokks notet pages paget paget pager noter nalet notet laonsigns here)྾ ྾ ྾ ྾ ྾ ྾ ྾ signs pagig mo oa digns digns ba digns bo digns pans bad or bagns do od signs ba diins ba d signs ba d sit nigns dittt d sit diig lad signs la d signs digns ng bret o d oret d signs ba d oret naret sad signs la git ditt paget oret lares bs signs oret ba m

[p. 2] ༄༅། །སུ་མྱོང་བའོ། །དེ་ཡང་ཨོཾ་གྱིས་རྡོ་རྗེར་བསྐྱེད་པ་ནི། སྐུ་རྡོ་རྗེར་བྱས་པས་སྐུ་གསུཾ་གཅིག་ཏུ་འདྲིལ་བའི་གནད་དོ། །ཨཱས་བྱང་སེཾས་བསྐྱེད་པ་ནི། གསུང་རྡོ་རྗེར་བྱས་པས་བརྗོད་དུ་མེད་པའི་གསུང་དང་བལྟར་མེད་པ་དང་། བསཾ་དུ་མེད་པའི་གསུང་ དང་གསུཾ་གཅིག་ཏུ་འདྲིལ་བས་ཐོས་བསཾ་བསྒོཾ་པའི་ཚད་དུ་ཕྱིན་པའོ། །ཧཱུཾ་གིས་བུཾ་པ་བསྐྱེད་པ་ནི། ཐུགས་རྡོ་རྗེར་བྱས་པས་ཆོས་སྐུའི་ཐུགས་མི་རྟོག་ཅིང་མི་སེམས་པ་དང་། ལོངས་སྐུའི་མ་ཡེངས་ཡེངས་པ་མེད་པ་དང་། སྤྲུལ་སྐུའི་མཁྱེན་པ་སྣ་ཚོགས་སུ་ཤར་ བ་དང་གསུམ་གཅིག་ཏུ་འདྲིལ་བས་ན་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལས་མི་འདའ་བའོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུཾ་གྱིས་རྡོ་རྗེ་སྐྱེད་པ་ནི། བདེ་བ་གསུཾ་གྱི་འབྲས་བུ་རིས་དང་གཅིག་ཆར་གྱིས་བྱེད་པའོ། །ཡུཾ་གྱི་ཨེས་པད་མ་ སྐྱེད་པ་ནི། བདེ་བ་ཆེན་པོའི་སྐུའི་རྒྱའོ། །ཧྲིས་པད་མའི་དྲིལ་བུ་སྐྱེད་པ་ནི། བདེ་ཆེན་གྱི་གསུང་གི་རྒྱའོ། །ཧས་པད་མའི་ཟེ་འབྲུ་བསྐྱེད་པ་ནི། བདེ་ཆེན་གྱི་ཐུགས་ཀྱི་རྒྱའོ། །དེ་ལྟར་རྒྱ་གསུཾ་བཏབ་པས་ཕྱག་རྒྱ་ཆེན་པོ་ལུས་ངག་ཡིད་གསུཾ་གྱི་འཆིང་བྱེད་ལས་གྲོལ་ པས་ན། རང་གྲོལ་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །པད་མའི་བུ་ག་ཕཊ་ཀྱིས་བཀག་པ་ནི། བདེ་ཆེན་གྱི་རླུང་ཡེ་ཡལ་ལ་བོར་བའི་གནད་དོ། །ཡབ་ཀྱི་རྡོ་རྗེའི་བུ་ག་ཧྲིས་བཀག་པ་ནི། བདེ་ཆེན་གྱི་སྙིང་པོ་ལ་ལོངས་སྤྱོད་པའོ། །སྔ་མ་ལས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །རྒྱ་གསུཾ་ ལྡན་པའི་པད་མའི་དབུས། །བྱང་སེཾས་རབ་ཏུ་སྦྱང་པའི་ཕྱིར། །ཧྲི་ཡིས་དགག་པ་མཁས་པས་སྦྱར། །ཡེ་ཤེས་རབ་ཏུ་མི་བཏང་ཕྱིར། །ཕཊ་ཀྱིས་བུ་ག་དགག་པར་བྱ། །ཅེསོ། །དེའང་སྐུ་གསུང་ཐུགས་ཀྱི་སྦྱང་པ་གསུཾ་གྱིས་རྡོ་རྗེའི་རྩེ་མོ་ནས་རྐེད་པར་དྲངས་པས་ལུས་ཟུངས་རྒྱས་ པའི་ལས་བྱེད། དེ་ནས་རྩ་བར་དྲངས་པས་སེམས་བདེ་ཆེན་དུ་རྒྱས་པའི་ལས་བྱེད། དེ་ནས་ལྟེ་བར་དྲངས་པས་ལུས་སེཾས་གཉིས་མེད་ཀྱི་བདེ་བ་རྒྱས་པའི་ལས་བྱེད་དོ། །དེ་ལ་པད་མའི་རྒྱ་གསུཾ་གྱིས་བཏབ་པས་བདེ་བ་དང་། གསལ་བ་དང་། སྟོང་པ་གསུཾ་ཉམས་སུ་མྱོང་བ་དང་།

[p. 3] ༄༅། །པའོ། །སྤྲོས་མེད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། གཞན་གྱི་ནོར་སྙན་པ་དང་། བསྔོ་བ་བཞིན་ཉན་པ་དང་། བཀའ་བསྟན་ཆོས་ལ་དབང་པ་དང་། མི་མ་ཡིན་པའི་སྐད་ཤེས་པ་ལ་སོགས་པའོ། །ཤིན་ཏུ་ སྤྲོས་མེད་ཀྱིས་ཡིད་དགེ་བ་དང་། ཏིང་ངེ་འཛིན་དང་། རིག་པ་དང་། གང་བསམས་ཆོས་ཉིད་དུ་འཆར་བ་དང་། དུས་བཞི་དུས་གཅིག་དུ་རྟོགས་པ་དང་། འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ལ་སོགས་པའོ། །རབ་ཏུ་སྤྲོས་མེད་ཀྱིས་སེམས་ལས་སུ་ རུང་པ་དང་། མངོན་པར་ཤེས་པ་དང་། ཚེ་དཔག་ཏུ་མེད་པར་བྱིན་གྱིས་རློབ་པ་ལ་སོགས་པའོ། །ཁྱད་པར་དུ་དབང་བཞིས་སྣང་བ་བཞིའི་ཡོན་ཏན་ཐོབ་པ་ནི། སྤྲོས་པ་མཱ་ཀྱི་ཆོས་ཉིད་མངོན་གསུམ་གྱི་སྣང་བ། སྤྲོས་མེད་ཀྱིས་ཉམས་ གོང་འཕེལ། ཤིན་ཏུ་སྤྲོས་མེད་ཀྱིས་རིག་པ་ཚང་ཕེབས། རབ་ཏུ་སྤྲོས་མེད་ཀྱིས་ཆོས་ཉིད་ཟད་པའི་སྣང་བ་སྟེ། དེ་དག་རེ་རེ་ཞིང་ཕྱི་སྣང་པའི་ཡོན་ཏན་རེ་དང་། ནང་ཉམས་ཏིང་ངེ་འཛིན་རེ་དང་། གསང་བ་ལྟ་དགོངས་ཁྱད་པར་ ཅན་རེ་དང་། ཡོངས་རྫོགས་བསྟན་པའི་ཚང་རེ་ཐོབ་ནས། ཟག་བཅས་མི་སྣང་བར་སངས་རྒྱས་ཀྱི་ས་ལ་སྦྱོར་བའོ། །འདི་དག་ནི་ཐུན་མོང་དུ་གནས་སྐབས་ཀྱི་ཡོན་ཏན་ནོ། །གཉིས་པ་མཐར་ཐུག་གི་འབྲས་བུ་ནི། མགོན་པོ་རྡོ་རྗེ་ འཆང་གིས་སྟེ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་རྫོགས་པར་ཐོབ་པའོ། །དབྱེ་ན་གསུམ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཞིང་ཁམས་མདོར་བསྟན། བསམ་གྱིས་མི་ཁྱབ་པའི་དབྱེ་བ་རྒྱས་པར་ བཤད། མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བའོ། །དང་པོ་ནི། དབང་མཐར་བྱིན་པའི་འབྲས་བུ་བཞི་ལ་རྟགས་བཞི་དང་ཚང་བཞི་སྟེ་བཅུ་གཉིས། སྨིན་སོ་སྐུ་བཞི་སྟེ་བཅུ་དྲུག །ཡེ་ཤེས་བཞི་སྟེ་ཉི་ཤུ། ཡེ་ཤེས་ཀྱི་འོད་ཟེར་

[p. 4] བཞི་སྟེ་ཉེར་བཞི། འོད་ཀྱིས་བཀྱེ་བའི་སྤྲུལ་བ་བཞི་སྟེ་ཉེར་བརྒྱད། སྤྲུལ་བའི་གདུལ་ཞིང་བཞི་སྟེ་སུམ་བཅུ་རྩ་གཉིས་སུ་སྨིན་པས་དོན་འབྱུང་བ་ནི། ལམ་དུ་དབང་སུམ་བཅུ་རྩ་གཉིས་ཐོབ་པ་ལས་བྱུང་བའོ། །དེ་ཡང་སྐུ་བཞི་ལ། གཞི་གནས་ ཀྱི་ཡེ་ཤེས། མཚན་ཉིད་འཛིན་པའི་ཡེ་ཤེས། ཐམས་ཅད་མཁྱེན་པའི་ཡེ་ཤེས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བཞི་བཞི་བརྩིས་པས་བཅུ་དྲུག །ཡེ་ཤེས་ཀྱི་མཁྱེན་པ་བཞི་བཞི་བརྩིས་པས་བཅུ་དྲུག་སྟེ་སུམ་བཅུ་རྩ་གཉིས་ནི་སྐུ་ དང་ཡེ་ཤེས་ཀྱི་རྣམ་གྲངས་སུམ་བཅུ་རྩ་གཉིས་ཞེས་བྱའོ། །འདི་དག་རྫོགས་པ་ནི་རྡོ་རྗེ་འཆང་གིས་བཅུ་དྲུག་མཛད་པ་ཡེ་ཤེས་ཀྱི་ཡུལ་བཅུ་དྲུག་དང་བཅས་པའོ། །ཡེ་ཤེས་ཀྱི་སྣང་བའི་རང་འོད་ལྔ་ལས་ཞིང་ལྔའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་ པ་ནི། འོད་མཐིང་གའི་ཀློང་ན་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རྫོགས་པའོ། །དེ་བཞིན་དུ་དཀར་པོས་མི་བསྐྱོད་པ། སེར་པོས་རིན་ཆེན་འབྱུང་ལྡན། དམར་པོས་སྣང་བ་མཐའ་ཡས། ལྗང་ཁུས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་དུ་ལྷུན་ གྱིས་གྲུབ་པའོ། །དཀྱིལ་འཁོར་དེ་དག་ལས་གདུལ་བྱའི་ཞིང་དུ་འཕྲིན་ལས་བཞིའི་སྤྲུལ་པ་འགྱིང་ལ། གདུལ་ཞིང་ཤར་ཕྱོགས་མངོན་པར་དགའ་བ། ལྷོད་པ་ལ་དང་ལྡན་པ། ནུབ་པད་མ་བརྩེགས་པ། བྱང་ལས་རབ་རྫོགས་པ་བཞིའི་འགྲོ་བ་ སྨིན་པར་བྱེད་དོ། །གཉིས་པ་བསམ་གྱིས་མི་ཁྱབ་པའི་དབྱེ་བས་རྒྱས་པར་བཤད་པ་ནི། སྐུ་བཞིའི་ཞིང་ཁམས་ཕུན་སུམ་ཚོགས་པ་ལྔ་ལྔར་དབྱེ་བ་ལས། དང་པོ་ཆོས་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོ། གནས་ཆོས་ཀྱི་དབྱིངས། བསྟན་པ་ སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བསྟན་པ། འཁོར་འདུས་མ་བྱས་པ། དུས་ཆོས་ཉིད་ལ་བུ་ཕོ་འགྱུར་མེད་པ་དང་ལྔ་ནི་ཆོས་སྐུར་འཇོག་པའི་འཐད་པ་ནི། ཞིང་ཁམས་རྣམ་པར་དག་པ་དེ་ཉིད་དང་རྗོད་དུ་མེད་པ། ཆོས་བརྗོད་དུ་མེད་པ། འབད་

[p. 5] ༄༅། །མེད་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཀྱི་སྒོ་ནས་ཆོས་སྐུ་ཞེས་བརྗོད་པའོ།། ཕུན་གསུམ་ཚོགས་པ་ལྔ། བརྗོད་དུ་མེད་པ་དང་། ལྷུན་གྱིས་གྲུབ་པ་གཉིས་ཏེ་བརྒྱད་ནི། དབང་བཞིའི་ས་བོན་བཞི་དང་། འབྲས་བུ་བཞི་སྟེ་བརྒྱད་སྨིན་པ་ལས་ བྱུང་བའོ།། ལོངས་སྐུའི་སྟོན་པ་རྣམ་པར་སྣང་མཛད་གང་ཆེན་མཚོ། གནས་རྣམ་དག་སྟུག་པོ་བཀོད་པ། བསྟན་པ་རང་བྱུང་གི་ཡི་གེ་དྲུག་གི་རང་སྒྲ་ལྗགས་ཀྱི་འོད་ཟེར་ལས་འཕྲོ་བ་བསྟན་པའི་བུ་གཅིག། འཁོར་ཉིད་ལས་མི་གཞན་པ་རིགས་ བཞིའི་སངས་རྒྱས། དུས་རང་བཞིན་རྣམ་དག་ཆེན་པོ། ཞིང་ཁམས་ཕྱག་མཉམ་གཞག་གི་མཐིལ་ན། ཡས་མར་རྩེགས་པའི་ཉི་ཤུ་རྩ་ལྔ། སྐྱིལ་དཀྲུང་མན་ཆད་ལ་བཅུ་དྲུག། དེ་དག་ཀྱང་ཡས་མན་དུ་ལྟས་པས་རྒྱ་དེབ་བརྩེགས་པ་ལྟ་བུར་བར་ན་རྣཾ་ ངག་གི་ནམ་མཁས་བཅད་ནས་གནས་ལ། ཕན་ཚུན་ནི་ཟ་འོག་གི་གུར་ཁྱིམ་བཀྲམ་པ་དང་འདྲ་སྟེ། སོ་སོའི་ལྕགས་རི་དང་། མཚེས་བར་བཅད་དེ་གནས་སོ།། ཆོས་ནི་རང་གི་ངོ་བོ་རྣམ་དག་ཆེན་པོའི་ཆོས་ལ་སྤྱོད་པའོ། །འཐད་པ་ནི་འོད་དང་། ཁ་དོག་སྐུ་དང་ ཡེ་ཤེས་ལ་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ།། དེ་ཡང་འོད་ཟེར་གྱི་སྦྱོར་བ་དག་པ་ཡབ་ཀྱི་ཞལ་ནས་ཞུགས་ཏེ་གསང་པའི་གནས་ནས་ཡུམ་གྱི་མཁའ་ལ་འཐོན་ནས་སྤྲུལ་པ་འགྱེད་པ་སྟེ། ཕུན་གསུམ་ཚོགས་པ་ལྔ། ཞིང་དང་སྤྲུལ་པ་ གཉིས་ཏེ་བརྒྱད་དོ།། དེ་ཡང་དབང་བརྒྱད་ཀྱི་འབྲས་བུའོ།། སྤྲུལ་པ་སྐུའི་སྟོན་པ་དྲུག་པ་རྡོ་རྗེ་འཆང་། གནས་ལྕང་ལོ་ཅན་སྟེ་འོག་མིན་གྱི་མིང་གི་བྱེ་བྲག་གོ། བསྟན་པ་རང་བཞིན་རྫོགས་པ་ཆེན་པོ། འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་ པ། དུས་སྐུས་འདུལ་བའི་དུས། ཞིང་ཁམས་རྒྱ་ཆེ་བ་ཚངས་ཆེན། དེ་ལས་ཁོལ་བུར་ཕྱུང་ན་མི་མཇེད་དེ་གླིང་བཞི་རི་རབ་དང་བཅས་པ་བྱེ་བ་ཕྲག་བརྒྱའོ།། ཆོས་བསྟན་པ་དངོས་དང་གཟུགས་བརྙན་གཉིས་སོ།། འཐད་པ་གང་ལ་གང་འདུལ་དུ་

[p. 6] སྤྲུལ་བས་ན་སྤྲུལ་སྐུའོ།། རང་གཞན་གྱི་དོན་གཉིས་རྫོགས་པའི་འཕྲིན་ལས་དང་བརྒྱད་དོ།། ངོ་བོ་ཉིད་ཀྱི་སྐུའི་སྟོན་པ་བསམ་བརྗོད་རྣམ་པར་དག་པ། གནས་བསམ་འདས་མཚན་གཞི་དང་བྲལ་བ། བསྟན་པ་རྡུལ་མེད་ཅིང་དྲི་མ་མེད་པ། འཁོར་ ཡེ་ཤེས་རྒྱ་མཚོ། ཞིང་ཁམས་བདེ་ཆེན་རྣམ་དག། ཆོས་ངོ་འབྱེད་པ་མེད་པ། ལས་སེམས་ཉིད་ཕྱིན་ཅི་ལོག་ལས་འདས་པ་དང་བརྒྱད་དོ།། དེ་ཐམས་ཅད་ཀྱི་རང་བཞིན་རྟགས་ཀྱི་སྐུ་བཞི་ནི། ཆོས་སྐུའི་སྟོན་པ་རང་བཞིན་མ་བཅོས་པ། གནས་སྟོང་པ་ ཀུན་ཁྱབ། བསྟན་པ་འདུལ་སྟངས་རྣམ་དག། འཁོར་རང་བཞིན་ཡོངས་དག། དུས་ངེས་མེད་སྣ་ཚོགས། ཆོས་ཟག་པ་རང་ཟད། འཐད་པ་ཆོས་ཀྱི་ཕུང་པོ་འདུས་པས་ན་ཆོས་ཀྱི་སྐུའོ།། བྱེད་ལས་ལས་བདག་ཏུ་མེད་པའི་ལས་བྱེད་པ་དང་བརྒྱད་དོ།། གཟུགས་སྐུའི་སྟོན་པ་སྐུ་སྣང་ལ་རང་བཞིན་མེད་པ་ཞལ་ཀུན་དུ་ཐལ་ལེ་བ། གནས་ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ། བསྟན་པ་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པ། འཁོར་སྣང་བ་དང་མི་སྣང་པ། དུས་སྤྲོས་གཞིའི་ཚིག་ ཙམ་དུ་བྱུང་བ། ཞིང་ཁམས་ཕྱི་ནས་ལྟས་པས་ནང་གསལ་བ། ཆོས་སྤྲོས་གཞི་རྣམ་པར་དག་པ། འཐད་པ་གཟུགས་རྡུལ་དང་རྡུལ་ཕྲན་དག་པར་བྱེད་པས་ན་གཟུགས་སྐུའོ།། ལས་ཀྱི་གཟུགས་ཅན་རྣམས་ཀྱི་ལས་ཟད་པར་བྱེད་པ་དང་བརྒྱད་དོ།། ། དེ་དག་གི་ཞར་ལ་ཞི་བའི་སྐུའི་སྟོན་པ་རང་ཤེས་རིག་གི་རྒྱལ་པོ་འདུས་མ་བྱས་པ། གནས་ཙིཏྟ་རིན་པོ་ཆེའི་གཞལ་མེད་ཁང་། བསྟན་པ་རྩ་རླུང་ཐབས་ཀྱི་མན་ངག། འཁོར་ཡེ་ཤེས་ལྔ་དང་། རླུང་ལྔ་དང་། ཤེས་རབ་ལྔ་དང་། འོད་ལྔ་དང་། སྐུ་ལྔ་དང་ རིགས་ལྔའོ།། དུས་ལུས་དང་སེམས་འཛོམ་པའོ།། ཞིང་ཁམས་འགྲོ་བ་འདུལ་བ། ཆོས་འཁོར་བ་དང་མྱ་ངན་ལས་འདས་པ། འཐད་པ་དེ་ལ་རྟེན་ནས་ལུས་སེམས་སྡུག་བསྔལ་ཞི་བས་ན་ཞི་བའི་སྐུར་འཐད་དོ།། ལས་ཁམས་གསུམ་ལས་

[p. 7] ༄༅། །གྲོལ་བར་བྱེད་པ་སྟེ་བརྒྱད་དོ། ཁྲོ་བོའི་སྐུའི་སྟོན་པ་ཡེ་ཤེས་ཀྱི་ཧེ་རུ་ཀ་ལྔ། གནས་བན་དྷ་འབར་བའི་གཞལ་ཡས་ཁང་སྟེ་ཀླད་པ་དུང་ཁང་དཀར་པོ། བསྟན་པ་བདེ་ཆེན་གྱི་འབར་འཛག། འཁོར་སྒྲོན་མ་རྣམ་པ་བཞི། དུས་ཡེ་ཤེས་རང་འཁྱིལ་ བའི་དུས། ཞིང་ཁམས་མིག་གི་དབང་པོ་མཐོང་བ་མ་འགགས་པ། ཆོས་གཟུགས་ཀྱི་དེ་བཞིན་ཉིད། འཐད་པ་ཡུལ་དང་ཤེས་པ་ལ་འཁྲོས་པས་ན་ཁྲོ་བོའི་སྐུར་འཐད་དོ། ལས་ཀྱི་གདུལ་བྱ་ཕྱིན་ཅི་ལོག་རྣམས་ཚར་གཅོད་པ་དང་བརྒྱད་དོ། །དེ་དག་ལ་ སྐབས་འདིར་འབྲས་བུར་བཞག་པ་ནི། གཞི་སྨིན་བྱའི་སྦྱང་གཞི་ཐོག་མའི་འོད་གསལ་ཡིན་པ་དང་། གདུལ་གཞིའི་འབྲས་བུ་རང་བཞིན་རྣམ་དག་ཡིན་པས་བློ་བུར་རྣམ་དག་གི་ཞར་ལ་སྨོས་པའོ། །དེ་དག་ལ་བརྟགས་པས། དབང་དང་འབྲས་བུ་ལ་ བཅུ་དྲུག་ཕྲག་བཞི། སྐུ་ལ་བཅུ་དྲུག་ཕྲག་བཞི་སྟེ་ཕྲག་བརྒྱད་བསྡོམས་པས། བརྒྱ་དང་ཉེར་བརྒྱད་ནི་དབང་བསྐུར་བའི་འབྲས་བུ་ཕུན་གསུམ་ཚོགས་པའོ། །གསུམ་པ་མངོན་པར་ཤེས་པ་མཐའ་ཡས་པས་དེ་བང་གི་སྒྱུར་བ་ནི། དབང་བཞིའི་ས་བོན་ གྱི་ཆ་ལས་དྲུག་བརྒྱ་དང་དྲུག་བཅུ་རྩ་དྲུག་གིས་འགྲོ་བ་དྲུག་གི་ལས་དང་ཉོན་མོངས་པ་དག་པར་མཛད་པའོ། །དེ་ལ་ཐོག་མར་མཐོང་བ་རྣམ་པར་དག་པ་ལས། བདག་ཉིད་ལ་ཟག་པ་མེད་པའི་མངོན་པར་ཤེས་པ་ནི། དབང་པོའི་མཐོང་བ་རྣམ་པར་དག་པཱི་ མངོན་པར་ཤེས་པ་དྲུག་གིས་དུས་གསུམ་དུས་གཅིག་ལ་མཐོང་པ་བྲ་སེན་མཐོང་བ་ལྟ་བུ་སྟེ། དེ་ཡང་མིག་གི་མངོན་ཤེས་དྲུག་གིས་གཟུགས་ཐམས་ཅད་ཤེས། རྣ་བའི་མངོན་ཤེས་དྲུག་གིས་བརྗོད་པའི་སྒྲ་ཐམས་ཅད་གཏན་ལ་ཕེབས་སོ། །རྣའི་ དྲུག་གིས་འགྲོ་བ་དྲུག་གི་ལས་གཏན་ལ་ཕེབས་སོ། །ལྕེའི་དྲུག་གིས་འགྲོ་དྲུག་གི་འཁོར་དང་ལོངས་སྤྱོད་ཤེས་སོ། །ལུས་ཀྱི་དྲུག་གིས་འགྲོ་དྲུག་གི་གཟུགས་རྡུལ་ཕྲན་དང་རགས་པ་ཐམས་ཅད་ཤེས་སོ། །ཡིད་ཀྱི་དྲུག་གིས་འགྲོ་དྲུག་གི་བསམ་པ་ཐམས་

[p. 8] ཅད་ཤེས་སོ།། དེ་ལྟར་དབྱེ་གཞི་ཕྲི་བས་དབང་པོའི་མངོན་ཤེས་སུམ་བཅུས་སྲིད་པ་ཡན་ལབ་སུམ་བཅུ་ཤེས་ཤིང་། མཚན་སུམ་བཅུ་རྩ་གཉིས་གྲུབ་པ་ནི་དབང་སུམ་བཅུ་རྩ་གཉིས་ལས་བྱུང་བའོ།། དེ་ནས་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་ མངོན་པར་ཤེས་པ་དྲུག་འཆར་ཏེ། སྦྱངས་པའི་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་ཡེ་ཤེས་དྲུག་ཤར་བས་ཚིག་ཐམས་ཅད་ཀྱི་བརྡ་ངོམ་ཁོང་དུ་ཆུད་པའོ།། བསླབ་པའི་ཤེས་རབ་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་གིས་སེམས་ཉིད་ཆོས་ཉིད་ ལ་འཇུག་པ་ཁྱད་པར་ཅན་སྐྱེ་བའོ།། མཐོང་བ་རྣམ་པར་དག་པ་ཞེས་ཀུན་ལ་སྦྱར་ཏེ། ཐོས་པའི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་སྒྲ་དང་དོན་ཐམས་ཅད་ཤེས་སོ།། བསམ་བྱུང་གི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་ཆོས་ཐམས་ཅད་ཀྱི་འདུ་འཆད་ རྟོགས་སོ།། སྒོམ་བྱུང་གི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་ཆོས་དང་སེམས་གཉིས་འདྲེས་ཏེ་ནམ་མཁའ་ལྟར་ཤེས་སོ།། དེ་ལྟར་སུམ་བཅུ་ནི་དབང་གི་འགྱུར་བྱེད་སུམ་བཅུ་རྩ་གཉིས་ཀྱིས་སངས་རྒྱས་ཀྱིས་སྦྱངས་པའི་ཡོན་ཏན་སུམ་བཅུ་རྩ་གཉིས་ མཐོང་བ་ལས་བྱུང་བའོ།། དེ་ནས་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། འདིའི་དུས་ན་ཡེ་ཤེས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྙེད་པའོ།། དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མཐོང་བ་དག་པའི་ མངོན་ཤེས་དྲུག་གིས་ཆོས་ཀྱི་མཚན་ཉིད་དང་དགོངས་པ་མངོན་གསུམ་དུ་ཤེས་སོ།། མཉམ་པ་ཉིད་ཀྱི་དྲུག་གིས་འཁོར་འདས་གཉིས་སུ་མེད་པར་ཤེས་སོ།། སོ་སོར་རྟོགས་པའི་དྲུག་གིས་འགྲོ་བ་དྲུག་གི་དབང་པོ་ལ་སོགས་པ་ཤེས་སོ།། བྱ་བ་ གྲུབ་པའི་དྲུག་གིས་ཆོས་ཐམས་ཅད་རྩོལ་བ་དང་བྲལ་བ་དང་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཤེས་སོ།། ཆོས་ཀྱི་དབྱིངས་ཀྱི་དྲུག་གིས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཤེས་སོ།། མི་གནས་པའི་ཡེ་ཤེས་ཀྱི་དྲུག་གིས་ཆོས་གང་ལའང་

[p. 9] ༄༅། །མི་གནས་པ་ཤེས་སོ། དེ་ཡང་དབྱི་གཞི་རེ་ཕྲི་བས་མངོན་ཤེས་ལྔ་ཚན་དྲུག་ཏུ་འགྱུར་ཏེ། ཡེ་ཤེས་ཀྱི་མངོན་པར་ཤེས་པ་སུམ་བཅུ་ནི་དབང་སུམ་བཅུ་རྩ་གཉིས་ལས་བྱུང་བའོ། །དེ་ནས་རྣམ་པར་གྲོལ་བའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་སེམས་དང་སེམས་བྱུང་ནུབ་པའོ། །དེ་ལ་རྣམ་གྲོལ་དང་པོའི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་ཤར་བས། ལུས་ཀྱི་ཟག་པ་ཟད་པའོ། །རྣམ་གྲོལ་གཉིས་པ་དྲུག་གིས་དག་པ་ཟག་པ་ཟད་པའོ། །གསུམ་པའི་དྲུག་གིས་ ཡིད་ཀྱི་ཟག་པ་ཟད་པའོ། །བཞི་པའི་དྲུག་གིས་སེམས་ཀྱི་ཟག་པ་ཟད་པའོ། །ལྔ་པའི་དྲུག་གིས་ཤེས་རབ་ཀྱི་ཕུང་པོ་ལ་སྒྲིབ་པའི་ཟག་པ་ཟད་པའོ། །དྲུག་པའི་དྲུག་གིས་ཆོས་དང་ཆོས་ཉིད་ཀྱི་ཟག་པ་ཟད་པའོ། །སུམ་བཅུ་པོ་དེ་དག་གིས་ཕྱི་ནང་གསུམ་ པ་ཡོངས་རྫོགས་ཀྱི་དབང་ལས་བྱུང་བའོ། །དེ་ནས་སྐུ་གསུང་ཐུགས་ཀྱི་ལས་མངོན་དུ་གྱུར་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། སངས་རྒྱས་ཀྱི་མཁྱེན་པ་མ་ལུས་པ་རྫོགས་པའོ། །སྐུ་དངོས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་ཤར་བས་ སངས་རྒྱས་ཀྱི་སྐུ་ཐམས་ཅད་མཐོང་ཞིང་རང་གིས་ཀྱང་བརྙེས་པའོ། །སྐུའི་སྣང་བའི་དྲུག་ཤར་བས་འོད་ཀྱི་ཚོགས་མཐའ་ཡས་པ་ལ་སྤྱོད་དོ། །གསུང་དངོས་ཀྱི་དྲུག་ཤར་བས་གསུང་དབྱངས་དྲུག་བཅུ་ལ་སྤྱོད་དོ། །གསུང་གི་སྣང་བའི་དྲུག་གིས་སྒྲ་ དབྱངས་དུ་མ་ལ་སྤྱོད་དོ། །ཐུགས་དངོས་ཀྱི་དྲུག་གིས་ཏིང་ངེ་འཛིན་ཐམས་ཅད་ལ་སྤྱོད་དོ། །ཐུགས་ཀྱི་སྣང་བའི་དྲུག་གིས་གཞན་གྱི་སེམས་ཤེས་པ་ལ་སྤྱོད་དོ། །དེ་ལྟར་སུམ་བཅུ་པོ་ནི་དབང་གི་ལྷ་ངོ་སུམ་བཅུ་རྩ་གཉིས་ཤེས་པ་ལས་བྱུང་ངོ། །དེ་ནས་ ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་ཆོས་ཉིད་ཀྱི་དགོངས་པ་ལ་དབྱེར་མི་ཕྱེད་པར་བཞུགས་སོ། །སེམས་རྣམ་པར་གདུལ་བའི་མངོན་ཤེས་དྲུག་ཤར་བས་སེམས་ཀྱི་རང་བཞིན་ཤེས་སོ། །སེམས་

[p. 10] སྦྱང་པའི་དྲུག་གིས་རྩ་བ་ཤེས་སོ།། སེམས་ཞི་བའི་དྲུག་གིས་སེམས་མེད་པའི་མཚན་ཉིད་ཤེས་སོ།། སེམས་རྣམ་པར་དག་པའི་དྲུག་གིས་མི་འགྱུར་བར་ཤེས་སོ།། སེམས་མི་ལྡོག་པའི་དྲུག་གིས་ཁམས་གསུམ་མིང་མེད་པར་ཤེས་སོ།། སེམས་ ལས་འདས་པའི་དྲུག་གིས་ཤེས་བྱེད་དང་འདུ་འཕྲོ་དག་སྟེ་མི་ལྡོག་པར་རྟོགས་སོ།། དེ་ལྟར་སུམ་བཅུ་ནི་དབང་གི་རྣམ་པར་འཕྲུལ་བའི་དབྱེ་བ་ཤེས་པ་ལས་བྱུང་ངོ།། དེ་ལྟར་མཐོང་བ་དག་པའི་མངོན་ཤེས་རྒྱ་དང་བརྒྱ་བཅུ་ནི་མོས་པའི་མཐོང་བ་ཙམ་ལས་ བྱུང་བའོ།། དེ་ཡང་ཕྱེ་ན་མོས་པའི་བཞི་ལ་བཞི་བཅུ་རྩ་ལྔ་ལྔའི་ཡོན་ཏན་དུ་འབྱུང་བ་ནི། སྤྲོས་བཅས་ཀྱི་དབང་ཐོབ་པ་ལས་བྱུང་བའོ།། དེའི་འདྲེས་ཀྱིས་ཐོས་པ་རྣམ་པར་དག་པའི་མངོན་ཤེས་ཀྱང་བརྒྱ་དང་བརྒྱ་བཅུར་འགྱུར་ཏེ། དེ་ལའང་ཡེ་ཤེས་ བཞིའི་ཡོན་ཏན་འཇུག་པ་སྔར་དང་འདྲའོ།། འདི་དག་སྤྲོས་མེད་ཀྱི་དབང་ལས་བྱུང་བའོ།། བསམ་བྱ་དག་པའི་བརྒྱ་དང་བརྒྱད་བཅུ་ནི་བསྒྱུར་གཞིའི་དོན་ཤེས་པ་ལས་བྱུང་བ་སྟེ། ཡེ་ཤེས་སུ་དག་པ་དང་། མྱོང་བྱེད་དག་པའི་བརྒྱ་བརྒྱད་བཅུ་ཆོད་པའི་ རང་བཞིན་ཤེས་པ་ལས་བྱུང་བ་དང་། རེག་བྱེད་དག་པའི་བརྒྱ་བརྒྱད་བཅུ་པ་མངོ་ཤེས་པ་ལས་བྱུང་པ་དང་ཚན་པ་གསུམ་ནི་ཤིན་ཏུ་སྤྲོས་མེད་ཀྱི་དབང་ལས་བྱུང་བའོ།། ཆོས་དག་པའི་མངོན་ཤེས་བརྒྱ་བརྒྱད་བཅུ་ནི་རབ་ཏུ་སྤྲོས་པ་མེད་པའི་དབང་ལས་ བྱུང་བའོ།། དེ་ལྟར་ན་ས་དང་སྦྱར་བས་སའི་ཡོན་ཏན་ཉིས་སྟོང་སུམ་བརྒྱ་དང་དྲུག་བཅུ། ཡེ་ཤེས་ཀྱི་བྱེད་པ་དྲུག་བརྒྱ་དང་དྲུག་བཅུ། ཆོས་ཀྱི་རྣམ་གྲངས་སུམ་སྟོང་དང་བརྒྱ་ཉི་ཤུ་རྣམས་ནི་རྡོ་རྗེ་འཆང་གི་སའི་མངོན་ཤེས་ཀྱི་རྣམ་པར་འཕྲུལ་པའི་དབྱེ་བ་ཆེན་ པོའོ།། འདི་དག་ནི་དབང་གི་རྣམ་པར་བཞག་པ་སྟེ། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་སྒོ་དང་པོའི་གཞི་གལ་པོ་ཆེ་ཡང་དག་པ་ཡིན་ནོ།། །།ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། གཞིའི་དོན་སྨིན་པར་བྱེད་པ་དབང་གི་རྣམ་པར་བཞག་

[p. 11] ༄༅། །པ་སྟེ། རིམ་ཁང་དྲུག་པའོ།། །།

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 3,065 typing errors, September 2026), with the variants of the other editions under each page (299 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Pe cin 2009 (dpe bsdur ma); K = Karma Lekshey Ling; D = Derge (sde dge par ma); L = Serthang Larung; O = single volume MW2PD19906; S = single volume MW8LS32770; T = two volumes MW0TTBBC0034; U = two volumes MW0TTBBC0007. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 354] རང་ཐོག་ཏུ་ཕེབས་པས་ཆོས་ཉིད་ལས་འགྲོ་ས་མེད་པའོ། །དེའི་ཤིན་ཏུ་སྤྲོས་མེད་སྟོང་ཉིད་ཀྱི་དཀྱིལ་འཁོར་དུ་འཇུག་པས་སྒོ་གསུམ་ཁམས་གསུམ་དུ་མི་འཇུག་པའོ། །རབ་ཏུ་སྤྲོས་མེད་ཀྱིས་ཚོགས་དྲུག་དག་པར་བྱེད་པའོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དབྱེ་བ་ངེས་པ་ནི། རབ་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་སེམས་གང་ཡིན་ལ་སོགས་པས་ཆགས་སྡང་རང་གྲོལ་བར་བྱེད་དོ། །སྤྲོས་མེད་སྤྲུལ་སྐུའི་ཞིང་བསྟན་པས་ཕུང་པོ་ཁམས་དང་སྐྱེ་མཆེད་སྟོངས་པར་བྱེད་དོ། །ཤིན་ཏུ་སྤྲོས་མེད་ལོངས་སྐུའི་ཞིང་བསྟན་པས་སེམས་ཉིད་འགྲོ་འོང་མེད་པའི་དོན་རྟོགས་པར་བྱེད་དོ། །རབ་ཏུ་སྤྲོས་མེད་ཆོས་སྐུར་ལུང་བསྟན་པས་འཁོར་འདས་ལ་ཞེན་པའི་ཤེས་སྒྲིབ་ཕྲ་མོ་སྦྱོང་བར་བྱེད་དོ། །གཉིས་པ་རང་ངོའི་་དབྱེ་བ་རྒྱས་པར་བཤད་པ་ལ་དབང་བཞི་ལས། དང་པོ་སྤྲོས་བཅས་ལ། སྤྲོས་བཅས་ཀྱི་སྤྲོས་བཅས་དམ་བསྲེ་ཞིང་མནའ་ཆུ་བླུད་པ་ལ་སོགས་པ་སྟེ་ཕྱིའོ། །སྤྲོས་བཅས་ཀྱི་སྤྲོས་མེད་དཀྱིལ་འཁོར་དུ་གཞུག་ཅིང་ལྷ་ངོ་བསྟན་ནས་མིང་གི་དབང་བསྐུར་བ་སྟེ་ནང་ངོ༌། །སྤྲོས་བཅས་ཀྱི་ཤིན་ཏུ་སྤྲོས་མེད་ཉན་ཐོས་ཀྱི་སྡོམ་པ་སྦྱིན་པ་ནས་རིམ་དགུ་རྫོགས་ཏེ་དབུགས་དབྱུང་གཟེངས་བསྟོད་དང་བཅས་པ་གསང་བའོ། །སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་བུམ་པ་ངེས་པའི་སྐུར་རྒྱུ་སྟེ་ཡོངས་སུ་རྫོགས་

དང་སྐྱེ་མཆེད་སྟོངས་པར་བྱེད ] སྟོང O T · ཏུ་སྤྲོས་མེད་ལོངས་སྐུའི་ཞིང ] ཡོངས O T · དམ་བསྲེ་ཞིང་མནའ་ཆུ་བླུད ] གནའ O T · དཀྱིལ་འཁོར་དུ་གཞུག་ཅིང་ལྷ ] བཞུག O T

[p. 355] པའོ། །འདི་ལའང་བུམ་པ་ངེས་པ་རྟེན་གཞལ་ཡས་ཁང་བརྟེན་པ་ལྷར་གསལ་བས་དབང་བསྐུར་བ་ཡོངས་སུ་རྫོགས་པའི་ཕྱི་སྤྲོས་བཅས་སོ། །སློབ་མའི་ལུས་ལྷར་བསྐྱེད་པ་ལ་འབྱུང་བཞི་དག་སྦྱོང་གི་རྫས་དབང་ཉི་ཟླ་སྦྱིན་པ་ལ་སོགས་པ་ནང་སྤྲོས་མེད་དོ། །མུ་དྲ་སྦྱིན་ནས་སྦྱོར་བ་ངེས་པ་གསང་བ་ཤིན་ཏུ་སྤྲོས་མེད་དོ། །བརྡ་དོན་ངེས་པའི་ཚིག་སྦྱིན་པ་ཡོངས་སུ་རྫོགས་པ་རབ་ཏུ་སྤྲོས་མེད་དོ། །དེ་ལྟར་ན་ཡོངས་སུ་རྫོགས་པ་ལ་བཞི་ཡོད་པ་ལྟར་གཞན་གསུམ་ལའང་ཤེས་པར་བྱའོ། །དེ་ལྟར་བཅུ་དྲུག་གིས་སྤྲོས་བཅས་དབྱེ་བའི་དགོས་པ་ནི། ལུས་འབྱུང་བཞིའི་རྒྱ་བཞི་འཇིག་པ་སྟེ། འབྱུང་བཞི་ཡང་སའི་ས་ལ་སོགས་པ་བཞིར་ཕྱེ་བས་བཅུ་དྲུག་དག་པར་སྦྱོང་བའི་དགོས་པ་ཡོད་དོ། །གཉིས་པ་སྤྲོས་མེད་ཀྱི་དབང་བཞི་རང་ངོའི་དབྱེ་བ་ནི། སྤྲོས་མེད་ཀྱི་སྤྲོས་བཅས་ཀྱིས་ལུས་ངག་ཡིད་སེམས་བཞི་ཡི་གེའི་གནས་བཞིའི་སྦྱོང་བ་ནི་ཕྱིའོ། །དེའི་སྤྲོས་མེད་ཀྱིས་སྒོ་གསུམ་གཞི་མེད་བྱ་རྩོལ་ལས་འདས་པར་མཚོན་པས་ནང་ངོ༌། །དེའི་ཤིན་ཏུ་སྤྲོས་མེད་ཀྱིས་ཡུལ་ལྔ་ལམ་དུ་བསླངས་པས་སྒོ་ལྔ་ཧར་སངས་སུ་གྲོལ་བ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་ཀྱིས་རྟོགས་པ་ཁྱད་པར་ཅན་བསྐྱེད་པས་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་ངག་གི་བརྗོད་གཞི་

ཡི་གེའི་གནས་བཞིའི་སྦྱོང་བ ] བཞིས O T · གཞི་མེད་བྱ་རྩོལ་ལས་འདས ] བརྩལ O T · ཁྱད་པར་ཅན་བསྐྱེད་པས་ཡོངས ] སྐྱེད O T

[p. 356] དང༌། རྗོད་བྱེད་དང༌། བརྗོད་བྱ་དང༌། བརྗོད་པ་བཞིའི་རྒྱ་ལས་གྲོལ་བར་བྱེད་པའོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་རང་ངོའི་དབྱེ་བ་ནི། ཤིན་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་རུ་ཤན་འབྱེད་པ་ཕྱིའོ། །དེའི་སྤྲོས་མེད་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ་ནང་ངོ༌། །དེའི་ཤིན་ཏུ་སྤྲོས་མེད་ནམ་མཁའི་དཀྱིལ་འཁོར་དུ་འཇུག་པ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་རིག་པ་རང་ངོ་སྤྲད་པ་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་ཡིད་འགྱུ་བ་དང༌། འགྱུ་བྱེད་དང༌། འགྱུ་བྱ་དང༌། འགྱུས་པ་བཞིའི་རྒྱ་འཇིག་པར་བྱེད་པའོ། །བཞི་པ་རབ་ཏུ་སྤྲོས་པ་མེད་པ་རང་ངོའི་དབྱེ་བ་ནི། རབ་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་འདུག་སྟངས་བསྟན་པ་ཕྱིའོ། །དེའི་སྤྲོས་མེད་ལྟ་སྟངས་བྱེད་པ་ནང་ངོ༌། །དེའི་ཤིན་ཏུ་སྤྲོས་མེད་ཕྱོགས་བཞིར་ལྟ་སྟངས་དང་གཟིགས་སྟངས་བསྟུན་པ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་སོང་ཅིག་ལ་སོགས་པ་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་སེམས་བསམ་པ་དང༌། དྲན་པ་དང༌། རྟོག་པ་དང༌། ཞེན་པ་བཞིའི་རྒྱ་འཇིག་པར་བྱེད་དོ། །སྐབས་འདིར་ཡིད་དང་སེམས་ཀྱི་གོ་དོན། སྒོ་ལྔའི་ཡུལ་འཛིན་རྟོག་བྱེད་ཀུན་གཞིའི་རྣམ་པར་ཤེས་པ་སེམས་ལ། དེ་དང་མ་འབྲེལ་བར་དོན་སྔ་ཕྱི་དང་ཡིད་ཡུལ་དོན་སྤྱི་དཔྱོད་པ་ལ་ཡིད་ཅེས་བརྗོད་དོ། །རང་གི་

གྲོལ་བར་བྱེད་པའོ་གསུམ་པ ] དོ W K · བའོ་དེའི་རབ་ཏུ་སྤྲོས་མེད ] དུ A D · བཅས་འདུག་སྟངས་བསྟན་པ་ཕྱིའོ ] བསྟུན A P D O T · སྤྲོས་མེད་སོང་ཅིག་ལ་སོགས ] ཞིག P

[p. 357] སྣང་ཡུལ་དངོས་པོ་འཛིན་པ་དང༌། དངོས་མེད་འཛིན་པ་སྟེ། གསལ་བ་དང་མི་གསལ་བ་འཛིན་པས་ཕྱེ་བ་ཡིན་ནོ། །དེ་ལྟར་ན་རང་ངོའི་དབྱེ་བ་རེ་རེ་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞི་སྟེ་བཅུ་དྲུག་ཏུ་ཡོད་དོ། །གསུམ་པ་རྣམ་པར་འཕྲུལ་པའི་དབྱེ་བས་ཤིན་ཏུ་རྒྱས་པར་སྤྲོ་བ་ལ་གསུམ་སྟེ་དབང་སོ་སོའི་དག་བྱེད་ཀྱི་དབྱེ་བས་དག་རྒྱུ་བཅུ་དྲུག་འགྱུར་དང་བཅས་པ་བསྟན་པ། ལུས་ཀྱི་བྱ་བ་ལ་བརྟེན་ནས་ངེས་པའི་དབྱེ་བས་དབང་གི་གནས་ལུགས་བསྟན་པ། གྲངས་ཀྱི་དབྱེ་བ་ལ་བརྟེན་ནས་ལས་དང་ཉོན་མོངས་པའི་དག་བྱེད་བསྟན་པའོ། །དང་པོ་ནི་དབང་གི་རང་ངོའི་དབྱེ་བ་བཅུ་དྲུག་གིས་ཕྱིར་འབྱུང་བའི་ལས་བཅུ་དྲུག་དག་པར་བྱེད་ལ། ནང་དུ་སེམས་ཀྱི་རྟོག་པ་བཅུ་དྲུག་དག་པར་བྱེད་ལ། གསང་བར་རླུང་གི་འཕེན་སྡུད་བཅུ་དྲུག་དག་པར་བྱེད་ལ། བླ་ན་མེད་པར་ས་བཅུ་དྲུག་ལ་གནས་པའི་ངེས་པ་ཐོབ་པར་བྱེད་པས་དབང་བཅུ་དྲུག་ཏུ་བསྟན་པའོ། །དབང་དེ་དག་གི་དག་བྱ་ལུས་ངག་ཡིད་སེམས་བཞིའི་དྲི་མ་དག་པ་ལ་ལྟོས་ནས་གཞག་གོ །དེའང་ལུས་ལ་ཆུས་ཚོགས་པའི་ཆོས་བསྡུས་པས་འཆིང་བྱེད་རྒྱའི་དྲི་མར་སོང༌། མེས་དེ་དག་སྨིན་ཅིང་གསལ་བར་བྱས་པས་དངོས་པོར་གྲུབ་པའི་དྲི་མར་སོང༌། རླུང་གིས་དེ་དག་སོ་སོའི་ལས་བྱས་པས་ཞེན་པ་རང་རྒྱུད་དང་བཅས་པའི་དྲི་

རྣམ་པར་འཕྲུལ་པའི་དབྱེ་བས ] བའི A T · དབང་སོ་སོའི་དག་བྱེད་ཀྱི ] ངག O T · རླུང་གི་འཕེན་སྡུད་བཅུ་དྲུག ] བསྡུད O T · དབང་བཅུ་དྲུག་ཏུ་བསྟན་པའོ ] དུ O T · ལ་ལྟོས་ནས་གཞག་གོ་དེའང ] བཞག O T · དེའང་ལུས་ལ་ཆུས་ཚོགས་པའི ] ཆུ W K

[p. 358] མར་སོང་བའོ། །ངག་སྨྲ་ནའང་སྨྲའོ་སྙམ་པ་ཡིད་ཀྱི་རྟོག་པས་བསླད་པའི་དྲི་མ་དང༌། སྨྲ་བྱེད་ལུས་ཀྱི་དྲི་མ་དང༌། སྨྲ་བའི་ཚིག་ལ་རྟོག་དཔྱོད་ཀྱི་དྲི་མ་དང༌། བརྗོད་ལས་རྟོག་པའི་འགྱུར་བྱེད་ཀྱི་དྲི་མ་དང༌། ཡང་ཡིད་འགྱུ་བ་ལའང༌། འགྱུ་བ་དྲན་བསམ་གྱི་རྟོག་པའི་དྲི་མ་དང༌། འགྱུ་བྱེད་ཡུལ་དང་ཤེས་པའི་དྲི་མ་དང༌། འགྱུས་པ་བག་ཆགས་སྔ་ཕྱིའི་དྲི་མ་དང༌། འགྱུས་པ་དངོས་ལ་ཞེན་པའི་དྲི་མ་དང༌། ཡང་སེམས་ཀྱི་དྲན་པས་ཡུལ་འཇུག་པའི་དྲི་མ་དང༌། བསམ་པས་དགེ་མི་དགེ་ལུང་དུ་བསྟན་མ་བསྟན་བཞི་ཀུན་ནས་སློང་བའི་དྲི་མ་དང༌། རྟོག་པས་སྙམ་བྱེད་དང༌། ཡིད་གཉིས་དང༌། ཐེ་ཚོམ་དང༌། ཡིད་དཔྱོད་ཀྱི་དྲི་མ་དང༌། འཛིན་ཡུལ་སྣ་ཚོགས་ལ་རྟོག་པའི་དྲི་མའོ། །དྲི་མ་དེ་དག་གི་དག་བྱེད་དབང་བཞི་སྟེ། སྤྲོས་བཅས་ཀྱི་སྤྲོས་བཅས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་དྲུག་གོ །དེ་དག་གིས་ལུས་ངག་ཡིད་སེམས་བཞི་རེ་རེ་ལ་དྲི་མ་བཞི་བཞི་སྟེ་བཅུ་་དྲུག་གི་ཚོགས་དག་པར་སྦྱོང་བའོ། །དེ་ཡང་ཐོག་མར་སྤྲོས་བཅས་ཉེ་བར་མཚོན་པ་ནི། སྤྲོས་བཅས་ཀྱི་སྤྲོས་བཅས་ལ་བརྡའི་སྤྲོས་བཅས་དང༌། དོན་གྱི་སྤྲོས་བཅས་ཏེ་གཉིས། དེའི་སྤྲོས་མེད་ལ་བརྡ་དོན་གཉིས། ཤིན་ཏུ་སྤྲོས་མེད་ལ་གཉིས། རབ་ཏུ་སྤྲོས་མེད་ལ་བརྡ་དོན་གཉིས་ཏེ་བརྒྱད། དེ་བཞིན་དུ་སྤྲོས་མེད་ལ་བརྡའི་སྤྲོས་མེད་ལ་

མ་དང་སྨྲ་བའི་ཚིག་ལ ] པའི O T · མི་དགེ་ལུང་དུ་བསྟན་མ ] om. W K · ཀྱི་སྤྲོས་བཅས་ལ་བརྡའི་སྤྲོས ] om. W K · ལ་བརྡ་དོན་གཉིས་ཏེ་བརྒྱད་དེ ] གཉི་སྟེ O T

[p. 359] སོགས་པ་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད། རབ་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་གཉིས་སུ་འགྱུར་ལ། ལུས་ངག་ཡིད་སེམས་བཞིའི་ཚོགས་པ་ལའང༌། དེ་ལྟར་ཕྱེ་བས་སུམ་ཅུ་རྩ་གཉིས་དག་པར་བྱེད་པ་ནི། བསྐྱེད་རིམ་གྱི་དག་བྱ་དང་དག་བྱེད་ཤེས་པའི་དགོས་པ་ཡོད་པའོ། །དེ་ལྟར་དག་བྱ་དྲི་མ་སུམ་ཅུ་རྩ་གཉིས་དང༌། དག་བྱེད་དབང་སུམ་ཅུ་རྩ་གཉིས་བསྡོམས་ན། དྲུག་ཅུ་རྩ་བཞི་ནི་དག་བྱ་དག་བྱེད་ཀྱི་དབྱེ་བ་ངེས་པའོ། །གཉིས་པ་ལུས་ཀྱི་བྱ་བ་ལ་བརྟེན་ནས་དབྱེ་བས་དབང་གི་གནས་ལུགས་བསྟན་པ་ནི། དག་བྱ་དྲི་མ་སུམ་ཅུ་་རྩ་གཉིས་ཀྱི་གཞི་ལུས་མི་འདྲ་བ་དཔག་ཏུ་མེད་པ་ཡང་ས་ཆུ་མེ་རླུང་བཞི་ལས་གྲུབ་ལ། དེ་དག་ལ་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་བརྒྱད་དོ། །དེ་ཡང་ས་ཆུ་མེ་རླུང་གཞི་ལ་ཟུག་པ་དང༌། བྱེར་བ་དང༌། སྙོམས་པ་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་སོ། །དེ་དག་བྱེད་དབང་ལའང་སྤྲོས་བཅས་ལ་སོགས་བཞི་ལ་སྐུ་གསུང་ཐུགས་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་ཀྱིས་དག་པར་བྱེད་དོ། །འབྱུང་བཞི་ཕོ་མོ་གཉིས་ཏེ་བརྒྱད་ཀྱི་དག་བྱ་ནི། དབང་བཞི་ལ་ཐབས་ཤེས་རབ་གཉིས་གཉིས་སུ་ཕྱེ་བས་བརྒྱད་ཀྱིས་དག་པར་བྱེད་དོ། །ལུས་ཀྱི་འབྱུང་བའི་བྱེ་བྲག་ལའང༌། ས་ལ་སོགས་པ་བཞི་པོ་རེ་རེ་ལ་སའི་ས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་

བརྒྱད་དེ་སུམ་ཅུ་རྩ་གཉིས ] བཅུ O T · སེམས་བཞིའི་ཚོགས་པ་ལའང་དེ ] om. W K · ཕྱེ་བས་སུམ་ཅུ་རྩ་གཉིས ] བཅུ O T · དྲི་མ་སུམ་ཅུ་རྩ་གཉིས ] བཅུ O T · བྱེད་དབང་སུམ་ཅུ་རྩ་གཉིས ] བཅུ O T · གཉིས་བསྡོམས་ན་དྲུག་ཅུ་རྩ ] དྲུ་ག P · བསྡོམས་ན་དྲུག་ཅུ་རྩ་བཞི ] བཅུ O T · དྲི་མ་སུམ་ཅུ་རྩ་གཉིས ] བཅུ O T · ལ་དེ་དག་ལ་ཕོ་མོ ] om. W K · སུ་ཕྱེ་བས་བརྒྱད་ཀྱིས་དག ] རྒྱད A O T

[p. 360] དྲུག་ནི། ཚ་བ་དང་གྲང་བ་གཉིས་ཀྱི་དབྱེ་བས་དྲུག་ཅུ་རྩ་བཞིར་འགྱུར་ཏེ། གོང་གི་བརྡ་དོན་གྱི་དབྱེ་བའི་དབང་དྲུག་ཅུ་རྩ་བཞིས་དག་པར་བྱེད་དོ། །དེའང་འབྱུང་བ་བཞི་པོ་རེ་རེ་ལའང་ལེགས་པར་ཕྱེ་ན། ས་ལའང་དྲུག་ཅུ་རྩ་བཞི། དེ་ལ་ཁྱབ་པ་འབྱུང་བ་སྤྱིའི་ལུས་དང༌། རང་གི་མཚན་ཉིད་འཛིན་པ་དངོས་ཀྱི་ལུས་གཉིས་སུ་ཕྱེ་བས། ས་ལ་ལུས་མི་འདྲ་བ་བརྒྱ་དང་ཉེར་བརྒྱད། དེ་བཞིན་དུ་ཕྱེ་བས་ཆུ་དང་མེ་དང༌། རླུང་རྣམས་ལ་བརྒྱ་ཉེར་བརྒྱད་ཚན་པ་གསུམ་སྟེ། བསྡོམས་པས་ལྔ་བརྒྱ་དང་བཅུ་གཉིས་ཀྱི་ལུས་སུ་སྨིན་ནོ། །དེ་ལྟར་ཕྱིར་ལུས་་སྨིན་པ་བཞིན་ནང་དུ་ཉོན་མོངས་པ་ཡང༌། འདོད་ཆགས་ལ་བལྟས་པ་དང༌། བགད་པ་དང༌། བཅངས་པ་དང༌། འཁྱུད་པ་སྟེ་བཞི་ནི་འབྱུང་བ་རེ་རེའི་ལུས་ལ་བཞི་བཞི་སྟེ་བཅུ་དྲུག གཏི་མུག་ལ་རྨུགས་པས་མ་ཤེས་པ་དང༌། འཐིབས་པ་དང༌། མྱོས་པ་དང༌། རབ་ཏུ་མ་རིག་པ་འདྲེས་པ་དང་བཞི་པོ་ལུས་བཞི་ལ་ཕྱེ་བས་བཅུ་དྲུག ཞེ་སྡང་ལ་སྡང་བ་དང༌། སྡང་བ་ཆེན་པོ་དང༌། ཆེར་སྡང་བ་དང༌། རབ་ཏུ་སྡང་བ་སྟེ་ལུས་རེ་ལས་ཕྱེ་བས་བཅུ་དྲུག །ང་རྒྱལ་ལ་ཕྲ་བ་དང༌། རགས་པ་དང༌། འགྱུར་བ་དང༌། མཆེད་པ་དང༌། འཕྲོ་བ་བཞི་ཡང་བཅུ་དྲུག ཕྲག་དོག་ལ་ཡང་བ་དང༌། ལྕི་བ་དང༌། རྒོད་པ་དང༌། ཕྲ་བ་བཞི་སྟེ་ཕྱེ་བས་བཅུ་དྲུག་སྟེ་བསྡོམས་པས་བརྒྱད་ཅུ་

དབྱེ་བས་དྲུག་ཅུ་རྩ་བཞིར ] བཅུ O T · རྩ་བཞིར་འགྱུར་ཏེ་གོང་གི ] སྟེ O T · བའི་དབང་དྲུག་ཅུ་རྩ་བཞིས ] བཅུ O T · ས་ལའང་དྲུག་ཅུ་རྩ་བཞི ] བཅུ O T · འཛིན་པ་དངོས་ཀྱི་ལུས་གཉིས ] གྱི W K · འདོད་ཆགས་ལ་བལྟས་པ་དང ] ལྟས O T · དང་བཞི་པོ་ལུས་བཞི་ལ ] ལས W K · བས་བཅུ་དྲུག་ཞེ་སྡང་ལ་སྡང་བ ] ཞེས་དང W K

[p. 361] ཐམ་པ། དེ་ལས་བྱེ་བྲག་ཏུ་ཕྱེ་ན་འབྱུང་བའི་ལུས་མི་འདྲ་བ་ལྔ་བརྒྱ་དང་བཅུ་གཉིས་པོ་རེ་རེ་ལ། ཉོན་མོངས་པ་བཞི་བཞིའི་གྲངས་ཀྱིས་ཉི་ཤུ་ཉི་ཤུ་གནས་པས། ཐམས་ཅད་བསྡོམ་ནས་ཁྲི་ཕྲག་གཅིག་དང་བརྒྱ་བཞི་བཅུ་རྩ་བརྒྱད་དུ་འབྱུང་ལ། ལུས་དང་ཉོན་མོངས་པ་གཉིས་ཀའི་རྣམ་གྲངས་བསྡོམས་ནས་ཁྲི་ཕྲག་གཅིག་དང་དྲུག་བརྒྱ་དྲུག་ཅུ་ཐམ་པ་ནི་དག་བྱའི་དྲི་མ་ཡིན་ལ། དེའི་དག་བྱེད་ཀྱི་དབང་འོག་ཏུ་སྟོན་ནོ། །གསུམ་པ་གྲངས་ཀྱི་དབྱེ་བས་ལུས་དང་ཉོན་མོངས་པའི་དག་བྱེད་བསྟན་པ་ནི། དབང་རྣམ་པ་བཞི་ལས། དང་པོ་སྤྲོས་བཅས་ལའང་གཞིར་བྱས་པའི་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་ཕྱི་ནང་གསང་བ་ཡོངས་རྫོགས་དང་བཞིར་དབྱེ་ན། སྤྲོས་བཅས་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་སྟ་གོན་གྱི་ཚོམ་བུ་ལ་སོ་ཤིང་བྲིམ་པ། དེའི་ནང་མཎྜལ་འབུལ་བ། དེའི་གསང་བ་སྲུང་སྐུད་གདགས་ཤིང་ཀུ་ཤ་སྦྱིན་པ། ཡོངས་སུ་རྫོགས་པ་རྨི་ལམ་བརྟག་པའོ། །དེའི་སྤྲོས་མེད་ཀྱི་ཕྱིའི་དབང་ཁྲུས་བྱ་བ། གསོལ་བ་བཏབ་པ། རྡོ་རྗེས་ནང་དུ་བོད་པ་གསུམ་མོ། །དེའི་ནང་དམ་ཚིག་གི་མནའ་ཆུ་བླུད་པ། འཁོར་བ་སྤོང་བའི་མནའ། མྱང་འདས་ལེན་པའི་མནའ། སེམས་ཅན་གྱི་དོན་མི་བྱེད་རེའི་མནའ་བཞིའོ། །དེའི་གསང་བ་དམ་ཚིག་དང༌། སྡོམ་པ་དབོག་པ་དང༌། དཀྱིལ་འཁོར་དུ་འཇུག་པ་དང༌།

པས་ཐམས་ཅད་བསྡོམ་ནས་ཁྲི ] བསྡོམས P D O S T · ནས་ཁྲི་ཕྲག་གཅིག་དང་དྲུག ] གཅི D O · སྤྲོས་བཅས་ལའང་གཞིར་བྱས་པའི ] བཞིར O T · ཀྱི་སྤྲོས་བཅས་ལ་ཕྱི་ནང ] om. W K · དམ་ཚིག་གི་མནའ་ཆུ་བླུད ] གནའ O T · བ་སྤོང་བའི་མནའ་མྱང་འདས ] གནའ O T · འདས་ལེན་པའི་མནའ་སེམས་ཅན ] གནའ O T · དོན་མི་བྱེད་རེའི་མནའ་བཞིའོ ] རིའི A D S · དོན་མི་བྱེད་རེའི་མནའ་བཞིའོ་དེའི ] རིའི་གནའ O T · དང་སྡོམ་པ་དབོག་པ་དང ] དཔོག D T

[p. 362] སེམས་ཀྱི་མེ་ཏོག་དབུལ་བའོ། །དེའི་ཡོངས་སུ་རྫོགས་པ་དཀྱིལ་འཁོར་དུ་འཇུག་པ་ལྷ་ངོ་བསྟན་པ། མེ་ཏོག་དོར་བ། མིང་གི་དབང་ངོ༌། །དེའི་ཤིན་ཏུ་སྤྲོས་པ་མེད་པའི་ཕྱིའི་དབང་ཉན་ཐོས་ཀྱི་དཀྱིལ་འཁོར་དུ་འཇུག་པ། ས་ལམ་གྱི་ཚད་བསྟན་པ། སྟོད་གཡོགས་དང་སྨད་གཡོགས་སྦྱིན་པ། ལྷུང་བཟེད་དང་བསིལ་བྱེད་སྦྱིན་པ་ལ་སོགས་པ་སྟེ། ཁྲིམས་ཀྱི་ཐ་ཚིག ས་ལ་སོགས་པ། ལས་ཀྱི་དབྱེ་བ། རྟེན་འབྲེལ་མཚོན་པ། སྒོམ་པ་སྦྱིན་པ། ལུང་བསྟན་པ་དང༌། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དུ་འཇུག་པ་དང༌། སེམས་བསྐྱེད་པ་དང༌། སྡོམ་པ་སྦྱིན་པ་དང༌། ཁྱད་པར་གྱི་སེམས་གཟུང་ལ་སོགས་པའོ། །དེའི་ནང་གི་དབང་ཀྲཱི་ཡའི་དཀྱིལ་འཁོར་དུ་འཇུག་པ་དང༌། སེམས་བསྐྱེད་པ་དང༌། སྡོམ་པ་གཟུང་བ་དང༌། མེ་ཏོག་དོར་ཞིང་ལྷ་ངོ་བསྟན་པ་དང༌། མིང་གི་དབང་དང༌། ལུང་བསྟན་པ་དང༌། གཟེངས་བསྟོད་པ་དང༌། དབུགས་དབྱུང་བ་དང༌། དབང་བསྐུར་བའོ། །དེ་བཞིན་དུ་ཨུ་པ་དང་ཡོ་གའི་དཀྱིལ་འཁོར་དུ་འཇུག་པ་ལ་རྣམ་གྲངས་དགུ་དགུ་སྟེ་ཉི་ཤུ་རྩ་བདུན་ནོ། །དེའི་གསང་བ་མ་ཧཱའི་ལུང་བསྟན་པ་དང༌། དཀྱིལ་འཁོར་དུ་འཇུག་པ་དང༌། ལྷ་ངོ་བསྟན་པ་དང༌། མེ་ཏོག་དོར་བ་དང༌། མིང་གི་དབང་དང༌། ཉན་པ་དང༌། འཆད་པ་དང༌། ཕན་པ་དང༌། ནུས་པ་དང༌། རིག་པའི་

པ་མེ་ཏོག་དོར་བ་མིང ] ངོར O T · ཚད་བསྟན་པ་སྟོད་གཡོགས་དང ] སྟོང D O T · ཁྲིམས་ཀྱི་ཐ་ཚིག་ས་ལ ] ཚིགས O T · ཁྲིམས་ཀྱི་ཐ་ཚིག་ས་ལ་སོགས ] ཚིགས P · འབྲེལ་མཚོན་པ་སྒོམ་པ་སྦྱིན ] བསྒོམ O T · པ་དང་སེམས་བསྐྱེད་པ་དང ] སྐྱེད O T · པར་གྱི་སེམས་གཟུང་ལ་སོགས ] བཟུང O T · ནང་གི་དབང་ཀྲཱི་ཡའི་དཀྱིལ ] ཀྲི O T · པ་དང་སེམས་བསྐྱེད་པ་དང ] སྐྱེད O T · དང་སྡོམ་པ་གཟུང་བ་དང ] བཟུང O T · དང་མེ་ཏོག་དོར་ཞིང་ལྷ ] ངོར O T · དང་མེ་ཏོག་དོར་བ་དང ] ངོར O T

[p. 363] དབང་དང༌། ཡན་ལག་གི་དང༌། ཁྱད་པར་གྱི་དབང་དང་བཅུ་གཉིས་སོ། །དེ་ནས་ཨ་ནུའི་དཀྱིལ་འཁོར་དུ་འཇུག་པ་དང༌། བརྡ་ངེས་པར་མཚོན་པ་དང༌། དབུགས་དབྱུང་བ་དང༌། ཕྱག་རྒྱ་བསྒྱུར་བ་དང༌། ལས་སུ་བྱ་བ་དང༌། འཇུག་པ་ངེས་པ་དང་དྲུག་གོ །དེའི་ཡོངས་སུ་རྫོགས་པ། རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་གཞུག་པ་དང༌། བསྒོམས་པ་ངེས་པའི་དཀྱིལ་འཁོར་དུ་མེ་ཏོག་དོར་བ་དང༌། ལྷ་ངོ་བསྟན་ཞིང་དབང་བསྐུར་བ་དང༌། འབྲས་བུ་བྱ་བྲལ་རྫོགས་པའི་དབང་བསྐུར་བ་དང་བཞིའོ། །སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་པ་མེད་པའི་ཕྱིའི་ཐ་དབང་ནི། དེ་ལྟར་རིམ་པ་དགུའི་དབང་རྫོགས་ནས། ཁྱད་པར་གྱི་དབང་ལ་འཇུག་པ་ནི། ཕྱག་རྒྱའི་དཀྱིལ་འཁོར་དུ་འཇུག་པ་སྟེ༌། དེའི་ཕྱི་ལ་རིག་མ་བརྟག་ཅིང་དགུག་པ་རྩ་བཙལ་ཞིང་སློང་བ། བདེ་བ་བཙལ་བ། རྒྱས་པར་བྱ་བ། དབབ་ཅིང་གཟུང་བ། བཟློག་ཅིང་སྦྱང་བ་དང་དྲུག་གོ །འདིའི་ནང་གི་དབང་ལ། སྦྱོར་བ་སྙོམས་པར་འཇུག་པ། བྱང་སེམས་ཡི་གེ་གསུམ་གྱི་སྒྲ་དང་བཅས་པ། མེ་ལོང་དུ་བླང་བ། དེ་རྡོ་རྗེ། པདྨ། འཁོར་ལོ་གསུམ་དུ་དམིགས་ཏེ་སློབ་མའི་ལྕེ་ལ་བཞག་ནས་ལུས་ངག་སྟོངས་པར་བྱ་བ་སྟེ་དྲུག་གོ །དེའི་གསང་བ་བདེ་བ་དང་བྱང་སེམས་དངོས་ཀྱི་བྱིན་རླབས་ལུས་ངག་ཡིད་གསུམ་ལ་བྱ་བ་གསུམ། གསང་བ་དང་

དཀྱིལ་འཁོར་དུ་གཞུག་པ་དང ] བཞུག O T · དུ་འཇུག་པ་སྟེ་དེའི་ཕྱི ] om. W K · རྩ་བཙལ་ཞིང་སློང་བ་བདེ ] སླང O T · བཟློག་ཅིང་སྦྱང་བ་དང་དྲུག ] པ O T · ལོང་དུ་བླང་བ་དེ་རྡོ ] པ O T · དངོས་ཀྱི་བྱིན་རླབས་ལུས་ངག ] བརླབས O T

[p. 364] གསང་བར་འོས་པ་དང༌། གསང་བར་གཉེར་གཏད་པ་གསུམ་སྟེ་དྲུག་གོ །དེའི་ཡོངས་སུ་རྫོགས་པ་ཚིག་སྣ་ཚོགས་པས་མཚོན་པ་སྟེ། བརྡའི་ཚིག་དང༌། དོན་གྱི་ཚིག་དང༌། བརྡ་དོན་དབྱེར་མི་ཕྱེད་པའི་ཚིག་གསུམ་མོ། །དེ་ལྟར་ན་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་ལ། བསྐུར་རྒྱུའི་དབང་དྲུག དེའི་ཕྱི་ལ་སོ་ཤིང་བྲིམ་པ་དང་གཅིག །དེའི་ནང་ལ་མཎྜལ་འབུལ་བ་དང་གཉིས། དེའི་གསང་བ་སྲུང་སྐུད་དང་ཀུ་ཤ་བྱིན་པ་གཉིས་ཏེ་བཞི། དེའི་ཡོངས་རྫོགས་རྨི་ལམ་བརྟག་པ་དང༌། བཟང་ངན་གྱི་རྗེས་དྲི་བ་གཉིས་ཏེ་དྲུག་གོ །དེའི་སྤྲོས་བཅས་ཀྱི་སྤྲོས་མེད་ཀྱི་ཕྱི་ལ་གསུམ་སྟེ་དགུ། དེའི་ནང་ལ་བཞི་སྟེ་བཅུ་གསུམ། དེའི་གསང་བ་ལ་བཞི་སྟེ་བཅུ་བདུན། དེའི་ཡོངས་རྫོགས་ལ་བཞི་སྟེ་ཉེར་གཅིག སྤྲོས་པ་མེད་པའི་ཤིན་ཏུ་སྤྲོས་པའི་ཕྱི་ལ་ཉན་ཐོས་ལ་དྲུག །རང་རྒྱལ་ལ་ལྔ་སྟེ་བཅུ་གཅིག བྱང་སེམས་ལ་བཞི་སྟེ་བཅོ་ལྔ། དེའི་ནང་གི་དབང་ལ་ཀྲཱི་ཡ་ལ་དགུ་སྟེ་ཉེར་བཞི། ཨུ་པ་ལ་དགུ་སྟེ་སོ་གསུམ། ཡོ་ག་ལ་དགུ་སྟེ་ཞེ་གཉིས། དེའི་གསང་བའི་དབང་ལ་མ་ཧཱ་ལ་བཅུ་གཉིས་ཏེ་ལྔ་བཅུ་རྩ་བཞི། ཨ་ནུ་ལ་དྲུག་སྟེ་དྲུག་ཅུ་ཐམ་པ། དེའི་ཡོངས་རྫོགས་ཨ་ཏི་ལ་བཞི་སྟེ་དྲུག་ཅུ་རྩ་བཞི་སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱིའི་དབང་ལ་བཅུ་བདུན། ནང་ལ་་དྲུག་སྟེ་ཉེར་གསུམ། དེའི་

མི་ཕྱེད་པའི་ཚིག་གསུམ་མོ ] ཚིགས W K · གཅིག་དེའི་ནང་ལ་མཎྜལ་འབུལ ] om. W K · དྲུག་གོ་དེའི་སྤྲོས་བཅས་ཀྱི ] སྒྲོས W K · སྟེ་ཉེར་གཅིག་སྤྲོས་པ་མེད ] སྤྲོ་ས P · མེད་པའི་ཤིན་ཏུ་སྤྲོས་པའི ] དུ O T · གི་དབང་ལ་ཀྲཱི་ཡ་ལ ] ཀྲི O T · བའི་དབང་ལ་མ་ཧཱ་ལ་བཅུ ] མཧཱ O S · དྲུག་སྟེ་དྲུག་ཅུ་ཐམ་པ ] བཅུ O T · བཞི་སྟེ་དྲུག་ཅུ་རྩ་བཞི ] བཅུ O T

[p. 365] གསང་བ་ལ་དྲུག་སྟེ་ཉེར་དགུ། དེའི་ཡོངས་སུ་རྫོགས་པ་ལ་གཅིག་སྟེ་སུམ་ཅུ་ཐམ་པའོ། །ཤིན་ཏུ་སྤྲོས་མེད་ལ་དྲུག་ཅུ་རྩ་བཞི་སྟེ་དགུ་བཅུ་རྩ་བཞིའོ། །དེའི་སྤྲོས་མེད་ལ་བཅོ་ལྔ་སྟེ་བརྒྱ་དང་དགུའོ། །དེའི་སྤྲོས་བཅས་ལ་དྲུག་སྟེ་སྤྲོས་བཅས་བསྐུར་རྒྱུའི་ཆོས་བརྒྱ་དང་བཅོ་ལྔའོ། །སྤྲོས་མེད་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་ལ་བླ་མའི་བྱ་བ་དང་སློབ་མའི་བྱ་བ་གཉིས། དེའི་ནང་ལ་མཎྜལ་དང་བུམ་པ་གཉིས་ཏེ་བཞི། དེའི་གསང་བ་ལ་མཎྜལ་གྱི་ལེགས་པར་བཤད་པའི་ཆོས་ལྔ། བུམ་པའི་ལེགས་བཤད་ལྔ་སྟེ་བཅུ། གོང་མ་བཞི་དང་བསྡོམས་པས་བཅུ་བཞི། དེའི་ཡོངས་རྫོགས་ལ་བླ་མས་མིང་གི་མཚོན་པ་བརྗོད་པ་དང་སློབ་མས་སྟོབས་བསྐྱེད་པ་གཉིས་ཏེ་བཅུ་དྲུག་གོ །སྤྲོས་མེད་ཀྱི་སྤྲོས་མེད་ཀྱི་ཕྱིའི་དབང་ལ་ཨའི་བསྙེན་པས་སྐྱེ་མེད་ཀྱི་ལམ་སྦྱང་བ་དང༌། ཨའི་སྒྲུབ་པས་འགག་མེད་ཀྱི་སྣ་བསལ་བ་དང༌། ཨའི་འཕྲོ་འདུས་ལུས་ངག་ཡིད་དག་པར་བྱེད་པ་དང་གསུམ་མོ། །དེའི་ནང་ལ་ཁྲུས་ཀྱིས་དག་བྱའི་ཚུལ་བསྟན་པ། མཎྜལ་ཕུལ་བས་འདོད་པའི་དོན་ཐོབ་པར་བྱ་བ། ལུང་བཙལ་བས་བྱ་བ་ལ་འཇུག་པ་ངོ་ཤེས་པ་དང་གསུམ་མོ། །དེའི་གསང་བ་ལ་དཀྱིལ་འཁོར་དུ་འཇུག་པས། དབྱིངས་ལ་རིག་པ་གཞུག་པའི་གནད་དང༌། ལྷ་ངོ་བསྟན་པས་དབྱིངས་རིག་ངོ་སྤྲད་པ་དང༌། མིང་གི་

གཅིག་སྟེ་སུམ་ཅུ་ཐམ་པའོ ] བཅུ O T · མེད་ལ་དྲུག་ཅུ་རྩ་བཞི ] བཅུ O T · བསྐུར་རྒྱུའི་ཆོས་བརྒྱ་དང་བཅོ ] བརྒྱད W K · སློབ་མས་སྟོབས་བསྐྱེད་པ་གཉིས ] སྐྱེད O T · ཀྱི་ལམ་སྦྱང་བ་དང་ཨའི ] པ O T · བ་དང་ཨའི་སྒྲུབ་པས་འགག ] བསྒྲུབ O T · དག་བྱའི་ཚུལ་བསྟན་པ་མཎྜལ ] བསྟེན O T

[p. 366] དབང་བསྐུར་བས་སངས་རྒྱས་ཀྱི་སྲས་སུ་བྱ་བའོ། །དེ་ལྟར་གསུམ་དང༌། དེའི་ཡོངས་སུ་རྫོགས་པ་ལ་ཕྱི་ཡུལ་དབང་པོའི་ཚིགས་སུ་བཅད་པས་ལུང་བསྟན་པས་ཤེས་པ་དང་ཡུལ་གཉིས་མེད་ཉམས་སུ་མྱོང་བའི་དབང་དང༌། ནང་སེམས་གསལ་བའི་ཚིགས་སུ་བཅད་པས་དབུགས་དབྱུང་བས་སྐྱེ་མེད་ངོས་གཟུང་དང་བྲལ་བའི་དབང་དང༌། གསང་བཟུང་འཇུག་རིས་མེད་ཀྱི་ཚིགས་སུ་བཅད་པས་གཟེངས་བསྟོད་པས་དབྱིངས་རིག་གཉིས་མེད་བདེ་ཆེན་གྱི་དབང་བསྟན་པ་དང་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འཇུག་པར་འོས་པ་དང༌། ཐོབ་པར་འོས་པ་གཉིས། དེའི་ནང་ལ་སྤྱོད་པར་ངེས་པ་དང༌། ལྟ་བར་ངེས་པ་གཉིས་ཏེ་བཞི། དེའི་གསང་བ་ལ་རིགས་འབྱེད་པ་དང༌། བདག་ཉིད་དུ་གནས་པ་གཉིས་ཏེ་དྲུག དེའི་ཡོངས་སུ་རྫོགས་པ་ལ་རྒྱུ་དང་རྐྱེན་གཉིས་ཏེ་བརྒྱད་དོ། །དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་སེམས་གནས་པ་དང༌། ངག་གནས་པ་གཉིས། དེའི་ནང་ལ་ངག་བསྒྱུར་བ་དང༌། སེམས་ཐོབ་པ་གཉིས་ཏེ་བཞི། དེའི་གསང་བ་ལ་བདེ་བ་ལུང་བསྟན་པ་དང༌། གསང་བ་དབུགས་དབྱུང་བ་གཉིས་ཏེ་དྲུག དེའི་ཡོངས་རྫོགས་ལ་སྤྲོ་བར་གནས་པ་དང༌། རང་གི་ལས་ཐོབ་པ་གཉིས་ཏེ་བརྒྱད་དོ། །དེ་ལྟར་སྤྲོས་མེད་ཀྱི་སྤྲོས་བཅས་ལ་བཅུ་དྲུག དེའི་སྤྲོས་མེད་ལ་བཅུ་

པས་དབུགས་དབྱུང་བས་སྐྱེ་མེད ] པས O T · སྐྱེ་མེད་ངོས་གཟུང་དང་བྲལ ] བཟུང O T · དབང་དང་གསང་བཟུང་འཇུག་རིས ] བ་ཟུང A P D O S T

[p. 367] གཉིས་ཏེ་ཉེར་བརྒྱད། དེའི་ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་དྲུག དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དོ། །བསྐུར་བས་ཐོབ་པའི་འབྲས་བུ་བཞི་བཅུ་རྩ་བཞིའོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ཀྱི་ཕྱི་ལ། ལམ་གསལ་བའི་ཕྱིར་བླ་མ་ལ་གསོལ་བ་གདབ་པ་དང༌། རྣམ་ཤེས་བརྒྱད་ཀྱི་འཕྲོ་འདུ་བཅད་པའི་ཕྱིར་ཡི་གེ་བརྒྱད་ཀྱི་རྒྱས་གདབ་པ་དང༌། ཡིད་ཀྱི་བྱུང་ཚོར་བཀག་ནས་བར་ཆད་ཞི་བའི་ཕྱིར་ཕཊ་ཀྱི་སྒྲ་སྒྲོགས་པ་དང་གསུམ། དེའི་ནང་ལ་གནས་བཙལ་བས་ཕྱོགས་ཀྱི་ངེས་པ་གཟུང་བ་དང༌། བགེགས་བསལ་བའི་ཕྱིར་གཏོར་མ་སྦྱིན་པ་དང༌། སེམས་ལ་སྤྲོ་བ་བསྐྱེད་པ་དང་གསུམ། དེའི་གསང་བ་ལ་ལུས་ཀྱི་སྤྱོད་པ་བརྩམ་པའི་ཡུལ་དང༌། རྩོམ་པའི་ཐབས་དང༌། བརྩམས་པའི་དགོས་པ་དང་གསུམ། དེའི་ཡོངས་སུ་རྫོགས་པ་ལ་ངག་གི་སྤྱོད་པ་བརྩམ་པའི་ཡུལ་དང༌། རྩོམ་པའི་ཐབས་དང་བརྩམས་པའི་དགོས་པ་གསུམ། དེའི་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་སྤྱོད་པ་རྩོམ་པའི་ཡུལ། ཐབས་དགོས་པ་གསུམ། དེའི་ནང་ལ་ལུས་དང༌། ངག་དང༌། སེམས་ཀྱི་སྡིག་པ་ངེས་པའི་ཡུལ་གསུམ། དེའི་གསང་བ་ལ་ལུས་དང༌། ངག་དང༌། སེམས་ཀྱི་སྡིག་པ་དག་པའི་ཚད་གསུམ། དེའི་ཡོངས་རྫོགས་ལ། ལུས་དང༌། ངག་དང༌། སེམས་ཀྱི་མ་དག་ན་བཤགས་པའི་ཐབས་གསུམ་

བརྒྱད་དེ་སུམ་ཅུ་རྩ་དྲུག ] བཅུ O T · མེད་ལ་བརྒྱད་དོ་བསྐུར་བས ] དེ O T · ཀྱི་ངེས་པ་གཟུང་བ་དང ] བཟུང O T · བརྩམ་པའི་ཡུལ་དང་རྩོམ་པའི ] དག A T

[p. 368] སྟེ་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འབྲུའི་མཎྜལ་གྱིས་ལོངས་སྤྱོད་འཕེལ་བ་དང༌། དྲིས་ཁམས་རྒྱས་པ་དང༌། མེ་ཏོག་གིས་དབང་པོ་གསལ་བ་དང༌། རིན་པོ་ཆེས་འབྱོར་པ་རྒྱས་པ་བཞིའོ། །དེའི་ནང་ལ་རིགས་བྲིས་པས་བདེ་བ་ཉམས་སུ་མྱོང་བ་དང༌། ཡིན་པར་བརྗོད་པས་སྤྲོ་བ་བསྐྱེད་པ་གཉིས་ཏེ་དྲུག དེའི་གསང་བ་དཀྱིལ་འཁོར་དུ་འཇུག་པ་ལ། ཤར་སྒོ་ནས་ཞུགས་པས་ལམ་སྟོང་ཉིད་དུ་བསྟན་པ་དང༌། ལྷོ་སྒོ་ནས་ཞུགས་པས་སེམས་སྟོང་པ་ཉིད་དུ་ངོ་སྤྲད། ནུབ་སྒོ་ནས་ཞུགས་པས་ཉོན་མོངས་པ་སྟོང་ཉིད་དུ་རང་གྲོལ། བྱང་སྒོར་ཞུགས་པས་ལས་དང་བག་ཆགས་སྟོང་ཉིད་དུ་མཐའ་ཟད་པ་དང་བཞི་སྟེ་བཅུའོ། །དེའི་ཡོངས་རྫོགས་རིག་པའི་མེ་ཏོག་དོར་བས་སེམས་སེམས་ཉིད་དུ་ཐིམ་པའི་གནད་དང༌། དེ་ལས་དབུགས་དབྱུང་བ་དང༌། ལུང་བསྟན་པ་གཉིས་ཏེ་བཅུ་གཉིས་སོ། །དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་ལུས་གནད་སྐྱིལ་ཀྲུང་གིས་གཞི་བཅའ་བ་དང༌། ཉི་མ་ལྔ་ལ་སེམས་གཏད་པས་ཡེ་ཤེས་ལྔ་ངོས་ཟིན་པ་དང༌། དེའི་འོད་འཕྲོ་བས་སེམས་གསལ་གདབ་པ་དང་གསུམ། དེའི་ནང་ལ་ཇེ་མཐོ་་རྟོག་པ་མེད་པའི་ལམ་བཙལ་བ་དང༌། སླར་མི་ལྡོག་པས་མྱ་ངན་ལས་འདས་པའི་སར་གཞི་འཛུགས་པ་དང༌། ལན་གསུམ་དུ་བརྗོད་པས་སྐུ་གསུམ་འདུ་འབྲལ་མེད་པའི་ས་ལ་

དང་མེ་ཏོག་གིས་དབང་པོ ] གི W K · དང་རིན་པོ་ཆེས་འབྱོར་པ ] ཆེའི W K · པོ་ཆེས་འབྱོར་པ་རྒྱས་པ ] བ A P · ནང་ལ་རིགས་བྲིས་པས་བདེ ] དྲིས O T · པར་བརྗོད་པས་སྤྲོ་བ་བསྐྱེད ] སྤྲོས W K · པས་སྤྲོ་བ་བསྐྱེད་པ་གཉིས ] སྐྱེད O T · ལས་དབུགས་དབྱུང་བ་དང་ལུང ] པ O T · པའི་ཕྱི་ལ་ལུས་གནད་སྐྱིལ ] om. W K · ལུས་གནད་སྐྱིལ་ཀྲུང་གིས་གཞི ] དཀྲུང O T

[p. 369] དབྱེར་མེད་པ་དང་གསུམ་སྟེ་དྲུག དེའི་གསང་བ་ལ་བླ་མས་བཞེངས་པས་སྣང་སྲིད་ཆོས་ཉིད་དུ་བཞེངས་པའི་གདེང་རྙེད་པ་དང༌། ཨ་ཨ་ཞེས་པས་མ་སྐྱེས་ལ་སྐྱེ་བ་མེད་པའི་གནད་བཙལ་བ་དང༌། མིག་ལ་མཛུབ་མོ་གཏད་པས་རིག་པ་འཆར་བའི་ལམ་གསལ་བ་དང་དགུའོ། །དེའི་ཡོངས་རྫོགས་ལ་ནམ་མཁའ་རྒྱ་ཆེ་བར་བརྗོད་པས་དབྱིངས་ལ་འདྲིས་པར་བྱ་བ་དང༌། ནམ་མཁའ་ལ་ཕྱག་གིས་བྱུགས་པས་བརྡ་དོན་ཉམས་དང་འདྲེས་པ་དང༌། འགྲོ་ན་འགྲོ་ས་འདུག་གམ། འདུག་ན་འདུག་ས་འདུག་གམ། སླར་འགྲོ་ས་དང་ལྡོག་ས་འདུག་གམ་གྱི་རྒྱས་གདབ་པ་དང་ལྔ་སྟེ། བཅུ་བཞིའོ། །རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ཀྱི་ཕྱི་ལ་སུ་ཡིན་དྲིས་པས་རིགས་མཚོན་པ་དང་ སེམས་ཀྱི་བུས་ལན་བཏབ་པས་ལམ་ཉེ་བར་འཇུག་པ་དང་གཉིས། དེའི་ནང་ལ་ཆོས་སྐུའི་འདུག་སྟངས་ཀྱིས་གཞི་བཙལ་བ་དང༌། ལོངས་སྐུའི་འདུག་སྟངས་ཀྱིས་ལམ་གསལ་བ་དང༌། སྤྲུལ་སྐུའི་འདུག་སྟངས་ཀྱིས་ཕུགས་དཀྲུ་བ་དང་གསུམ། དེའི་གསང་བ་ལ་འདུག་སྟངས་ཐུན་མོང་བ་རྣམས་ཀྱིས་གནད་བསྟུན་པ་དང༌། ཨེ་མ་ལ་སོགས་པས་ཆོས་སྐུའི་དཀྱིལ་འཁོར་དུ་འཇུག་པ་ལུས་ཀྱི་གནད་དང༌། ལོངས་སྐུ་དང་སྤྲུལ་སྐུའི་དཀྱིལ་འཁོར་དུ་འཇུག་པ་ལུས་གནད་བསྟུན་པ་དང་བདུན་ཏེ་

དང་ཨ་ཨ་ཞེས་པས་མ ] ཅེས O T · འདྲེས་པ་དང་འགྲོ་ན་འགྲོ་ས་འདུག་གམ ] འགྲོན་འགྲོས O T · སྟངས་ཐུན་མོང་བ་རྣམས་ཀྱིས ] པ O T · དཀྱིལ་འཁོར་དུ་འཇུག་པ་ལུས ] འཇུགས D T · པ་དང་བདུན་ཏེ་དགུའོ་དེའི ] སྟེ O T

[p. 370] དགུའོ། །དེའི་གསང་བ་ལ་སྤྲུལ་སྐུའི་ཞིང་དུ་འཇུག་པའི་བར་ཏེ་བཅུ་གསུམ། དེའི་ཡོངས་རྫོགས་ལ་ལོངས་སྐུའི་ཞིང་དུ་འཇུག་པ་དང་ལྔ་སྟེ་བཅོ་བརྒྱད་དོ། །དེའི་སྤྲོས་མེད་ཀྱི་ཕྱི་ལ་ཆོས་སྐུའི་ཞིང་ཁམས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། དེའི་ནང་ལ་སྐུ་གསུམ་གྱི་ལྷ་ངོ་བསྟན་པ་གསུམ་སྟེ་དྲུག དེའི་གསང་བ་ལ་དེར་གནས་པ་གསུམ་སྟེ་དགུ །དེའི་ཡོངས་རྫོགས་ལ་སླར་མི་ལྡོག་པའི་ས་གསུམ་སྟེ་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་ངོ་བོ་ངེས་ཚིག དབྱེ་བ་མཚོན་པ་གསུམ། དེའི་ནང་ལ་སེམས་གནས་པ། ཐོབ་པ་བརྟན་པ་གསུམ་སྟེ་དྲུག དེའི་གསང་བ་ལ་སེམས་ཀྱི་གཞི་ལམ་འབྲས་བུ་གསུམ་སྟེ་དགུ དེའི་ཡོངས་རྫོགས་ལ་སེམས་ཀྱི་འཇུག་པ། ཁྱབ་བྱེད། འགྱུར་དང་གསུམ་སྟེ་བཅུ་གཉིས་སོ། །དེའི་རབ་ཏུ་སྤྲོས་མེད་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱི་ལ། ལུས་ཀྱི་འདུག་སྟངས་བཅུ་གཅིག་གིས་ཐོབ་སྟེ་གནས་པ་དང༌། དེའི་ནང་ལ་སེམས་ཀྱིས་བཅུ་གཉིས་ཀྱིས་སྲིད་པའི་འཁོར་ལོ་བཅུ་གཉིས་རྒྱུན་གཅོད་པ་དང་ཉེར་གསུམ། དེའི་གསང་བ་ལ་སེམས་ཉིད་སྐྱེ་མེད་དུ་ལྷ་ངོ་བསྟན་པས་སེམས་བདུན་ལ་དབང་ཐོབ་པས་མ་རིག་པའི་ཁམས་བདུན་རྒྱུན་གཅོད་པ་སྟེ་སུམ་ཅུ། དེའི་ཡོངས་རྫོགས་ལ་མན་ངག་གི་དབྱེ་བ་དྲུག་དང༌། ཟག་པ་མེད་པའི་སྡེ་བཞི་སྟེ་བཅུ་

མི་ལྡོག་པའི་ས་གསུམ་སྟེ ] སུ W K · ནང་ལ་སེམས་ཀྱིས་བཅུ་གཉིས ] ཀྱི་ས D O T · པ་སྟེ་སུམ་ཅུ་དེའི་ཡོངས ] བཅུ O T

[p. 371] གཅིག་དང་བསྡོམས་པས་ཞེ་གཅིག་གོ །དེ་ལྟར་ན་རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ལ་རྣམ་གྲངས་བཅོ་བརྒྱད། དེའི་སྤྲོས་མེད་ལ་བཅུ་གཉིས་ཏེ་སུམ་ཅུ། དེའི་ཤིན་ཏུ་སྤྲོས་མེད་ལ་བཅུ་གཉིས་ཏེ་ཞེ་གཉིས། དེའི་རབ་ཏུ་སྤྲོས་མེད་ལ་ཞེ་གཅིག་སྟེ་བརྒྱད་ཅུ་རྩ་གསུམ་མོ། །ཤིན་ཏུ་སྤྲོས་པ་མེད་པ་ལ་བཞི་བཅུ་རྩ་བརྒྱད་དེ་བརྒྱ་སུམ་ཅུ་སོ་གཅིག སྤྲོས་པ་མེད་པ་ལ་དེའི་སྤྲོས་བཅས་ལ་བཅུ་དྲུག སྤྲོས་མེད་ལ་བཅུ་གཉིས་ཏེ་ཉེར་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་དྲུག །དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དེ་བཞི་བཅུ་རྩ་བཞི་སྟེ། བརྒྱ་བདུན་ཅུ་རྩ་བཞི། སྤྲོས་བཅས་ལ་བརྒྱ་དང་བཅོ་ལྔ་སྟེ་ཉིས་བརྒྱ་བཞི་བཅུ་རྩ་དགུའོ། །དེ་ཡང་སྐུ་གསུང་ཐུགས་དབྱེར་མེད་པ་དང་བཞི་ལ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་དང༌། མ་ངེས་པའི་དུས་བཞིར་བྱས་ཏེ། དབང་ཉིས་བརྒྱ་བརྒྱད་ཅུ་རྩ་དགུ་པོ་དེ་བཞིར་འབྲེལ་བས་ཕྱེ་ན༌། ཁྲི་ཆིག་སྟོང་ཆིག་བརྒྱ་དང་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །དེ་ལྟར་དག་བྱེད་དེ་ཙམ་གྱིས། དག་བྱ་འགྲོ་བའི་ལུས་མི་འདྲ་བ་བཅུ་གཉིས་ལས་བྱེད་པའི་འགྱུར་གྱིས་རྣམ་པར་ཕྱེ་ན། ཁྲི་ཕྲག་གཅིག་དང༌། སྟོང་ཕྲག་གསུམ་དང༌། དྲུག་བརྒྱ་སུམ་ཅུ་རྩ་གཉིས། ཉོན་མོངས་པ་ཡང་དེའི་འགྱུར་བརྩིས་པས་ཁྲི་ཕྲག་གཅིག་དང་ཕྱེད་དང་བདུན་བརྒྱ་སྟེ། དེ་ལས་སྟོང་ཕྲག་

གཉིས་ཏེ་སུམ་ཅུ་དེའི་ཤིན ] བཅུ O T · གཅིག་སྟེ་བརྒྱད་ཅུ་རྩ་གསུམ ] བཅུ O T · བཅུ་རྩ་བརྒྱད་དེ་བརྒྱ་སུམ ] ཏེ O T · དེ་བརྒྱ་སུམ་ཅུ་སོ་གཅིག ] བཅུ O T · ཅུ་སོ་གཅིག་སྤྲོས་པ་མེད ] སྤྲོ་ས P · ལ་བཅུ་དྲུག་སྤྲོས་མེད་ལ ] སྤྲོ་ས P · བརྒྱད་དེ་སུམ་ཅུ་རྩ་དྲུག ] བཅུ O T · སྟེ་བརྒྱ་བདུན་ཅུ་རྩ་བཞི ] བཅུ O T · ཉིས་བརྒྱ་བརྒྱད་ཅུ་རྩ་དགུ ] བཅུ O T · དེ་བཞིར་འབྲེལ་བས་ཕྱེ་ན ] པས A D · འབྲེལ་བས་ཕྱེ་ན་ཁྲི་ཆིག ] om. W K · ཁྲི་ཆིག་སྟོང་ཆིག་བརྒྱ་དང ] ཚིག W K · བརྒྱ་དང་སུམ་ཅུ་རྩ་དྲུག ] བཅུ O T · ཅུ་རྩ་དྲུག་ཏུ་འགྱུར་རོ ] དུ O T · དྲུག་བརྒྱ་སུམ་ཅུ་རྩ་གཉིས ] བཅུ O T

[p. 372] གཉིས་དང་དགུ་བརྒྱ་བདུན་ཅུ་རྩ་གཉིས་ལྷག་པ་ནི། ལས་ཀྱི་མཐའ་ཉེ་བར་སྡུད་པ་ལ་དགོངས་པ་སྟེ། གོང་གི་ལུས་དང་ཉོན་མོངས་པའི་དབྱེ་བ་རྣམས་དག་པར་བྱེད་པའོ། །ཞར་ལ་དག་བྱ་ནང་གི་རླུང་གི་དབྱེ་བས་དབང་ངེས་པའི་རྣམ་གྲངས་བསྟན་པ་ནི། འབྱུང་བ་བཞིའི་རླུང་གི་རིམ་པས་ཏེ། དེའི་དག་བྱེད་དབང་བཞི་ལ་རང་ངོའི་དབྱེ་བ་བཅུ་དྲུག་ལས། རེ་རེ་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞིར་ཕྱེ་བས། སྤྲོས་བཅས་ལ་བཅུ་དྲུག སྤྲོས་མེད་ལ་བཅུ་དྲུག་སྟེ་སོ་གཉིས། ཤིན་ཏུ་སྤྲོས་མེད་ལ་བཅུ་དྲུག་སྟེ་ཞེ་བརྒྱད། རབ་ཏུ་སྤྲོས་མེད་ལ་བཅུ་དྲུག་སྟེ་དྲུག་ཅུ་རྩ་བཞིས་ནི། རླུང་ལས་རླུང༌། ཆུ་རླུང༌། མེ་རླུང༌། རླུང་གི་རླུང་བཞི་ལ། བྱེར་བ། ཟུག་པ༌། སྙོམས་པ། འཁྲུག་པ་བཞི་བཞིར་ཕྱེ་བས་བཅུ་དྲུག དེ་རེ་རེ་ལ་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་སུམ་ཅུ་རྩ་དྲུག་གི་ཕྱེད་པའི་ལས་དག་པར་བྱེད་པའོ། །སྤྱི་དོན་གསུམ་པ་དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུ་ལ་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གི་འབྲས་བུའོ། །དང་པོ་ལ་ལམ་གྱི་ཡོན་ཏན་སྤྱིར་བསྟན་པ་དང༌། རིགས་འཛིན་བཞིའི་ཐོབ་ཚུལ་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི་སྤྲོས་བཅས་ཀྱིས་ཚོགས་ལམ་བཅུ་གཉིས་རྫོགས་པའི་ཡོན་ཏན་འཐོབ་པའི་རྟེན་བྱེད། སྤྲོས་མེད་ཀྱིས་སྦྱོར་ལམ་ངེས་འབྱེད་ཆ་བཞི་རྫོགས་པའི་རྟེན་

དགུ་བརྒྱ་བདུན་ཅུ་རྩ་གཉིས ] བཅུ O T · མཐའ་ཉེ་བར་སྡུད་པ་ལ ] བསྡུད O T · ལ་བཅུ་དྲུག་སྟེ་དྲུག་ཅུ ] ཏེ A D O · དྲུག་སྟེ་དྲུག་ཅུ་རྩ་བཞིས ] བཅུ O T · ཕྱེ་བས་སུམ་ཅུ་རྩ་དྲུག ] བཅུ O T · རྩ་དྲུག་གི་ཕྱེད་པའི་ལས ] བྱེད O T · པའི་འབྲས་བུ་ལ་གཉིས་ཏེ ] om. W K

[p. 373] བྱེད། ཤིན་ཏུ་སྤྲོས་མེད་ཀྱིས་མཐོང་ལམ་རྫོགས་པའི་རྟེན་བྱེད། རབ་ཏུ་སྤྲོས་མེད་ཀྱིས་སྒོམ་ལམ་ས་དགུ་རྫོགས་པའི་རྟེན་བྱེད་པའོ། །དེ་བཞིན་དུ་མོས་པའི་ས་དང་འཇུག་པའི་ས་དང་བསྒྱུར་བའི་ས་དང་ཆོད་པའི་ས་བཞི་དབང་བཞི་རེ་རེ་ལ་སྦྱར་བས་ས་བཅུ་དྲུག་གི་ཡོན་ཏན་རྫོགས་པས་ཐུན་མོང་གི་ཡོན་ཏན་རྫོགས་པའི་རང་བཞིན་ཐོབ་པའོ། །དེ་ཡང་སྤྲོས་བཅས་ཀྱི་སྤྲོས་བཅས་མོས་པ་དང་ལྡན་པའི་ས་སྟེ་གདུང་བ་དང་བསོད་ནམས་ཀྱི་ཁྱད་པར་རོ། །དེའི་སྤྲོས་མེད་འཇུག་པ་དག་པའི་ས་སྟེ་དད་པས་ངེས་པ་ལ་བརྟེན་ནས་རང་དབང་ཅན་དུ་འཇུག་པའོ། །དེའི་ཤིན་ཏུ་སྤྲོས་མེད་དངོས་པོ་དག་པར་བསྒྱུར་བའི་ས་སྟེ་ལུས་ངག་གི་བཅིངས་པ་ལ་མི་གནས་པའོ། །དེའི་རབ་ཏུ་སྤྲོས་མེད་ལས་ཀྱི་མཐའ་ཆོད་པའི་ས་སྟེ། སྤྲོས་པ་དང་འཁོར་བ་ལ་མི་གནས་པའོ། །དེ་བཞིན་དུ་དབང་ལྷག་མ་གསུམ་ལའང་སྦྱོར་ཏེ། མོས་པ་ལ་སོགས་པའང་བཞི་བཞིར་སྦྱར་ན། མོས་པའི་མོས་པ་དད་པས་ངེས་པ། མོས་པའི་འཇུག་པ་སྙིང་རྗེ་ངེས་པ། མོས་པའི་བསྒྱུར་བ་ཐབས་ཀྱིས་ཟིན་པ། མོས་པའི་ཆོད་པ་ཤེས་རབ་ཀྱིས་དོན་ཆོད་པའོ། །འཇུག་པའི་མོས་པ་ཞི་གནས་ལ་མོས་པ། དེའི་འཇུག་པ་ལྷག་མཐོང་ལ་འཇུག་པ། དེའི་བསྒྱུར་བ་མཉམ་གཞག་གི་རྟོགས་པ་ཐ་དད་དུ་བསྒྱུར་བ། དེའི་ཆོད་པ་རྗེས་ཤེས་ཀྱི་འགྱུ་བ་ཆོད་

སྤྲོས་མེད་ཀྱིས་སྒོམ་ལམ་ས ] བསྒོམ O T · ཀྱིས་སྒོམ་ལམ་ས་དགུ་རྫོགས ] om. W K · ཆོད་པའི་ས་སྟེ་སྤྲོས་པ ] ཏེ O T · མ་གསུམ་ལའང་སྦྱོར་ཏེ་མོས ] སྦྱར D O S T · ཆོད་པ་ཤེས་རབ་ཀྱིས་དོན ] བར W K · བསྒྱུར་བ་མཉམ་གཞག་གི་རྟོགས ] བཞག O T · མཉམ་གཞག་གི་རྟོགས་པ་ཐ ] རྟོག W K

[p. 374] པའོ། །བསྒྱུར་བའི་མོས་པ་གོས་ཀྱི་ཞེན་པ་གྲོལ་བ། དེའི་འཇུག་པ་ཟས་ཀྱི་ཞེན་པ་གྲོལ་བ། དེའི་བསྒྱུར་བ་རྨི་ལམ་འོད་གསལ་དུ་གྲོལ་བ། དེའི་ཆོད་པ་བག་ཆགས་དང་ཉོན་མོངས་གྲོལ་བའོ། །ཆོད་པའི་མོས་པ་སྤྱོད་པས་འཁོར་བ་ལ་མི་གནས་པ། དེའི་འཇུག་པ་བསྒོམས་པས་བསམ་གཏན་ལ་གནས་པ དེའི་བསྒྱུར་བ་ལྟ་བས་འཁྲུལ་སྣང་ལ་མི་གནས་པར་ཁམས་གསུམ་སྐུ་གསུམ་དུ་བསྒྱུར་བ། དེའི་ཆོད་པ་འབྲས་བུ་འཁོར་འདས་གཉིས་དུས་གཅིག་ལ་ཆོད་པའོ། །དེ་ལྟར་བཅུ་དྲུག་དང་དབང་གི་ང་རོ་བཅུ་དྲུག་པོ་དེ་བསྡོམས་པས་སུམ་ཅུ་རྩ་གཉིས་ལ། ས་བཅུ་དྲུག་ལ་ཡེ་ཤེས་གནས་པ། སྐྱེ་བ། ཐོབ་པ། འཆར་བ་བཞི་བཞིར་དབྱེ་བས་དྲུག་ཅུ་་རྩ་བཞི་ནི་རྡོ་རྗེ་འཆང་གིས་མཆོག་རྫོགས་པར་བྱེད་པའོ། །དབང་གི་ང་རོ་བཅུ་དྲུག་ལ་སྦྱར་བས་མཚན་སུམ་ཅུ་རྩ་གཉིས་འགྲུབ་པའི་རྒྱུ་བྱེད་པའོ། །གཉིས་པ་རིག་འཛིན་གྱི་ས་བཞིའི་ཐོབ་ཚུལ་ནི། དབང་བཞིའི་འཇུག་པ་རྗེས་སུ་དྲན་པ་ལས་རིགས་འཛིན་གྱི་ས་བཞི་སྟེ། རྣལ་འབྱོར་གྱི་ས་དང༌། རྣལ་འབྱོར་ཆེན་པོའི་ས་དང༌། འབྱེད་པའི་རྣལ་འབྱོར་གྱི་ས་དང༌། རྟོགས་པའི་རྣལ་འབྱོར་གྱི་ས་དང་བཞི་ལས། དབང་དུ་བསྒྱུར་བ་དང་མ་བསྒྱུར་བ་གཉིས་གཉིས་ཏེ་བརྒྱད་དུ་ངེས་སོ། །དེ་ལ་ཡང་ཆ་ཤས་ཀྱིས་བཞི་བཞིར་ཕྱེ་ན། རྣལ་འབྱོར་གྱི་

པ་དེའི་འཇུག་པ་བསྒོམས་པས ] པས W K · དང་དབང་གི་ང་རོ་བཅུ་དྲུག ] ངོ་བོ A P · བསྡོམས་པས་སུམ་ཅུ་རྩ་གཉིས ] བཅུ O T · དབྱེ་བས་དྲུག་ཅུ་རྩ་བཞི ] བཅུ O T · རྡོ་རྗེ་འཆང་གིས་མཆོག་རྫོགས ] གི་ས A P O · པའོ་དབང་གི་ང་རོ་བཅུ་དྲུག ] ངོ་བོ A P · བས་མཚན་སུམ་ཅུ་རྩ་གཉིས ] བཅུ O T · པའོ་གཉིས་པ་རིག་འཛིན་གྱི ] རིགས A P D O T · པ་རིག་འཛིན་གྱི་ས་བཞིའི་ཐོབ ] གྱིས A O T · ལས་རིགས་འཛིན་གྱི་ས་བཞི་སྟེ ] གྱིས A O T

[p. 375] ས་ལའང༌། རྣལ་འབྱོར་དང་བྱ་བའི་རྣལ་འབྱོར་དང༌། སྤྱོད་པའི་རྣལ་འབྱོར་དང༌། བསྒྱུར་བའི་རྣལ་འབྱོར་དང་བཞིའོ། །རྣལ་འབྱོར་ཆེན་པོ་ལ་ཤིན་ཏུ་རྣལ་འབྱོར་གྱི་ས་དང༌། རང་ས་ངེས་པའི་རྣལ་འབྱོར་གྱི་ས་དང༌། སྤྲོས་པའི་རྣལ་འབྱོར་གྱི་ས་དང༌། བྱ་བྲལ་རྫོགས་པའི་རྣལ་འབྱོར་གྱི་ས་སྟེ་བཞིའོ། །འབྱེད་པའི་རྣལ་འབྱོར་གྱི་ས་ལ། བརྡའི་ས་དང༌། དོན་གྱི་ས་དང༌། བརྡ་དོན་དབྱེར་མེད་ཀྱི་ས་དང༌། མ་འདྲེས་པའི་ས་སྟེ་བཞིའོ། །རྟོགས་པའི་རྣལ་འབྱོར་གྱི་ས་ལ། རྫུ་འཕྲུལ་འཕྲུལ་པའི་ས་དང༌། ཁྱད་པར་རྟོགས་པའི་ས་དང༌། མངོན་པར་འབྱུང་བའི་ས་དང༌། དཔའ་བོ་རིགས་འབྱེད་ཀྱི་ས་དང་བཞི་སྟེ་བསྡོམས་པས་ས་བཅུ་དྲུག་གོ །དེ་ལྟར་ས་བཅུ་དྲུག་ལས། ས་དང་པོ་ལ་ཤེས་བྱེད་ཀྱི་རྫུ་འཕྲུལ་བདུན་ནི། རང་གི་ལུས་བརྒྱ་སྟོང་དུ་སྤྲུལ་པ་དང༌། དེ་དག་ལ་ཡན་ལག་བརྒྱ་སྟོང་དུ་སྤྲུལ་པ་དང༌། ལུས་གཅིག་ལ་མགོ་བརྒྱ་སྟོང་དུ་སྤྲུལ་པ་དང༌། ལུས་བརྒྱ་སྟོང་ལ་མགོ་གཅིག་པར་སྤྲུལ་པ་དང༌། མགོ་གཅིག་ལ་ལུས་མི་འདྲ་བ་བརྒྱ་སྟོང་སྤྲུལ་ནས་དེ་ལས་སྤྲུལ་པ་འགྱེད་པ་སྟེ་ལྔ་དང༌། ལུས་ལ་མགོ་དང་ཡན་ལག་མི་འདྲ་བ་དཔག་ཏུ་མེད་པར་སྤྲུལ་པ་དང་དྲུག སྐྱེ་བ་སྣ་ཚོགས་པར་སྤྲུལ་པ་དང་བདུན་ནི་དབང་དུ་གྱུར་པའི་ས་རྟོགས་པ་ལས་བྱུང་བའོ། །ས་གཉིས་པ་ལ་རང་གི་ཁོག་པ་ཁ་ཕྱེ་

ཏུ་རྣལ་འབྱོར་གྱི་ས་དང་རང ] གྱིས D O · པའི་རྣལ་འབྱོར་གྱི་ས་སྟེ་བཞིའོ ] གྱིས A D · ས་དང་དོན་གྱི་ས་དང་བརྡ ] གྱིས D S · རྫུ་འཕྲུལ་འཕྲུལ་པའི་ས་དང ] བའི D O T · སྟོང་དུ་སྤྲུལ་པ་དང་དེ ] བ O T · དང་དེ་དག་ལ་ཡན་ལག ] om. W K · སྟོང་དུ་སྤྲུལ་པ་དང་ལུས ] བ O T · སྟོང་དུ་སྤྲུལ་པ་དང་ལུས ] བ O T · གཅིག་པར་སྤྲུལ་པ་དང་མགོ ] བ O T · མེད་པར་སྤྲུལ་པ་དང་དྲུག ] བ O T · པ་ལས་བྱུང་བའོ་ས་གཉིས ] པའོ O T

[p. 376] ནས་གློ་སྙིང་རྣམས་གཞན་ལ་སྟོན་པར་ནུས་པ་དང༌། ལུས་ཀྱི་སྟོད་ནས་མེ་འབར་བ་ལ་སྨད་ནས་ཆུ་འབྲུམ་པར་ནུས་པ་དང༌། ཡན་ལག་བཅད་ནས་ཕྱོགས་བཞིར་འཐོར་བར་ནུས་པ་དང༌། མིག་ལ་སོགས་པའི་དབང་པོ་ལྔ་ཐང་ལ་ལྷུང་བར་ནུས་པ་དང༌། ལུས་ཀྱི་སྟོབས་ཀྱིས་རི་བོ་འཕེན་པར་ནུས་པ་དང༌། ཕྱིའི་རྒྱ་མཚོ་ཆེན་པོ་ནམ་མཁའ་ལ་སྤར་བར་ནུས་པ་དང༌། གཟའ་སྐར་རྣམས་ཐང་ལ་ལྷུང་པ་དང་བདུན་ནི་དབང་གི་དུས་སུ་ཡན་ལག་བདུན་སྔོན་དུ་སོང་བ་ལས་བྱུང་བའོ། །ས་གསུམ་པ་ལ་རླུང་ཞགས་པར་འཆིང་བར་ནུས་པ་དང༌། འགྲོ་བའི་བསམ་པ་གཞན་དུ་བསྒྱུར་བ་དང༌། འཇིག་རྟེན་སྐྱོང་བའི་ལྷའི་རྒྱལ་པོ་རྣམས་སྒྲོལ་བར་ནུས་པ་དང༌། མཁའ་འགྲོ་མའི་ཡིད་འཕྲོག་པར་ནུས་པ་དང༌། འགྲོ་བ་བརྒྱ་སྒྲོལ་ཞིང་བསྒྲལ་བ་རྣམས་གསོ་བར་ནུས་པ་དང༌། ལྷ་དང་ཀླུ་དང་གནོད་སྦྱིན་གྱི་བུ་མོ་ལ་རོལ་པར་ནུས་པ་དང༌། དབང་ཕྱུག་ཆེན་པོ་ལ་སོགས་པའི་འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ཀྱི་སྟོབས་ཉམས་པར་ནུས་པ་དང་བདུན་ནི་དབང་བསྐུར་བའི་དུས་སུ་སེམས་བསྐྱེད་པ་ལས་བྱུང་བའོ། །ས་བཞི་པ་ལ་ནམ་མཁའ་རྡོ་རྗེར་བསྒྱུར་བར་ནུས་པ་དང༌། མེ་ཆུར་བསྒྱུར། ཆུ་མེར་བསྒྱུར། ས་མེར་བསྒྱུར། ས་ཆུར་བསྒྱུར། རླུང་མེར་བསྒྱུར། མེ་རླུང་དུ་བསྒྱུར་བར་ནུས་པ་དང་བདུན་ནི་ཡི་གེ་སྤྲོ་བསྡུ་

ནས་གློ་སྙིང་རྣམས་གཞན་ལ ] རྣམ W K T · དང་ལུས་ཀྱི་སྟོད་ནས་མེ ] སྟོང O T · སྨད་ནས་ཆུ་འབྲུམ་པར་ནུས ] འབྲུག A P D O T · ཐང་ལ་ལྷུང་བར་ནུས་པ ] པར O T · ལུས་ཀྱི་སྟོབས་ཀྱིས་རི་བོ ] ཀྱི O T · མཁའ་ལ་སྤར་བར་ནུས་པ ] བ W K · ཐང་ལ་ལྷུང་⁁་པ་དང ] བར་ནུས A P D O S T · ལ་རླུང་ཞགས་པར་འཆིང་བར ] པ W K · འགྲོ་མའི་ཡིད་འཕྲོག་པར་ནུས ] ཕྲོག W K · བརྒྱ་སྒྲོལ་ཞིང་བསྒྲལ་བ་རྣམས ] སྒྲལ O T · ཞིང་བསྒྲལ་བ་རྣམས་གསོ་བར ] ལས W K · མོ་ལ་རོལ་པར་ནུས་པ ] བར O T · དུས་སུ་སེམས་བསྐྱེད་པ་ལས ] སྐྱེད O T

[p. 377] བསྒོམས་པ་ལས་བྱུང་བའོ། །ས་ལྔ་པས་ནི་ནམ་མཁའ་བདུན་པ་ལ་དབང་བསྒྱུར་བར་ནུས་ཏེ་སྟོང་ཉིད་བསྒོམས་པ་ལས་བྱུང་བའོ། །ས་དྲུག་པས་མེ་བདུན་ལ་དབང་བསྒྱུར་བ་ནི། སྔོན་དུ་དབང་གི་ཤེས་བྱེད་ལས་བྱུང་བའོ། །ས་བདུན་པས་ས་གཅིག་ནས་གཉིས་སུ་བྱས་པའི་བདུན་ལ་དབང་བ་ནི་འབྱུང་བ་རིམ་བརྩེགས་བསྒོམས་པ་ལས་བྱུང་བའོ། །ཡང་ཆུ་བདུན་ལ་དབང་བ་ནི་སྔོན་འགྲོ་སོང་བ་ལས་བྱུང་བའོ། །ས་བརྒྱད་པས་རླུང་བདུན་ལ་དབང་བ་ནི་འཁོར་ལོ་བཞིའི་རླུང་སྦྱངས་པ་ལས་བྱུང་བའོ། །ས་དགུ་པས་བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་བསྐྱོད་ནུས་པ་ནི་སྦྱོར་བ་སྔོན་དུ་སོང་བ་ལས་བྱུང་བའོ། །ས་བཅུ་པས་ཆོས་སུ་བྱ་བ་བདུན་ལ་དབང་བ་ནི་ལྷ་བསྒོམས་པ་ལས་བྱུང་བའོ། །ས་བཅུ་གཅིག་པས་རྟ་སྤྲིན་གྱི་ཤུགས་ཅན་བདུན་སྤྲུལ་ནུས་པ་ནི་བརྩོན་འགྲུས་བརྩམས་པ་ལས་བྱུང་བའོ། །བཅུ་གཉིས་པས་དགེ་སློང་བསིལ་བྱེད་ཅན་བདུན་སྤྲུལ་ནུས་པ་ནི་དམ་ཚིག་དང་སྡོམ་པས་གནས་པ་ལས་བྱུང་བའོ། །བཅུ་གསུམ་པས་ལྷའི་གཞལ་མེད་ཁང་བདུན་སྤྲུལ་ནུས་པ་ནི་གཞལ་ཡས་ཁང་བསྒོམས་པ་ལས་བྱུང་བའོ། །བཅུ་བཞི་པས་འཇིག་རྟེན་གྱི་ཁམས་བདུན་སྤྲུལ་ནུས་པ་ནི་བླ་མ་མཉེས་པར་བྱས་པ་ལས་བྱུང་བའོ། །བཅོ་ལྔ་པས་ཡི་དམ་གྱི་ལྷ་བདུན་སྤྲུལ་ནུས་པ་ནི་ཡི་དམ་

བའོ་ས་ལྔ་པས་ནི་ནམ ] པ W K · པ་ལས་བྱུང་བའོ་ས་དྲུག ] པའོ O T · པ་ལས་བྱུང་བའོ་ཡང་ཆུ ] པའོ O T · བྱུང་བའོ་ས་དགུ་པས་བྱང ] དགུས W K · ལག་བདུན་གྱིས་བསྐྱོད་ནུས་པ ] སྐྱོད O T · པས་དགེ་སློང་བསིལ་བྱེད་ཅན ] གསིལ O T · སྤྲུལ་ནུས་པ་ནི་དམ་ཚིག ] om. W K · ཚིག་དང་སྡོམ་པས་གནས་པ ] པ་ལ A P O T

[p. 378] བསྒོམས་པ་ལས་བྱུང་བའོ། །བཅུ་དྲུག་པས་ལྷ་མོ་བདུན་སྤྲུལ་ཞིང་གཟུགས་སོགས་ཡུལ་དྲུག་གི་དག་བྱེད་ལ་ལོངས་སྤྱོད་ལ། འགྲོ་དྲུག་གི་སྐྱེ་གནས་སྟོན་པར་ནུས་པ་དང་བཅུ་དགུ་ནི་དབང་རྣམས་རྫོགས་པ་ལས་བྱུང་བའོ། །དེ་ལྟར་ས་བཅུ་དྲུག་ལ་རྫུ་འཕྲུལ་བརྒྱ་ཐམ་པ་འབྱུང་བ་ནི་རིགས་འཛིན་གྱི་ས་ཞེས་བྱའོ། །མིང་གི་རྣམ་གྲངས་གཞན་རྣམ་པར་སྨིན་པ་དང༌། ཚེ་ལ་དབང་བ་དང༌། ཕྱག་རྒྱ་ཆེན་པོ་དང༌། ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ། རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོ་དང༌། འབྱེད་པའི་རྣལ་འབྱོར་དང༌། རྟོགས་པའི་རྣལ་འབྱོར་ཏེ་རིམ་པ་བཞིན་ནོ། །དེ་ཡང་རྣམ་པར་སྨིན་པའི་རིགས་འཛིན་ནི་སེམས་ལྷའི་སྐུར་སྨིན་ཡང་ལུས་མ་སྨིན་པས་བར་དོར་གྲོལ་བའོ། །ཚེ་དབང་ནི་དེ་ཉིད་ལ་གྲོལ་བའོ། །ཕྱག་རྒྱ་ཆེན་པོ་ནི་ལུས་སེམས་ལྷར་སྨིན་པའོ། །ལྷུན་གྲུབ་ནི་རང་གཞན་གྱི་དོན་གཉིས་གྲུབ་པའོ། །འདི་དག་ལས་བཅུ་དྲུག་པོ་དེ་སྔ་མ་བཞིན་སྦྱར་ཏེ་ཡོན་ཏན་ཤེས་པར་བྱའོ། །རྣམ་སྨིན་ནི་བར་མ་ཆད་ན་ཚེ་དེ་ལ་ཚེ་དབང་ཐོབ་ནས་འབྲས་བུ་ཐོབ་པའོ། །ཚེ་དབང་ནི་བསྐལ་པ་ཆེན་པོ་གཅིག་ན་རྫུ་འཕྲུལ་སྦྱངས་ནས་རྡོ་རྗེ་འཆང་གི་ས་འཐོབ་བོ། །ཕྱག་རྒྱ་ཆེན་པོ་ནི་ལོ་བརྒྱ་ན་རྡོ་རྗེ་འཆང་གི་ས་འཐོབ་བོ། །ལྷུན་གྲུབ་ནི་ལོ་སྟོང་ན་རྡོ་རྗེ་འཆང་གི་ས་འཐོབ་སྟེ་འཕྲིན་ལས་བཞིས་

ཚེ་ལ་དབང་བ་དང་ཕྱག ] པ O T · པར་སྨིན་པའི་རིགས་འཛིན་ནི ] རིག W K · སྨིན་ཡང་ལུས་⁁་མ་སྨིན ] ལ W K · པའོ་འདི་དག་ལས་བཅུ་དྲུག ] ལ་ས A P D O S T · དབང་ནི་བསྐལ་པ་ཆེན་པོ ] བ W K · ཆེན་པོ་ནི་ལོ་བརྒྱ་ན་རྡོ་རྗེ ] ཡོ་བརྒྱན O T · གི་ས་འཐོབ་བོ་ལྷུན་གྲུབ ] པོ A D

[p. 379] དོན་གཉིས་མཛད་པའི་ཕྱིར་རོ། །འཕྲིན་ལས་བཞི་ནི། ཞི་བ། རྒྱས་པ། དབང༌། དྲག་པོའོ། །དེ་ལ་སྤྲོས་བཅས་ཀྱིས་ཞི་བའི་ལས་བྱེད་དེ་དངོས་པོ་ལུས་སེམས་ཀྱི་བར་ཆད་མངོན་གྱུར་དང༌། དངོས་མེད་དྲི་མ་ཕྲ་རགས་གཉིས་ཞི་བར་བྱེད་པའོ། །དབྱེ་ན་ཞི་བའི་ཞི་བ་ཤེས་པ་དང་རླུང༌། ཞི་བའི་རྒྱས་པ་ཚེ་དང་བསོད་ནམས། ཞི་བའི་དབང་ལུས་ངག་གི་ནུས་པ། ཞི་བའི་དྲག་པོ་གཉིས་ཞི་ནས་གཅིག་ཏུ་གནས་པའོ། །སྤྲོས་མེད་ཀྱིས་རྒྱས་པའི་ལས་འགྲུབ་བོ། །དབྱེ་ན་རྒྱས་པའི་ཞི་བ་རྣམ་རྟོག་ངན་པ་ཟད་པ། རྒྱས་པའི་རྒྱས་པ་ཚེ་དང་བསོད་ནམས་འཁོར་དང་ལོངས་སྤྱོད་ཉམས་དང་བྱིན་བརླབས་སོ། །རྒྱས་པའི་དབང་ཇི་ལྟར་འདོད་པའི་བསྒྲུབ་བྱ་རྒྱས་པ། རྒྱས་པའི་དྲག་པོ་ལུས་ངག་སེམས་ཀྱི་ནུས་པ་རྫོགས་པའོ། །ཤིན་ཏུ་སྤྲོས་མེད་ཀྱིས་དབང་གི་འཕྲིན་ལས་འགྲུབ་བོ། །དབྱེ་ན་དབང་གི་ཞི་བ་ལུས་ངག་ཡིད་ཀྱི་བར་ཆད་ཞི་བ། དབང་གི་རྒྱས་པ་ལྟ་སྒོམ་སྤྱོད་འབྲས་རྒྱས་པ། དབང་གི་དབང་མི་དང་མི་མ་ཡིན་རྣམས་འདུས་པ། དབང་གི་དྲག་པོ་དགུག་པ་ལ་སོགས་པ་འགྲུབ་པའོ། །རབ་ཏུ་སྤྲོས་པ་མེད་པས་དྲག་པོའི་འཕྲིན་ལས་འགྲུབ་པའོ། །དབྱེ་ན་དྲག་པོའི་ཞི་བ་དགུག་པ་དང་བཅིང་བའི་ལས་སོ། །དྲག་པོའི་རྒྱས་པ་དབྱེ་བ་དང་བསྐྲད་པ༌། དྲག་པོའི་དབང་ཚུར་ལ་ཀླན་ཀ་མི་རྙེད་

པའི་ལས་འགྲུབ་བོ་དབྱེ་ན ] པོ O U · ཚེ་དང་བསོད་ནམས་འཁོར་དང ] ནས D T U · འཕྲིན་ལས་འགྲུབ་བོ་དབྱེ་ན ] པོ D O U · དབང་མི་དང་མི་མ་ཡིན ] om. W K · པ་དང་བཅིང་བའི་ལས་སོ ] པའི O T U · དབང་ཚུར་ལ་ཀླན་ཀ་མི ] བླ་ན A S · དབང་ཚུར་ལ་ཀླན་ཀ་མི ] སན P

[p. 380] པ། དྲག་པོའི་དྲག་པོ་སྤ་བཀོང་བ་དང་བསད་པ་ལ་སོགས་པ་འགྲུབ་པའོ། །དེ་ལྟར་བཅུ་དྲུག་ནི་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་སོགས་རང་ངོའི་དབྱེ་བ་བཅུ་དྲུག་གི་འབྲས་བུའོ། །དེ་ཡང་རྣམ་པར་འཕྲུལ་པས་དབྱེ་ན། ལུས་མི་འདྲ་བའི་གྲངས་བཞིན་དག་བྱེད་ཀྱང་དེ་ཙམ་ཡོད་པ་ནི་འཕྲིན་ལས་ཀྱི་གྲངས་སོ། །གཞན་ཡང་གནས་སྐབས་སུ་ཐོབ་པ་ནི། སྤྲོས་བཅས་ཀྱི་དབང་གིས་ལུས་ཀྱི་ཡོན་ཏན། ཚེ་རིང་བ་དང༌། ནད་མེད་པ་དང༌། འགྲོ་བ་བྱམས་པ་དང༌། བསོད་ནམས་དང་ལྡན་པ་དང༌། རྫུ་འཕྲུལ་འགྲུབ་པ་དང༌། ལུས་ཀྱི་རྡུལ་ཕྲན་མཐོང་བ་ལ་སོགས་པའོ། །སྤྲོས་མེད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། གཞན་གྱི་རྣར་སྙན་པ་དང༌། བསྒོ་བ་བཞིན་ཉན་པ་དང༌། བཀའ་བསྟན་བཅོས་ལ་དབང་བ་དང༌། མི་མ་ཡིན་པའི་སྐད་ཤེས་པ་ལ་སོགས་པའོ། །ཤིན་ཏུ་སྤྲོས་མེད་ཀྱིས་ཡིད་དག་་པ་དང༌། ཏིང་ངེ་འཛིན་དང༌། རིག་པ་དང༌། གང་བསམས་ཆོས་ཉིད་དུ་འཆར་བ་དང༌། དུས་བཞི་དུས་གཅིག་ཏུ་རྟོགས་པ་དང༌། འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ལ་སོགས་པའོ། །རབ་ཏུ་སྤྲོས་མེད་ཀྱིས་སེམས་ལས་སུ་རུང་བ་དང༌། མངོན་པར་ཤེས་པ་དང༌། ཚེ་དཔག་ཏུ་མེད་པར་བྱིན་གྱིས་རློབས་པ་ལ་སོགས་པའོ། །ཁྱད་པར་དུ་དབང་བཞིས་སྣང་བ་བཞིའི་ཡོན་ཏན་ཐོབ་པ་ནི། སྤྲོས་བཅས་ཀྱིས་ཆོས་ཉིད་

པོའི་དྲག་པོ་སྤ་བཀོང་བ ] སྦ D S · དང་བཀའ་བསྟན་བཅོས་ལ་དབང ] ཆོས O T · བཀའ་བསྟན་བཅོས་ལ་དབང་བ ] པ W K · ལས་སུ་རུང་བ་དང་མངོན ] པ O T · པར་བྱིན་གྱིས་རློབས་པ་ལ ] རློབ D O S T U

[p. 381] མངོན་སུམ་གྱི་སྣང་བ། སྤྲོས་མེད་ཀྱིས་ཉམས་གོང་འཕེལ། ཤིན་ཏུ་སྤྲོས་མེད་ཀྱིས་རིག་པ་ཚད་ཕེབས། རབ་ཏུ་སྤྲོས་མེད་ཀྱིས་ཆོས་ཉིད་ཟད་པའི་སྣང་བ་སྟེ། དེ་དག་རེ་རེ་ཞིང་ཕྱི་སྣང་བའི་ཡོན་ཏན་རེ་དང༌། ནང་ཉམས་ཏིང་ངེ་འཛིན་རེ་དང༌། གསང་བ་ལྟ་དགོངས་ཁྱད་པར་ཅན་རེ་དང༌། ཡོངས་རྫོགས་བསྟན་པའི་ཚད་རེ་ཐོབ་ནས། ཟག་བཅས་མི་སྣང་བར་སངས་རྒྱས་ཀྱི་ས་ལ་སྦྱོར་བའོ། །འདི་དག་ནི་ཐུན་མོང་དུ་གནས་སྐབས་ཀྱི་ཡོན་ཏན་ནོ། །གཉིས་པ་མཐར་ཐུག་གི་འབྲས་བུ་ནི། མགོན་པོ་རྡོ་རྗེ་འཆང་གི་ས་སྟེ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་རྫོགས་པར་ཐོབ་པའོ། །དབྱེ་ན་གསུམ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཞིང་ཁམས་མདོར་བསྟན། བསམ་གྱིས་མི་ཁྱབ་པའི་དབྱེ་བ་རྒྱས་པར་བཤད། མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བའོ། །དང་པོ་ནི་དབང་མཐར་ཕྱིན་པའི་འབྲས་བུ་བཞི་ལ་རྟགས་བཞི་དང་ཚད་བཞི་སྟེ། བཅུ་གཉིས། སྨིན་སོ་སྐུ་བཞི་སྟེ་བཅུ་དྲུག ཡེ་ཤེས་བཞི་སྟེ་ཉི་ཤུ། ཡེ་ཤེས་ཀྱི་འོད་ཟེར་བཞི་སྟེ་ཉེར་བཞི། འོད་ཀྱིས་བཀྱེ་བའི་སྤྲུལ་པ་བཞི་སྟེ་ཉེར་བརྒྱད། སྤྲུལ་པའི་གདུལ་ཞིང་བཞི་སྟེ་སུམ་ཅུ་རྩ་གཉིས་སུ་སྨིན་པས་དོན་འབྱུང་བ་ནི། ལམ་དུ་དབང་སུམ་ཅུ་རྩ་གཉིས་ཐོབ་པ་ལས་བྱུང་བའོ། །དེ་ཡང་སྐུ་བཞི་ལ་གཞི་

ཆོས་ཉིད་མངོན་སུམ་གྱི་སྣང ] གསུམ O T U · རྡོ་རྗེ་འཆང་གི་ས་སྟེ་སྐུ ] གིས O U · བཞི་སྟེ་སུམ་ཅུ་རྩ་གཉིས ] བཅུ T U · དུ་དབང་སུམ་ཅུ་རྩ་གཉིས ] བཅུ O T U

[p. 382] གནས་ཀྱི་ཡེ་ཤེས། མཚན་ཉིད་འཛིན་པའི་ཡེ་ཤེས། ཐམས་ཅད་མཁྱེན་པའི་ཡེ་ཤེས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བཞི་བཞི་བརྩིས་པས་བཅུ་དྲུག ཡེ་ཤེས་ཀྱི་མཁྱེན་པ་བཞི་བཞི་བརྩིས་པས་བཅུ་དྲུག་སྟེ་སུམ་ཅུ་་རྩ་གཉིས་ནི་སྐུ་དང་ཡེ་ཤེས་ཀྱི་རྣམ་གྲངས་སུམ་ཅུ་རྩ་གཉིས་ཞེས་བྱའོ། །འདི་དག་རྫོགས་པ་ནི་རྡོ་རྗེ་འཆང་གི་ས་བཅུ་དྲུག་མཛད་པ་ཡེ་ཤེས་ཀྱི་ཡུལ་བཅུ་དྲུག་དང་བཅས་པའོ། །ཡེ་ཤེས་ཀྱི་སྣང་བའི་རང་འོད་ལྔ་ལས་ཞིང་ལྔའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པ་ནི། འོད་མཐིང་གའི་ཀློང་ན་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རྫོགས་པའོ། །དེ་བཞིན་དུ་དཀར་པོས་མི་བསྐྱོད་པ། སེར་པོས་རིན་ཆེན་འབྱུང་ལྡན། དམར་པོས་སྣང་བ་མཐའ་ཡས། ལྗང་གུས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའོ། །དཀྱིལ་འཁོར་དེ་དག་ལས་གདུལ་བྱའི་ཞིང་དུ་འཕྲིན་ལས་བཞིའི་སྤྲུལ་པ་འགྱེད་ལ། གདུལ་ཞིང་ཤར་ཕྱོགས་མངོན་པར་དགའ་བ། ལྷོ་དཔལ་དང་ལྡན་པ། ནུབ་པདྨ་བརྩེགས་པ། བྱང་ལས་རབ་རྫོགས་པ་བཞིས་འགྲོ་བ་སྨིན་པར་བྱེད་དོ། །གཉིས་པ་བསམ་གྱིས་མི་ཁྱབ་པའི་དབྱེ་བས་རྒྱས་པར་བཤད་པ་ནི། སྐུ་བཞིའི་ཞིང་ཁམས་ཕུན་སུམ་ཚོགས་པ་ལྔ་ལྔར་དབྱེ་བ་ལས། དང་པོ་ཆོས་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོ། གནས་ཆོས་ཀྱི་དབྱིངས།

མཁྱེན་པའི་ཡེ་ཤེས་བཞི་བཞི ] ཤེ་ས D T · བརྩིས་པས་བཅུ་དྲུག་སྟེ་སུམ ] དྲག D T · དྲུག་སྟེ་སུམ་ཅུ་རྩ་གཉིས ] བཅུ O T U · རྣམ་གྲངས་སུམ་ཅུ་རྩ་གཉིས ] བཅུ O T U · རྡོ་རྗེ་འཆང་གི་ས་བཅུ་དྲུག ] གིས A O S T U · འོད་ལྔ་ལས་ཞིང་ལྔའི་དཀྱིལ ] གཞི W K · འོད་མཐིང་གའི་ཀློང་ན་རྣམ ] སོང P · བ་མཐའ་ཡས་ལྗང་གུས་དོན ] ཡང P · མཐའ་ཡས་ལྗང་གུས་དོན་ཡོད ] ཁུས O T U · པར་དགའ་བ་ལྷོ་དཔལ་དང་ལྡན ] ལྷོད་པ་ལ A U · ལྡན་པ་ནུབ་པདྨ་བརྩེགས་པ ] པད་མ O T U · ལྡན་པ་ནུབ་པདྨ་བརྩེགས་པ ] པདམ A D S · རབ་རྫོགས་པ་བཞིས་འགྲོ་བ ] བཞིའི P O T U · པ་དཔལ་ཀུན་ཏུ་བཟང་པོ ] དུ A D

[p. 383] བསྟན་པ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བསྟན་པ། འཁོར་འདུས་མ་བྱས་པ། དུས་ཆོས་ཉིད་ལ་འཕོ་འགྱུར་མེད་པ་དང་ལྔ་ནི་ཆོས་སྐུར་འཇོག་པའི་འཐད་པ་ནི། ཞིང་ཁམས་རྣམ་པར་དག་པ་དེ་ཉིད་དང་བརྗོད་དུ་མེད་པ། ཆོས་བརྗོད་དུ་མེད་པ། འབད་མེད་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཀྱི་སྒོ་ནས་ཆོས་སྐུ་ཞེས་བརྗོད་པའོ། །ཕུན་སུམ་ཚོགས་པ་ལྔ། བརྗོད་དུ་མེད་པ་དང༌། ལྷུན་གྱིས་གྲུབ་པ་གཉིས་ཏེ། བརྒྱད་ནི། དབང་བཞིའི་ས་བོན་བཞི་དང༌། འབྲས་བུ་བཞི་སྟེ་བརྒྱད་སྨིན་པ་ལས་བྱུང་བའོ། །ལོངས་སྐུའི་སྟོན་པ་རྣམ་པར་སྣང་མཛད་གང་ཆེན་མཚོ། །གནས་རྣམ་དག་སྟུག་པོ་བཀོད་པ། བསྟན་པ་རང་བྱུང་གི་ཡི་གེ་དྲུག་གི་རང་སྒྲ་ལྗགས་ཀྱི་འོད་ཟེར་ལས་འཕྲོ་བ་བསྟན་པའི་བུ་གཅིག འཁོར་ཉིད་ལས་མི་གཞན་པ་རིགས་བཞིའི་སངས་རྒྱས། དུས་རང་བཞིན་རྣམ་དག་ཆེན་པོ། ཞིང་ཁམས་ཕྱག་མཉམ་གཞག་གི་མཐིལ་ན། ཡས་མར་བརྩེགས་པའི་ཉི་ཤུ་རྩ་ལྔ། སྐྱིལ་ཀྲུང་མན་ཆད་ལ་བཅུ་དྲུག དེ་དག་ཀྱང་ཡས་མན་དུ་བལྟས་པས་རྒྱ་དེབ་བརྩེགས་པ་ལྟ་བུར་བར་ན་རྣམ་དག་གི་ནམ་མཁས་བཅད་ནས་གནས་ལ། ཕན་ཚུན་ནི་ཟ་འོག་གི་གུར་ཁྱིམ་བཀྲམ་པ་དང་འདྲ་སྟེ། སོ་སོའི་ལྕགས་རི་དང་མཚོས་པར་བཅད་དེ་གནས་སོ། །ཆོས་ནི་རང་གི་ངོ་བོ་རྣམ་དག་ཆེན་པོའི་ཆོས་ལ་སྤྱོད་

དེ་ཉིད་དང་བརྗོད་དུ་མེད ] རྗོད O T U · བརྗོད་པའོ་ཕུན་སུམ་ཚོགས་པ ] གསུམ T U · པར་སྣང་མཛད་གང་ཆེན་མཚོ ] གངས P · ཆེན་མཚོ་གནས་རྣམ་དག་སྟུག ] རྣམས W K · གི་རང་སྒྲ་ལྗགས་ཀྱི་འོད ] ཡགས P · བསྟན་པའི་བུ་གཅིག་འཁོར་ཉིད་ལས ] གཅིགའཁོར P · འཁོར་ཉིད་ལས་མི་གཞན་པ་རིགས ] མིག W K · ན་ཡས་མར་བརྩེགས་པའི་ཉི ] རྩེགས O T U · རྩ་ལྔ་སྐྱིལ་ཀྲུང་མན་ཆད ] དཀྲུང O T U · ཡས་མན་དུ་བལྟས་པས་རྒྱ ] ལྟས O U · རི་དང་མཚོས་པར་བཅད་དེ ] བར A P

[p. 384] པའོ། །འཐད་པ་ནི་འོད་དང་ཁ་དོག་སྐུ་དང་ཡེ་ཤེས་ལ་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །དེ་ཡང་འོད་ཟེར་གྱི་སྦྱོར་བ་དག་པ་ཡབ་ཀྱི་ཞལ་ནས་ཞུགས་ཏེ་གསང་བའི་གནས་ནས་ཡུམ་གྱི་མཁའ་ལ་འཐོན་ནས་སྤྲུལ་པ་འགྱེད་པ་སྟེ། ཕུན་སུམ་ཚོགས་པ་ལྔ། ཞིང་དང་སྤྲུལ་པ་གཉིས་ཏེ་བརྒྱད་དོ། །དེ་ཡང་དབང་བརྒྱད་ཀྱི་འབྲས་བུའོ། །སྤྲུལ་པ་སྐུའི་སྟོན་པ་དྲུག་པ་རྡོ་རྗེ་འཆང༌། གནས་ལྕང་ལོ་ཅན་ཏེ་འོག་མིན་གྱི་མིང་གི་བྱེ་བྲག་གོ །བསྟན་པ་རང་བཞིན་རྫོགས་པ་ཆེན་པོ། འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ། དུས་སྐུས་འདུལ་བའི་དུས། ཞིང་ཁམས་རྒྱ་ཆེ་བ་ཚངས་ཆེན། དེ་ལས་ཁོལ་བུར་ཕྱུང་ན་མི་མཇེད་དེ་གླིང་བཞི་རི་རབ་དང་བཅས་པ་བྱེ་བ་ཕྲག་བརྒྱའོ། །ཆོས་བསྟན་པ་དངོས་དང་གཟུགས་བརྙན་གཉིས་སོ། །འཐད་པ་གང་ལ་གང་འདུལ་དུ་སྤྲུལ་བས་ན་སྤྲུལ་སྐུའོ། །རང་གཞན་གྱི་དོན་གཉིས་རྫོགས་པའི་འཕྲིན་ལས་དང་བརྒྱད་དོ། །ངོ་བོ་ཉིད་ཀྱི་སྐུའི་སྟོན་པ་བསམ་བརྗོད་རྣམ་པར་དག་པ། གནས་བསམ་འདས་མཚན་གཞི་དང་བྲལ་བ། བསྟན་པ་རྡུལ་མེད་ཅིང་དྲི་མ་མེད་པ། འཁོར་ཡེ་ཤེས་རྒྱ་མཚོ། ཞིང་ཁམས་བདེ་ཆེན་རྣམ་དག །ཆོས་ངོ་འབྱེད་པ་མེད་པ། ལས་སེམས་ཉིད་ཕྱིན་ཅི་ལོག་ལས་འདས་པ་དང་བརྒྱད་དོ། །དེ་ཐམས་ཅད་ཀྱི་རང་

ཡང་འོད་ཟེར་གྱི་སྦྱོར་བ ] om. W K · པ་སྟེ་ཕུན་སུམ་ཚོགས་པ ] གསུམ T U · ལྕང་ལོ་ཅན་ཏེ་འོག་མིན ] སྟེ O T U · འདས་པ་དུས་སྐུས་འདུལ་བའི ] སྐུ W K · དེ་ལས་ཁོལ་བུར་ཕྱུང་ན ] བུ P · འདུལ་དུ་སྤྲུལ་བས་ན་སྤྲུལ ] པས A P D · བས་ན་སྤྲུལ་སྐུའོ་རང་གཞན ] སྐུའི W K

[p. 385] བཞིན་རྟགས་ཀྱི་སྐུ་བཞི་ནི། ཆོས་སྐུའི་སྟོན་པ་རང་བཞིན་མ་བཅོས་པ། གནས་སྟོང་པ་ཀུན་ཁྱབ། བསྟན་པ་འདུལ་སྟངས་རྣམ་དག འཁོར་རང་བཞིན་ཡོངས་དག དུས་ངེས་མེད་སྣ་ཚོགས། ཆོས་ཟག་པ་རང་ཟད། འཐག་པ་ཆོས་ཀྱི་ཕུང་པོ་འདུས་པས་ན་ཆོས་ཀྱི་སྐུའོ། །བྱེད་ལས་ལས་བདག་ཏུ་མེད་པའི་ལས་བྱེད་པ་དང་བརྒྱད་དོ། །གཟུགས་སྐུའི་སྟོན་པ་སྐུ་སྣང་ལ་རང་བཞིན་མེད་པ་ཞལ་ཀུན་ཏུ་ཐལ་ལེ་བ། གནས་ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ། བསྟན་པ་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པ། འཁོར་སྣང་བ་དང་མི་སྣང་བ། དུས་སྤྲོས་བཞིའི་ཚིག་ཙམ་དུ་བྱུང་བ། ཞིང་ཁམས་ཕྱི་ནས་བལྟས་པས་ནང་གསལ་བ། ཆོས་སྤྲོས་གཞི་རྣམ་པར་དག་པ། འཐད་པ་གཟུགས་རྡུལ་དང་རྡུལ་ཕྲན་དག་པར་བྱེད་པས་ན་གཟུགས་སྐུའོ། །ལས་ཀྱི་གཟུགས་ཅན་རྣམས་ཀྱི་ལས་ཟད་པར་བྱེད་པ་དང་བརྒྱད་དོ། །དེ་དག་གི་ཞར་ལ་ཞི་བའི་སྐུའི་སྟོན་པ་རང་ཤེས་རིག་གི་རྒྱལ་པོ་འདུས་མ་བྱས་པ་གནས་ཙིཏྟ་རིན་པོ་ཆེའི་གཞལ་མེད་ཁང༌། བསྟན་པ་རྩ་རླུང་ཐབས་ཀྱི་མན་ངག འཁོར་ཡེ་ཤེས་ལྔ་དང༌། རླུང་ལྔ་དང༌། ཤེས་རབ་ལྔ་དང༌། འོད་ལྔ་དང༌། སྐུ་ལྔ་དང༌། རིགས་ལྔའོ། །དུས་ལུས་དང་སེམས་འཛོམ་པའོ། །ཞིང་ཁམས་འགྲོ་བ་འདུལ་བ། ཆོས་

པ་རང་ཟད་འཐག་པ་ཆོས ] འཐད A P S T U · ཕུང་པོ་འདུས་⁁་པས་ན ] པས་ན་ཆོས་ཀྱི་ཕུང་པོ་འདུས W K · པ་ཞལ་ཀུན་ཏུ་ཐལ་ལེ ] དུ A D O S T U · མེད་པ་ཀུན་ཏུ་ཡང་ནང ] དུ A D S · དང་མི་སྣང་བ་དུས་སྤྲོས ] པ O U · བ་དུས་སྤྲོས་བཞིའི་ཚིག་ཙམ ] གཞིའི O T U · ཁམས་ཕྱི་ནས་བལྟས་པས་ནང ] ལྟས O T U · པ་རྩ་རླུང་ཐབས་ཀྱི་མན ] ཐམས་ཅད W K

[p. 386] འཁོར་བ་དང་མྱ་ངན་ལས་འདས་པ། འཐད་པ་དེ་ལ་བརྟེན་ནས་ལུས་སེམས་སྡུག་བསྔལ་ཞི་བས་ན་ཞི་བའི་སྐུར་འཐད་དོ། །ལས་ཁམས་གསུམ་ལས་གྲོལ་བར་བྱེད་པ་སྟེ་བརྒྱད་དོ། །ཁྲོ་བོའི་སྐུའི་སྟོན་པ་ཡེ་ཤེས་ཀྱི་ཧེ་རུ་ཀ་ལྔ། གནས་བྷན་དྷ་འབར་བའི་གཞལ་ཡས་ཁང་སྟེ་ཀླད་པ་དུང་ཁང་དཀར་པོ། བསྟན་པ་བདེ་ཆེན་གྱི་འབར་འཛག །འཁོར་སྒྲོན་མ་རྣམ་པ་བཞི། དུས་ཡེ་ཤེས་རང་འཁྱིལ་བའི་དུས། ཞིང་ཁམས་མིག་གི་དབང་པོ་མཐོང་བ་མ་འགགས་པ། ཆོས་གཟུགས་ཀྱི་དེ་བཞིན་ཉིད། འཐད་པ་ཡུལ་དང་ཤེས་པ་ལ་ཁྲོས་པས་ན་ཁྲོ་བོའི་སྐུར་འཐད་དོ། །ལས་ཀྱི་གདུལ་བྱ་ཕྱིན་ཅི་ལོག་རྣམས་ཚར་གཅོད་པ་དང་བརྒྱད་དོ། །དེ་དག་ལ་སྐབས་འདིར་འབྲས་བུར་གཞག་པ་ནི་གཞི་སྨིན་བྱའི་སྦྱང་གཞི་ཐོག་མའི་འོད་གསལ་ཡིན་པ་དང༌། གདུལ་གཞིའི་འབྲས་བུ་རང་བཞིན་རྣམ་དག་ཡིན་པས་གློ་བུར་རྣམ་དག་གི་ཞར་ལ་སྨོས་པའོ། །དེ་དག་ལ་བརྟགས་པས་དབང་དང་འབྲས་བུ་ལ་བཅུ་དྲུག་ཕྲག་བཞི། སྐུ་ལ་བཅུ་དྲུག་ཕྲག་བཞི་སྟེ་ཕྲག་བརྒྱད་བསྡོམས་པས། བརྒྱ་དང་ཉེར་བརྒྱད་ནི་དབང་བསྐུར་བའི་འབྲས་བུ་ཕུན་སུམ་ཚོགས་པའོ། །གསུམ་པ་མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བ་ནི། དབང་བཞིའི་ས་བོན་གྱི་ཆ་ལས་དྲུག་བརྒྱ་དང་དྲུག་ཅུ་རྩ་དྲུག་གིས་འགྲོ་བ་དྲུག་གི་

པ་དེ་ལ་བརྟེན་ནས་ལུས ] རྟེན O T U · ཀ་ལྔ་གནས་བྷན་དྷ་འབར ] བན O U · ཀ་ལྔ་གནས་བྷན་དྷ་འབར་བའི ] བྷནྡྷ W K · ཡས་ཁང་སྟེ་ཀླད་པ་དུང ] སད P · འཁོར་སྒྲོན་མ་རྣམ་པ་བཞི ] རྣམས W K · ཤེས་པ་ལ་ཁྲོས་པས་ན ] འཁྲོས O T U · འདིར་འབྲས་བུར་གཞག་པ་ནི ] བཞག O T U · པ་དང་གདུལ་གཞིའི་འབྲས་བུ ] བཞིའི W K · དག་ཡིན་པས་གློ་བུར་རྣམ ] བློ O T U · འབྲས་བུ་ཕུན་སུམ་ཚོགས་པའོ ] གསུམ O U · བརྒྱ་དང་དྲུག་ཅུ་རྩ་དྲུག ] བཅུ O T U

[p. 387] ལས་དང་ཉོན་མོངས་པ་དག་པར་མཛད་པའོ། །དེ་ལ་ཐོག་མར་མཐོང་བ་རྣམ་པར་དག་པ་ལས། བདག་ཉིད་ལ་ཟག་པ་མེད་པའི་མངོན་པར་ཤེས་པ་ནི། དབང་པོའི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་གིས་དུས་གསུམ་དུས་གཅིག་ལ་མཐོང་བ་པྲ་སེན་མཐོང་བ་ལྟ་བུ་སྟེ། དེ་ཡང་མིག་གི་མངོན་ཤེས་དྲུག་གིས་གཟུགས་ཐམས་ཅད་ཤེས། རྣ་བའི་མངོན་ཤེས་དྲུག་གིས་བརྗོད་པའི་སྒྲ་ཐམས་ཅད་གཏན་ལ་ཕེབས་སོ། །སྣའི་དྲུག་གིས་འགྲོ་བ་དྲུག་གི་ལས་གཏན་ལ་ཕེབས་སོ། །ལྕེའི་དྲུག་གིས་འགྲོ་དྲུག་གི་འཁོར་དང་ལོངས་སྤྱོད་ཤེས་སོ། །ལུས་ཀྱི་དྲུག་གིས་འགྲོ་དྲུག་གི་གཟུགས་རྡུལ་ཕྲན་དང་རགས་པ་ཐམས་ཅད་ཤེས་སོ། །ཡིད་ཀྱི་དྲུག་གིས་འགྲོ་དྲུག་གི་བསམ་པ་ཐམས་ཅད་ཤེས་སོ། །དེ་ལྟར་དབྱེ་གཞི་ཕྲི་བས་དབང་པོའི་མངོན་ཤེས་སུམ་ཅུས་སྲིད་པ་ཡན་ལག་སུམ་ཅུ་ཤེས་ཤིང༌། མཚན་སུམ་ཅུ་རྩ་གཉིས་གྲུབ་པ་ནི་དབང་སུམ་ཅུ་རྩ་གཉིས་ལས་བྱུང་བའོ། །དེ་ནས་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། སྦྱངས་པའི་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་ཡེ་ཤེས་དྲུག་ཤར་བས་ཚིག་ཐམས་ཅད་ཀྱི་བརྡ་དོན་ཁོང་དུ་ཆུད་པའོ། །བསླབ་པའི་ཤེས་རབ་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་གིས་སེམས་ཉིད་ཆོས་ཉིད་ལ་

ལ་ཕེབས་སོ་སྣའི་དྲུག་གིས ] རྣའི O T U · མངོན་ཤེས་སུམ་ཅུས་སྲིད་པ ] ཅུ W K · མངོན་ཤེས་སུམ་ཅུས་སྲིད་པ ] བཅུས O T U · ཡན་ལག་སུམ་ཅུ་ཤེས་ཤིང ] བཅུ O T U · ཤིང་མཚན་སུམ་ཅུ་རྩ་གཉིས ] བཅུ O T U · ནི་དབང་སུམ་ཅུ་རྩ་གཉིས ] བཅུ O T U · ཀྱི་མཐོང་བ་རྣམ་པར་དག ] རྣམས A D · རབ་ཀྱི་མཐོང་བ་དག་པའི ] པ A D

[p. 388] འཇུག་པ་ཁྱད་པར་ཅན་སྐྱེ་བའོ། །མཐོང་བ་རྣམ་པར་དག་པ་ཞེས་ཀུན་ལ་སྦྱར་ཏེ། ཐོས་པའི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་སྒྲ་དང་དོན་ཐམས་ཅད་ཤེས་སོ། །བསམ་བྱུང་གི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་ཆོས་ཐམས་ཅད་ཀྱི་འདུ་མཆེད་རྟོགས་སོ། །སྒོམ་བྱུང་གི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་ཆོས་དང་སེམས་གཉིས་འདྲེས་ཏེ་ནམ་མཁའ་ལྟར་ཤེས་སོ། །དེ་ལྟར་སུམ་ཅུ་ནི་དབང་གི་འགྱུར་བྱེད་སུམ་ཅུ་རྩ་གཉིས་ཀྱིས་སངས་རྒྱས་ཀྱིས་སྦྱངས་པའི་ཡོན་ཏན་སུམ་ཅུ་རྩ་གཉིས་མཐོང་བ་ལས་བྱུང་བའོ། །དེ་ནས་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། འདིའི་དུས་ན་ཡེ་ཤེས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྙེད་པའོ། །དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་གིས་ཆོས་ཀྱི་མཚན་ཉིད་དང་དགོངས་པ་མངོན་སུམ་དུ་ཤེས་སོ། །མཉམ་པ་ཉིད་ཀྱི་དྲུག་གིས་འཁོར་འདས་གཉིས་སུ་མེད་པར་ཤེས་སོ། །སོ་སོར་རྟོག་པའི་དྲུག་གིས་འགྲོ་བ་དྲུག་གི་དབང་པོ་ལ་སོགས་པ་ཤེས་སོ། །བྱ་བ་གྲུབ་པའི་དྲུག་གིས་ཆོས་ཐམས་ཅད་རྩོལ་བ་དང་བྲལ་བ་དང་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཤེས་སོ། །ཆོས་ཀྱི་དབྱིངས་ཀྱི་དྲུག་གིས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཤེས་སོ། །མི་གནས་པའི་ཡེ་ཤེས་ཀྱི་དྲུག་གིས་

རྣམ་པར་དག་པ་ཞེས་ཀུན ] om. W K · ཀྱི་མངོན་ཤེས་དྲུག་གིས་ཆོས ] དྲུ A D S · ཅད་ཀྱི་འདུ་མཆེད་རྟོགས་སོ ] འཆད O T U · བྱུང་གི་ཤེས་རབ་ཀྱི་མངོན ] བར W K · ཤེས་རབ་ཀྱི་མངོན་ཤེས་དྲུག ] མངོ A S · དེ་ལྟར་སུམ་ཅུ་ནི་དབང ] བཅུ O T U · འགྱུར་བྱེད་སུམ་ཅུ་རྩ་གཉིས ] བཅུ O T U · ཡོན་ཏན་སུམ་ཅུ་རྩ་གཉིས ] བཅུ O T U · དགོངས་པ་མངོན་སུམ་དུ་ཤེས ] གསུམ O U · སོ་སོ་སོར་རྟོག་པའི་དྲུག ] རྟོགས O T U

[p. 389] ཆོས་གང་ལའང་མི་གནས་པ་ཤེས་སོ། །དེ་ཡང་དབྱེ་གཞི་རེ་ཕྲི་བས་མངོན་ཤེས་ལྔ་ཚན་དྲུག་ཏུ་འགྱུར་ཏེ། ཡེ་ཤེས་ཀྱི་མངོན་པར་ཤེས་པ་སུམ་ཅུ་ནི་དབང་སུམ་ཅུ་རྩ་གཉིས་ལས་བྱུང་བའོ། །དེ་ནས་རྣམ་པར་གྲོལ་བའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་སེམས་དང་སེམས་བྱུང་ནུབ་པའོ། །དེ་ལ་རྣམ་གྲོལ་དང་པོའི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་ཤར་བས། ལུས་ཀྱི་ཟག་པ་ཟད་པའོ། །རྣམ་གྲོལ་གཉིས་པ་དྲུག་གིས་ངག་གི་ཟག་པ་ཟད་པའོ། །གསུམ་པའི་དྲུག་གིས་ཡིད་ཀྱི་ཟག་པ་ཟད་པའོ། །བཞི་པའི་དྲུག་གིས་སེམས་ཀྱི་ཟག་པ་ཟད་པའོ། །ལྔ་པའི་དྲུག་གིས་ཤེས་རབ་ཀྱི་ཕུང་པོ་ལ་སྒྲིབ་པའི་ཟག་པ་ཟད་པའོ། །དྲུག་པའི་དྲུག་གིས་ཆོས་དང་ཆོས་ཉིད་ཀྱི་ཟག་པ་ཟད་པའོ། །སུམ་ཅུ་པོ་དེ་དག་གིས་ཕྱི་ནང་གསང་བ་ཡོངས་རྫོགས་ཀྱི་དབང་ལས་བྱུང་བའོ། །དེ་ནས་སྐུ་གསུང་ཐུགས་ཀྱི་ལས་མངོན་དུ་གྱུར་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། སངས་རྒྱས་ཀྱི་མཁྱེན་པ་མ་ལུས་པ་རྫོགས་པའོ། །སྐུ་དངོས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་ཤར་བས་སངས་རྒྱས་ཀྱི་སྐུ་ཐམས་ཅད་མཐོང་ཞིང་རང་གིས་ཀྱང་བརྙེས་པའོ། །སྐུའི་སྣང་བའི་དྲུག་ཤར་བས་འོད་ཀྱི་ཚོགས་མཐའ་ཡས་པ་ལ་སྤྱོད་དོ། །གསུང་དངོས་ཀྱི་དྲུག་ཤར་བས་གསུང་

ཤེས་པ་སུམ་ཅུ་ནི་དབང ] བཅུ O T U · ནི་དབང་སུམ་ཅུ་རྩ་གཉིས ] བཅུ O T U · བྱུང་བའོ་དེ་ནས་རྣམ་པར ] om. W K · གསུམ་པའི་དྲུག་གིས་ཡིད་ཀྱི ] གྱིས W K · དྲུག་གིས་ཡིད་ཀྱི་ཟག་པ ] ཀྱིས W K · ཟད་པའོ་སུམ་ཅུ་པོ་དེ ] བཅུ O T U · གིས་ཕྱི་ནང་གསང་བ་ཡོངས་རྫོགས ] གསུམ་པ O T U

[p. 390] དབྱངས་དྲུག་ཅུ་ལ་སྤྱོད་དོ། །གསུང་གི་སྣང་བའི་དྲུག་གིས་སྒྲ་དབྱངས་དུ་མ་ལ་སྤྱོད་དོ། །ཐུགས་དངོས་ཀྱི་དྲུག་གིས་ཏིང་ངེ་འཛིན་ཐམས་ཅད་ལ་སྤྱོད་དོ། །ཐུགས་ཀྱི་སྣང་བའི་དྲུག་གིས་གཞན་གྱི་སེམས་ཤེས་པ་ལ་སྤྱོད་དོ། །དེ་ལྟར་སུམ་ཅུ་པོ་ནི་དབང་གི་ལྷ་ངོ་སུམ་ཅུ་རྩ་གཉིས་ཤེས་པ་ལས་བྱུང་ངོ༌། །དེ་ནས་ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་ཆོས་ཉིད་ཀྱི་དགོངས་པ་ལ་དབྱེར་མི་ཕྱེད་པར་བཞུགས་སོ། །སེམས་རྣམ་པར་གདུལ་བའི་མངོན་ཤེས་དྲུག་ཤར་བས་སེམས་ཀྱི་རང་བཞིན་ཤེས་སོ། །སེམས་སྦྱང་བའི་དྲུག་གིས་རྩ་བ་ཤེས་སོ། །སེམས་ཞི་བའི་དྲུག་གིས་སེམས་མེད་པའི་མཚན་ཉིད་ཤེས་སོ། །སེམས་རྣམ་པར་དག་པའི་དྲུག་གིས་མི་འགྱུར་བར་ཤེས་སོ། །སེམས་མི་ལྡོག་པའི་དྲུག་གིས་ཁམས་གསུམ་མིང་མེད་པར་ཤེས་སོ། །སེམས་ལས་འདས་པའི་དྲུག་གིས་ཤེས་བྱེད་དང་འདུ་འཕྲོ་དག་སྟེ་མི་ལྡོག་པར་རྟོགས་སོ། །དེ་ལྟར་སུམ་ཅུ་ནི་དབང་གི་རྣམ་པར་འཕྲུལ་པའི་དབྱེ་བ་ཤེས་པ་ལས་བྱུང་ངོ༌། །དེ་ལྟར་མཐོང་བ་དག་པའི་མངོན་ཤེས་བརྒྱ་དང་བརྒྱད་ཅུ་ནི་མོས་པའི་མཐོང་བ་ཙམ་ལས་བྱུང་བའོ། །དེ་ཡང་ཕྱེ་ན་མོས་པའི་བཞི་ལ་བཞི་བཅུ་རྩ་ལྔ་ལྔའི་ཡོན་ཏན་དུ་འབྱུང་བ་ནི། སྤྲོས་བཅས་ཀྱི་དབང་ཐོབ་པ་ལས་བྱུང་བའོ། །

གསུང་དབྱངས་དྲུག་ཅུ་ལ་སྤྱོད ] བཅུ O T U · དེ་ལྟར་སུམ་ཅུ་པོ་ནི ] བཅུ O T U · ལྷ་ངོ་སུམ་ཅུ་རྩ་གཉིས ] བཅུ O T U · སོ་སེམས་སྦྱང་བའི་དྲུག་གིས ] པའི T U · དེ་ལྟར་སུམ་ཅུ་ནི་དབང ] བཅུ O T U · རྣམ་པར་འཕྲུལ་པའི་དབྱེ་བ ] བའི O T U · མོས་པའི་བཞི་ལ་བཞི་བཅུ ] om. W K · ལྔའི་ཡོན་ཏན་དུ་འབྱུང་བ ] om. W K

[p. 391] དེའི་འགྲེས་ཀྱིས་ཐོས་པ་རྣམ་པར་དག་པའི་མངོན་ཤེས་ཀྱང་བརྒྱ་དང་བརྒྱད་ཅུར་འགྱུར་ཏེ། དེ་ལའང་ཡེ་ཤེས་བཞིའི་ཡོན་ཏན་འཇུག་པ་སྔར་དང་འདྲའོ། །འདི་དག་སྤྲོས་མེད་ཀྱི་དབང་ལས་བྱུང་བའོ། །བསམ་བྱ་དག་པའི་བརྒྱ་དང་བརྒྱད་ཅུ་ནི་བསྒྱུར་གཞིའི་དོན་ཤེས་པ་ལས་བྱུང་བ་སྟེ། ཡེ་ཤེས་སུ་དག་པ་དང༌། མྱོང་བྱེད་དག་པའི་བརྒྱ་བརྒྱད་ཅུ་ཆོད་པའི་རང་བཞིན་ཤེས་པ་ལས་བྱུང་བ་དང༌། རེག་བྱེད་དག་པའི་བརྒྱ་བརྒྱད་ཅུ་པ་མདོ་ཤེས་པ་ལས་བྱུང་བ་དང་ཚན་པ་གསུམ་ནི་ཤིན་ཏུ་སྤྲོས་མེད་ཀྱི་དབང་ལས་བྱུང་བའོ། །ཆོས་དག་པའི་མངོན་ཤེས་བརྒྱ་བརྒྱད་ཅུ་ནི་རབ་ཏུ་སྤྲོས་པ་མེད་པའི་དབང་ལས་བྱུང་བའོ། །དེ་ལྟར་ན་ས་དང་སྦྱར་བས་སའི་ཡོན་ཏན་ཉིས་སྟོང་སུམ་བརྒྱ་དང་དྲུག་ཅུ། ཡེ་ཤེས་ཀྱི་བྱེད་པ་དྲུག་བརྒྱ་དང་དྲུག་ཅུ། ཆོས་ཀྱི་རྣམ་གྲངས་སུམ་སྟོང་དང་བརྒྱ་ཉི་ཤུ་རྣམས་ནི་རྡོ་རྗེ་འཆང་གི་སའི་མངོན་ཤེས་ཀྱི་རྣམ་པར་འཕྲུལ་བའི་དབྱེ་བ་ཆེན་པོའོ། །འདི་དག་ནི་དབང་གི་རྣམ་པར་གཞག་པ་སྟེ། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་སྒོ་དང་པོའི་གཞི་གལ་པོ་ཆེ་ཡང་དག་པ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། གཞིའི་དོན་སྨིན་པར་བྱེད་པ་དང་དབང་གི་རྣམ་པར་གཞག་པ་སྟེ་རིམ་ཁང་དྲུག་པའོ། །

བྱུང་བའོ་དེའི་འགྲེས་ཀྱིས་ཐོས ] འདྲེས O T U · ཀྱང་བརྒྱ་དང་བརྒྱད་ཅུར་འགྱུར་ཏེ ] བརྒྱ་བཅུར O U · བརྒྱ་དང་བརྒྱད་ཅུ་ནི་བསྒྱུར ] བཅུ O T U · པའི་བརྒྱ་བརྒྱད་ཅུ་ཆོད་པའི ] བཅུ O T U · བྱུང་བ་དང་རེག་བྱེད་དག ] རིག P · པའི་བརྒྱ་བརྒྱད་ཅུ་པ་མདོ ] བཅུ D O U · བརྒྱད་ཅུ་པ་མདོ་ཤེས་པ ] མངོ O U · ཤེས་བརྒྱ་བརྒྱད་ཅུ་ནི་རབ ] བཅུ O U · བརྒྱ་དང་དྲུག་ཅུ་ཡེ་ཤེས ] བཅུ O T U · བརྒྱ་དང་དྲུག་ཅུ་ཆོས་ཀྱི ] བཅུ O T U · རྣམ་པར་འཕྲུལ་བའི་དབྱེ་བ ] པའི P D O U · གི་རྣམ་པར་གཞག་པ་སྟེ ] བཞག O T U · པར་བྱེད་པ་དང་དབང་གི ] om. P D O T U · གི་རྣམ་པར་གཞག་པ་སྟེ ] བཞག O T U
[edit]
Machine translation, not yet reviewed by a translator. Six AI models translated the text independently; Claude Fable 5.1, as editor, established this version against the Tibetan (September 2026). [p. N] = pages of the base text. Notes on doubtful readings follow the translation. See the contents page for how it was made.

[p. 354]

By its extremely unelaborate, since one enters the maṇḍala of emptiness, the three doors do not enter the three realms. By the utterly unelaborate, the six collections of consciousness (tshogs drug) are purified.

Fourth, the definite divisions of the utterly unelaborate: by the elaborate of the utterly unelaborate—"What is mind?" and so forth—desire and anger are made to be self-liberated. By its unelaborate, through showing the field of the nirmāṇakāya, the aggregates, constituents, and sense sources are emptied. By its extremely unelaborate, through showing the field of the sambhogakāya, one is brought to realize the meaning of mind itself being without going or coming. By its utterly unelaborate, through the prophecy of the dharmakāya, the subtle cognitive obscurations (shes sgrib) of clinging to saṃsāra and nirvāṇa are purified.

Second, the extensive explanation of the divisions of each in its own right, among the four empowerments. First, the elaborate: the elaborate of the elaborate is the joining in samaya, the pouring of the oath-water, and so forth—this is the outer. The unelaborate of the elaborate is bringing one into the maṇḍala, showing the face of the deity, and then conferring the empowerment of the name—this is the inner. The extremely unelaborate of the elaborate is, from the bestowal of the śrāvaka vows through the completion of the nine stages, together with the granting of relief and encouragement—this is the secret. The utterly unelaborate of the elaborate is the vase, the cause of the definitive kāya—this is the

[p. 355] complete. Within this too, in the definitive vase, conferring empowerment by clearly visualizing the support as the celestial palace (gzhal yas khang) and the supported as the deities is the outer, the elaborate, of the complete. Generating the disciple's body as the deity and bestowing upon it the substance empowerments that purify the four elements, such as the sun and moon, and so forth, is the inner, the unelaborate. Bestowing the mudrā and then ascertaining union is the secret, the extremely unelaborate. Bestowing the words that ascertain the meaning of the symbols is the complete, the utterly unelaborate. Thus, just as there are four within the complete, the other three should be understood likewise.

The purpose of dividing the elaborate into sixteen in this way is to destroy the four seals of the body's four elements; and since the four elements too are each divided into four—the earth of earth and so forth—there is the purpose of purifying these sixteen.

Second, the divisions in their own right of the four empowerments of the unelaborate: by the elaborate of the unelaborate, the purification of the four—body, speech, mental faculty, and mind—by way of the four places of the letters is the outer. By its unelaborate, since the three doors are indicated to be groundless and beyond activity and effort, it is the inner. By its extremely unelaborate, since the five objects are taken up as the path, the five doors are liberated into vivid, wide-open clarity—this is the secret. By its utterly unelaborate, since special realization is generated, it is the complete. The purpose of these four is to liberate one from the seals of the four aspects of speech: the basis of expression,

[p. 356] the expresser, what is expressed, and the expressing.

Third, the divisions in their own right of the extremely unelaborate: the elaborate of the extremely unelaborate is distinguishing—this is the outer. Its unelaborate is offering the maṇḍala and making supplication—this is the inner. Its extremely unelaborate is entering the maṇḍala of space—this is the secret. Its utterly unelaborate is introducing awareness to its own face—this is the complete. The purpose of these four is to destroy the seals of the four aspects of the mental faculty: movement, the mover, what is moved, and having moved.

Fourth, the divisions in their own right of the utterly unelaborate: the elaborate of the utterly unelaborate is showing the posture—this is the outer. Its unelaborate is performing the gaze—this is the inner. Its extremely unelaborate is coordinating the gazes and the ways of looking toward the four directions—this is the secret. Its utterly unelaborate is "Go!" and so forth—this is the complete. The purpose of these four is to destroy the seals of the four aspects of mind: thinking, recollection, thought, and clinging.

Here, as to the meaning of the terms "mental faculty" and "mind": the all-ground consciousness (kun gzhi'i rnam par shes pa), which apprehends and conceptualizes the objects of the five doors, is "mind," while that which, without being connected with it, examines earlier and later objects and the generic images (don spyi) that are the objects of the mental faculty is called "mental faculty." Its own

[p. 357] appearing objects (snang yul) are apprehended as entities and apprehended as nonentities (dngos med)—that is, the distinction is made by the apprehension of what is clear and what is unclear. Thus, for each of the divisions in their own right there are four—outer, inner, secret, and complete—making sixteen.

Third, the extremely extensive elaboration through the divisions of the manifold display has three parts: showing the sixteen causes of purification (dag rgyu), together with their transformations, through the divisions of what each individual empowerment purifies (dag byed); showing the abiding nature of empowerment through the definite divisions based on the activities of the body; and showing what purifies karma and afflictions based on the division by number.

First: the sixteen divisions of empowerment in its own right outwardly purify the sixteen actions of the elements; inwardly they purify the sixteen thoughts of mind; secretly they purify the sixteen projections and gatherings ('phen sdud) of the winds; and unsurpassedly they bring about the attainment of the certainty of abiding on the sixteen levels (sa). Hence they are taught as sixteen empowerments. What those empowerments purify (dag bya) is posited with reference to the purification of the stains (dri ma) of the four: body, speech, mental faculty, and mind. Moreover, in the body, because water gathers together the assembled phenomena, it turns into the stain of the binding seal; because fire ripens them and makes them clear, it turns into the stain of being established as an entity; and because wind performs their individual functions, it turns into the stain

[p. 358] of clinging (zhen pa) together with its own continuum. As for speech: when one speaks, there is the stain of being corrupted by the thought of the mental faculty that thinks "I shall speak"; the stain of the body that does the speaking; the stain of examination and analysis (rtog dpyod) of the words spoken; and the stain of what alters thought on the basis of what is expressed. Again, in the movement of the mental faculty: there is the stain of the movement itself—the thoughts of recollection and thinking; the stain of what causes the movement—object and cognition; the stain of what has moved—earlier and later habitual tendencies; and the stain of clinging to what has actually moved. Again, for mind: there is the stain of engaging objects through recollection; the stain of thinking, which motivates all four—virtuous, nonvirtuous, specified, and unspecified (lung du bstan ma bstan); the stain of thought—supposing, vacillation (yid gnyis), doubt (the tshom), and intellectual speculation; and the stain of conceptualizing the various objects that are apprehended.

What purifies those stains is the four empowerments; when they are divided into four each—the elaborate of the elaborate and so forth—they are sixteen. These purify the collection of sixteen stains, four for each of the four: body, speech, mental faculty, and mind. Moreover, to illustrate this first with the elaborate: in the elaborate of the elaborate there are two, the symbolic elaborate and the elaborate of meaning (don); in its unelaborate, the two of symbol and meaning; in its extremely unelaborate, two; and in its utterly unelaborate, the two of symbol and meaning—eight. Likewise, in the unelaborate there are eight—the symbolic unelaborate and

[p. 359] so forth; in the extremely unelaborate, eight; and in the utterly unelaborate, eight—so that they come to thirty-two. And when the assemblage of the four—body, speech, mental faculty, and mind—is divided in the same way, thirty-two are purified; this has the purpose of knowing what is to be purified and what purifies in the generation stage. Thus, when the thirty-two stains to be purified and the thirty-two purifying empowerments are added together, sixty-four is the definite division of what is to be purified and what purifies.

Second, showing the abiding nature of empowerment through the divisions based on the activities of the body: the basis of the thirty-two stains to be purified, the body—though bodies are immeasurably many and diverse—is formed from the four: earth, water, fire, and wind; and when these are each divided into two, male and female, there are eight. Moreover, when earth, water, fire, and wind are each divided into three—lodged in their basis, dispersed, and balanced—there are twelve. Among the empowerments that purify these, too, when the four—the elaborate and so forth—are each divided into three, enlightened body, speech, and mind, the twelve purify them. What is to be purified as the eight—the four elements as male and female—

is purified by the eight obtained when the four empowerments are each divided into two, skillful means and wisdom. Among the particulars of the body's elements, too, when each of the four—earth and so forth—is divided into four—the earth of earth and so forth—there are sixteen;

[p. 360] and these sixteen, through the division into the two, hot and cold, become sixty-four; these are purified by the sixty-four empowerments of the division by symbol and meaning given above. Moreover, if each of the four elements is thoroughly divided, earth alone has sixty-four; and when these are divided into two—the body of the general, pervading element and the actual body that holds its own defining characteristic—earth has one hundred and twenty-eight distinct bodies. Dividing in the same way, water, fire, and wind have three sets of one hundred and twenty-eight; added together, they ripen into five hundred and twelve bodies. Just as the body thus ripens outwardly, so inwardly the afflictions too: for desire—looking, laughing, holding hands, and embracing—these four, being four for the body of each element, make sixteen. For bewilderment—not knowing through dullness, being clouded, being intoxicated, and being mixed with utter ignorance (ma rig pa)—these four, divided among the four bodies, make sixteen. For anger—anger, great anger, greater anger, and utmost anger—divided according to each body, sixteen. For pride (nga rgyal)—subtle, coarse, changing, spreading, and proliferating—these four likewise make sixteen. For envy (phrag dog)—light, heavy, agitated, and subtle—four; divided, they make sixteen. Added together, these make exactly eighty.

[p. 361] If these are divided further in particular, then, since for each of the five hundred and twelve distinct bodies of the elements there abide twenty, by the count of four for each affliction, when all are added together they come to ten thousand one hundred and forty-eight; and adding together the enumerations of both the bodies and the afflictions, exactly ten thousand six hundred and sixty are the stains to be purified. The empowerments that purify them are shown below.

Third, showing what purifies the body and the afflictions through the divisions by number. Among the four kinds of empowerment, first, as for the elaborate, too: when the elaborate of the elaborate, taken as the basis, is divided into four—outer, inner, secret, and fully complete—the outer empowerment of the elaborate of the elaborate is distributing tooth-sticks at the clusters of the preparatory rite; its inner is offering the maṇḍala; its secret is tying on the protection cord and giving kuśa grass; its fully complete is examining dreams. The outer empowerment of its unelaborate is threefold: performing ablution, making supplication, and being summoned inside with the vajra. Its inner is fourfold: giving the oath-water of samaya to drink, the oath to abandon saṃsāra, the oath to take up nirvāṇa, and the oath never to neglect the welfare of sentient beings. Its secret is conferring samaya and vows, entering the maṇḍala, and

[p. 362] offering the flower of the mind. Its fully complete is entering the maṇḍala and being shown the faces of the deities, casting the flower, and the name empowerment. The outer empowerment of its extremely unelaborate is entering the maṇḍala of the śrāvakas, being shown the measure of the levels and paths, being given the upper and lower robes, being given the alms bowl and the fan, and so forth—namely, the pledge of discipline, the levels and so on, the divisions of acts, illustrating dependent origination, imparting meditation, and prophecy; and entering the maṇḍala of the bodhisattvas, generating bodhicitta, being given the vows, taking hold of the special resolve, and so forth. Its inner empowerment is entering the maṇḍala of Kriyā, generating bodhicitta, taking the vows, casting the flower and being shown the faces of the deities, the name empowerment, prophecy, encouragement, reassurance, and the conferral of empowerment. Likewise, entering the maṇḍalas of Upa and Yoga has nine items each, making twenty-seven. Its secret is, for Mahā, prophecy,

entering the maṇḍala, being shown the faces of the deities, casting the flower, the name empowerment, listening, explaining, benefiting, capacity, the empowerment of awareness,

[p. 363] that of the branches (yan lag), and the special empowerment (khyad par gyi dbang)—twelve. Then, for Anu: entering the maṇḍala, definitively indicating the symbol, reassurance, transforming the mudrā, assigning to activity, and ascertaining the entry—six. Its completely complete: introducing into the maṇḍala of the Great Perfection, casting the flower into the maṇḍala of ascertained meditation, being shown the faces of the deities and being conferred empowerment, and being conferred the empowerment of the fruition, perfection free of activity (bya bral)—four.

The outer final empowerment (tha dbang) of the utterly unelaborate of the elaborate: when the empowerments of the nine stages have thus been completed, entering the special empowerment is entering the maṇḍala of the mudrā. Its outer: examining and summoning the consort, seeking the channel and arousing it, seeking bliss, increasing it, bringing it down and holding it, and reversing it and purifying it—six. Its inner empowerment: union, the entering into absorption; the bodhicitta together with the sound of the three syllables; taking it up in a mirror; visualizing it as the three—vajra, lotus, and wheel; placing it on the disciple's tongue; and emptying body and speech—six. Its secret: the three of conferring the blessing of bliss and actual bodhicitta upon the three—body, speech, and mind; and the three of the secret,

[p. 364] what is fit to be secret, and entrusting to secrecy—six. Its completely complete is indication by means of various words: the words of symbol, the words of meaning, and the words in which symbol and meaning are indivisible—three.

Thus, for the elaborate of the elaborate, in the four—outer, inner, secret, and completely complete—there are six empowerments to be conferred. In its outer, distributing the tooth-sticks (so shing)—one. In its inner, offering the maṇḍala—two. In its secret, giving the protection cord (srung skud) and the kuśa grass—two, making four.

In its completely complete, examining dreams and inquiring afterward about good and bad—two, making six. In the outer of the unelaborate of the elaborate, three, making nine. In its inner, four, making thirteen. In its secret, four, making seventeen. In its completely complete, four, making twenty-one. In the outer of the extremely unelaborate: for the śrāvakas, six; for the pratyekabuddhas, five, making eleven; for the bodhisattvas, four, making fifteen. In its inner empowerment: for Kriyā, nine, making twenty-four; for Upa, nine, making thirty-three; for Yoga, nine, making forty-two. In its secret empowerment: for Mahā, twelve, making fifty-four; for Anu, six, making a full sixty. In its completely complete, for Ati, four, making sixty-four. In the outer empowerment of the utterly unelaborate of the elaborate, seventeen. In the inner, six, making twenty-three. In its

[p. 365] secret, six, making twenty-nine. In its completely complete, one, making a full thirty. In the extremely unelaborate, sixty-four, making ninety-four. In its unelaborate, fifteen, making one hundred and nine. In its elaborate, six; thus the items to be conferred in the elaborate are one hundred and fifteen.

In the outer empowerment of the elaborate of the unelaborate: the guru's activities and the disciple's activities—two. In its inner, the maṇḍala and the vase—two, making four. In its secret, the five items of the fine explanation of the maṇḍala and the five fine explanations of the vase, making ten; combined with the preceding four, fourteen. In its completely complete, the guru pronouncing the indication of the name and the disciple generating strength—two, making sixteen.

In the outer empowerment of the unelaborate of the unelaborate: training in the path of the unborn through the approach of A; clearing the way for the unceasing ('gag med) through the accomplishment of A; and purifying body, speech, and mind through the emanation and reabsorption of A—three. In its inner: showing the manner of what is to be purified through ablution; bringing about the attainment of the desired aim through offering the maṇḍala;

and recognizing the entry into activity through seeking the transmission—three. In its secret: through entering the maṇḍala, the key point of introducing awareness into basic space; through being shown the faces of the deities, the introduction to basic space and awareness (dbyings rig); and, through the name

[p. 366] empowerment being conferred, being made a child of the buddhas. Thus three. In its completely complete: the outer, in which, through the verse on object and sense faculties, the prophecy (lung bstan pa) is given—the empowerment of experiencing cognition and object as nondual; the inner, in which, through the verse on the clarity of mind, relief is granted (dbugs dbyung ba)—the empowerment of the unborn, free of any identification; and the secret, in which, through the verse on undifferentiated union, exaltation is given (gzengs bstod pa)—showing the empowerment of the great bliss (bde chen) of nondual basic space and awareness—making twelve.

In the outer of its extremely unelaborate: being fit to enter and being fit to attain—two. In its inner: certainty in conduct and certainty in view—two, making four. In its secret: distinguishing the family and abiding as its very identity—two, making six. In its completely complete: cause and condition—two, making eight.

In the outer of its utterly unelaborate: the abiding of mind and the abiding of speech—two. In its inner: transforming speech and attaining mind—two, making four. In its secret: prophesying bliss and granting relief in secret—two, making six. In its completely complete: abiding in joy and attaining one's own activity—two, making eight.

Thus, in the elaborate of the unelaborate there are sixteen; in its unelaborate,

[p. 367] twelve, making twenty-eight; in its extremely unelaborate, eight, making thirty-six; and in its utterly unelaborate, eight. The fruitions attained through the conferral are forty-four.

In the outer of the elaborate of the extremely unelaborate: supplicating the guru so that the path becomes clear; sealing with the eight letters in order to cut off the emanation and reabsorption of the eight consciousnesses; and sounding PHAṬ so that, the stirrings and feelings of the mental faculty having been blocked, obstacles are pacified—three.

In its inner: ascertaining the direction by seeking out the place; giving a torma (gtor ma) in order to clear away obstructors; and generating joy in the mind—three. In its secret: the object for undertaking the conduct of body, the method of undertaking it, and the purpose of having undertaken it—three. In its completely complete: the object for undertaking the conduct of speech, the method of undertaking it, and the purpose of having undertaken it—three. In the outer of its unelaborate: the object, the method, and the purpose of undertaking the conduct of mind—three. In its inner: the three objects for ascertaining the misdeeds (sdig pa) of body, speech, and mind. In its secret: the three measures of the purification of the misdeeds of body, speech, and mind. In its completely complete: the three methods of confession (bshags pa) if those of body, speech, and mind have not been purified—

[p. 368] making twelve.

In the outer of its extremely unelaborate: enjoyments increasing through the maṇḍala of grain; the constituents flourishing through scent; the sense faculties becoming clear through flowers; and prosperity expanding through jewels—four. In its inner: experiencing bliss through the family being drawn, and generating joy through its being declared to be so—two, making six. In its secret, entering the maṇḍala: by entering through the eastern door, the path is shown as emptiness; by entering through the southern door, mind is introduced as emptiness; by entering through the western door, the afflictions are self-liberated into emptiness; and by entering through the northern door, karma and habitual tendencies are exhausted to their limit in emptiness—four, making ten. In its completely complete: the key point of mind dissolving into mind itself through the casting of the flower of awareness, and, following from that, the granting of relief and the prophecy—two, making twelve.

In the outer of its utterly unelaborate: laying the foundation through the bodily key point of the cross-legged posture (skyil krung); recognizing the five primordial wisdoms by directing the mind to the five suns; and bringing clarity to the mind through the radiating of their light—three. In its inner: seeking the ever-higher path free of thought; establishing the foundation on the level of nirvāṇa (mya ngan las 'das pa) through not turning back again;

and, through pronouncing it three times, on the level where the three kāyas are without meeting or parting,

[p. 369] inseparable—three, making six. In its secret: through the guru rising up, finding the confidence (gdeng) that appearance and existence rise up as the nature of phenomena; through saying "a a," seeking the key point that within the unborn there is no birth; and through pointing a finger at the eyes, bringing clarity to the path by which awareness arises—making nine. In its completely complete: through describing space as vast, becoming familiar with basic space; through stroking space with the hand, the meaning of the symbol blending with experience; and sealing it with "If it goes, is there a place to go? If it stays, is there a place to stay? Is there yet a place to go and a place to return?"—five, making fourteen.

In the outer of the elaborate of the utterly unelaborate: indicating the family by asking "Who is it?"; and closely entering the path through the heart-son (sems kyi bu) giving the reply—two. In its inner: seeking the ground through the posture of the dharmakāya; bringing clarity to the path through the posture of the sambhogakāya; and stirring up the depths through the posture of the nirmāṇakāya—three. In its secret: aligning the key points through the common postures; entering the maṇḍala of the dharmakāya through "e ma" and so forth, the key point of the body; and entering the maṇḍalas of the sambhogakāya and the nirmāṇakāya, aligning the key points of the body—seven, making

[p. 370] nine. In its secret: up to entering the field of the nirmāṇakāya—thirteen. In its completely complete: entering the field of the sambhogakāya, and so on—five, making eighteen.

In the outer of its unelaborate: the buddha field of the dharmakāya—essence, nature, and compassionate responsiveness—three. In its inner: introducing the deities of the three kāyas—three, making six. In its secret: abiding there—three, making nine. In its completely complete: the level of no further return—three, making twelve.

In the outer of its extremely unelaborate: indicating the essence of mind, its etymology, and its divisions—three. In its inner: the abiding of mind, its attainment, and its stability—three, making six. In its secret: the ground, path, and fruition of mind—three, making nine. In its completely complete: the engagement of mind, its pervasion, and its transformation—three, making twelve.

In the outer of the utterly unelaborate of its utterly unelaborate: attaining and abiding through the eleven postures of the body. In its inner: cutting the continuum of the twelve wheels of existence through the twelve of mind—twenty-three. In its secret: through introducing the deity as mind itself, unborn, one gains power over the seven minds and thereby cuts the continuum of the seven constituents of ignorance—thirty. In its completely complete: the six divisions of pith instructions and the four undefiled classes—eleven;

[p. 371] and when these are added together, forty-one.

Thus, in the elaborate of the utterly unelaborate there are eighteen enumerated items. In its unelaborate there are twelve, making thirty. In its extremely unelaborate there are twelve, making forty-two. In its utterly unelaborate there are forty-one, making eighty-three. In the extremely unelaborate there are forty-eight, making one hundred and thirty-one. In the unelaborate: in its elaborate there are sixteen; in its unelaborate, twelve, making twenty-eight; in its extremely unelaborate, eight, making thirty-six; in its utterly unelaborate, eight, making forty-four—thus one hundred and seventy-four. In the elaborate there are one hundred and fifteen, making two hundred and eighty-nine.

Furthermore, the four—enlightened body, speech, and mind, and their inseparability—are taken as the four times, the past, the future, the present, and the indeterminate; and when those two hundred and eighty-nine empowerments are divided according to their connection with these four, they come to eleven thousand one hundred and thirty-six. Thus, when that many purifiers are divided out by the variations produced by the twelve dissimilar bodies of the beings to be purified, there are thirteen thousand six hundred and thirty-two. The afflictions too, when their variations are reckoned, come to ten thousand six hundred and fifty; and beyond these, the surplus of two thousand

[p. 372] nine hundred and seventy-two is intended in view of the gathering in of the limit of karma: it purifies the foregoing divisions of bodies and afflictions.

Incidentally, the presentation of the enumeration of empowerments determined by the divisions of the inner winds to be purified is according to the sequence of the winds of the four elements. Their purifiers, the four empowerments, have sixteen divisions in their own right, and when each of these is divided into four—outer, inner, secret, and wholly complete—there are sixteen for the elaborate; sixteen for the unelaborate, making thirty-two; sixteen for the extremely unelaborate, making forty-eight; and sixteen for the utterly unelaborate, making sixty-four. These sixty-four purify the karma of the thirty-six divisions, namely: among the winds, the four—earth wind, water wind, fire wind, and the wind of wind—each divided into four, scattering, piercing, even, and agitated, making sixteen; and each of these divided into two, male and female.

The third general topic, the fruition of bringing the conferral of empowerment to completion, has two parts: the temporary fruition and the ultimate fruition. The first has a general presentation of the qualities of the path and a particular presentation of how the four vidyādhara levels are attained. First: the elaborate serves as the support for obtaining the qualities of completing the twelve aspects of the path of accumulation (tshogs lam); the unelaborate serves as the support

[p. 373] for completing the four aspects of definite discernment (nges 'byed cha bzhi) of the path of joining (sbyor lam); the extremely unelaborate serves as the support for completing the path of seeing (mthong lam); and the utterly unelaborate serves as the support for completing the nine levels of the path of meditation (sgom lam). Likewise, when the four levels—the level of aspiration (mos pa'i sa), the level of engagement ('jug pa'i sa), the level of transformation (bsgyur ba'i sa), and the level of resolution (chod pa'i sa)—are applied to each of the four empowerments, the qualities of sixteen levels are completed, and thereby one attains the nature in which the common qualities are complete. Furthermore, the elaborate of the elaborate is the level endowed with aspiration, which is the distinction of fervent longing and merit. Its unelaborate is the level of pure engagement, which is to engage with independence in reliance upon certainty through faith. Its extremely unelaborate is the level of transforming entities into purity, which is not to abide in the bonds of body and speech. Its utterly unelaborate is the level where the limit of karma is resolved, which is not to abide in elaboration or in saṃsāra. In the same way this is applied to the remaining three empowerments as well. And if aspiration and the rest are each applied fourfold: the aspiration of aspiration is certainty through faith; the engagement of aspiration is certainty of compassion; the transformation of aspiration is being held by skillful means; the resolution of aspiration is resolving the meaning through wisdom. The aspiration of engagement is aspiring to calm abiding (zhi gnas); its engagement is engaging in special insight (lhag mthong); its transformation is transforming the realization of meditative equipoise (mnyam gzhag) into distinct states; its resolution is resolving the movement of subsequent

[p. 374] cognition. The aspiration of transformation is the liberation of clinging to clothing; its engagement is the liberation of clinging to food; its transformation is the liberation of dreams into luminosity; its resolution is the liberation of habitual tendencies and afflictions. The aspiration of resolution is not abiding in saṃsāra through conduct; its engagement is abiding in meditative concentration through meditation; its transformation is, through the view, not abiding in deluded appearances ('khrul snang) but transforming the three realms into the three kāyas; its resolution is the fruition in which saṃsāra and nirvāṇa are both resolved at one and the same time. Thus these sixteen, added to those sixteen essences of the empowerments, make thirty-two; and when the sixteen levels are each divided into four—primordial wisdom abiding, arising, being attained, and dawning—the sixty-four bring to completion the supreme state of Vajradhara (rdo rje 'chang). Applied to the sixteen essences of the empowerments, they serve as the cause for accomplishing the thirty-two marks.

Second, how the four levels of the vidyādharas are attained: from recollecting the engagement of the four empowerments come the four levels of the vidyādharas—the level of yoga (rnal 'byor gyi sa), the level of great yoga (rnal 'byor chen po'i sa), the level of the yoga of distinguishing ('byed pa'i rnal 'byor gyi sa), and the level of the yoga of realization (rtogs pa'i rnal 'byor gyi sa)—and each of these four being twofold, mastered and not mastered, they are determined as eight. If these too are divided by their parts into four each, then for the level of yoga

[p. 375] too there are four: yoga, the yoga of action (bya ba'i rnal 'byor), the yoga of conduct (spyod pa'i rnal 'byor), and the yoga of transformation (bsgyur ba'i rnal 'byor). For great yoga there are four: the level of utmost yoga (shin tu rnal 'byor gyi sa), the level of the yoga certain of its own level (rang sa nges pa'i rnal 'byor gyi sa), the level of the yoga of elaboration (spros pa'i rnal 'byor gyi sa), and the level of the yoga of perfection free of activity (bya bral rdzogs pa'i rnal 'byor gyi sa). For the level of the yoga of distinguishing there are four: the level of the symbol (brda'i sa), the level of the meaning (don gyi sa), the level of the inseparability of symbol and meaning (brda don dbyer med kyi sa), and the level of the unmixed (ma 'dres pa'i sa). For the level of the yoga of realization there are four: the level of miraculous display (rdzu 'phrul 'phrul pa'i sa), the level of special realization (khyad par rtogs pa'i sa), the level of manifest emergence (mngon par 'byung ba'i sa), and the level of the hero who distinguishes the families (dpa' bo rigs 'byed kyi sa). Added together, these make sixteen levels.

Thus, among the sixteen levels, on the first level the seven miraculous powers that serve as indicators (shes byed) are these: emanating one's own body as a hundred thousand; emanating a hundred thousand limbs upon those; emanating a hundred thousand heads upon a single body; emanating a single head upon a hundred thousand bodies; and emanating a hundred thousand dissimilar bodies upon a single head and then sending forth emanations from them—these are five; emanating immeasurable dissimilar heads and limbs upon the body—six; and emanating various kinds of birth—seven. These arise from realizing the level of mastery (dbang du gyur pa'i sa). On the second level: the ability to open one's own torso

[p. 376] and show one's lungs and heart to others; the ability to make fire blaze from the upper part of the body while water gushes from the lower part; the ability to sever one's limbs and scatter them in the four directions; the ability to make the five sense faculties, the eyes and the rest, fall to the ground; the ability to hurl mountains by the strength of the body; the ability to raise the great outer ocean into the sky; and making the planets and stars fall to the ground—seven. These arise from the seven branches having gone before at the time of empowerment. On the third level: the ability to bind the wind with a lasso; changing the intentions of beings into something else; the ability to liberate the kings of the gods who protect the world; the ability to captivate the minds of the ḍākinīs; the ability to liberate a hundred beings and to revive those who have been liberated; the ability to sport with the daughters of gods, nāgas, and yakṣas; and the ability to sap the strength of the great worldly gods such as Maheśvara—seven. These arise from generating bodhicitta at the time of the conferral of empowerment. On the fourth level: the ability to transform space into vajra; to transform fire into water; to transform water into fire; to transform earth into fire; to transform earth into water; to transform wind into fire; and the ability to transform fire into wind—seven. These arise from the emanation and reabsorption of letters (yi ge spro bsdu)

[p. 377] having been meditated upon. By the fifth level one is able to exercise mastery over the seven spaces; this arises from having meditated on emptiness. By the sixth level, exercising mastery over the seven fires arises from the indicator of empowerment having gone before. By the seventh level, mastery over the seven of earth, produced by making one into two, arises from having meditated on the elements stacked in tiers ('byung ba rim brtsegs). Further, mastery over the seven waters arises from the preliminaries (sngon 'gro) having been gone through. By the eighth level, mastery over the seven winds arises from having trained the winds of the four wheels. By the ninth level, the ability to set in motion by means of the seven branches of awakening (byang chub kyi yan lag bdun) arises from application having gone before. By the tenth level, mastery over the seven activities to be performed as Dharma (chos su bya ba) arises from having meditated on the deity. By the eleventh level, the ability to emanate seven horses with the force of clouds arises from having undertaken diligence. By the twelfth, the ability to emanate seven monks endowed with coolness arises from having abided by samaya and vows. By the thirteenth, the ability to emanate seven celestial palaces (gzhal med khang) of the gods arises from having meditated on the celestial palace. By the fourteenth, the ability to emanate seven world-realms ('jig rten gyi khams) arises from having pleased the guru. By the fifteenth, the ability to emanate seven yidam deities arises from having meditated on the yidam.

[p. 378] By the sixteenth, the ability to emanate seven goddesses, to enjoy the purifiers of the six objects—form and the rest—and to display the birthplaces of the six classes of beings, nineteen in all, arises from the empowerments having been completed. Thus the arising of a full hundred miraculous powers on the sixteen levels is called the level of the vidyādhara. Its other synonyms are the fully matured (rnam par smin pa), mastery over life (tshe la dbang ba), mahāmudrā, and the spontaneously present (lhun gyis grub pa); these correspond, in order, to yoga, great yoga, the yoga of differentiation, and the yoga of realization. Among these, the fully matured vidyādhara is one whose mind has matured into the kāya of the deity but whose body has not matured, and who is therefore liberated in the intermediate state (bar do). The one with mastery over life is liberated in that very [body]. Mahāmudrā is body and mind matured into the deity. Spontaneous presence is the accomplishment of the two aims, one's own and others'. The sixteen [levels] should be correlated with these as before, and their qualities understood. The fully matured one, if there is no interruption, obtains mastery over life in that very lifetime and then obtains the fruition. The one with mastery over life, having trained in miraculous powers for one great eon, attains the level of Vajradhara. The one of mahāmudrā attains the level of Vajradhara in a hundred years. The spontaneously present one attains the level of Vajradhara in a thousand years, because through the four enlightened activities

[p. 379] he accomplishes the two aims. The four enlightened activities are pacifying (zhi ba), enriching (rgyas pa), magnetizing (dbang), and wrathful (drag po). Among these, through the elaborate [empowerment] the activity of pacifying is performed: it pacifies both the manifest obstacles of body and mind, which are entities, and the two kinds of stains, subtle and coarse, which are non-entities. When divided: the pacifying of pacifying is [of] cognition and wind; the enriching of pacifying is [of] life and merit; the magnetizing of pacifying is the power of body and speech; the wrathful of pacifying is that the two are pacified and one abides as one. Through the unelaborate [empowerment] the activity of enriching is accomplished. When divided: the pacifying of enriching is the exhaustion of bad conceptual thoughts; the enriching of enriching is life and merit, retinue and enjoyments, experiences and blessings; the magnetizing of enriching is the increase of whatever is to be accomplished, just as one desires; the wrathful of enriching is the perfection of the powers of body, speech, and mind. Through the extremely unelaborate [empowerment] the activity of magnetizing is accomplished. When divided: the pacifying of magnetizing is the pacifying of the obstacles of body, speech, and mind; the enriching of magnetizing is the increase of view, meditation, conduct, and fruition; the magnetizing of magnetizing is the gathering of humans and nonhumans; the wrathful of magnetizing is the accomplishment of summoning and so forth. Through the utterly unelaborate [empowerment] the wrathful activity is accomplished. When divided: the pacifying of the wrathful is the activities of summoning and binding; the enriching of the wrathful is separating and expelling; the magnetizing of the wrathful is that no fault can be found

[p. 380] against oneself; the wrathful of the wrathful is the accomplishment of humbling, slaying, and so forth. Thus these sixteen are the fruitions of the sixteen divisions within [the empowerments] themselves—the elaborate of the elaborate and so forth. Furthermore, if they are divided by way of emanations, there are as many purifiers as the number of the dissimilar bodies, and just that many is the number of the enlightened activities. Moreover, what is obtained provisionally is as follows. Through the elaborate empowerment, the qualities of the body: long life, freedom from illness, the affection of beings, possession of merit, the accomplishment of miraculous powers, seeing the subtle particles of the body, and so forth. Through the unelaborate: turning the wheel of Dharma, being pleasing to the ears of others, being heeded just as one commands, mastery over the Word and the treatises, knowing the languages of nonhumans, and so forth. Through the extremely unelaborate: purity of the mental faculty, samādhi, awareness, whatever is thought arising as the nature of phenomena, realizing the four times as a single time, knowing death, transference, and birth, and so forth. Through the utterly unelaborate: the mind's fitness for action, superknowledge (mngon par shes pa), blessing life so that it is immeasurable, and so forth. In particular, the obtaining of the qualities of the four visions through the four empowerments is as follows: through the elaborate, the [vision of] direct perception of the nature of phenomena;

[p. 381] through the unelaborate, the [vision of] increase of experience (nyams gong 'phel);

through the extremely unelaborate, [the vision of] awareness reaching full measure (rig pa tshad phebs); and through the utterly unelaborate, the vision of exhaustion in the nature of phenomena (chos nyid zad pa'i snang ba). With each of these, one obtains one quality of outer appearance, one inner samādhi of experience, one secret distinctive view and enlightened intent (lta dgongs), and one measure of the complete teaching, and then, with the defiled no longer appearing, one is joined to the level of buddhahood (sangs rgyas kyi sa). These are the provisional (gnas skabs) qualities, held in common. Second, the ultimate fruition (mthar thug gi 'bras bu) is the level of the Protector Vajradhara, that is, the complete obtaining of the qualities of the wheel of inexhaustible ornaments (mi zad pa rgyan gyi 'khor lo) of enlightened body, speech, and mind. Divided, there are three: a brief presentation of the buddha field in which kāya and primordial wisdom neither join nor separate; an extensive explanation of its inconceivable divisions; and mastery through limitless superknowledge. First: to the four fruitions of empowerment brought to its culmination belong four signs and four measures, making twelve; the four kāyas of ripening (smin so) make sixteen; the four primordial wisdoms make twenty; the four light rays of primordial wisdom make twenty-four; the four emanations sent forth by the light make twenty-eight; and the four fields of those to be tamed (gdul zhing) by the emanations make thirty-two. That the meaning arises through ripening into these thirty-two comes from having obtained the thirty-two empowerments on the path. Moreover, for the four kāyas, counting four each of the primordial wisdom abiding

[p. 382] in the ground (gzhi gnas kyi ye shes), the primordial wisdom that apprehends characteristics (mtshan nyid 'dzin pa'i ye shes), the omniscient primordial wisdom (thams cad mkhyen pa'i ye shes), and the primordial wisdom that knows all aspects (rnam pa thams cad mkhyen pa'i ye shes) makes sixteen; and counting four each of the knowledges of primordial wisdom (ye shes kyi mkhyen pa) makes sixteen; these thirty-two are called "the thirty-two enumerations of kāya and primordial wisdom." The completion of these is the sixteen levels of Vajradhara, together with the sixteen objects of primordial wisdom that are its deeds (mdzad pa). From the five own lights (rang 'od) of the appearance of primordial wisdom, the maṇḍalas of the five fields are spontaneously present: in the expanse of deep-blue light, the maṇḍala of Vairocana is complete. Likewise, through the white, Akṣobhya;

through the yellow, Ratnasambhava; through the red, Amitābha; and through the green, the maṇḍala of Amoghasiddhi is spontaneously present. From those maṇḍalas, emanations of the four enlightened activities are sent forth into the fields of those to be tamed, and through the four fields of those to be tamed—Abhirati (mngon par dga' ba) in the east, Śrīmat (dpal dang ldan pa) in the south, Padmakūṭa (padma brtsegs pa) in the west, and Karmaprasiddhi (las rab rdzogs pa) in the north—beings are ripened. Second, the extensive explanation by way of the inconceivable divisions: the buddha fields of the four kāyas are each divided into five excellences (phun sum tshogs pa lnga). First, for the dharmakāya: the teacher (ston pa) is glorious Samantabhadra; the place is the basic space of phenomena (chos kyi dbyings);

[p. 383] the teaching is the teaching of the enlightened mind (thugs) of all buddhas; the retinue is unconditioned ('dus ma byas pa); and the time is the absence of transition and change in the nature of phenomena—these five. The reasoning for positing them as the dharmakāya is this: that very utterly pure buddha field is inexpressible, its Dharma is inexpressible, and by way of the effortless, spontaneously present nature of phenomena, it is called "dharmakāya." The five excellences together with the two—inexpressibility and spontaneous presence—make eight; these arise from the ripening of eight: the four seeds of the four empowerments and the four fruitions. For the sambhogakāya: the teacher is Vairocana Gangchentso, "Great Glacial Ocean" (rnam par snang mdzad gang chen mtsho); the place is the utterly pure Dense Array (stug po bkod pa); the teaching is the natural sound of the six self-arisen letters, radiating from the light rays of his tongue—the Single Child of the Teaching (bstan pa'i bu gcig); the retinue, not other than himself, is the buddhas of the four families; and the time is the great natural utter purity. As for the buddha field: in the palms of his hands resting in meditative equipoise, there are twenty-five stacked from above downward, and from his crossed legs downward there are sixteen. These, viewed from above and below, abide like stacked books (rgya deb), divided in between by the sky of utter purity; in relation to one another they are like brocade tents spread out, and they abide divided each by its own iron mountains and lakes. As for the Dharma: they engage in the Dharma of the great utter purity of their own essence.

[p. 384] As for the justification ('thad pa): because it enjoys light and color, kāyas and primordial wisdom, it is called the sambhogakāya, the "kāya of perfect enjoyment." Moreover, the pure union of light rays enters through the mouth of the father, emerges from the secret place into the space of the mother, and sends forth emanations.

The five excellences, together with the two—field and emanation—make eight. These, too, are the fruition of the eight empowerments. For the nirmāṇakāya: the teacher is the sixth, Vajradhara; the place is Alakāvatī (lcang lo can), which is a particular name of Akaniṣṭha ('og min); the teaching is the natural Great Perfection; the retinue is the mundane and the supramundane; the time is the time of taming by means of the kāya; the buddha field is the vast Great Brahmā (tshangs chen), and if a portion is extracted from it, it is Sahā (mi mjed), a hundred times ten million sets of the four continents together with Mount Meru; the Dharma is twofold, the actual teaching and its reflection; the justification: because it emanates as whatever tames whomever, it is the nirmāṇakāya; and with the enlightened activity that perfects the two aims, one's own and others', there are eight. For the svābhāvikakāya: the teacher is utter purity beyond thought and expression; the place is beyond thought, free of any basis of characterization; the teaching is free of dust and free of stains; the retinue is the ocean of primordial wisdom; the buddha field is utterly pure great bliss; the Dharma is without any distinguishing of identities; and with the activity, mind itself transcending error, there are eight. The four kāyas of signs (rtags kyi sku bzhi), which are the nature

[p. 385] of all these, are as follows. For the dharmakāya: the teacher is the uncontrived nature; the place is all-pervading emptiness; the teaching is the utterly pure manner of taming; the retinue is the wholly pure nature; the time is indeterminate and manifold; the Dharma is defilements naturally exhausted; the justification: because the collection of Dharma is gathered together, it is the dharmakāya; and with the function (byed las), performing activity in which there is no self as agent, there are eight. For the form kāya: the teacher is the kāya that appears yet has no nature, its face transparently open in every direction; the place is without outside or inside, everything having become inside; the teaching is the distinguishing of Dharma from what is not Dharma; the retinue is the apparent and the non-apparent; the time is what arises merely as the words of the four elaborations (spros bzhi); the buddha field is that which, viewed from outside, is clear within; the Dharma is the utterly pure ground of elaboration; the justification: because it purifies the particles of form and the subtle particles, it is the form kāya; and with the exhausting of the karma of those who possess karmic forms, there are eight. Incidentally to these, for the peaceful kāya (zhi ba'i sku): the teacher is the unconditioned king of self-knowing awareness (rang shes rig); the place is the celestial palace of the precious citta;

the teaching is the pith instructions on the skillful means of the channels and winds; the retinue is the five primordial wisdoms, the five winds, the five discerning wisdoms, the five lights, the five kāyas, and the five families; the time is when body and mind come together; the buddha field is the taming of beings; the Dharma is

[p. 386] saṃsāra and nirvāṇa; the justification: because, in reliance upon it, the sufferings of body and mind are pacified, it is fittingly the peaceful kāya; and with the activity, liberating from the three realms, there are eight. For the wrathful kāya (khro bo'i sku): the teacher is the five herukas of primordial wisdom; the place is the celestial palace of the blazing bhāṇḍa, that is, the brain, the white conch chamber; the teaching is the blazing and dripping ('bar 'dzag) of great bliss; the retinue is the four kinds of lamps; the time is the time when primordial wisdom coils upon itself; the buddha field is the unobstructed seeing of the eye faculty; the Dharma is the suchness (de bzhin nyid) of form; the justification: because it is wrathful toward objects and cognition, it is fittingly the wrathful kāya; and with the activity, annihilating those to be tamed (gdul bya) who are in error, there are eight. As for positing these as fruition in this context: because the basis of purification (sbyang gzhi) of the ground to be ripened is the original luminosity, and because the fruition of the ground to be tamed (gdul gzhi) is natural utter purity, they are mentioned incidentally to the utter purity from the adventitious (glo bur rnam dag). When these are examined, there are four sets of sixteen for the empowerments and fruitions and four sets of sixteen for the kāyas; adding up these eight sets, one hundred and twenty-eight is the excellent fruition of the conferral of empowerment. Third, exercising mastery through limitless superknowledges: from the aspect of the seeds of the four empowerments, by means of six hundred and sixty-six, he purifies the karma and afflictions of the six classes of beings.

[p. 387] Among these, first, from utterly pure seeing (mthong ba rnam par dag pa), the undefiled superknowledge present in oneself is this: through the six superknowledges of the utterly pure seeing of the sense faculties, the three times are seen at a single time, like seeing in a prasena divination. Moreover, through the six superknowledges of the eye, all forms are known. Through the six superknowledges of the ear, all the sounds of expression are ascertained. Through the six of the nose, the karma of the six classes of beings is ascertained. Through the six of the tongue, the retinues and enjoyments of the six classes of beings are known. Through the six of the body, all the forms of the six classes of beings, both subtle particles and coarse, are known. Through the six of the mental faculty, all the thoughts of the six classes of beings are known. Thus, when the basis of division (dbye gzhi) is subtracted, the thirty superknowledges of the sense faculties know the thirty branches of existence (srid pa yan lag),

and the accomplishment of the thirty-two marks arises from the thirty-two empowerments. Then the six superknowledges of the utterly pure seeing of wisdom arise: through the arising of the six primordial wisdoms of the utterly pure seeing of trained wisdom (sbyangs pa'i shes rab), the symbolic meaning of all words is comprehended. Through the six superknowledges of the pure seeing of the wisdom of training (bslab pa'i shes rab), a special engagement of mind itself in the nature of phenomena

[p. 388] is born. The phrase "utterly pure seeing" is to be applied to all of them. Through the six superknowledges of the wisdom of hearing, all sounds and meanings are known. Through the six superknowledges of the wisdom arisen from reflection, the gathering and spreading ('du mched) of all phenomena is realized. Through the six superknowledges of the wisdom arisen from meditation, phenomena and mind merge and are known to be like space. Thus these thirty arise from seeing, by means of the thirty-two transformative agents ('gyur byed) of empowerment, the thirty-two qualities in which the buddhas have trained. Then the six superknowledges of the utterly pure seeing of primordial wisdom arise: at this time the eye of primordial wisdom, free of dust and free of stains, is obtained. Moreover, through the six superknowledges of the pure seeing of mirror-like primordial wisdom (me long lta bu'i ye shes), the defining characteristics of phenomena and the enlightened intent are known directly. Through the six of the primordial wisdom of equality (mnyam pa nyid), saṃsāra and nirvāṇa are known to be nondual. Through the six of the discerning primordial wisdom (so sor rtog pa), the sense faculties and so forth of the six classes of beings are known. Through the six of the all-accomplishing primordial wisdom (bya ba grub pa), all phenomena are known to be free of effort, and all buddha fields are known. Through the six of the primordial wisdom of the basic space of phenomena, all the qualities of the buddhas are known. Through the six of the nonabiding primordial wisdom (mi gnas pa'i ye shes),

[p. 389] nonabiding in any phenomenon whatsoever is known. Here too, when one basis of division is subtracted from each, they become six sets of five superknowledges; and these thirty superknowledges of primordial wisdom arise from the thirty-two empowerments. Then the six superknowledges of complete liberation (rnam par grol ba) arise:

at this time mind and mental factors (sems byung) subside. Here, through the arising of the six superknowledges of the utterly pure seeing of the first liberation, the defilements of the body are exhausted. Through the six of the second liberation, the defilements of speech are exhausted. Through the six of the third, the defilements of the mental faculty are exhausted. Through the six of the fourth, the defilements of mind are exhausted. Through the six of the fifth, the defilements that obscure the aggregate of wisdom are exhausted. Through the six of the sixth, the defilements of phenomena and of the nature of phenomena are exhausted. These thirty arise from the empowerments of the outer, inner, and secret in their entirety. Then the six superknowledges in which the activity of enlightened body, speech, and mind becomes manifest arise: the knowledge of the buddhas is perfected without remainder. Through the arising of the six superknowledges of the pure seeing of the actual kāya (sku dngos), all the kāyas of the buddhas are seen, and one attains them oneself as well. Through the arising of the six of the appearance of the kāya, one engages in limitless masses of light. Through the arising of the six of actual enlightened speech, one engages in the sixty melodious tones of enlightened speech.

[p. 390] Through the six of the appearance of enlightened speech, one engages in manifold sounds and melodies. Through the six of the actual enlightened mind, one engages in all samādhis. Through the six of the appearance of enlightened mind, one engages in knowing the minds of others. Thus these thirty arise from knowing the thirty-two aspects of the deities of empowerment.

Then the six superknowledges of the utterly pure seeing of the nature of phenomena arise: at this time one abides indivisibly within the enlightened intent of the nature of phenomena. Through the arising of the six superknowledges of thoroughly taming the mind, one knows the nature of mind. Through the six of refining the mind, one knows its root. Through the six of pacifying the mind, one knows the defining characteristic of the absence of mind. Through the six of the utter purity of mind, one knows it to be unchanging. Through the six of the nonreversal of mind, one knows the three realms to be without name. Through the six of transcending mind, the knower and the gathering and dispersing of thought are purified, and one realizes nonreversal. Thus these thirty arise from knowing the divisions of the miraculous display of empowerment.

In this way, the one hundred and eighty superknowledges of pure seeing arise merely from the seeing of aspiration. Further, when these are divided, their arising as forty-five qualities for each of the four of aspiration comes from having obtained the elaborate empowerment.

[p. 391] Following the same pattern, the superknowledges of utterly pure hearing also come to one hundred and eighty, and for these too the way the qualities of the four primordial wisdoms enter is as before. These arise from the unelaborate empowerment. The one hundred and eighty of the pure object of thought arise from knowing the meaning of the basis of transformation (bsgyur gzhi), its purity as primordial wisdom; the one hundred and eighty of pure experiencing arise from knowing the nature of decisiveness (chod pa); and the one hundred and eighty of pure touching arise from knowing the essential point (mdo). These three sets arise from the extremely unelaborate empowerment. The one hundred and eighty superknowledges of pure phenomena arise from the utterly unelaborate empowerment.

Thus, when correlated with the levels, the two thousand three hundred and sixty qualities of the levels, the six hundred and sixty functions of primordial wisdom, and the three thousand one hundred and twenty enumerations of phenomena are the great division of the miraculous display of the superknowledges of the level of Vajradhara. These constitute the presentation of empowerment, the authentic and crucially important foundation of the first door of the Dharma of the Vajra Vehicle of secret mantra.

From the Precious Treasury of the Supreme Vehicle, this is the sixth tier: bringing the meaning of the ground to maturity and the presentation of empowerment.

Translation notes

  • [p. 354] The opening clause རང་ཐོག་ཏུ་ཕེབས་པས་ཆོས་ཉིད་ལས་འགྲོ་ས་མེད་པའོ was already rendered at the end of the previous part; the translation begins with དེའི་ཤིན་ཏུ་སྤྲོས་མེད.
  • [p. 354] ཚོགས་དྲུག: Adzom reads ཆགས་དྲུག ("six attachments"), which is not a standard term; I follow the e-text ཚོགས་དྲུག "six collections of consciousness" (so all drafts).
  • [p. 354] སེམས་གང་ཡིན་ལ་སོགས་པས: read as the instruction/question "What is mind?" and so forth (GPT-6 Astra, Grok 4.7, Claude Fable 5.1, Gemini 3.1 Pro); MITRA ("the nature of the mind") paraphrases and Dharmamitra omits it.
  • [p. 354] ལྷ་ངོ་བསྟན: Adzom reads བསྟེན ("rely on"), an evident corruption; I follow the e-text བསྟན "show the face of the deity".
  • [p. 354] བུམ་པ་ངེས་པའི་སྐུར་རྒྱུ: syntactically ambiguous. I read "the vase, the cause of the definitive kāya" (Grok 4.7, Claude Fable 5.1), taking ངེས་པའི as qualifying སྐུ; Gemini 3.1 Pro reads སྐུར་རྒྱུ as བསྐུར་རྒྱུ "to be conferred", Dharmamitra "cause for the vase to become the definitive body". The next sentence's བུམ་པ་ངེས་པ "definitive vase" suggests the term may be a unit, but the genitive in the e-text supports the reading adopted.
  • [p. 355] རྫས་དབང་ཉི་ཟླ་སྦྱིན་པ: I take "sun and moon" as examples of the substance empowerments that purify the four elements (GPT-6 Astra, Gemini 3.1 Pro), rather than as separate items (MITRA, Dharmamitra).
  • [p. 355] ཧར་སངས་སུ་གྲོལ་བ: rendered "liberated into vivid, wide-open clarity"; the drafts vary in wording (Grok 4.7 "naked clarity", Gemini 3.1 Pro "wide-open wakefulness") but not in sense.
  • [p. 356] ལྟ་སྟངས་དང་གཟིགས་སྟངས: both are "gaze" in the house glossary; since they stand side by side here, gzigs stangs is rendered "ways of looking" to keep them distinct.
  • [p. 356] དྲན་པ in the list སེམས་བསམ་པ་དང་དྲན་པ་དང་རྟོག་པ་དང་ཞེན་པ is rendered "recollection" rather than "mindfulness", since it names an ordinary mental operation of dualistic mind, not the practice.
  • [p. 357] ཕྱིར་འབྱུང་བའི་ལས་བཅུ་དྲུག: Grok 4.7 and MITRA read "karmas/activities that issue forth outwardly"; Gemini 3.1 Pro, Claude Fable 5.1 read "actions of the elements." Since ཕྱིར parallels ནང་དུ, གསང་བར and བླ་ན་མེད་པར as an adverb, I take འབྱུང་བའི་ལས as "actions of the elements" (four elements × four, matching the sixteenfold division of the elements on p. 359); las rendered "actions" rather than "karma" because it denotes the functions of the elements.
  • [p. 357] རྣམ་པར་འཕྲུལ་པའི (Adzom: འཕྲུལ་བའི): orthographic variant only, no change of meaning; text kept.
  • [p. 357] གཞི (basis of the stains, p. 359, and ཆུས་ཚོགས་པའི་ཆོས་བསྡུས་པས): gzhi here is used in the ordinary sense "basis" of the stains, not the technical Ground, so "basis" is used; likewise "lodged in their basis" for གཞི་ལ་ཟུག་པ.
  • [p. 357] Only water, fire and wind are named for the stains of the body; the text is followed as it stands (earth presumably being the body itself).
  • [p. 358] ངག་སྨྲ་ནའང་སྨྲའོ་སྙམ་པ: Claude Fable 5.1 "if I speak, then I shall speak"; others "when speaking, 'I speak'." I take སྨྲ་ནའང as concessive-temporal "when one speaks" and སྨྲའོ་སྙམ་པ as the thought "I shall speak."
  • [p. 358] འགྱུ་བ / འགྱུ་བྱེད / འགྱུས་པ: the four stains are structured as the movement itself, its cause, what has moved, and clinging to the latter; GPT-6 Astra loses this structure ("objects toward which it has moved"), Grok 4.7/Claude Fable 5.1 keep it.
  • [p. 358] དྲན་པ in the fourfold division of mind is rendered "recollection," as in the previous part's list (thinking, recollection, thought, clinging), not "mindfulness."
  • [p. 359] དེ་དག་བྱེད་དབང: Grok 4.7 reads "effectuating empowerments (byed dbang)"; with Gemini 3.1 Pro, Claude Fable 5.1 I read དེ་དག་བྱེད་དབང as "the purifying empowerments for these" (de + dag byed dbang), which the context requires.
  • [p. 359] The final sentence runs onto the next page (བཅུ་ | དྲུག་ནི); "sixteen" is completed here, and the next part continues from ཚ་བ་དང་གྲང་བ.
  • [p. 360] ང་རྒྱལ་ལ་ཕྲ་བ… འཕྲོ་བ་བཞི: five items are listed but counted as four; possibly mched pa dang 'phro ba is meant as a single item. I translate all five as in the text, keeping "these four."
  • [p. 360] ལྕི་བ (Adzom ལྕིང་): evident misreading; I follow the text ("heavy").
  • [p. 361] ཁྲི་ཕྲག་གཅིག་དང་བརྒྱ་བཞི་བཅུ་རྩ་བརྒྱད: 10,148 (Dharmamitra's 10,448 is an error). 512 × 20 would be 10,240, but 10,148 + 512 = 10,660 agrees with the following total, so the text is internally consistent; translated as written.
  • [p. 361] མི་བྱེད་རེའི་མནའ (Adzom རིའི): obscure; both readings yield the sense "the oath not to fail in / neglect the welfare of beings." I follow the text, with GPT-6 Astra, Grok 4.7, Claude Fable 5.1 (Dharmamitra's "oath to act for the benefit" and MITRA/Gemini 3.1 Pro similar in sense).
  • [p. 361] སྡོམ་པ་དབོག་པ: dbog pa "to confer"; MITRA misparses the secret and complete divisions of the spros med section (and wrongly assigns items to shin tu spros med / rab tu spros med). I follow the structure read by GPT-6 Astra, Gemini 3.1 Pro, Grok 4.7, Claude Fable 5.1.
  • [p. 361] སྟ་གོན་གྱི་ཚོམ་བུ: tshom bu here are the heaps (of grain) laid out at the preparatory rite; rendered "clusters" per the glossary.
  • [p. 362] བསིལ་བྱེད: the fan, one of the monastic requisites (so Claude Fable 5.1); not "water filter/strainer" (MITRA, Grok 4.7) or "staff" (Gemini 3.1 Pro).
  • [p. 362] ལས་ཀྱི་དབྱེ་བ: in this vinaya context las means the formal acts of the saṅgha, hence "acts" rather than "karma."
  • [p. 362] རིག་པའི་[དབང་]: rendered "empowerment of awareness" per the glossary; in this Mahāyoga list it names the vidyā-empowerment. MITRA omits "capacity"/"awareness" as separate items' completion; Dharmamitra mistranslates nus pa as "empowering." The sentence continues on the next page with the remaining two of the twelve.
  • [p. 363] ཕྱིའི་ཐ་དབང་: read tha as "final" (tha ma), "the outer final empowerment"; Grok 4.7 likewise, GPT-6 Astra "final outer empowerment"; other drafts omit tha.
  • [p. 363] སྦྱོར་བ་སྙོམས་པར་འཇུག་པ: rendered "union, the entering into absorption" (snyoms 'jug per glossary); Dharmamitra "meditative equipoise" misses the sexual-yoga sense.
  • [p. 364] སྤྲོས་པ་མེད་པའི་ཤིན་ཏུ་སྤྲོས་པའི་ཕྱི: the text as it stands ("the extremely elaborate of the unelaborate", so MITRA, GPT-6 Astra, Claude Fable 5.1, Gemini 3.1 Pro, Grok 4.7) is evidently corrupt; the outer division with śrāvakas, pratyekabuddhas and bodhisattvas belongs to the extremely unelaborate (shin tu spros med) of the elaborate, as set out in the previous part and as the running total (64) confirms. Translated by sense as "the extremely unelaborate".
  • [p. 365] བསྐུར་རྒྱུའི་ཆོས་: chos here is enumerative, rendered "items" rather than the glossary's "phenomena"; Claude Fable 5.1, Grok 4.7 "dharmas".
  • [p. 365] འགག་མེད་ཀྱི་སྣ་བསལ་བ: sna is obscure; read as "way, lead" ("clearing the way for the unceasing", so GPT-6 Astra). MITRA "nose" and Gemini 3.1 Pro "hindrances" are unlikely; Claude Fable 5.1 "aspects" possible but weaker.
  • [p. 365] བྱ་བ་ལ་འཇུག་པ་ངོ་ཤེས་པ: Adzom reads འཇུག་པའོ་ཤེས་པ, which would break the sentence and the count of three; e-text reading followed.
  • [p. 365] The passage ends mid-sentence; the next part continues "empowerment, being made a child of the buddhas".
  • [p. 366] བཟུང་འཇུག་རིས་མེད: read as zung 'jug ris med, "undifferentiated union" (so Grok 4.7, Gemini 3.1 Pro, MITRA); Claude Fable 5.1's "what is apprehended and what engages" and Dharmamitra's "unhindered entry of the grasped" take bzung literally, which yields no sense in a verse-title parallel to "object and sense faculties" and "clarity of mind".
  • [p. 366] དབྱིངས་རིག་གཉིས་མེད་བདེ་ཆེན: Adzom reads པ་དེ་ཆེན, which gives no construable sense ("nondual, that great empowerment"?); I follow the e-text bde chen, "great bliss", with all drafts.
  • [p. 366] Adzom བརྫོགས་ for རྫོགས་ and དེ་ for དོ་ change nothing in meaning; e-text kept.
  • [p. 366] ལུང་བསྟན་པ / དབུགས་དབྱུང་བ / གཟེངས་བསྟོད་པ are the three ritual acts (the guru prophesies, reassures, exalts) by which the three verses confer the empowerments; the drafts render them variously ("prophecy/encouragement/exhortation" MITRA; "prophecy/relief/exaltation" Claude Fable 5.1, Grok 4.7). I keep prophecy, granting relief, exaltation consistently here and below (secret of the utterly unelaborate; completely complete on p. 368).
  • [p. 367] Dharmamitra and MITRA mislabel the heading ཤིན་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས as "utterly unelaborate"; it is "the elaborate of the extremely unelaborate", as Claude Fable 5.1, GPT-6 Astra, Grok 4.7, Gemini 3.1 Pro.
  • [p. 367] ཡིད་ཀྱི་བྱུང་ཚོར: "the stirrings and feelings of the mental faculty" (yid per glossary); Gemini 3.1 Pro's "ordinary mind" and Dharmamitra's "arising thoughts" paraphrase.
  • [p. 368] དྲིས་ཁམས་རྒྱས་པ: khams rendered "constituents" per glossary (the bodily constituents nourished by scent); GPT-6 Astra, Gemini 3.1 Pro, MITRA "elements", Dharmamitra "elements of the senses" (misreading).
  • [p. 368] གཞི་བཅའ་བ / གཞི་འཛུགས་པ: gzhi here is the idiom "lay a foundation", not the technical "ground" of the glossary; rendered "foundation" (Claude Fable 5.1, GPT-6 Astra, MITRA), against Grok 4.7's "establishing the ground".
  • [p. 368] The count "two, making twelve" after the flower-casting, relief, and prophecy is as in the Tibetan; either the key point and the pair are two items, or relief and prophecy are the two that follow from the key point. Translated literally without resolving.
  • [p. 368] The last sentence continues onto p. 369 (དབྱེར་མེད་པ་དང་གསུམ་སྟེ་དྲུག); stopped at ས་ལ.
  • [p. 369] sems kyi bu: rendered "heart-son" (the disciple), the idiom parallel to thugs sras; GPT-6 Astra's "child of one's heart" and Claude Fable 5.1's "heart-son" are right, Grok 4.7/Gemini 3.1 Pro's "son of the mind" is over-literal. Dharmamitra's "pointing out the awareness" for rigs mtshon pa is a misreading; rigs here is the family, as Grok 4.7/GPT-6 Astra/Gemini 3.1 Pro/Claude Fable 5.1.
  • [p. 369] phugs dkru ba: "stirring up the depths"; Grok 4.7's "cleansing" is not what dkru ba means.
  • [p. 369] "bdun te dgu'o" followed by a second "de'i gsang ba la…": the count "seven" does not fit the running total (2+3+4=9; then 13, 18), and "its secret" is given twice; the text may have a duplication or a lost heading. Translated as it stands.
  • [p. 370] "rab tu spros med kyi rab tu spros med kyi phyi la": the doubled phrase is translated literally; it probably names the fourth subdivision of the fourth empowerment (possibly a scribal duplication).
  • [p. 370] sems bdun la dbang thob pa: "gains power over" (dbang in its non-ritual sense, as GPT-6 Astra/Claude Fable 5.1 "mastery"); ma rig pa'i khams bdun rendered "seven constituents of ignorance" per the glossary for khams.
  • [p. 370] "sde bzhi ste bcu / gcig dang bsdoms pas zhe gcig": read as bcu gcig "eleven" (30+11=41), with GPT-6 Astra/Claude Fable 5.1, though 6+4 makes ten; Grok 4.7/Gemini 3.1 Pro's "ten and one" is an attempt to save the arithmetic.
  • [p. 371] "nyis brgya bzhi bcu rtsa dgu": all drafts give 249, but 174+115=289 and the very next sentence speaks of "two hundred and eighty-nine empowerments"; bzhi bcu is an evident scribal error for brgyad cu, so emended to 289. (Note that 131+44 is 175, not the text's 174; left as the text has it.)
  • [p. 371] las byed pa'i 'gyur: "the variations produced by [the twelve bodies]"; Claude Fable 5.1's "transformations wrought by the karma" reads las as karma, which is possible but less likely here.
  • [p. 371] khri phrag gcig dang phyed dang bdun brgya = 10,650 (phyed dang bdun brgya "six and a half hundred"), with Claude Fable 5.1/MITRA; Grok 4.7/GPT-6 Astra's 15,700 and Gemini 3.1 Pro's "a half" misconstrue the idiom. The sentence continues on the next page ("two thousand nine hundred and seventy-two"); "two" has been supplied here for English word order, and the next part should continue from "nine hundred and seventy-two".
  • [p. 372] "two thousand nine hundred and seventy-two": the text's figure; the arithmetic of the preceding numbers (13,632 − 10,650) would give 2,982. Translated as written. Dharmamitra alone reads the afflictions' number as 17,500, which does not match the Tibetan of the previous part.
  • [p. 372] རླུང་ལས་རླུང༌། read as a misdivision of རླུང་ལ་ས་རླུང༌། ("among the winds: earth wind"), since the list is plainly the four element-winds (so MITRA, Gemini 3.1 Pro, GPT-6 Astra; Grok 4.7 "wind from wind" is a literal rendering of the corrupt syllables).
  • [p. 372] "thirty-six": the text's figure, though 16 × 2 = 32 (Gemini 3.1 Pro silently emends to thirty-two). Kept as written; the four element-winds themselves may be counted in (32 + 4). ཕྱེད་པའི་ read as ཕྱེ་བའི་ "divided", with Claude Fable 5.1 and Dharmamitra; Grok 4.7/MITRA "half" is unlikely.
  • [p. 372] ལས་ཀྱི་མཐའ་ཉེ་བར་སྡུད་པ་ལ་དགོངས་པ: dgongs pa is verbal here ("is intended in view of"), not the technical "enlightened intent".
  • [p. 374] ང་རོ་ (e-text, both occurrences) vs. ངོ་བོ་ (Adzom). Adzom's "sixteen essences of the empowerments" is adopted: it matches the "sixteen divisions in their own right" (rang ngo'i dbye ba bcu drug) of the four empowerments given above, whereas "roars/resonances" (Grok 4.7, Claude Fable 5.1, Gemini 3.1 Pro, GPT-6 Astra, Dharmamitra) has no referent here.
  • [p. 374] བཞིར་ vs. Adzom བཞི་ན་: no change of meaning; text kept.
  • [p. 374] རྡོ་རྗེ་འཆང་གིས་མཆོག་རྫོགས་པར་བྱེད་པ: the instrumental is ambiguous; Claude Fable 5.1/MITRA "which Vajradhara brings to supreme completion", GPT-6 Astra "bring the supreme state of Vajradhara to perfection". The latter is taken as the sense (the sixty-four complete the supreme fruition, i.e. the state of Vajradhara), in parallel with the following sentence where they are "the cause for accomplishing the thirty-two marks".
  • [p. 374] དབང་བཞིའི་འཇུག་པ་རྗེས་སུ་དྲན་པ: "recollecting the engagement of the four empowerments" (Claude Fable 5.1, Gemini 3.1 Pro); Dharmamitra "mindfulness" misses rjes su dran pa = recollection.
  • [p. 375] rang sa nges pa'i rnal 'byor: rendered "the yoga certain of its own level" (sa = level per glossary); Grok 4.7/Gemini 3.1 Pro "ascertains/determining its own ground", GPT-6 Astra/Dharmamitra "certainty in one's own ground" convey the same sense.
  • [p. 375] dbang du gyur pa'i sa rtogs pa las byung ba: "arise from realizing the level of mastery" (lit. "the level that has come under one's power"), with Grok 4.7/GPT-6 Astra/Dharmamitra; Claude Fable 5.1's "level that has come under one's power" is the same reading.
  • [p. 376] Adzom reads མི་འབར་ for མེ་འབར་; the e-text མེ་ ("fire blazes") is clearly right and is followed. W22920 reads འབྲུབ་ ("gush, surge") for འབྲུམ་; the sense "water gushes" is the same either way and is adopted.
  • [p. 376] Adzom reads ས་ཆུང་བསྒྱུར་ for ས་ཆུར་བསྒྱུར་; ཆུང་ ("small") is a misreading, and the e-text "earth into water" is followed.
  • [p. 376] sgrol ba / bsgral ba: "liberate" in the tantric sense (Grok 4.7 "slain"), kept as "liberate…those who have been liberated" following Gemini 3.1 Pro/GPT-6 Astra/Dharmamitra/Claude Fable 5.1.
  • [p. 377] nam mkha' bdun pa: Grok 4.7/Claude Fable 5.1 "the seventh sky"; but the parallel series (seven fires, seven of earth, seven waters, seven winds) shows the sense is "the seven spaces", as in Gemini 3.1 Pro/MITRA/Dharmamitra, and the ordinal suffix is taken as loose usage.
  • [p. 377] sngon du dbang gi shes byed las byung ba: "arises from the indicator of empowerment having gone before", i.e. the earlier indicator connected with empowerment (Grok 4.7/GPT-6 Astra); MITRA's "signs of mastery" over-interprets dbang.
  • [p. 377] rta sprin gyi shugs can bdun: read with Gemini 3.1 Pro/GPT-6 Astra/MITRA as "seven horses with the force of clouds", parallel to dge slong bsil byed can bdun below; Grok 4.7/Dharmamitra/Claude Fable 5.1 "horse-cloud" treats rta sprin as a compound, less likely.
  • [p. 377] Adzom reads སྡོམ་པ་ལ་གནས་པ་ for སྡོམ་པས་གནས་པ་; no change in meaning.
  • [p. 377] The final sentence is completed here with the first words of the next page (bsgoms pa las byung ba'o), as the English word order requires.
  • [p. 378] བཅུ་དགུ་ནི: read as the count of the sixteenth level's powers (7 goddesses + 6 purifiers + 6 birthplaces = 19), with Grok 4.7, Gemini 3.1 Pro, Claude Fable 5.1, GPT-6 Astra; Dharmamitra and MITRA "the nineteenth" misread the numeral.
  • [p. 378] རྣམ་པར་སྨིན་པ་ etc.: the four are the traditional four vidyādhara levels; lhun gyis grub pa rendered "spontaneously present" per glossary (Grok 4.7, Gemini 3.1 Pro, Dharmamitra, MITRA "spontaneously accomplished" rejected).
  • [p. 378] Adzom reads པར་དོར for བར་དོར; an evident misprint, e-text kept ("intermediate state").
  • [p. 378] དེ་ཉིད་ལ་གྲོལ་བ: taken as "in that very [body]" (Claude Fable 5.1), by contrast with the preceding "body not matured → liberated in the bar do"; Grok 4.7, Gemini 3.1 Pro, GPT-6 Astra "in that very life" is the same sense; Dharmamitra "into that very state" is unsupported.
  • [p. 379] དབང་ as the third activity rendered "magnetizing" (glossary "empowerment"/"power" does not fit the four-activities context); Gemini 3.1 Pro, MITRA "subjugating" for drag po rejected in favour of "wrathful" to keep the standard set.
  • [p. 379] དངོས་པོ་… དངོས་མེད་: "entities/non-entities" per glossary; the obstacles of body and mind are the entities, the subtle and coarse stains the non-entities (Gemini 3.1 Pro, Claude Fable 5.1).
  • [p. 379] Adzom reads དཀུག་ for དགུག་; orthographic variant, same meaning ("summoning").
  • [p. 380] སྤ་བཀོང་བ: "humbling" (crushing pride), with GPT-6 Astra; Grok 4.7 "interment" and MITRA "terrifying" are misreadings.
  • [p. 380] Adzom reads འཕྲུལ་བས for འཕྲུལ་པས; no change of meaning.
  • [p. 380] ཡིད་དག་པ: "purity of the mental faculty" per glossary for yid (drafts "mind").
  • [p. 380] Adzom reads དབང་བཞིའི for དབང་བཞིས ("the qualities of the four visions of the four empowerments" vs. "through the four empowerments"); the e-text instrumental is followed, matching the following ཀྱིས clauses.
  • [p. 380] The final sentence runs onto the next page; "[vision of] direct perception of the nature of phenomena" (མངོན་སུམ་གྱི་སྣང་བ) is completed here for the sake of the English; the next part continues from སྤྲོས་མེད་ཀྱིས་ཉམས་གོང་འཕེལ།.
  • [p. 381] The opening words མངོན་སུམ་གྱི་སྣང་བ were already rendered at the end of the previous part ("the [vision of] direct perception of the nature of phenomena"), so this part begins with སྤྲོས་མེད་ཀྱིས.
  • [p. 381] སྨིན་སོ་སྐུ་བཞི: read as "the four kāyas of ripening" (that into which the fruitions ripen), with Gemini 3.1 Pro/GPT-6 Astra/Grok 4.7; MITRA's "four ripenings into the four kāyas" is a paraphrase.
  • [p. 381] དོན་འབྱུང་བ: read literally "the meaning arises" (the four kāyas, wisdoms etc. of the fruition come forth), not "benefit" (Claude Fable 5.1, MITRA, Grok 4.7); the sentence explains that the thirty-two aspects of fruition correspond to the thirty-two empowerments of the path.
  • [p. 382] རྡོ་རྗེ་འཆང་གི་ས་བཅུ་དྲུག་མཛད་པ་ཡེ་ཤེས་ཀྱི་ཡུལ་བཅུ་དྲུག་དང་བཅས་པ: the syntax of མཛད་པ is loose; I take it as qualifying the sixteen objects of primordial wisdom (the deeds performed by Vajradhara's wisdom), close to Gemini 3.1 Pro; Grok 4.7's "enacting the sixteen levels" is less likely, Dharmamitra's "which include" omits མཛད་པ.
  • [p. 382] འོད་མཐིང་ག: "deep-blue light" (Claude Fable 5.1, GPT-6 Astra); "blue" alone (Gemini 3.1 Pro, Dharmamitra, MITRA, Grok 4.7) is imprecise.
  • [p. 383] དེ་ཉིད་དང་བརྗོད་དུ་མེད་པ: read "that very [buddha field] is inexpressible," taking དང་ as a loose connective, with Claude Fable 5.1/GPT-6 Astra/Grok 4.7; Gemini 3.1 Pro's "being that very ineffability" is grammatically forced. Dharmamitra and MITRA misconstrue the whole sentence and misassign the five excellences.
  • [p. 383] རྒྱ་དེབ: "stacked books"; the drafts vary between "Indian books" (Gemini 3.1 Pro, GPT-6 Astra), "Chinese books" (Grok 4.7), and plain "books" (Claude Fable 5.1, Dharmamitra, MITRA). Since རྒྱ is ambiguous, I keep the neutral rendering and give the Wylie.
  • [p. 383] མཚོས་པར་བཅད: the reading is slightly awkward; I take it as "divided by [their] lakes," parallel to the iron mountains, with Gemini 3.1 Pro/Claude Fable 5.1/GPT-6 Astra; Grok 4.7 omits the lakes and Dharmamitra's "oceans" is possible but less apt for the tent-like arrangement.
  • [p. 383] ཆོས་ནི ... སྤྱོད་པའོ: the last sentence runs onto the next page; the English is completed here, and the next part begins with འཐད་པ་ནི.
  • [p. 384] ཁོལ་བུར་ཕྱུང་ན (e-text) vs. Adzom བྱུང་ན: "if a portion is extracted" vs. "if it arises as a portion"; I follow the e-text ཕྱུང་, which suits the idiom khol bur phyung ("single out a part").
  • [p. 384] ཆོས་ངོ་འབྱེད་པ་མེད་པ: GPT-6 Astra "without differentiation," MITRA "non-differentiation of essence," Dharmamitra "without any identification"; I read ngo 'byed pa as "distinguishing of identities/faces," hence "without any distinguishing of identities."
  • [p. 385] འཐག་པ (e-text) is an evident error for Adzom's འཐད་པ ("justification"), matching the parallel items; I follow Adzom.
  • [p. 385] ཀུན་ཏུ / Adzom ཀུན་དུ: no change of meaning.
  • [p. 385] བྱེད་ལས་ལས་བདག་ཏུ་མེད་པའི་ལས: MITRA "the activity of selflessness" is too loose; with GPT-6 Astra/Claude Fable 5.1/Grok 4.7 I read "performing activity in which there is no self as agent."
  • [p. 385] རང་ཤེས་རིག་གི་རྒྱལ་པོ: Gemini 3.1 Pro's "natural awareness" and MITRA's "Self-Aware Gnosis" depart from rang shes rig, "self-knowing awareness" (GPT-6 Astra, Claude Fable 5.1, Grok 4.7, Dharmamitra).
  • [p. 386] ལས་ཀྱི་གདུལ་བྱ་ཕྱིན་ཅི་ལོག་རྣམས་ཚར་གཅོད་པ: GPT-6 Astra "those to be tamed by its activity" and Grok 4.7/Dharmamitra "to be tamed by karma" take las kyi as qualifying gdul bya; given the fixed eightfold structure (las as the last item), I read las as the heading "activity" and translate "annihilating those to be tamed who are in error."
  • [p. 386] གློ་བུར་རྣམ་དག: GPT-6 Astra "purity from adventitious stains," Claude Fable 5.1 "adventitious purity"; the term is the purity from adventitious stains paired with rang bzhin rnam dag, so I render "utter purity from the adventitious."
  • [p. 386] དབང་བསྒྱུར་བ: Gemini 3.1 Pro "transforming into power" is a misreading; it means "exercising mastery" (GPT-6 Astra, Claude Fable 5.1, Dharmamitra). The final sentence is completed here with the words of the following page (ལས་དང་ཉོན་མོངས་པ་དག་པར་མཛད་པའོ།); the next part begins after them.
  • [p. 387] ལུས་ཀྱི་དྲུག་གིས: Adzom reads རུས་ཀྱི ("of bone/lineage"); the series eye, ear, nose, tongue, body, mental faculty shows ལུས ("body") is correct, and I follow the e-text.
  • [p. 387] པྲ་སེན་མཐོང་བ་ལྟ་བུ: MITRA "mirror", GPT-6 Astra "divinatory image on a fingernail", Claude Fable 5.1 "divination-mirror"; prasena is the divination in which images are seen on a reflective surface; rendered "seeing in a prasena divination" without specifying the medium.
  • [p. 387] དབང་སུམ་ཅུ་རྩ་གཉིས: MITRA "thirty-two faculties" misreads dbang; here dbang is "empowerments", as in the parallel statements at the end of each set.
  • [p. 387] སེམས་ཉིད་ཆོས་ཉིད་ལ་འཇུག་པ: GPT-6 Astra and Dharmamitra take sems nyid and chos nyid as coordinate objects ("entry into the nature of mind and the reality of phenomena"); the la marks chos nyid alone as the locus, so I read with Gemini 3.1 Pro, Grok 4.7, Claude Fable 5.1: mind itself engages in the nature of phenomena.
  • [p. 388] འདུ་མཆེད: uncertain term; MITRA "source-spheres" (as if skye mched), Grok 4.7 "arising and proliferation", Claude Fable 5.1 "coming-together and spreading-forth", Dharmamitra "proliferation". I read it literally as "gathering and spreading" ('du = gathering, mched = spreading).
  • [p. 388] སངས་རྒྱས་ཀྱིས་སྦྱངས་པའི་ཡོན་ཏན: Gemini 3.1 Pro/Dharmamitra "purified by the Buddha", GPT-6 Astra/Grok 4.7 "cultivated by the buddha(s)"; sbyangs pa here parallels sbyangs pa'i shes rab ("trained wisdom") above, so rendered "in which the buddhas have trained". Dharmamitra's construal of the thirty-two as "marks that transform the empowerments" reverses the syntax (dbang gi 'gyur byed = transformative agents of empowerment).
  • [p. 389] ཤེས་རབ་ཀྱི་ཕུང་པོ: Adzom's ཕུང་ངོ་ is an evident misreading of the print; I follow the e-text ("aggregate of wisdom").
  • [p. 389] གསུམ་པའི་དྲུག་གིས་ཡིད་ཀྱི་ཟག་པ / བཞི་པའི་དྲུག་གིས་སེམས་ཀྱི་ཟག་པ: Gemini 3.1 Pro renders yid as "mind" and sems as "primary mind", Dharmamitra sems as "consciousness"; per the glossary, yid = "mental faculty", sems = "mind".
  • [p. 389] སུམ་ཅུ་པོ་དེ་དག་གིས་...ལས་བྱུང་བའོ: the agentive གིས is anomalous (expect ནི); translated as the statement of origin, parallel to the preceding sets. MITRA "outer, inner, secret, and completely perfected empowerments" takes yongs rdzogs as a fourth item; I read it with GPT-6 Astra/Grok 4.7 as qualifying the three ("in their entirety").
  • [p. 389] The final sentence runs onto p. 390 (དབྱངས་དྲུག་ཅུ་ལ་སྤྱོད་དོ); it is completed here, so the next part begins at གསུང་གི་སྣང་བའི་དྲུག་གིས.
  • [p. 390] དབང་གི་ལྷ་ངོ་སུམ་ཅུ་རྩ་གཉིས: lha ngo taken as "aspects (faces) of the deities"; Grok 4.7, MITRA, Gemini 3.1 Pro, Dharmamitra simply "thirty-two deities", GPT-6 Astra "identities", Claude Fable 5.1 "aspects". I follow Claude Fable 5.1 since ngo marks the deity-faces enumerated earlier in the chapter.
  • [p. 390] སེམས་ལས་འདས་པའི་དྲུག་གིས་ཤེས་བྱེད་དང་འདུ་འཕྲོ་དག་སྟེ་མི་ལྡོག་པར་རྟོགས་སོ: Dharmamitra reads "one realizes that the cognitive factors and the wandering of thoughts are irreversible"; the Tibetan says the knower and the gathering/dispersing ('du 'phro) are purified (dag ste) and one realizes nonreversal, as Grok 4.7, Claude Fable 5.1, Gemini 3.1 Pro. 'du 'phro rendered "gathering and dispersing of thought" (GPT-6 Astra "ebb and flow of thought"; Gemini 3.1 Pro "proliferation of formations" is too free).
  • [p. 391] ཡེ་ཤེས་སུ་དག་པ་དང་: MITRA and Dharmamitra make "pure primordial wisdom" a separate set, which would yield four sets against the stated ཚན་པ་གསུམ; read with Claude Fable 5.1/Gemini 3.1 Pro as an appositive gloss of the basis of transformation ("its purity as primordial wisdom"), so that the three sets are object of thought, experiencing, and touching.
  • [p. 391] མདོ་ཤེས་པ: MITRA and Dharmamitra "sūtras"; GPT-6 Astra "nexus", Claude Fable 5.1 "essential point", Gemini 3.1 Pro "core". In the context of these tantric categories mdo is the condensed key point, not the sūtra collection; I follow Claude Fable 5.1.
  • [p. 391] གཞི་གལ་པོ་ཆེ: gzhi here is the ordinary word "foundation" (of the Vajra Vehicle's first door), not the technical gzhi "the ground"; rendered accordingly, departing from the glossary.
  • [p. 391] Colophon: W22920 omits དང་ (སྨིན་པར་བྱེད་པ་དབང་གི་རྣམ་པར་གཞག་པ), which would make the chapter title a single phrase; I follow the e-text/Adzom reading with དང་, matching the chapter title as given at the head of the chapter.
[edit]
Machine translation, not yet reviewed by a translator. Six AI models translated the text independently; Claude Fable 5.1, as editor, established this version against the Tibetan (September 2026). [p. N] = pages of the base text. See the contents page for how it was made.
Tibetan (critical edition) English
[p. 354]རང་ཐོག་ཏུ་ཕེབས་པས་ཆོས་ཉིད་ལས་འགྲོ་ས་མེད་པའོ། །དེའི་ཤིན་ཏུ་སྤྲོས་མེད་སྟོང་ཉིད་ཀྱི་དཀྱིལ་འཁོར་དུ་འཇུག་པས་སྒོ་གསུམ་ཁམས་གསུམ་དུ་མི་འཇུག་པའོ། །རབ་ཏུ་སྤྲོས་མེད་ཀྱིས་ཚོགས་དྲུག་དག་པར་བྱེད་པའོ། །བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དབྱེ་བ་ངེས་པ་ནི། རབ་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་སེམས་གང་ཡིན་ལ་སོགས་པས་ཆགས་སྡང་རང་གྲོལ་བར་བྱེད་དོ། །སྤྲོས་མེད་སྤྲུལ་སྐུའི་ཞིང་བསྟན་པས་ཕུང་པོ་ཁམས་དང་སྐྱེ་མཆེད་སྟོངས་པར་བྱེད་དོ། །ཤིན་ཏུ་སྤྲོས་མེད་ལོངས་སྐུའི་ཞིང་བསྟན་པས་སེམས་ཉིད་འགྲོ་འོང་མེད་པའི་དོན་རྟོགས་པར་བྱེད་དོ། །རབ་ཏུ་སྤྲོས་མེད་ཆོས་སྐུར་ལུང་བསྟན་པས་འཁོར་འདས་ལ་ཞེན་པའི་ཤེས་སྒྲིབ་ཕྲ་མོ་སྦྱོང་བར་བྱེད་དོ། །གཉིས་པ་རང་ངོའི་་དབྱེ་བ་རྒྱས་པར་བཤད་པ་ལ་དབང་བཞི་ལས། དང་པོ་སྤྲོས་བཅས་ལ། སྤྲོས་བཅས་ཀྱི་སྤྲོས་བཅས་དམ་བསྲེ་ཞིང་མནའ་ཆུ་བླུད་པ་ལ་སོགས་པ་སྟེ་ཕྱིའོ། །སྤྲོས་བཅས་ཀྱི་སྤྲོས་མེད་དཀྱིལ་འཁོར་དུ་གཞུག་ཅིང་ལྷ་ངོ་བསྟན་ནས་མིང་གི་དབང་བསྐུར་བ་སྟེ་ནང་ངོ༌། །སྤྲོས་བཅས་ཀྱི་ཤིན་ཏུ་སྤྲོས་མེད་ཉན་ཐོས་ཀྱི་སྡོམ་པ་སྦྱིན་པ་ནས་རིམ་དགུ་རྫོགས་ཏེ་དབུགས་དབྱུང་གཟེངས་བསྟོད་དང་བཅས་པ་གསང་བའོ། །སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་བུམ་པ་ངེས་པའི་སྐུར་རྒྱུ་སྟེ་ཡོངས་སུ་རྫོགས་

By its extremely unelaborate, since one enters the maṇḍala of emptiness, the three doors do not enter the three realms. By the utterly unelaborate, the six collections of consciousness (tshogs drug) are purified.

Fourth, the definite divisions of the utterly unelaborate: by the elaborate of the utterly unelaborate—"What is mind?" and so forth—desire and anger are made to be self-liberated. By its unelaborate, through showing the field of the nirmāṇakāya, the aggregates, constituents, and sense sources are emptied. By its extremely unelaborate, through showing the field of the sambhogakāya, one is brought to realize the meaning of mind itself being without going or coming. By its utterly unelaborate, through the prophecy of the dharmakāya, the subtle cognitive obscurations (shes sgrib) of clinging to saṃsāra and nirvāṇa are purified.

Second, the extensive explanation of the divisions of each in its own right, among the four empowerments. First, the elaborate: the elaborate of the elaborate is the joining in samaya, the pouring of the oath-water, and so forth—this is the outer. The unelaborate of the elaborate is bringing one into the maṇḍala, showing the face of the deity, and then conferring the empowerment of the name—this is the inner. The extremely unelaborate of the elaborate is, from the bestowal of the śrāvaka vows through the completion of the nine stages, together with the granting of relief and encouragement—this is the secret. The utterly unelaborate of the elaborate is the vase, the cause of the definitive kāya—this is the

[p. 355]པའོ། །འདི་ལའང་བུམ་པ་ངེས་པ་རྟེན་གཞལ་ཡས་ཁང་བརྟེན་པ་ལྷར་གསལ་བས་དབང་བསྐུར་བ་ཡོངས་སུ་རྫོགས་པའི་ཕྱི་སྤྲོས་བཅས་སོ། །སློབ་མའི་ལུས་ལྷར་བསྐྱེད་པ་ལ་འབྱུང་བཞི་དག་སྦྱོང་གི་རྫས་དབང་ཉི་ཟླ་སྦྱིན་པ་ལ་སོགས་པ་ནང་སྤྲོས་མེད་དོ། །མུ་དྲ་སྦྱིན་ནས་སྦྱོར་བ་ངེས་པ་གསང་བ་ཤིན་ཏུ་སྤྲོས་མེད་དོ། །བརྡ་དོན་ངེས་པའི་ཚིག་སྦྱིན་པ་ཡོངས་སུ་རྫོགས་པ་རབ་ཏུ་སྤྲོས་མེད་དོ། །དེ་ལྟར་ན་ཡོངས་སུ་རྫོགས་པ་ལ་བཞི་ཡོད་པ་ལྟར་གཞན་གསུམ་ལའང་ཤེས་པར་བྱའོ། །དེ་ལྟར་བཅུ་དྲུག་གིས་སྤྲོས་བཅས་དབྱེ་བའི་དགོས་པ་ནི། ལུས་འབྱུང་བཞིའི་རྒྱ་བཞི་འཇིག་པ་སྟེ། འབྱུང་བཞི་ཡང་སའི་ས་ལ་སོགས་པ་བཞིར་ཕྱེ་བས་བཅུ་དྲུག་དག་པར་སྦྱོང་བའི་དགོས་པ་ཡོད་དོ། །གཉིས་པ་སྤྲོས་མེད་ཀྱི་དབང་བཞི་རང་ངོའི་དབྱེ་བ་ནི། སྤྲོས་མེད་ཀྱི་སྤྲོས་བཅས་ཀྱིས་ལུས་ངག་ཡིད་སེམས་བཞི་ཡི་གེའི་གནས་བཞིའི་སྦྱོང་བ་ནི་ཕྱིའོ། །དེའི་སྤྲོས་མེད་ཀྱིས་སྒོ་གསུམ་གཞི་མེད་བྱ་རྩོལ་ལས་འདས་པར་མཚོན་པས་ནང་ངོ༌། །དེའི་ཤིན་ཏུ་སྤྲོས་མེད་ཀྱིས་ཡུལ་ལྔ་ལམ་དུ་བསླངས་པས་སྒོ་ལྔ་ཧར་སངས་སུ་གྲོལ་བ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་ཀྱིས་རྟོགས་པ་ཁྱད་པར་ཅན་བསྐྱེད་པས་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་ངག་གི་བརྗོད་གཞི་

complete. Within this too, in the definitive vase, conferring empowerment by clearly visualizing the support as the celestial palace (gzhal yas khang) and the supported as the deities is the outer, the elaborate, of the complete. Generating the disciple's body as the deity and bestowing upon it the substance empowerments that purify the four elements, such as the sun and moon, and so forth, is the inner, the unelaborate. Bestowing the mudrā and then ascertaining union is the secret, the extremely unelaborate. Bestowing the words that ascertain the meaning of the symbols is the complete, the utterly unelaborate. Thus, just as there are four within the complete, the other three should be understood likewise.

The purpose of dividing the elaborate into sixteen in this way is to destroy the four seals of the body's four elements; and since the four elements too are each divided into four—the earth of earth and so forth—there is the purpose of purifying these sixteen.

Second, the divisions in their own right of the four empowerments of the unelaborate: by the elaborate of the unelaborate, the purification of the four—body, speech, mental faculty, and mind—by way of the four places of the letters is the outer. By its unelaborate, since the three doors are indicated to be groundless and beyond activity and effort, it is the inner. By its extremely unelaborate, since the five objects are taken up as the path, the five doors are liberated into vivid, wide-open clarity—this is the secret. By its utterly unelaborate, since special realization is generated, it is the complete. The purpose of these four is to liberate one from the seals of the four aspects of speech: the basis of expression,

[p. 356]དང༌། རྗོད་བྱེད་དང༌། བརྗོད་བྱ་དང༌། བརྗོད་པ་བཞིའི་རྒྱ་ལས་གྲོལ་བར་བྱེད་པའོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་རང་ངོའི་དབྱེ་བ་ནི། ཤིན་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་རུ་ཤན་འབྱེད་པ་ཕྱིའོ། །དེའི་སྤྲོས་མེད་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ་ནང་ངོ༌། །དེའི་ཤིན་ཏུ་སྤྲོས་མེད་ནམ་མཁའི་དཀྱིལ་འཁོར་དུ་འཇུག་པ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་རིག་པ་རང་ངོ་སྤྲད་པ་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་ཡིད་འགྱུ་བ་དང༌། འགྱུ་བྱེད་དང༌། འགྱུ་བྱ་དང༌། འགྱུས་པ་བཞིའི་རྒྱ་འཇིག་པར་བྱེད་པའོ། །བཞི་པ་རབ་ཏུ་སྤྲོས་པ་མེད་པ་རང་ངོའི་དབྱེ་བ་ནི། རབ་ཏུ་སྤྲོས་མེད་ཀྱི་སྤྲོས་བཅས་འདུག་སྟངས་བསྟན་པ་ཕྱིའོ། །དེའི་སྤྲོས་མེད་ལྟ་སྟངས་བྱེད་པ་ནང་ངོ༌། །དེའི་ཤིན་ཏུ་སྤྲོས་མེད་ཕྱོགས་བཞིར་ལྟ་སྟངས་དང་གཟིགས་སྟངས་བསྟུན་པ་གསང་བའོ། །དེའི་རབ་ཏུ་སྤྲོས་མེད་སོང་ཅིག་ལ་སོགས་པ་ཡོངས་སུ་རྫོགས་པའོ། །འདི་བཞིའི་དགོས་པ་ནི་སེམས་བསམ་པ་དང༌། དྲན་པ་དང༌། རྟོག་པ་དང༌། ཞེན་པ་བཞིའི་རྒྱ་འཇིག་པར་བྱེད་དོ། །སྐབས་འདིར་ཡིད་དང་སེམས་ཀྱི་གོ་དོན། སྒོ་ལྔའི་ཡུལ་འཛིན་རྟོག་བྱེད་ཀུན་གཞིའི་རྣམ་པར་ཤེས་པ་སེམས་ལ། དེ་དང་མ་འབྲེལ་བར་དོན་སྔ་ཕྱི་དང་ཡིད་ཡུལ་དོན་སྤྱི་དཔྱོད་པ་ལ་ཡིད་ཅེས་བརྗོད་དོ། །རང་གི་

the expresser, what is expressed, and the expressing.

Third, the divisions in their own right of the extremely unelaborate: the elaborate of the extremely unelaborate is distinguishing—this is the outer. Its unelaborate is offering the maṇḍala and making supplication—this is the inner. Its extremely unelaborate is entering the maṇḍala of space—this is the secret. Its utterly unelaborate is introducing awareness to its own face—this is the complete. The purpose of these four is to destroy the seals of the four aspects of the mental faculty: movement, the mover, what is moved, and having moved.

Fourth, the divisions in their own right of the utterly unelaborate: the elaborate of the utterly unelaborate is showing the posture—this is the outer. Its unelaborate is performing the gaze—this is the inner. Its extremely unelaborate is coordinating the gazes and the ways of looking toward the four directions—this is the secret. Its utterly unelaborate is "Go!" and so forth—this is the complete. The purpose of these four is to destroy the seals of the four aspects of mind: thinking, recollection, thought, and clinging.

Here, as to the meaning of the terms "mental faculty" and "mind": the all-ground consciousness (kun gzhi'i rnam par shes pa), which apprehends and conceptualizes the objects of the five doors, is "mind," while that which, without being connected with it, examines earlier and later objects and the generic images (don spyi) that are the objects of the mental faculty is called "mental faculty." Its own

[p. 357]སྣང་ཡུལ་དངོས་པོ་འཛིན་པ་དང༌། དངོས་མེད་འཛིན་པ་སྟེ། གསལ་བ་དང་མི་གསལ་བ་འཛིན་པས་ཕྱེ་བ་ཡིན་ནོ། །དེ་ལྟར་ན་རང་ངོའི་དབྱེ་བ་རེ་རེ་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞི་སྟེ་བཅུ་དྲུག་ཏུ་ཡོད་དོ། །གསུམ་པ་རྣམ་པར་འཕྲུལ་པའི་དབྱེ་བས་ཤིན་ཏུ་རྒྱས་པར་སྤྲོ་བ་ལ་གསུམ་སྟེ་དབང་སོ་སོའི་དག་བྱེད་ཀྱི་དབྱེ་བས་དག་རྒྱུ་བཅུ་དྲུག་འགྱུར་དང་བཅས་པ་བསྟན་པ། ལུས་ཀྱི་བྱ་བ་ལ་བརྟེན་ནས་ངེས་པའི་དབྱེ་བས་དབང་གི་གནས་ལུགས་བསྟན་པ། གྲངས་ཀྱི་དབྱེ་བ་ལ་བརྟེན་ནས་ལས་དང་ཉོན་མོངས་པའི་དག་བྱེད་བསྟན་པའོ། །དང་པོ་ནི་དབང་གི་རང་ངོའི་དབྱེ་བ་བཅུ་དྲུག་གིས་ཕྱིར་འབྱུང་བའི་ལས་བཅུ་དྲུག་དག་པར་བྱེད་ལ། ནང་དུ་སེམས་ཀྱི་རྟོག་པ་བཅུ་དྲུག་དག་པར་བྱེད་ལ། གསང་བར་རླུང་གི་འཕེན་སྡུད་བཅུ་དྲུག་དག་པར་བྱེད་ལ། བླ་ན་མེད་པར་ས་བཅུ་དྲུག་ལ་གནས་པའི་ངེས་པ་ཐོབ་པར་བྱེད་པས་དབང་བཅུ་དྲུག་ཏུ་བསྟན་པའོ། །དབང་དེ་དག་གི་དག་བྱ་ལུས་ངག་ཡིད་སེམས་བཞིའི་དྲི་མ་དག་པ་ལ་ལྟོས་ནས་གཞག་གོ །དེའང་ལུས་ལ་ཆུས་ཚོགས་པའི་ཆོས་བསྡུས་པས་འཆིང་བྱེད་རྒྱའི་དྲི་མར་སོང༌། མེས་དེ་དག་སྨིན་ཅིང་གསལ་བར་བྱས་པས་དངོས་པོར་གྲུབ་པའི་དྲི་མར་སོང༌། རླུང་གིས་དེ་དག་སོ་སོའི་ལས་བྱས་པས་ཞེན་པ་རང་རྒྱུད་དང་བཅས་པའི་དྲི་

appearing objects (snang yul) are apprehended as entities and apprehended as nonentities (dngos med)—that is, the distinction is made by the apprehension of what is clear and what is unclear. Thus, for each of the divisions in their own right there are four—outer, inner, secret, and complete—making sixteen.

Third, the extremely extensive elaboration through the divisions of the manifold display has three parts: showing the sixteen causes of purification (dag rgyu), together with their transformations, through the divisions of what each individual empowerment purifies (dag byed); showing the abiding nature of empowerment through the definite divisions based on the activities of the body; and showing what purifies karma and afflictions based on the division by number.

First: the sixteen divisions of empowerment in its own right outwardly purify the sixteen actions of the elements; inwardly they purify the sixteen thoughts of mind; secretly they purify the sixteen projections and gatherings ('phen sdud) of the winds; and unsurpassedly they bring about the attainment of the certainty of abiding on the sixteen levels (sa). Hence they are taught as sixteen empowerments. What those empowerments purify (dag bya) is posited with reference to the purification of the stains (dri ma) of the four: body, speech, mental faculty, and mind. Moreover, in the body, because water gathers together the assembled phenomena, it turns into the stain of the binding seal; because fire ripens them and makes them clear, it turns into the stain of being established as an entity; and because wind performs their individual functions, it turns into the stain

[p. 358]མར་སོང་བའོ། །ངག་སྨྲ་ནའང་སྨྲའོ་སྙམ་པ་ཡིད་ཀྱི་རྟོག་པས་བསླད་པའི་དྲི་མ་དང༌། སྨྲ་བྱེད་ལུས་ཀྱི་དྲི་མ་དང༌། སྨྲ་བའི་ཚིག་ལ་རྟོག་དཔྱོད་ཀྱི་དྲི་མ་དང༌། བརྗོད་ལས་རྟོག་པའི་འགྱུར་བྱེད་ཀྱི་དྲི་མ་དང༌། ཡང་ཡིད་འགྱུ་བ་ལའང༌། འགྱུ་བ་དྲན་བསམ་གྱི་རྟོག་པའི་དྲི་མ་དང༌། འགྱུ་བྱེད་ཡུལ་དང་ཤེས་པའི་དྲི་མ་དང༌། འགྱུས་པ་བག་ཆགས་སྔ་ཕྱིའི་དྲི་མ་དང༌། འགྱུས་པ་དངོས་ལ་ཞེན་པའི་དྲི་མ་དང༌། ཡང་སེམས་ཀྱི་དྲན་པས་ཡུལ་འཇུག་པའི་དྲི་མ་དང༌། བསམ་པས་དགེ་མི་དགེ་ལུང་དུ་བསྟན་མ་བསྟན་བཞི་ཀུན་ནས་སློང་བའི་དྲི་མ་དང༌། རྟོག་པས་སྙམ་བྱེད་དང༌། ཡིད་གཉིས་དང༌། ཐེ་ཚོམ་དང༌། ཡིད་དཔྱོད་ཀྱི་དྲི་མ་དང༌། འཛིན་ཡུལ་སྣ་ཚོགས་ལ་རྟོག་པའི་དྲི་མའོ། །དྲི་མ་དེ་དག་གི་དག་བྱེད་དབང་བཞི་སྟེ། སྤྲོས་བཅས་ཀྱི་སྤྲོས་བཅས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་དྲུག་གོ །དེ་དག་གིས་ལུས་ངག་ཡིད་སེམས་བཞི་རེ་རེ་ལ་དྲི་མ་བཞི་བཞི་སྟེ་བཅུ་་དྲུག་གི་ཚོགས་དག་པར་སྦྱོང་བའོ། །དེ་ཡང་ཐོག་མར་སྤྲོས་བཅས་ཉེ་བར་མཚོན་པ་ནི། སྤྲོས་བཅས་ཀྱི་སྤྲོས་བཅས་ལ་བརྡའི་སྤྲོས་བཅས་དང༌། དོན་གྱི་སྤྲོས་བཅས་ཏེ་གཉིས། དེའི་སྤྲོས་མེད་ལ་བརྡ་དོན་གཉིས། ཤིན་ཏུ་སྤྲོས་མེད་ལ་གཉིས། རབ་ཏུ་སྤྲོས་མེད་ལ་བརྡ་དོན་གཉིས་ཏེ་བརྒྱད། དེ་བཞིན་དུ་སྤྲོས་མེད་ལ་བརྡའི་སྤྲོས་མེད་ལ་

of clinging (zhen pa) together with its own continuum. As for speech: when one speaks, there is the stain of being corrupted by the thought of the mental faculty that thinks "I shall speak"; the stain of the body that does the speaking; the stain of examination and analysis (rtog dpyod) of the words spoken; and the stain of what alters thought on the basis of what is expressed. Again, in the movement of the mental faculty: there is the stain of the movement itself—the thoughts of recollection and thinking; the stain of what causes the movement—object and cognition; the stain of what has moved—earlier and later habitual tendencies; and the stain of clinging to what has actually moved. Again, for mind: there is the stain of engaging objects through recollection; the stain of thinking, which motivates all four—virtuous, nonvirtuous, specified, and unspecified (lung du bstan ma bstan); the stain of thought—supposing, vacillation (yid gnyis), doubt (the tshom), and intellectual speculation; and the stain of conceptualizing the various objects that are apprehended.

What purifies those stains is the four empowerments; when they are divided into four each—the elaborate of the elaborate and so forth—they are sixteen. These purify the collection of sixteen stains, four for each of the four: body, speech, mental faculty, and mind. Moreover, to illustrate this first with the elaborate: in the elaborate of the elaborate there are two, the symbolic elaborate and the elaborate of meaning (don); in its unelaborate, the two of symbol and meaning; in its extremely unelaborate, two; and in its utterly unelaborate, the two of symbol and meaning—eight. Likewise, in the unelaborate there are eight—the symbolic unelaborate and

[p. 359]སོགས་པ་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད། རབ་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་གཉིས་སུ་འགྱུར་ལ། ལུས་ངག་ཡིད་སེམས་བཞིའི་ཚོགས་པ་ལའང༌། དེ་ལྟར་ཕྱེ་བས་སུམ་ཅུ་རྩ་གཉིས་དག་པར་བྱེད་པ་ནི། བསྐྱེད་རིམ་གྱི་དག་བྱ་དང་དག་བྱེད་ཤེས་པའི་དགོས་པ་ཡོད་པའོ། །དེ་ལྟར་དག་བྱ་དྲི་མ་སུམ་ཅུ་རྩ་གཉིས་དང༌། དག་བྱེད་དབང་སུམ་ཅུ་རྩ་གཉིས་བསྡོམས་ན། དྲུག་ཅུ་རྩ་བཞི་ནི་དག་བྱ་དག་བྱེད་ཀྱི་དབྱེ་བ་ངེས་པའོ། །གཉིས་པ་ལུས་ཀྱི་བྱ་བ་ལ་བརྟེན་ནས་དབྱེ་བས་དབང་གི་གནས་ལུགས་བསྟན་པ་ནི། དག་བྱ་དྲི་མ་སུམ་ཅུ་་རྩ་གཉིས་ཀྱི་གཞི་ལུས་མི་འདྲ་བ་དཔག་ཏུ་མེད་པ་ཡང་ས་ཆུ་མེ་རླུང་བཞི་ལས་གྲུབ་ལ། དེ་དག་ལ་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་བརྒྱད་དོ། །དེ་ཡང་ས་ཆུ་མེ་རླུང་གཞི་ལ་ཟུག་པ་དང༌། བྱེར་བ་དང༌། སྙོམས་པ་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་སོ། །དེ་དག་བྱེད་དབང་ལའང་སྤྲོས་བཅས་ལ་སོགས་བཞི་ལ་སྐུ་གསུང་ཐུགས་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་ཀྱིས་དག་པར་བྱེད་དོ། །འབྱུང་བཞི་ཕོ་མོ་གཉིས་ཏེ་བརྒྱད་ཀྱི་དག་བྱ་ནི། དབང་བཞི་ལ་ཐབས་ཤེས་རབ་གཉིས་གཉིས་སུ་ཕྱེ་བས་བརྒྱད་ཀྱིས་དག་པར་བྱེད་དོ། །ལུས་ཀྱི་འབྱུང་བའི་བྱེ་བྲག་ལའང༌། ས་ལ་སོགས་པ་བཞི་པོ་རེ་རེ་ལ་སའི་ས་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་

so forth; in the extremely unelaborate, eight; and in the utterly unelaborate, eight—so that they come to thirty-two. And when the assemblage of the four—body, speech, mental faculty, and mind—is divided in the same way, thirty-two are purified; this has the purpose of knowing what is to be purified and what purifies in the generation stage. Thus, when the thirty-two stains to be purified and the thirty-two purifying empowerments are added together, sixty-four is the definite division of what is to be purified and what purifies.

Second, showing the abiding nature of empowerment through the divisions based on the activities of the body: the basis of the thirty-two stains to be purified, the body—though bodies are immeasurably many and diverse—is formed from the four: earth, water, fire, and wind; and when these are each divided into two, male and female, there are eight. Moreover, when earth, water, fire, and wind are each divided into three—lodged in their basis, dispersed, and balanced—there are twelve. Among the empowerments that purify these, too, when the four—the elaborate and so forth—are each divided into three, enlightened body, speech, and mind, the twelve purify them. What is to be purified as the eight—the four elements as male and female—

is purified by the eight obtained when the four empowerments are each divided into two, skillful means and wisdom. Among the particulars of the body's elements, too, when each of the four—earth and so forth—is divided into four—the earth of earth and so forth—there are sixteen;

[p. 360]དྲུག་ནི། ཚ་བ་དང་གྲང་བ་གཉིས་ཀྱི་དབྱེ་བས་དྲུག་ཅུ་རྩ་བཞིར་འགྱུར་ཏེ། གོང་གི་བརྡ་དོན་གྱི་དབྱེ་བའི་དབང་དྲུག་ཅུ་རྩ་བཞིས་དག་པར་བྱེད་དོ། །དེའང་འབྱུང་བ་བཞི་པོ་རེ་རེ་ལའང་ལེགས་པར་ཕྱེ་ན། ས་ལའང་དྲུག་ཅུ་རྩ་བཞི། དེ་ལ་ཁྱབ་པ་འབྱུང་བ་སྤྱིའི་ལུས་དང༌། རང་གི་མཚན་ཉིད་འཛིན་པ་དངོས་ཀྱི་ལུས་གཉིས་སུ་ཕྱེ་བས། ས་ལ་ལུས་མི་འདྲ་བ་བརྒྱ་དང་ཉེར་བརྒྱད། དེ་བཞིན་དུ་ཕྱེ་བས་ཆུ་དང་མེ་དང༌། རླུང་རྣམས་ལ་བརྒྱ་ཉེར་བརྒྱད་ཚན་པ་གསུམ་སྟེ། བསྡོམས་པས་ལྔ་བརྒྱ་དང་བཅུ་གཉིས་ཀྱི་ལུས་སུ་སྨིན་ནོ། །དེ་ལྟར་ཕྱིར་ལུས་་སྨིན་པ་བཞིན་ནང་དུ་ཉོན་མོངས་པ་ཡང༌། འདོད་ཆགས་ལ་བལྟས་པ་དང༌། བགད་པ་དང༌། བཅངས་པ་དང༌། འཁྱུད་པ་སྟེ་བཞི་ནི་འབྱུང་བ་རེ་རེའི་ལུས་ལ་བཞི་བཞི་སྟེ་བཅུ་དྲུག གཏི་མུག་ལ་རྨུགས་པས་མ་ཤེས་པ་དང༌། འཐིབས་པ་དང༌། མྱོས་པ་དང༌། རབ་ཏུ་མ་རིག་པ་འདྲེས་པ་དང་བཞི་པོ་ལུས་བཞི་ལ་ཕྱེ་བས་བཅུ་དྲུག ཞེ་སྡང་ལ་སྡང་བ་དང༌། སྡང་བ་ཆེན་པོ་དང༌། ཆེར་སྡང་བ་དང༌། རབ་ཏུ་སྡང་བ་སྟེ་ལུས་རེ་ལས་ཕྱེ་བས་བཅུ་དྲུག །ང་རྒྱལ་ལ་ཕྲ་བ་དང༌། རགས་པ་དང༌། འགྱུར་བ་དང༌། མཆེད་པ་དང༌། འཕྲོ་བ་བཞི་ཡང་བཅུ་དྲུག ཕྲག་དོག་ལ་ཡང་བ་དང༌། ལྕི་བ་དང༌། རྒོད་པ་དང༌། ཕྲ་བ་བཞི་སྟེ་ཕྱེ་བས་བཅུ་དྲུག་སྟེ་བསྡོམས་པས་བརྒྱད་ཅུ་

and these sixteen, through the division into the two, hot and cold, become sixty-four; these are purified by the sixty-four empowerments of the division by symbol and meaning given above. Moreover, if each of the four elements is thoroughly divided, earth alone has sixty-four; and when these are divided into two—the body of the general, pervading element and the actual body that holds its own defining characteristic—earth has one hundred and twenty-eight distinct bodies. Dividing in the same way, water, fire, and wind have three sets of one hundred and twenty-eight; added together, they ripen into five hundred and twelve bodies. Just as the body thus ripens outwardly, so inwardly the afflictions too: for desire—looking, laughing, holding hands, and embracing—these four, being four for the body of each element, make sixteen. For bewilderment—not knowing through dullness, being clouded, being intoxicated, and being mixed with utter ignorance (ma rig pa)—these four, divided among the four bodies, make sixteen. For anger—anger, great anger, greater anger, and utmost anger—divided according to each body, sixteen. For pride (nga rgyal)—subtle, coarse, changing, spreading, and proliferating—these four likewise make sixteen. For envy (phrag dog)—light, heavy, agitated, and subtle—four; divided, they make sixteen. Added together, these make exactly eighty.

[p. 361]ཐམ་པ། དེ་ལས་བྱེ་བྲག་ཏུ་ཕྱེ་ན་འབྱུང་བའི་ལུས་མི་འདྲ་བ་ལྔ་བརྒྱ་དང་བཅུ་གཉིས་པོ་རེ་རེ་ལ། ཉོན་མོངས་པ་བཞི་བཞིའི་གྲངས་ཀྱིས་ཉི་ཤུ་ཉི་ཤུ་གནས་པས། ཐམས་ཅད་བསྡོམ་ནས་ཁྲི་ཕྲག་གཅིག་དང་བརྒྱ་བཞི་བཅུ་རྩ་བརྒྱད་དུ་འབྱུང་ལ། ལུས་དང་ཉོན་མོངས་པ་གཉིས་ཀའི་རྣམ་གྲངས་བསྡོམས་ནས་ཁྲི་ཕྲག་གཅིག་དང་དྲུག་བརྒྱ་དྲུག་ཅུ་ཐམ་པ་ནི་དག་བྱའི་དྲི་མ་ཡིན་ལ། དེའི་དག་བྱེད་ཀྱི་དབང་འོག་ཏུ་སྟོན་ནོ། །གསུམ་པ་གྲངས་ཀྱི་དབྱེ་བས་ལུས་དང་ཉོན་མོངས་པའི་དག་བྱེད་བསྟན་པ་ནི། དབང་རྣམ་པ་བཞི་ལས། དང་པོ་སྤྲོས་བཅས་ལའང་གཞིར་བྱས་པའི་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་ཕྱི་ནང་གསང་བ་ཡོངས་རྫོགས་དང་བཞིར་དབྱེ་ན། སྤྲོས་བཅས་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་སྟ་གོན་གྱི་ཚོམ་བུ་ལ་སོ་ཤིང་བྲིམ་པ། དེའི་ནང་མཎྜལ་འབུལ་བ། དེའི་གསང་བ་སྲུང་སྐུད་གདགས་ཤིང་ཀུ་ཤ་སྦྱིན་པ། ཡོངས་སུ་རྫོགས་པ་རྨི་ལམ་བརྟག་པའོ། །དེའི་སྤྲོས་མེད་ཀྱི་ཕྱིའི་དབང་ཁྲུས་བྱ་བ། གསོལ་བ་བཏབ་པ། རྡོ་རྗེས་ནང་དུ་བོད་པ་གསུམ་མོ། །དེའི་ནང་དམ་ཚིག་གི་མནའ་ཆུ་བླུད་པ། འཁོར་བ་སྤོང་བའི་མནའ། མྱང་འདས་ལེན་པའི་མནའ། སེམས་ཅན་གྱི་དོན་མི་བྱེད་རེའི་མནའ་བཞིའོ། །དེའི་གསང་བ་དམ་ཚིག་དང༌། སྡོམ་པ་དབོག་པ་དང༌། དཀྱིལ་འཁོར་དུ་འཇུག་པ་དང༌།

If these are divided further in particular, then, since for each of the five hundred and twelve distinct bodies of the elements there abide twenty, by the count of four for each affliction, when all are added together they come to ten thousand one hundred and forty-eight; and adding together the enumerations of both the bodies and the afflictions, exactly ten thousand six hundred and sixty are the stains to be purified. The empowerments that purify them are shown below.

Third, showing what purifies the body and the afflictions through the divisions by number. Among the four kinds of empowerment, first, as for the elaborate, too: when the elaborate of the elaborate, taken as the basis, is divided into four—outer, inner, secret, and fully complete—the outer empowerment of the elaborate of the elaborate is distributing tooth-sticks at the clusters of the preparatory rite; its inner is offering the maṇḍala; its secret is tying on the protection cord and giving kuśa grass; its fully complete is examining dreams. The outer empowerment of its unelaborate is threefold: performing ablution, making supplication, and being summoned inside with the vajra. Its inner is fourfold: giving the oath-water of samaya to drink, the oath to abandon saṃsāra, the oath to take up nirvāṇa, and the oath never to neglect the welfare of sentient beings. Its secret is conferring samaya and vows, entering the maṇḍala, and

[p. 362]སེམས་ཀྱི་མེ་ཏོག་དབུལ་བའོ། །དེའི་ཡོངས་སུ་རྫོགས་པ་དཀྱིལ་འཁོར་དུ་འཇུག་པ་ལྷ་ངོ་བསྟན་པ། མེ་ཏོག་དོར་བ། མིང་གི་དབང་ངོ༌། །དེའི་ཤིན་ཏུ་སྤྲོས་པ་མེད་པའི་ཕྱིའི་དབང་ཉན་ཐོས་ཀྱི་དཀྱིལ་འཁོར་དུ་འཇུག་པ། ས་ལམ་གྱི་ཚད་བསྟན་པ། སྟོད་གཡོགས་དང་སྨད་གཡོགས་སྦྱིན་པ། ལྷུང་བཟེད་དང་བསིལ་བྱེད་སྦྱིན་པ་ལ་སོགས་པ་སྟེ། ཁྲིམས་ཀྱི་ཐ་ཚིག ས་ལ་སོགས་པ། ལས་ཀྱི་དབྱེ་བ། རྟེན་འབྲེལ་མཚོན་པ། སྒོམ་པ་སྦྱིན་པ། ལུང་བསྟན་པ་དང༌། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དུ་འཇུག་པ་དང༌། སེམས་བསྐྱེད་པ་དང༌། སྡོམ་པ་སྦྱིན་པ་དང༌། ཁྱད་པར་གྱི་སེམས་གཟུང་ལ་སོགས་པའོ། །དེའི་ནང་གི་དབང་ཀྲཱི་ཡའི་དཀྱིལ་འཁོར་དུ་འཇུག་པ་དང༌། སེམས་བསྐྱེད་པ་དང༌། སྡོམ་པ་གཟུང་བ་དང༌། མེ་ཏོག་དོར་ཞིང་ལྷ་ངོ་བསྟན་པ་དང༌། མིང་གི་དབང་དང༌། ལུང་བསྟན་པ་དང༌། གཟེངས་བསྟོད་པ་དང༌། དབུགས་དབྱུང་བ་དང༌། དབང་བསྐུར་བའོ། །དེ་བཞིན་དུ་ཨུ་པ་དང་ཡོ་གའི་དཀྱིལ་འཁོར་དུ་འཇུག་པ་ལ་རྣམ་གྲངས་དགུ་དགུ་སྟེ་ཉི་ཤུ་རྩ་བདུན་ནོ། །དེའི་གསང་བ་མ་ཧཱའི་ལུང་བསྟན་པ་དང༌། དཀྱིལ་འཁོར་དུ་འཇུག་པ་དང༌། ལྷ་ངོ་བསྟན་པ་དང༌། མེ་ཏོག་དོར་བ་དང༌། མིང་གི་དབང་དང༌། ཉན་པ་དང༌། འཆད་པ་དང༌། ཕན་པ་དང༌། ནུས་པ་དང༌། རིག་པའི་

offering the flower of the mind. Its fully complete is entering the maṇḍala and being shown the faces of the deities, casting the flower, and the name empowerment. The outer empowerment of its extremely unelaborate is entering the maṇḍala of the śrāvakas, being shown the measure of the levels and paths, being given the upper and lower robes, being given the alms bowl and the fan, and so forth—namely, the pledge of discipline, the levels and so on, the divisions of acts, illustrating dependent origination, imparting meditation, and prophecy; and entering the maṇḍala of the bodhisattvas, generating bodhicitta, being given the vows, taking hold of the special resolve, and so forth. Its inner empowerment is entering the maṇḍala of Kriyā, generating bodhicitta, taking the vows, casting the flower and being shown the faces of the deities, the name empowerment, prophecy, encouragement, reassurance, and the conferral of empowerment. Likewise, entering the maṇḍalas of Upa and Yoga has nine items each, making twenty-seven. Its secret is, for Mahā, prophecy,

entering the maṇḍala, being shown the faces of the deities, casting the flower, the name empowerment, listening, explaining, benefiting, capacity, the empowerment of awareness,

[p. 363]དབང་དང༌། ཡན་ལག་གི་དང༌། ཁྱད་པར་གྱི་དབང་དང་བཅུ་གཉིས་སོ། །དེ་ནས་ཨ་ནུའི་དཀྱིལ་འཁོར་དུ་འཇུག་པ་དང༌། བརྡ་ངེས་པར་མཚོན་པ་དང༌། དབུགས་དབྱུང་བ་དང༌། ཕྱག་རྒྱ་བསྒྱུར་བ་དང༌། ལས་སུ་བྱ་བ་དང༌། འཇུག་པ་ངེས་པ་དང་དྲུག་གོ །དེའི་ཡོངས་སུ་རྫོགས་པ། རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་གཞུག་པ་དང༌། བསྒོམས་པ་ངེས་པའི་དཀྱིལ་འཁོར་དུ་མེ་ཏོག་དོར་བ་དང༌། ལྷ་ངོ་བསྟན་ཞིང་དབང་བསྐུར་བ་དང༌། འབྲས་བུ་བྱ་བྲལ་རྫོགས་པའི་དབང་བསྐུར་བ་དང་བཞིའོ། །སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་པ་མེད་པའི་ཕྱིའི་ཐ་དབང་ནི། དེ་ལྟར་རིམ་པ་དགུའི་དབང་རྫོགས་ནས། ཁྱད་པར་གྱི་དབང་ལ་འཇུག་པ་ནི། ཕྱག་རྒྱའི་དཀྱིལ་འཁོར་དུ་འཇུག་པ་སྟེ༌། དེའི་ཕྱི་ལ་རིག་མ་བརྟག་ཅིང་དགུག་པ་རྩ་བཙལ་ཞིང་སློང་བ། བདེ་བ་བཙལ་བ། རྒྱས་པར་བྱ་བ། དབབ་ཅིང་གཟུང་བ། བཟློག་ཅིང་སྦྱང་བ་དང་དྲུག་གོ །འདིའི་ནང་གི་དབང་ལ། སྦྱོར་བ་སྙོམས་པར་འཇུག་པ། བྱང་སེམས་ཡི་གེ་གསུམ་གྱི་སྒྲ་དང་བཅས་པ། མེ་ལོང་དུ་བླང་བ། དེ་རྡོ་རྗེ། པདྨ། འཁོར་ལོ་གསུམ་དུ་དམིགས་ཏེ་སློབ་མའི་ལྕེ་ལ་བཞག་ནས་ལུས་ངག་སྟོངས་པར་བྱ་བ་སྟེ་དྲུག་གོ །དེའི་གསང་བ་བདེ་བ་དང་བྱང་སེམས་དངོས་ཀྱི་བྱིན་རླབས་ལུས་ངག་ཡིད་གསུམ་ལ་བྱ་བ་གསུམ། གསང་བ་དང་

that of the branches (yan lag), and the special empowerment (khyad par gyi dbang)—twelve. Then, for Anu: entering the maṇḍala, definitively indicating the symbol, reassurance, transforming the mudrā, assigning to activity, and ascertaining the entry—six. Its completely complete: introducing into the maṇḍala of the Great Perfection, casting the flower into the maṇḍala of ascertained meditation, being shown the faces of the deities and being conferred empowerment, and being conferred the empowerment of the fruition, perfection free of activity (bya bral)—four.

The outer final empowerment (tha dbang) of the utterly unelaborate of the elaborate: when the empowerments of the nine stages have thus been completed, entering the special empowerment is entering the maṇḍala of the mudrā. Its outer: examining and summoning the consort, seeking the channel and arousing it, seeking bliss, increasing it, bringing it down and holding it, and reversing it and purifying it—six. Its inner empowerment: union, the entering into absorption; the bodhicitta together with the sound of the three syllables; taking it up in a mirror; visualizing it as the three—vajra, lotus, and wheel; placing it on the disciple's tongue; and emptying body and speech—six. Its secret: the three of conferring the blessing of bliss and actual bodhicitta upon the three—body, speech, and mind; and the three of the secret,

[p. 364]གསང་བར་འོས་པ་དང༌། གསང་བར་གཉེར་གཏད་པ་གསུམ་སྟེ་དྲུག་གོ །དེའི་ཡོངས་སུ་རྫོགས་པ་ཚིག་སྣ་ཚོགས་པས་མཚོན་པ་སྟེ། བརྡའི་ཚིག་དང༌། དོན་གྱི་ཚིག་དང༌། བརྡ་དོན་དབྱེར་མི་ཕྱེད་པའི་ཚིག་གསུམ་མོ། །དེ་ལྟར་ན་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་ལ། བསྐུར་རྒྱུའི་དབང་དྲུག དེའི་ཕྱི་ལ་སོ་ཤིང་བྲིམ་པ་དང་གཅིག །དེའི་ནང་ལ་མཎྜལ་འབུལ་བ་དང་གཉིས། དེའི་གསང་བ་སྲུང་སྐུད་དང་ཀུ་ཤ་བྱིན་པ་གཉིས་ཏེ་བཞི། དེའི་ཡོངས་རྫོགས་རྨི་ལམ་བརྟག་པ་དང༌། བཟང་ངན་གྱི་རྗེས་དྲི་བ་གཉིས་ཏེ་དྲུག་གོ །དེའི་སྤྲོས་བཅས་ཀྱི་སྤྲོས་མེད་ཀྱི་ཕྱི་ལ་གསུམ་སྟེ་དགུ། དེའི་ནང་ལ་བཞི་སྟེ་བཅུ་གསུམ། དེའི་གསང་བ་ལ་བཞི་སྟེ་བཅུ་བདུན། དེའི་ཡོངས་རྫོགས་ལ་བཞི་སྟེ་ཉེར་གཅིག སྤྲོས་པ་མེད་པའི་ཤིན་ཏུ་སྤྲོས་པའི་ཕྱི་ལ་ཉན་ཐོས་ལ་དྲུག །རང་རྒྱལ་ལ་ལྔ་སྟེ་བཅུ་གཅིག བྱང་སེམས་ལ་བཞི་སྟེ་བཅོ་ལྔ། དེའི་ནང་གི་དབང་ལ་ཀྲཱི་ཡ་ལ་དགུ་སྟེ་ཉེར་བཞི། ཨུ་པ་ལ་དགུ་སྟེ་སོ་གསུམ། ཡོ་ག་ལ་དགུ་སྟེ་ཞེ་གཉིས། དེའི་གསང་བའི་དབང་ལ་མ་ཧཱ་ལ་བཅུ་གཉིས་ཏེ་ལྔ་བཅུ་རྩ་བཞི། ཨ་ནུ་ལ་དྲུག་སྟེ་དྲུག་ཅུ་ཐམ་པ། དེའི་ཡོངས་རྫོགས་ཨ་ཏི་ལ་བཞི་སྟེ་དྲུག་ཅུ་རྩ་བཞི་སྤྲོས་བཅས་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱིའི་དབང་ལ་བཅུ་བདུན། ནང་ལ་་དྲུག་སྟེ་ཉེར་གསུམ། དེའི་

what is fit to be secret, and entrusting to secrecy—six. Its completely complete is indication by means of various words: the words of symbol, the words of meaning, and the words in which symbol and meaning are indivisible—three.

Thus, for the elaborate of the elaborate, in the four—outer, inner, secret, and completely complete—there are six empowerments to be conferred. In its outer, distributing the tooth-sticks (so shing)—one. In its inner, offering the maṇḍala—two. In its secret, giving the protection cord (srung skud) and the kuśa grass—two, making four.

In its completely complete, examining dreams and inquiring afterward about good and bad—two, making six. In the outer of the unelaborate of the elaborate, three, making nine. In its inner, four, making thirteen. In its secret, four, making seventeen. In its completely complete, four, making twenty-one. In the outer of the extremely unelaborate: for the śrāvakas, six; for the pratyekabuddhas, five, making eleven; for the bodhisattvas, four, making fifteen. In its inner empowerment: for Kriyā, nine, making twenty-four; for Upa, nine, making thirty-three; for Yoga, nine, making forty-two. In its secret empowerment: for Mahā, twelve, making fifty-four; for Anu, six, making a full sixty. In its completely complete, for Ati, four, making sixty-four. In the outer empowerment of the utterly unelaborate of the elaborate, seventeen. In the inner, six, making twenty-three. In its

[p. 365]གསང་བ་ལ་དྲུག་སྟེ་ཉེར་དགུ། དེའི་ཡོངས་སུ་རྫོགས་པ་ལ་གཅིག་སྟེ་སུམ་ཅུ་ཐམ་པའོ། །ཤིན་ཏུ་སྤྲོས་མེད་ལ་དྲུག་ཅུ་རྩ་བཞི་སྟེ་དགུ་བཅུ་རྩ་བཞིའོ། །དེའི་སྤྲོས་མེད་ལ་བཅོ་ལྔ་སྟེ་བརྒྱ་དང་དགུའོ། །དེའི་སྤྲོས་བཅས་ལ་དྲུག་སྟེ་སྤྲོས་བཅས་བསྐུར་རྒྱུའི་ཆོས་བརྒྱ་དང་བཅོ་ལྔའོ། །སྤྲོས་མེད་ཀྱི་སྤྲོས་བཅས་ཀྱི་ཕྱིའི་དབང་ལ་བླ་མའི་བྱ་བ་དང་སློབ་མའི་བྱ་བ་གཉིས། དེའི་ནང་ལ་མཎྜལ་དང་བུམ་པ་གཉིས་ཏེ་བཞི། དེའི་གསང་བ་ལ་མཎྜལ་གྱི་ལེགས་པར་བཤད་པའི་ཆོས་ལྔ། བུམ་པའི་ལེགས་བཤད་ལྔ་སྟེ་བཅུ། གོང་མ་བཞི་དང་བསྡོམས་པས་བཅུ་བཞི། དེའི་ཡོངས་རྫོགས་ལ་བླ་མས་མིང་གི་མཚོན་པ་བརྗོད་པ་དང་སློབ་མས་སྟོབས་བསྐྱེད་པ་གཉིས་ཏེ་བཅུ་དྲུག་གོ །སྤྲོས་མེད་ཀྱི་སྤྲོས་མེད་ཀྱི་ཕྱིའི་དབང་ལ་ཨའི་བསྙེན་པས་སྐྱེ་མེད་ཀྱི་ལམ་སྦྱང་བ་དང༌། ཨའི་སྒྲུབ་པས་འགག་མེད་ཀྱི་སྣ་བསལ་བ་དང༌། ཨའི་འཕྲོ་འདུས་ལུས་ངག་ཡིད་དག་པར་བྱེད་པ་དང་གསུམ་མོ། །དེའི་ནང་ལ་ཁྲུས་ཀྱིས་དག་བྱའི་ཚུལ་བསྟན་པ། མཎྜལ་ཕུལ་བས་འདོད་པའི་དོན་ཐོབ་པར་བྱ་བ། ལུང་བཙལ་བས་བྱ་བ་ལ་འཇུག་པ་ངོ་ཤེས་པ་དང་གསུམ་མོ། །དེའི་གསང་བ་ལ་དཀྱིལ་འཁོར་དུ་འཇུག་པས། དབྱིངས་ལ་རིག་པ་གཞུག་པའི་གནད་དང༌། ལྷ་ངོ་བསྟན་པས་དབྱིངས་རིག་ངོ་སྤྲད་པ་དང༌། མིང་གི་

secret, six, making twenty-nine. In its completely complete, one, making a full thirty. In the extremely unelaborate, sixty-four, making ninety-four. In its unelaborate, fifteen, making one hundred and nine. In its elaborate, six; thus the items to be conferred in the elaborate are one hundred and fifteen.

In the outer empowerment of the elaborate of the unelaborate: the guru's activities and the disciple's activities—two. In its inner, the maṇḍala and the vase—two, making four. In its secret, the five items of the fine explanation of the maṇḍala and the five fine explanations of the vase, making ten; combined with the preceding four, fourteen. In its completely complete, the guru pronouncing the indication of the name and the disciple generating strength—two, making sixteen.

In the outer empowerment of the unelaborate of the unelaborate: training in the path of the unborn through the approach of A; clearing the way for the unceasing ('gag med) through the accomplishment of A; and purifying body, speech, and mind through the emanation and reabsorption of A—three. In its inner: showing the manner of what is to be purified through ablution; bringing about the attainment of the desired aim through offering the maṇḍala;

and recognizing the entry into activity through seeking the transmission—three. In its secret: through entering the maṇḍala, the key point of introducing awareness into basic space; through being shown the faces of the deities, the introduction to basic space and awareness (dbyings rig); and, through the name

[p. 366]དབང་བསྐུར་བས་སངས་རྒྱས་ཀྱི་སྲས་སུ་བྱ་བའོ། །དེ་ལྟར་གསུམ་དང༌། དེའི་ཡོངས་སུ་རྫོགས་པ་ལ་ཕྱི་ཡུལ་དབང་པོའི་ཚིགས་སུ་བཅད་པས་ལུང་བསྟན་པས་ཤེས་པ་དང་ཡུལ་གཉིས་མེད་ཉམས་སུ་མྱོང་བའི་དབང་དང༌། ནང་སེམས་གསལ་བའི་ཚིགས་སུ་བཅད་པས་དབུགས་དབྱུང་བས་སྐྱེ་མེད་ངོས་གཟུང་དང་བྲལ་བའི་དབང་དང༌། གསང་བཟུང་འཇུག་རིས་མེད་ཀྱི་ཚིགས་སུ་བཅད་པས་གཟེངས་བསྟོད་པས་དབྱིངས་རིག་གཉིས་མེད་བདེ་ཆེན་གྱི་དབང་བསྟན་པ་དང་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འཇུག་པར་འོས་པ་དང༌། ཐོབ་པར་འོས་པ་གཉིས། དེའི་ནང་ལ་སྤྱོད་པར་ངེས་པ་དང༌། ལྟ་བར་ངེས་པ་གཉིས་ཏེ་བཞི། དེའི་གསང་བ་ལ་རིགས་འབྱེད་པ་དང༌། བདག་ཉིད་དུ་གནས་པ་གཉིས་ཏེ་དྲུག དེའི་ཡོངས་སུ་རྫོགས་པ་ལ་རྒྱུ་དང་རྐྱེན་གཉིས་ཏེ་བརྒྱད་དོ། །དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་སེམས་གནས་པ་དང༌། ངག་གནས་པ་གཉིས། དེའི་ནང་ལ་ངག་བསྒྱུར་བ་དང༌། སེམས་ཐོབ་པ་གཉིས་ཏེ་བཞི། དེའི་གསང་བ་ལ་བདེ་བ་ལུང་བསྟན་པ་དང༌། གསང་བ་དབུགས་དབྱུང་བ་གཉིས་ཏེ་དྲུག དེའི་ཡོངས་རྫོགས་ལ་སྤྲོ་བར་གནས་པ་དང༌། རང་གི་ལས་ཐོབ་པ་གཉིས་ཏེ་བརྒྱད་དོ། །དེ་ལྟར་སྤྲོས་མེད་ཀྱི་སྤྲོས་བཅས་ལ་བཅུ་དྲུག དེའི་སྤྲོས་མེད་ལ་བཅུ་

empowerment being conferred, being made a child of the buddhas. Thus three. In its completely complete: the outer, in which, through the verse on object and sense faculties, the prophecy (lung bstan pa) is given—the empowerment of experiencing cognition and object as nondual; the inner, in which, through the verse on the clarity of mind, relief is granted (dbugs dbyung ba)—the empowerment of the unborn, free of any identification; and the secret, in which, through the verse on undifferentiated union, exaltation is given (gzengs bstod pa)—showing the empowerment of the great bliss (bde chen) of nondual basic space and awareness—making twelve.

In the outer of its extremely unelaborate: being fit to enter and being fit to attain—two. In its inner: certainty in conduct and certainty in view—two, making four. In its secret: distinguishing the family and abiding as its very identity—two, making six. In its completely complete: cause and condition—two, making eight.

In the outer of its utterly unelaborate: the abiding of mind and the abiding of speech—two. In its inner: transforming speech and attaining mind—two, making four. In its secret: prophesying bliss and granting relief in secret—two, making six. In its completely complete: abiding in joy and attaining one's own activity—two, making eight.

Thus, in the elaborate of the unelaborate there are sixteen; in its unelaborate,

[p. 367]གཉིས་ཏེ་ཉེར་བརྒྱད། དེའི་ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་དྲུག དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དོ། །བསྐུར་བས་ཐོབ་པའི་འབྲས་བུ་བཞི་བཅུ་རྩ་བཞིའོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ཀྱི་ཕྱི་ལ། ལམ་གསལ་བའི་ཕྱིར་བླ་མ་ལ་གསོལ་བ་གདབ་པ་དང༌། རྣམ་ཤེས་བརྒྱད་ཀྱི་འཕྲོ་འདུ་བཅད་པའི་ཕྱིར་ཡི་གེ་བརྒྱད་ཀྱི་རྒྱས་གདབ་པ་དང༌། ཡིད་ཀྱི་བྱུང་ཚོར་བཀག་ནས་བར་ཆད་ཞི་བའི་ཕྱིར་ཕཊ་ཀྱི་སྒྲ་སྒྲོགས་པ་དང་གསུམ། དེའི་ནང་ལ་གནས་བཙལ་བས་ཕྱོགས་ཀྱི་ངེས་པ་གཟུང་བ་དང༌། བགེགས་བསལ་བའི་ཕྱིར་གཏོར་མ་སྦྱིན་པ་དང༌། སེམས་ལ་སྤྲོ་བ་བསྐྱེད་པ་དང་གསུམ། དེའི་གསང་བ་ལ་ལུས་ཀྱི་སྤྱོད་པ་བརྩམ་པའི་ཡུལ་དང༌། རྩོམ་པའི་ཐབས་དང༌། བརྩམས་པའི་དགོས་པ་དང་གསུམ། དེའི་ཡོངས་སུ་རྫོགས་པ་ལ་ངག་གི་སྤྱོད་པ་བརྩམ་པའི་ཡུལ་དང༌། རྩོམ་པའི་ཐབས་དང་བརྩམས་པའི་དགོས་པ་གསུམ། དེའི་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་སྤྱོད་པ་རྩོམ་པའི་ཡུལ། ཐབས་དགོས་པ་གསུམ། དེའི་ནང་ལ་ལུས་དང༌། ངག་དང༌། སེམས་ཀྱི་སྡིག་པ་ངེས་པའི་ཡུལ་གསུམ། དེའི་གསང་བ་ལ་ལུས་དང༌། ངག་དང༌། སེམས་ཀྱི་སྡིག་པ་དག་པའི་ཚད་གསུམ། དེའི་ཡོངས་རྫོགས་ལ། ལུས་དང༌། ངག་དང༌། སེམས་ཀྱི་མ་དག་ན་བཤགས་པའི་ཐབས་གསུམ་

twelve, making twenty-eight; in its extremely unelaborate, eight, making thirty-six; and in its utterly unelaborate, eight. The fruitions attained through the conferral are forty-four.

In the outer of the elaborate of the extremely unelaborate: supplicating the guru so that the path becomes clear; sealing with the eight letters in order to cut off the emanation and reabsorption of the eight consciousnesses; and sounding PHAṬ so that, the stirrings and feelings of the mental faculty having been blocked, obstacles are pacified—three.

In its inner: ascertaining the direction by seeking out the place; giving a torma (gtor ma) in order to clear away obstructors; and generating joy in the mind—three. In its secret: the object for undertaking the conduct of body, the method of undertaking it, and the purpose of having undertaken it—three. In its completely complete: the object for undertaking the conduct of speech, the method of undertaking it, and the purpose of having undertaken it—three. In the outer of its unelaborate: the object, the method, and the purpose of undertaking the conduct of mind—three. In its inner: the three objects for ascertaining the misdeeds (sdig pa) of body, speech, and mind. In its secret: the three measures of the purification of the misdeeds of body, speech, and mind. In its completely complete: the three methods of confession (bshags pa) if those of body, speech, and mind have not been purified—

[p. 368]སྟེ་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་འབྲུའི་མཎྜལ་གྱིས་ལོངས་སྤྱོད་འཕེལ་བ་དང༌། དྲིས་ཁམས་རྒྱས་པ་དང༌། མེ་ཏོག་གིས་དབང་པོ་གསལ་བ་དང༌། རིན་པོ་ཆེས་འབྱོར་པ་རྒྱས་པ་བཞིའོ། །དེའི་ནང་ལ་རིགས་བྲིས་པས་བདེ་བ་ཉམས་སུ་མྱོང་བ་དང༌། ཡིན་པར་བརྗོད་པས་སྤྲོ་བ་བསྐྱེད་པ་གཉིས་ཏེ་དྲུག དེའི་གསང་བ་དཀྱིལ་འཁོར་དུ་འཇུག་པ་ལ། ཤར་སྒོ་ནས་ཞུགས་པས་ལམ་སྟོང་ཉིད་དུ་བསྟན་པ་དང༌། ལྷོ་སྒོ་ནས་ཞུགས་པས་སེམས་སྟོང་པ་ཉིད་དུ་ངོ་སྤྲད། ནུབ་སྒོ་ནས་ཞུགས་པས་ཉོན་མོངས་པ་སྟོང་ཉིད་དུ་རང་གྲོལ། བྱང་སྒོར་ཞུགས་པས་ལས་དང་བག་ཆགས་སྟོང་ཉིད་དུ་མཐའ་ཟད་པ་དང་བཞི་སྟེ་བཅུའོ། །དེའི་ཡོངས་རྫོགས་རིག་པའི་མེ་ཏོག་དོར་བས་སེམས་སེམས་ཉིད་དུ་ཐིམ་པའི་གནད་དང༌། དེ་ལས་དབུགས་དབྱུང་བ་དང༌། ལུང་བསྟན་པ་གཉིས་ཏེ་བཅུ་གཉིས་སོ། །དེའི་རབ་ཏུ་སྤྲོས་པ་མེད་པའི་ཕྱི་ལ་ལུས་གནད་སྐྱིལ་ཀྲུང་གིས་གཞི་བཅའ་བ་དང༌། ཉི་མ་ལྔ་ལ་སེམས་གཏད་པས་ཡེ་ཤེས་ལྔ་ངོས་ཟིན་པ་དང༌། དེའི་འོད་འཕྲོ་བས་སེམས་གསལ་གདབ་པ་དང་གསུམ། དེའི་ནང་ལ་ཇེ་མཐོ་་རྟོག་པ་མེད་པའི་ལམ་བཙལ་བ་དང༌། སླར་མི་ལྡོག་པས་མྱ་ངན་ལས་འདས་པའི་སར་གཞི་འཛུགས་པ་དང༌། ལན་གསུམ་དུ་བརྗོད་པས་སྐུ་གསུམ་འདུ་འབྲལ་མེད་པའི་ས་ལ་

making twelve.

In the outer of its extremely unelaborate: enjoyments increasing through the maṇḍala of grain; the constituents flourishing through scent; the sense faculties becoming clear through flowers; and prosperity expanding through jewels—four. In its inner: experiencing bliss through the family being drawn, and generating joy through its being declared to be so—two, making six. In its secret, entering the maṇḍala: by entering through the eastern door, the path is shown as emptiness; by entering through the southern door, mind is introduced as emptiness; by entering through the western door, the afflictions are self-liberated into emptiness; and by entering through the northern door, karma and habitual tendencies are exhausted to their limit in emptiness—four, making ten. In its completely complete: the key point of mind dissolving into mind itself through the casting of the flower of awareness, and, following from that, the granting of relief and the prophecy—two, making twelve.

In the outer of its utterly unelaborate: laying the foundation through the bodily key point of the cross-legged posture (skyil krung); recognizing the five primordial wisdoms by directing the mind to the five suns; and bringing clarity to the mind through the radiating of their light—three. In its inner: seeking the ever-higher path free of thought; establishing the foundation on the level of nirvāṇa (mya ngan las 'das pa) through not turning back again;

and, through pronouncing it three times, on the level where the three kāyas are without meeting or parting,

[p. 369]དབྱེར་མེད་པ་དང་གསུམ་སྟེ་དྲུག དེའི་གསང་བ་ལ་བླ་མས་བཞེངས་པས་སྣང་སྲིད་ཆོས་ཉིད་དུ་བཞེངས་པའི་གདེང་རྙེད་པ་དང༌། ཨ་ཨ་ཞེས་པས་མ་སྐྱེས་ལ་སྐྱེ་བ་མེད་པའི་གནད་བཙལ་བ་དང༌། མིག་ལ་མཛུབ་མོ་གཏད་པས་རིག་པ་འཆར་བའི་ལམ་གསལ་བ་དང་དགུའོ། །དེའི་ཡོངས་རྫོགས་ལ་ནམ་མཁའ་རྒྱ་ཆེ་བར་བརྗོད་པས་དབྱིངས་ལ་འདྲིས་པར་བྱ་བ་དང༌། ནམ་མཁའ་ལ་ཕྱག་གིས་བྱུགས་པས་བརྡ་དོན་ཉམས་དང་འདྲེས་པ་དང༌། འགྲོ་ན་འགྲོ་ས་འདུག་གམ། འདུག་ན་འདུག་ས་འདུག་གམ། སླར་འགྲོ་ས་དང་ལྡོག་ས་འདུག་གམ་གྱི་རྒྱས་གདབ་པ་དང་ལྔ་སྟེ། བཅུ་བཞིའོ། །རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ཀྱི་ཕྱི་ལ་སུ་ཡིན་དྲིས་པས་རིགས་མཚོན་པ་དང་ སེམས་ཀྱི་བུས་ལན་བཏབ་པས་ལམ་ཉེ་བར་འཇུག་པ་དང་གཉིས། དེའི་ནང་ལ་ཆོས་སྐུའི་འདུག་སྟངས་ཀྱིས་གཞི་བཙལ་བ་དང༌། ལོངས་སྐུའི་འདུག་སྟངས་ཀྱིས་ལམ་གསལ་བ་དང༌། སྤྲུལ་སྐུའི་འདུག་སྟངས་ཀྱིས་ཕུགས་དཀྲུ་བ་དང་གསུམ། དེའི་གསང་བ་ལ་འདུག་སྟངས་ཐུན་མོང་བ་རྣམས་ཀྱིས་གནད་བསྟུན་པ་དང༌། ཨེ་མ་ལ་སོགས་པས་ཆོས་སྐུའི་དཀྱིལ་འཁོར་དུ་འཇུག་པ་ལུས་ཀྱི་གནད་དང༌། ལོངས་སྐུ་དང་སྤྲུལ་སྐུའི་དཀྱིལ་འཁོར་དུ་འཇུག་པ་ལུས་གནད་བསྟུན་པ་དང་བདུན་ཏེ་

inseparable—three, making six. In its secret: through the guru rising up, finding the confidence (gdeng) that appearance and existence rise up as the nature of phenomena; through saying "a a," seeking the key point that within the unborn there is no birth; and through pointing a finger at the eyes, bringing clarity to the path by which awareness arises—making nine. In its completely complete: through describing space as vast, becoming familiar with basic space; through stroking space with the hand, the meaning of the symbol blending with experience; and sealing it with "If it goes, is there a place to go? If it stays, is there a place to stay? Is there yet a place to go and a place to return?"—five, making fourteen.

In the outer of the elaborate of the utterly unelaborate: indicating the family by asking "Who is it?"; and closely entering the path through the heart-son (sems kyi bu) giving the reply—two. In its inner: seeking the ground through the posture of the dharmakāya; bringing clarity to the path through the posture of the sambhogakāya; and stirring up the depths through the posture of the nirmāṇakāya—three. In its secret: aligning the key points through the common postures; entering the maṇḍala of the dharmakāya through "e ma" and so forth, the key point of the body; and entering the maṇḍalas of the sambhogakāya and the nirmāṇakāya, aligning the key points of the body—seven, making

[p. 370]དགུའོ། །དེའི་གསང་བ་ལ་སྤྲུལ་སྐུའི་ཞིང་དུ་འཇུག་པའི་བར་ཏེ་བཅུ་གསུམ། དེའི་ཡོངས་རྫོགས་ལ་ལོངས་སྐུའི་ཞིང་དུ་འཇུག་པ་དང་ལྔ་སྟེ་བཅོ་བརྒྱད་དོ། །དེའི་སྤྲོས་མེད་ཀྱི་ཕྱི་ལ་ཆོས་སྐུའི་ཞིང་ཁམས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། དེའི་ནང་ལ་སྐུ་གསུམ་གྱི་ལྷ་ངོ་བསྟན་པ་གསུམ་སྟེ་དྲུག དེའི་གསང་བ་ལ་དེར་གནས་པ་གསུམ་སྟེ་དགུ །དེའི་ཡོངས་རྫོགས་ལ་སླར་མི་ལྡོག་པའི་ས་གསུམ་སྟེ་བཅུ་གཉིས་སོ། །དེའི་ཤིན་ཏུ་སྤྲོས་མེད་ཀྱི་ཕྱི་ལ་སེམས་ཀྱི་ངོ་བོ་ངེས་ཚིག དབྱེ་བ་མཚོན་པ་གསུམ། དེའི་ནང་ལ་སེམས་གནས་པ། ཐོབ་པ་བརྟན་པ་གསུམ་སྟེ་དྲུག དེའི་གསང་བ་ལ་སེམས་ཀྱི་གཞི་ལམ་འབྲས་བུ་གསུམ་སྟེ་དགུ དེའི་ཡོངས་རྫོགས་ལ་སེམས་ཀྱི་འཇུག་པ། ཁྱབ་བྱེད། འགྱུར་དང་གསུམ་སྟེ་བཅུ་གཉིས་སོ། །དེའི་རབ་ཏུ་སྤྲོས་མེད་ཀྱི་རབ་ཏུ་སྤྲོས་མེད་ཀྱི་ཕྱི་ལ། ལུས་ཀྱི་འདུག་སྟངས་བཅུ་གཅིག་གིས་ཐོབ་སྟེ་གནས་པ་དང༌། དེའི་ནང་ལ་སེམས་ཀྱིས་བཅུ་གཉིས་ཀྱིས་སྲིད་པའི་འཁོར་ལོ་བཅུ་གཉིས་རྒྱུན་གཅོད་པ་དང་ཉེར་གསུམ། དེའི་གསང་བ་ལ་སེམས་ཉིད་སྐྱེ་མེད་དུ་ལྷ་ངོ་བསྟན་པས་སེམས་བདུན་ལ་དབང་ཐོབ་པས་མ་རིག་པའི་ཁམས་བདུན་རྒྱུན་གཅོད་པ་སྟེ་སུམ་ཅུ། དེའི་ཡོངས་རྫོགས་ལ་མན་ངག་གི་དབྱེ་བ་དྲུག་དང༌། ཟག་པ་མེད་པའི་སྡེ་བཞི་སྟེ་བཅུ་

nine. In its secret: up to entering the field of the nirmāṇakāya—thirteen. In its completely complete: entering the field of the sambhogakāya, and so on—five, making eighteen.

In the outer of its unelaborate: the buddha field of the dharmakāya—essence, nature, and compassionate responsiveness—three. In its inner: introducing the deities of the three kāyas—three, making six. In its secret: abiding there—three, making nine. In its completely complete: the level of no further return—three, making twelve.

In the outer of its extremely unelaborate: indicating the essence of mind, its etymology, and its divisions—three. In its inner: the abiding of mind, its attainment, and its stability—three, making six. In its secret: the ground, path, and fruition of mind—three, making nine. In its completely complete: the engagement of mind, its pervasion, and its transformation—three, making twelve.

In the outer of the utterly unelaborate of its utterly unelaborate: attaining and abiding through the eleven postures of the body. In its inner: cutting the continuum of the twelve wheels of existence through the twelve of mind—twenty-three. In its secret: through introducing the deity as mind itself, unborn, one gains power over the seven minds and thereby cuts the continuum of the seven constituents of ignorance—thirty. In its completely complete: the six divisions of pith instructions and the four undefiled classes—eleven;

[p. 371]གཅིག་དང་བསྡོམས་པས་ཞེ་གཅིག་གོ །དེ་ལྟར་ན་རབ་ཏུ་སྤྲོས་པ་མེད་པའི་སྤྲོས་བཅས་ལ་རྣམ་གྲངས་བཅོ་བརྒྱད། དེའི་སྤྲོས་མེད་ལ་བཅུ་གཉིས་ཏེ་སུམ་ཅུ། དེའི་ཤིན་ཏུ་སྤྲོས་མེད་ལ་བཅུ་གཉིས་ཏེ་ཞེ་གཉིས། དེའི་རབ་ཏུ་སྤྲོས་མེད་ལ་ཞེ་གཅིག་སྟེ་བརྒྱད་ཅུ་རྩ་གསུམ་མོ། །ཤིན་ཏུ་སྤྲོས་པ་མེད་པ་ལ་བཞི་བཅུ་རྩ་བརྒྱད་དེ་བརྒྱ་སུམ་ཅུ་སོ་གཅིག སྤྲོས་པ་མེད་པ་ལ་དེའི་སྤྲོས་བཅས་ལ་བཅུ་དྲུག སྤྲོས་མེད་ལ་བཅུ་གཉིས་ཏེ་ཉེར་བརྒྱད། ཤིན་ཏུ་སྤྲོས་མེད་ལ་བརྒྱད་དེ་སུམ་ཅུ་རྩ་དྲུག །དེའི་རབ་ཏུ་སྤྲོས་མེད་ལ་བརྒྱད་དེ་བཞི་བཅུ་རྩ་བཞི་སྟེ། བརྒྱ་བདུན་ཅུ་རྩ་བཞི། སྤྲོས་བཅས་ལ་བརྒྱ་དང་བཅོ་ལྔ་སྟེ་ཉིས་བརྒྱ་བཞི་བཅུ་རྩ་དགུའོ། །དེ་ཡང་སྐུ་གསུང་ཐུགས་དབྱེར་མེད་པ་དང་བཞི་ལ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་དང༌། མ་ངེས་པའི་དུས་བཞིར་བྱས་ཏེ། དབང་ཉིས་བརྒྱ་བརྒྱད་ཅུ་རྩ་དགུ་པོ་དེ་བཞིར་འབྲེལ་བས་ཕྱེ་ན༌། ཁྲི་ཆིག་སྟོང་ཆིག་བརྒྱ་དང་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །དེ་ལྟར་དག་བྱེད་དེ་ཙམ་གྱིས། དག་བྱ་འགྲོ་བའི་ལུས་མི་འདྲ་བ་བཅུ་གཉིས་ལས་བྱེད་པའི་འགྱུར་གྱིས་རྣམ་པར་ཕྱེ་ན། ཁྲི་ཕྲག་གཅིག་དང༌། སྟོང་ཕྲག་གསུམ་དང༌། དྲུག་བརྒྱ་སུམ་ཅུ་རྩ་གཉིས། ཉོན་མོངས་པ་ཡང་དེའི་འགྱུར་བརྩིས་པས་ཁྲི་ཕྲག་གཅིག་དང་ཕྱེད་དང་བདུན་བརྒྱ་སྟེ། དེ་ལས་སྟོང་ཕྲག་

and when these are added together, forty-one.

Thus, in the elaborate of the utterly unelaborate there are eighteen enumerated items. In its unelaborate there are twelve, making thirty. In its extremely unelaborate there are twelve, making forty-two. In its utterly unelaborate there are forty-one, making eighty-three. In the extremely unelaborate there are forty-eight, making one hundred and thirty-one. In the unelaborate: in its elaborate there are sixteen; in its unelaborate, twelve, making twenty-eight; in its extremely unelaborate, eight, making thirty-six; in its utterly unelaborate, eight, making forty-four—thus one hundred and seventy-four. In the elaborate there are one hundred and fifteen, making two hundred and eighty-nine.

Furthermore, the four—enlightened body, speech, and mind, and their inseparability—are taken as the four times, the past, the future, the present, and the indeterminate; and when those two hundred and eighty-nine empowerments are divided according to their connection with these four, they come to eleven thousand one hundred and thirty-six. Thus, when that many purifiers are divided out by the variations produced by the twelve dissimilar bodies of the beings to be purified, there are thirteen thousand six hundred and thirty-two. The afflictions too, when their variations are reckoned, come to ten thousand six hundred and fifty; and beyond these, the surplus of two thousand

[p. 372]གཉིས་དང་དགུ་བརྒྱ་བདུན་ཅུ་རྩ་གཉིས་ལྷག་པ་ནི། ལས་ཀྱི་མཐའ་ཉེ་བར་སྡུད་པ་ལ་དགོངས་པ་སྟེ། གོང་གི་ལུས་དང་ཉོན་མོངས་པའི་དབྱེ་བ་རྣམས་དག་པར་བྱེད་པའོ། །ཞར་ལ་དག་བྱ་ནང་གི་རླུང་གི་དབྱེ་བས་དབང་ངེས་པའི་རྣམ་གྲངས་བསྟན་པ་ནི། འབྱུང་བ་བཞིའི་རླུང་གི་རིམ་པས་ཏེ། དེའི་དག་བྱེད་དབང་བཞི་ལ་རང་ངོའི་དབྱེ་བ་བཅུ་དྲུག་ལས། རེ་རེ་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་བཞིར་ཕྱེ་བས། སྤྲོས་བཅས་ལ་བཅུ་དྲུག སྤྲོས་མེད་ལ་བཅུ་དྲུག་སྟེ་སོ་གཉིས། ཤིན་ཏུ་སྤྲོས་མེད་ལ་བཅུ་དྲུག་སྟེ་ཞེ་བརྒྱད། རབ་ཏུ་སྤྲོས་མེད་ལ་བཅུ་དྲུག་སྟེ་དྲུག་ཅུ་རྩ་བཞིས་ནི། རླུང་ལས་རླུང༌། ཆུ་རླུང༌། མེ་རླུང༌། རླུང་གི་རླུང་བཞི་ལ། བྱེར་བ། ཟུག་པ༌། སྙོམས་པ། འཁྲུག་པ་བཞི་བཞིར་ཕྱེ་བས་བཅུ་དྲུག དེ་རེ་རེ་ལ་ཕོ་མོ་གཉིས་གཉིས་སུ་ཕྱེ་བས་སུམ་ཅུ་རྩ་དྲུག་གི་ཕྱེད་པའི་ལས་དག་པར་བྱེད་པའོ། །སྤྱི་དོན་གསུམ་པ་དབང་བསྐུར་བ་མཐར་ཕྱིན་པའི་འབྲས་བུ་ལ་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གི་འབྲས་བུའོ། །དང་པོ་ལ་ལམ་གྱི་ཡོན་ཏན་སྤྱིར་བསྟན་པ་དང༌། རིགས་འཛིན་བཞིའི་ཐོབ་ཚུལ་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི་སྤྲོས་བཅས་ཀྱིས་ཚོགས་ལམ་བཅུ་གཉིས་རྫོགས་པའི་ཡོན་ཏན་འཐོབ་པའི་རྟེན་བྱེད། སྤྲོས་མེད་ཀྱིས་སྦྱོར་ལམ་ངེས་འབྱེད་ཆ་བཞི་རྫོགས་པའི་རྟེན་

nine hundred and seventy-two is intended in view of the gathering in of the limit of karma: it purifies the foregoing divisions of bodies and afflictions.

Incidentally, the presentation of the enumeration of empowerments determined by the divisions of the inner winds to be purified is according to the sequence of the winds of the four elements. Their purifiers, the four empowerments, have sixteen divisions in their own right, and when each of these is divided into four—outer, inner, secret, and wholly complete—there are sixteen for the elaborate; sixteen for the unelaborate, making thirty-two; sixteen for the extremely unelaborate, making forty-eight; and sixteen for the utterly unelaborate, making sixty-four. These sixty-four purify the karma of the thirty-six divisions, namely: among the winds, the four—earth wind, water wind, fire wind, and the wind of wind—each divided into four, scattering, piercing, even, and agitated, making sixteen; and each of these divided into two, male and female.

The third general topic, the fruition of bringing the conferral of empowerment to completion, has two parts: the temporary fruition and the ultimate fruition. The first has a general presentation of the qualities of the path and a particular presentation of how the four vidyādhara levels are attained. First: the elaborate serves as the support for obtaining the qualities of completing the twelve aspects of the path of accumulation (tshogs lam); the unelaborate serves as the support

[p. 373]བྱེད། ཤིན་ཏུ་སྤྲོས་མེད་ཀྱིས་མཐོང་ལམ་རྫོགས་པའི་རྟེན་བྱེད། རབ་ཏུ་སྤྲོས་མེད་ཀྱིས་སྒོམ་ལམ་ས་དགུ་རྫོགས་པའི་རྟེན་བྱེད་པའོ། །དེ་བཞིན་དུ་མོས་པའི་ས་དང་འཇུག་པའི་ས་དང་བསྒྱུར་བའི་ས་དང་ཆོད་པའི་ས་བཞི་དབང་བཞི་རེ་རེ་ལ་སྦྱར་བས་ས་བཅུ་དྲུག་གི་ཡོན་ཏན་རྫོགས་པས་ཐུན་མོང་གི་ཡོན་ཏན་རྫོགས་པའི་རང་བཞིན་ཐོབ་པའོ། །དེ་ཡང་སྤྲོས་བཅས་ཀྱི་སྤྲོས་བཅས་མོས་པ་དང་ལྡན་པའི་ས་སྟེ་གདུང་བ་དང་བསོད་ནམས་ཀྱི་ཁྱད་པར་རོ། །དེའི་སྤྲོས་མེད་འཇུག་པ་དག་པའི་ས་སྟེ་དད་པས་ངེས་པ་ལ་བརྟེན་ནས་རང་དབང་ཅན་དུ་འཇུག་པའོ། །དེའི་ཤིན་ཏུ་སྤྲོས་མེད་དངོས་པོ་དག་པར་བསྒྱུར་བའི་ས་སྟེ་ལུས་ངག་གི་བཅིངས་པ་ལ་མི་གནས་པའོ། །དེའི་རབ་ཏུ་སྤྲོས་མེད་ལས་ཀྱི་མཐའ་ཆོད་པའི་ས་སྟེ། སྤྲོས་པ་དང་འཁོར་བ་ལ་མི་གནས་པའོ། །དེ་བཞིན་དུ་དབང་ལྷག་མ་གསུམ་ལའང་སྦྱོར་ཏེ། མོས་པ་ལ་སོགས་པའང་བཞི་བཞིར་སྦྱར་ན། མོས་པའི་མོས་པ་དད་པས་ངེས་པ། མོས་པའི་འཇུག་པ་སྙིང་རྗེ་ངེས་པ། མོས་པའི་བསྒྱུར་བ་ཐབས་ཀྱིས་ཟིན་པ། མོས་པའི་ཆོད་པ་ཤེས་རབ་ཀྱིས་དོན་ཆོད་པའོ། །འཇུག་པའི་མོས་པ་ཞི་གནས་ལ་མོས་པ། དེའི་འཇུག་པ་ལྷག་མཐོང་ལ་འཇུག་པ། དེའི་བསྒྱུར་བ་མཉམ་གཞག་གི་རྟོགས་པ་ཐ་དད་དུ་བསྒྱུར་བ། དེའི་ཆོད་པ་རྗེས་ཤེས་ཀྱི་འགྱུ་བ་ཆོད་

for completing the four aspects of definite discernment (nges 'byed cha bzhi) of the path of joining (sbyor lam); the extremely unelaborate serves as the support for completing the path of seeing (mthong lam); and the utterly unelaborate serves as the support for completing the nine levels of the path of meditation (sgom lam). Likewise, when the four levels—the level of aspiration (mos pa'i sa), the level of engagement ('jug pa'i sa), the level of transformation (bsgyur ba'i sa), and the level of resolution (chod pa'i sa)—are applied to each of the four empowerments, the qualities of sixteen levels are completed, and thereby one attains the nature in which the common qualities are complete. Furthermore, the elaborate of the elaborate is the level endowed with aspiration, which is the distinction of fervent longing and merit. Its unelaborate is the level of pure engagement, which is to engage with independence in reliance upon certainty through faith. Its extremely unelaborate is the level of transforming entities into purity, which is not to abide in the bonds of body and speech. Its utterly unelaborate is the level where the limit of karma is resolved, which is not to abide in elaboration or in saṃsāra. In the same way this is applied to the remaining three empowerments as well. And if aspiration and the rest are each applied fourfold: the aspiration of aspiration is certainty through faith; the engagement of aspiration is certainty of compassion; the transformation of aspiration is being held by skillful means; the resolution of aspiration is resolving the meaning through wisdom. The aspiration of engagement is aspiring to calm abiding (zhi gnas); its engagement is engaging in special insight (lhag mthong); its transformation is transforming the realization of meditative equipoise (mnyam gzhag) into distinct states; its resolution is resolving the movement of subsequent

[p. 374]པའོ། །བསྒྱུར་བའི་མོས་པ་གོས་ཀྱི་ཞེན་པ་གྲོལ་བ། དེའི་འཇུག་པ་ཟས་ཀྱི་ཞེན་པ་གྲོལ་བ། དེའི་བསྒྱུར་བ་རྨི་ལམ་འོད་གསལ་དུ་གྲོལ་བ། དེའི་ཆོད་པ་བག་ཆགས་དང་ཉོན་མོངས་གྲོལ་བའོ། །ཆོད་པའི་མོས་པ་སྤྱོད་པས་འཁོར་བ་ལ་མི་གནས་པ། དེའི་འཇུག་པ་བསྒོམས་པས་བསམ་གཏན་ལ་གནས་པ དེའི་བསྒྱུར་བ་ལྟ་བས་འཁྲུལ་སྣང་ལ་མི་གནས་པར་ཁམས་གསུམ་སྐུ་གསུམ་དུ་བསྒྱུར་བ། དེའི་ཆོད་པ་འབྲས་བུ་འཁོར་འདས་གཉིས་དུས་གཅིག་ལ་ཆོད་པའོ། །དེ་ལྟར་བཅུ་དྲུག་དང་དབང་གི་ང་རོ་བཅུ་དྲུག་པོ་དེ་བསྡོམས་པས་སུམ་ཅུ་རྩ་གཉིས་ལ། ས་བཅུ་དྲུག་ལ་ཡེ་ཤེས་གནས་པ། སྐྱེ་བ། ཐོབ་པ། འཆར་བ་བཞི་བཞིར་དབྱེ་བས་དྲུག་ཅུ་་རྩ་བཞི་ནི་རྡོ་རྗེ་འཆང་གིས་མཆོག་རྫོགས་པར་བྱེད་པའོ། །དབང་གི་ང་རོ་བཅུ་དྲུག་ལ་སྦྱར་བས་མཚན་སུམ་ཅུ་རྩ་གཉིས་འགྲུབ་པའི་རྒྱུ་བྱེད་པའོ། །གཉིས་པ་རིག་འཛིན་གྱི་ས་བཞིའི་ཐོབ་ཚུལ་ནི། དབང་བཞིའི་འཇུག་པ་རྗེས་སུ་དྲན་པ་ལས་རིགས་འཛིན་གྱི་ས་བཞི་སྟེ། རྣལ་འབྱོར་གྱི་ས་དང༌། རྣལ་འབྱོར་ཆེན་པོའི་ས་དང༌། འབྱེད་པའི་རྣལ་འབྱོར་གྱི་ས་དང༌། རྟོགས་པའི་རྣལ་འབྱོར་གྱི་ས་དང་བཞི་ལས། དབང་དུ་བསྒྱུར་བ་དང་མ་བསྒྱུར་བ་གཉིས་གཉིས་ཏེ་བརྒྱད་དུ་ངེས་སོ། །དེ་ལ་ཡང་ཆ་ཤས་ཀྱིས་བཞི་བཞིར་ཕྱེ་ན། རྣལ་འབྱོར་གྱི་

cognition. The aspiration of transformation is the liberation of clinging to clothing; its engagement is the liberation of clinging to food; its transformation is the liberation of dreams into luminosity; its resolution is the liberation of habitual tendencies and afflictions. The aspiration of resolution is not abiding in saṃsāra through conduct; its engagement is abiding in meditative concentration through meditation; its transformation is, through the view, not abiding in deluded appearances ('khrul snang) but transforming the three realms into the three kāyas; its resolution is the fruition in which saṃsāra and nirvāṇa are both resolved at one and the same time. Thus these sixteen, added to those sixteen essences of the empowerments, make thirty-two; and when the sixteen levels are each divided into four—primordial wisdom abiding, arising, being attained, and dawning—the sixty-four bring to completion the supreme state of Vajradhara (rdo rje 'chang). Applied to the sixteen essences of the empowerments, they serve as the cause for accomplishing the thirty-two marks.

Second, how the four levels of the vidyādharas are attained: from recollecting the engagement of the four empowerments come the four levels of the vidyādharas—the level of yoga (rnal 'byor gyi sa), the level of great yoga (rnal 'byor chen po'i sa), the level of the yoga of distinguishing ('byed pa'i rnal 'byor gyi sa), and the level of the yoga of realization (rtogs pa'i rnal 'byor gyi sa)—and each of these four being twofold, mastered and not mastered, they are determined as eight. If these too are divided by their parts into four each, then for the level of yoga

[p. 375]ས་ལའང༌། རྣལ་འབྱོར་དང་བྱ་བའི་རྣལ་འབྱོར་དང༌། སྤྱོད་པའི་རྣལ་འབྱོར་དང༌། བསྒྱུར་བའི་རྣལ་འབྱོར་དང་བཞིའོ། །རྣལ་འབྱོར་ཆེན་པོ་ལ་ཤིན་ཏུ་རྣལ་འབྱོར་གྱི་ས་དང༌། རང་ས་ངེས་པའི་རྣལ་འབྱོར་གྱི་ས་དང༌། སྤྲོས་པའི་རྣལ་འབྱོར་གྱི་ས་དང༌། བྱ་བྲལ་རྫོགས་པའི་རྣལ་འབྱོར་གྱི་ས་སྟེ་བཞིའོ། །འབྱེད་པའི་རྣལ་འབྱོར་གྱི་ས་ལ། བརྡའི་ས་དང༌། དོན་གྱི་ས་དང༌། བརྡ་དོན་དབྱེར་མེད་ཀྱི་ས་དང༌། མ་འདྲེས་པའི་ས་སྟེ་བཞིའོ། །རྟོགས་པའི་རྣལ་འབྱོར་གྱི་ས་ལ། རྫུ་འཕྲུལ་འཕྲུལ་པའི་ས་དང༌། ཁྱད་པར་རྟོགས་པའི་ས་དང༌། མངོན་པར་འབྱུང་བའི་ས་དང༌། དཔའ་བོ་རིགས་འབྱེད་ཀྱི་ས་དང་བཞི་སྟེ་བསྡོམས་པས་ས་བཅུ་དྲུག་གོ །དེ་ལྟར་ས་བཅུ་དྲུག་ལས། ས་དང་པོ་ལ་ཤེས་བྱེད་ཀྱི་རྫུ་འཕྲུལ་བདུན་ནི། རང་གི་ལུས་བརྒྱ་སྟོང་དུ་སྤྲུལ་པ་དང༌། དེ་དག་ལ་ཡན་ལག་བརྒྱ་སྟོང་དུ་སྤྲུལ་པ་དང༌། ལུས་གཅིག་ལ་མགོ་བརྒྱ་སྟོང་དུ་སྤྲུལ་པ་དང༌། ལུས་བརྒྱ་སྟོང་ལ་མགོ་གཅིག་པར་སྤྲུལ་པ་དང༌། མགོ་གཅིག་ལ་ལུས་མི་འདྲ་བ་བརྒྱ་སྟོང་སྤྲུལ་ནས་དེ་ལས་སྤྲུལ་པ་འགྱེད་པ་སྟེ་ལྔ་དང༌། ལུས་ལ་མགོ་དང་ཡན་ལག་མི་འདྲ་བ་དཔག་ཏུ་མེད་པར་སྤྲུལ་པ་དང་དྲུག སྐྱེ་བ་སྣ་ཚོགས་པར་སྤྲུལ་པ་དང་བདུན་ནི་དབང་དུ་གྱུར་པའི་ས་རྟོགས་པ་ལས་བྱུང་བའོ། །ས་གཉིས་པ་ལ་རང་གི་ཁོག་པ་ཁ་ཕྱེ་

too there are four: yoga, the yoga of action (bya ba'i rnal 'byor), the yoga of conduct (spyod pa'i rnal 'byor), and the yoga of transformation (bsgyur ba'i rnal 'byor). For great yoga there are four: the level of utmost yoga (shin tu rnal 'byor gyi sa), the level of the yoga certain of its own level (rang sa nges pa'i rnal 'byor gyi sa), the level of the yoga of elaboration (spros pa'i rnal 'byor gyi sa), and the level of the yoga of perfection free of activity (bya bral rdzogs pa'i rnal 'byor gyi sa). For the level of the yoga of distinguishing there are four: the level of the symbol (brda'i sa), the level of the meaning (don gyi sa), the level of the inseparability of symbol and meaning (brda don dbyer med kyi sa), and the level of the unmixed (ma 'dres pa'i sa). For the level of the yoga of realization there are four: the level of miraculous display (rdzu 'phrul 'phrul pa'i sa), the level of special realization (khyad par rtogs pa'i sa), the level of manifest emergence (mngon par 'byung ba'i sa), and the level of the hero who distinguishes the families (dpa' bo rigs 'byed kyi sa). Added together, these make sixteen levels.

Thus, among the sixteen levels, on the first level the seven miraculous powers that serve as indicators (shes byed) are these: emanating one's own body as a hundred thousand; emanating a hundred thousand limbs upon those; emanating a hundred thousand heads upon a single body; emanating a single head upon a hundred thousand bodies; and emanating a hundred thousand dissimilar bodies upon a single head and then sending forth emanations from them—these are five; emanating immeasurable dissimilar heads and limbs upon the body—six; and emanating various kinds of birth—seven. These arise from realizing the level of mastery (dbang du gyur pa'i sa). On the second level: the ability to open one's own torso

[p. 376]ནས་གློ་སྙིང་རྣམས་གཞན་ལ་སྟོན་པར་ནུས་པ་དང༌། ལུས་ཀྱི་སྟོད་ནས་མེ་འབར་བ་ལ་སྨད་ནས་ཆུ་འབྲུམ་པར་ནུས་པ་དང༌། ཡན་ལག་བཅད་ནས་ཕྱོགས་བཞིར་འཐོར་བར་ནུས་པ་དང༌། མིག་ལ་སོགས་པའི་དབང་པོ་ལྔ་ཐང་ལ་ལྷུང་བར་ནུས་པ་དང༌། ལུས་ཀྱི་སྟོབས་ཀྱིས་རི་བོ་འཕེན་པར་ནུས་པ་དང༌། ཕྱིའི་རྒྱ་མཚོ་ཆེན་པོ་ནམ་མཁའ་ལ་སྤར་བར་ནུས་པ་དང༌། གཟའ་སྐར་རྣམས་ཐང་ལ་ལྷུང་པ་དང་བདུན་ནི་དབང་གི་དུས་སུ་ཡན་ལག་བདུན་སྔོན་དུ་སོང་བ་ལས་བྱུང་བའོ། །ས་གསུམ་པ་ལ་རླུང་ཞགས་པར་འཆིང་བར་ནུས་པ་དང༌། འགྲོ་བའི་བསམ་པ་གཞན་དུ་བསྒྱུར་བ་དང༌། འཇིག་རྟེན་སྐྱོང་བའི་ལྷའི་རྒྱལ་པོ་རྣམས་སྒྲོལ་བར་ནུས་པ་དང༌། མཁའ་འགྲོ་མའི་ཡིད་འཕྲོག་པར་ནུས་པ་དང༌། འགྲོ་བ་བརྒྱ་སྒྲོལ་ཞིང་བསྒྲལ་བ་རྣམས་གསོ་བར་ནུས་པ་དང༌། ལྷ་དང་ཀླུ་དང་གནོད་སྦྱིན་གྱི་བུ་མོ་ལ་རོལ་པར་ནུས་པ་དང༌། དབང་ཕྱུག་ཆེན་པོ་ལ་སོགས་པའི་འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ཀྱི་སྟོབས་ཉམས་པར་ནུས་པ་དང་བདུན་ནི་དབང་བསྐུར་བའི་དུས་སུ་སེམས་བསྐྱེད་པ་ལས་བྱུང་བའོ། །ས་བཞི་པ་ལ་ནམ་མཁའ་རྡོ་རྗེར་བསྒྱུར་བར་ནུས་པ་དང༌། མེ་ཆུར་བསྒྱུར། ཆུ་མེར་བསྒྱུར། ས་མེར་བསྒྱུར། ས་ཆུར་བསྒྱུར། རླུང་མེར་བསྒྱུར། མེ་རླུང་དུ་བསྒྱུར་བར་ནུས་པ་དང་བདུན་ནི་ཡི་གེ་སྤྲོ་བསྡུ་

and show one's lungs and heart to others; the ability to make fire blaze from the upper part of the body while water gushes from the lower part; the ability to sever one's limbs and scatter them in the four directions; the ability to make the five sense faculties, the eyes and the rest, fall to the ground; the ability to hurl mountains by the strength of the body; the ability to raise the great outer ocean into the sky; and making the planets and stars fall to the ground—seven. These arise from the seven branches having gone before at the time of empowerment. On the third level: the ability to bind the wind with a lasso; changing the intentions of beings into something else; the ability to liberate the kings of the gods who protect the world; the ability to captivate the minds of the ḍākinīs; the ability to liberate a hundred beings and to revive those who have been liberated; the ability to sport with the daughters of gods, nāgas, and yakṣas; and the ability to sap the strength of the great worldly gods such as Maheśvara—seven. These arise from generating bodhicitta at the time of the conferral of empowerment. On the fourth level: the ability to transform space into vajra; to transform fire into water; to transform water into fire; to transform earth into fire; to transform earth into water; to transform wind into fire; and the ability to transform fire into wind—seven. These arise from the emanation and reabsorption of letters (yi ge spro bsdu)

[p. 377]བསྒོམས་པ་ལས་བྱུང་བའོ། །ས་ལྔ་པས་ནི་ནམ་མཁའ་བདུན་པ་ལ་དབང་བསྒྱུར་བར་ནུས་ཏེ་སྟོང་ཉིད་བསྒོམས་པ་ལས་བྱུང་བའོ། །ས་དྲུག་པས་མེ་བདུན་ལ་དབང་བསྒྱུར་བ་ནི། སྔོན་དུ་དབང་གི་ཤེས་བྱེད་ལས་བྱུང་བའོ། །ས་བདུན་པས་ས་གཅིག་ནས་གཉིས་སུ་བྱས་པའི་བདུན་ལ་དབང་བ་ནི་འབྱུང་བ་རིམ་བརྩེགས་བསྒོམས་པ་ལས་བྱུང་བའོ། །ཡང་ཆུ་བདུན་ལ་དབང་བ་ནི་སྔོན་འགྲོ་སོང་བ་ལས་བྱུང་བའོ། །ས་བརྒྱད་པས་རླུང་བདུན་ལ་དབང་བ་ནི་འཁོར་ལོ་བཞིའི་རླུང་སྦྱངས་པ་ལས་བྱུང་བའོ། །ས་དགུ་པས་བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་བསྐྱོད་ནུས་པ་ནི་སྦྱོར་བ་སྔོན་དུ་སོང་བ་ལས་བྱུང་བའོ། །ས་བཅུ་པས་ཆོས་སུ་བྱ་བ་བདུན་ལ་དབང་བ་ནི་ལྷ་བསྒོམས་པ་ལས་བྱུང་བའོ། །ས་བཅུ་གཅིག་པས་རྟ་སྤྲིན་གྱི་ཤུགས་ཅན་བདུན་སྤྲུལ་ནུས་པ་ནི་བརྩོན་འགྲུས་བརྩམས་པ་ལས་བྱུང་བའོ། །བཅུ་གཉིས་པས་དགེ་སློང་བསིལ་བྱེད་ཅན་བདུན་སྤྲུལ་ནུས་པ་ནི་དམ་ཚིག་དང་སྡོམ་པས་གནས་པ་ལས་བྱུང་བའོ། །བཅུ་གསུམ་པས་ལྷའི་གཞལ་མེད་ཁང་བདུན་སྤྲུལ་ནུས་པ་ནི་གཞལ་ཡས་ཁང་བསྒོམས་པ་ལས་བྱུང་བའོ། །བཅུ་བཞི་པས་འཇིག་རྟེན་གྱི་ཁམས་བདུན་སྤྲུལ་ནུས་པ་ནི་བླ་མ་མཉེས་པར་བྱས་པ་ལས་བྱུང་བའོ། །བཅོ་ལྔ་པས་ཡི་དམ་གྱི་ལྷ་བདུན་སྤྲུལ་ནུས་པ་ནི་ཡི་དམ་

having been meditated upon. By the fifth level one is able to exercise mastery over the seven spaces; this arises from having meditated on emptiness. By the sixth level, exercising mastery over the seven fires arises from the indicator of empowerment having gone before. By the seventh level, mastery over the seven of earth, produced by making one into two, arises from having meditated on the elements stacked in tiers ('byung ba rim brtsegs). Further, mastery over the seven waters arises from the preliminaries (sngon 'gro) having been gone through. By the eighth level, mastery over the seven winds arises from having trained the winds of the four wheels. By the ninth level, the ability to set in motion by means of the seven branches of awakening (byang chub kyi yan lag bdun) arises from application having gone before. By the tenth level, mastery over the seven activities to be performed as Dharma (chos su bya ba) arises from having meditated on the deity. By the eleventh level, the ability to emanate seven horses with the force of clouds arises from having undertaken diligence. By the twelfth, the ability to emanate seven monks endowed with coolness arises from having abided by samaya and vows. By the thirteenth, the ability to emanate seven celestial palaces (gzhal med khang) of the gods arises from having meditated on the celestial palace. By the fourteenth, the ability to emanate seven world-realms ('jig rten gyi khams) arises from having pleased the guru. By the fifteenth, the ability to emanate seven yidam deities arises from having meditated on the yidam.

[p. 378]བསྒོམས་པ་ལས་བྱུང་བའོ། །བཅུ་དྲུག་པས་ལྷ་མོ་བདུན་སྤྲུལ་ཞིང་གཟུགས་སོགས་ཡུལ་དྲུག་གི་དག་བྱེད་ལ་ལོངས་སྤྱོད་ལ། འགྲོ་དྲུག་གི་སྐྱེ་གནས་སྟོན་པར་ནུས་པ་དང་བཅུ་དགུ་ནི་དབང་རྣམས་རྫོགས་པ་ལས་བྱུང་བའོ། །དེ་ལྟར་ས་བཅུ་དྲུག་ལ་རྫུ་འཕྲུལ་བརྒྱ་ཐམ་པ་འབྱུང་བ་ནི་རིགས་འཛིན་གྱི་ས་ཞེས་བྱའོ། །མིང་གི་རྣམ་གྲངས་གཞན་རྣམ་པར་སྨིན་པ་དང༌། ཚེ་ལ་དབང་བ་དང༌། ཕྱག་རྒྱ་ཆེན་པོ་དང༌། ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ། རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོ་དང༌། འབྱེད་པའི་རྣལ་འབྱོར་དང༌། རྟོགས་པའི་རྣལ་འབྱོར་ཏེ་རིམ་པ་བཞིན་ནོ། །དེ་ཡང་རྣམ་པར་སྨིན་པའི་རིགས་འཛིན་ནི་སེམས་ལྷའི་སྐུར་སྨིན་ཡང་ལུས་མ་སྨིན་པས་བར་དོར་གྲོལ་བའོ། །ཚེ་དབང་ནི་དེ་ཉིད་ལ་གྲོལ་བའོ། །ཕྱག་རྒྱ་ཆེན་པོ་ནི་ལུས་སེམས་ལྷར་སྨིན་པའོ། །ལྷུན་གྲུབ་ནི་རང་གཞན་གྱི་དོན་གཉིས་གྲུབ་པའོ། །འདི་དག་ལས་བཅུ་དྲུག་པོ་དེ་སྔ་མ་བཞིན་སྦྱར་ཏེ་ཡོན་ཏན་ཤེས་པར་བྱའོ། །རྣམ་སྨིན་ནི་བར་མ་ཆད་ན་ཚེ་དེ་ལ་ཚེ་དབང་ཐོབ་ནས་འབྲས་བུ་ཐོབ་པའོ། །ཚེ་དབང་ནི་བསྐལ་པ་ཆེན་པོ་གཅིག་ན་རྫུ་འཕྲུལ་སྦྱངས་ནས་རྡོ་རྗེ་འཆང་གི་ས་འཐོབ་བོ། །ཕྱག་རྒྱ་ཆེན་པོ་ནི་ལོ་བརྒྱ་ན་རྡོ་རྗེ་འཆང་གི་ས་འཐོབ་བོ། །ལྷུན་གྲུབ་ནི་ལོ་སྟོང་ན་རྡོ་རྗེ་འཆང་གི་ས་འཐོབ་སྟེ་འཕྲིན་ལས་བཞིས་

By the sixteenth, the ability to emanate seven goddesses, to enjoy the purifiers of the six objects—form and the rest—and to display the birthplaces of the six classes of beings, nineteen in all, arises from the empowerments having been completed. Thus the arising of a full hundred miraculous powers on the sixteen levels is called the level of the vidyādhara. Its other synonyms are the fully matured (rnam par smin pa), mastery over life (tshe la dbang ba), mahāmudrā, and the spontaneously present (lhun gyis grub pa); these correspond, in order, to yoga, great yoga, the yoga of differentiation, and the yoga of realization. Among these, the fully matured vidyādhara is one whose mind has matured into the kāya of the deity but whose body has not matured, and who is therefore liberated in the intermediate state (bar do). The one with mastery over life is liberated in that very [body]. Mahāmudrā is body and mind matured into the deity. Spontaneous presence is the accomplishment of the two aims, one's own and others'. The sixteen [levels] should be correlated with these as before, and their qualities understood. The fully matured one, if there is no interruption, obtains mastery over life in that very lifetime and then obtains the fruition. The one with mastery over life, having trained in miraculous powers for one great eon, attains the level of Vajradhara. The one of mahāmudrā attains the level of Vajradhara in a hundred years. The spontaneously present one attains the level of Vajradhara in a thousand years, because through the four enlightened activities

[p. 379]དོན་གཉིས་མཛད་པའི་ཕྱིར་རོ། །འཕྲིན་ལས་བཞི་ནི། ཞི་བ། རྒྱས་པ། དབང༌། དྲག་པོའོ། །དེ་ལ་སྤྲོས་བཅས་ཀྱིས་ཞི་བའི་ལས་བྱེད་དེ་དངོས་པོ་ལུས་སེམས་ཀྱི་བར་ཆད་མངོན་གྱུར་དང༌། དངོས་མེད་དྲི་མ་ཕྲ་རགས་གཉིས་ཞི་བར་བྱེད་པའོ། །དབྱེ་ན་ཞི་བའི་ཞི་བ་ཤེས་པ་དང་རླུང༌། ཞི་བའི་རྒྱས་པ་ཚེ་དང་བསོད་ནམས། ཞི་བའི་དབང་ལུས་ངག་གི་ནུས་པ། ཞི་བའི་དྲག་པོ་གཉིས་ཞི་ནས་གཅིག་ཏུ་གནས་པའོ། །སྤྲོས་མེད་ཀྱིས་རྒྱས་པའི་ལས་འགྲུབ་བོ། །དབྱེ་ན་རྒྱས་པའི་ཞི་བ་རྣམ་རྟོག་ངན་པ་ཟད་པ། རྒྱས་པའི་རྒྱས་པ་ཚེ་དང་བསོད་ནམས་འཁོར་དང་ལོངས་སྤྱོད་ཉམས་དང་བྱིན་བརླབས་སོ། །རྒྱས་པའི་དབང་ཇི་ལྟར་འདོད་པའི་བསྒྲུབ་བྱ་རྒྱས་པ། རྒྱས་པའི་དྲག་པོ་ལུས་ངག་སེམས་ཀྱི་ནུས་པ་རྫོགས་པའོ། །ཤིན་ཏུ་སྤྲོས་མེད་ཀྱིས་དབང་གི་འཕྲིན་ལས་འགྲུབ་བོ། །དབྱེ་ན་དབང་གི་ཞི་བ་ལུས་ངག་ཡིད་ཀྱི་བར་ཆད་ཞི་བ། དབང་གི་རྒྱས་པ་ལྟ་སྒོམ་སྤྱོད་འབྲས་རྒྱས་པ། དབང་གི་དབང་མི་དང་མི་མ་ཡིན་རྣམས་འདུས་པ། དབང་གི་དྲག་པོ་དགུག་པ་ལ་སོགས་པ་འགྲུབ་པའོ། །རབ་ཏུ་སྤྲོས་པ་མེད་པས་དྲག་པོའི་འཕྲིན་ལས་འགྲུབ་པའོ། །དབྱེ་ན་དྲག་པོའི་ཞི་བ་དགུག་པ་དང་བཅིང་བའི་ལས་སོ། །དྲག་པོའི་རྒྱས་པ་དབྱེ་བ་དང་བསྐྲད་པ༌། དྲག་པོའི་དབང་ཚུར་ལ་ཀླན་ཀ་མི་རྙེད་

he accomplishes the two aims. The four enlightened activities are pacifying (zhi ba), enriching (rgyas pa), magnetizing (dbang), and wrathful (drag po). Among these, through the elaborate [empowerment] the activity of pacifying is performed: it pacifies both the manifest obstacles of body and mind, which are entities, and the two kinds of stains, subtle and coarse, which are non-entities. When divided: the pacifying of pacifying is [of] cognition and wind; the enriching of pacifying is [of] life and merit; the magnetizing of pacifying is the power of body and speech; the wrathful of pacifying is that the two are pacified and one abides as one. Through the unelaborate [empowerment] the activity of enriching is accomplished. When divided: the pacifying of enriching is the exhaustion of bad conceptual thoughts; the enriching of enriching is life and merit, retinue and enjoyments, experiences and blessings; the magnetizing of enriching is the increase of whatever is to be accomplished, just as one desires; the wrathful of enriching is the perfection of the powers of body, speech, and mind. Through the extremely unelaborate [empowerment] the activity of magnetizing is accomplished. When divided: the pacifying of magnetizing is the pacifying of the obstacles of body, speech, and mind; the enriching of magnetizing is the increase of view, meditation, conduct, and fruition; the magnetizing of magnetizing is the gathering of humans and nonhumans; the wrathful of magnetizing is the accomplishment of summoning and so forth. Through the utterly unelaborate [empowerment] the wrathful activity is accomplished. When divided: the pacifying of the wrathful is the activities of summoning and binding; the enriching of the wrathful is separating and expelling; the magnetizing of the wrathful is that no fault can be found

[p. 380]པ། དྲག་པོའི་དྲག་པོ་སྤ་བཀོང་བ་དང་བསད་པ་ལ་སོགས་པ་འགྲུབ་པའོ། །དེ་ལྟར་བཅུ་དྲུག་ནི་སྤྲོས་བཅས་ཀྱི་སྤྲོས་བཅས་ལ་སོགས་རང་ངོའི་དབྱེ་བ་བཅུ་དྲུག་གི་འབྲས་བུའོ། །དེ་ཡང་རྣམ་པར་འཕྲུལ་པས་དབྱེ་ན། ལུས་མི་འདྲ་བའི་གྲངས་བཞིན་དག་བྱེད་ཀྱང་དེ་ཙམ་ཡོད་པ་ནི་འཕྲིན་ལས་ཀྱི་གྲངས་སོ། །གཞན་ཡང་གནས་སྐབས་སུ་ཐོབ་པ་ནི། སྤྲོས་བཅས་ཀྱི་དབང་གིས་ལུས་ཀྱི་ཡོན་ཏན། ཚེ་རིང་བ་དང༌། ནད་མེད་པ་དང༌། འགྲོ་བ་བྱམས་པ་དང༌། བསོད་ནམས་དང་ལྡན་པ་དང༌། རྫུ་འཕྲུལ་འགྲུབ་པ་དང༌། ལུས་ཀྱི་རྡུལ་ཕྲན་མཐོང་བ་ལ་སོགས་པའོ། །སྤྲོས་མེད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། གཞན་གྱི་རྣར་སྙན་པ་དང༌། བསྒོ་བ་བཞིན་ཉན་པ་དང༌། བཀའ་བསྟན་བཅོས་ལ་དབང་བ་དང༌། མི་མ་ཡིན་པའི་སྐད་ཤེས་པ་ལ་སོགས་པའོ། །ཤིན་ཏུ་སྤྲོས་མེད་ཀྱིས་ཡིད་དག་་པ་དང༌། ཏིང་ངེ་འཛིན་དང༌། རིག་པ་དང༌། གང་བསམས་ཆོས་ཉིད་དུ་འཆར་བ་དང༌། དུས་བཞི་དུས་གཅིག་ཏུ་རྟོགས་པ་དང༌། འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ལ་སོགས་པའོ། །རབ་ཏུ་སྤྲོས་མེད་ཀྱིས་སེམས་ལས་སུ་རུང་བ་དང༌། མངོན་པར་ཤེས་པ་དང༌། ཚེ་དཔག་ཏུ་མེད་པར་བྱིན་གྱིས་རློབས་པ་ལ་སོགས་པའོ། །ཁྱད་པར་དུ་དབང་བཞིས་སྣང་བ་བཞིའི་ཡོན་ཏན་ཐོབ་པ་ནི། སྤྲོས་བཅས་ཀྱིས་ཆོས་ཉིད་

against oneself; the wrathful of the wrathful is the accomplishment of humbling, slaying, and so forth. Thus these sixteen are the fruitions of the sixteen divisions within [the empowerments] themselves—the elaborate of the elaborate and so forth. Furthermore, if they are divided by way of emanations, there are as many purifiers as the number of the dissimilar bodies, and just that many is the number of the enlightened activities. Moreover, what is obtained provisionally is as follows. Through the elaborate empowerment, the qualities of the body: long life, freedom from illness, the affection of beings, possession of merit, the accomplishment of miraculous powers, seeing the subtle particles of the body, and so forth. Through the unelaborate: turning the wheel of Dharma, being pleasing to the ears of others, being heeded just as one commands, mastery over the Word and the treatises, knowing the languages of nonhumans, and so forth. Through the extremely unelaborate: purity of the mental faculty, samādhi, awareness, whatever is thought arising as the nature of phenomena, realizing the four times as a single time, knowing death, transference, and birth, and so forth. Through the utterly unelaborate: the mind's fitness for action, superknowledge (mngon par shes pa), blessing life so that it is immeasurable, and so forth. In particular, the obtaining of the qualities of the four visions through the four empowerments is as follows: through the elaborate, the [vision of] direct perception of the nature of phenomena;

[p. 381]མངོན་སུམ་གྱི་སྣང་བ། སྤྲོས་མེད་ཀྱིས་ཉམས་གོང་འཕེལ། ཤིན་ཏུ་སྤྲོས་མེད་ཀྱིས་རིག་པ་ཚད་ཕེབས། རབ་ཏུ་སྤྲོས་མེད་ཀྱིས་ཆོས་ཉིད་ཟད་པའི་སྣང་བ་སྟེ། དེ་དག་རེ་རེ་ཞིང་ཕྱི་སྣང་བའི་ཡོན་ཏན་རེ་དང༌། ནང་ཉམས་ཏིང་ངེ་འཛིན་རེ་དང༌། གསང་བ་ལྟ་དགོངས་ཁྱད་པར་ཅན་རེ་དང༌། ཡོངས་རྫོགས་བསྟན་པའི་ཚད་རེ་ཐོབ་ནས། ཟག་བཅས་མི་སྣང་བར་སངས་རྒྱས་ཀྱི་ས་ལ་སྦྱོར་བའོ། །འདི་དག་ནི་ཐུན་མོང་དུ་གནས་སྐབས་ཀྱི་ཡོན་ཏན་ནོ། །གཉིས་པ་མཐར་ཐུག་གི་འབྲས་བུ་ནི། མགོན་པོ་རྡོ་རྗེ་འཆང་གི་ས་སྟེ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་རྫོགས་པར་ཐོབ་པའོ། །དབྱེ་ན་གསུམ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཞིང་ཁམས་མདོར་བསྟན། བསམ་གྱིས་མི་ཁྱབ་པའི་དབྱེ་བ་རྒྱས་པར་བཤད། མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བའོ། །དང་པོ་ནི་དབང་མཐར་ཕྱིན་པའི་འབྲས་བུ་བཞི་ལ་རྟགས་བཞི་དང་ཚད་བཞི་སྟེ། བཅུ་གཉིས། སྨིན་སོ་སྐུ་བཞི་སྟེ་བཅུ་དྲུག ཡེ་ཤེས་བཞི་སྟེ་ཉི་ཤུ། ཡེ་ཤེས་ཀྱི་འོད་ཟེར་བཞི་སྟེ་ཉེར་བཞི། འོད་ཀྱིས་བཀྱེ་བའི་སྤྲུལ་པ་བཞི་སྟེ་ཉེར་བརྒྱད། སྤྲུལ་པའི་གདུལ་ཞིང་བཞི་སྟེ་སུམ་ཅུ་རྩ་གཉིས་སུ་སྨིན་པས་དོན་འབྱུང་བ་ནི། ལམ་དུ་དབང་སུམ་ཅུ་རྩ་གཉིས་ཐོབ་པ་ལས་བྱུང་བའོ། །དེ་ཡང་སྐུ་བཞི་ལ་གཞི་

through the unelaborate, the [vision of] increase of experience (nyams gong 'phel);

through the extremely unelaborate, [the vision of] awareness reaching full measure (rig pa tshad phebs); and through the utterly unelaborate, the vision of exhaustion in the nature of phenomena (chos nyid zad pa'i snang ba). With each of these, one obtains one quality of outer appearance, one inner samādhi of experience, one secret distinctive view and enlightened intent (lta dgongs), and one measure of the complete teaching, and then, with the defiled no longer appearing, one is joined to the level of buddhahood (sangs rgyas kyi sa). These are the provisional (gnas skabs) qualities, held in common. Second, the ultimate fruition (mthar thug gi 'bras bu) is the level of the Protector Vajradhara, that is, the complete obtaining of the qualities of the wheel of inexhaustible ornaments (mi zad pa rgyan gyi 'khor lo) of enlightened body, speech, and mind. Divided, there are three: a brief presentation of the buddha field in which kāya and primordial wisdom neither join nor separate; an extensive explanation of its inconceivable divisions; and mastery through limitless superknowledge. First: to the four fruitions of empowerment brought to its culmination belong four signs and four measures, making twelve; the four kāyas of ripening (smin so) make sixteen; the four primordial wisdoms make twenty; the four light rays of primordial wisdom make twenty-four; the four emanations sent forth by the light make twenty-eight; and the four fields of those to be tamed (gdul zhing) by the emanations make thirty-two. That the meaning arises through ripening into these thirty-two comes from having obtained the thirty-two empowerments on the path. Moreover, for the four kāyas, counting four each of the primordial wisdom abiding

[p. 382]གནས་ཀྱི་ཡེ་ཤེས། མཚན་ཉིད་འཛིན་པའི་ཡེ་ཤེས། ཐམས་ཅད་མཁྱེན་པའི་ཡེ་ཤེས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བཞི་བཞི་བརྩིས་པས་བཅུ་དྲུག ཡེ་ཤེས་ཀྱི་མཁྱེན་པ་བཞི་བཞི་བརྩིས་པས་བཅུ་དྲུག་སྟེ་སུམ་ཅུ་་རྩ་གཉིས་ནི་སྐུ་དང་ཡེ་ཤེས་ཀྱི་རྣམ་གྲངས་སུམ་ཅུ་རྩ་གཉིས་ཞེས་བྱའོ། །འདི་དག་རྫོགས་པ་ནི་རྡོ་རྗེ་འཆང་གི་ས་བཅུ་དྲུག་མཛད་པ་ཡེ་ཤེས་ཀྱི་ཡུལ་བཅུ་དྲུག་དང་བཅས་པའོ། །ཡེ་ཤེས་ཀྱི་སྣང་བའི་རང་འོད་ལྔ་ལས་ཞིང་ལྔའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པ་ནི། འོད་མཐིང་གའི་ཀློང་ན་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རྫོགས་པའོ། །དེ་བཞིན་དུ་དཀར་པོས་མི་བསྐྱོད་པ། སེར་པོས་རིན་ཆེན་འབྱུང་ལྡན། དམར་པོས་སྣང་བ་མཐའ་ཡས། ལྗང་གུས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའོ། །དཀྱིལ་འཁོར་དེ་དག་ལས་གདུལ་བྱའི་ཞིང་དུ་འཕྲིན་ལས་བཞིའི་སྤྲུལ་པ་འགྱེད་ལ། གདུལ་ཞིང་ཤར་ཕྱོགས་མངོན་པར་དགའ་བ། ལྷོ་དཔལ་དང་ལྡན་པ། ནུབ་པདྨ་བརྩེགས་པ། བྱང་ལས་རབ་རྫོགས་པ་བཞིས་འགྲོ་བ་སྨིན་པར་བྱེད་དོ། །གཉིས་པ་བསམ་གྱིས་མི་ཁྱབ་པའི་དབྱེ་བས་རྒྱས་པར་བཤད་པ་ནི། སྐུ་བཞིའི་ཞིང་ཁམས་ཕུན་སུམ་ཚོགས་པ་ལྔ་ལྔར་དབྱེ་བ་ལས། དང་པོ་ཆོས་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོ། གནས་ཆོས་ཀྱི་དབྱིངས།

in the ground (gzhi gnas kyi ye shes), the primordial wisdom that apprehends characteristics (mtshan nyid 'dzin pa'i ye shes), the omniscient primordial wisdom (thams cad mkhyen pa'i ye shes), and the primordial wisdom that knows all aspects (rnam pa thams cad mkhyen pa'i ye shes) makes sixteen; and counting four each of the knowledges of primordial wisdom (ye shes kyi mkhyen pa) makes sixteen; these thirty-two are called "the thirty-two enumerations of kāya and primordial wisdom." The completion of these is the sixteen levels of Vajradhara, together with the sixteen objects of primordial wisdom that are its deeds (mdzad pa). From the five own lights (rang 'od) of the appearance of primordial wisdom, the maṇḍalas of the five fields are spontaneously present: in the expanse of deep-blue light, the maṇḍala of Vairocana is complete. Likewise, through the white, Akṣobhya;

through the yellow, Ratnasambhava; through the red, Amitābha; and through the green, the maṇḍala of Amoghasiddhi is spontaneously present. From those maṇḍalas, emanations of the four enlightened activities are sent forth into the fields of those to be tamed, and through the four fields of those to be tamed—Abhirati (mngon par dga' ba) in the east, Śrīmat (dpal dang ldan pa) in the south, Padmakūṭa (padma brtsegs pa) in the west, and Karmaprasiddhi (las rab rdzogs pa) in the north—beings are ripened. Second, the extensive explanation by way of the inconceivable divisions: the buddha fields of the four kāyas are each divided into five excellences (phun sum tshogs pa lnga). First, for the dharmakāya: the teacher (ston pa) is glorious Samantabhadra; the place is the basic space of phenomena (chos kyi dbyings);

[p. 383]བསྟན་པ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བསྟན་པ། འཁོར་འདུས་མ་བྱས་པ། དུས་ཆོས་ཉིད་ལ་འཕོ་འགྱུར་མེད་པ་དང་ལྔ་ནི་ཆོས་སྐུར་འཇོག་པའི་འཐད་པ་ནི། ཞིང་ཁམས་རྣམ་པར་དག་པ་དེ་ཉིད་དང་བརྗོད་དུ་མེད་པ། ཆོས་བརྗོད་དུ་མེད་པ། འབད་མེད་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཀྱི་སྒོ་ནས་ཆོས་སྐུ་ཞེས་བརྗོད་པའོ། །ཕུན་སུམ་ཚོགས་པ་ལྔ། བརྗོད་དུ་མེད་པ་དང༌། ལྷུན་གྱིས་གྲུབ་པ་གཉིས་ཏེ། བརྒྱད་ནི། དབང་བཞིའི་ས་བོན་བཞི་དང༌། འབྲས་བུ་བཞི་སྟེ་བརྒྱད་སྨིན་པ་ལས་བྱུང་བའོ། །ལོངས་སྐུའི་སྟོན་པ་རྣམ་པར་སྣང་མཛད་གང་ཆེན་མཚོ། །གནས་རྣམ་དག་སྟུག་པོ་བཀོད་པ། བསྟན་པ་རང་བྱུང་གི་ཡི་གེ་དྲུག་གི་རང་སྒྲ་ལྗགས་ཀྱི་འོད་ཟེར་ལས་འཕྲོ་བ་བསྟན་པའི་བུ་གཅིག འཁོར་ཉིད་ལས་མི་གཞན་པ་རིགས་བཞིའི་སངས་རྒྱས། དུས་རང་བཞིན་རྣམ་དག་ཆེན་པོ། ཞིང་ཁམས་ཕྱག་མཉམ་གཞག་གི་མཐིལ་ན། ཡས་མར་བརྩེགས་པའི་ཉི་ཤུ་རྩ་ལྔ། སྐྱིལ་ཀྲུང་མན་ཆད་ལ་བཅུ་དྲུག དེ་དག་ཀྱང་ཡས་མན་དུ་བལྟས་པས་རྒྱ་དེབ་བརྩེགས་པ་ལྟ་བུར་བར་ན་རྣམ་དག་གི་ནམ་མཁས་བཅད་ནས་གནས་ལ། ཕན་ཚུན་ནི་ཟ་འོག་གི་གུར་ཁྱིམ་བཀྲམ་པ་དང་འདྲ་སྟེ། སོ་སོའི་ལྕགས་རི་དང་མཚོས་པར་བཅད་དེ་གནས་སོ། །ཆོས་ནི་རང་གི་ངོ་བོ་རྣམ་དག་ཆེན་པོའི་ཆོས་ལ་སྤྱོད་

the teaching is the teaching of the enlightened mind (thugs) of all buddhas; the retinue is unconditioned ('dus ma byas pa); and the time is the absence of transition and change in the nature of phenomena—these five. The reasoning for positing them as the dharmakāya is this: that very utterly pure buddha field is inexpressible, its Dharma is inexpressible, and by way of the effortless, spontaneously present nature of phenomena, it is called "dharmakāya." The five excellences together with the two—inexpressibility and spontaneous presence—make eight; these arise from the ripening of eight: the four seeds of the four empowerments and the four fruitions. For the sambhogakāya: the teacher is Vairocana Gangchentso, "Great Glacial Ocean" (rnam par snang mdzad gang chen mtsho); the place is the utterly pure Dense Array (stug po bkod pa); the teaching is the natural sound of the six self-arisen letters, radiating from the light rays of his tongue—the Single Child of the Teaching (bstan pa'i bu gcig); the retinue, not other than himself, is the buddhas of the four families; and the time is the great natural utter purity. As for the buddha field: in the palms of his hands resting in meditative equipoise, there are twenty-five stacked from above downward, and from his crossed legs downward there are sixteen. These, viewed from above and below, abide like stacked books (rgya deb), divided in between by the sky of utter purity; in relation to one another they are like brocade tents spread out, and they abide divided each by its own iron mountains and lakes. As for the Dharma: they engage in the Dharma of the great utter purity of their own essence.

[p. 384]པའོ། །འཐད་པ་ནི་འོད་དང་ཁ་དོག་སྐུ་དང་ཡེ་ཤེས་ལ་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །དེ་ཡང་འོད་ཟེར་གྱི་སྦྱོར་བ་དག་པ་ཡབ་ཀྱི་ཞལ་ནས་ཞུགས་ཏེ་གསང་བའི་གནས་ནས་ཡུམ་གྱི་མཁའ་ལ་འཐོན་ནས་སྤྲུལ་པ་འགྱེད་པ་སྟེ། ཕུན་སུམ་ཚོགས་པ་ལྔ། ཞིང་དང་སྤྲུལ་པ་གཉིས་ཏེ་བརྒྱད་དོ། །དེ་ཡང་དབང་བརྒྱད་ཀྱི་འབྲས་བུའོ། །སྤྲུལ་པ་སྐུའི་སྟོན་པ་དྲུག་པ་རྡོ་རྗེ་འཆང༌། གནས་ལྕང་ལོ་ཅན་ཏེ་འོག་མིན་གྱི་མིང་གི་བྱེ་བྲག་གོ །བསྟན་པ་རང་བཞིན་རྫོགས་པ་ཆེན་པོ། འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ། དུས་སྐུས་འདུལ་བའི་དུས། ཞིང་ཁམས་རྒྱ་ཆེ་བ་ཚངས་ཆེན། དེ་ལས་ཁོལ་བུར་ཕྱུང་ན་མི་མཇེད་དེ་གླིང་བཞི་རི་རབ་དང་བཅས་པ་བྱེ་བ་ཕྲག་བརྒྱའོ། །ཆོས་བསྟན་པ་དངོས་དང་གཟུགས་བརྙན་གཉིས་སོ། །འཐད་པ་གང་ལ་གང་འདུལ་དུ་སྤྲུལ་བས་ན་སྤྲུལ་སྐུའོ། །རང་གཞན་གྱི་དོན་གཉིས་རྫོགས་པའི་འཕྲིན་ལས་དང་བརྒྱད་དོ། །ངོ་བོ་ཉིད་ཀྱི་སྐུའི་སྟོན་པ་བསམ་བརྗོད་རྣམ་པར་དག་པ། གནས་བསམ་འདས་མཚན་གཞི་དང་བྲལ་བ། བསྟན་པ་རྡུལ་མེད་ཅིང་དྲི་མ་མེད་པ། འཁོར་ཡེ་ཤེས་རྒྱ་མཚོ། ཞིང་ཁམས་བདེ་ཆེན་རྣམ་དག །ཆོས་ངོ་འབྱེད་པ་མེད་པ། ལས་སེམས་ཉིད་ཕྱིན་ཅི་ལོག་ལས་འདས་པ་དང་བརྒྱད་དོ། །དེ་ཐམས་ཅད་ཀྱི་རང་

As for the justification ('thad pa): because it enjoys light and color, kāyas and primordial wisdom, it is called the sambhogakāya, the "kāya of perfect enjoyment." Moreover, the pure union of light rays enters through the mouth of the father, emerges from the secret place into the space of the mother, and sends forth emanations.

The five excellences, together with the two—field and emanation—make eight. These, too, are the fruition of the eight empowerments. For the nirmāṇakāya: the teacher is the sixth, Vajradhara; the place is Alakāvatī (lcang lo can), which is a particular name of Akaniṣṭha ('og min); the teaching is the natural Great Perfection; the retinue is the mundane and the supramundane; the time is the time of taming by means of the kāya; the buddha field is the vast Great Brahmā (tshangs chen), and if a portion is extracted from it, it is Sahā (mi mjed), a hundred times ten million sets of the four continents together with Mount Meru; the Dharma is twofold, the actual teaching and its reflection; the justification: because it emanates as whatever tames whomever, it is the nirmāṇakāya; and with the enlightened activity that perfects the two aims, one's own and others', there are eight. For the svābhāvikakāya: the teacher is utter purity beyond thought and expression; the place is beyond thought, free of any basis of characterization; the teaching is free of dust and free of stains; the retinue is the ocean of primordial wisdom; the buddha field is utterly pure great bliss; the Dharma is without any distinguishing of identities; and with the activity, mind itself transcending error, there are eight. The four kāyas of signs (rtags kyi sku bzhi), which are the nature

[p. 385]བཞིན་རྟགས་ཀྱི་སྐུ་བཞི་ནི། ཆོས་སྐུའི་སྟོན་པ་རང་བཞིན་མ་བཅོས་པ། གནས་སྟོང་པ་ཀུན་ཁྱབ། བསྟན་པ་འདུལ་སྟངས་རྣམ་དག འཁོར་རང་བཞིན་ཡོངས་དག དུས་ངེས་མེད་སྣ་ཚོགས། ཆོས་ཟག་པ་རང་ཟད། འཐག་པ་ཆོས་ཀྱི་ཕུང་པོ་འདུས་པས་ན་ཆོས་ཀྱི་སྐུའོ། །བྱེད་ལས་ལས་བདག་ཏུ་མེད་པའི་ལས་བྱེད་པ་དང་བརྒྱད་དོ། །གཟུགས་སྐུའི་སྟོན་པ་སྐུ་སྣང་ལ་རང་བཞིན་མེད་པ་ཞལ་ཀུན་ཏུ་ཐལ་ལེ་བ། གནས་ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ། བསྟན་པ་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པ། འཁོར་སྣང་བ་དང་མི་སྣང་བ། དུས་སྤྲོས་བཞིའི་ཚིག་ཙམ་དུ་བྱུང་བ། ཞིང་ཁམས་ཕྱི་ནས་བལྟས་པས་ནང་གསལ་བ། ཆོས་སྤྲོས་གཞི་རྣམ་པར་དག་པ། འཐད་པ་གཟུགས་རྡུལ་དང་རྡུལ་ཕྲན་དག་པར་བྱེད་པས་ན་གཟུགས་སྐུའོ། །ལས་ཀྱི་གཟུགས་ཅན་རྣམས་ཀྱི་ལས་ཟད་པར་བྱེད་པ་དང་བརྒྱད་དོ། །དེ་དག་གི་ཞར་ལ་ཞི་བའི་སྐུའི་སྟོན་པ་རང་ཤེས་རིག་གི་རྒྱལ་པོ་འདུས་མ་བྱས་པ་གནས་ཙིཏྟ་རིན་པོ་ཆེའི་གཞལ་མེད་ཁང༌། བསྟན་པ་རྩ་རླུང་ཐབས་ཀྱི་མན་ངག འཁོར་ཡེ་ཤེས་ལྔ་དང༌། རླུང་ལྔ་དང༌། ཤེས་རབ་ལྔ་དང༌། འོད་ལྔ་དང༌། སྐུ་ལྔ་དང༌། རིགས་ལྔའོ། །དུས་ལུས་དང་སེམས་འཛོམ་པའོ། །ཞིང་ཁམས་འགྲོ་བ་འདུལ་བ། ཆོས་

of all these, are as follows. For the dharmakāya: the teacher is the uncontrived nature; the place is all-pervading emptiness; the teaching is the utterly pure manner of taming; the retinue is the wholly pure nature; the time is indeterminate and manifold; the Dharma is defilements naturally exhausted; the justification: because the collection of Dharma is gathered together, it is the dharmakāya; and with the function (byed las), performing activity in which there is no self as agent, there are eight. For the form kāya: the teacher is the kāya that appears yet has no nature, its face transparently open in every direction; the place is without outside or inside, everything having become inside; the teaching is the distinguishing of Dharma from what is not Dharma; the retinue is the apparent and the non-apparent; the time is what arises merely as the words of the four elaborations (spros bzhi); the buddha field is that which, viewed from outside, is clear within; the Dharma is the utterly pure ground of elaboration; the justification: because it purifies the particles of form and the subtle particles, it is the form kāya; and with the exhausting of the karma of those who possess karmic forms, there are eight. Incidentally to these, for the peaceful kāya (zhi ba'i sku): the teacher is the unconditioned king of self-knowing awareness (rang shes rig); the place is the celestial palace of the precious citta;

the teaching is the pith instructions on the skillful means of the channels and winds; the retinue is the five primordial wisdoms, the five winds, the five discerning wisdoms, the five lights, the five kāyas, and the five families; the time is when body and mind come together; the buddha field is the taming of beings; the Dharma is

[p. 386]འཁོར་བ་དང་མྱ་ངན་ལས་འདས་པ། འཐད་པ་དེ་ལ་བརྟེན་ནས་ལུས་སེམས་སྡུག་བསྔལ་ཞི་བས་ན་ཞི་བའི་སྐུར་འཐད་དོ། །ལས་ཁམས་གསུམ་ལས་གྲོལ་བར་བྱེད་པ་སྟེ་བརྒྱད་དོ། །ཁྲོ་བོའི་སྐུའི་སྟོན་པ་ཡེ་ཤེས་ཀྱི་ཧེ་རུ་ཀ་ལྔ། གནས་བྷན་དྷ་འབར་བའི་གཞལ་ཡས་ཁང་སྟེ་ཀླད་པ་དུང་ཁང་དཀར་པོ། བསྟན་པ་བདེ་ཆེན་གྱི་འབར་འཛག །འཁོར་སྒྲོན་མ་རྣམ་པ་བཞི། དུས་ཡེ་ཤེས་རང་འཁྱིལ་བའི་དུས། ཞིང་ཁམས་མིག་གི་དབང་པོ་མཐོང་བ་མ་འགགས་པ། ཆོས་གཟུགས་ཀྱི་དེ་བཞིན་ཉིད། འཐད་པ་ཡུལ་དང་ཤེས་པ་ལ་ཁྲོས་པས་ན་ཁྲོ་བོའི་སྐུར་འཐད་དོ། །ལས་ཀྱི་གདུལ་བྱ་ཕྱིན་ཅི་ལོག་རྣམས་ཚར་གཅོད་པ་དང་བརྒྱད་དོ། །དེ་དག་ལ་སྐབས་འདིར་འབྲས་བུར་གཞག་པ་ནི་གཞི་སྨིན་བྱའི་སྦྱང་གཞི་ཐོག་མའི་འོད་གསལ་ཡིན་པ་དང༌། གདུལ་གཞིའི་འབྲས་བུ་རང་བཞིན་རྣམ་དག་ཡིན་པས་གློ་བུར་རྣམ་དག་གི་ཞར་ལ་སྨོས་པའོ། །དེ་དག་ལ་བརྟགས་པས་དབང་དང་འབྲས་བུ་ལ་བཅུ་དྲུག་ཕྲག་བཞི། སྐུ་ལ་བཅུ་དྲུག་ཕྲག་བཞི་སྟེ་ཕྲག་བརྒྱད་བསྡོམས་པས། བརྒྱ་དང་ཉེར་བརྒྱད་ནི་དབང་བསྐུར་བའི་འབྲས་བུ་ཕུན་སུམ་ཚོགས་པའོ། །གསུམ་པ་མངོན་པར་ཤེས་པ་མཐའ་ཡས་པས་དབང་བསྒྱུར་བ་ནི། དབང་བཞིའི་ས་བོན་གྱི་ཆ་ལས་དྲུག་བརྒྱ་དང་དྲུག་ཅུ་རྩ་དྲུག་གིས་འགྲོ་བ་དྲུག་གི་

saṃsāra and nirvāṇa; the justification: because, in reliance upon it, the sufferings of body and mind are pacified, it is fittingly the peaceful kāya; and with the activity, liberating from the three realms, there are eight. For the wrathful kāya (khro bo'i sku): the teacher is the five herukas of primordial wisdom; the place is the celestial palace of the blazing bhāṇḍa, that is, the brain, the white conch chamber; the teaching is the blazing and dripping ('bar 'dzag) of great bliss; the retinue is the four kinds of lamps; the time is the time when primordial wisdom coils upon itself; the buddha field is the unobstructed seeing of the eye faculty; the Dharma is the suchness (de bzhin nyid) of form; the justification: because it is wrathful toward objects and cognition, it is fittingly the wrathful kāya; and with the activity, annihilating those to be tamed (gdul bya) who are in error, there are eight. As for positing these as fruition in this context: because the basis of purification (sbyang gzhi) of the ground to be ripened is the original luminosity, and because the fruition of the ground to be tamed (gdul gzhi) is natural utter purity, they are mentioned incidentally to the utter purity from the adventitious (glo bur rnam dag). When these are examined, there are four sets of sixteen for the empowerments and fruitions and four sets of sixteen for the kāyas; adding up these eight sets, one hundred and twenty-eight is the excellent fruition of the conferral of empowerment. Third, exercising mastery through limitless superknowledges: from the aspect of the seeds of the four empowerments, by means of six hundred and sixty-six, he purifies the karma and afflictions of the six classes of beings.

[p. 387]ལས་དང་ཉོན་མོངས་པ་དག་པར་མཛད་པའོ། །དེ་ལ་ཐོག་མར་མཐོང་བ་རྣམ་པར་དག་པ་ལས། བདག་ཉིད་ལ་ཟག་པ་མེད་པའི་མངོན་པར་ཤེས་པ་ནི། དབང་པོའི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་གིས་དུས་གསུམ་དུས་གཅིག་ལ་མཐོང་བ་པྲ་སེན་མཐོང་བ་ལྟ་བུ་སྟེ། དེ་ཡང་མིག་གི་མངོན་ཤེས་དྲུག་གིས་གཟུགས་ཐམས་ཅད་ཤེས། རྣ་བའི་མངོན་ཤེས་དྲུག་གིས་བརྗོད་པའི་སྒྲ་ཐམས་ཅད་གཏན་ལ་ཕེབས་སོ། །སྣའི་དྲུག་གིས་འགྲོ་བ་དྲུག་གི་ལས་གཏན་ལ་ཕེབས་སོ། །ལྕེའི་དྲུག་གིས་འགྲོ་དྲུག་གི་འཁོར་དང་ལོངས་སྤྱོད་ཤེས་སོ། །ལུས་ཀྱི་དྲུག་གིས་འགྲོ་དྲུག་གི་གཟུགས་རྡུལ་ཕྲན་དང་རགས་པ་ཐམས་ཅད་ཤེས་སོ། །ཡིད་ཀྱི་དྲུག་གིས་འགྲོ་དྲུག་གི་བསམ་པ་ཐམས་ཅད་ཤེས་སོ། །དེ་ལྟར་དབྱེ་གཞི་ཕྲི་བས་དབང་པོའི་མངོན་ཤེས་སུམ་ཅུས་སྲིད་པ་ཡན་ལག་སུམ་ཅུ་ཤེས་ཤིང༌། མཚན་སུམ་ཅུ་རྩ་གཉིས་གྲུབ་པ་ནི་དབང་སུམ་ཅུ་རྩ་གཉིས་ལས་བྱུང་བའོ། །དེ་ནས་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། སྦྱངས་པའི་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་ཡེ་ཤེས་དྲུག་ཤར་བས་ཚིག་ཐམས་ཅད་ཀྱི་བརྡ་དོན་ཁོང་དུ་ཆུད་པའོ། །བསླབ་པའི་ཤེས་རབ་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་གིས་སེམས་ཉིད་ཆོས་ཉིད་ལ་

Among these, first, from utterly pure seeing (mthong ba rnam par dag pa), the undefiled superknowledge present in oneself is this: through the six superknowledges of the utterly pure seeing of the sense faculties, the three times are seen at a single time, like seeing in a prasena divination. Moreover, through the six superknowledges of the eye, all forms are known. Through the six superknowledges of the ear, all the sounds of expression are ascertained. Through the six of the nose, the karma of the six classes of beings is ascertained. Through the six of the tongue, the retinues and enjoyments of the six classes of beings are known. Through the six of the body, all the forms of the six classes of beings, both subtle particles and coarse, are known. Through the six of the mental faculty, all the thoughts of the six classes of beings are known. Thus, when the basis of division (dbye gzhi) is subtracted, the thirty superknowledges of the sense faculties know the thirty branches of existence (srid pa yan lag),

and the accomplishment of the thirty-two marks arises from the thirty-two empowerments. Then the six superknowledges of the utterly pure seeing of wisdom arise: through the arising of the six primordial wisdoms of the utterly pure seeing of trained wisdom (sbyangs pa'i shes rab), the symbolic meaning of all words is comprehended. Through the six superknowledges of the pure seeing of the wisdom of training (bslab pa'i shes rab), a special engagement of mind itself in the nature of phenomena

[p. 388]འཇུག་པ་ཁྱད་པར་ཅན་སྐྱེ་བའོ། །མཐོང་བ་རྣམ་པར་དག་པ་ཞེས་ཀུན་ལ་སྦྱར་ཏེ། ཐོས་པའི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་སྒྲ་དང་དོན་ཐམས་ཅད་ཤེས་སོ། །བསམ་བྱུང་གི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་ཆོས་ཐམས་ཅད་ཀྱི་འདུ་མཆེད་རྟོགས་སོ། །སྒོམ་བྱུང་གི་ཤེས་རབ་ཀྱི་མངོན་ཤེས་དྲུག་གིས་ཆོས་དང་སེམས་གཉིས་འདྲེས་ཏེ་ནམ་མཁའ་ལྟར་ཤེས་སོ། །དེ་ལྟར་སུམ་ཅུ་ནི་དབང་གི་འགྱུར་བྱེད་སུམ་ཅུ་རྩ་གཉིས་ཀྱིས་སངས་རྒྱས་ཀྱིས་སྦྱངས་པའི་ཡོན་ཏན་སུམ་ཅུ་རྩ་གཉིས་མཐོང་བ་ལས་བྱུང་བའོ། །དེ་ནས་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། འདིའི་དུས་ན་ཡེ་ཤེས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྙེད་པའོ། །དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་གིས་ཆོས་ཀྱི་མཚན་ཉིད་དང་དགོངས་པ་མངོན་སུམ་དུ་ཤེས་སོ། །མཉམ་པ་ཉིད་ཀྱི་དྲུག་གིས་འཁོར་འདས་གཉིས་སུ་མེད་པར་ཤེས་སོ། །སོ་སོར་རྟོག་པའི་དྲུག་གིས་འགྲོ་བ་དྲུག་གི་དབང་པོ་ལ་སོགས་པ་ཤེས་སོ། །བྱ་བ་གྲུབ་པའི་དྲུག་གིས་ཆོས་ཐམས་ཅད་རྩོལ་བ་དང་བྲལ་བ་དང་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཤེས་སོ། །ཆོས་ཀྱི་དབྱིངས་ཀྱི་དྲུག་གིས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཤེས་སོ། །མི་གནས་པའི་ཡེ་ཤེས་ཀྱི་དྲུག་གིས་

is born. The phrase "utterly pure seeing" is to be applied to all of them. Through the six superknowledges of the wisdom of hearing, all sounds and meanings are known. Through the six superknowledges of the wisdom arisen from reflection, the gathering and spreading ('du mched) of all phenomena is realized. Through the six superknowledges of the wisdom arisen from meditation, phenomena and mind merge and are known to be like space. Thus these thirty arise from seeing, by means of the thirty-two transformative agents ('gyur byed) of empowerment, the thirty-two qualities in which the buddhas have trained. Then the six superknowledges of the utterly pure seeing of primordial wisdom arise: at this time the eye of primordial wisdom, free of dust and free of stains, is obtained. Moreover, through the six superknowledges of the pure seeing of mirror-like primordial wisdom (me long lta bu'i ye shes), the defining characteristics of phenomena and the enlightened intent are known directly. Through the six of the primordial wisdom of equality (mnyam pa nyid), saṃsāra and nirvāṇa are known to be nondual. Through the six of the discerning primordial wisdom (so sor rtog pa), the sense faculties and so forth of the six classes of beings are known. Through the six of the all-accomplishing primordial wisdom (bya ba grub pa), all phenomena are known to be free of effort, and all buddha fields are known. Through the six of the primordial wisdom of the basic space of phenomena, all the qualities of the buddhas are known. Through the six of the nonabiding primordial wisdom (mi gnas pa'i ye shes),

[p. 389]ཆོས་གང་ལའང་མི་གནས་པ་ཤེས་སོ། །དེ་ཡང་དབྱེ་གཞི་རེ་ཕྲི་བས་མངོན་ཤེས་ལྔ་ཚན་དྲུག་ཏུ་འགྱུར་ཏེ། ཡེ་ཤེས་ཀྱི་མངོན་པར་ཤེས་པ་སུམ་ཅུ་ནི་དབང་སུམ་ཅུ་རྩ་གཉིས་ལས་བྱུང་བའོ། །དེ་ནས་རྣམ་པར་གྲོལ་བའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་སེམས་དང་སེམས་བྱུང་ནུབ་པའོ། །དེ་ལ་རྣམ་གྲོལ་དང་པོའི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་ཤར་བས། ལུས་ཀྱི་ཟག་པ་ཟད་པའོ། །རྣམ་གྲོལ་གཉིས་པ་དྲུག་གིས་ངག་གི་ཟག་པ་ཟད་པའོ། །གསུམ་པའི་དྲུག་གིས་ཡིད་ཀྱི་ཟག་པ་ཟད་པའོ། །བཞི་པའི་དྲུག་གིས་སེམས་ཀྱི་ཟག་པ་ཟད་པའོ། །ལྔ་པའི་དྲུག་གིས་ཤེས་རབ་ཀྱི་ཕུང་པོ་ལ་སྒྲིབ་པའི་ཟག་པ་ཟད་པའོ། །དྲུག་པའི་དྲུག་གིས་ཆོས་དང་ཆོས་ཉིད་ཀྱི་ཟག་པ་ཟད་པའོ། །སུམ་ཅུ་པོ་དེ་དག་གིས་ཕྱི་ནང་གསང་བ་ཡོངས་རྫོགས་ཀྱི་དབང་ལས་བྱུང་བའོ། །དེ་ནས་སྐུ་གསུང་ཐུགས་ཀྱི་ལས་མངོན་དུ་གྱུར་པའི་མངོན་པར་ཤེས་པ་དྲུག་འཆར་ཏེ། སངས་རྒྱས་ཀྱི་མཁྱེན་པ་མ་ལུས་པ་རྫོགས་པའོ། །སྐུ་དངོས་ཀྱི་མཐོང་བ་དག་པའི་མངོན་ཤེས་དྲུག་ཤར་བས་སངས་རྒྱས་ཀྱི་སྐུ་ཐམས་ཅད་མཐོང་ཞིང་རང་གིས་ཀྱང་བརྙེས་པའོ། །སྐུའི་སྣང་བའི་དྲུག་ཤར་བས་འོད་ཀྱི་ཚོགས་མཐའ་ཡས་པ་ལ་སྤྱོད་དོ། །གསུང་དངོས་ཀྱི་དྲུག་ཤར་བས་གསུང་

nonabiding in any phenomenon whatsoever is known. Here too, when one basis of division is subtracted from each, they become six sets of five superknowledges; and these thirty superknowledges of primordial wisdom arise from the thirty-two empowerments. Then the six superknowledges of complete liberation (rnam par grol ba) arise:

at this time mind and mental factors (sems byung) subside. Here, through the arising of the six superknowledges of the utterly pure seeing of the first liberation, the defilements of the body are exhausted. Through the six of the second liberation, the defilements of speech are exhausted. Through the six of the third, the defilements of the mental faculty are exhausted. Through the six of the fourth, the defilements of mind are exhausted. Through the six of the fifth, the defilements that obscure the aggregate of wisdom are exhausted. Through the six of the sixth, the defilements of phenomena and of the nature of phenomena are exhausted. These thirty arise from the empowerments of the outer, inner, and secret in their entirety. Then the six superknowledges in which the activity of enlightened body, speech, and mind becomes manifest arise: the knowledge of the buddhas is perfected without remainder. Through the arising of the six superknowledges of the pure seeing of the actual kāya (sku dngos), all the kāyas of the buddhas are seen, and one attains them oneself as well. Through the arising of the six of the appearance of the kāya, one engages in limitless masses of light. Through the arising of the six of actual enlightened speech, one engages in the sixty melodious tones of enlightened speech.

[p. 390]དབྱངས་དྲུག་ཅུ་ལ་སྤྱོད་དོ། །གསུང་གི་སྣང་བའི་དྲུག་གིས་སྒྲ་དབྱངས་དུ་མ་ལ་སྤྱོད་དོ། །ཐུགས་དངོས་ཀྱི་དྲུག་གིས་ཏིང་ངེ་འཛིན་ཐམས་ཅད་ལ་སྤྱོད་དོ། །ཐུགས་ཀྱི་སྣང་བའི་དྲུག་གིས་གཞན་གྱི་སེམས་ཤེས་པ་ལ་སྤྱོད་དོ། །དེ་ལྟར་སུམ་ཅུ་པོ་ནི་དབང་གི་ལྷ་ངོ་སུམ་ཅུ་རྩ་གཉིས་ཤེས་པ་ལས་བྱུང་ངོ༌། །དེ་ནས་ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་འཆར་ཏེ། འདིའི་དུས་ན་ཆོས་ཉིད་ཀྱི་དགོངས་པ་ལ་དབྱེར་མི་ཕྱེད་པར་བཞུགས་སོ། །སེམས་རྣམ་པར་གདུལ་བའི་མངོན་ཤེས་དྲུག་ཤར་བས་སེམས་ཀྱི་རང་བཞིན་ཤེས་སོ། །སེམས་སྦྱང་བའི་དྲུག་གིས་རྩ་བ་ཤེས་སོ། །སེམས་ཞི་བའི་དྲུག་གིས་སེམས་མེད་པའི་མཚན་ཉིད་ཤེས་སོ། །སེམས་རྣམ་པར་དག་པའི་དྲུག་གིས་མི་འགྱུར་བར་ཤེས་སོ། །སེམས་མི་ལྡོག་པའི་དྲུག་གིས་ཁམས་གསུམ་མིང་མེད་པར་ཤེས་སོ། །སེམས་ལས་འདས་པའི་དྲུག་གིས་ཤེས་བྱེད་དང་འདུ་འཕྲོ་དག་སྟེ་མི་ལྡོག་པར་རྟོགས་སོ། །དེ་ལྟར་སུམ་ཅུ་ནི་དབང་གི་རྣམ་པར་འཕྲུལ་པའི་དབྱེ་བ་ཤེས་པ་ལས་བྱུང་ངོ༌། །དེ་ལྟར་མཐོང་བ་དག་པའི་མངོན་ཤེས་བརྒྱ་དང་བརྒྱད་ཅུ་ནི་མོས་པའི་མཐོང་བ་ཙམ་ལས་བྱུང་བའོ། །དེ་ཡང་ཕྱེ་ན་མོས་པའི་བཞི་ལ་བཞི་བཅུ་རྩ་ལྔ་ལྔའི་ཡོན་ཏན་དུ་འབྱུང་བ་ནི། སྤྲོས་བཅས་ཀྱི་དབང་ཐོབ་པ་ལས་བྱུང་བའོ། །

Through the six of the appearance of enlightened speech, one engages in manifold sounds and melodies. Through the six of the actual enlightened mind, one engages in all samādhis. Through the six of the appearance of enlightened mind, one engages in knowing the minds of others. Thus these thirty arise from knowing the thirty-two aspects of the deities of empowerment.

Then the six superknowledges of the utterly pure seeing of the nature of phenomena arise: at this time one abides indivisibly within the enlightened intent of the nature of phenomena. Through the arising of the six superknowledges of thoroughly taming the mind, one knows the nature of mind. Through the six of refining the mind, one knows its root. Through the six of pacifying the mind, one knows the defining characteristic of the absence of mind. Through the six of the utter purity of mind, one knows it to be unchanging. Through the six of the nonreversal of mind, one knows the three realms to be without name. Through the six of transcending mind, the knower and the gathering and dispersing of thought are purified, and one realizes nonreversal. Thus these thirty arise from knowing the divisions of the miraculous display of empowerment.

In this way, the one hundred and eighty superknowledges of pure seeing arise merely from the seeing of aspiration. Further, when these are divided, their arising as forty-five qualities for each of the four of aspiration comes from having obtained the elaborate empowerment.

[p. 391]དེའི་འགྲེས་ཀྱིས་ཐོས་པ་རྣམ་པར་དག་པའི་མངོན་ཤེས་ཀྱང་བརྒྱ་དང་བརྒྱད་ཅུར་འགྱུར་ཏེ། དེ་ལའང་ཡེ་ཤེས་བཞིའི་ཡོན་ཏན་འཇུག་པ་སྔར་དང་འདྲའོ། །འདི་དག་སྤྲོས་མེད་ཀྱི་དབང་ལས་བྱུང་བའོ། །བསམ་བྱ་དག་པའི་བརྒྱ་དང་བརྒྱད་ཅུ་ནི་བསྒྱུར་གཞིའི་དོན་ཤེས་པ་ལས་བྱུང་བ་སྟེ། ཡེ་ཤེས་སུ་དག་པ་དང༌། མྱོང་བྱེད་དག་པའི་བརྒྱ་བརྒྱད་ཅུ་ཆོད་པའི་རང་བཞིན་ཤེས་པ་ལས་བྱུང་བ་དང༌། རེག་བྱེད་དག་པའི་བརྒྱ་བརྒྱད་ཅུ་པ་མདོ་ཤེས་པ་ལས་བྱུང་བ་དང་ཚན་པ་གསུམ་ནི་ཤིན་ཏུ་སྤྲོས་མེད་ཀྱི་དབང་ལས་བྱུང་བའོ། །ཆོས་དག་པའི་མངོན་ཤེས་བརྒྱ་བརྒྱད་ཅུ་ནི་རབ་ཏུ་སྤྲོས་པ་མེད་པའི་དབང་ལས་བྱུང་བའོ། །དེ་ལྟར་ན་ས་དང་སྦྱར་བས་སའི་ཡོན་ཏན་ཉིས་སྟོང་སུམ་བརྒྱ་དང་དྲུག་ཅུ། ཡེ་ཤེས་ཀྱི་བྱེད་པ་དྲུག་བརྒྱ་དང་དྲུག་ཅུ། ཆོས་ཀྱི་རྣམ་གྲངས་སུམ་སྟོང་དང་བརྒྱ་ཉི་ཤུ་རྣམས་ནི་རྡོ་རྗེ་འཆང་གི་སའི་མངོན་ཤེས་ཀྱི་རྣམ་པར་འཕྲུལ་བའི་དབྱེ་བ་ཆེན་པོའོ། །འདི་དག་ནི་དབང་གི་རྣམ་པར་གཞག་པ་སྟེ། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་སྒོ་དང་པོའི་གཞི་གལ་པོ་ཆེ་ཡང་དག་པ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། གཞིའི་དོན་སྨིན་པར་བྱེད་པ་དང་དབང་གི་རྣམ་པར་གཞག་པ་སྟེ་རིམ་ཁང་དྲུག་པའོ། །

Following the same pattern, the superknowledges of utterly pure hearing also come to one hundred and eighty, and for these too the way the qualities of the four primordial wisdoms enter is as before. These arise from the unelaborate empowerment. The one hundred and eighty of the pure object of thought arise from knowing the meaning of the basis of transformation (bsgyur gzhi), its purity as primordial wisdom; the one hundred and eighty of pure experiencing arise from knowing the nature of decisiveness (chod pa); and the one hundred and eighty of pure touching arise from knowing the essential point (mdo). These three sets arise from the extremely unelaborate empowerment. The one hundred and eighty superknowledges of pure phenomena arise from the utterly unelaborate empowerment.