Theg mchog mdzod (Longchenpa): Ch. 19 (1)
Theg mchog mdzod (Longchenpa)/Ch. 19 (1)
Theg mchog mdzod study edition: editions, critical edition, translation, bilingual (22 November 2026) |
Theg mchog mdzod study edition: Tibetan sizes relative to the English, apparatus under each page, link to the Adzom edition (22 November 2026) |

| Line 1: | Line 1: | ||
{{DISPLAYTITLE:Theg mchog mdzod (Longchenpa): Ch. 19 (1)}} | __NOTOC__{{DISPLAYTITLE:Theg mchog mdzod (Longchenpa): Ch. 19 (1)}} | ||

[[Theg mchog mdzod (Longchenpa)/Ch. 18 (3)|← Ch. 18 (3)]][[Theg mchog mdzod (Longchenpa)|Theg mchog mdzod: contents]][[Theg mchog mdzod (Longchenpa)/Ch. 19 (2)|Ch. 19 (2) →]]
'''Theg pa'i mchog rin po che'i mdzod, chapter 19: yang rab rtogs pas grol ba'i man ngag gi chings bstan pa''' · <span class=" |
[[Theg mchog mdzod (Longchenpa)/Ch. 18 (3)|← Ch. 18 (3)]][[Theg mchog mdzod (Longchenpa)|Theg mchog mdzod: contents]][[Theg mchog mdzod (Longchenpa)/Ch. 19 (2)|Ch. 19 (2) →]]
'''Theg pa'i mchog rin po che'i mdzod, chapter 19: yang rab rtogs pas grol ba'i man ngag gi chings bstan pa''' · ཡང་རབ་རྟོགས་པས་གྲོལ་བའི་མན་ངག་གི་ཆིངས་བསྟན་པ
Pages 229–268 of volume 2 of the corrected base text (part 1 of 2 of Ch. 19). | ||

Not in this part's tabs (the edition does not contain it): two volumes MW0TTBBC0007.

Not in this part's tabs (the edition does not contain it): two volumes MW0TTBBC0007.

= Adzom Chögar (standard edition) = | = Adzom Chögar (standard edition) = | ||

The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD86, I1PD87, I1PD88), gorn05 tibocr 2026: BDRC OCR on 860 pages, Mitra OCR on 457 pages (the model with more recognisable syllables on each page)

The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD86, I1PD87, I1PD88), gorn05 tibocr 2026: BDRC OCR on 860 pages, Mitra OCR on 457 pages (the model with more recognisable syllables on each page). The whole edition on this wiki: [[mdzod bdun (a 'dzom par ma)]].

<div style="font-family:sans-serif;font-size: |
Volume I1PD87

<span | [p. 208] དེ་ལྟར་ལམ་དངོས་བསྟན་ནས། ད་ནི་ལམ་གྱི་ | ||
<span | [p. 209] ༄༅། །ཁྱད་པར་དབང་པོ་ཡང་རབ་རྣམས་མ་བསྒོམས་པར་གྲོལ་བའི་ཐབས་མཆོག་ཏུ་གསང་བ་ཁྲེགས་ཆོད་ཀྱི་མན་ངག་གཏན་ལ་དབབ་པ་ལ་གསུམ་སྟེ། ངོ་རང་ཐོག་ཏུ་དབབ་པས་ལ་བཟླ། ཐག་ཆིག་ཐོག་ཏུ་ བཅད་པས་ཆིངས་བསྡམ། གདེང་གྲོལ་ཐོག་ཏུ་བཅད་པས་འཕྲང་བསལ་བའོ། །དང་པོ་ལ་གསུམ་སྟེ། རང་བཞིན་རྫོགས་པ་ཆེན་པོ་སྤང་བླང་བྱ་རྩོལ་ལས་འདས་པའི་གཤིས་ནམ་མཁའ་ལྟ་བུར་གཏན་ལ་དབབ་པ། ཆོས་ ཟད་བློ་འདས་ཀྱི་དགོངས་པ་ཟང་ཐལ་རྗེན་པའི་ཡེ་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ། ལྷུན་མཉམ་ཡངས་པ་ཆེན་པོའི་ཀློང་དུ་ཐམས་ཅད་ཡེ་ནས་འདས་ཟིན་པས་བཅིངས་གྲོལ་སྤང་བླང་མེད་པའི་ངང་དུ་འཁོར་འདས་མིང་མེད་ ཆེན་པོར་ལ་བཟླ་བའོ། །དང་པོ་ལ་གསུམ་སྟེ། རང་བཞིན་རྫོགས་པ་ཆེན་པོ་བྱར་མེད་ནམ་མཁའ་ལྟ་བུའི་དོན་སྤྱིར་བསྟན་པ། འཆིང་གྲོལ་གཉིས་སུ་མེད་པའི་རང་སེམས་སྟོང་པ་རྩ་བྲལ་ཆེན་པོར་ཐག་བཅད་པ། ཡུལ་སྣང་ བློའི་མེ་ལོང་ཚོགས་དྲུག་མཉམ་པ་ཆེན་པོར་ཁྱབ་གདལ་བའོ། །དང་པོ་ནི། ཕྱི་སྣང་བ་ནང་རིག་པ་བར་གཟུང་འཛིན་སྣང་རྟགས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་སྟོང་ཡོངས་སྟོང་ཆེན་པོ། སྣང་སྟོང་བློས་ སྟོང་ཆེན་པོ། དག་སྟོང་གྲོལ་སྟོང་ཆེན་པོ། ཡོད་མ་མྱོང་མེད་མ་མྱོང་། བདེན་མ་མྱོང་། བརྫུན་མ་མྱོང་། འཁྲུལ་མ་མྱོང་གྲོལ་མ་མྱོང་། འཁོར་མ་མྱོང་། འདས་མ་མྱོང་། ཡིན་མ་མྱོང་མིན་མ་མྱོང་། སྣང་མ་མྱོང་སྟོང་ | ||
<span | [p. 210] མ་མྱོང་། ཐམས་ཅད་མཉམ་གདལ། ཁྱབ་པ་ཕྱམ་གདལ། ཡིན་མིན་ཕྱོགས་གདལ། ཡོད་མེད་སྣང་གདལ། མི་གཡོ་མཉམ་གདལ། ལྷུན་མཉམ་ཡེ་གདལ། ངང་མཉམ་གཞི་གདལ། ཡངས་པ། ཕྱམ་པ། སངས་པ། གྲོལ་བ། ཟད་པ། སྟོངས་པ། ཕྱམ་ཕྱལ་ཧར་སངས། ཁྱབ་གདལ་ཡེར་སངས། ལྷུན་མཉམ་དབྱིངས་སངས། ངག་གདལ་མཉམ་སངས་མི་གཡོ། མི་འགུལ། མི་གནས། མི་ལེན། མི་འགྲོ། མི་འོང་། མི་བསམ། མི་རྟོག །མི་དམིགས། མི་མཉམ། མི་འགྱུར་བ་སྟེ། སྔར་འཁྲུལ་མ་མྱོང་། ད་ལྟ་འཁྲུལ་པ་ལ་མི་གནས། མཐར་འཁྲུལ་མི་སྲིད། སྔར་གྲོལ་མ་མྱོང་། ད་ལྟ་གྲོལ་བར་མི་འཇུག །མཐར་གྲོལ་མི་སྲིད། སྔར་འདས་པ་མེད། ད་ལྟ་གནས་པ་མེད། མ་འོངས་པ་འབྱུང་དུ་མེད། རིས་མེད་ཕྱམ་སངས་སྟོང་པ། གནས་ལུགས་ཀྱི་གཞི་མེད། ཡིན་ལུགས་ཀྱི་ལམ་མེད། གྲོལ་ལུགས་ཀྱི་འབྲས་བུ་མེད། ལྟ་སྒོམ་གྱི་མིང་མེད། ཕྱོགས་རིས་ཀྱི་ཆོས་མེད། ཡོད་མེད་ཀྱི་མཐའ་མེད། ནམ་མཁའི་དབྱིངས་མེད་པ། བྱ་རྩོལ་ལས་འདས་པའི་ཡེ་སངས། ལྟ་སྒོམ་ལས་འདས་པའི་ཡང་སངས། དམིགས་བསམ་ལས་འདས་པའི་གྲོལ་སངས། ཕྱོགས་འབྱམས་མིང་མེད་སངས་པར་ལ་བཟླ་བ། བལྟར་མེད་བལྟས་པ་མེད། ལྟ་བྱེད་མེད། བལྟས་པས་མི་མཐོང་། བསྒོམ་དུ་མེད། བསྒོམས་པ་མེད། བསྒོམ་པ་ལས་འདས། བསྒོམས་ཀྱང་མི་གྲོལ། དཔྱད་དུ་མེད། | ||
<span | [p. 211] དཔྱོད་པ་མེད། དཔྱད་མི་དགོས། དཔྱད་ཀྱང་ངལ་བ་དོན་མེད། བསྒྲུབ་མི་དགོས། གྲུབ་ཟིན། བསྒྲུབ་ཏུ་མེད། བསྒྲུབས་ཀྱང་མི་འགྲུབ། བསྒྲུབས་པ་ལ་དགོས་པ་མེད། བྱ་བ་མེད། བྱེད་པ་མེད། བྱས་ཟིན། བྱ་བ་ལས་འདས། བྱས་ཀྱང་ཚི་ཆད། བྱ་མི་དགོས། ཆོས་ལ་བྱར་མེད། བྱས་པས་ཆོས་མ་ཡིན། མི་བྱ་བ་བསྒྲུབ་ཏུ་མེད། འཁོར་བ་མི་སྤོང་། འདས་པ་མི་ལེན། བསྒྲུབ་པ་ཕྱོགས་གཞག །ཡེ་མཉམ་ཕྱམ་གདལ། གཉུག་མ་མིང་མེད། གང་སྣང་ས་ནས་གཞི་མེད་ཡེ་སངས་སུ་འདུག་པས་འཆིང་གྲོལ་འབད་རྩོལ་རང་ཞིག །གང་ཤར་ས་ནས་ཡེ་དག་རང་སྟོང་གདལ་བས་ཕྱམ་གཞག་རིས་མེད་ཕྱལ་བ། གང་སངས་ས་ནས་རྗེས་མེད་རང་དག་ཡེ་སྟོང་དུ་འདུག་པས་ཕྱམ་མཉམ་པར་མེད་ཕྱལ་བར་འབད་རྩོལ་ཞིག་པའི་རང་སེམས་བྱ་བ་མེད་པར་ཁོང་ངལ་བས། རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་སུ་ཆོས་ཐམས་ཅད་ཡེ་ནས་རང་ཤར་རོ་ཞེས་རང་གིས་རྟོགས་པའི་དོན་ལུང་དང་སྦྱར་བ་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། རང་བཞིན་རྫོགས་པ་ཆེ་པོ་ཡི། །དོན་ཀུན་བློ་ཡི་དཀྱིལ་དུ་ཚུད། །མི་སྣང་ཡུལ་མེད་རྟོག་པ་ཡང་། །མ་བཅད་རང་ས་ཉིད་དུ་ཆོད། །འཁྲུལ་མ་མྱོང་བའི་མ་རིག་བརྩད། །མ་བརྟགས་ཡེ་ནས་ཆོད་ནས་འདུག །གོང་དུ་འདི་ཀུན་སུས་མ་ཚོག །རགས་པའི་འབྱུང་བ་འདི་ཀུན་ཡང་། །ཐོག་མ་ཉིད་ནས་རང་དེངས་པར། །འགྲོ་བའི་གནས་མེད་རང་སོང་པས། ། | ||
<span | [p. 212] རང་ལུས་ཡེ་ནས་མེད་པར་ནི། །སྔ་ཕྱི་མེད་པར་འདིར་ཡང་རིག །འདི་ཀུན་དུས་མེད་ཡང་དུས་པས། །གཅིག་དང་གཉིས་དང་དྲུག་གསུམ་གྱིས། །སྣང་མེད་སྣང་དང་ཡང་ཕྱེད་སྣང་། །མི་སྣང་མཛད་པའི་རང་སྒྲར་ཡང་། །ས་འཛིན་ས་ལས་འདས་པར་ནི། །ཡེ་ནས་འདུག་པ་སུས་མཚོར། །བགྲོད་དུ་ཡེ་ནས་མེད་པ་ཡི། །ལམ་འདི་ཡེ་ནས་ཉེ་བར་ནི། །འདི་ཡང་རང་ལས་ཡེ་འདུག་པ། །སྔར་མ་མཐོང་སྟེ་རང་རིག་རྟུལ། །མི་གནས་བསམ་གཏན་དགོངས་པ་ནི། །བསྒོམས་པ་མེད་པར་ཡེ་འདུག་པ། །འདི་ཡང་གང་གིས་སྔར་མ་རིག །བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ཉིད་ལ། །འདི་ཀུན་རང་གིས་རང་སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག །བདག་རྟོག་བཅིངས་པའི་ཉོན་མོངས་ལྔ། །ཡེ་ནས་རིག་པ་རང་ཤར་བར། །ལྷན་ཅིག་གནས་པ་ཞལ་མ་འཚོ། །ས་ཆུ་མེ་རླུང་འབྱུང་བ་བཞི། །ཡེ་ནས་རང་གི་ལུས་ཡིན་པར། །སུས་མ་མཐོང་བ་མིག་རེ་རྟུལ། །ཡང་གསང་འདུས་པའི་མན་ངག་བཅུད། །བར་མཚམས་མེད་པར་རང་གྲག་པ། །གང་གིས་འདི་ཉིད་མ་ཐོས་པ། །རྣ་བའི་དབང་པོ་མེད་དམ་ཅི། །རང་གནས་དབྱིངས་དང་རིག་པའི་དྲི། །བྲལ་བའི་སྐབས་མེད་རང་འཁོར་བ། །ཚོར་མ་མྱོང་བ་སྣ་འགགས་སམ། །བཅུད་གསུམ་མན་ངག་གཅིག་དྲིལ་རོ། །ཡེ་ནས་ལུས་སེམས་བཅུད་ཡིན་པ། །འདི་ཉིད་མ་མྱོང་ལྕེ་ཆད་དམ། །སྣང་བ་རང་དག་ཁ་དོག་རྒྱན། །རང་གི་ལུས་དང་ | ||
<span | [p. 213] འབྲལ་མེད་པར། །ལུས་དང་གྲིབ་མ་བཞིན་དུ་ནི། །ཉིན་དང་མཚན་མོ་མེད་འདུག་པ། །སུས་ཀྱང་མ་རེག་ལུས་བེམས་སམ། །སྡུག་བསྔལ་ཕྱལ་འདེབས་བདེ་བའི་ཆོས། །བརྗེད་པ་མེད་པར་རང་གནས་པ། །སུས་མ་ཤེས་པ་བློ་རེ་རྟུལ། །འཁོར་བའི་བག་ཆགས་ཡང་བརྩེགས་པ། །ཡེ་ནས་ཆོས་ཀྱི་སྐུར་འདུག་པ། །གང་གིས་མ་མཐོང་སྙིང་རྗེའི་གནས། །དབང་པོ་བདག་རྟོག་ཡུལ་ཤར་ནས། །དྲན་བསམ་འགྱུ་བ་སྣ་ཚོགས་རྣམས། །ཡེ་ནས་ཡོངས་སྐུར་རང་ཤར་བ། །འདི་ཀུན་མ་དྲན་བརྗེད་རེ་ངས། །བྱ་བྱེད་སྤྱོད་པ་རྩོལ་སྒྲུབ་དང་། །སྐྱེ་བོ་འདུས་པའི་ཅ་ཅོ་ཀུན། །ཡེ་ནས་སྤྲུལ་པའི་སྐུ་ཡིན་པར། །སུས་མ་ཤེས་པ་ཡོང་རེ་རྟུལ། །ཇི་ལྟར་བསམས་དང་དྲན་འགྱུས་པ། །ཆུ་བོའི་རྒྱུན་བཞིན་བར་མེད་པར། །རྟག་ཏུ་རང་གི་ཡིད་འཕྲོག་པ། །རྩོལ་མེད་རང་གཞག་སྒོམ་པར་ནི། །ཉམས་སུ་མ་ཆུད་སེམས་རེ་ཡེངས། །སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང་། །གྲོང་ཁྱེར་རྒྱུན་གཅོད་ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། །ཞེས་པ་དང་། ཐལ་འགྱུར་ལས། སྣང་བ་འཁྲུལ་པའི་རང་བཞིན་འདི། །ཡེ་ཤེས་ཡིན་པར་སྔར་མ་མཐོང་། །རྟོག་བཅས་འཁྲུལ་པའི་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་པའི་རང་རྟོག་རྒྱུན་ཆད་དོ། །དེ་ལྟར་འཁྲུལ་མེད་སྣང་བ་ནི། །ཡེ་ནས་གྲོལ་བའི་གནད་ལས་བྱུང་། ། | ||
<span | [p. 214] འགྲོ་བའི་ཕུང་པོ་སངས་རྒྱས་སྐུ། །ཡེ་ནས་ཡིན་པར་སུས་མ་རིག །ཕུང་པོ་སངས་རྒྱས་མངའ་བདག་ཏུ། །རྩ་གནས་ཡི་གེ་གྲུབ་ལས་བྱུང་། །ཆུ་བུར་མིག་ལ་ཡེ་ཤེས་ནི། །རང་སྣང་ཡིན་པར་སུས་མ་མཐོང་། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། རང་བཞིན་སྣང་བའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག །གཟུང་འཛིན་མེད་པས་འཁྲུལ་པ་ལོག །འགྱུ་བ་མེད་པས་ལས་རླུང་ལོག །ཟང་ཐལ་ཡིན་པས་དངོས་པོ་ལོག །གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྟོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་བསྒོམ་པ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་མ་མྱོང་བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློས་བརྟགས་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡིན་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་ཕྲད་པས་སྤྲུལ་སྐུར་བྱུང་། །རྟོགས་སུ་ཡོད་པས་ཐབས་སུ་བྱུང་། །བསམ་དངས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །ཞེས་པ་དང་། ཡང་། ས་དང་ཕྱོགས་དང་རིས་ལས་འདས། །ཡོད་དང་མེད་དང་ལྟར་སྣང་མེད། །སྒྲ་ཚད་རྣམས་ཀྱི་སྤྱོད་ཡུལ་མིན། །གཅིག་དང་གཉིས་དང་ | ||
<span | [p. 215] བགྲང་ཡུལ་མེད། །སྟོང་པ་ཆེན་པོར་བབས་ཀྱིས་གྲུབ། །ལུང་དང་རིགས་པའི་སྤྱོད་ཡུལ་མིན། །རྒྱུད་དང་མན་ངག་གིས་མི་མཚོན། །ལྟ་དང་སྒོམ་དང་སྤྱོད་པས་ནི། །དེ་ཡི་དོན་རྣམས་ཤེས་མི་འགྱུར། །དེ་དོན་འབྲས་བུར་གྲུབ་པ་མེད། །ཆོས་ཀྱིས་དེ་ཉིད་བསྒྲིབས་པར་འགྱུར། །བསམས་པས་འགྲུབ་པ་མ་ཡིན་ཏེ། །ཤེས་རབ་ཀྱིས་ཀྱང་དཔྱད་དུ་མེད། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་ཡིས། །དེ་ཉིད་གནོད་དང་ཕན་འབྲས་བྲལ། །ཐོས་དང་བསམ་དང་སྒོམ་པས་ནི། །མཆོག་ཏུ་བརྟགས་ཀྱང་དེ་མི་མཐོང་། །དེ་ལ་དཀྱིལ་འཁོར་ཡོད་པ་མིན། །ལྷ་མེད་བསྐྱེད་པའི་ས་བོན་མེད། །སྔགས་དང་ཕྱག་རྒྱས་ཅི་ཞིག་བྱ། །མཆོད་པ་ལ་སོགས་སྤྲོ་མི་དགོས། །དབང་དང་དམ་ཚིག་ག་ལ་ཡོད། །བསྙེན་པ་དང་ནི་སྒྲུབ་པ་མེད། །འཁོར་ལོ་སྤྲོ་བ་ཡོད་པ་མིན། །བསྲུང་བ་མེད་ཅིང་བསྲུང་ཡུལ་མེད། །གདོན་དང་གནོད་པའི་ཡུལ་ལས་འདས། །ཞེས་པ་དང་། རང་ཤར་ལས། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་དང་སྒོམ་དང་སྤྱོད་མེད། །འོན་ཀྱང་ལེགས་བསྟན་ཡིད་ལ་ཟུང་། །བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །བྱ་བ་དང་ནི་བྱེད་པ་ག་ལ་ཡོད། །སྤྱོད་པ་མེད་པའི་ཆོས་ཉིད་རང་བྱུང་འདི། །གང་གི་ཕྱོགས་སུ་མ་ལྷུང་ནམ་མཁའ་བཞིན། །ཡོད་པ་མ་ཡིན་སྟོང་པ་གཅིག་པུ་ཉིད། །མེད་པ་མ་ཡིན་ཡང་དག་བདེ་བའི་སྐུ། །བྱས་པ་མ་ཡིན་རང་བྱུང་རྟོག་མེད་ཉིད། །རྫོགས་ | ||
<span | [p. 216] ཆེན་ཨ་ཏི་ཡོ་ག་ལ། །བསྒོམ་པའི་ཆོས་ཉིད་ག་ལ་ཡོད། །བཏང་དང་བཞག་པ་མེད་པའི་ཆོས། །བསྒོམས་དང་མ་བསྒོམས་མཐའ་ལས་གྲོལ། །འཛིན་མེད་སེམས་ཀྱི་དྲི་མ་ཅི། །ཡང་དག་རིག་པ་དྲི་མ་མེད། །དྲི་མེད་དག་པའི་ཆོས་སྐུ་ལ། །བསྒོམ་དང་བསྒོམ་པར་བྱ་བ་མེད། །བསྒོམས་པས་ཡང་དག་ཉིད་མི་རྙེད། །རྙེད་ན་རང་རིག་མེད་པར་འགྱུར། །ཅི་ཕྱིར་རང་རིག་ཡེ་ཤེས་ལ། །ཡེངས་དང་མ་ཡེངས་མེད་པའི་ཕྱིར། །གང་ལ་འཛིན་པ་ཡོད་པ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །ཅེས་པ་དང་། ཡང་། དེ་ཡང་ཆོས་རྣམས་འདི་ལྟ་སྟེ། །སྐྱེ་བ་མེད་པས་འགག་པ་མེད། །འཛིན་པ་མེད་པས་རང་སར་གྲོལ། །དམིགས་པ་མེད་པས་སྤྲོས་པ་མེད། །བྱས་པས་མ་བྱུང་ཀུན་ལ་ཡོད། །འདུས་མ་བྱས་པས་རྣམ་དག་དབྱིངས། །འཛིན་པའི་ཐ་སྙད་ཆོས་དང་བྲལ། །རང་བཞིན་མེད་པས་བརྗོད་དང་བྲལ། །ཅེས་པ་དང་། ནོར་བུ་འཕྲ་བཀོད་ལས། ཧ་ཧ། ཆོས་མེད་པ་ལས་ཆོས་ཉིད་འབྱུང་། །ཡུལ་མེད་པ་ལས་ཡུལ་ལྟར་སྣང་། །ཆོས་མེད་ཤེས་རབ་ཁོང་གསལ་བས། །དྲན་མེད་ཡུལ་དུ་མེད་པའོ། །ཞེས་པ་དང་། སེང་གེ་རྩལ་རྫོགས་ལས། འཛིན་ཆགས་མེད་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་མཆོག །སོ་སོར་རྟོག་དང་མཚན་མ་ཚིག་གི་ལམ། །བྱ་རྩོལ་མེད་པའི་ཆོས་ཉིད་རང་སར་དག །འུབ་ཆུབ་ཏིང་འཛིན་ཆོས་ཉིད་ཡུལ་ལ་འཇུག །དག་དང་མ་དག་ཐ་སྙད་ཆོས་སུ་མེད། །གཅིག་དང་གཉིས་ལས་ | ||
<span | [p. 217] འདས་པའི་ཡེ་གནས་དོན། །རང་ལུས་ངང་དུ་ཐིག་ལེ་གཅིག་གིས་འུབ། །ཅེས་པ་དང་། ཀློང་དྲུག་པ་ལས། མཐའ་མེད་དབུས་སུ་དམིགས་པ་མེད། །བསམ་པ་མེད་ཅིང་ཡུལ་རྣམས་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་མིན། །ཆོས་མེད་བཏགས་པ་ཀུན་ལས་འདས། །དགྲ་མེད་བཤེས་ཀྱང་ཡོད་པ་མིན། །ལུས་མེད་དབང་པོར་སྣང་བ་མེད། །ཆོས་ནི་བསམས་པས་མི་སྣང་སྟེ། །གང་མེད་གང་དུ་འཛིན་པ་མེད། །ང་མེད་ང་ཡི་འཁོར་ཀྱང་མེད། །དབྱིངས་མེད་རིག་པའི་སྐུ་ཡང་མེད། །དགེ་མེད་སྡིག་པའི་རྣམ་སྨིན་མེད། །སྲོག་མེད་བཅད་པའི་དམིགས་པ་མེད། །ཚོགས་མེད་བསགས་པའི་ཡུལ་ཡང་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །གནས་མེད་སྟོང་པ་ཉིད་ཀྱང་མེད། །ཅེས་པ་དང་། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། བྱང་ཆུབ་སྙིང་པོ་གོལ་སྒྲིབ་མེད་པ་ལ། །གོལ་དང་སྒྲིབ་པར་འཛིན་པར་ག་ལ་ཡོད། །གོལ་མེད་སྒྲིབ་པ་ཐམས་ཅད་ཡོངས་ཀྱིས་མེད། །ཆོས་ཀྱི་སྐུ་ནི་སྒྲིབ་དང་བྲལ་བ་ལ། །གོལ་སྒྲིབ་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཆོས་སྐུ་མ་སྐྱེས་རང་ལས་བྱུང་བ་ལ། །གཞན་ནས་འོད་དུ་རེ་བ་ཡོད་རེ་འཁྲུལ། །སྐྱེ་མེད་བསམ་དང་བྲལ་བའི་རིག་པ་ལ། །ཚིག་དང་ཡི་གེར་བསྟན་པའོ་རེ་བརྒྱལ། །ཅེས་པ་དང་། ཡི་གེ་མེད་པ་ལས། བྱས་པ་མ་ཡིན་བྱེད་མཁན་ག་ལ་ཡོད། །བཅོས་པ་མ་ཡིན་བཅོས་པའི་བདག་པོ་མེད། །ལྟ་བ་མ་ཡིན་ལྟ་བྱེད་ཆོས་དང་བྲལ། །མཐོང་བ་མ་ཡིན་མཐོང་ | ||
<span | [p. 218] བྱེད་རྣམ་པར་གསལ། །སྣང་བྱེད་མ་ཡིན་སྣང་བའི་ཕྱོགས་དང་བྲལ། །བྲི་བ་མ་ཡིན་ཐོགས་མེད་ཕྱོགས་བཅུར་ཁྱབ། །རྩོལ་བ་མ་ཡིན་རྩོལ་སྒྲུབ་ཆོས་དང་བྲལ། །གཅིག་པུ་མ་ཡིན་དུ་མའི་ཆོས་དང་བྲལ། །ཕྱི་དང་ནད་མེད་ཕྱི་ནང་མེད་པར་གསལ། །ཅེས་པ་དང་། ཐུན་མོང་གི་གསང་བ་སྒྱུ་འཕྲུལ་ལས་ཀྱང་། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་པས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོ་ས། །རྫོགས་པའི་སངས་རྒྱསཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་ཙམ་ཉིད་ནས་གནས་པ་མེད། །ཨེ་མ་ངོ་མཚར་སྨད་ཀྱི་ཆོས། །རྫོགས་པའི་སད་སངས་རྒྱས་ཀུན་གྱི་གསང། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ནས་འགྲོ་འོང་མེད། །ཅེས་པ་དང་། དཀོན་མཆོག་ཏ་ལ་ལའི་མདོ་ལས་ཀྱང་། དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པས་ན། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་པ་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་ཀྱང་། ནམ་ཞིག་འཇིག་རྟེན་ཁམས་འདི་བྱུང་བ་དང་། །བྱུང་ནས་ཞིག་སྟེ་སྟོང་པར་གནས་པ་ན། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང་། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། མ་རིག་ནམ་མཁའ་ | ||
<span | [p. 219] ཇི་བཞིན་ཏེ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །རྟེན་མེད་གནས་མེད་ལེན་པ་མེད། །སྤྲུལ་འདྲར་ཡོངས་སུ་ཤེས་པར་གྱིས། །ཞེས་པ་དང་། གསང་འདུས་ལས། དངོས་པོ་འདི་རྣམས་མ་སྐྱེས་པ། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུར་བདག་མེད་པའི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་རྒྱ་ཆེར་གསུངས་སོ། །གཉིས་པ་འཆིང་གྲོལ་གཉིས་སུ་མེད་པའི་རང་སེམས་སྟོང་པ་རྩ་བྲལ་ཆེན་པོར་ཐག་བཅད་པ་ལ་གཉིས་ཏེ། བྱུང་གནས་འགྲོ་གསུམ་གྱིས་བརྟགས་པས་སྤྱིར་བསྟན་པ་དང་། གཅིག་དང་ཐ་དད་ལ་བརྟགས་པས་བྱེ་བྲག་ཏུ་ངེས་པར་བྱ་བའོ། །དང་པོ་ནི། གཤིས་མཐའ་གྲོལ་ནམ་མཁའ་ལྟ་བུ་ཡིན་མོད་ཀྱི། རང་གིས་ནང་དུ་མ་བརྟགས་ན་ཡིན་སྙམ་ཡིད་དཔྱོད་ལ་ལུས་པས་སྟོང་བསྒོམ་མུན་རྡོ་ལྟར་སོང་ནས། ཟང་ཐལ་རྗེན་པར་མི་རྟོགས་པས་འཁོར་འདས་ཀྱི་ཤན་ཐང་མི་ཕྱེད་པའི་ཕྱིར། རྟོགས་པ་ངེས་ཤེས་སུ་འཆར་བ་ལ་སོ་སོར་རྟོག་པའི་ཤེས་རབ་དགོས་ཏེ། ཡི་གེ་མེད་པ་ལས། རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང་། ཆོས་ཀྱི་སྐུ་མན་ངག་ལ་ཐུག་ཅེས་གསུངས་པས། འདིར་བླ་མའི་མན་ངག་གིས་རྟོགས་པར་བྱ་བ་ལ་གསུམ་སྟེ། བྱུང་ས་བྱུང་མཁན་ལ་བརྟག་པ། གནས་ས་གནས་མཁན་ལ་བརྟག་པ། འགྲོ་ས་འགྲོ་མཁན་ལ་བརྟག་པའོ། །དང་པོ་ལ་གཉིས་ལས། བྱུང་ས་ཕྱི་སྣ་ཚོགས་ཡུལ་དུ་སྣང་བ་དང་། ནང་ཕུང་པོ་གཟུགས་སུ་སྣང་བ་སྟེ། སེམས་དེ་གཉིས་ | ||
<span | [p. 220] གང་རུང་ལ་འཆར་དུས། ཕྱི་རུ་ཤར་ན་ཕྱིའི་ཡུལ། ནང་དུ་ཤར་ན་ནང་གི་ལུས། ཚལ་པ་ཚལ་བར་ཕྱེ་ལ་རྡུལ་ཕྲན་ཆ་མེད་དུ་བརྟགས་པས། བྱུང་སའི་སྣང་ཡུལ་མེད་པར་མཐོང་དུས་དེ་ལས་སེམས་མ་བྱུང་བར་ངོ་ཤེས་པས་གཟུང་བ་ཡུལ་དུ་འཛིན་པའི་རྟོག་པ་གཞི་མེད་རྩ་བྲལ་ཆེན་པོར་ཐག་ཆོད། བྱུང་མཁན་ཤར་ར་འོ་ལ་ལའི་སེམས་དང་སེམས་བྱུང་ཁོ་རང་ལས་ཁོ་རང་བྱུང་ན་སྐད་ཅིག་གི་ཤེས་པ་རྫས་གཉིས་སུ་འགྱུར་ལ། ཁོ་རང་ལས་གཞན་ལས་མ་བྱུང་བར་དཔྱད་ཟིན་པས། ད་བྱུང་ས་དེ་རང་བྱུང་དུ་བྱུང་ངམ་སྙམ་ན། ཁ་དོག་དང་། དབྱིབས་དང་། རྟགས་དང་། མཚན་མ་དང་། ཆེ་ཆུང་དང་། ཕྱོགས་ཆ་ལ་སོགས་པ་ཅི་འདུག་བརྟགས་པས་གང་དུའང་མི་འདུག་སྟེ། བློས་བརྟགས་པ་ཙམ་གཞི་མེད་ཧར་སངས་ཡེ་དག་ཏུ་སོང་དུས། ནང་འཛིན་པའི་རྟོག་པ་གཞི་མེ་ནམ་མཁའ་ལྟ་བུར་རང་གིས་རྟོགས་པས། ཆོས་དང་ཆོས་ཉིད་དུ་སྣང་བའི་གཟུང་འཛིན་ཐམས་ཅད་ཡུལ་མེད་རྟེན་བྲལ་ཆེན་པོར་དུས་དེའི་ཚེ་རྟོགས་པས། སེམས་དང་ཕོ་སྐྱེ་བ་མེད་པར་ཡེ་ནས་འདུག་པ་ལ་དེ་རིང་རྟོགས་པས་ཆོས་སྐུ་སྤྲོས་བྲལ་ཆེན་པོའི་དོན་ཁོང་དུ་ཆུད་པའོ། །གཉིས་པ་བར་དུ་གནས་ས་དང་གནས་མཁན། གསུམ་པ་ཐ་མར་འགྲོ་ས་དང་འགྲོ་མཁན་གཉིས་ཀྱང་དེ་ཁོ་ན་ལྟར་བཤིག་ནས་བརྟགས་པས། ལོངས་སྐུ་རང་གསལ་ཆེན་པོ་དང་། སྤྲུལ་སྐུ་རང་གྲོལ་རང་ཤར་གྱི་དགོངས་པ་ལ་རེག་སྟེ། ཕྱི་ནང་ཡུལ་མེད་རིག་པ་རྟེན་མེད། གཟུང་འཛིན་གཞི་མེད། དགོངས་པ་བར་མེད་མཉམ་པའི་དོན་ཁོང་ | ||
<span | [p. 221] དུ་ཆུད་ནས། མ་བསྒོམས་ཆུ་བོ་རྒྱུན་གྱི་བསམ་གཏན་རང་སངས་མཉམ་པ་ཆེན་པོར་ཁོང་ནས་འཆར་བ་ནི། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང་། །བར་དུ་གནས་ས་ཐ་མ་འགྲོ། །དེ་ལྟར་གསུམ་ལ་བརྟགས་དཔྱད་པས། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། །ཞེས་སོ། །དེའི་ཚེ་ཕྱི་ཡུལ་དུ་སྣང་བ་ཐམས་ཅད་མེད་ལ་སྣང་བ་གཞི་མེད་སང་སེང་། ནང་སེམས་སུ་རྟོག་པ་ཐམས་ཅད་ཤར་གྲོལ་རྗེས་མེད། སྣང་སེམས་འབྲེལ་མེད་ཟང་ཐལ་ཆེན་པོར་མཐོང་བས་ཆོས་ཐད་ཀྱི་དགོངས་པ་བློ་ཟད་ལ་ཤར་བ་ཞེས་བྱའོ། །འདི་དག་འཕགས་པ་དཀོན་མཆོག་བརྩེགས་པར་གསུངས་ཏེ། འོད་སྲུངས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་རྩོམ་པ། སེམས་དེ་ནི་ཕྱིན་ཡང་མི་དམིགས། ནང་ན་ཡང་མི་དམིགས། དེ་གཉིས་ཀའི་བར་ན་ཡང་མེད་ཅིང་མི་དམིགས་ཏེ། སྔོན་པོར་མ་ཡིན། སེར་པོར་མ་ཡིན་ཅེས་བྱ་བ་ལ་སོགས་པ་ནས། དེ་ལ་བརྩོན་འགྲུས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་སེམས་ཡོངས་སུ་ཚོལ་བའི་རྩོན་འགྲུས་སོ་ཞེས་པའི་བར་དུ་གསུངས་སོ། །གཉིས་པ་གཅིག་དང་ཐ་དད་ལ་བརྟགས་པ་ནི། སེམས་ཀྱི་ཁང་བུ་བཤིག་པའི་མན་ངག་སྟེ། དེ་ཡང་སེམས་ཞེས་བྱ་བ་འདི་ཡོད་ན་རྒྱུ་ཅི་ལས་བྱུང་བ་དང་། མེད་ན་འགྱུ་བ་དང་དྲན་ཤེས་ཀྱི་འཁོར་ལོ་འདི་ཅི་ཡིན་པ་དང་། དྲན་ཤེས་ཀྱི་རྣམ་པ་འདི་དག་རྐྱེན་གང་ལ་བརྟེན་ནས་བྱུང་བ་དང་། རྐྱེན་མེད་ན་དྲན་ཤེས་གློ་ | ||
<span | [p. 222] པུར་པ་འདི་དག་མི་རིགས་པ་དང་། གལ་ཏེ་སེམས་འདི་ལུས་དང་གཅིག་ཏུ་ཡོད་ན་ལུས་འཇིག་དུས་སེམས་ཀྱང་འཇིག་པར་འགྱུར་བ་དང་། མེད་ན་རྗེས་སུ་འགྲོ་ལྡོག་མ་ངེས་པས་ལུས་ཀྱི་ན་ཚ་སེམས་ཐོག་ཏུ་འོང་བ་དང་། སྐྱེ་བ་སྔ་ཕྱིའི་འཁོར་ལོ་འོང་བར་མི་རིགས་པ་དང་། སེམས་ཞེས་བྱ་བ་འདིར་གཅིག་ན་ནི་འགྲོ་བ་གཅིག་གི་དབང་པོ་འགགས་པས་འགྲོ་བ་གཞན་ཡང་འཆི་བར་རིགས་པ་དང་། གཅིག་མིན་ན་འགྲོ་བའི་གཟུགས་ཐ་དད་པ་ལྟར་འགྲོ་བའི་སེམས་དངོས་པོ་ཐ་དད་པར་རིགས་པ་དང་ཐ་དད་ན་ལུས་གཅིག་གི་ནང་ན་སྲིན་བུ་ལ་སོགས་པའི་སྲོག་ཆགས་དེ་ཀུན། སྐྱེས་བུ་གཅིག་ཚོའི་དུས་བྱས་དུས་འཚོ་བར་རིགས་པ་དང་། གལ་ཏེ་གཅིག་ཡིན་ན་ལུས་གཅིག་ལ་ཕྱི་ནང་གི་སེམས་ཅན་དཔག་ཏུ་མེད་པ་འོང་བ་འདི་ཅི་ཡིན་ཐ་དད། གལ་ཏེ་སེམས་འདི་ལ་ལྡོག་ཡོད་ན། དང་པོ་རྒྱུ་ཡོད་དགོས་པས། རྒྱུ་ཡོད་ན་འདུས་བྱས་མི་རྟག་པས་སླར་འཇིག་པས་ལས་ལ་བཟང་ངན་མེད་པར་རིགས་པ་དང་། ལྡོག་པ་མེད་ན་ནི་སེམས་ཅན་གྱི་ཕུང་པོ་དཔག་ཏུ་མེད་པ་འདི་དག་འོང་བར་མི་རིགས་པ་དང་། སེམས་དེ་སྣ་ཚོགས་པ་ཡིན་ན་ནི་འགྲོ་བ་ལ་རང་གཞན་གྱི་རྟོག་པ་ཐང་ཅིག་ཏུ་འོང་བར་མི་རིགས་པ་དང་། ཕན་ཚུན་འཆོལ་བས། རང་རྒྱལ་དང་། མ་ཤི་བ་དང་། སྡུག་བསྔལ་མེད་པ་དང་། འཁོར་དང་ལོངས་སྤྱོད་ལ་སོགས་པ་ལྡན་ན་དགའ་བ་དང་། གཞན་ཕམ་པ་ལ་སོགས་པ་ཀུན་འདུ་ཤེས་མཐུན་པར་འོང་བ་མི་རིགས་པ་དང་། གལ་ཏེ་ཐ་དད་པ་ཡིན་ན་ནི། | ||
<span | [p. 223] འགྲོ་བ་མང་པོ་ཡོད་པས། འགའ་ཞིག་ལ་གཞན་དང་མཐུན་པར་རང་འཕམ་པར་དགའ་བ་ལ་སོགས་པ་འོང་བར་རིགས་པ་དང་། གཅིག་ཁོ་ནར་སེམས་པ་ཡིན་ན་ནི་གཅིག་ཤི་བས་ཀུན་ཤི་བའམ། གཅིག་སྐྱེས་པས་ཀུན་སྐྱེ་བར་རིགས་པའམ། དེ་ལྟར་རྣམ་པ་དུ་མའི་སྒོ་ནས་རང་གི་སེམས་ལ་གཅིག་དང་ཐ་དད་ཀྱི་རྒལ་བས་བརྟགས་ཏེ་བཙལ་བས། གང་ཡང་མ་རྙེད་པ་ནི་ཆོས་ཉིད་ཀ་ནས་དག་པའི་དོན་ཤེས་རབ་ཀྱི་དབང་པོས་རྟོགས་པ་སྟེ། སེམས་ལ་རྒྱུ་མེད་དེ་ལྡོག་མི་སྲིད་པས་ལས་ཀྱི་བསགས་པ་ལ་མཐའ་མེད་པར་ཡིད་ཆེས་པ་དང་། སེམས་ལ་རྒྱུ་ཡོད་ན་འབྲས་བུ་འོང་དགོས་ཏེ། འབྲས་བུ་འཁོར་བ་ཡིན་ན་མ་དག་པས་གྲོལ་མི་སྲིད། འདས་པ་ཡིན་ན་འཁོར་བ་འོང་བར་མི་རིགས། གཉིས་ཀ་ཡིན་ན། འཁོར་འདས་ཐ་དད་པ་ལྟར་སེམས་ཀྱང་ཐ་དད་པར་འགྱུར་ལ། གལ་ཏེ་ཐ་དད་ན། ལུས་སེམས་ཐ་དད་པ་བཞིན་དུ་དྲན་བསམ་གྱི་རིགས་གཅིག་ཏུ་འདུ་བའི་འདོད་པའང་ཐ་དད་དུ་མར་འགྱུར་བ་ལས། རིགས་གཅིག་ཏུ་འདུ་བས་ཤེས་སོ། །ཡང་སེམས་ལ་རྒྱུ་མེད་ན་སེམས་འདི་དག་མི་རིགས་སོ་ཞེ་ན། འདི་དག་ནི་སེམས་ཀྱི་རྒྱུ་ལས་བྱུང་བ་མེད་དེ་བློ་མ་ཡིན་པས། སེམས་ལས་བྱུང་བ་མ་ཡིན་ན་སེམས་འདི་ཉིད་དུ་གནས་པ་ཙམ་ལ་མ་རྟོགས་པ་མེད་དེ། འདི་དག་ནི་སྐྱེ་བ་དང་། འཆི་བ་དང་། གནས་པ་ལ་སོགས་པ་ཟད་པ་ཡང་མ་ཡིན་ལ། འཕེལ་བ་ཡང་མ་ཡིན་པས་ན། ལུང་ལས། མ་རིག་འཁྲུལ་འཁོར་འདི་ལ་ཟད་ | ||
<span | [p. 224] མེད་འཕེལ་བ་མེད། །ཅེས་པ་དང་། ཡང་། སེམས་ཅན་ཁམས་ཀྱི་རང་བཞིན་དེ་ཡང་ཕ་མཐའ་མེད། །ཅེས་གསུངས་པས་སོ། །དེ་ལྟར་རྒྱུ་མེད་པས་སེམས་ལ་འཕེལ་བ་མེད་པར་ཤེས། འཕེལ་བ་མེད་པས་སྐྱེ་བ་མེད་པར་ཤེས། སྐྱེ་བ་མེད་པས་འཆི་བ་མེད་པར་ཤེས། དེ་ཤེས་པས་ལས་ལ་བཟང་ངན་མེད་པར་ཤེས་ཏེ། སྡུད་པ་ལས། ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། །ཞེས་སོ། །དེ་ལྟར་ཡེ་གདོད་མ་ནས་རང་དག་མེད་པར་ཤེས་པས་ན། གཟོད་ནས་དག་པས་སེམས་ཅན་སྐྱེ་བར་ག་ལ་འགྱུར། །ཅེས་འབྱུང་བ་ཡིན་ནོ། །དེ་ཡང་སེམས་ལ་རྐྱེན་མེད་པ་སྟེ། ཡོད་ན་སྣང་བ་སྣ་ཚོགས་སུ་སྣང་བ་བཞིན་དུ་སེམས་ཀྱང་རྐྱེན་གྱིས་ཁ་དོག་ལ་སོགས་པ་སྣ་ཚོགས་སུ་འགྱུར་ལ། སེམས་ཐ་དད་དུ་སོང་བས་དྲན་པས་མ་གཅིག་ཏུ་མི་རིགས་ལ། སེམས་ལ་རྐྱེན་ཡོད་ན་གཏན་འཇིག་པར་འགྱུར་བས། སེམས་ཀྱི་ལས་འབྲས་མེད་པར་ཐལ་བ་དང་། སེམས་ཞིག་ཀྱང་དེའི་ལས་ཡོད་ན། ཧ་ཅང་འགལ་ཏེ། ལུས་ཀྱི་ཁ་དོག་དང་སྐྱེ་མཆེད་ལེགས་ཉེས་ཀུན་ལས་ཞིག་ཀྱང་གནས་སོ་ཞེས་བརྗོད་པ་དང་མཚུངས་སོ། །དེས་ན་སྒྱུ་མ་ལྟར་གནས་པ་ཙམ་གྱིས་གསལ་ལོ། །རྐྱེན་མེད་ན་ད་ལྟ་དྲན་པས་མ་སྒྲ་ཚོགས་པ་འདི་ཅི་ལས་བྱུང་ཞེ་ན། ད་ལྟའི་དྲན་པས་མ་འདི་རྐྱེན་ལས་བྱུང་བ་མ་ཡིན་ཏེ། གློ་བུར་བ་མ་དང་གི་རྨི་ལམ་གྱི་ནོར་བུ་རྙེད་པ་ལ་དགའ་བ་དང་བདེན་པར་འཛིན་པ་ལས། སད་དུས་ཅི་ཡང་མེད་པ་ལྟར། ད་ལྟའི་དྲན་པས་མ་ཡང་བདེན་པར་བཟུང་ནས་ཞེ་ན་རུང་དེའི་རྗེས་ལ་ཅི་ | ||
<span | [p. 225] ཡང་མེད་པས་གནས་སྐབས་ཀྱི་བདེན་བརྫུན་ལྟར་སྣང་བ་ལས་གྲུབ་པ་མེད་དོ། །དཔེར་ན་ནམ་མཁའི་སྤྲིན་སྣ་ཚོགས་གློ་བུར་དུ་འཁྲིགས་པ་དེ་གར་སོང་ཆ་མེད་གློ་བུར་དུ་ཡལ་བ་དང་འདྲ་བར། སྤྲིན་དེ་ནམ་མཁའ་ལ་མེད་ཀྱང་དེའི་ངང་ན་སྣང་བ་ལྟར། རྐྱེན་དང་རྒྱུ་སེམས་ལ་མེད་ཀྱང་སྣང་སྣང་འདྲ་དུས་རྒྱུ་རྐྱེན་མེད་དེ་གཅིག་དང་དུ་མ་དང་དུས་གསུམ་གྱི་བརྟགས་པས་མེད་པར་ངེས་ཏེ། རྩ་བ་ཤེས་རབ་ལས། ས་བོན་ཞིག་དང་མ་ཞིག་ལས། །མྱུ་གུ་སྤྱི་བམ་ཡིན་ཏེ། །ཁྱོད་ཀྱིས་ཆོས་རྣམས་ཐམས་ཅད་ནི། །སྒྱུ་མ་འབྱུང་བ་བཞིན་དུ་བསྟན། །ཅེས་པ་དང་། རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཅེས་པས་སོ། །ཀུན་བྱེད་ལས་ཀྱང་། རྒྱུ་དང་རྐྱེན་མེད་ཞི་བ་མཆོག་གི་ལམ། །ཞེས་པ་ལ་སོགས་པ་བཤད་དོ། །དེའི་ཕྱིར་སེམས་ཡོད་ན། །དངོས་པོ་གཟུགས་ཅན་དུ་ཡོད་དམ། གཟུགས་མེད་དུ་ཡོད། གཟུགས་ཅན་དུ་མེད་དེ་ཡོད་ན་དབང་པོའི་མངོན་སུམ་ལ་བལྟར་རུང་བ་ལས་བྱ་ལྟར་རུང་མ་དམིགས་པའི་མངོན་སུམ་ཚད་མས་གསལ་ལོ། །གཟུགས་མེད་དུ་ཡོད་ན་ཅིས་ཤེས། འགྲུབ་ཤེས་སོ་ཞེ་ན། འགྲུབ་དེ་ཁ་དོག་དང་ཕྱོགས་ཆ་དང་། འདས་མ་འོངས་ད་ལྟ་གསུམ་ཕྲད་པ་བརྟགས་པས་མ་གྲུབ་སྟེ། འགྲུབ་སྔ་མ་དང་ད་ལྟའི་འགྲུབ་ཕྲད་ན་ཕྲད་ཚེའི་དྲན་བསམ་སྔ་མ་དེ་ད་ལྟ་མ་འགགས་པར་ཡོད་དགོས་ལ། ཡོད་ན་སྔ་མ་ཡིན་པར་འགལ་ཞིང་། ད་ལྟའི་སྔ་མ་དང་ཕྲད་ཆ་དེ་འགགས་པར་ཐལ་ཞིང་མ་ཕྲད་ན་ད་ལྟའི་དྲན་བསམ་རྒྱུ་མེད་འགྲུབ་པར་མི་རིགས་པར་ཐལ་བས་ | ||
<span | [p. 226] ཁེགས་སོ། །འགྱུ་བ་ནི་གཅིག་ཡིན་ནམ་ཐ་དད་ཡིན། གཅིག་ན་སྣ་ཚོགས་པར་འགྱུ་བ་ཉམས་ལ། ཐ་དད་ན་འགྱུ་བྱེད་གཅིག་ཡིན་པ་ཉམས་སོ། །དེས་ན་སེམས་ཡོད་པར་མ་གྲུབ་སྟེ། རྩ་བྲལ་ནམ་མཁའ་འདྲ་བར་རྟོགས་པས། སྐྱེ་བ་དང་སྐྱེ་གཞི་མེད་པས་ལྡོག་པའི་ས་མེད་དོ། །ནམ་མེད་ན་དྲན་པས་མ་སྔ་ཕྱིའི་བར་དུ་ངོ་སྤྲད་པས་དེར་ཡལ་བས་སེམས་ལ་གཞི་མེད་པར་ངོ་ཤེས། དེ་ཤེས་པས་ལྡོག་ས་མེད་པར་ཡིད་ཆེས། དེ་ཤེས་པས་ཁམས་གསུམ་མིང་མེད་ཆེན་པོར་ཐག་ཆོད། དེ་ཆོད་པས་ལས་དགེ་སྡིག་གི་ཕན་གནོད་མེད་པར་བློ་བདེ་བའོ། །ཡང་སྣང་ཤེས་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་རྒྱུ་དང་མཚན་ཉིད་དུ་མ་གྲུབ་པར་ངོ་ཤེས། དེ་ཤེས་པས་སེམས་ཉིད་སྟོང་པ་ལ་ངོས་གཟུང་མེད་པར་ཡིད་ཆེས། དེ་ཆེས་པས་སེམས་ཞེས་རྒྱུ་རྐྱེན་ལས་མ་བྱུང་བར་ཐག་ཆོད། དེ་ཆོད་པས་དྲན་པས་མ་བློ་བུར་གྱི་རྟོག་པས་ཕན་གནོད་མེད་པར་བློ་བདེ་བའོ། །ཡང་བློ་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་རྩ་བ་མེད་པར་ངོ་ཤེས། དེ་ཤེས་པས་སེམས་ཉིད་གཅིག་གི་འཁོར་ལོ་ལ་སྤྲོས་པ་ཐ་དད་མེད་པར་ཡིད་ཆེས། དེ་ཆེས་པས་བྱས་པའི་ཆོས་ཀྱིས་སངས་མི་རྒྱ་བར་ཐག་ཆོད། དེ་ཆོད་པས་སེམས་མེད་པའི་དོན་ལས་མ་རྟོགས་པའི་ཆོས་ལོགས་པ་མེད་པས་བློ་བདེ་བའོ། །ཡང་ཆོས་ཉིད་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་སྐྱེ་བ་མེད་པར་ངོ་ཤེས། དེ་ཤེས་པས་བག་ཆགས་ལུས་ཀྱི་ཀུན་གཞིས་མི་གནོད་པར་ཡིད་ཆེས། དེ་ཆེས་པས་ད་སེམས་སྐྱེ་མི་སྲིད་པར་ | ||
<span | [p. 227] ༄༅། །ཐག་ཆོད། དེ་ཚོད་བས་དེ་སེམས་ཀྱི་ཁང་བུ་ཞིག་སྟེ་ལྡོག་པ་དང་ལྡོག་རྟེན་མེད་པར་བློ་བདེ་བའོ། །དེ་ལྟར་སེམས་ཡས་པའི་དུས་བཞི་པོའི་ཚད་ཟིན་པས། སངས་རྒྱས་མེད་པས་སངས་རྒྱས་མིང་ཙམ་དུ་ཡང་ མེད་དེ། འབྲས་བུ་ལ་རེ་བར་འཛིན་པའི་བློ་ལྡོག །དེ་ལོག་པས་ལམ་འབད་རྩོལ་དུ་བྱེད་པའི་ཆོས་མེད་དོ། །དེས་ན་མེད་པའི་ཆོས་ལ་ཅི་ཡང་མེད་པས་འཁོར་འདས་སུ་བཏགས་པ་མིང་ཙམ་ལས་དོན་ལ་མ་རྙེད་པ་ལ་གྲོལ་བའི་ ཚད་ཅེས་བྱའོ། །དེའི་ཕྱིར་ན་སེམས་ཉིད་མེད་པ་ལ་ཅི་ཡང་མེད་པས། སེམས་ལ་རྒྱུ་མཚན་མེད་པས་བལྟར་མེད་ལ། དེ་ལྟར་མེད་པའི་ངོ་སྤྲད་པ་བཞི་བསྐོར་ལ། ཆོས་ཚན་བཅུ་དྲུག་ཏུ་རིག་པ་ནི། སེམས་ཀྱི་ཁང་བུ་བཤིག་པ་སྟེ། དཔེར་ན་བྱིས་པའི་ཁང་བུ་བརྩིགས་ཀྱི་ན་འཇིག་པ་དང་འདྲའོ། །དེ་ཡང་བྱ་བས་བྱ་བ་འཇིག་པ་ལྕགས་ཀྱིས་ལྕགས་འཇིག་པ་དང་འདྲ་ལ། མི་རྟག་པས་མི་རྟག་པ་འཇིག་པ་སྒྱུ་མའི་མིས་སྒྱུ་མའི་གྲོང་ཁྱེར་བཅོམ་པ་ལྟ་བུ་དང་། བྱས་ པས་མི་རྟག་པ་འཇིག་པ་རོལ་རོ་བརྩེགས་པ་ལྟ་བུ་དང་། མི་རྟག་པས་བྱས་པ་འཇིག་པ་རིག་པ་ད་ལྟར་བས་མ་རིག་པ་སྔ་མ་འཇིག་པ་ལྟ་བུའོ། །དེ་ལྟར་ན་སེམས་ཀྱིས་སེམས་བཤིག་པས་གཉིས་ག་རྗེས་མེད་དུ་ཞིག་པ་རྩུལ་མི་ གེ་བྲིས་པ་ལྟ་བུ་དང་། མེད་པས་མེད་པ་བཙལ་ཡང་མི་རྙེད་པ་དབུལ་པོའི་ཁྱིམ་ན་ཡིད་བཞིན་གྱི་ནོར་བུ་མེད་པར་བཙལ་ཀྱང་རྙེད་པའི་གནས་མེད་པ་དང་འདྲ་བར། སེམས་མེད་པ་ལ་གཞིག་པའི་གནས་མེད་པ་ནི། དཔེར་ན་ | ||
<span | [p. 228] གྲུ་རྡིབ་པའི་ཚེ་ཆུ་ལ་འཛིན་པའི་གནས་མེད་པ་དང་འདྲའོ། །དེའི་ཕྱིར་ན་སེམས་མེད་པའི་དོན་མ་ཤེས་པར། ལྟ་སྒོམ་སྤྱོད་པ་སེམས་ལ་འཚོལ་བ་ནི། བདེ་ཆེན་ཐར་པའི་བསྟན་བ་རྙེད་དུས་མེད་དེ། གྲུ་རྡིབ་པས་ཆུ་ལ་འཇུས་པ་ལྟར། སེམས་མེད་པ་ལ་ཡོད་པར་རྟེན་བཅས་པ་དེ་ཉིད་ཀྱིས་སླུ་ཞིང་འཆིང་བར་ངེས་སོ། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས་ཀྱང་། སྣང་བ་ཆོས་སྐུར་འདོད་པ་ང་ལ་སྒྲིབ་པ་ཡིན། །ཅིར་སྣང་སེམས་སུ་འདོད་པ་ང་ལ་སྒྲིབ་པ་ཡི། །རང་བྱུང་གཞན་ནས་འདོད་པ་ང་ལ་སྒྲིབ་པ་ཡི་། །ཅེས་སོ། །འོ་ན་སེམས་ཡལ་ཞེས་ཡོད་པ་དེ་མེད་པར་སོང་བ་མ་ཡིན་ནམ་ཞེ་ན། ཡལ་བ་ནི་སྔར་བཞིན་དཔྱད་ན་མ་གྲུབ་པ་དང་། མ་དཔྱད་ནའང་གློ་བུར་གྱི་དྲན་བསམ་གྱི་རྟོག་པ་ཡལ་བ་ལས། སེམས་རང་རྒྱུད་པ་ཡོད་ནས་མེད་པར་སོང་བ་མེད་དེ། ཡལ་རྒྱུ་དང་ཡལ་རྐྱེན་གང་དུ་ཡང་མེད་དོ། །འོ་ན་སེམས་ཀྱི་ཁང་བུ་བཤིག་པ་ལ་དགོས་པ་མེད་དེ་བཤིག་རྒྱུ་མེད་པའི་ཕྱིར་རོ་ཞེ་ན། སེམས་ཡེ་ནས་མེད་པ་ལ། མེད་པའི་གནས་ལུགས་རྟོགས་པར་བྱེད་པ་ཙམ་ལས། སེམས་ཀྱི་ཁང་བུའི་གཞི་འམ་དངོས་པོ་ཡོད་པ་ནི་མིན་ཏེ། དྲན་པའི་ཁུངས་ཆོས་ཉིད་དུ་སོང་བས། མེད་པ་གོ་བར་བྱས་པ་ལ། ཁང་བུ་བཤིག་ཅེས་ཐ་སྙད་དུ་བྱས་ཏེ། ཡོད་པ་བཤིག་པ་ནི་གང་ཡང་མེད་དོ། །དེའི་ཕྱིར་ན་ཐ་སྙད་ཀྱི་འབྲས་བུ་ཞེས་སྣང་བ་ཡུལ་གྱི་གནད་གང་སྣང་གི་སྟེང་དུ་བཞག་པས། བེམས་པོའི་སྣང་བ་དེར་འཛིན་མེད་པས་ཡུལ་སེམས་གཉིས་མེད་ཀྱི་འབྲས་བུ་ | ||
<span | [p. 229] དང་། ཤེས་པ་གང་འགྱུས་ཀྱི་སྟེང་དུ་བཞག་པས། སེམས་ཀྱི་ཁང་བུ་རང་ཞིག་པས་འགྱུ་བ་རྟོག་སངས་ཀྱི་འབྲས་བུ་དང་། དེ་ལྟར་བེམས་རིག་གཉིས་མེད་ཟུང་འཇུག་ཡེ་ཤེས་ཀྱི་ཡལ་ས་ངོས་ཟིན་པས་མེད་པའི་འབྲས་བུའོ། །དེ་ལྟར་འབྲས་བུ་གསུམ་གྱི་དུས་ཀྱང་ཡལ་དུས་ངོ་སྤྲད་པའི་གནད་བཞི་ལ། མེད་པའི་ཆོས་བཅུ་དྲུག་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེའང་གསང་ཆེན་ངེས་པ་སྙིང་ཐིག་གི་ཁྲེགས་ཆོད་སེམས་ཡེ་མེད་རང་སངས། འགྱུ་བ་གློ་བུར་ཡེ་གྲོལ་དུ་ཤེས་པ་དང་། མན་ངག་གཞན་དག་སེམས་དོན་དམ་དུ་མེད། ཀུན་རྫོབ་ཏུ་ཡོད་པར་བརླམས་ནས། ལྟ་སྒོམ་སེམས་ལ་ལམ་བྱེད་གཉིས། རང་གྲོལ་རང་ཤར་རང་གཞག་ཙམ་དུ་མིང་མཐུན་པར། དོན་མི་མཐུན་ཏེ། འདིར་ཡེ་མེད་དུ་བྱེད་པ་དང་། གཞན་དུ་ཡོད་པ་མེད་པར་འདོད་པས་སོ། །ཟུང་འཇུག་ཀྱང་། གཞན་དུ་ཡོད་པ་གཉིས་གཅིག་ལ་གཅིག་འབྲེལ་གྱི་ཟུང་འཇུག་འདོད་པ་དང་། འདིར་ཡེ་མེད་པས་ཟུང་དུ་འཇུག་རྒྱུ་མེད་ལ། མེད་པའི་ངོ་བོ་ལ་ཐ་དད་རིས་སུ་མེད་པ་གཉིས་ཐ་མི་དད་པས་གཉིས་མེད་ཟུང་འཇུག་ཅེས་བྱའོ། །གནད་འདི་ནི་ཐེག་པ་ཀུན་ལས་རྩེ་མོར་གྱུར་པའི་གནད་ཁམ་ཡང་ཆེ་ལ་གལ་ཡང་ཆེ་བ་སྟེ། འདི་ལས་སྣང་བ་སེམས་སུ་མི་འདོད་པ་དང་། སེམས་ཡོད་མ་མྱོང་གཞི་སངས་ཆེན་པོར་བསྟན་པ་ཡིན་ནོ། །འདི་ལ་བརྟེན་ནས་སྣང་བ་སེམས་སུ་ངོ་སྤྲད་པ་དང་། སེམས་ཉིད་སྟོང་པར་ངོ་སྤྲད་པའི་མན་ངག་སྙིང་ཏིག་གི་དགོངས་པ་མ་ཡིན་པར་ཤེས་པར་བྱའོ། །མན་ངག་འགའ་ཞིག་ཏུ་དེ་ལྟར་ | ||
<span | [p. 230] བྱུང་སྲིད་ན་འོག་མ་དྲང་པ་ཙམ་ལས་ངེས་དོན་མ་ཡིན་པར་ཐག་པ་ཅད་དེ། །གསུམ་པ་ཡུལ་སྣང་བློའི་ཆེ་ལོང་དུ་ཤར་བས་ཚོགས་དྲུག་མཉམ་པ་ཆེན་པོར་ཁྱབ་གདལ་བ་ན། ཕྱི་སྣང་བ་སྣ་ཚོགས། ནང་དྲན་རྟོག་གློ་བུར། དབང་པོ་དྲུག་སྣང་ཡུལ་དང་མ་བྱས་པ་ཐམས་ཅད། མེད་པ་གསལ་སྣང་ཙམ་ལས། དོན་ལ་ཕྱི་ནང་གང་ན་ཡང་མེད་པར་རབ་རིབ་ཅན་གྱི་སྐྲ་ཤད་དང་། སྒྱུ་མ་དང་། མིག་འཕྲུལ་དང་། སྤྲུལ་པ་ལྟ་བུར་བློ་ལ་སྣང་ཡང་། སྣང་དུས་དེ་ཉིད་ནས་ཡོད་མེད་ཀྱི་མཐའ་ལས་འདས་པར་ཤེས་པར་བྱ་སྟེ། སྣང་བའི་ངོས་ནས་ཇི་ལྟར་བཏགས་ཀྱང་མི་འགལ། ཡིན་དུ་ཆུག །མིན་དུ་ཆུག །ཡོད་དུ་ཆུག །མེད་དུ་ཆུག །སྣང་དུ་ཆུག །སྟོང་དུ་ཆུག །འཁྲུལ་དུ་ཆུག །གྲོལ་དུ་ཆུག །བཟང་དུ་ཆུག །ངན་དུ་ཆུག །སེམས་སུ་ཆུག །གཞན་དུ་ཆུག །གང་ལྟར་བཏགས་ཀྱང་། སྟོང་པའི་ངོས་ནས་ཇི་ལྟར་བཏགས་པ་དེ་ཉིད་ཀྱིས་ཐོག་མར་སྟོང་སྟེ། བཏགས་པ་སེམས་ཡིན། སེམས་མེད་པ་ཡིན། མེད་པ་ལ་འདོགས་མཁན་མེད་པས་རྨི་ལམ་གྱི་བྱ་བྱེད་དང་སྒྱུ་མའི་བྱ་བྱེད་བཞིན་ནོ། །སྣང་བ་དང་འཆང་བ་དང་། དགེ་བ་དང་མི་དགེ་བ་ལ་སོགས་པ་དེ་ཉིད་གློ་བུར་པ། དེའི་ངོ་བོ་གཞི་མེད་རང་སངས། རིག་པའི་ཡེ་གདངས་ཆ་ལ་ཡོད་པས་ངོས་ཟིན་ན་དགོངས་པ་ཆོས་ཉིད་ཕྱོགས་ཡན་ལས་འཆུགས་ས་མེད་དེ། སྣང་སྲིད་འཁོར་འདས་ཀྱི་ཆོས་སོ་ཅོག་རིག་པའི་ངང་ན་མེད་པ་གསལ་སྣང་གི་སྣང་བ་ཆེན་པོར་རང་ཤར་རང་སྣང་བ་ནི། འབྱུང་བཞིའི་སྣང་བ་ནམ་མཁའི་ངང་ན་གནས་པའམ། རྨི་ལམ་ | ||
<span | [p. 231] སྣ་ཚོགས་གཉིད་དང་། གཉིད་རིག་པའི་ངང་ལས་མ་གཡོས་པ་བཞིན་ཏེ། ཐམས་ཅད་རིག་པའི་ངོ་ལ་རང་སྣང་ཡང་། རིག་པས་འཁྲུལ་སྣང་འཁོར་བ་མ་མཐོང་། དག་སྣང་འདས་པ་མ་མཐོང་། འཁོར་འདས་ཀྱིས་རིག་པ་མ་མཐོང་། ཐམས་ཅད་གཞི་མེད་མཉམ་པ་ཆེན་པོའི་ངང་ལས་གཡོས་པ་མེད་དེ། ངོ་བོར་མ་གྲུབ་པས་མཐོང་བ་དང་མཐོང་བྱེད་ལས་འདས་ལ། རིག་པའི་ངང་ནས་ཤར་བས་འཁོར་འདས་རིག་པའི་རང་གདངས་ས་མ་རོལ་པ་ཞེས་བཏགས་པ་ཙམ་སྟེ། ཡོད་མེད་མཐའ་གྲོལ་ཆེན་པོ། བཏགས་པ་མི་འགལ། དོན་ལ་མ་གྲུབ། མེད་པ་གསལ་སྣང་ཙམ་དུ་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཤར་བ་སྟེ། ཀློང་དྲུག་པ་ལས། དྲི་མ་མེད་པའི་སེམས་ཉིད་ལ། །ཡུལ་རྐྱེན་བྲལ་བའི་སྣང་བ་ནི། །རང་དག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་པ་དང་། ནོར་བུ་འཕྲ་བཀོད་ལས། ཅི་ཡང་མེད་པའི་དངོས་པོ་ནི། །གང་གི་ཕྱོགས་སུ་མ་ལྷུང་བ། །ཅིར་ཡང་འཁྲུལ་པའི་དངོས་པོ་ནི། །མཐུན་སྣང་ཙམ་དུ་སྣང་བར་ཟད། །འོན་ཀྱང་དེ་ཡི་དོན་མི་སྐྱེ། །ཆོས་དབྱིངས་རྒྱན་ལྟར་སྣང་བའོ། །ཞེས་པ་དང་། སྟོང་པའི་ཡེ་ཤེས་ཆེན་པོ་ནི། །ཅིར་ཡང་མེད་ལས་ཅིར་ཡང་འཁྲུལ། །ཅེས་པ་དང་། མུ་ཏིག །ཕྲེང་བ་ལས། དེ་ནི་ང་ཡིན་འགྲོ་བ་ཡིན། །སེམས་ཡིན་སེམས་ལས་བྱུང་བ་ཡིན། །དུ་མ་ཡིན་ལ་ཉག་གཅིག་ཡིན། །འཁོར་བ་མྱང་འདས་ང་རང་ཡིན། །དཀྱིལ་འཁོར་ལ་སོགས་རིམ་འཇུག་ཡིན། །ཆོས་ཡིན་ཆོས་སུ་སྣང་བ་ཡིན། ། | ||
<span | [p. 232] གནས་པ་ཡིན་ལ་འགྲོ་བ་ཡིན། །འདུག་དང་ཉལ་དང་འཆག་པ་ཡིན། །སྲོག་ཡིན་གཅོད་པ་ཉིད་ཀྱང་ཡིན། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །མདོར་ན་ཇི་ལྟར་སྣང་བ་ཡི། །ཆོས་ཀུན་དེ་ལས་བྱུང་བའོ། །ས་ཆུ་མེ་རླུང་ནམ་མཁའ་ཡི། །འབྱུང་བ་ཆེ་རྣམས་དེ་ལས་བྱུང་། །ཞེས་པ་ནས། དེ་ལྟར་གནས་པའི་ཆོས་ཉིད་ལ། །འཁྲུལ་པ་གདོད་ནས་མེད་པ་སྟེ། །ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །གློ་བུར་སེམས་ཅན་སྤྲིན་གྱིས་བསྒྲིབས། །མ་འཁྲུལ་གནས་པའི་ཆོས་ཉིད་ཀྱང་། །བློ་ལ་འཁྲུལ་པའི་ཚུལ་དུ་སྣང་། །ཞེས་པ་ནས། སེམས་ཅན་ཉོན་མོངས་ལྔ་ཉིད་ནི། །དོན་ལ་ཡོད་པ་མ་ཡིན་ཏེ། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །གློ་བུར་རྐྱེན་དང་བཅས་པ་ཉིད། །སྤྲིན་དེ་ནམ་མཁའ་ཉིད་ལས་བྱུང་། །དེ་བཞིན་ནམ་མཁར་ཐིམ་ཤེས་ནས། །དབྱེར་མེད་གཅིག་གི་ངང་ཞེས་བྱ། །དེ་བཞིན་ཉོན་མོངས་དྲི་མ་ཉིད། །རང་བྱུང་རང་ཞི་ཉིད་ཤེས་ན། །སེམས་ཅན་འཆིང་བར་ག་ལ་འགྱུར། །ཅེས་པ་དང་། སྣང་ཚུལ་མ་གྲུབ་པ་ལྟར་འཛིན་པར་སྣང་ཡང་གང་དུའང་མ་གྲུབ་པས། གཏད་མེད་ཆེན་པོར་བསྟན་པ་ཡང་། རིན་ཆེན་སྤུངས་པ་ལས། གནས་པ་མེད་པའི་སེམས་ཉིད་འདི། །འགྲོས་མེད་པ་ཡ་རེ་ཆ། །ཀུན་དུ་འཇུག་པའི་ཡིད་དྲུག་ལ། །བརྟེན་པའི་ས་མེད་ཡ་རེ་ཆ། །ཐམས་ཅད་སྡུད་པའི་ཀུན་གཞི་ལ། །བཞག་པའི་ས་མེད་ཡ་རེ་ཆ། འཁོར་ཞིང་འཁྲུལ་པའི་མ་རིག་ལ། །འགྱུར་བའི་དབང་མེད་ཡ་རེ་ཆ། །ཐམས་ཅན་ཡུལ་ཞེན་ཉོན་མོངས་ལ། །གཞི་རྩ་མེད་པ་ཡ་རེ་ཆ། ། | ||
<span | [p. 233] ཕྲ་དང་རགས་པའི་དྲི་མ་ལ། །འཆགས་ས་མེད་པ་ཡ་རེ་ཆ། །འབྱུང་བ་རགས་པའི་གཟུགས་རྣམས་ལ། །གཏད་པའི་ས་མེད་ཡ་རེ་ཆ། །སྐྱེས་བུ་རྟེན་པའི་ཚེ་སྲོག་ལ། །དུས་བཏབ་མེད་པ་ཡ་རེ་ཆ། །ཚོགས་དྲུག་ཡུལ་གྱི་སྣང་བ་ལ། །རྟག་པ་མེད་པ་ཡ་རེ་ཆ། །སྐྱེས་བུའི་དྲན་བསམ་བྱུང་ཚོར་ལ། །ཟད་པ་མེད་པ་ཡ་རེ་ཆ། །ཞེས་པ་དང་། ཡང་། གཞི་རྩ་མེད་པའི་ཆོས་ཉིད་འདི། །མ་བཅོལ་བཞག་པས་ངོ་མཚར་ཆེ། །འགྲོ་དང་འོང་བའི་རིག་པ་ལ། །ཐུག་པ་མེད་པ་ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ཡེ་ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། །ཞེས་པ་དང་། ཐུན་མོང་གི་ཐེག་པ་འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང་། ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལ། །སྐད་ཅིག་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང་། །བྱུང་ནས་ཞིག་སྟེ་སྤྲིན་གྱི་དཀྱིལ་འཁོར་དེ། །ཐོག་མ་གང་ལས་བྱུང་བ་བརྟགས་པར་གྱིས། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཇི་ལྟར་མི་དག་བྲག་རིའི་ཁྲོད་འདུག་སྟེ། །སྐུ་ལེན་སྨྲ་དང་དགོད་དང་རུབ་ལས། །རྐྱེན་ལ་བརྟེན་ཏེ་བྲག་ཅ་འབྱུང་མོད་ཀྱི། །སྒྲ་ལས་དབྱངས་དེ་ནམ་ཡང་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་རྒྱ་ཆེར་གསུངས་སོ། །དོན་གཉིས་པ་ཆོས་ཟད་བློ་འདས་ཀྱི་དགོངས་བཟང་ཐལ་རྗེན་པའི་ཡེ་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ་ལ་གསུམ་སྟེ། ཆོས་ཟད་བློ་འདས་ཀྱི་རིག་པ་ཟང་ཐལ་རྗེན་པར་ངོ་སྤྲད་པ། རང་གསལ་ངང་གནས་ཀྱི་དགོངས་པ་ཕྱམ་གདལ་ཆེན་པོར་བསྐྱང་བ། གནད་ | ||
<span | [p. 234] གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་ཀློང་གསལ་ཆེན་པོར་གཞག་པའོ། །དང་པོ་ནི། རང་བབས་ཀྱི་རིག་པ་རང་གསལ་དུ་རྗེན་ནེ་བཞག་ལ། ཕྱིར་མི་སྤྲོ། ནད་དུ་མི་བསྡུ། བར་དུ་མི་བསམ་པའི་རང་ངོ་ལ་བལྟས་པས། ཕྱི་ནང་བར་མེད། རང་གསལ་རྗེན་པ། ལྟ་སྒོམ་གྱིས་མ་པ་སླད་པའི་ཆོས་སྐུ། རྣམ་རྟོག་གིས་མ་བསྐྱོད་པའི་ཡེ་ཤེས། སྤྲོ་བསྡུས་མ་བཟོས་པའི་དགོངས་པ། གསལ་བ་ལ་རྟོག་པ་མེད་པ། གནས་པ་ལ་འཛིན་པ་མེད་པ། ཡངས་པ་ལ་ཕྱལ་བར་མ་ཤོར་བ། མཉམ་པ་ལ་བར་མེད་པ། །འཇོག་མཁན་མེད་པའི་རང་དངས་ཆེན་པོ། ཡེ་ནས་རང་བ་པས་ཀྱི་དགོངས་པ་ཆེན་པོ། དངས་ཤིང་ལྟེང་པ་རྒྱ་མཚོ་ལྟ་བུ། གསལ་ཞིང་དག་པས་ཉི་ཟླ་ལྟ་བུ། ཡངས་ཤིང་ཕྱམ་པས་ནམ་མཁའ་ལྟ་བུ། བརྟན་ཞིང་གནས་པས་རི་རྒྱལ་ལྟ་བུའོ། །འདི་ལྟ་བུའི་དོན་དང་སེམས་ཅན་ཐམས་ཅད་སྐད་ཅིག་ཀྱང་འབྲལ་མ་མྱོང་དུ་ཡེ་ནས་རང་ལ་ཡོད་ཀྱང་། ངོ་མ་ཤེས་པས་འཁོར་བར་ངན་རྟོག་གི་སྤྲོས་པས་འཚོལ་བ་ཡང་། ད་བླ་མའི་གདམས་པས་ངོས་ཟིན་ནས་འཆར་རམ་གནས་སམ་གྱི་ན་འདར་ལྷན་ནེ་བའི་དུས་གང་དུའང་རང་བབས་ཙོག་གཞག་གི་ངོ་བོར་ངོ་སྤྲད་པ་བཞིན་དང་མ་ཡེངས་ཙམ་དུ་བྱ་སྟེ། སེང་གེ་རྩལ་རྫོགས་ལས། ཨེ་མ་སེང་གེ་བགྲོད་མེད་ལམ། །བྱ་རྩོལ་མེད་པའི་སེང་གེ་ཡིས། །བཏང་བཞག་མེད་པའི་གངས་དཀར་ལ། །མུན་པ་སངས་བའི་རྩལ་གསུམ་རྫོགས། །བསམ་མེད་དངས་པའི་སེང་གེ་ངས། །ཀ་དག་དྲི་མེད་གངས་ | ||
<span | [p. 235] བཟང་ལ། །འབྱུང་བ་སངས་པའི་རྩལ་གསུམ་རྫོགས། །ཞེས་པ་དང་། ཀློང་དྲུག་པ་ལས། རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །བླང་དོར་མེད་པའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱབ་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །བྱིང་རྒོད་མེད་པའི་སེམས་ཉིད་ལ། །བརྟེན་སྙོམས་ཆེན་པོའི་བསྒོམ་པ་ནི། །ཚོགས་དྲུག་ལྷུག་པའི་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །ཡང་མེད་པའི་སེམས་ཉིད་ལ། །རེ་དོགས་བྲལ་བའི་སྣང་བ་ནི། །ཡེ་བཞག་གདེང་ལྡན་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །ཅེས་པ་དང་། རྩལ་རྫོགས་ལས། འཛིན་ཆགས་མེད་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་མཆོག །སོ་སོར་རྟོག་དང་མཚན་མ་ཚིག་གི་ལམ། །བྱ་རྩོལ་མེད་པའི་ཆོས་ཉིད་རང་སར་དག །འུབ་ཆུབ་ཏིང་འཛིན་ཆོས་ཉིད་ཡུལ་ལ་འཇུག །དག་དང་མ་དག་ཐ་སྙད་ཆོས་སུ་མེད། །གཅིག་དང་གཉིས་ལས་འདས་པའི་ཡེ་གནས་དོན། །རང་ལུས་ངང་དུ་ཐིག་ལེ་གཅིག་ཏུ་འུབ། །དུས་མེད་རྟོགས་པས་ཏིང་འཛིན་མ་ཡེངས་གསལ། །མཐའ་དབུས་མེད་པས་ཆོས་ཉིད་མིང་དང་བྲལ། །འགྱུར་བ་མ་ཡིན་དྲང་པོར་ཡོངས་ལ་ཁྱབ། །བྱས་པ་མ་ཡིན་བྱུང་སར་ལྷུན་གྱིས་གྲུབ། །ཅེས་སོ། །གཉིས་པ་དེའི་ངང་ལ་བསྐྱང་པ་ལ་གསུམ་སྟེ། | ||
<span | [p. 236] ལྟ་སྒོམ་ཡུལ་འདས་ཆེན་པོར་བསྐྱང་བ། ཏིང་འཛིན་རང་བབས་ཆེན་པོར་བསྐྱང་བ། དགོངས་པ་བློ་འདས་ཆེན་པོར་བསྐྱང་བའོ། །དང་པོ་ནི། ངོ་སྤྲད་པའི་ངང་དེ་ལ་བློའི་འཛིན་རྩོལ་དང་ཆེད་དུ་བསྒོམ་པའི་གཉེན་པོ་མ་ཞུགས་པར་རིག་པ་རྒྱ་ཡན་ཡེ་བཞག་དཔངས་བསྟོད་ལ་ཕྱལ་བ་བར་མེད་རང་སངས་སུ་བཞག་པ་སྟེ། ནོར་བུ་འཕྲ་བཀོད་ལས། ཡངས་སོ་ཆོས་ཉིད་རྣམ་པར་དག །ཆེའོ་ལྟ་བ་རྨད་པོ་ཆེ། །སྣང་ངོ་རང་སྣང་དཀྱིལ་འཁོར་ཉིད། །ཡུལ་དང་ཡུལ་མེད་རྣམ་པར་དག །ཕྱི་དང་ནང་མེད་རྣམ་པར་སྣང་། །སྟོང་དང་མི་སྟོང་ཚིག་ལས་འདས། །ཞེས་པ་དང་། སེང་གེ་རྩལ་རྫོགས་ལས། དང་པོའི་གནས་ས་གང་ཡིན་པར། །ཐ་མ་དེ་ཡི་གནས་སུ་འགྲོ། །ད་ལྟ་དེ་ཡི་དོན་ལ་གནས། །ཞེས་པ་དང་། ཡང་། འཛིན་རྟོག་མེད་པའི་ནམ་མཁའ་ལ། །རྣམ་ཤེས་ཡིད་མ་འགྱུས་པ་ནི། །ཡེངས་པ་མེད་པའི་ཏིང་འཛིན་མཆོག །སངས་རྒྱས་ཉག་གཅིག་གནས་ལུགས་ཡིན། །ཅེས་སོ། །གཉིས་པ་ལ་གསུམ་སྟེ། རང་གནས་ཅོག་གཞག་ནི། ཚོགས་དྲུག་ཡུལ་གྱི་སྣང་བ་ལ་འཛིན་པའི་བཟོ་རྒྱ་མི་བྱེད་པར་ཕྱི་ནང་བར་མེད་ཧར་སངས་སུ་ཕྱལ་ལེ་བཞག་ནས། གཉིད་དུ་འགྲོ་ཁར་ཡང་དེའི་ངང་ལ་ཉལ་བས་རྨི་ལམ་འོད་གསལ་དུ་འཆར་བའོ། །ཐོག་བབས་ཆེན་པོ་ནི། སྒོ་གསུམ་ལྷུག་པར་གློད་ལ་གང་ཤར་ཅར་ཕོག་ཏུ་རང་སངས་ལ་ཕྱལ་ཕྱལ་སོང་བའི་ངང་ངོས་གཟུང་བའོ། །སྣང་བ་རྒྱས་འདེབས་ནི། ལུས་སྐྱིལ་ཀྲུང་དང་མིག་བར་སྣང་ལ་ཧྲིག་གེ་བལྟས་ཏེ། སེམས་འཕྲོ་འདུ་བཅད་ནས་རིག་པ་དང་སངས་ཕྱེད་པའི་ངང་ངོས་ | ||
<span | [p. 237] བཟུང་བས་རླུང་ལྔ་དབྱིངས་སུ་འཆིངས་ཏེ། རང་སྣང་དག་པའི་འོད་གསལ་ཕྱི་དུ་བ་སྨིག་རྒྱུ་འཇའ་འོད་ལ་སོགས་པ་དང་ནང་ཆོས་ཉིད་སྟོང་གསལ་བར་སྣང་དག་པ་ལྟར་འཆར་ཏེ། ཀློང་དྲུག་པ་ལས། ཏིང་འཛིན་གསུམ་ལ་འདི་ལྟར་བསླབ། །རང་གནས་ཅོག་གཞག་ཏིང་འཛིན་ནི། །དབང་པོའི་སྒོ་རྣམས་མི་དགག་ཅིང་། །ལུས་ཀྱི་སྤྱོད་པ་སྤྱད་མི་བྱ། །གཉིད་ཀྱང་སྤང་བར་མི་བྱ་སྟེ། །སེམས་ཀྱིས་གུད་དུ་བཅད་པ་མིན། །མདོར་ན་ལུས་ངག་རང་སོལ། །ཡིད་ཕྱུང་ཆ་རྣམས་ཕྱིར་མ་ཤོར། །དབང་པོའི་ཡུལ་རྣམས་དུག་ལ་ཡང་། །ཤེས་བཞིན་སྤྱོད་པའི་ཡིད་མ་འགྱུས། །རང་སྣང་མི་རྟོག་ཆེན་པོ་ལ། །གསལ་ལ་རྟོག་མེད་ཉམས་སྐྱེས་པའོ། །ཐོག་བབས་ཆེན་པོའི་ཏིང་འཛིན་ལ། །ལུས་ནི་ཐ་མལ་ལྟ་བུ་ལས། །ངག་ནི་སྨྲ་བརྗོད་ཚིག་དང་བྲལ། །སེམས་ནི་དམ་དུ་མ་བཅིངས་པའི། །རང་ཤར་ངང་ལ་མ་ཡེངས་པའོ། །སྣང་བ་རྒྱས་འདེབས་ཏིང་འཛིན་ནི། །ལུས་དང་ཡུལ་དང་རིག་པ་ཡིས། །རང་སྣང་དག་པའི་ཚད་རྣམས་བཟུང་། །ཞེས་སོ། །གསུམ་པ་དགོངས་པ་བློ་འདས་སུ་བསྐྱང་བ་ལ་བཞི་སྟེ། རི་བོ་ཅོག་གཞག་གི་ལྟ་བ། རྒྱ་མཚོ་ཅོག་གཞག་གི་དགོངས་པ། རིག་པ་ཅོག་གཞག་གི་མན་ངག །སྣང་བ་ཅོག་གཞག་གི་ཐབས་སོ། །དང་པོ་ནི། རིག་པ་རང་གསལ་འདི་ངོས་བཟུང་ནས་གང་ཤར་ཡང་ལྟ་བ་རི་རྒྱལ་ལྟར་འཕོ་འགྱུར་མེད་པའི་ངང་དུ་འཇོག་པ་སྟེ། ཡི་གེ་མེད་པ་ལས། རི་བོ་ཅོག་གཞག་ལྟ་བ་གསང་བ་ཉིད། །ཐེ་ཚོམ་མ་ཡིན་འགྱུར་བ་ངང་གིས་མེད། །ཅེས་སོ། ། | ||
<span | [p. 238] གཉིས་པ་ནི། ལུས་སྐྱིལ་ཀྲུང་ལ། མི་ག་ཧ་རེ་བར་སྣང་ལ་གཏད་དེ། ཤེས་པ་དང་སངས་ཕྱེད་པ་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པ་ལྟ་བུའི་ངང་ལ་གསལ་སང་ངེ་བཞག་པ་ནི། དེ་ཉིད་ལས། རྒྱ་མཚོ་ཅོག་གཞག་དག་གི་དགོངས་པ་ནི། །སྣང་བ་མ་ཡིན་སྣང་བར་བྱེད་པ་མིན། །སྟོང་པ་མ་ཡིན་སྟོང་པར་ཡོད་མ་ཡིན། །གསལ་བ་མ་ཡིན་གསལ་བ་ཆེན་པོའི་ཡུལ། །བྱིང་བ་མ་ཡིན་རྒོད་པ་ངང་གིས་མེད། །མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། །མ་བསྐྱོད་མི་བསྐྱོད་བསྐྱོད་པ་ཀུན་ལས་འདས། །བྱས་པས་མ་བྱུང་བཞག་ཐབས་ཆེན་པོ་ལྟོས། །སྤྲོ་བསྡུ་མ་བྱེད་ཅོག་གཞག་གཅིག་གི་ངང་། །གནས་པ་མ་ཡིན་དེ་ལས་འདའ་བ་མེད། །གསང་བའི་ཡེ་ཤེས་རྒྱ་མཚོ་ལྟ་བུ་ལ། །ཡེ་ནས་ལྷུན་འབྱམས་མ་བསྐྱོད་དབྱིངས་སུ་ཞོག །གཏིང་དཔག་དཀའ་བའི་རྒྱ་མཚོ་ཆེན་པོ་ནས། །ནུབ་པ་མེད་པའི་རྒྱལ་མཚན་རྩེ་མོ་ལྟོས། །སྟོང་པའི་སེམས་མེད་མ་བཅོས་ཆེན་པོའི་སྐུ། །བྱས་པ་མེད་པས་བྱེད་པ་ཀུན་ལས་རྒྱལ། །ཡེ་ནས་མ་བྱུང་མ་བཅོས་ཅོག་གཞག་ཉིད། །སྣང་བས་མ་བསྒྱུར་བློ་ཡིས་མ་བཅོས་པ། །ཆོས་ཉིད་མཁའ་ལ་གནས་ན་དགོངས་པར་བསྟན། །ཆོས་སྐུའི་ཡེ་ཤེས་བསམ་པ་རབ་སྤངས་པས། །འགྱུ་བྱེད་མེད་ན་བསྒོམ་པའི་དགོངས་པ་ཡིན། །སྣང་ཡུལ་དང་དམིགས་པའི་ཕྱོགས་མི་འཛིན་ན། །རྒྱ་མཚོའི་གཏིང་དུ་གཟའ་སྐར་ཤར་བ་བཞིན། །ཡུལ་ལ་འཛིན་མེད་གསལ་ཆ་མ་འགགས་པས། །རང་བྱུང་དགོངས་པའི་འདུག་ཚུལ་དེ་བཞིན་ནོ། །ཞེས་སོ། །གསུམ་པ་ནི། རིག་ | ||
<span | [p. 239] པ་གསལ་སྟོང་གི་ཡེ་ཤེས་རྗེན་པར་བུད་པ་དེ་ཕྱར་ར་རང་གསལ་དུ་ངོས་བཟུང་བས་ཏིང་ངེ་འཛིན་སེམས་ཆགས་ཀྱི་གོལ་ས་གཅོད་ཅིང་ཟང་ཐལ་རྗེན་པའི་ཆོས་སྐུ་ཁོང་ནས་འཆར་ཏེ། སེང་གེ་རྩལ་རྫོགས་ལས་རང་རིག་དུ་མའི་ཡུལ་ལ་ཕར་བལྟས་པས། །ཆོས་སྐུ་རྟོག་མེད་ཆེན་པོ་ནང་དུ་རྙེད། །ཅེས་སོ། །བཞི་པ་ནི། །ཕྱི་ཡུལ་ལྔར་སྣང་བ་ལ་ཆེ་རེ་བལྟས་དུས་ནང་རང་གསལ་རྗེན་པ་སངས་སེ་ཁོང་ནས་འཆར་བའི་ངང་དུ་འཇོག་པ་སྟེ། དེ་ཉིད་ལས། རིག་གསལ་ཆོས་ཉིད་ཡུལ་ལ་ཕར་བལྟས་པས། སྣ་ཚོགས་བྲལ་བའི་རིག་པ་ནང་དུ་མཐོང་། །ཞེས་པ་དང་། ཡི་གེ་མེད་པ་ལས། སྣང་བ་ཅེར་གཞག་རིག་པའི་ཐབས་ཆེན་ནི། །སྣང་བ་ཆེན་པོ་ཀུན་གྱི་གཞི་མ་ཡིན། །འབྱུང་བ་ལྔ་ཡི་སངས་རྒྱས་ལམ་ལྟར་སྣང་། །ཆེན་པོ་ལྔ་ཉིད་མ་ཡི་སྣང་བར་གསལ། །མ་ཡེངས་ངང་དུ་འཛིན་མེད་ཆེན་པོར་ཞོག །ཅེས་སོ། །གསུམ་པ་གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་ཀློང་གསལ་ཆེན་པོར་བཞག་པ་ལ་གསུམ་སྟེ། ཆོས་ཉིད་འབད་རྩོལ་དང་བྲལ་བའི་གནད་ཀྱིས་སེམས་ཉིད་བྱ་བྲལ་དུ་གཞག་པའི་གདམས་ངག །ཆོས་ཉིད་རང་ཐོག་ཏུ་སྤྲད་པའི་གནད་ཀྱིས་རྣམ་རྟོག་ཡེ་ཤེས་སུ་འཆར་བའི་མན་ངག །ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་སྣང་བ་ལ་དགག་སྒྲུབ་མེད་པའི་གདམས་ངག་གོ། །དང་པོ་ནི། གཤིས་བྱ་བ་དང་བྲལ་བ་དེ་བྱས་པས་མི་རྟོགས་མ་བྱས་བཞག་ན་རྟོགས་པས་སྒོ་གསུམ་རང་བབས་ཕྱལ་པར་ | ||
<span | [p. 240] གཞག་པ་ནི། ཐལ་འགྱུར་ལས། གཞན་ཡང་བྱ་བྲལ་ཆོས་ཉིད་ནི། །བྱ་བ་མེད་པས་གྲོལ་བར་གྲོལ། །ཅེས་པ་དང་། ཁྱུང་ཆེན་མཁའ་ལྡིང་ལས། །དེ་ཕྱིར་འཁོར་འདས་བྱ་བྱེད་ཉིད་བྲལ་ནི། །རྫོགས་ཆེན་ཉིད་ལས་གཞན་པ་ཅི་བྱར་ཡོད། །ཅེས་པ་དང་། དམིགས་དྲུག་ལས། བྱ་བ་དང་བྲལ་བས་གཞི་གཞག་གོ་ཞེས་སོ། །གཉིས་པ་ནི། སྣང་བ་སེམས་ཀྱི་རོལ་པར་ངོ་སྤྲད། རོལ་པ་གཞི་མེད་གསལ་སྣང་དུ་ངོ་སྤྲད། གསལ་སྣང་བཟུང་ན་འཁྲུལ་པར་ངོ་སྤྲད། མ་བཟུང་རང་གསལ་མེད་སྣང་དུ་ངོ་སྤྲད་པས་ཕྱི་ཡུལ་སྣང་སེམས་དང་གཞན་དུ་མ་གྲུབ་པར་ཐག་ཆོད་པས་འཁོར་བར་སྐྱེ་བའི་ཡུལ་སྟོངས་པའོ། །ཡང་སྣང་འཛིན་སེམས་དེ་གཞི་མེད་དུ་ངོ་སྤྲད། གཞི་མེད་སྟོང་པའི་རང་འགྲོས་སུ་ངོ་སྤྲད། རང་འགྲོས་རྗེས་མེད་ཡེ་སངས་སུ་ངོ་སྤྲད་པས། འཁོར་མཁན་རང་སེམས་གཞི་མེད་དུ་སངས་མ་ནས་ཁམས་གསུམ་མེད་མེད་ཆོས་ཉིད་དུ་ལ་ཟློས་པ་སྟེ། རྩལ་རྫོགས་ལས། འདུ་ཤེས་ཡུལ་དུ་མེད་པ་ཆོས་ཉིད་ཞི་བའི་ངང་། སྣང་བ་རང་ལ་ཡས་པའི་རང་སྣང་དངོས་མེད་ཉིད། །སྣང་བའི་སེམས་བྲལ་ཆོས་ཉིད་རང་གི་དོན། །སྤྲོ་བསྡུ་མ་བྱེད་རང་གི་ཡུལ་ལ་ལྟོས། །ཞེས་སོ། །འདིར་ཁ་ཅིག་སྣང་བ་སེམས་སུ་ངོ་སྤྲད། སེམས་སྟོང་པར་ངོ་སྤྲད་ཅིང་། ངོ་སྤྲད་སྤྲས་པ་ལས། ཨེ་མ་ཧོ་སྣང་བ་སེམས་སུ་ངོ་སྤྲད་པས་སེམས་ལ་བྱན་ཚུད། སེམས་ཉིད་སྟོང་པར་ངོ་སྤྲད་པས་སྟོང་པ་བདེ་བའི་རྒྱས་གདབ། སྟོང་པ་རིག་པར་ངོ་སྤྲད་པས། རིག་པ་ཉིད་དབྱིངས་དང་གཉིས་སུ་མེད་པ་ | ||
<span | [p. 241] དེ་ཁོ་ན་ཆོས་སྐུའོ་ཞེས་པའི་ཚིག་ལ་དོན་རང་མཚན་དུ་ཞེན་པར་སྣང་སྟེ། འདི་ལ་དགོངས་གཞི། དགོས་ཆེད། དངོས་ལ་གནོད་བྱེད་ཀྱི་ཚད་མ་དང་གསུམ་ཡོད་པས་སྙིང་ཏིག་གི་དགོངས་པའི་ཕྱོགས་ལ་མི་ཉེ་བ་ཡིན་ནོ། །དགོངས་གཞི་ནི། ཕྱི་ཡུལ་ལ་དོན་གཞན་དུ་བདེན་པར་འཛིན་པ་རྣམས་དྲང་བའི་ཕྱིར་དེ་སྐད་གསུངས་ཏེ། རང་ཤར་ལས། ལ་ལར་སྣང་བ་སེམས་སུ་བསྟན། །ཅེས་སོ། །དེའང་སྣང་བ་གཞན་དུ་མེད་སེམས་འཁྲུལ་པ་ལ་སྣང་བ་ཡིན་པ་ཙམ་ནས་བཏགས་སོ། །དགོས་ཆེད་ནི་ཕྱི་དོན་དུ་ཞེན་པ་སྤང་བ་ཙམ་མོ། །དངོས་ལ་གནོད་བྱེད་ནི། སྣང་བ་སེམས་ཡིན་ན་སེམས་ལ་ཁ་དོག་དང་དབྱིབས་ལ་སོགས་པར་མིག་སོགས་དབང་པོས་ངེས་པར་ཐལ་ཏེ་སྣང་བ་ལ་གཟུགས་སོགས་དབྱིབས་དང་ཁ་དོག་ཏུ་ངེས་པའི་ཕྱིར་དང་། སྣང་བ་སེམས། སེམས་སྟོང་པ། སྟོང་པ་རིག་པ་ཡིན་ན་དེ་གསུམ་ཕན་ཚུན་འཆོལ་བས། རིག་པ་འཁྲུལ་པར་ཐལ་བ་དང་། སྣང་བ་མིག་ལ་སོགས་པས་མི་མཐོང་བར་ཐལ་བ་དང་། སེམས་མ་འཁྲུལ་བར་ཐལ་བ་སྟེ། དེ་གསུམ་ངོ་བོ་རྫས་གཅིག་ཡིན་པའི་ཕྱིར་རོ། །འདིའི་ཁྱད་སྔར་ཞིབ་ཏུ་བཤད་ལ། སྣང་བ་སེམས་ཀྱི་རྣལ་འབྱོར་དུ་བྱེད་པ་མི་གྲོལ་བར། རང་ཤར་ལས། སྣང་བ་སེམས་ཀྱི་རྣལ་འབྱར་གྱི་ཕྱིར་རོ། །ཐམས་ཅད་ང་ཡི་སེམས་ལས་བྱུང་། །སེམས་ཉིད་རྟོགས་ན་ཅི་བྱར་ཡོད། །དེ་སྐད་ཀུན་དུ་རྗོད་བྱེད་པ། །ང་ཡིས་གྲོལ་བར་མ་བཤད་དོ། །ཞེས་པའི་ལུང་གིས་ཀྱང་གནོད་ | ||
<span | [p. 242] ལ། སེམས་མེད་པར་རྟོགས་དུས་སྣང་བ་མེད་པར་ཐལ་ལ། སེམས་འགགས་དུས་སྣང་བ་དུས་དེར་འགག་པར་ཐལ་བ་ལས། སེམས་མེད་པའི་སྐབས་སུ་སྣང་བ་འདུག་པས་ཀྱང་གནོད་དོ། །སེམས་མེད་པའི་གནས་སྐབས་ལྔ་ཡོད་དེ། དབུས་མཐའ་ལས། སེམས་མེད་གཉིད་དང་བརྒྱལ་བ་དང་། །སྙོམས་པར་འཇུག་པ་རྣམ་གཉིས་དང་། །རྟག་ཏུ་འདུ་ཤེས་མེད་པའོ། །ཞེས་སོ། །མདོར་བསྡུ་ན། སྣང་བ་སེམས་སུ་འདོད་པ་འདི་ལོག་རྟོག་གི་མུན་པ་ཆེན་པོ་ཡིན་པས་བསལ་དགོས་སོ། །གསུམ་པ་ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་སྣང་བ་ལ་དགག་སྒྲུབ་མེད་པའི་གདམས་ངག་ནི། ཕྱི་ཡུལ་ལྔ་མེད་སྣང་སྟོང་པ་རང་དག་ཆུའི་ཟླ་བ་འདྲ་བས་སྤྱད་མི་དགོས། ནང་ཡིད་ཀྱི་དྲན་རྟོག་རང་ཡལ་རྗེས་མེད་ཡིན་པས་འབད་རྩོལ་གཉེན་པོས་འཇིག་མི་དགོས། སྣང་སེམས་ཡེ་གྲོལ་ལྷུག་པ་ལ་སྤང་བླང་གི་སྒོ་མི་འདོགས། རིག་པ་ཟང་ཀ་གཅེར་བུ་ལ་སྤྲོས་པའི་གོས་མི་བསྐོན་པར་ཤིགས་སེ་བུན་ནེ་ཁྲེས་སོ་རྗེས་མེད་མཉམ་པ་ཆེན་པོར་ཁོང་གློད་ནས། སྒོ་ལྔ་རང་བྱུང་ཡེ་གདངས་སུ་འཁྲོལ་དུ་འཇུག་པ་སྟེ། དེ་འང་ནང་རང་གསལ་གྱི་ངོ་བོ་རིག་པ་རྗེན་ལ་བུད་ནས། དེའི་ངང་ནས་དྲན་པས་མ་བཟང་ངན་ཅི་ཤར་ཡང་རིས་མེད་རང་བྱུང་ཡེ་ཤེས་ཀྱི་རང་གདངས་སུ་ཤེས་པས་རྗེས་མི་བསྙག་པར། སྣང་སེམས་ཁྲལ་མ་ཁྲོལ། སང་མ་སེང་། འལ་མ་འོལ་གྱི་ཡོལ་དུ་རྒྱ་ཕྱམ་ལ་བཏང་ན་ཀུན་དུ་བཟང་པོའི་དགོངས་པ་ཀློང་དུ་རང་ཤར་བ་སྟེ། ཀློང་དྲུག་པ་ལས། སེམས་ཅན་ཀུན་གྱི་རང་སྣང་ཆེ། །གཞན་ནས་བཙལ་བའི་གནས་ | ||
<span | [p. 243] མེད་དོ། །རང་གི་མཐུ་ཡིས་རང་རིག་པས། །སྟོང་གསུམ་འཇིག་རྟེན་གང་ནས་ཀྱང་། །དེ་ཉིད་བཙལ་ཀྱང་རྙེད་གནས་མེད། །འཇིག་རྟེན་ཀུན་གྱི་སྤྱོད་ཡུལ་ནི། །དེ་ཉིད་སྣང་བའི་རང་བཞིན་ལ། །སུས་ཀྱང་མཐོང་བ་མེད་པ་ཡི། །སྣང་བ་རང་རིག་བདེ་བའི་ཞིང་། །འདི་ལ་གོམས་པའི་རྣལ་འབྱོར་པས། །ཀུན་དུ་བཟང་པོ་ང་ཡི་སྐུ། །སྐལ་དང་ལྡན་པ་འདི་ཡིས་མཐོང་། །ཞེས་པ་དང་། ཡང་། ཡུལ་ལ་རྐྱེན་རྟོག་རང་ཤར་ཚེ། །འདི་ཀུན་རང་བཞིན་མེད་ཤེས་ན། །སྣང་བ་ཐམས་ཅད་སྒྱུ་མའམ། །རྨི་ལམ་དང་ནི་གཟུགས་བརྙན་ལྟར། །མི་རྟོག་གཟུགས་བརྙན་ཆེན་པོའི་ཉམས། །སུ་ཡི་རྒྱུད་ལ་ཤར་བ་དེ། ། | ||

= W22920 (BDRC e-text) = | = W22920 (BDRC e-text) = | ||

BDRC typed e-text UT22920_005 (the base text was made from it)

BDRC typed e-text UT22920_005 (the base text was made from it).

དེ་ལྟར་ལམ་དངོས་བསྟན་ནས། ད་ནི་ལམ་གྱི་ཁྱད་པར་དབང་པོ་ཡང་རབ་རྣམས་མ་བསྒོམས་པར་གྲོལ་བའི་ཐབས་མཆོག་ཏུ་གསང་བ་ཁྲེགས་ཆོད་ཀྱི་མན་ངག་གཏན་ལ་དབབ་པ་ལ་གསུམ་སྟེ། ངོ་རང་ཐོག་ཏུ་དབབ་པས་ལ་བཟླ། ཐག་ཚིག་ཐོག་ཏུ་བཅད་པས་ཆིངས་བསྡམ། གདེང་གྲོལ་ཐོག་ཏུ་བཅད་པས་འཕྲང་བསལ་བའོ། །དང་པོ་ལ་གསུམ་སྟེ། རང་བཞིན་རྫོགས་པ་ཆེན་པོ་སྤང་བླང་བྱ་རྩོལ་ལས་འདས་པའི་གཤིས་ནམ་མཁའ་ལྟ་བུར་གཏན་ལ་དབབ་པ། ཆོས་ཟད་བློ་འདས་ཀྱི་དགོངས་པ་ཟང་ཐལ་རྗེན་པའི་ཡེ་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ། ལྷུན་མཉམ་ཡངས་པ་ཆེན་པོའི་ཀློང་དུ་ཐམས་ཅད་ཡེ་ནས་འདས་ཟིན་པས་བཅིངས་གྲོལ་སྤང་བླང་མེད་པའི་ངང་དུ་འཁོར་འདས་མིང་མེད་ཆེན་པོར་ལ་བཟླ་བའོ། །དང་པོ་ལ་གསུམ་སྟེ། རང་བཞིན་རྫོགས་པ་ཆེན་པོ་བྱར་མེད་ནམ་མཁའ་ལྟ་བུའི་དོན་སྤྱིར་བསྟན་པ། འཆིང་གྲོལ་གཉིས་སུ་མེད་པའི་རང་སེམས་སྟོང་པ་རྩ་བྲལ་ཆེན་པོར་ཐག་བཅད་པ། ཡུལ་སྣང་བློའི་མེ་ལོང་ཚོགས་དྲུག་མཉམ་པ་ཆེན་པོར་ཁྱབ་གདལ་བའོ། །དང་པོ་ནི། ཕྱི་སྣང་བ་ནང་རིག་པ་བར་གཟུང་འཛིན་སྣང་རྟགས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་སྟོང་ཡོངས་སྟོང་ཆེན་པོ། སྣང་སྟོང་བློས་སྟོང་ཆེན་པོ། དག་སྟོང་གྲོལ་སྟོང་ཆེན་པོ། ཡོད་མ་མྱོང་མེད་མ་མྱོང༌། བདེན་མ་མྱོང༌། བརྫུན་མ་མྱོང༌། འཁྲུལ་མ་མྱོང་གྲོལ་མ་མྱོང༌། འཁོར་མ་མྱོང༌། འདས་མ་མྱོང༌། ཡིན་མ་མྱོང་མིན་མ་མྱོང༌། སྣང་མ་མྱོང་སྟོང་མ་མྱོང༌། ཐམས་ཅད་མཉམ་གདལ། ཁྱབ་པ་ཕྱམ་གདལ། ཡིན་མིན་ཕྱོགས་གདལ། ཡོད་མེད་སྣང་གདལ། མི་གཡོ་མཉམ་གདལ། ལྷུན་མཉམ་ཡེ་གདལ། ངང་མཉམ་གཞི་གདལ། ཡངས་པ། ཕྱམ་པ། སངས་པ། གྲོལ་བ། ཟད་པ། སྟོངས་པ། ཕྱམ་ཕྱལ་ཧར་སངས། ཁྱབ་གདལ་ཡེར་སངས། ལྷུན་མཉམ་དབྱིངས་སངས། ངག་གདལ་མཉམ་སངས་མི་གཡོ། མི་འགུལ། མི་གནས། མི་ལེན། མི་འགྲོ། མི་འོང༌། མི་བསམ། མི་རྟོག མི་དམིགས། མི་མཉམ། མི་འགྱུར་བ་སྟེ། སྔར་འཁྲུལ་མ་མྱོང༌། ད་ལྟ་འཁྲུལ་པ་ལ་མི་གནས། མཐར་འཁྲུལ་མི་སྲིད། སྔར་གྲོལ་མ་མྱོང༌། ད་ལྟ་གྲོལ་བར་མི་འཇུག །མཐར་གྲོལ་མི་སྲིད། སྔར་འདས་པ་མེད། ད་ལྟ་གནས་པ་མེད། མ་འོངས་པ་འབྱུང་དུ་མེད། རིས་མེད་ཕྱམ་སངས་སྟོང་པ། གནས་ལུགས་ཀྱི་གཞི་མེད། ཡིན་ལུགས་ཀྱི་ལམ་མེད། གྲོལ་ལུགས་ཀྱི་འབྲས་བུ་མེད། ལྟ་སྒོམ་གྱི་མིང་མེད། ཕྱོགས་རིས་ཀྱི་ཆོས་མེད། ཡོད་མེད་ཀྱི་མཐའ་མེད། ནམ་མཁའི་དབྱིངས་མེད། བྱ་རྩོལ་ལས་འདས་པའི་ཡེ་སངས། ལྟ་སྒོམ་ལས་འདས་པའི་ཡང་སངས། དམིགས་བསམ་ལས་འདས་པའི་གྲོལ་སངས། ཕྱོགས་འབྱམས་མིང་མེད་སངས་པར་ལ་བཟླ་བ། །བལྟར་མེད་བལྟས་པ་མེད། ལྟ་བྱེད་མེད། བལྟས་པས་མི་མཐོང༌། བསྒོམ་དུ་མེད། བསྒོམས་པ་མེད། བསྒོམ་ལས་འདས། བསྒོམས་ཀྱང་མི་གྲོལ། དཔྱད་དུ་མེད། དཔྱོད་པ་མེད། དཔྱད་མི་དགོས། དཔྱད་ཀྱང་ངལ་བ་དོན་མེད། བསྒྲུབ་མི་དགོས། གྲུབ་ཟིན། བསྒྲུབ་ཏུ་མེད། བསྒྲུབས་ཀྱང་མི་འགྲུབ། བསྒྲུབས་པ་ལ་དགོས་པ་མེད། བྱ་བ་མེད། བྱེད་པ་མེད། བྱས་ཟིན། བྱ་བ་ལས་འདས། བྱས་ཀྱང་ཚི་ཆད། བྱ་མི་དགོས། ཆོས་ལ་བྱར་མེད། བྱས་པས་ཆོས་མ་ཡིན། མི་བྱ་བ་བསྒྲུབ་ཏུ་མེད། འཁོར་བ་མི་སྤོང༌། འདས་པ་མི་ལེན། བསྒྲུབ་པ་ཕྱོགས་གཞག །ཡེ་མཉམ་ཕྱ་གདལ་གཉུག་མ་མིང་མེད། གང་སྣང་ས་ནས་གཞི་མེད་ཡེ་སངས་སུ་འདུག་པས་འཆིང་གྲོལ་འབད་རྩོལ་རང་ཞིག གང་ཤར་ས་ནས་ཡེ་དག་རང་སྟོང་གདལ་བས་ཕྱམ་གཞག་རིས་མེད་ཕྱལ་བ། གང་སངས་ས་ནས་རྗེས་མེད་རང་དག་ཡེ་སྟོང་དུ་འདུག་པས་ཕྱམ་མཉམ་པར་མེད་ཕྱལ་བར་འབད་རྩོལ་ཞིག་པའི་རང་སེམས་བྱ་བ་མེད་པར་ཁོང་དལ་བས། རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་སུ་ཆོས་ཐམས་ཅད་ཡེ་ནས་རང་ཤར་རོ་ཞེས་རང་གིས་རྟོགས་པའི་དོན་ལུང་དང་སྦྱར་བ་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། རང་བཞིན་རྫོགས་པ་ཆེན་པོ་ཡི། །དོན་ཀུན་བློ་ཡི་དཀྱིལ་དུ་ཚུད། །མི་སྣང་ཡུལ་མེད་རྟོག་པ་ཡང༌། །མ་བཅད་རང་ས་ཉིད་དུ་ཆོད། །འཁྲུལ་མ་མྱོང་བའི་མ་རིག་བརྩད། །མ་བརྟགས་ཡེ་ནས་ཆོད་ནས་འདུག །གོང་དུ་འདི་ཀུན་སུས་མ་ཚོར། །རགས་པའི་འབྱུང་བ་འདི་ཀུན་ཡང༌། །ཐོག་མ་ཉིད་ནས་རང་དེངས་པར། །འགྲོ་བའི་གནས་མེད་རང་སོང་བས། །རང་ལུས་ཡེ་ནས་མེད་པར་ནི། །སྔ་ཕྱི་མེད་པར་འདིར་ཡང་རིག །འདི་ཀུན་དུས་མེད་ཡངས་དུས་པས། །གཅིག་དང་གཉིས་དང་དྲུག་གསུམ་གྱིས། །སྣང་མེད་སྣང་དང་ཡང་ཕྱེད་སྣང༌། །མི་སྣང་མཛད་པའི་རང་སྒྲར་ཡང༌། །ས་འཛིན་ས་ལས་འདས་པར་ནི། །ཡེ་ནས་འདུག་པ་སུས་མ་ཚོར། །བགྲོད་དུ་ཡེ་ནས་མེད་པ་ཡི། །ལམ་འདི་ཡེ་ནས་ཉེ་བར་ནི། །འདི་ཡང་རང་ལས་ཡེ་འདུག་པ། །སྔར་མ་མཐོང་སྟེ་རང་རིག་རྟུལ། །མི་གནས་བསམ་གཏན་དགོངས་པ་ནི། །བསྒོམ་པ་མེད་པར་ཡེ་འདུག་པ། །འདི་ཡང་གང་གིས་སྔར་མ་རིག །བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ཉིད་ལ། །འདི་ཀུན་རང་གིས་རང་སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག །བདག་རྟོག་བཅིངས་པའི་ཉོན་མོངས་ལྔ། །ཡེ་ནས་རིག་པ་རང་ཤར་བར། །ལྷན་ཅིག་གནས་པ་ཞལ་མ་འཚོ། །ས་ཆུ་མེ་རླུང་འབྱུང་བ་བཞི། །ཡེ་ནས་རང་གི་ལུས་ཡིན་པར། །སུས་མ་མཐོང་བ་མིག་རེ་རྟུལ། །ཡང་གསང་འདུས་པའི་གནས་ངག་བཅུད། །བར་མཚམས་མེད་པར་རང་གྲགས་པ། །གང་གི་འདི་ཉིད་མ་ཐོས་པ། །རྣ་བའི་དབང་པོ་མེད་དམ་ཅི། །རང་གནས་དབྱིངས་དང་རིག་པའི་དྲི། །བྲལ་བའི་སྐབས་མེད་རང་འཁོར་བ། །ཚོར་མ་མྱོང་བ་སྣ་འགགས་སམ། །བཅུད་གསུམ་མན་ངག་གཅིག་དྲིལ་རོ། །ཡེ་ནས་ལུས་སེམས་བཅུད་ཡིན་པ། །འདི་ཉིད་མ་མྱོང་ལྕེ་ཆད་དམ། །སྣང་བ་རང་དག་ཁ་དོག་རྒྱན། །རང་གི་ལུས་དང་འབྲལ་མེད་པར། །ལུས་དང་གྲིབ་མ་བཞིན་དུ་ནི། །ཉིན་དང་མཚན་མོ་མེད་འདུག་པ། །སུས་ཀྱང་མ་རེག་ལུས་བེམས་སམ། །སྡུག་བསྔལ་ཕྱལ་འདེབས་བདེ་བའི་ཆོས། །བརྗེད་པ་མེད་པར་རང་གནས་པ། །སུས་མ་ཤེས་པ་བློ་རེ་རྟུལ། །འཁོར་བའི་བག་ཆགས་ཡང་བརྩེགས་པ། །ཡེ་ནས་ཆོས་ཀྱི་སྐུར་འདུག་པ། །གང་གིས་མ་མཐོང་སྙིང་རྗེའི་གནས། །དབང་པོ་བདག་རྟོག་ཡུལ་ཤར་ནས། དྲན་བསམ་འགྱུ་བ་སྣ་ཚོགས་རྣམས། །ཡེ་ནས་ལོངས་སྐུར་རང་ཤར་བ། །འདི་ཀུན་མ་དྲན་བརྗེད་རེ་ངས། །བྱ་བྱེད་སྤྱོད་པ་རྩོལ་སྒྲུབ་དང༌། །སྐྱེ་བོ་འདུས་པའི་ཅ་ཅོ་ཀུན། །ཡེ་ནས་སྤྲུལ་པའི་སྐུ་ཡིན་པར། །སུས་མ་ཤེས་པ་ཡོང་རེ་རྟུལ། །ཇི་ལྟར་བསམས་དང་དྲན་འགྱུས་པ། །ཆུ་བོའི་རྒྱུན་བཞིན་བར་མེད་པར། །རྟག་ཏུ་རང་གི་ཡིད་འཕྲོག་པ། །རྩོལ་མེད་རང་གཞག་སྒོམ་པར་ནི། །ཉམས་སུ་མ་ཆུད་སེམས་རེ་ཡེངས། །སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང༌། །གྲོང་ཁྱེར་རྒྱུན་གཅོད་ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། །ཞེས་པ་དང༌། ཐལ་འགྱུར་ལས། སྣང་བ་འཁྲུལ་པའི་རང་བཞིན་འདི། །ཡེ་ཤེས་ཡིན་པར་སྔར་མ་མཐོང༌། །རྟོག་བཅས་འཁྲུལ་པའི་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་པའི་རང་རྟོག་རྒྱུན་ཆད་དོ། །དེ་ལྟར་འཁྲུལ་མེད་སྣང་བ་ནི། །ཡེ་ནས་རལ་བའི་གནད་ལས་བྱུང༌། །འགྲོ་བའི་ཕུང་པོ་སངས་རྒྱས་སྐུ། །ཡེ་ནས་ཡིན་པར་སུས་མ་རིག །ཕུང་པོ་སངས་རྒྱས་མངའ་བདག་ཏུ། །རྩ་གནས་ཡི་གེར་གྲུབ་ལས་བྱུང༌། །ཆུ་བུར་མིག་ལ་ཡེ་ཤེས་ནི། །རང་སྣང་ཡིན་པར་སུས་མ་མཐོང༌། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། རང་བཞིན་སྣང་བའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག །གཟུང་འཛིན་མེད་པས་འཁྲུལ་པ་ལོག །འགྱུ་བ་མེད་པས་ལས་རླུང་ལོག །ཟང་ཐལ་ཡིན་པས་དངོས་པོ་ལོག །གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྟོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་བསྒོམ་པ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་མ་མྱོང་བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློས་བརྟགས་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡི་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་ཕྲད་པས་སྤྲུལ་སྐུར་བྱུང༌། །རྟོགས་སུ་ཡོད་པས་ཐབས་སུ་བྱུང༌། །བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །ཞེས་པ་དང༌། ཡང༌། ས་དང་ཕྱོགས་དང་རིས་ལས་འདས། །ཡོད་དང་མེད་དང་ལྟར་སྣང་མེད། །སྒྲ་ཚད་རྣམས་ཀྱི་སྤྱོད་ཡུལ་མིན། །གཅིག་དང་གཉིས་དང་བགྲང་ཡུལ་མེད། །སྟོང་པ་ཆེན་པོར་བབས་ཀྱིས་གྲུབ། །ལུང་དང་རིག་པའི་སྤྱོད་ཡུལ་མིན། །རྒྱུད་དང་མན་ངག་གིས་མི་མཚོན། །ལྟ་དང་སྒོམ་དང་སྤྱོད་པས་ནི། །དེ་ཡི་དོན་རྣམས་ཤེས་མི་འགྱུར། །དེ་དོན་འབྲས་བུར་གྲུབ་པ་མེད། །ཆོས་ཀྱིས་དེ་ཉིད་བསྒྲིབས་པར་འགྱུར། །བསམ་པས་འགྲུབ་པ་མ་ཡིན་ཏེ། །ཤེས་རབ་ཀྱིས་ཀྱང་དཔྱད་དུ་མེད། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་ཡིས། །དེ་ཉིད་གནོད་དང་ཕན་འབྲས་བྲལ། །ཐོས་དང་བསམ་དང་སྒོམ་པས་ནི། །མཆོག་ཏུ་བརྟགས་ཀྱང་དེ་མི་མཐོང༌། །དེ་ལ་དཀྱིལ་འཁོར་ཡོད་པ་མིན། །ལྷ་མེད་བསྐྱེད་པའི་ས་བོན་མེད། །སྔགས་དང་ཕྱག་རྒྱས་ཅི་ཞིག་བྱ། །མཆོད་པ་ལ་སོགས་སྤྲོ་མི་དགོས། །དབང་དང་དམ་ཚིག་ག་ལ་ཡོད། །བསྙེན་པ་དང་ནི་སྒྲུབ་པ་མེད། །འཁོར་ལོ་སྤྲོ་བ་ཡོད་པ་མིན། །བསྲུང་བ་མེད་ཅིང་བསྲུང་ཡུལ་མེད། །གདོན་དང་གནོད་པའི་ཡུལ་ལས་འདས། །ཞེས་པ་དང༌། རང་ཤར་ལས། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་དང་སྒོམ་དང་སྤྱོད་པ་མེད། །འོན་ཀྱང་ལེགས་བསྟན་ཡིད་ལ་ཟུང༌། །བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །བྱ་བ་དང་ནི་བྱེད་པ་ག་ལ་ཡོད། །སྤྱོད་པ་མེད་པའི་ཆོས་ཉིད་རང་བྱུང་འདི། །གང་གི་ཕྱོགས་སུ་མ་ལྷུང་ནམ་མཁའ་བཞིན། །ཡོད་པ་མ་ཡིན་སྟོང་པ་གཅིག་པུ་ཉིད། །མེད་པ་མ་ཡིན་ཡང་དག་བདེ་བའི་སྐུ། །བྱས་པ་མ་ཡིན་རང་བྱུང་རྟོག་མེད་ཉིད། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །བསྒོམ་པའི་ཆོས་ཉིད་ག་ལ་ཡོད། །བཏང་དང་བཞག་པ་མེད་པའི་ཆོས། །བསྒོམས་དང་མ་བསྒོས་མཐའ་ལས་གྲོལ། །འཛིན་མེད་སེམས་ཀྱི་དྲི་མ་ཅི། །ཡང་དག་རིག་པ་དྲི་མ་མེད། །དྲི་མེད་དག་པའི་ཆོས་སྐུ་ལ། །བསྒོམ་དང་བསྒོམ་པར་བྱ་བ་མེད། །བསྒོམས་པས་ཡང་དག་ཉིད་མི་རྙེད། །རྙེད་ན་རང་རིག་མེད་པར་འགྱུར། །ཅི་ཕྱིར་རང་རིག་ཡེ་ཤེས་ལ། །ཡེངས་དང་མ་ཡེངས་མེད་པའི་ཕྱིར། །གང་ལ་འཛིན་པ་ཡོད་པ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། ཅེས་པ་དང༌། ཡང༌། དེ་ཡང་ཆོས་རྣམས་འདི་ལྟ་སྟེ། །སྐྱེ་བ་མེད་པས་འགག་པ་མེད། །འཛིན་པ་མེད་པས་རང་སར་གྲོལ། །དམིགས་པ་མེད་པས་སྤྲོས་པ་མེད། །བྱས་པས་མ་བྱུང་ཀུན་ལ་ཡོད། །འདུས་མ་བྱས་པས་རྣམ་དག་དབྱིངས། །འཛིན་པའི་ཐ་སྙད་ཆོས་དང་བྲལ། །རང་བཞིན་མེད་པས་བརྗོད་དང་བྲལ། །ཅེས་པ་དང༌། ནོར་བུ་འཕྲ་བཀོད་ལས། ཧ་ཧ། ཆོས་མེད་པ་ལས་ཆོས་ཉིད་འབྱུང༌། །ཡུལ་མེད་པ་ལས་ཡུལ་ལྟར་སྣང༌། །ཆོས་མེད་ཤེས་རབ་ཁོང་གསལ་བས། །དྲན་མེད་ཡུལ་དུ་མེད་པའོ། །ཞེས་པ་དང༌། སེང་གེ་རྩལ་རྫོགས་ལས། འཛིན་ཆགས་མེད་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་མཆོག །སོ་སོར་རྟོག་དང་མཚན་མ་ཚིག་གི་ལམ། །བྱ་རྩོལ་མེད་པའི་ཆོས་ཉིད་རང་སར་དག །འུབ་ཆུབ་ཏིང་འཛིན་ཆོས་ཉིད་ཡུལ་ལ་འཇུག །དག་དང་མ་དག་ཐ་སྙད་ཆོས་སུ་མེད། །གཅིག་དང་གཉིས་ལས་འདས་པའི་ཡེ་གནས་དོན། །རང་ལུས་ངང་དུ་ཐིག་ལེ་གཅིག་གིས་འུབ། །ཅེས་པ་དང༌། ཀློང་དྲུག་པ་ལས། མཐའ་མེད་དབུས་སུ་དམིགས་པ་མེད། །བསམ་པ་མེད་ཅིང་ཡུལ་རྣམས་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཆོས་མེད་བཏགས་པ་ཀུན་ལས་འདས། །དགྲ་མེད་བཤེས་ཀྱང་ཡོད་པ་མིན། །ལུས་མེད་དབང་པོར་སྣང་བ་མེད། །ཆོས་ནི་བསམས་པས་མི་སྣང་སྟེ། །གང་མེད་གང་དུ་འཛིན་པ་མེད། །ང་མེད་ང་ཡི་འཁོར་ཀྱང་མེད། །དབྱིངས་མེད་རིག་པའི་སྐུ་ཡང་མེད། །དགེ་མེད་སྡིག་པའི་རྣམ་སྨིན་མེད། །སྲོག་མེད་བཅད་པའི་དམིགས་པ་མེད། །ཚོགས་མེད་བསག་པའི་ཡུལ་ཡང་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །གནས་མེད་སྟོང་པ་ཉིད་ཀྱང་མེད། །ཅེས་པ་དང༌། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། །བྱ་ཆུབ་སྙིང་པོ་གོལ་སྒྲིབ་མེད་པ་ལ། །གོལ་དང་སྒྲིབ་པར་འཛིན་པར་ག་ལ་ཡོད། །གོལ་མེད་སྒྲིབ་པ་ཐམས་ཅད་ཡོངས་ཀྱིས་མེད། །ཆོས་ཀྱི་སྐུ་ནི་སྒྲིབ་དང་བྲལ་བ་ལ། །གོལ་སྒྲིབ་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཆོས་སྐུ་མ་སྐྱེས་རང་ལས་བྱུང་བ་ལ། །གཞན་ནས་འོང་དུ་རེ་བ་ཡོང་རེ་འཁྲུལ། །སྐྱེ་མེད་བསམ་དང་བྲལ་བའི་རིག་པ་ལ། །ཚིག་དང་ཡི་གེར་བསྟན་པ་འོ་རེ་བརྒྱལ། །ཅེས་པ་དང༌། ཡི་གེ་མེད་པ་ལས། བྱས་པ་མ་ཡིན་བྱེད་མཁན་ག་ལ་ཡོད། །བཅོས་པ་མ་ཡིན་བཅོས་པའི་བདག་པོ་མེད། །ལྟ་བ་མ་ཡིན་ལྟ་བྱེད་ཆོས་དང་བྲལ། །མཐོང་བ་མ་ཡིན་མཐོང་བྱེད་རྣམ་པར་གསལ། སྣང་བྱེད་མ་ཡིན་སྣང་བའི་ཕྱོགས་དང་བྲལ། །བྲི་བ་མ་ཡིན་ཐོགས་མེད་ཕྱོགས་བཅུར་ཁྱབ། །རྩོལ་བ་མ་ཡིན་རྩོལ་སྒྲུབ་ཆོས་དང་བྲལ། །གཅིག་པུ་མ་ཡིན་དུ་མའི་ཆོས་དང་བྲལ། །ཕྱི་དང་ནང་མེད་ཕྱི་ནང་མེད་པར་གསལ། །ཅེས་པ་དང༌། ཐུན་མོང་གི་གསང་བ་སྒྱུ་འཕྲུལ་ལས་ཀྱང༌། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །གནས་པ་མེད་ལས་ཐམས་ཅད་གནས། །གནས་ཙམ་ཉིད་ནས་གནས་པ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །འགྲོ་འོང་མེད་ལས་འགྲོ་དང་འོང༌། །འགྲོ་འོང་ཉིད་ནས་འགྲོ་འོང་མེད། །ཅེས་པ་དང༌། དཀོན་མཆོག་ཏ་ལ་ལའི་མདོ་ལས་ཀྱང༌། །དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ། །མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པས་ན། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་པ་དང༌། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་ཀྱང༌། ནམ་ཞིག་འཇིག་རྟེན་ཁམས་འདི་བྱུང་བ་དང༌། །བྱུང་ནས་ཞིག་སྟེ་སྟོང་པར་གནས་པ་ན། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང༌། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། མ་རིག་ནམ་མཁའ་ཇི་བཞིན་ཏེ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །རྟེན་མེད་གནས་མེད་ལེན་པ་མེད། །སྤྲུལ་འདྲ་ཡོངས་སུ་ཤེས་པར་གྱིས། །ཞེས་པ་དང༌། གསང་འདུས་ལས། དངོས་པོ་འདི་རྣམས་མ་སྐྱེས་པ། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུར་བདག་མེད་པའི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་རྒྱ་ཆེར་གསུངས་སོ། །གཉིས་པ་འཆིང་གྲོལ་གཉིས་སུ་མེད་པའི་རང་སེམས་སྟོང་པ་རྩ་བྲལ་ཆེན་པོར་ཐག་བཅད་པ་ལ་གཉིས་ཏེ། བྱུང་གནས་འགྲོ་གསུམ་གྱིས་བརྟགས་པས་སྤྱིར་བསྟན་པ་དང༌། གཅིག་དང་ཐ་དད་ལ་བརྟགས་པས་བྱེ་བྲག་ཏུ་ངེས་པར་བྱ་བའོ། །དང་པོ་ནི། གཤིས་མཐའ་གྲོལ་ནམ་མཁའ་ལྟ་བུ་ཡིན་མོད་ཀྱི། རང་གིས་ནང་དུ་མ་བརྟགས་ན་ཡིན་སྙམ་ཡིད་དཔྱོད་ལ་ལུས་པས་སྟོང་བསྒོམ་མུན་རྡོ་ལྟར་སོང་ནས། ཟང་ཐལ་རྗེན་པར་མི་རྟོག་པས་འཁོར་འདས་ཀྱི་ཤན་ཐང་མི་ཕྱེད་པའི་ཕྱིར། རྟོགས་པ་ངེས་ཤེས་སུ་འཆར་བ་ལ་སོ་སོར་རྟོག་པའི་ཤེས་རབ་དགོས་ཏེ། ཡི་གེ་མེད་པ་ལས། རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང༌། ཆོས་ཀྱི་་མན་ངག་ལ་ཐུག་ཅེས་གསུངས་པས། འདིར་བླ་མའི་མན་ངག་གིས་རྟོགས་པར་བྱ་བ་ལ་གསུམ་སྟེ། བྱུང་ས་བྱུང་མཁན་ལ་བརྟག་པ། གནས་ས་གནས་མཁན་ལ་བརྟག་པ། འགྲོ་ས་འགྲོ་མཁན་ལ་བརྟག་པའོ། །དང་པོ་ལ་གཉིས་ལས། བྱུང་ས་ཕྱི་སྣ་ཚོགས་ཡུལ་དུ་སྣང་བ་དང༌། ནང་ཕུང་པོ་གཟུགས་སུ་སྣང་བ་སྟེ། སེམས་དེ་གཉིས་གང་རུང་ལ་འཆར་དུས། ཕྱི་རུ་ཤར་ན་ཕྱིའི་ཡུལ། ནང་དུ་ཤར་ན་ནང་གི་ལུས། །ཚལ་པ་ཚལ་པར་ཕྱེ་ལ་རྡུལ་ཕྲན་ཆ་མེད་དུ་བརྟགས་པས། བྱུང་སའི་སྣང་ཡུལ་མེད་པར་མཐོང་དུས་དེ་ལས་སེམས་མ་བྱུང་བར་ངོ་ཤེས་པས་གཟུང་བ་ཡུལ་དུ་འཛིན་པའི་རྟོག་པ་གཞི་མེད་རྩ་བྲལ་ཆེན་པོར་ཐག་ཆོད། བྱུང་མཁན་ཤ་ར་ར་འོ་ལ་ལའི་སེམས་དང་སེམས་བྱུང་ཁོ་རང་ལས་ཁོ་རང་བྱུང་ན་སྐད་ཅིག་གི་ཤེས་པ་རྫས་གཉིས་སུ་འགྱུར་ལ། ཁོ་རང་ལས་གཞན་ལས་མ་བྱུང་བར་དཔྱད་ཟིན་པས། ད་བྱུང་ས་དེ་རང་བྱུང་དུ་བྱུང་ངམ་སྙམ་ན། ཁ་དོག་དང༌། དབྱིབས་དང༌། རྟགས་དང༌། མཚན་མ་དང༌། ཆེ་ཆུང་དང༌། ཕྱོགས་ཆ་ལ་སོགས་པ་ཅི་འདུག་བརྟགས་པས་གང་དུའང་མི་འདུག་སྟེ། བློས་བརྟགས་པ་ཙམ་གཞི་མེད་ཧར་སང་ཡེ་དག་ཏུ་སོང་དུས། ནང་འཛིན་པའི་རྟོག་པ་གཞི་མེད་ནམ་མཁའ་ལྟ་བུར་རང་གིས་རྟོགས་པས། ཆོས་དང་ཆོས་ཉིད་དུ་སྣང་བའི་གཟུང་འཛིན་ཐམས་ཅད་ཡུལ་མེད་རྟེན་བྲལ་ཆེན་པོར་དུས་དེའི་ཚེ་རྟོགས་པས། སེམས་དང་པོ་སྐྱེ་བ་མེད་པར་ཡེ་ནས་འདུག་པ་ལ་དེ་རིང་རྟོགས་པས་ཆོས་སྐུ་སྤྲོས་བྲལ་ཆེན་པོའི་དོན་ཁོང་དུ་ཆུད་པའོ། །གཉིས་པ་བར་དུ་གནས་ས་དང་གནས་མཁན། གསུམ་པ་ཐ་མར་འགྲོ་ས་དང་འགྲོ་མཁན་གཉིས་ཀྱང་དེ་ཁོ་ན་ལྟར་བཤིག་ནས་བརྟགས་པས། ལོངས་སྐུ་རང་གསལ་ཆེན་པོ་དང༌། སྤྲུལ་སྐུ་རང་གྲོལ་རང་ཤར་གྱི་དགོངས་པ་ལ་རེག་སྟེ། ཕྱི་ནང་ཡུལ་མེད་རིག་པ་རྟེན་མེད། གཟུང་འཛིན་གཞི་མེད། དགོངས་པ་བར་མེད་མཉམ་པའི་དོན་ཁོང་དུ་ཆུད་ནས། མ་བསྒོམས་ཆུ་བོ་རྒྱུན་གྱི་བསམ་གཏན་རང་སངས་མཉམ་པ་ཆེན་པོར་ཁོང་ནས་འཆར་བ་ནི། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང༌། བར་དུ་གནས་ས་ཐ་མ་འགྲོ་ས། །དེ་ལྟར་གསུམ་ལ་བརྟགས་དཔྱད་པས། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། ཞེས་སོ། །དེའི་ཚེ་ཕྱི་ཡུལ་དུ་སྣང་བ་ཐམས་ཅད་མེད་ལ་སྣང་བ་གཞི་མེད་སང་སེང༌། ནང་སེམས་སུ་རྟོག་པ་ཐམས་ཅད་ཤར་གྲོལ་རྗེས་མེད། སྣང་སེམས་འབྲེལ་མེད་ཟང་ཐལ་ཆེན་པོར་མཐོང་བས་ཆོས་ཟད་ཀྱི་དགོངས་པ་བློ་ཟད་ལ་ཤར་བ་ཞེས་བྱའོ། །འདི་དག་འཕགས་པ་དཀོན་མཆོག་བརྩེགས་པར་གསུངས་ཏེ། འོད་སྲུང་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་རྩོམ་པ། སེམས་དེ་ནི་ཕྱི་ན་ཡང་མི་དམིགས། ནང་ན་ཡང་མི་དམིགས། དེ་གཉིས་ཀའི་བར་ན་ཡང་མེད་ཅིང་མི་དམིགས་ཏེ། སྔོན་པོར་མ་ཡིན། སེར་པོར་མ་ཡིན་ཅེས་བྱ་བ་ལ་སོགས་པ་ནས། དེ་ལ་བརྩོན་འགྲུས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་སོ་ཞེས་པའི་བར་དུ་གསུངས་སོ། །གཉིས་པ་གཅིག་དང་ཐ་དད་པ་བརྟག་པ་ནི། སེམས་ཀྱི་ཁང་བུ་བཤིག་པའི་མན་ངག་སྟེ། དེ་ཡང་སེམས་ཞེས་བྱ་བ་འདི་ཡོད་ན་རྒྱུ་ཅི་ལས་བྱུང་བ་དང༌། མེད་ན་འགྱུ་བ་དང་དྲན་ཤེས་ཀྱི་འཁོར་ལོ་འདི་ཅི་ཡིན་པ་དང༌། དྲན་ཤེས་ཀྱི་རྣམ་པ་འདི་དག་རྐྱེན་གང་ལ་བརྟེན་ནས་བྱུང་བ་དང༌། རྐྱེན་མེད་ན་དྲན་ཤེས་གློ་བུར་བ་འདི་དག་མི་རིགས་པ་དང་ གལ་ཏེ་སེམས་འདི་ལུས་དང་གཅིག་ཏུ་ཡོད་ན་ལུས་འཇིག་དུས་སེངས་ཀྱང་འཇིག་པར་འགྱུར་བ་དང༌། མེད་ན་རྗེས་སུ་འགྲོ་ལྡོག་མ་ངེས་པས་ལུས་ཀྱི་ན་ཚ་སེམས་ཐོག་ཏུ་འོང་བ་དང༌། སྐྱེ་བ་སྔ་ཕྱིའི་འཁོར་ལོ་འོང་བར་མི་རིགས་པ་དང༌། སེམས་ཞེས་བྱ་བ་འདིར་གཅིག་ན་ནི་འགྲོ་བ་གཅིག་གི་དབང་པོ་འགགས་པས་འགྲོ་བ་གཞན་ཡང་འཆི་བར་རིགས་པ་དང༌། གཅིག་མིན་ན་འགྲོ་བའི་གཟུགས་ཐ་དད་པ་ལྟར་འགྲོ་བའི་སེམས་དངོས་པོ་ཐ་དད་པར་རིགས་པ་དང་ཐ་དད་ན་ལུས་གཅིག་གི་ནང་ན་སྲིན་བུ་ལ་སོགས་པའི་སྲོག་ཆགས་དེ་ཀུན། སྐྱེས་བུ་གཅིག་ཚེའི་དུས་བྱས་དུས་འཚོ་བར་རིགས་པ་དང༌། གལ་ཏེ་གཅིག་ཡིན་ན་ལུས་གཅིག་ལ་ཕྱི་ནང་གི་སེམས་ཅན་དཔག་ཏུ་མེད་པ་འོང་བ་འདི་ཅི་ཡིན་པ་དང༌། གལ་ཏེ་སེམས་འདི་ལ་ལྡོག་ས་ཡོད་ན། དང་པོ་རྒྱུ་ཡོད་དགོས་པས། རྒྱུ་ཡོད་ན་འདུས་བྱས་མི་རྟག་པས་སླར་འཇིག་པས་ལས་ལ་བཟང་ངན་མེད་པར་རིགས་པ་དང༌། ལྡོག་པ་མེད་ན་ནི་སེམས་ཅན་གྱི་ཕུང་པོ་དཔག་ཏུ་མེད་པ་འདི་དག་འོང་བར་མི་རིགས་པ་དང༌། སེམས་དེ་སྣ་ཚོགས་པ་ཡིན་ན་ནི་འགྲོ་བ་ལ་རང་གཞན་གྱི་རྟོག་པ་ཐང་ཅིག་ཏུ་འོང་བར་མི་རིགས་པ་དང༌། ཕན་ཚུན་འཆོལ་བས། རང་རྒྱལ་བ་དང༌། མ་ཤི་བ་དང༌། སྡུག་བསྔལ་མེད་པ་དང༌། འཁོར་དང་ལོངས་སྤྱོད་ལ་སོགས་པ་ལྡན་ན་དགའ་བ་དང༌། གཞན་ཕམ་པ་་ལ་སོགས་པ་ཀུན་འདུ་ཤེས་མཐུན་པར་འོང་བ་མི་རིགས་པ་དང༌། གལ་ཏེ་ཐ་དད་པ་ཡིན་ན་ནི། འགྲོ་བ་མང་པོ་ཡོད་པས། འགའ་ཞིག་ལ་གཞན་དང་མཐུན་པར་རང་འཕམ་པ་དགའ་བ་ལ་སོགས་པ་འོང་བར་རིགས་པ་དང༌། གཅིག་ཁོ་ནར་སེམས་པ་ཡིན་ན་ཅི་གཅིག་ཤི་བས་ཀུན་ཤི་བའམ། གཅིག་སྐྱེས་པས་ཀུན་སྐྱེ་བར་རིག་པའམ། དེ་ལྟར་རྣམ་པ་དུ་མའི་སྒོ་ནས་རང་གི་སེམས་ལ་གཅིག་དང་ཐ་དད་ཀྱི་རྒལ་བས་བརྟགས་ཏེ་བཙལ་བས། གང་ཡང་མ་རྙེད་པ་ནི་ཆོས་ཉིད་ཀ་ནས་དག་པའི་དོན་ཤེས་རབ་ཀྱི་དབང་པོས་རྟོགས་པ་སྟེ། སེམས་ལ་རྒྱུ་མེད་དེ་ལྡོག་མི་སྲིད་པས་ལས་ཀྱི་བསགས་པ་ལ་མཐའ་མེད་པར་ཡིད་ཆེས་པ་དང༌། སེམས་ལ་རྒྱུ་ཡོད་ན་འབྲས་བུ་འོང་དགོས་ཏེ། འབྲས་བུ་འཁོར་བ་ཡིན་ན་མ་དག་པས་གྲོལ་མི་སྲིད། འདས་པ་ཡིན་ན་འཁོར་བ་འོང་བར་མི་རིགས། གཉིས་ཀ་ཡིན་ན། འཁོར་འདས་ཐ་དད་པ་ལྟར་སེམས་ཀྱང་ཐ་དད་པར་འགྱུར་ལ། གལ་ཏེ་ཐ་དད་ན། ལུས་སེམས་ཐ་དད་པ་བཞིན་དུ་དྲན་བསམ་གྱི་རིགས་གཅིག་ཏུ་འདུས་པའི་འདོད་པའང་ཐ་དད་དུ་མར་འགྱུར་བ་ལས། རིགས་གཅིག་ཏུ་འདུ་བས་ཤེས་སོ། །ཡང་སེམས་ལ་རྒྱུ་མེད་ན་སེམས་འདི་དག་མི་རིགས་སོ་ཞེ་ན། འདི་དག་ནི་སེམས་ཀྱི་རྒྱུ་ལས་བྱུང་བ་མེད་དེ་བློ་མ་ཡིན་པས། སེམས་ལས་བྱུང་བ་་མ་ཡིན་ན་སེམས་འདི་ཉིད་དུ་གནས་པ་ཙམ་ལ་མ་རྟོགས་པ་མེད་དེ། འདི་དག་ནི་སྐྱེ་བ་དང༌། འཆི་བ་དང༌། གནས་པ་ལ་སོགས་པ་ཟད་པ་ཡང་མ་ཡིན་ལ། འཕེལ་བ་ཡང་མ་ཡིན་པས་ན། ལུང་ལས། མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། ཅེས་པ་དང༌། ཡང༌། སེམས་ཅན་ཁམས་ཀྱི་རང་བཞིན་དེ་ཡང་མ་མཐའ་མེད། །ཅེས་གསུངས་པས་སོ། །དེ་ལྟར་རྒྱུ་མེད་པས་སེམས་ལ་འཕེལ་བ་མེད་པར་ཤེས། འཕེལ་བ་མེད་པས་སྐྱེ་བ་མེད་པར་ཤེས། སྐྱེ་བ་མེད་པས་འཆི་བ་མེད་པར་ཤེས། དེ་ཤེས་པ་ལས་ལ་བའང་ངན་མེད་པར་ཤེས་ཏེ། སྡུད་པ་ལས། ཡོད་ང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། ཞེས་སོ། །དེ་ལྟར་ཡེ་གདོད་མ་ནས་རང་གད་མེད་པར་ཤེས་པས་ན། གཟོད་ནས་དག་པས་སེམས་ཅན་སྐྱེ་བར་ག་ལ་འགྱུར། ཅེས་འབྱུང་བ་ཡིན་ནོ། །དེ་ཡང་སེམས་ལ་རྐྱེན་མེད་པ་སྟེ། ཡོད་ན་སྣང་བ་སྣ་ཚོགས་སུ་སྣང་བ་བཞིན་དུ་སེམས་ཀྱང་རྐྱེན་གྱིས་ཁ་དོག་ལ་སོགས་པ་སྣ་ཚོགས་སུ་འགྱུར་ལ། སེམས་ཐ་དད་དུ་སོང་བས་དྲན་བསམ་གཅིག་ཏུ་མི་རིགས་ལ། སེམས་ལ་རྐྱེན་ཡོད་ན་གཏན་འཇིག་པར་འགྱུར་བས། སེམས་ཀྱི་ལས་འབྲས་མེད་པར་ཐལ་བ་དང༌། སེམས་ཞིག་ཀྱང་དེའི་ལས་ཡོད་ན། ཧ་ཅང་འགལ་ཏེ། ལུས་ཀྱི་ཁ་དོག་དང་སྐྱེ་མཆེད་ལེགས་ཉེས་ཀུན་ལུས་ཞིག་ཀྱང་གནས་སོ་ཞེས་བརྗོད་པ་དང་མཚུངས་སོ། །དེས་ན་སྒྱུ་མ་ལྟར་གནས་པ་ཙམ་གྱིས་གསལ་ལོ། །རྐྱེན་མེད་ན་ད་ལྟ་དྲན་བསམ་སྣ་ཚོགས་པ་འདི་ཅི་ལས་བྱུང་ཞེ་ན། ད་ལྟའི་དྲན་བསམ་འདི་རྐྱེན་ལས་བྱུང་བ་མ་ཡིན་ཏེ། གློ་བུར་བ་མདང་གི་རྨི་ལམ་གྱི་ནོར་བུ་རྙེད་པ་ལ་དགའ་བ་དང་བདེན་པར་འཛིན་པ་ལས། སད་དུ་ཅི་ཡང་མེད་པ་ལྟར། ད་ལྟའི་དྲན་བསམ་ཡང་བདེན་པར་བཟུང་ནས་ཞེན་རུང་དེའི་རྗེས་ལ་ཅི་ཡང་མེད་པས་གནས་སྐབས་ཀྱི་བདེན་བརྫུན་ལྟར་སྣང་བ་ལས་གྲུབ་པ་མེད་དོ། །དཔེར་ན་ནམ་མཁའི་སྤྲིན་སྣ་ཚོགས་གློ་བུར་དུ་འཁྲིགས་པ་དེ་གར་སོང་ཆ་མེད་གློ་བུར་དུ་ཡལ་བ་དང་འདྲ་བར། སྤྲིན་དེ་ནམ་མཁའ་ལ་མེད་ཀྱང་དེའི་ངང་ན་སྣང་བ་ལྟར། རྐྱེན་དང་རྒྱུ་སེམས་ལ་མེད་ཀྱང་སྣང་སྣང་འདྲ་དུས་རྒྱུ་རྐྱེན་མེད་དེ་གཅིག་དང་དུ་མ་དང་དུས་གསུམ་གྱི་བརྟགས་པས་མེད་པར་ངེས་ཏེ། རྩ་བ་ཤེས་རབ་ལས། ས་བོན་ཞིག་དང་མ་ཞིག་ལས། །མྱུ་གུ་སྐྱེ་བ་མ་ཡིན་ཏེ། །ཁྱོད་ཀྱིས་ཆོས་རྣམས་ཐམས་ཅད་ནི། །སྒྱུ་མ་འབྱུང་བ་བཞིན་དུ་བསྟན། །ཅེས་པ་དང༌། རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཅེས་པས་སོ། །ཀུན་བྱེད་ལས་ཀྱང༌། རྒྱུ་དང་རྐྱེན་མེད་ཞི་བ་མཆོག་གི་ལམ། །ཞེས་པ་ལ་སོགས་པ་བཤད་དོ། །དེའི་ཕྱིར་སེམས་ཡོད་ན། །དངོས་པོ་གཟུགས་ཅན་དུ་ཡོད་དམ། གཟུགས་མེད་དུ་ཡོད། གཟུགས་ཅན་དུ་མེད་དེ་ཡོད་ན་དབང་པོའི་མངོན་སུམ་ལ་བལྟར་རུང་བ་ལས་བལྟར་རུང་མ་དམིགས་པའི་མངོན་སུམ་ཚད་མས་གསལ་ལོ། །གཟུགས་མེད་དུ་ཡོད་ན་ཅིས་ཤེས། འགྱུ་བ་ཤེས་སོ་ཞེ་ན། འགྱུ་བ་དེ་ཁོ་དགོ་དང་ཕྱོགས་ཆ་དང༌། འདས་མ་འོངས་ད་ལྟ་གསུམ་ཕྲད་པ་བརྟགས་པས་མ་གྲུབ་སྟེ། འགྱུ་བ་སྔ་མ་དང་ད་ལྟའི་འགྱུ་བ་ཕྲད་ན་ཕྲད་ཆའི་དྲན་བསམ་སྔ་མ་དེ་ད་ལྟ་མ་འགགས་པར་ཡོད་དགོས་ལ། ཡོད་ན་སྔ་མ་ཡིན་པར་འགལ་ཞིང༌། ད་ལྟའི་སྔ་མ་དང་ཕྲ་ཆ་དེ་འགགས་པར་ཐལ་ཞིང་མ་ཕྲད་ན་ད་ལྟའི་དྲན་བསམ་རྒྱུ་མེད་འགྱུ་བར་མི་རིག་པར་ཐལ་བས་ཁེགས་སོ། །འགྱུ་བ་ནི་གཅིག་ཡིན་ནམ་ཐ་དད་ཡིན། གཅིག་ན་སྣ་ཚོགས་པར་འགྱུ་བ་ཉམས་ལ། ཐ་དད་ན་འགྱུ་བྱེད་གཅིག་ཡིན་པས་ཉམས་སོ། །དེས་ན་སེམས་ཡོད་པར་མ་གྲུབ་སྟེ། རྩ་བྲལ་ནམ་མཁའ་འདྲ་བར་རྟོགས་པས། སྐྱེ་བ་དང་སྐྱེ་གཞི་མེད་པས་ལྡོག་པའི་ས་མེད་དོ། །ནམ་མེད་ན་དྲན་བསམ་སྔ་ཕྱིའི་བར་དུ་ངོ་སྤྲད་པས་དེར་ཡལ་བས་སེམས་ལ་གཞི་མེད་པར་ངོ་ཤེས། དེ་ཤེས་པས་ལྡོག་ས་མེད་པར་ཡིད་ཆེས། དེ་ཤེས་པས་ཁམས་གསུམ་མིང་མེད་ཆེན་པོར་ཐག་ཆོད། དེ་ཆོས་པས་ལས་དགེ་སྡིག་གི་ཕན་གནོན་མེད་པར་བློ་བདེ་བའོ། །ཡང་སྣང་ཤེས་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་རྒྱུ་དང་མཚན་ཉིད་དུ་མ་གྲུབ་པར་ངོ་ཤེས། དེ་ཤེས་པས་སེམས་ཉིད་སྟོང་པ་ལ་ངོས་གཟུང་མེད་པར་ཡིད་ཆེས། དེ་ཆེས་པས་སེམས་ཞེས་རྒྱུ་རྐྱེན་ལས་མ་བྱུང་བར་ཐག་ཆོད། དེ་ཆོས་པས་དྲན་བསམ་གློ་བུར་གྱི་རྟོག་པས་ཕན་གནོད་མེ་པར་བློ་བདེ་བའོ། །ཡང་བློ་བདེ་བའོ། །ཡང་བློ་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་རྩ་བ་མེད་པར་ངོ་ཤེས། དེ་ཤེས་པས་སེམས་ཉིད་གཅིག་གི་འཁོར་ལོ་ལ་སྤྲོས་པ་ཐ་དད་མེད་པར་ཡིད་ཆེས། དེ་ཆེས་པས་བྱས་པའི་ཆོས་ཀྱིས་སངས་མི་རྒྱ་བར་ཐག་ཆོད། དེ་ཆོད་པས་སེམས་མེད་པའི་དོན་ལས་མ་རྟོགས་པའི་ལོགས་པ་མེད་པས་བླ་བདེ་བའོ། །ཡང་ཆོས་ཉིད་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་སྐྱེ་བ་མེད་པར་ངོ་ཤེས། དེ་ཤེས་པས་བག་ཆགས་ལུས་ཀྱི་ཀུན་གཞིས་མི་གནོད་པར་ཡིད་ཆེས། དེ་ཆེས་པས་ད་སེམས་སྐྱེ་མི་སྲིད་པར་ཐག་ཆོད། དེ་ཆོས་པས་དེ་སེམས་ཀྱི་ཁང་བུ་ཞིག་སྟེ་ལྡོག་པ་དང་ལྡོག་རྟེན་མེད་པར་བློ་བདེ་བའོ། །དེ་ལྟར་སེམས་ཡས་པའི་དུས་བཞི་པོའི་ཚད་ཟིན་པས སངས་རྒྱས་མེད་པས་སངས་རྒྱས་མིང་ཙམ་དུ་ཡང་མེད་དེ། འབྲས་བུ་ལ་རེ་བ་འཛིན་པའི་བློ་ལྡོག །དེ་ལོག་པས་ལམ་འབད་རྩོལ་དུ་བྱེད་པའི་ཆོས་མེད་དོ། །དེས་ན་མེད་པའི་ཆོས་ལ་ཅི་ཡང་མེད་པས་འཁོར་འདས་སུ་བཏགས་པ་མིང་ཙམ་ལས་དོན་ལ་མ་རྙེད་པ་ལ་གྲོལ་བའི་ཚད་ཅེས་བྱའོ། །དེའི་ཕྱིར་ན་སེམས་ཉིད་མེད་པ་ལ་ཅི་ཡང་མེད་པས། སེམས་ལ་རྒྱུ་མཚན་མེད་པས་བལྟར་མེད་ལ། དེ་ལྟར་མེད་པའི་ངོ་སྤྲད་པ་བཞི་བསྐོར་ལ། ཆོས་ཅན་བཅུ་དྲུག་ཏུ་རིག་པ་ནི། སེམས་ཀྱི་ཁང་བུ་བཤིག་པ་སྟེ། དཔེར་ན་བྱིས་པའི་ཁང་བུ་བརྩིགས་ཀྱིན་འཇིག་པ་དང་འདྲའོ། །དེ་ཡང་བྱ་བས་བྱ་བ་འཇིག་པ་ལྕགས་ཀྱིས་ལྕགས་འཇིག་པ་དང་འདྲ་ལ། མི་རྟག་པས་མི་རྟག་པ་འཇིག་པ་སྒྱུ་མའི་མིས་སྒྱུ་མའི་གྲོང་ཁྱེར་བཅོམ་པ་ལྟ་བུ་དང་ བྱས་པས་མི་རྟག་པ་འཇིག་པ་རོ་ལ་རོ་བརྩེགས་པ་ལྟ་བུ་དང༌། མི་རྟག་པས་བྱས་པ་འཇིག་པ་རིག་པ་ད་ལྟར་བས་མ་རིག་པ་སྔ་མ་འཇིག་པ་ལྟ་བུའོ། །དེ་ལྟར་ན་སེམས་ཀྱིས་སེམས་བཤིག་པས་གཉིས་ཀ་རྗེས་མེད་དུ་ཞིག་པ་ཆུ་ལ་ཡི་གེ་བྲིས་པ་ལྟ་བུ་དང༌། མེད་པས་མེད་པ་བཙལ་ཡང་མི་རྙེད་པ་དབུལ་པོའི་ཁྱིམ་ན་ཡིད་བཞིན་གྱི་ནོར་བུ་མེད་པར་བཙལ་ཀྱང་རྙེད་པའི་གནས་མེད་པ་དང་འདྲ་བར། སེམས་མེད་པ་ལ་གཞིག་པའི་གནས་མེད་པ་ནི། དཔེར་ན་རྡིབ་པའི་ཚེ་ཆུ་ལ་འཛིན་པའི་གནས་མེད་པ་དང་འདྲའོ། །དེའི་ཕྱིར་ན་སེམས་མེད་པའི་དོན་མ་ཤེས་པར། ལྟ་སྒོམ་སྤྱོད་པ་སེམས་ལ་འཚོལ་བ་ནི། བདེ་ཆེ་ཐར་པའི་བསྟན་པ་རྙེད་དུས་མེད་དེ། གྲུ་རྡིབ་པས་ཆུ་ལ་འཇུས་པ་ལྟར། སེམས་མེད་པ་ལ་ཡོད་པར་རྟེན་བཅས་པ་དེ་ཉིད་ཀྱིས་སླུ་ཞིང་འཆིང་བར་ཅེས་སོ། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས་ཀྱང༌། །སྣང་བ་ཆོས་སྐུར་འདོད་པ་ང་ལ་སྒྲིབ་པ་ཡིན། །ཅིར་སྣང་སེམས་སུ་འདོད་པ་ང་ལ་སྒྲིབ་པ་ཡིན། རང་བྱུང་གཞན་འདོད་པ་ང་ལ་སྒྲིབ་པ་ཡིན། །ཅེས་སོ། །འོ་ན་སེམས་ཡལ་ཞེས་ཡོད་པ་དེ་མེད་པར་སོང་བ་མ་ཡིན་ནམ་ཞེ་ན། ཡལ་བ་ནི་སྔར་བཞིན་དཔྱད་ན་མ་གྲུབ་པ་དང༌། མ་དཔྱད་ནའང་གློ་བུར་གྱི་དྲན་བསམ་གྱི་རྟོག་པ་ཡལ་བ་ལས། སེམས་རང་རྒྱུད་པ་ཡོད་ནས་མེད་པར་སོང་བ་མེད་དེ། ཡལ་རྒྱུ་དང་ཡལ་རྐྱེན་གང་དུ་ཡང་མེད་དོ། །འོ་ན་སེམས་ཀྱི་ཁང་བུ་བཤིག་པ་ལ་དགོས་པ་མེད་དེ་བཤིག་རྒྱུ་མེད་པའི་ཕྱིར་རོ་ཞེ་ན། སེམས་ཡེ་ནས་མེད་པ་ལ། མེད་པའི་གནས་ལུགས་རྟོགས་པར་བྱེད་པ་ཙམ་ལས། སེམས་ཀྱི་ཁང་བུའི་གཞིའམ་དངོས་པོ་ཡོད་པ་ནི་མིན་ཏེ། དྲན་པའི་ཁུངས་ཆོས་ཉིད་དུ་སོང་བས། མེད་པ་གོ་བར་བྱས་པ་ལ། ཁང་བུ་བཤིག་ཅེས་ཐ་སྙད་དུ་བྱས་ཏེ། ཡོད་པ་བཤིག་པ་ནི་གང་ཡང་མེད་དོ། །དེའི་ཕྱིར་ན་ཐ་སྙད་ཀྱི་འབྲས་བུ་ཞེས་སྣང་བ་ཡུལ་གྱི་གནད་གང་སྣང་གི་སྟེང་དུ་བཞག་པས། བེམས་པོའི་སྣང་བ་དེར་འཛིན་མེད་པས་ཡུལ་སེམས་གཉིས་མེད་ཀྱི་འབྲས་བུ་དང༌། ཤེས་པ་གང་འགྱུས་ཀྱི་སྟེང་དུ་བཞག་པས། སེམས་ཀྱི་ཁང་བུ་རང་ཞིག་པས་འགྱུ་བ་རྟོག་སངས་ཀྱི་འབྲས་བུ་དང་ དེ་ལྟར་བེམས་རིག་གཉིས་མེད་ཟུང་འཇུག་ཡེ་ཤེས་ཀྱི་ཡལ་ས་ངོས་ཟིན་པས་མེད་པའི་འབྲས་བུའོ། །དེ་ལྟར་འབྲས་བུ་གསུམ་གྱི་དུས་ཀྱང་ཡལ་དུས་ངོ་སྤྲད་པའི་གནད་བཞི་ལ། མེད་པའི་ཆོས་བཅུ་དྲུག་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེའང་གསང་ཆེན་ངེས་པ་སྙིང་ཐིག་གི་ཁྲེགས་ཆོད་སེམས་ཡེ་མེད་རང་སངས། འགྱུ་བ་གློ་བུར་ཡེ་གྲོལ་དུ་ཤེས་པ་དང༌། མན་ངག་གཞན་དང་སེམས་དོན་དམ་དུ་མེད། ཀུན་རྫོབ་ཏུ་ཡོད་པར་བརློམས་ནས། ལྟ་སྒོམ་སེམས་ལ་ལམ་བྱེད་གཉིས། །རང་གྲོལ་རང་ཤར་རང་གཞག་ཙམ་དུ་མི་མཐུན་ཡང༌། དོ་མི་མཐུན་ཏེ། འདིར་ཡེ་མེད་དུ་བྱེད་པ་དང༌། གཞན་དུ་ཡོད་པ་མེད་པར་འདོད་པས་སོ། །ཟུང་འཇུག་ཀྱང༌། གཞན་དུ་ཡོད་པ་གཉིས་གཅིག་ལ་གཅིག་འབྲེལ་ཡི་ཟུང་འཇུག་འདོད་པ་དང༌། འདིར་ཡེ་མེད་པས་ཟུང་དུ་འཇུག་རྒྱུ་མེད་ལ། མེད་པའི་ངོ་བོ་ལ་ཐ་དད་རིས་སུ་མེད་པ་གཉིས་ཐ་མི་དད་པས་གཉིས་མེད་ཟུང་འཇུག་ཅེས་བྱའོ། །གནད་འདི་ནི་ཐེག་པ་ཀུན་ལས་རྩེ་མོར་གྱུར་པའི་གནད་ཁམ་ཡང་ཆེ་ལ་གལ་ཡང་ཆེ་བ་སྟེ། འདི་ལས་སྣང་བ་སེམས་སུ་མི་འདོད་པ་དང༌། སེམས་ཡོད་མ་མྱོང་གཞི་སངས་ཆེན་པོར་བསྟན་པ་ཡིན་ནོ། །འདི་ལ་བརྟེན་ནས་སྣང་བ་སེམས་སུ་ངོ་སྤྲད་པ་དང༌། སེམས་ཉིད་སྟོང་པར་ངོ་སྤྲད་པའི་མན་ངག་སྙིང་ཏིག་གི་དགོངས་པ་ཡིན་པར་ཤེས་པར་བྱའོ། །མན་ངག་འགའ་ཞིག་ཏུ་དེ་ལྟར་བྱུང་སྲིད་ན་འོག་མ་དྲང་བ་ཙམ་ལས་ངེས་དོན་མ་ཡིན་པར་ཐག་བཅད་དོ། །གསུམ་པ་ཡུལ་སྣང་བློའི་མེ་ལོང་དུ་ཤར་བས་ཚོགས་དྲུག་མཉམ་པ་ཆེན་པོར་ཁྱབ་གདལ་བ་ནི། ཕྱི་སྣང་བ་སྣ་ཚོགས། ནང་དྲན་རྟོག་གློ་བུར། དབང་པོ་དྲུག་སྣང་ཡུལ་དང་བཅས་པ་ཐམས་ཅད། མེད་པ་གསལ་སྣང་ཙམ་ལས། དོན་ལ་ཕྱི་ནང་གང་ན་ཡང་མེད་པ་རབ་རིབ་ཅན་གྱི་སྐྲ་ཤད་དང༌། སྒྱུ་མ་དང༌། མིག་འཕྲུལ་དང༌། སྤྲུལ་པ་ལྟ་བུར་བློ་ལ་སྣང་ཡང༌། སྣང་དུས་དེ་ཉིད་ནས་ཡོད་མེད་ཀྱི་མཐའ་ལས་འདས་པར་ཤེས་པར་བྱ་སྟེ། སྣང་བའི་ངོས་ནས་ཇི་ལྟར་བཏགས་ཀྱང་མི་འགལ། ཡིན་དུ་ཆུག མིན་དུ་ཆུག །ཡོད་དུ་ཆུག མེད་དུ་ཆུག སྣང་དུ་ཆུག སྟོང་དུ་ཆུག འཁྲུལ་དུ་ཆུག གྲོལ་དུ་ཆུག བཟང་དུ་ཆུག ངན་དུ་ཆུག སེམས་སུ་ཆུག གཞན་དུ་ཆུག གང་ལྟར་བཏགས་ཀྱང༌། སྟོང་པའི་ངོས་ནས་ཇི་ལྟར་བཏགས་པ་དེ་ཉིད་ཀྱིས་ཐོག་མར་སྟོང་སྟེ། བཏགས་པ་སེམས་ཡིན། སེམས་མེད་པ་ཡིན། མེད་པ་ལ་འདོགས་མཁན་མེད་པས་རྨི་ལམ་གྱི་བྱ་བྱེད་དང་སྒྱུ་མའི་བྱ་བྱེད་བཞིན་ནོ། །སྣང་བ་དང་འཆར་བ་དང༌། དགེ་བ་དང་མི་དགེ་བ་ལ་སོགས་པ་དེ་ཉིད་གློ་བུར་བ། དེའི་ངོ་བོ་གཞི་མེད་རང་སངས། རིག་པའི་ཡེ་གདངས་ཆ་ལ་ཡོད་པས་ངོས་ཟིན་ན་དགོངས་པ་ཆོས་ཉིད་ཕྱོགས་ཡན་ལས་འཆུགས་ས་མེད་དེ། སྣང་སྲིད་འཁོར་འདས་ཀྱི་ཆོས་སོ་ཅོག་རིག་པའི་ངང་ན་མེད་པ་གསལ་སྣང་གི་སྣང་བ་ཆེན་པོར་རང་ཤར་རང་སྣང་བ་ནི། འབྱུང་བཞིའི་སྣང་བ་་ནམ་མཁའི་ངང་ན་གནས་པའམ། རྨི་ལམ་སྣ་ཚོགས་གཉིད་དང༌། གཉིད་རིག་པའི་ངང་ལས་མ་གཡོས་པ་བཞིན་ཏེ། ཐམས་ཅད་རིག་པའི་ངོ་ལ་རང་སྣང་ཡང༌། རིག་པས་འཁྲུལ་སྣང་འཁོར་བ་མ་མཐོང། དག་སྣང་འདས་པ་མ་མཐོང། འཁོར་འདས་ཀྱིས་རིག་པ་མ་མཐོང༌། ཐམས་ཅད་གཞི་མེད་མཉམ་པ་ཆེན་པོའི་ངང་ལ་གཡོས་པ་མེད་དེ། ངོ་བོར་མ་གྲུབ་པས་མཐོང་བ་དང་མཐོང་བྱེད་ལས་འདས་ལ། རིག་པའི་ངང་ནས་ཤར་བས་འཁོར་འདས་རིག་པའི་རང་གདངས་སམ་རོལ་པ་ཞེས་བཏགས་པ་ཙམ་སྟེ། ཡོད་མེད་མཐའ་གྲོལ་ཆེན་པོ། བཏགས་པ་མི་འགལ། དོན་ལ་མ་གྲུབ། མེད་པ་གསལ་སྣང་ཙམ་དུ་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཤར་བ་སྟེ། ཀློང་དྲུག་པ་ལས། དྲི་མ་མེད་པའི་སེམས་ཉིད་ལ། །ཡུལ་རྐྱེན་བྲལ་བའི་སྣང་བ་ནི། །རང་དག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་པ་དང༌། ནོར་བུ་འཕྲ་བཀོད་ལས། ཅི་ཡང་མེད་པའི་དངོས་པོ་ནི། །གང་གི་ཕྱོགས་སུ་མ་ལྷུང་བ། །ཅིར་ཡང་འཁྲུལ་པའི་དངོས་པོ་ནི། །མཐུན་སྣང་ཙམ་དུ་སྣང་བར་ཟད། །འོན་ཀྱང་དེ་ཡི་དོན་མི་སྐྱེ། །ཆོས་དབྱིངས་རྒྱན་ལྟར་སྣང་བའོ། །ཞེས་པ་དང༌། སྟོང་པའི་ཡེ་ཤེས་ཆེན་པོ་ནི། །ཅིར་ཡང་མེད་ལས་ཅིར་ཡང་འཁྲུལ། །ཅེས་པ་དང༌། མུ་ཏིག་ཕྲེང་བ་ལས། དེ་ནི་ང་ཡིན་འགྲོ་བ་ཡིན། །སེམས་ཡིན་སེམས་ལས་བྱུང་བ་ཡིན། །དུ་མ་ཡིན་ལ་ཉག་གཅིག་ཡིན། །འཁོར་བ་མྱང་འདས་ང་རང་ཡིན། །དཀྱིལ་འཁོར་ལ་སོགས་རིམ་འཇུག་ཡིན། །ཆོས་ཡིན་ཆོས་སུ་སྣང་བ་ཡིན། །གནས་པ་ཡིན་ལ་འགྲོ་བ་ཡིན། །འདུག་དང་ཉལ་དང་འཆགས་པ་ཡིན། །སྲོག་ཡིན་གཅོད་པ་ཉིད་ཀྱང་ཡིན། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །མདོར་ན་ཇི་ལྟར་སྣང་བ་ཡི། །ཆོས་ཀུན་དེ་ལས་བྱུང་བའོ། །ས་ཆུ་མེ་རླུང་ནམ་མཁའ་ཡི། །འབྱུང་བ་ཆེ་རྣམས་དེ་ལས་བྱུང༌། །ཞེས་པ་ནས། དེ་ལྟར་གནས་པའི་ཆོས་ཉིད་ལ། །འཁྲུལ་པ་གདོད་ནས་མེད་པ་སྟེ། །ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །གློ་བུར་སེམས་ཅན་སྤྲིན་གྱིས་བསྒྲིབས། །མ་འཁྲུལ་གནས་པའི་ཆོས་ཉིད་ཀྱང༌། །བློ་ལ་འཁྲུལ་པའི་ཚུལ་དུ་སྣང༌། །ཞེས་པ་ནས། སེམས་ཅན་ཉོན་མོངས་ལྔ་ཉིད་ནི། །དོན་ལ་ཡོད་པ་མ་ཡིན་ཏེ། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །གློ་བུར་རྐྱེན་དང་བཅས་པ་ཉིད། །སྤྲིན་དེ་ནམ་མཁའ་ཉིད་ལས་བྱུང༌། །དེ་བཞིན་ནམ་མཁར་ཐིམ་ཤེས་ནས། །དབྱེར་མེད་གཅིག་གི་ངང་ཞེས་བྱ། །དེ་བཞིན་ཉོན་མོངས་དྲི་མ་ཉིད། །རང་བྱུང་རང་ཞི་ཉིད་ཤེས་ན། །སེམས་ཅན་འཆིང་བར་ག་ལ་འགྱུར། །ཅེས་པ་དང༌། སྣང་ཚུལ་མ་གྲུབ་པ་ལྟར། འཛིན་པར་སྣང་ཡང་གང་དུའང་མ་གྲུབ་པས། གཏད་མེད་ཆེན་པོར་བསྟན་པ་ཡང༌། རིན་ཆེན་སྤུངས་པ་ལས། གནས་པ་མེད་པའི་སེམས་ཉིད་འདི། །འགྲོ་ས་མེད་པ་ཡ་རེ་ཆ། །ཀུན་ཏུ་འཇུག་པའི་ཡིད་དྲུག་ལ། །བརྟེན་པའི་ས་མེད་ཡ་རེ་ཆ། །ཐམས་ཅད་སྡུད་པའི་ཀུན་གཞི་ལ། །བཞག་པའི་ས་མེད་ཡ་རེ་ཆ། །འཁོར་ཞིང་འཁྲུལ་པའི་མ་རིག་ལ། །འགྱུར་བའི་དབང་མེད་ཡ་རེ་ཆ། །ཐམས་ཅད་ཡུལ་ཞེན་ཉོན་མོངས་ལ། །གཞི་རྩ་མེད་པ་ཡ་རེ་ཆ། །ཕྲ་དང་རགས་པའི་དྲི་མ་ལ། །འཆགས་ས་མེད་པ་ཡ་རེ་ཆ། །འབྱུང་བ་རགས་པའི་གཟུགས་རྣམས་ལ། །གཏད་པའི་ས་མེད་ཡ་རེ་ཆ། །སྐྱེས་བུ་རྟེན་པའི་ཚེ་སྲོག་ལ། །དུས་བཏབ་མེད་པ་ཡ་རེ་ཆ། །ཚོགས་དྲུག་ཡུལ་གྱི་སྣང་བ་ལ །རྟག་པ་མེད་པ་ཡ་རེ་ཆ། །སྐྱེས་བུའི་དྲན་བསམ་བྱུང་ཚོར་ལ། །ཟད་པ་མེད་པ་ཡ་རེ་ཆ། །ཞེས་པ་དང༌། ཡང༌། གཞི་རྩ་མེད་པའི་ཆོས་ཉིད་འདི། །མ་བཙལ་བཞག་པས་ངོ་མཚར་ཆེ། །འགྲོ་དང་འོང་བའི་རིག་པ་ལ། །ཐུག་པ་མེད་པ་ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ཡེ་ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། །ཞེས་པ་དང༌། ཐུན་མོང་གི་ཐེག་པ་འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང༌། ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལ། །སྐད་ཅིག་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང། །བྱུང་ནས་ཞིག་སྟེ་སྤྲིན་གྱི་དཀྱིལ་འཁོར་དེ། །ཐོག་མ་གང་ལས་བྱུང་བ་བརྟག་པར་གྱིས། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཇི་ལྟར་མི་དག་བྲག་རིའི་ཁྲོད་འདུག་སྟེ། །གླུ་ལེན་སྨྲ་དང་དགོད་དང་ངུ་བ་ལས། །རྐྱེན་ལ་བརྟེན་ཏེ་བྲག་ཅ་འབྱུང་མོད་ཀྱི། །སྒྲ་ལས་དབྱངས་དེ་ནམ་ཡང་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་རྒྱ་ཆེར་གསུངས་སོ། །དོན་གཉིས་པ་ཆོས་ཟད་བློ་འདས་ཀྱི་དགོངས་པ་ཟང་ཐལ་རྗེན་པའི་ཡེ་་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ་ལ་གསུམ་སྟེ། ཆོས་ཟད་བློ་འདས་ཀྱི་རིག་པ་ཟང་ཐལ་རྗེན་པར་ངོ་སྤྲད་པ། རང་གསལ་ངང་གནས་ཀྱི་དགོངས་པ་ཕྱམ་གདལ་ཆེན་པོར་བསྐྱང་བ། གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་ཀློང་གསལ་ཆེན་པོར་གཞག་པའོ། །དང་པོ་ནི། རང་བབས་ཀྱི་རིག་པ་རང་གསལ་དུ་རྗེ་ནེ་བཞག་ལ། ཕྱིར་མི་སྤྲོ། ནང་ནུ་མི་བསྡུ། བར་དུ་མི་བསམ་པའི་རང་ངོ་ལ་བལྟས་པས། ཕྱི་ནང་བར་མེད། རང་གསལ་རྗེན་པ། ལྟ་སྒོམ་གྱིས་མ་བསླད་པའི་ཆོས་སྐུ། རྣམ་རྟོག་གིས་མ་བསྐྱོད་པའི་ཡེ་ཤེས། སྤྲོས་བསྡུས་མ་བཟོས་པའི་དགོངས་པ། གསལ་བ་ལ་རྟོག་པ་མེད་པ། གནས་པ་ལ་འཛིན་པ་མེད་པ། ཡངས་པ་ལ་ཕྱལ་བར་མ་ཤོར་བ། མཉམ་པ་ལ་བར་མེད་པ། འཇུག་མཁན་མེད་པའི་རང་དངས་ཆེན་པོ། ཡེ་ནས་རང་བབས་ཀྱི་དགོངས་པ་ཆེན་པོ་ཆེ། དངས་ཤིང་སྟེང་པ་རྒྱ་མཚོ་ལྟ་བུ། གསལ་ཞིང་དག་པས་ཉི་ཟླ་ལྟ་བུ། ཡངས་ཤིང་ཕྱམ་པས་ནམ་མཁའ་ལྟ་བུ། བརྟན་ཞིང་གནས་པས་རི་རྒྱལ་ལྟ་བུའོ། །འདི་ལྟ་བུའི་དོན་དང་སེམས་ཅན་ཐམས་ཅད་སྐད་ཅིག་ཀྱང་འབྲལ་མ་མྱོང་དུ་ཡེ་ནས་རང་ལ་ཡོད་ཀྱང༌། ངོ་མ་ཤེས་པས་འཁོར་བར་ངན་རྟོག་གི་སྤྲོས་པས་འཆོལ་བ་ཡང༌། ད་བླ་མའི་གདམས་པས་ངོས་ཟིན་ནས་འཆར་རམ་གནས་སམ་གྱིན་འདར་ལྷན་ནེ་བའི་དུས་གང་དུའང་རང་བབས་ཅོག་གཞག་གི་ངོ་བོར་ངོ་སྤྲད་པ་བཞིན་ངང་མ་ཡེངས་ཙམ་དུ་བྱ་སྟེ། སེང་གེ་རྩལ་རྫོགས་ལས། ཨེ་མ་སེང་གེ་བགྲོད་མེད་ལམ། །བྱ་རྩོལ་མེད་པའི་སེང་གེ་ཡིས། །བཏང་བཞག་མེད་པའི་གངས་དཀར་ལ། །མུན་པ་སངས་པའི་རྩལ་གསུམ་རྫོགས། །བསམ་མེད་དངས་པའི་སེང་གེ་ངས། །ཀ་དག་དྲི་མེད་གངས་བཟང་ལ། །འབྱུང་བ་སངས་པའི་རྩལ་གསུམ་རྫོགས། །ཞེས་པ་དང༌། ཀློང་དྲུག་པ་ལས། རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བླང་དོར་མེད་པའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱག་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བྱིང་རྒོད་མེད་པའི་སེམས་ཉིད་ལ། །བཏང་སྙོམས་ཆེན་པོའི་བསྒོམ་པ་ནི། །ཚོགས་དྲུག་ལྷུག་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཡ་ང་མེད་པའི་སེམས་ཉིད་ལ། །རེ་དོགས་བྲལ་བའི་སྣང་བ་ནི། །ཡེ་བཞག་གདེང་ལྡན་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་པ་དང༌། རྩལ་རྫོགས་ལས། འཛིན་ཆགས་མེ་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་ཆོས། །སོ་སོར་སྟོང་དང་མཚན་མ་ཚིག་གི་ལམ། །བྱ་རྩོལ་མེད་པའི་ཆོས་ཉིད་རང་སར་དག །འུབ་ཆུབ་ཏིང་འཛིན་ཆོས་ཉིད་ཡུལ་ལས་འཇུག །དག་དང་མ་དག་ཐ་སྙད་ཆོས་སུ་མེད། །གཅིག་དང་གཉིས་ལས་འདས་པའི་ཡེ་གནས་དོན། །རང་ལུས་ངང་དུ་ཐིག་ལེ་གཅིག་ཏུ་འུབ། །དུས་མེད་རྟོགས་པས་ཏིང་འཛིན་མ་ཡེངས་གསལ། །མཐའ་དབུས་མེད་པས་ཆོས་ཉིད་མིང་དང་བྲལ། །འགྱུར་བ་མ་ཡིན་དྲང་པོར་ཡོངས་ལ་ཁྱབ། །བྱས་པ་མ་ཡིན་བྱུང་སར་ལྷུན་གྱིས་གྲུབ། །ཅེས་སོ། །གཉིས་པ་དེའི་ངང་ལ་བསྐྱང་བ་ལ་གསུམ་སྟེ། ལྟ་སྒོམ་ཡུལ་འདས་ཆེན་པོར་བསྐྱང་བ། ཏིང་འཛིན་རང་བབས་ཆེན་པོར་བསྐྱང་བ། དགོངས་པ་བློ་འདས་ཆེན་པོར་བསྐྱང་བའོ། །དང་པོ་ནི། ངོ་སྤྲད་པའི་ངང་དེ་ལ་བློའི་འཛིན་རྩོལ་དང་ཆེད་དུ་བསྒོམ་པའི་གཉེན་པོ་མ་ཞུགས་པར་རིག་པ་རྒྱ་ཡན་ཡེ་བཞག་དཔངས་བསྟོད་ལ་ཕྱལ་བ་བར་མེད་རང་སངས་སུ་བཞག་པ་སྟེ། ནོར་བུ་འཕྲ་བཀོད་ལས། ཡངས་སོ་ཆོས་ཉིད་རྣམ་པར་དག །ཆེའོ་ལྟ་བ་རྨད་པོ་ཆེ། །སྣང་ངོ་རང་སྣང་དཀྱིལ་འཁོར་ཉིད། །ཡུལ་དང་ཡུལ་མེད་རྣམ་པར་དག །ཕྱི་དང་ནང་མེད་རྣམ་པར་སྣང༌། །སྟོང་དང་མི་སྟོང་ཚིག་ལས་འདས། །ཞེས་པ་དང༌། སེང་གེ་རྩལ་རྫོགས་ལས། །དང་པོའི་གནས་ས་གང་ཡིན་པར། །ཐ་མ་དེ་ཡི་གནས་སུ་འགྲོ། །ད་ལྟ་དེ་ཡི་དོན་ལ་གནས། །ཞེས་པ་དང༌། ཡང༌། འཛིན་རྟོག་མེད་པའི་ནམ་མཁའ་ལ། །རྣམ་ཤེས་མེད་པའི་ནམ་མཁའ་ལ། །རྣམ་ཤེས་ཡིད་མ་འགྱུས་པ་ནི། །ཡེངས་པ་མེད་པའི་ཏིང་འཛིན་མཆོག །སངས་རྒྱས་ཉག་གཅིག་ནགས་ལུགས་ཡིན། །ཅེས་སོ། །གཉིས་པ་ལ་གསུམ་སྟེ། རང་གནས་ཅོག་གཞག་ནི། ཚོགས་ཡུལ་གྱི་སྣང་བ་ལ་འཛིན་པའི་བཟོ་རྒྱ་མི་བྱེད་པར་ཕྱི་ནང་བར་མེད་ཧར་སངས་སུ་ཕྱལ་ལེ་བཞག་ནས། གཉིད་དུ་འགྲོ་ཁར་ཡང་དེའི་ངང་ལ་ཉལ་བས་རྨི་ལམ་འོད་གསལ་དུ་འཆར་བའོ། །ཐོག་བབས་ཆེན་པོ་ནི། སྒོ་གསུམ་ལྷུག་པར་གློད་ལ་གང་ཤར་ཅར་ཕོག་ཏུ་རང་སངས་ལ་ཕྱལ་ཕྱལ་སོང་བའི་ངང་ངོས་གཟུང་བའོ། །སྣང་བ་རྒྱས་འདེབས་ནི། ལུས་སྐྱིལ་ཀྲུང་དང་མིག་བར་སྣང་ལ་ཧྲིག་གེ་བལྟས་ཏེ། སེམས་འཕྲོ་འདུ་བཅད་ནས་རིག་པ་དང་སངས་ཕྱེད་པའི་ངང་ངོས་བཟུང་བས་རླུང་ལྔ་དབྱིངས་སུ་འཆིངས་ཏེ། རང་སྣང་དག་པའི་འོད་གསལ་ཕྱི་དུ་བ་སྨིག་རྒྱུ་འཇའ་འོད་ལ་སོགས་པ་དང་ནང་ཆོས་ཉིད་སྟོང་གསལ་བར་སྣང་དག་པ་ལྟར་འཆར་ཏེ། ཀློང་དྲུག་པ་ལས། ཏིང་འཛིན་གསུམ་ལ་འདི་ལྟར་བསླབ། །རང་གནས་ཅོག་གཞག་ཏིང་འཛིན་ནི། །དབང་པོའི་སྒོ་རྣམས་མི་དགག་ཅིང༌། །ལུས་ཀྱི་སྤྱོད་པ་སྤྱད་མི་བྱ། །གཉིད་ཀྱང་སྤང་བར་མི་བྱ་སྟེ། །སེམས་ཀྱིས་གུད་དུ་བཅད་པ་མིན། །མདོར་ན་ལུས་ངག་རང་སོ་ལ། །ཡིད་བྱུང་ཆ་རྣམས་ཕྱིར་མ་ཤོར། །དབང་པོའི་ཡུལ་རྣམས་དྲུག་ལ་ཡང་ །ཤེས་བཞིན་སྤྱོད་པའི་ཡིད་མ་འགྱུས། །རང་སྣང་མི་རྟོག་ཆེན་པོ་ལ། །གསལ་ལ་རྟོག་མེད་ཉམས་སྐྱེས་པའོ། །ཐོག་བབས་ཆེན་པོའི་ཏིང་འཛིན་ལ། །ལུས་ནི་ཐ་མལ་ལྟ་བུ་ལས། །ངག་ནི་སྨྲ་བརྗོད་ཚིག་དང་བྲལ། །སེམས་ནི་དམ་དུ་མ་བཅིངས་པའི། །རང་ཤར་རང་ལ་མ་ཡེངས་པའོ། །སྣང་བ་རྒྱས་འདེབས་ཏིང་འཛིན་ནི། །ལུས་དང་ཡུལ་དང་རིག་པ་ཡིས། །རང་སྣང་དག་པའི་ཚད་རྣམས་བཟུང༌། །ཞེས་སོ། །གསུམ་པ་དགོངས་པ་བློ་འདས་སུ་བསྐྱང་བ་ལ་བཞི་སྟེ། རི་བོ་ཅོག་གཞག་གི་ལྟ་བ། རྒྱ་མཚོ་ཅོག་གཞག་གི་དགོངས་པ། རིག་པ་ཅོག་གཞག་གི་མན་ངག །སྣང་བ་ཅོག་གཞག་གི་ཐབས་སོ། །དང་པོ་ནི། རིག་པ་རང་གསལ་འདི་ངོས་བཟུང་ནས་གང་ཤར་ཡང་ལྟ་བ་རི་རྒྱལ་ལྟར་འཕོ་འགྱུར་མེད་པའི་ངང་དུ་འཇོག་པ་སྟེ། ཡི་གེ་མེད་པ་ལས། རི་བོ་ཅོག་གཞག་ལྟ་བ་གསང་བ་ཉིད། །ཐེ་ཚོམ་མ་ཡིན་འགྱུར་བ་ངང་གིས་མེད། ཅེས་སོ། །གཉིས་པ་ནི། ལུས་སྐྱིལ་ཀྲུང་ལ། མིག་ཧ་རེ་བར་སྣང་ལ་གཏད་དེ། ཤེས་པ་དང་སངས་ཕྱེད་པ་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པ་ལྟ་བུའི་ངང་ལ་སང་ངེ་བཞག་པ་ནི། དེ་ཉིད་ལས། རྒྱ་མཚོ་ཅོག་གཞག་དག་གིས་དགོངས་པ་ནི། །སྣང་བ་མ་ཡིན་སྣང་བར་བྱེད་པ་ཡིན། །སྟོང་པ་མ་ཡིན་སྟོང་པར་ཡོད་མ་ཡིན། །གསལ་བ་མ་ཡིན་གསལ་བ་ཆེན་པོའི་ཡུལ། །བྱིང་བ་མ་ཡིན་རྒོད་པ་ངང་གིས་མེད། །མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། མ་བསྐྱོད་མི་བསྐྱོད་བསྐྱོད་པ་ཀུན་ལས་འདས། །བྱས་པས་མ་བྱུང་བཞག་ཐབས་ཆེན་པོ་ལྟོས། །སྤྲོ་བསྡུ་མ་བྱེད་ཅོག་གཞག་གཅིག་གི་ངང༌། །གནས་པ་མ་ཡིན་དེ་ལས་འདའ་བ་མེད། །གསང་བའི་ཡེ་ཤེས་རྒྱ་མཚོ་ལྟ་བུ་ལ། །ཡེ་ནས་ལྷུན་འབྱམས་མ་བསྐྱོད་དབྱིངས་སུ་ཞོག །གཏིང་དཔག་དཀའ་བའི་རྒྱ་མཚོ་ཆེན་པོ་ནས། །ནུབ་པ་མེད་པའི་རྒྱལ་མཚན་རྩེ་མོ་ལྟོས། །སྟོང་པའི་སེམས་མེད་མ་བཅོས་ཆེན་པོའི་སྐུ། །བྱས་པ་མེད་པས་བྱེད་པ་ཀུན་ལས་རྒྱལ། །ཡེ་ནས་མ་བྱུང་མ་བཅོས་ཅོག་གཞག་ཉིད། །སྣང་བ་མ་བསྒྱུར་བློ་ཡིས་མ་བཅོས་པ། །ཆོས་ཉིད་མཁའ་ལ་གནས་ན་དགོངས་པར་བསྟན། །ཆོས་སྐུའི་ཡེ་ཤེས་བསམ་པ་རབ་སྤངས་པས། །འགྱུ་བྱེད་མེད་ན་བསྒོམ་པའི་དགོངས་པ་ཡིན། །སྣང་ཡུལ་དང་དམིགས་པའི་ཕྱོགས་དག་མི་འཛིན་ན། །རྒྱ་མཚོའི་གཏིང་དུ་གཟའ་སྐར་ཤར་བ་བཞིན། །ཡུལ་ལ་འཛིན་མེ་གསལ་ཆ་མ་འགགས་པས། །རང་བྱུང་དགོངས་པའི་འདུག་ཚུལ་དེ་བཞིན་ནོ། །ཞེས་སོ། །གསུམ་པ་ནི། རིག་པ་གསལ་སྟོང་གི་ཡེ་ཤེས་རྗེན་པར་བུད་པ་དེ་ཕྱ་ར་ར་རང་གསལ་དུ་ངོས་བཟུང་བས་ཏིང་ངེ་འཛིན་སེམས་ཆགས་ཀྱི་གོལ་ས་གཅོད་ཅིང་ཟང་ཐལ་རྗེན་པའི་ཆོས་སྐུ་ཁོང་ནས་འཆར་ཏེ། སེང་གེ་རྩལ་རྫོགས་ལས་རང་རིག་དུ་མའི་ཡུལ་ལ་ཕར་བལྟས་པས། །ཆོས་སྐུ་རྟོག་མེད་ཆེན་པོ་ནང་དུ་རྙེད། །ཅེས་སོ། །བཞི་པ་ནི། ཕྱི་ཡུལ་ལྔར་སྣང་བ་ལ་ཆེ་རེ་བལྟས་དུས་ནང་རང་གསལ་རྗེན་པ་སངས་སེ་ཁོང་ནས་འཆར་བའི་ངང་དུ་འཇོག་པ་སྟེ། དེ་ཉིད་ལས། རིག་གསལ་ཆོས་ཉིད་ཡུལ་ལ་ཕར་བལྟས་པས། །སྣ་ཚོགས་བྲལ་བའི་རིག་པ་ནང་དུ་མཐོང༌། །ཞེས་པ་དང༌། ཡི་གེ་མེད་པ་ལས། སྣང་བ་ཅེར་གཞག་རིག་པའི་ཐབས་ཆེན་ནི། །སྣང་བ་ཆེན་པོ་ཀུན་གྱི་གཞི་མ་ཡིན། །འབྱུང་བ་ལྔ་ཡི་སངས་རྒྱས་ལམ་ལྟར་སྣང༌། །ཆེན་པོ་ལྔ་ཉིད་མ་ཡི་སྣང་བར་གསལ། །མ་ཡེངས་ངང་དུ་འཛིན་མེད་ཆེན་པོར་ཞོག །ཅེས་སོ། །གསུམ་པ་གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་ཀློང་གསལ་ཆེན་པོར་བཞག་པ་ལ་གསུམ་སྟེ། ཆོས་ཉིད་འབད་རྩོལ་དང་བྲལ་བའི་གནས་ཀྱིས་སེམས་ཉིད་བྱ་བྲལ་དུ་གཞག་པའི་གདམ་ངག ཆོས་ཉིད་རང་ཐོག་ཏུ་སྤྲད་པའི་གནད་ཀྱིས་རྣམ་རྟོག་ཡེ་ཤེས་སུ་འཆར་བའི་མན་ངག ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་སྣང་བ་ལ་དགག་སྒྲུབ་མེད་པའི་གདམས་ངག་གོ །དང་པོ་ནི། གཤིས་བྱ་བ་དང་བྲལ་བ་དེ་བྱས་པས་མི་རྟོགས་མ་བྱས་བཞག་ན་རྟོགས་པས་སྒོ་གསུམ་རང་བབས་ཕྱལ་བར་གཞག་པ་ནི། ཐལ་འགྱུར་ལས། གཞན་ཡང་བྱ་བྲལ་ཆོས་ཉིད་ནི། །བྱ་བ་མེད་པས་གྲོལ་བར་གྲོལ། །ཅེས་པ་དང༌། ཁྱུང་ཆེན་མཁའ་ལྡིང་ལས། །དེ་ཕྱིར་འཁོར་འདས་བྱ་བྱེད་ཉིད་བྲལ་ན། །རྫོགས་ཆེན་ཉེད་ལས་གཞན་པ་ཅ་བྱར་ཡོད། །ཅེས་པ་དང༌། དམིགས་དྲུག་ལས། བྱ་བ་དང་བྲལ་བས་གཞི་གཞག་གོ་ཞེས་སོ། །གཉིས་པ་ནི། སྣང་བ་སེམས་ཀྱི་རོལ་པར་ངོ་སྤྲད། རོལ་པ་གཞི་མེད་གསལ་སྣང་དུ་ངོ་སྤྲད། གསལ་སྣང་བཟུང་ན་འཁྲུལ་པར་ངོ་སྤྲད། མ་བཟུང་རང་གསལ་མེད་སྣང་དུ་ངོ་སྤྲད་པས་ཕྱི་ཡུལ་སྣང་སེམས་དང་གཞན་དུ་མ་གྲུབ་པར་ཐག་ཆོད་པས་འཁོར་བར་སྐྱེ་བའི་ཡུལ་སྟོངས་པའོ། །ཡང་སྣང་འཛིན་སེམས་དེ་གཞི་མེད་དུ་ངོ་སྤྲད། གཞི་མེད་སྟོང་པའི་རང་འགྲོས་སུ་ངོ་སྤྲད། རང་འགྲོས་རྗེས་མེད་ཡེ་སངས་སུ་ངོ་སྤྲད་པས། འཁོར་མཁན་རང་སེམས་གཞི་མེད་དུ་སངས་ནས་ཁམས་གསུམ་མིང་མེད་ཆོས་ཉིད་དུ་ལ་ཟློས་པ་སྟེ། རྩལ་རྫོགས་ལས། འདུ་ཤེས་ཡུལ་དུ་མེད་པ་ཆོས་ཉིད་ཞི་བའི་ངང༌། །སྣང་བ་རང་ལ་ཡས་པའི་རང་སྣང་དངོས་མེད་ཉིད། །སྣང་པའི་སེམས་བྲལ་ཆོས་ཉིད་རང་གི་དོན། །སྤྲོ་བསྡུ་མ་བྱེད་རང་གི་ཡུལ་ལྟོས། །ཞེས་སོ། །འདིར་ཁ་ཅིག་སྣང་བ་སེམས་སུ་ངོ་སྤྲད། སེམས་སྟོང་པར་ངོ་སྤྲོད་ཅིང༌། ངོ་སྤྲོད་སྤྲས་པ་ལས། ཨེ་མ་ཧོ་སྣང་བ་སེམས་སུ་ངོ་སྤྲད་པས་སེམས་ལ་བྱན་ཚུད། སེམས་ཉིད་སྟོང་པར་ངོ་སྤྲད་པས་སྟོང་པ་བདེ་བའི་རྒྱས་གདབ། སྟོང་པ་རིག་པར་ངོ་སྤྲད་པས། རིག་པ་ཉིད་དབྱིངས་དང་གཉིས་སུ་མེད་པ་དེ་ཁོ་ན་ཆོས་སྐུའོ་ཞེས་པ་ཚིག་ལ་དོན་རང་མཚན་དུ་ཞེན་པར་སྣང་སྟེ། འདི་ལ་དགོངས་གཞི། དགོས་ཆེད། དངོས་ལ་གནོད་བྱེད་ཀྱི་ཚད་མ་དང་གསུམ་ཡོད་པས་སྙིང་ཏིག་གི་དགོངས་པའི་ཕྱོགས་ལ་མི་ཉེ་བ་ཡིན་ནོ། །དགོངས་གཞི་ནི། ཕྱི་ཡུལ་ལ་དོན་གཞན་དུ་མེད་པར་འཛིན་པ་རྣམས་དྲང་བའི་ཕྱིར་དེ་སྐད་གསུངས་ཏེ། རང་ཤར་ལས། ལ་ལར་སྣང་བ་སེམས་སུ་བསྟན། །ཅེས་སོ། །དེའང་སྣང་བ་གཞན་དུ་མེད་སེམས་འཁྲུལ་པ་ལ་སྣང་བ་ཡིན་པ་ཙམ་ནས་བཏགས་སོ། །དགོས་ཆེད་ནི་ཕྱི་དོན་དུ་ཞེན་པ་སྤང་བ་ཙམ་མོ། །དངོས་ལ་གནོད་བྱེད་ནི། སྣང་བ་སེམས་ཡིན་ན་སེམས་ལ་ཁ་དོག་དང་དབྱིབས་ལ་སོགས་པར་མིག་སོགས་དབང་པོས་ངེས་པར་ཐལ་ཏེ་སྣང་བ་ལ་གཟུགས་སོགས་དབྱིབས་དང་ཁ་དོག་ཏུ་ངེས་པའི་ཕྱིར་དང༌། སྣང་བ་སེམས། སེམས་སྟོང་པ། སྟོང་པ་རིག་པ་ཡིན་ན་དེ་གསུམ་ཕན་ཚུན་འཆོལ་བས། རིག་པ་འཁྲུལ་པར་ཐལ་བ་དང༌། སྣང་བ་མིག་ལ་སོགས་པས་མི་མཐོང་བར་ཐལ་བ་དང༌། སེམས་མ་འཁྲུལ་པར་ཐལ་བ་སྟེ། དེ་གསུམ་ངོ་བོ་རྫས་གཅིག་ཡིན་པའི་ཕྱིར་རོ། །འདིའི་ཁྱད་སྔར་ཞིབ་ཏུ་བཤད་ལ། སྣང་བ་སེམས་ཀྱི་རྣལ་འབྱོར་དུ་བྱེད་པའི་མི་གྲོལ་བར། རང་ཤར་ལས། སྣང་བ་སེམས་ཀྱི་རྣལ་འབྱོར་ནི། །ཐམས་ཅད་ང་ཡི་སེམས་ལས་བྱུང༌། །སེམས་ཉིད་རྟོགས་ན་ཅི་བྱར་ཡོད། །དེ་སྐད་ཀུན་ཏུ་རྗོད་བྱེད་པ། །ང་ཡིས་གྲོལ་བར་མ་བཤད་དོ། །ཞེས་པའི་ལུང་གིས་ཀྱང་གནོད་ལ། སེམས་མེད་པར་རྟོགས་དུས་སྣང་བ་མེད་པར་ཐལ་ལ། སེམས་འགགས་དུས་སྣང་བ་དུས་དེར་འགག་པར་ཐལ་བ་ལས། སེམས་མེད་པའི་སྐབས་སུ་སྣང་བ་འདུག་པས་ཀྱང་གནོད་དོ། །སེམས་མེད་པ་ལ་གནས་སྐབས་ལྔ་ཡོད་དེ། དབུས་མཐའ་ལས། སེམས་མེད་གཉིད་དང་བརྒྱལ་བ་དང༌། །སྙོམ་པར་འཇུག་པ་རྣམ་གཉིས་དང༌། །རྟག་ཏུ་འདུ་ཤེས་མེད་པའོ། །ཞེས་སོ། །མདོར་བསྡུ་ན། སྣང་བ་སེམས་སུ་འདོད་པ་འདི་ལོག་རྟོག་གི་མུན་པ་ཆེན་པོ་ཡིན་པས་བསལ་དགོས་སོ། །གསུམ་པ་ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་སྣང་བ་ལ་དགག་སྒྲུབ་མེད་པའི་གདམས་ངག་ནི། ཕྱི་ཡུལ་ལྔ་མེད་སྟོང་པ་རང་དག་ཆུའི་ཟླ་་འདྲ་བས་སྦྱང་མི་དགོས། ནང་ཡིད་ཀྱི་དྲན་རྟོག་རང་ཡལ་རྗེས་མེད་ཡིན་པས་འབད་རྩོལ་གཉིས་གཉེན་པོས་འཇིག་མི་དགོས། སྣང་སེམས་ཡེ་གྲོལ་ལྷུག་པ་ལ་སྤང་བླང་གི་སྒྲོ་མི་དགོས། རིག་པ་ཟང་ཀ་གཅེར་བུ་ལ་སྤྲོས་པའི་གོས་མི་བསྐོན་པར་ཤིགས་སེ་བུན་ནེ་ཁྲེས་སེ་རྗེས་མེད་མཉམ་པ་ཆེན་པོར་ཁོང་གློད་ནས། སྒོ་ལྔ་རང་བྱུང་ཡེ་གདངས་སུ་འཁྲོལ་དུ་འཇུག་པ་སྟེ། དེའང་ནང་རང་གསལ་གྱི་ངོ་བོ་རིག་པ་རྗེན་ལ་བུད་ནས། དེའི་ངང་ནས་དྲན་བསམ་བཟང་ངན་ཅི་ཤར་ཡང་རིས་མེད་རང་བྱུང་ཡེ་ཤེས་ཀྱི་རང་གདངས་སུ་ཤེས་པས་རྗེས་མི་བསྙེག་པར། སྣང་སེམས་ཁྲལ་མ་ཁྲོལ། སང་མ་སེང༌། འལ་མ་འོལ་གྱི་ཡོ་ལང་དུ་རྒྱ་ཕྱམ་ལ་བཏང་ན་ཀུན་ཏུ་བཟང་པོའི་དགོངས་པ་ཀློང་དུ་རང་ཤར་བ་སྟེ། ཀློང་དྲུག་པ་ལས། སེམས་ཅན་ཀུན་གྱི་རང་སྣང་ཆེ། །གཞན་ནས་བཙལ་བའི་གནས་མེད་དོ། །རང་གི་མཐུ་ཡིས་རང་རིག་པས། །སྟོང་གསུམ་འཇིག་རྟེན་གང་ནས་ཀྱང༌། །དེ་ཉིད་བཙལ་ཀྱང་རྙེད་གནས་མེད། །འཇིག་རྟེན་ཀུན་གྱི་སྤྱོད་ཡུལ་ནི། །དེ་ཉིད་སྣང་བའི་རང་བཞིན་ལ། །སུས་ཀྱང་མཐོང་བ་མེད་པ་ཡི། །སྣང་བ་རང་བཞིན་བདེ་བའི་ཞིང༌། །འདི་ལ་སྒོམས་པའི་རྣལ་འབྱོར་པས། །ཀུན་ཏུ་བཟང་པོ་ང་ཡི་སྐུ། །སྐལ་དང་ལྡན་པ་འདི་ཡིས་མཐོང༌། །ཞེས་པ་དང༌། ཡང༌། ཡུལ་ལ་རྐྱེན་རྟོག་རང་ཤར་ཚེ། །འདི་ཀུན་རང་བཞིན་མེད་ཤེས་ན། །སྣང་བ་ཐམས་ཅད་སྒྱུ་མའམ། །རྨི་ལམ་དང་ནི་གཟུགས་བརྙན་ལྟར། །མི་རྟོག་གཟུགས་བརྙན་ཆེན་པོའི་ཉམས། །སུ་ཡི་རྒྱུད་ལ་ཤར་བ་དེ། ། | དེ་ལྟར་ལམ་དངོས་བསྟན་ནས། ད་ནི་ལམ་གྱི་ཁྱད་པར་དབང་པོ་ཡང་རབ་རྣམས་མ་བསྒོམས་པར་གྲོལ་བའི་ཐབས་མཆོག་ཏུ་གསང་བ་ཁྲེགས་ཆོད་ཀྱི་མན་ངག་གཏན་ལ་དབབ་པ་ལ་གསུམ་སྟེ། ངོ་རང་ཐོག་ཏུ་དབབ་པས་ལ་བཟླ། ཐག་ཚིག་ཐོག་ཏུ་བཅད་པས་ཆིངས་བསྡམ། གདེང་གྲོལ་ཐོག་ཏུ་བཅད་པས་འཕྲང་བསལ་བའོ། །དང་པོ་ལ་གསུམ་སྟེ། རང་བཞིན་རྫོགས་པ་ཆེན་པོ་སྤང་བླང་བྱ་རྩོལ་ལས་འདས་པའི་གཤིས་ནམ་མཁའ་ལྟ་བུར་གཏན་ལ་དབབ་པ། ཆོས་ཟད་བློ་འདས་ཀྱི་དགོངས་པ་ཟང་ཐལ་རྗེན་པའི་ཡེ་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ། ལྷུན་མཉམ་ཡངས་པ་ཆེན་པོའི་ཀློང་དུ་ཐམས་ཅད་ཡེ་ནས་འདས་ཟིན་པས་བཅིངས་གྲོལ་སྤང་བླང་མེད་པའི་ངང་དུ་འཁོར་འདས་མིང་མེད་ཆེན་པོར་ལ་བཟླ་བའོ། །དང་པོ་ལ་གསུམ་སྟེ། རང་བཞིན་རྫོགས་པ་ཆེན་པོ་བྱར་མེད་ནམ་མཁའ་ལྟ་བུའི་དོན་སྤྱིར་བསྟན་པ། འཆིང་གྲོལ་གཉིས་སུ་མེད་པའི་རང་སེམས་སྟོང་པ་རྩ་བྲལ་ཆེན་པོར་ཐག་བཅད་པ། ཡུལ་སྣང་བློའི་མེ་ལོང་ཚོགས་དྲུག་མཉམ་པ་ཆེན་པོར་ཁྱབ་གདལ་བའོ། །དང་པོ་ནི། ཕྱི་སྣང་བ་ནང་རིག་པ་བར་གཟུང་འཛིན་སྣང་རྟགས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་སྟོང་ཡོངས་སྟོང་ཆེན་པོ། སྣང་སྟོང་བློས་སྟོང་ཆེན་པོ། དག་སྟོང་གྲོལ་སྟོང་ཆེན་པོ། ཡོད་མ་མྱོང་མེད་མ་མྱོང༌། བདེན་མ་མྱོང༌། བརྫུན་མ་མྱོང༌། འཁྲུལ་མ་མྱོང་གྲོལ་མ་མྱོང༌། འཁོར་མ་མྱོང༌། འདས་མ་མྱོང༌། ཡིན་མ་མྱོང་མིན་མ་མྱོང༌། སྣང་མ་མྱོང་སྟོང་མ་མྱོང༌། ཐམས་ཅད་མཉམ་གདལ། ཁྱབ་པ་ཕྱམ་གདལ། ཡིན་མིན་ཕྱོགས་གདལ། ཡོད་མེད་སྣང་གདལ། མི་གཡོ་མཉམ་གདལ། ལྷུན་མཉམ་ཡེ་གདལ། ངང་མཉམ་གཞི་གདལ། ཡངས་པ། ཕྱམ་པ། སངས་པ། གྲོལ་བ། ཟད་པ། སྟོངས་པ། ཕྱམ་ཕྱལ་ཧར་སངས། ཁྱབ་གདལ་ཡེར་སངས། ལྷུན་མཉམ་དབྱིངས་སངས། ངག་གདལ་མཉམ་སངས་མི་གཡོ། མི་འགུལ། མི་གནས། མི་ལེན། མི་འགྲོ། མི་འོང༌། མི་བསམ། མི་རྟོག མི་དམིགས། མི་མཉམ། མི་འགྱུར་བ་སྟེ། སྔར་འཁྲུལ་མ་མྱོང༌། ད་ལྟ་འཁྲུལ་པ་ལ་མི་གནས། མཐར་འཁྲུལ་མི་སྲིད། སྔར་གྲོལ་མ་མྱོང༌། ད་ལྟ་གྲོལ་བར་མི་འཇུག །མཐར་གྲོལ་མི་སྲིད། སྔར་འདས་པ་མེད། ད་ལྟ་གནས་པ་མེད། མ་འོངས་པ་འབྱུང་དུ་མེད། རིས་མེད་ཕྱམ་སངས་སྟོང་པ། གནས་ལུགས་ཀྱི་གཞི་མེད། ཡིན་ལུགས་ཀྱི་ལམ་མེད། གྲོལ་ལུགས་ཀྱི་འབྲས་བུ་མེད། ལྟ་སྒོམ་གྱི་མིང་མེད། ཕྱོགས་རིས་ཀྱི་ཆོས་མེད། ཡོད་མེད་ཀྱི་མཐའ་མེད། ནམ་མཁའི་དབྱིངས་མེད། བྱ་རྩོལ་ལས་འདས་པའི་ཡེ་སངས། ལྟ་སྒོམ་ལས་འདས་པའི་ཡང་སངས། དམིགས་བསམ་ལས་འདས་པའི་གྲོལ་སངས། ཕྱོགས་འབྱམས་མིང་མེད་སངས་པར་ལ་བཟླ་བ། །བལྟར་མེད་བལྟས་པ་མེད། ལྟ་བྱེད་མེད། བལྟས་པས་མི་མཐོང༌། བསྒོམ་དུ་མེད། བསྒོམས་པ་མེད། བསྒོམ་ལས་འདས། བསྒོམས་ཀྱང་མི་གྲོལ། དཔྱད་དུ་མེད། དཔྱོད་པ་མེད། དཔྱད་མི་དགོས། དཔྱད་ཀྱང་ངལ་བ་དོན་མེད། བསྒྲུབ་མི་དགོས། གྲུབ་ཟིན། བསྒྲུབ་ཏུ་མེད། བསྒྲུབས་ཀྱང་མི་འགྲུབ། བསྒྲུབས་པ་ལ་དགོས་པ་མེད། བྱ་བ་མེད། བྱེད་པ་མེད། བྱས་ཟིན། བྱ་བ་ལས་འདས། བྱས་ཀྱང་ཚི་ཆད། བྱ་མི་དགོས། ཆོས་ལ་བྱར་མེད། བྱས་པས་ཆོས་མ་ཡིན། མི་བྱ་བ་བསྒྲུབ་ཏུ་མེད། འཁོར་བ་མི་སྤོང༌། འདས་པ་མི་ལེན། བསྒྲུབ་པ་ཕྱོགས་གཞག །ཡེ་མཉམ་ཕྱ་གདལ་གཉུག་མ་མིང་མེད། གང་སྣང་ས་ནས་གཞི་མེད་ཡེ་སངས་སུ་འདུག་པས་འཆིང་གྲོལ་འབད་རྩོལ་རང་ཞིག གང་ཤར་ས་ནས་ཡེ་དག་རང་སྟོང་གདལ་བས་ཕྱམ་གཞག་རིས་མེད་ཕྱལ་བ། གང་སངས་ས་ནས་རྗེས་མེད་རང་དག་ཡེ་སྟོང་དུ་འདུག་པས་ཕྱམ་མཉམ་པར་མེད་ཕྱལ་བར་འབད་རྩོལ་ཞིག་པའི་རང་སེམས་བྱ་བ་མེད་པར་ཁོང་དལ་བས། རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་སུ་ཆོས་ཐམས་ཅད་ཡེ་ནས་རང་ཤར་རོ་ཞེས་རང་གིས་རྟོགས་པའི་དོན་ལུང་དང་སྦྱར་བ་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། རང་བཞིན་རྫོགས་པ་ཆེན་པོ་ཡི། །དོན་ཀུན་བློ་ཡི་དཀྱིལ་དུ་ཚུད། །མི་སྣང་ཡུལ་མེད་རྟོག་པ་ཡང༌། །མ་བཅད་རང་ས་ཉིད་དུ་ཆོད། །འཁྲུལ་མ་མྱོང་བའི་མ་རིག་བརྩད། །མ་བརྟགས་ཡེ་ནས་ཆོད་ནས་འདུག །གོང་དུ་འདི་ཀུན་སུས་མ་ཚོར། །རགས་པའི་འབྱུང་བ་འདི་ཀུན་ཡང༌། །ཐོག་མ་ཉིད་ནས་རང་དེངས་པར། །འགྲོ་བའི་གནས་མེད་རང་སོང་བས། །རང་ལུས་ཡེ་ནས་མེད་པར་ནི། །སྔ་ཕྱི་མེད་པར་འདིར་ཡང་རིག །འདི་ཀུན་དུས་མེད་ཡངས་དུས་པས། །གཅིག་དང་གཉིས་དང་དྲུག་གསུམ་གྱིས། །སྣང་མེད་སྣང་དང་ཡང་ཕྱེད་སྣང༌། །མི་སྣང་མཛད་པའི་རང་སྒྲར་ཡང༌། །ས་འཛིན་ས་ལས་འདས་པར་ནི། །ཡེ་ནས་འདུག་པ་སུས་མ་ཚོར། །བགྲོད་དུ་ཡེ་ནས་མེད་པ་ཡི། །ལམ་འདི་ཡེ་ནས་ཉེ་བར་ནི། །འདི་ཡང་རང་ལས་ཡེ་འདུག་པ། །སྔར་མ་མཐོང་སྟེ་རང་རིག་རྟུལ། །མི་གནས་བསམ་གཏན་དགོངས་པ་ནི། །བསྒོམ་པ་མེད་པར་ཡེ་འདུག་པ། །འདི་ཡང་གང་གིས་སྔར་མ་རིག །བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ཉིད་ལ། །འདི་ཀུན་རང་གིས་རང་སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག །བདག་རྟོག་བཅིངས་པའི་ཉོན་མོངས་ལྔ། །ཡེ་ནས་རིག་པ་རང་ཤར་བར། །ལྷན་ཅིག་གནས་པ་ཞལ་མ་འཚོ། །ས་ཆུ་མེ་རླུང་འབྱུང་བ་བཞི། །ཡེ་ནས་རང་གི་ལུས་ཡིན་པར། །སུས་མ་མཐོང་བ་མིག་རེ་རྟུལ། །ཡང་གསང་འདུས་པའི་གནས་ངག་བཅུད། །བར་མཚམས་མེད་པར་རང་གྲགས་པ། །གང་གི་འདི་ཉིད་མ་ཐོས་པ། །རྣ་བའི་དབང་པོ་མེད་དམ་ཅི། །རང་གནས་དབྱིངས་དང་རིག་པའི་དྲི། །བྲལ་བའི་སྐབས་མེད་རང་འཁོར་བ། །ཚོར་མ་མྱོང་བ་སྣ་འགགས་སམ། །བཅུད་གསུམ་མན་ངག་གཅིག་དྲིལ་རོ། །ཡེ་ནས་ལུས་སེམས་བཅུད་ཡིན་པ། །འདི་ཉིད་མ་མྱོང་ལྕེ་ཆད་དམ། །སྣང་བ་རང་དག་ཁ་དོག་རྒྱན། །རང་གི་ལུས་དང་འབྲལ་མེད་པར། །ལུས་དང་གྲིབ་མ་བཞིན་དུ་ནི། །ཉིན་དང་མཚན་མོ་མེད་འདུག་པ། །སུས་ཀྱང་མ་རེག་ལུས་བེམས་སམ། །སྡུག་བསྔལ་ཕྱལ་འདེབས་བདེ་བའི་ཆོས། །བརྗེད་པ་མེད་པར་རང་གནས་པ། །སུས་མ་ཤེས་པ་བློ་རེ་རྟུལ། །འཁོར་བའི་བག་ཆགས་ཡང་བརྩེགས་པ། །ཡེ་ནས་ཆོས་ཀྱི་སྐུར་འདུག་པ། །གང་གིས་མ་མཐོང་སྙིང་རྗེའི་གནས། །དབང་པོ་བདག་རྟོག་ཡུལ་ཤར་ནས། དྲན་བསམ་འགྱུ་བ་སྣ་ཚོགས་རྣམས། །ཡེ་ནས་ལོངས་སྐུར་རང་ཤར་བ། །འདི་ཀུན་མ་དྲན་བརྗེད་རེ་ངས། །བྱ་བྱེད་སྤྱོད་པ་རྩོལ་སྒྲུབ་དང༌། །སྐྱེ་བོ་འདུས་པའི་ཅ་ཅོ་ཀུན། །ཡེ་ནས་སྤྲུལ་པའི་སྐུ་ཡིན་པར། །སུས་མ་ཤེས་པ་ཡོང་རེ་རྟུལ། །ཇི་ལྟར་བསམས་དང་དྲན་འགྱུས་པ། །ཆུ་བོའི་རྒྱུན་བཞིན་བར་མེད་པར། །རྟག་ཏུ་རང་གི་ཡིད་འཕྲོག་པ། །རྩོལ་མེད་རང་གཞག་སྒོམ་པར་ནི། །ཉམས་སུ་མ་ཆུད་སེམས་རེ་ཡེངས། །སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང༌། །གྲོང་ཁྱེར་རྒྱུན་གཅོད་ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། །ཞེས་པ་དང༌། ཐལ་འགྱུར་ལས། སྣང་བ་འཁྲུལ་པའི་རང་བཞིན་འདི། །ཡེ་ཤེས་ཡིན་པར་སྔར་མ་མཐོང༌། །རྟོག་བཅས་འཁྲུལ་པའི་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་པའི་རང་རྟོག་རྒྱུན་ཆད་དོ། །དེ་ལྟར་འཁྲུལ་མེད་སྣང་བ་ནི། །ཡེ་ནས་རལ་བའི་གནད་ལས་བྱུང༌། །འགྲོ་བའི་ཕུང་པོ་སངས་རྒྱས་སྐུ། །ཡེ་ནས་ཡིན་པར་སུས་མ་རིག །ཕུང་པོ་སངས་རྒྱས་མངའ་བདག་ཏུ། །རྩ་གནས་ཡི་གེར་གྲུབ་ལས་བྱུང༌། །ཆུ་བུར་མིག་ལ་ཡེ་ཤེས་ནི། །རང་སྣང་ཡིན་པར་སུས་མ་མཐོང༌། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། རང་བཞིན་སྣང་བའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག །གཟུང་འཛིན་མེད་པས་འཁྲུལ་པ་ལོག །འགྱུ་བ་མེད་པས་ལས་རླུང་ལོག །ཟང་ཐལ་ཡིན་པས་དངོས་པོ་ལོག །གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྟོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་བསྒོམ་པ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་མ་མྱོང་བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློས་བརྟགས་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡི་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་ཕྲད་པས་སྤྲུལ་སྐུར་བྱུང༌། །རྟོགས་སུ་ཡོད་པས་ཐབས་སུ་བྱུང༌། །བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །ཞེས་པ་དང༌། ཡང༌། ས་དང་ཕྱོགས་དང་རིས་ལས་འདས། །ཡོད་དང་མེད་དང་ལྟར་སྣང་མེད། །སྒྲ་ཚད་རྣམས་ཀྱི་སྤྱོད་ཡུལ་མིན། །གཅིག་དང་གཉིས་དང་བགྲང་ཡུལ་མེད། །སྟོང་པ་ཆེན་པོར་བབས་ཀྱིས་གྲུབ། །ལུང་དང་རིག་པའི་སྤྱོད་ཡུལ་མིན། །རྒྱུད་དང་མན་ངག་གིས་མི་མཚོན། །ལྟ་དང་སྒོམ་དང་སྤྱོད་པས་ནི། །དེ་ཡི་དོན་རྣམས་ཤེས་མི་འགྱུར། །དེ་དོན་འབྲས་བུར་གྲུབ་པ་མེད། །ཆོས་ཀྱིས་དེ་ཉིད་བསྒྲིབས་པར་འགྱུར། །བསམ་པས་འགྲུབ་པ་མ་ཡིན་ཏེ། །ཤེས་རབ་ཀྱིས་ཀྱང་དཔྱད་དུ་མེད། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་ཡིས། །དེ་ཉིད་གནོད་དང་ཕན་འབྲས་བྲལ། །ཐོས་དང་བསམ་དང་སྒོམ་པས་ནི། །མཆོག་ཏུ་བརྟགས་ཀྱང་དེ་མི་མཐོང༌། །དེ་ལ་དཀྱིལ་འཁོར་ཡོད་པ་མིན། །ལྷ་མེད་བསྐྱེད་པའི་ས་བོན་མེད། །སྔགས་དང་ཕྱག་རྒྱས་ཅི་ཞིག་བྱ། །མཆོད་པ་ལ་སོགས་སྤྲོ་མི་དགོས། །དབང་དང་དམ་ཚིག་ག་ལ་ཡོད། །བསྙེན་པ་དང་ནི་སྒྲུབ་པ་མེད། །འཁོར་ལོ་སྤྲོ་བ་ཡོད་པ་མིན། །བསྲུང་བ་མེད་ཅིང་བསྲུང་ཡུལ་མེད། །གདོན་དང་གནོད་པའི་ཡུལ་ལས་འདས། །ཞེས་པ་དང༌། རང་ཤར་ལས། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་དང་སྒོམ་དང་སྤྱོད་པ་མེད། །འོན་ཀྱང་ལེགས་བསྟན་ཡིད་ལ་ཟུང༌། །བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །བྱ་བ་དང་ནི་བྱེད་པ་ག་ལ་ཡོད། །སྤྱོད་པ་མེད་པའི་ཆོས་ཉིད་རང་བྱུང་འདི། །གང་གི་ཕྱོགས་སུ་མ་ལྷུང་ནམ་མཁའ་བཞིན། །ཡོད་པ་མ་ཡིན་སྟོང་པ་གཅིག་པུ་ཉིད། །མེད་པ་མ་ཡིན་ཡང་དག་བདེ་བའི་སྐུ། །བྱས་པ་མ་ཡིན་རང་བྱུང་རྟོག་མེད་ཉིད། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །བསྒོམ་པའི་ཆོས་ཉིད་ག་ལ་ཡོད། །བཏང་དང་བཞག་པ་མེད་པའི་ཆོས། །བསྒོམས་དང་མ་བསྒོས་མཐའ་ལས་གྲོལ། །འཛིན་མེད་སེམས་ཀྱི་དྲི་མ་ཅི། །ཡང་དག་རིག་པ་དྲི་མ་མེད། །དྲི་མེད་དག་པའི་ཆོས་སྐུ་ལ། །བསྒོམ་དང་བསྒོམ་པར་བྱ་བ་མེད། །བསྒོམས་པས་ཡང་དག་ཉིད་མི་རྙེད། །རྙེད་ན་རང་རིག་མེད་པར་འགྱུར། །ཅི་ཕྱིར་རང་རིག་ཡེ་ཤེས་ལ། །ཡེངས་དང་མ་ཡེངས་མེད་པའི་ཕྱིར། །གང་ལ་འཛིན་པ་ཡོད་པ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། ཅེས་པ་དང༌། ཡང༌། དེ་ཡང་ཆོས་རྣམས་འདི་ལྟ་སྟེ། །སྐྱེ་བ་མེད་པས་འགག་པ་མེད། །འཛིན་པ་མེད་པས་རང་སར་གྲོལ། །དམིགས་པ་མེད་པས་སྤྲོས་པ་མེད། །བྱས་པས་མ་བྱུང་ཀུན་ལ་ཡོད། །འདུས་མ་བྱས་པས་རྣམ་དག་དབྱིངས། །འཛིན་པའི་ཐ་སྙད་ཆོས་དང་བྲལ། །རང་བཞིན་མེད་པས་བརྗོད་དང་བྲལ། །ཅེས་པ་དང༌། ནོར་བུ་འཕྲ་བཀོད་ལས། ཧ་ཧ། ཆོས་མེད་པ་ལས་ཆོས་ཉིད་འབྱུང༌། །ཡུལ་མེད་པ་ལས་ཡུལ་ལྟར་སྣང༌། །ཆོས་མེད་ཤེས་རབ་ཁོང་གསལ་བས། །དྲན་མེད་ཡུལ་དུ་མེད་པའོ། །ཞེས་པ་དང༌། སེང་གེ་རྩལ་རྫོགས་ལས། འཛིན་ཆགས་མེད་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་མཆོག །སོ་སོར་རྟོག་དང་མཚན་མ་ཚིག་གི་ལམ། །བྱ་རྩོལ་མེད་པའི་ཆོས་ཉིད་རང་སར་དག །འུབ་ཆུབ་ཏིང་འཛིན་ཆོས་ཉིད་ཡུལ་ལ་འཇུག །དག་དང་མ་དག་ཐ་སྙད་ཆོས་སུ་མེད། །གཅིག་དང་གཉིས་ལས་འདས་པའི་ཡེ་གནས་དོན། །རང་ལུས་ངང་དུ་ཐིག་ལེ་གཅིག་གིས་འུབ། །ཅེས་པ་དང༌། ཀློང་དྲུག་པ་ལས། མཐའ་མེད་དབུས་སུ་དམིགས་པ་མེད། །བསམ་པ་མེད་ཅིང་ཡུལ་རྣམས་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཆོས་མེད་བཏགས་པ་ཀུན་ལས་འདས། །དགྲ་མེད་བཤེས་ཀྱང་ཡོད་པ་མིན། །ལུས་མེད་དབང་པོར་སྣང་བ་མེད། །ཆོས་ནི་བསམས་པས་མི་སྣང་སྟེ། །གང་མེད་གང་དུ་འཛིན་པ་མེད། །ང་མེད་ང་ཡི་འཁོར་ཀྱང་མེད། །དབྱིངས་མེད་རིག་པའི་སྐུ་ཡང་མེད། །དགེ་མེད་སྡིག་པའི་རྣམ་སྨིན་མེད། །སྲོག་མེད་བཅད་པའི་དམིགས་པ་མེད། །ཚོགས་མེད་བསག་པའི་ཡུལ་ཡང་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །གནས་མེད་སྟོང་པ་ཉིད་ཀྱང་མེད། །ཅེས་པ་དང༌། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། །བྱ་ཆུབ་སྙིང་པོ་གོལ་སྒྲིབ་མེད་པ་ལ། །གོལ་དང་སྒྲིབ་པར་འཛིན་པར་ག་ལ་ཡོད། །གོལ་མེད་སྒྲིབ་པ་ཐམས་ཅད་ཡོངས་ཀྱིས་མེད། །ཆོས་ཀྱི་སྐུ་ནི་སྒྲིབ་དང་བྲལ་བ་ལ། །གོལ་སྒྲིབ་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཆོས་སྐུ་མ་སྐྱེས་རང་ལས་བྱུང་བ་ལ། །གཞན་ནས་འོང་དུ་རེ་བ་ཡོང་རེ་འཁྲུལ། །སྐྱེ་མེད་བསམ་དང་བྲལ་བའི་རིག་པ་ལ། །ཚིག་དང་ཡི་གེར་བསྟན་པ་འོ་རེ་བརྒྱལ། །ཅེས་པ་དང༌། ཡི་གེ་མེད་པ་ལས། བྱས་པ་མ་ཡིན་བྱེད་མཁན་ག་ལ་ཡོད། །བཅོས་པ་མ་ཡིན་བཅོས་པའི་བདག་པོ་མེད། །ལྟ་བ་མ་ཡིན་ལྟ་བྱེད་ཆོས་དང་བྲལ། །མཐོང་བ་མ་ཡིན་མཐོང་བྱེད་རྣམ་པར་གསལ། སྣང་བྱེད་མ་ཡིན་སྣང་བའི་ཕྱོགས་དང་བྲལ། །བྲི་བ་མ་ཡིན་ཐོགས་མེད་ཕྱོགས་བཅུར་ཁྱབ། །རྩོལ་བ་མ་ཡིན་རྩོལ་སྒྲུབ་ཆོས་དང་བྲལ། །གཅིག་པུ་མ་ཡིན་དུ་མའི་ཆོས་དང་བྲལ། །ཕྱི་དང་ནང་མེད་ཕྱི་ནང་མེད་པར་གསལ། །ཅེས་པ་དང༌། ཐུན་མོང་གི་གསང་བ་སྒྱུ་འཕྲུལ་ལས་ཀྱང༌། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །གནས་པ་མེད་ལས་ཐམས་ཅད་གནས། །གནས་ཙམ་ཉིད་ནས་གནས་པ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །འགྲོ་འོང་མེད་ལས་འགྲོ་དང་འོང༌། །འགྲོ་འོང་ཉིད་ནས་འགྲོ་འོང་མེད། །ཅེས་པ་དང༌། དཀོན་མཆོག་ཏ་ལ་ལའི་མདོ་ལས་ཀྱང༌། །དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ། །མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པས་ན། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་པ་དང༌། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་ཀྱང༌། ནམ་ཞིག་འཇིག་རྟེན་ཁམས་འདི་བྱུང་བ་དང༌། །བྱུང་ནས་ཞིག་སྟེ་སྟོང་པར་གནས་པ་ན། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང༌། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། མ་རིག་ནམ་མཁའ་ཇི་བཞིན་ཏེ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །རྟེན་མེད་གནས་མེད་ལེན་པ་མེད། །སྤྲུལ་འདྲ་ཡོངས་སུ་ཤེས་པར་གྱིས། །ཞེས་པ་དང༌། གསང་འདུས་ལས། དངོས་པོ་འདི་རྣམས་མ་སྐྱེས་པ། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུར་བདག་མེད་པའི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་རྒྱ་ཆེར་གསུངས་སོ། །གཉིས་པ་འཆིང་གྲོལ་གཉིས་སུ་མེད་པའི་རང་སེམས་སྟོང་པ་རྩ་བྲལ་ཆེན་པོར་ཐག་བཅད་པ་ལ་གཉིས་ཏེ། བྱུང་གནས་འགྲོ་གསུམ་གྱིས་བརྟགས་པས་སྤྱིར་བསྟན་པ་དང༌། གཅིག་དང་ཐ་དད་ལ་བརྟགས་པས་བྱེ་བྲག་ཏུ་ངེས་པར་བྱ་བའོ། །དང་པོ་ནི། གཤིས་མཐའ་གྲོལ་ནམ་མཁའ་ལྟ་བུ་ཡིན་མོད་ཀྱི། རང་གིས་ནང་དུ་མ་བརྟགས་ན་ཡིན་སྙམ་ཡིད་དཔྱོད་ལ་ལུས་པས་སྟོང་བསྒོམ་མུན་རྡོ་ལྟར་སོང་ནས། ཟང་ཐལ་རྗེན་པར་མི་རྟོག་པས་འཁོར་འདས་ཀྱི་ཤན་ཐང་མི་ཕྱེད་པའི་ཕྱིར། རྟོགས་པ་ངེས་ཤེས་སུ་འཆར་བ་ལ་སོ་སོར་རྟོག་པའི་ཤེས་རབ་དགོས་ཏེ། ཡི་གེ་མེད་པ་ལས། རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང༌། ཆོས་ཀྱི་་མན་ངག་ལ་ཐུག་ཅེས་གསུངས་པས། འདིར་བླ་མའི་མན་ངག་གིས་རྟོགས་པར་བྱ་བ་ལ་གསུམ་སྟེ། བྱུང་ས་བྱུང་མཁན་ལ་བརྟག་པ། གནས་ས་གནས་མཁན་ལ་བརྟག་པ། འགྲོ་ས་འགྲོ་མཁན་ལ་བརྟག་པའོ། །དང་པོ་ལ་གཉིས་ལས། བྱུང་ས་ཕྱི་སྣ་ཚོགས་ཡུལ་དུ་སྣང་བ་དང༌། ནང་ཕུང་པོ་གཟུགས་སུ་སྣང་བ་སྟེ། སེམས་དེ་གཉིས་གང་རུང་ལ་འཆར་དུས། ཕྱི་རུ་ཤར་ན་ཕྱིའི་ཡུལ། ནང་དུ་ཤར་ན་ནང་གི་ལུས། །ཚལ་པ་ཚལ་པར་ཕྱེ་ལ་རྡུལ་ཕྲན་ཆ་མེད་དུ་བརྟགས་པས། བྱུང་སའི་སྣང་ཡུལ་མེད་པར་མཐོང་དུས་དེ་ལས་སེམས་མ་བྱུང་བར་ངོ་ཤེས་པས་གཟུང་བ་ཡུལ་དུ་འཛིན་པའི་རྟོག་པ་གཞི་མེད་རྩ་བྲལ་ཆེན་པོར་ཐག་ཆོད། བྱུང་མཁན་ཤ་ར་ར་འོ་ལ་ལའི་སེམས་དང་སེམས་བྱུང་ཁོ་རང་ལས་ཁོ་རང་བྱུང་ན་སྐད་ཅིག་གི་ཤེས་པ་རྫས་གཉིས་སུ་འགྱུར་ལ། ཁོ་རང་ལས་གཞན་ལས་མ་བྱུང་བར་དཔྱད་ཟིན་པས། ད་བྱུང་ས་དེ་རང་བྱུང་དུ་བྱུང་ངམ་སྙམ་ན། ཁ་དོག་དང༌། དབྱིབས་དང༌། རྟགས་དང༌། མཚན་མ་དང༌། ཆེ་ཆུང་དང༌། ཕྱོགས་ཆ་ལ་སོགས་པ་ཅི་འདུག་བརྟགས་པས་གང་དུའང་མི་འདུག་སྟེ། བློས་བརྟགས་པ་ཙམ་གཞི་མེད་ཧར་སང་ཡེ་དག་ཏུ་སོང་དུས། ནང་འཛིན་པའི་རྟོག་པ་གཞི་མེད་ནམ་མཁའ་ལྟ་བུར་རང་གིས་རྟོགས་པས། ཆོས་དང་ཆོས་ཉིད་དུ་སྣང་བའི་གཟུང་འཛིན་ཐམས་ཅད་ཡུལ་མེད་རྟེན་བྲལ་ཆེན་པོར་དུས་དེའི་ཚེ་རྟོགས་པས། སེམས་དང་པོ་སྐྱེ་བ་མེད་པར་ཡེ་ནས་འདུག་པ་ལ་དེ་རིང་རྟོགས་པས་ཆོས་སྐུ་སྤྲོས་བྲལ་ཆེན་པོའི་དོན་ཁོང་དུ་ཆུད་པའོ། །གཉིས་པ་བར་དུ་གནས་ས་དང་གནས་མཁན། གསུམ་པ་ཐ་མར་འགྲོ་ས་དང་འགྲོ་མཁན་གཉིས་ཀྱང་དེ་ཁོ་ན་ལྟར་བཤིག་ནས་བརྟགས་པས། ལོངས་སྐུ་རང་གསལ་ཆེན་པོ་དང༌། སྤྲུལ་སྐུ་རང་གྲོལ་རང་ཤར་གྱི་དགོངས་པ་ལ་རེག་སྟེ། ཕྱི་ནང་ཡུལ་མེད་རིག་པ་རྟེན་མེད། གཟུང་འཛིན་གཞི་མེད། དགོངས་པ་བར་མེད་མཉམ་པའི་དོན་ཁོང་དུ་ཆུད་ནས། མ་བསྒོམས་ཆུ་བོ་རྒྱུན་གྱི་བསམ་གཏན་རང་སངས་མཉམ་པ་ཆེན་པོར་ཁོང་ནས་འཆར་བ་ནི། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང༌། བར་དུ་གནས་ས་ཐ་མ་འགྲོ་ས། །དེ་ལྟར་གསུམ་ལ་བརྟགས་དཔྱད་པས། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། ཞེས་སོ། །དེའི་ཚེ་ཕྱི་ཡུལ་དུ་སྣང་བ་ཐམས་ཅད་མེད་ལ་སྣང་བ་གཞི་མེད་སང་སེང༌། ནང་སེམས་སུ་རྟོག་པ་ཐམས་ཅད་ཤར་གྲོལ་རྗེས་མེད། སྣང་སེམས་འབྲེལ་མེད་ཟང་ཐལ་ཆེན་པོར་མཐོང་བས་ཆོས་ཟད་ཀྱི་དགོངས་པ་བློ་ཟད་ལ་ཤར་བ་ཞེས་བྱའོ། །འདི་དག་འཕགས་པ་དཀོན་མཆོག་བརྩེགས་པར་གསུངས་ཏེ། འོད་སྲུང་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་རྩོམ་པ། སེམས་དེ་ནི་ཕྱི་ན་ཡང་མི་དམིགས། ནང་ན་ཡང་མི་དམིགས། དེ་གཉིས་ཀའི་བར་ན་ཡང་མེད་ཅིང་མི་དམིགས་ཏེ། སྔོན་པོར་མ་ཡིན། སེར་པོར་མ་ཡིན་ཅེས་བྱ་བ་ལ་སོགས་པ་ནས། དེ་ལ་བརྩོན་འགྲུས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་སོ་ཞེས་པའི་བར་དུ་གསུངས་སོ། །གཉིས་པ་གཅིག་དང་ཐ་དད་པ་བརྟག་པ་ནི། སེམས་ཀྱི་ཁང་བུ་བཤིག་པའི་མན་ངག་སྟེ། དེ་ཡང་སེམས་ཞེས་བྱ་བ་འདི་ཡོད་ན་རྒྱུ་ཅི་ལས་བྱུང་བ་དང༌། མེད་ན་འགྱུ་བ་དང་དྲན་ཤེས་ཀྱི་འཁོར་ལོ་འདི་ཅི་ཡིན་པ་དང༌། དྲན་ཤེས་ཀྱི་རྣམ་པ་འདི་དག་རྐྱེན་གང་ལ་བརྟེན་ནས་བྱུང་བ་དང༌། རྐྱེན་མེད་ན་དྲན་ཤེས་གློ་བུར་བ་འདི་དག་མི་རིགས་པ་དང་ གལ་ཏེ་སེམས་འདི་ལུས་དང་གཅིག་ཏུ་ཡོད་ན་ལུས་འཇིག་དུས་སེངས་ཀྱང་འཇིག་པར་འགྱུར་བ་དང༌། མེད་ན་རྗེས་སུ་འགྲོ་ལྡོག་མ་ངེས་པས་ལུས་ཀྱི་ན་ཚ་སེམས་ཐོག་ཏུ་འོང་བ་དང༌། སྐྱེ་བ་སྔ་ཕྱིའི་འཁོར་ལོ་འོང་བར་མི་རིགས་པ་དང༌། སེམས་ཞེས་བྱ་བ་འདིར་གཅིག་ན་ནི་འགྲོ་བ་གཅིག་གི་དབང་པོ་འགགས་པས་འགྲོ་བ་གཞན་ཡང་འཆི་བར་རིགས་པ་དང༌། གཅིག་མིན་ན་འགྲོ་བའི་གཟུགས་ཐ་དད་པ་ལྟར་འགྲོ་བའི་སེམས་དངོས་པོ་ཐ་དད་པར་རིགས་པ་དང་ཐ་དད་ན་ལུས་གཅིག་གི་ནང་ན་སྲིན་བུ་ལ་སོགས་པའི་སྲོག་ཆགས་དེ་ཀུན། སྐྱེས་བུ་གཅིག་ཚེའི་དུས་བྱས་དུས་འཚོ་བར་རིགས་པ་དང༌། གལ་ཏེ་གཅིག་ཡིན་ན་ལུས་གཅིག་ལ་ཕྱི་ནང་གི་སེམས་ཅན་དཔག་ཏུ་མེད་པ་འོང་བ་འདི་ཅི་ཡིན་པ་དང༌། གལ་ཏེ་སེམས་འདི་ལ་ལྡོག་ས་ཡོད་ན། དང་པོ་རྒྱུ་ཡོད་དགོས་པས། རྒྱུ་ཡོད་ན་འདུས་བྱས་མི་རྟག་པས་སླར་འཇིག་པས་ལས་ལ་བཟང་ངན་མེད་པར་རིགས་པ་དང༌། ལྡོག་པ་མེད་ན་ནི་སེམས་ཅན་གྱི་ཕུང་པོ་དཔག་ཏུ་མེད་པ་འདི་དག་འོང་བར་མི་རིགས་པ་དང༌། སེམས་དེ་སྣ་ཚོགས་པ་ཡིན་ན་ནི་འགྲོ་བ་ལ་རང་གཞན་གྱི་རྟོག་པ་ཐང་ཅིག་ཏུ་འོང་བར་མི་རིགས་པ་དང༌། ཕན་ཚུན་འཆོལ་བས། རང་རྒྱལ་བ་དང༌། མ་ཤི་བ་དང༌། སྡུག་བསྔལ་མེད་པ་དང༌། འཁོར་དང་ལོངས་སྤྱོད་ལ་སོགས་པ་ལྡན་ན་དགའ་བ་དང༌། གཞན་ཕམ་པ་་ལ་སོགས་པ་ཀུན་འདུ་ཤེས་མཐུན་པར་འོང་བ་མི་རིགས་པ་དང༌། གལ་ཏེ་ཐ་དད་པ་ཡིན་ན་ནི། འགྲོ་བ་མང་པོ་ཡོད་པས། འགའ་ཞིག་ལ་གཞན་དང་མཐུན་པར་རང་འཕམ་པ་དགའ་བ་ལ་སོགས་པ་འོང་བར་རིགས་པ་དང༌། གཅིག་ཁོ་ནར་སེམས་པ་ཡིན་ན་ཅི་གཅིག་ཤི་བས་ཀུན་ཤི་བའམ། གཅིག་སྐྱེས་པས་ཀུན་སྐྱེ་བར་རིག་པའམ། དེ་ལྟར་རྣམ་པ་དུ་མའི་སྒོ་ནས་རང་གི་སེམས་ལ་གཅིག་དང་ཐ་དད་ཀྱི་རྒལ་བས་བརྟགས་ཏེ་བཙལ་བས། གང་ཡང་མ་རྙེད་པ་ནི་ཆོས་ཉིད་ཀ་ནས་དག་པའི་དོན་ཤེས་རབ་ཀྱི་དབང་པོས་རྟོགས་པ་སྟེ། སེམས་ལ་རྒྱུ་མེད་དེ་ལྡོག་མི་སྲིད་པས་ལས་ཀྱི་བསགས་པ་ལ་མཐའ་མེད་པར་ཡིད་ཆེས་པ་དང༌། སེམས་ལ་རྒྱུ་ཡོད་ན་འབྲས་བུ་འོང་དགོས་ཏེ། འབྲས་བུ་འཁོར་བ་ཡིན་ན་མ་དག་པས་གྲོལ་མི་སྲིད། འདས་པ་ཡིན་ན་འཁོར་བ་འོང་བར་མི་རིགས། གཉིས་ཀ་ཡིན་ན། འཁོར་འདས་ཐ་དད་པ་ལྟར་སེམས་ཀྱང་ཐ་དད་པར་འགྱུར་ལ། གལ་ཏེ་ཐ་དད་ན། ལུས་སེམས་ཐ་དད་པ་བཞིན་དུ་དྲན་བསམ་གྱི་རིགས་གཅིག་ཏུ་འདུས་པའི་འདོད་པའང་ཐ་དད་དུ་མར་འགྱུར་བ་ལས། རིགས་གཅིག་ཏུ་འདུ་བས་ཤེས་སོ། །ཡང་སེམས་ལ་རྒྱུ་མེད་ན་སེམས་འདི་དག་མི་རིགས་སོ་ཞེ་ན། འདི་དག་ནི་སེམས་ཀྱི་རྒྱུ་ལས་བྱུང་བ་མེད་དེ་བློ་མ་ཡིན་པས། སེམས་ལས་བྱུང་བ་་མ་ཡིན་ན་སེམས་འདི་ཉིད་དུ་གནས་པ་ཙམ་ལ་མ་རྟོགས་པ་མེད་དེ། འདི་དག་ནི་སྐྱེ་བ་དང༌། འཆི་བ་དང༌། གནས་པ་ལ་སོགས་པ་ཟད་པ་ཡང་མ་ཡིན་ལ། འཕེལ་བ་ཡང་མ་ཡིན་པས་ན། ལུང་ལས། མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། ཅེས་པ་དང༌། ཡང༌། སེམས་ཅན་ཁམས་ཀྱི་རང་བཞིན་དེ་ཡང་མ་མཐའ་མེད། །ཅེས་གསུངས་པས་སོ། །དེ་ལྟར་རྒྱུ་མེད་པས་སེམས་ལ་འཕེལ་བ་མེད་པར་ཤེས། འཕེལ་བ་མེད་པས་སྐྱེ་བ་མེད་པར་ཤེས། སྐྱེ་བ་མེད་པས་འཆི་བ་མེད་པར་ཤེས། དེ་ཤེས་པ་ལས་ལ་བའང་ངན་མེད་པར་ཤེས་ཏེ། སྡུད་པ་ལས། ཡོད་ང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། ཞེས་སོ། །དེ་ལྟར་ཡེ་གདོད་མ་ནས་རང་གད་མེད་པར་ཤེས་པས་ན། གཟོད་ནས་དག་པས་སེམས་ཅན་སྐྱེ་བར་ག་ལ་འགྱུར། ཅེས་འབྱུང་བ་ཡིན་ནོ། །དེ་ཡང་སེམས་ལ་རྐྱེན་མེད་པ་སྟེ། ཡོད་ན་སྣང་བ་སྣ་ཚོགས་སུ་སྣང་བ་བཞིན་དུ་སེམས་ཀྱང་རྐྱེན་གྱིས་ཁ་དོག་ལ་སོགས་པ་སྣ་ཚོགས་སུ་འགྱུར་ལ། སེམས་ཐ་དད་དུ་སོང་བས་དྲན་བསམ་གཅིག་ཏུ་མི་རིགས་ལ། སེམས་ལ་རྐྱེན་ཡོད་ན་གཏན་འཇིག་པར་འགྱུར་བས། སེམས་ཀྱི་ལས་འབྲས་མེད་པར་ཐལ་བ་དང༌། སེམས་ཞིག་ཀྱང་དེའི་ལས་ཡོད་ན། ཧ་ཅང་འགལ་ཏེ། ལུས་ཀྱི་ཁ་དོག་དང་སྐྱེ་མཆེད་ལེགས་ཉེས་ཀུན་ལུས་ཞིག་ཀྱང་གནས་སོ་ཞེས་བརྗོད་པ་དང་མཚུངས་སོ། །དེས་ན་སྒྱུ་མ་ལྟར་གནས་པ་ཙམ་གྱིས་གསལ་ལོ། །རྐྱེན་མེད་ན་ད་ལྟ་དྲན་བསམ་སྣ་ཚོགས་པ་འདི་ཅི་ལས་བྱུང་ཞེ་ན། ད་ལྟའི་དྲན་བསམ་འདི་རྐྱེན་ལས་བྱུང་བ་མ་ཡིན་ཏེ། གློ་བུར་བ་མདང་གི་རྨི་ལམ་གྱི་ནོར་བུ་རྙེད་པ་ལ་དགའ་བ་དང་བདེན་པར་འཛིན་པ་ལས། སད་དུ་ཅི་ཡང་མེད་པ་ལྟར། ད་ལྟའི་དྲན་བསམ་ཡང་བདེན་པར་བཟུང་ནས་ཞེན་རུང་དེའི་རྗེས་ལ་ཅི་ཡང་མེད་པས་གནས་སྐབས་ཀྱི་བདེན་བརྫུན་ལྟར་སྣང་བ་ལས་གྲུབ་པ་མེད་དོ། །དཔེར་ན་ནམ་མཁའི་སྤྲིན་སྣ་ཚོགས་གློ་བུར་དུ་འཁྲིགས་པ་དེ་གར་སོང་ཆ་མེད་གློ་བུར་དུ་ཡལ་བ་དང་འདྲ་བར། སྤྲིན་དེ་ནམ་མཁའ་ལ་མེད་ཀྱང་དེའི་ངང་ན་སྣང་བ་ལྟར། རྐྱེན་དང་རྒྱུ་སེམས་ལ་མེད་ཀྱང་སྣང་སྣང་འདྲ་དུས་རྒྱུ་རྐྱེན་མེད་དེ་གཅིག་དང་དུ་མ་དང་དུས་གསུམ་གྱི་བརྟགས་པས་མེད་པར་ངེས་ཏེ། རྩ་བ་ཤེས་རབ་ལས། ས་བོན་ཞིག་དང་མ་ཞིག་ལས། །མྱུ་གུ་སྐྱེ་བ་མ་ཡིན་ཏེ། །ཁྱོད་ཀྱིས་ཆོས་རྣམས་ཐམས་ཅད་ནི། །སྒྱུ་མ་འབྱུང་བ་བཞིན་དུ་བསྟན། །ཅེས་པ་དང༌། རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཅེས་པས་སོ། །ཀུན་བྱེད་ལས་ཀྱང༌། རྒྱུ་དང་རྐྱེན་མེད་ཞི་བ་མཆོག་གི་ལམ། །ཞེས་པ་ལ་སོགས་པ་བཤད་དོ། །དེའི་ཕྱིར་སེམས་ཡོད་ན། །དངོས་པོ་གཟུགས་ཅན་དུ་ཡོད་དམ། གཟུགས་མེད་དུ་ཡོད། གཟུགས་ཅན་དུ་མེད་དེ་ཡོད་ན་དབང་པོའི་མངོན་སུམ་ལ་བལྟར་རུང་བ་ལས་བལྟར་རུང་མ་དམིགས་པའི་མངོན་སུམ་ཚད་མས་གསལ་ལོ། །གཟུགས་མེད་དུ་ཡོད་ན་ཅིས་ཤེས། འགྱུ་བ་ཤེས་སོ་ཞེ་ན། འགྱུ་བ་དེ་ཁོ་དགོ་དང་ཕྱོགས་ཆ་དང༌། འདས་མ་འོངས་ད་ལྟ་གསུམ་ཕྲད་པ་བརྟགས་པས་མ་གྲུབ་སྟེ། འགྱུ་བ་སྔ་མ་དང་ད་ལྟའི་འགྱུ་བ་ཕྲད་ན་ཕྲད་ཆའི་དྲན་བསམ་སྔ་མ་དེ་ད་ལྟ་མ་འགགས་པར་ཡོད་དགོས་ལ། ཡོད་ན་སྔ་མ་ཡིན་པར་འགལ་ཞིང༌། ད་ལྟའི་སྔ་མ་དང་ཕྲ་ཆ་དེ་འགགས་པར་ཐལ་ཞིང་མ་ཕྲད་ན་ད་ལྟའི་དྲན་བསམ་རྒྱུ་མེད་འགྱུ་བར་མི་རིག་པར་ཐལ་བས་ཁེགས་སོ། །འགྱུ་བ་ནི་གཅིག་ཡིན་ནམ་ཐ་དད་ཡིན། གཅིག་ན་སྣ་ཚོགས་པར་འགྱུ་བ་ཉམས་ལ། ཐ་དད་ན་འགྱུ་བྱེད་གཅིག་ཡིན་པས་ཉམས་སོ། །དེས་ན་སེམས་ཡོད་པར་མ་གྲུབ་སྟེ། རྩ་བྲལ་ནམ་མཁའ་འདྲ་བར་རྟོགས་པས། སྐྱེ་བ་དང་སྐྱེ་གཞི་མེད་པས་ལྡོག་པའི་ས་མེད་དོ། །ནམ་མེད་ན་དྲན་བསམ་སྔ་ཕྱིའི་བར་དུ་ངོ་སྤྲད་པས་དེར་ཡལ་བས་སེམས་ལ་གཞི་མེད་པར་ངོ་ཤེས། དེ་ཤེས་པས་ལྡོག་ས་མེད་པར་ཡིད་ཆེས། དེ་ཤེས་པས་ཁམས་གསུམ་མིང་མེད་ཆེན་པོར་ཐག་ཆོད། དེ་ཆོས་པས་ལས་དགེ་སྡིག་གི་ཕན་གནོན་མེད་པར་བློ་བདེ་བའོ། །ཡང་སྣང་ཤེས་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་རྒྱུ་དང་མཚན་ཉིད་དུ་མ་གྲུབ་པར་ངོ་ཤེས། དེ་ཤེས་པས་སེམས་ཉིད་སྟོང་པ་ལ་ངོས་གཟུང་མེད་པར་ཡིད་ཆེས། དེ་ཆེས་པས་སེམས་ཞེས་རྒྱུ་རྐྱེན་ལས་མ་བྱུང་བར་ཐག་ཆོད། དེ་ཆོས་པས་དྲན་བསམ་གློ་བུར་གྱི་རྟོག་པས་ཕན་གནོད་མེ་པར་བློ་བདེ་བའོ། །ཡང་བློ་བདེ་བའོ། །ཡང་བློ་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་རྩ་བ་མེད་པར་ངོ་ཤེས། དེ་ཤེས་པས་སེམས་ཉིད་གཅིག་གི་འཁོར་ལོ་ལ་སྤྲོས་པ་ཐ་དད་མེད་པར་ཡིད་ཆེས། དེ་ཆེས་པས་བྱས་པའི་ཆོས་ཀྱིས་སངས་མི་རྒྱ་བར་ཐག་ཆོད། དེ་ཆོད་པས་སེམས་མེད་པའི་དོན་ལས་མ་རྟོགས་པའི་ལོགས་པ་མེད་པས་བླ་བདེ་བའོ། །ཡང་ཆོས་ཉིད་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་སྐྱེ་བ་མེད་པར་ངོ་ཤེས། དེ་ཤེས་པས་བག་ཆགས་ལུས་ཀྱི་ཀུན་གཞིས་མི་གནོད་པར་ཡིད་ཆེས། དེ་ཆེས་པས་ད་སེམས་སྐྱེ་མི་སྲིད་པར་ཐག་ཆོད། དེ་ཆོས་པས་དེ་སེམས་ཀྱི་ཁང་བུ་ཞིག་སྟེ་ལྡོག་པ་དང་ལྡོག་རྟེན་མེད་པར་བློ་བདེ་བའོ། །དེ་ལྟར་སེམས་ཡས་པའི་དུས་བཞི་པོའི་ཚད་ཟིན་པས སངས་རྒྱས་མེད་པས་སངས་རྒྱས་མིང་ཙམ་དུ་ཡང་མེད་དེ། འབྲས་བུ་ལ་རེ་བ་འཛིན་པའི་བློ་ལྡོག །དེ་ལོག་པས་ལམ་འབད་རྩོལ་དུ་བྱེད་པའི་ཆོས་མེད་དོ། །དེས་ན་མེད་པའི་ཆོས་ལ་ཅི་ཡང་མེད་པས་འཁོར་འདས་སུ་བཏགས་པ་མིང་ཙམ་ལས་དོན་ལ་མ་རྙེད་པ་ལ་གྲོལ་བའི་ཚད་ཅེས་བྱའོ། །དེའི་ཕྱིར་ན་སེམས་ཉིད་མེད་པ་ལ་ཅི་ཡང་མེད་པས། སེམས་ལ་རྒྱུ་མཚན་མེད་པས་བལྟར་མེད་ལ། དེ་ལྟར་མེད་པའི་ངོ་སྤྲད་པ་བཞི་བསྐོར་ལ། ཆོས་ཅན་བཅུ་དྲུག་ཏུ་རིག་པ་ནི། སེམས་ཀྱི་ཁང་བུ་བཤིག་པ་སྟེ། དཔེར་ན་བྱིས་པའི་ཁང་བུ་བརྩིགས་ཀྱིན་འཇིག་པ་དང་འདྲའོ། །དེ་ཡང་བྱ་བས་བྱ་བ་འཇིག་པ་ལྕགས་ཀྱིས་ལྕགས་འཇིག་པ་དང་འདྲ་ལ། མི་རྟག་པས་མི་རྟག་པ་འཇིག་པ་སྒྱུ་མའི་མིས་སྒྱུ་མའི་གྲོང་ཁྱེར་བཅོམ་པ་ལྟ་བུ་དང་ བྱས་པས་མི་རྟག་པ་འཇིག་པ་རོ་ལ་རོ་བརྩེགས་པ་ལྟ་བུ་དང༌། མི་རྟག་པས་བྱས་པ་འཇིག་པ་རིག་པ་ད་ལྟར་བས་མ་རིག་པ་སྔ་མ་འཇིག་པ་ལྟ་བུའོ། །དེ་ལྟར་ན་སེམས་ཀྱིས་སེམས་བཤིག་པས་གཉིས་ཀ་རྗེས་མེད་དུ་ཞིག་པ་ཆུ་ལ་ཡི་གེ་བྲིས་པ་ལྟ་བུ་དང༌། མེད་པས་མེད་པ་བཙལ་ཡང་མི་རྙེད་པ་དབུལ་པོའི་ཁྱིམ་ན་ཡིད་བཞིན་གྱི་ནོར་བུ་མེད་པར་བཙལ་ཀྱང་རྙེད་པའི་གནས་མེད་པ་དང་འདྲ་བར། སེམས་མེད་པ་ལ་གཞིག་པའི་གནས་མེད་པ་ནི། དཔེར་ན་རྡིབ་པའི་ཚེ་ཆུ་ལ་འཛིན་པའི་གནས་མེད་པ་དང་འདྲའོ། །དེའི་ཕྱིར་ན་སེམས་མེད་པའི་དོན་མ་ཤེས་པར། ལྟ་སྒོམ་སྤྱོད་པ་སེམས་ལ་འཚོལ་བ་ནི། བདེ་ཆེ་ཐར་པའི་བསྟན་པ་རྙེད་དུས་མེད་དེ། གྲུ་རྡིབ་པས་ཆུ་ལ་འཇུས་པ་ལྟར། སེམས་མེད་པ་ལ་ཡོད་པར་རྟེན་བཅས་པ་དེ་ཉིད་ཀྱིས་སླུ་ཞིང་འཆིང་བར་ཅེས་སོ། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས་ཀྱང༌། །སྣང་བ་ཆོས་སྐུར་འདོད་པ་ང་ལ་སྒྲིབ་པ་ཡིན། །ཅིར་སྣང་སེམས་སུ་འདོད་པ་ང་ལ་སྒྲིབ་པ་ཡིན། རང་བྱུང་གཞན་འདོད་པ་ང་ལ་སྒྲིབ་པ་ཡིན། །ཅེས་སོ། །འོ་ན་སེམས་ཡལ་ཞེས་ཡོད་པ་དེ་མེད་པར་སོང་བ་མ་ཡིན་ནམ་ཞེ་ན། ཡལ་བ་ནི་སྔར་བཞིན་དཔྱད་ན་མ་གྲུབ་པ་དང༌། མ་དཔྱད་ནའང་གློ་བུར་གྱི་དྲན་བསམ་གྱི་རྟོག་པ་ཡལ་བ་ལས། སེམས་རང་རྒྱུད་པ་ཡོད་ནས་མེད་པར་སོང་བ་མེད་དེ། ཡལ་རྒྱུ་དང་ཡལ་རྐྱེན་གང་དུ་ཡང་མེད་དོ། །འོ་ན་སེམས་ཀྱི་ཁང་བུ་བཤིག་པ་ལ་དགོས་པ་མེད་དེ་བཤིག་རྒྱུ་མེད་པའི་ཕྱིར་རོ་ཞེ་ན། སེམས་ཡེ་ནས་མེད་པ་ལ། མེད་པའི་གནས་ལུགས་རྟོགས་པར་བྱེད་པ་ཙམ་ལས། སེམས་ཀྱི་ཁང་བུའི་གཞིའམ་དངོས་པོ་ཡོད་པ་ནི་མིན་ཏེ། དྲན་པའི་ཁུངས་ཆོས་ཉིད་དུ་སོང་བས། མེད་པ་གོ་བར་བྱས་པ་ལ། ཁང་བུ་བཤིག་ཅེས་ཐ་སྙད་དུ་བྱས་ཏེ། ཡོད་པ་བཤིག་པ་ནི་གང་ཡང་མེད་དོ། །དེའི་ཕྱིར་ན་ཐ་སྙད་ཀྱི་འབྲས་བུ་ཞེས་སྣང་བ་ཡུལ་གྱི་གནད་གང་སྣང་གི་སྟེང་དུ་བཞག་པས། བེམས་པོའི་སྣང་བ་དེར་འཛིན་མེད་པས་ཡུལ་སེམས་གཉིས་མེད་ཀྱི་འབྲས་བུ་དང༌། ཤེས་པ་གང་འགྱུས་ཀྱི་སྟེང་དུ་བཞག་པས། སེམས་ཀྱི་ཁང་བུ་རང་ཞིག་པས་འགྱུ་བ་རྟོག་སངས་ཀྱི་འབྲས་བུ་དང་ དེ་ལྟར་བེམས་རིག་གཉིས་མེད་ཟུང་འཇུག་ཡེ་ཤེས་ཀྱི་ཡལ་ས་ངོས་ཟིན་པས་མེད་པའི་འབྲས་བུའོ། །དེ་ལྟར་འབྲས་བུ་གསུམ་གྱི་དུས་ཀྱང་ཡལ་དུས་ངོ་སྤྲད་པའི་གནད་བཞི་ལ། མེད་པའི་ཆོས་བཅུ་དྲུག་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེའང་གསང་ཆེན་ངེས་པ་སྙིང་ཐིག་གི་ཁྲེགས་ཆོད་སེམས་ཡེ་མེད་རང་སངས། འགྱུ་བ་གློ་བུར་ཡེ་གྲོལ་དུ་ཤེས་པ་དང༌། མན་ངག་གཞན་དང་སེམས་དོན་དམ་དུ་མེད། ཀུན་རྫོབ་ཏུ་ཡོད་པར་བརློམས་ནས། ལྟ་སྒོམ་སེམས་ལ་ལམ་བྱེད་གཉིས། །རང་གྲོལ་རང་ཤར་རང་གཞག་ཙམ་དུ་མི་མཐུན་ཡང༌། དོ་མི་མཐུན་ཏེ། འདིར་ཡེ་མེད་དུ་བྱེད་པ་དང༌། གཞན་དུ་ཡོད་པ་མེད་པར་འདོད་པས་སོ། །ཟུང་འཇུག་ཀྱང༌། གཞན་དུ་ཡོད་པ་གཉིས་གཅིག་ལ་གཅིག་འབྲེལ་ཡི་ཟུང་འཇུག་འདོད་པ་དང༌། འདིར་ཡེ་མེད་པས་ཟུང་དུ་འཇུག་རྒྱུ་མེད་ལ། མེད་པའི་ངོ་བོ་ལ་ཐ་དད་རིས་སུ་མེད་པ་གཉིས་ཐ་མི་དད་པས་གཉིས་མེད་ཟུང་འཇུག་ཅེས་བྱའོ། །གནད་འདི་ནི་ཐེག་པ་ཀུན་ལས་རྩེ་མོར་གྱུར་པའི་གནད་ཁམ་ཡང་ཆེ་ལ་གལ་ཡང་ཆེ་བ་སྟེ། འདི་ལས་སྣང་བ་སེམས་སུ་མི་འདོད་པ་དང༌། སེམས་ཡོད་མ་མྱོང་གཞི་སངས་ཆེན་པོར་བསྟན་པ་ཡིན་ནོ། །འདི་ལ་བརྟེན་ནས་སྣང་བ་སེམས་སུ་ངོ་སྤྲད་པ་དང༌། སེམས་ཉིད་སྟོང་པར་ངོ་སྤྲད་པའི་མན་ངག་སྙིང་ཏིག་གི་དགོངས་པ་ཡིན་པར་ཤེས་པར་བྱའོ། །མན་ངག་འགའ་ཞིག་ཏུ་དེ་ལྟར་བྱུང་སྲིད་ན་འོག་མ་དྲང་བ་ཙམ་ལས་ངེས་དོན་མ་ཡིན་པར་ཐག་བཅད་དོ། །གསུམ་པ་ཡུལ་སྣང་བློའི་མེ་ལོང་དུ་ཤར་བས་ཚོགས་དྲུག་མཉམ་པ་ཆེན་པོར་ཁྱབ་གདལ་བ་ནི། ཕྱི་སྣང་བ་སྣ་ཚོགས། ནང་དྲན་རྟོག་གློ་བུར། དབང་པོ་དྲུག་སྣང་ཡུལ་དང་བཅས་པ་ཐམས་ཅད། མེད་པ་གསལ་སྣང་ཙམ་ལས། དོན་ལ་ཕྱི་ནང་གང་ན་ཡང་མེད་པ་རབ་རིབ་ཅན་གྱི་སྐྲ་ཤད་དང༌། སྒྱུ་མ་དང༌། མིག་འཕྲུལ་དང༌། སྤྲུལ་པ་ལྟ་བུར་བློ་ལ་སྣང་ཡང༌། སྣང་དུས་དེ་ཉིད་ནས་ཡོད་མེད་ཀྱི་མཐའ་ལས་འདས་པར་ཤེས་པར་བྱ་སྟེ། སྣང་བའི་ངོས་ནས་ཇི་ལྟར་བཏགས་ཀྱང་མི་འགལ། ཡིན་དུ་ཆུག མིན་དུ་ཆུག །ཡོད་དུ་ཆུག མེད་དུ་ཆུག སྣང་དུ་ཆུག སྟོང་དུ་ཆུག འཁྲུལ་དུ་ཆུག གྲོལ་དུ་ཆུག བཟང་དུ་ཆུག ངན་དུ་ཆུག སེམས་སུ་ཆུག གཞན་དུ་ཆུག གང་ལྟར་བཏགས་ཀྱང༌། སྟོང་པའི་ངོས་ནས་ཇི་ལྟར་བཏགས་པ་དེ་ཉིད་ཀྱིས་ཐོག་མར་སྟོང་སྟེ། བཏགས་པ་སེམས་ཡིན། སེམས་མེད་པ་ཡིན། མེད་པ་ལ་འདོགས་མཁན་མེད་པས་རྨི་ལམ་གྱི་བྱ་བྱེད་དང་སྒྱུ་མའི་བྱ་བྱེད་བཞིན་ནོ། །སྣང་བ་དང་འཆར་བ་དང༌། དགེ་བ་དང་མི་དགེ་བ་ལ་སོགས་པ་དེ་ཉིད་གློ་བུར་བ། དེའི་ངོ་བོ་གཞི་མེད་རང་སངས། རིག་པའི་ཡེ་གདངས་ཆ་ལ་ཡོད་པས་ངོས་ཟིན་ན་དགོངས་པ་ཆོས་ཉིད་ཕྱོགས་ཡན་ལས་འཆུགས་ས་མེད་དེ། སྣང་སྲིད་འཁོར་འདས་ཀྱི་ཆོས་སོ་ཅོག་རིག་པའི་ངང་ན་མེད་པ་གསལ་སྣང་གི་སྣང་བ་ཆེན་པོར་རང་ཤར་རང་སྣང་བ་ནི། འབྱུང་བཞིའི་སྣང་བ་་ནམ་མཁའི་ངང་ན་གནས་པའམ། རྨི་ལམ་སྣ་ཚོགས་གཉིད་དང༌། གཉིད་རིག་པའི་ངང་ལས་མ་གཡོས་པ་བཞིན་ཏེ། ཐམས་ཅད་རིག་པའི་ངོ་ལ་རང་སྣང་ཡང༌། རིག་པས་འཁྲུལ་སྣང་འཁོར་བ་མ་མཐོང། དག་སྣང་འདས་པ་མ་མཐོང། འཁོར་འདས་ཀྱིས་རིག་པ་མ་མཐོང༌། ཐམས་ཅད་གཞི་མེད་མཉམ་པ་ཆེན་པོའི་ངང་ལ་གཡོས་པ་མེད་དེ། ངོ་བོར་མ་གྲུབ་པས་མཐོང་བ་དང་མཐོང་བྱེད་ལས་འདས་ལ། རིག་པའི་ངང་ནས་ཤར་བས་འཁོར་འདས་རིག་པའི་རང་གདངས་སམ་རོལ་པ་ཞེས་བཏགས་པ་ཙམ་སྟེ། ཡོད་མེད་མཐའ་གྲོལ་ཆེན་པོ། བཏགས་པ་མི་འགལ། དོན་ལ་མ་གྲུབ། མེད་པ་གསལ་སྣང་ཙམ་དུ་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཤར་བ་སྟེ། ཀློང་དྲུག་པ་ལས། དྲི་མ་མེད་པའི་སེམས་ཉིད་ལ། །ཡུལ་རྐྱེན་བྲལ་བའི་སྣང་བ་ནི། །རང་དག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་པ་དང༌། ནོར་བུ་འཕྲ་བཀོད་ལས། ཅི་ཡང་མེད་པའི་དངོས་པོ་ནི། །གང་གི་ཕྱོགས་སུ་མ་ལྷུང་བ། །ཅིར་ཡང་འཁྲུལ་པའི་དངོས་པོ་ནི། །མཐུན་སྣང་ཙམ་དུ་སྣང་བར་ཟད། །འོན་ཀྱང་དེ་ཡི་དོན་མི་སྐྱེ། །ཆོས་དབྱིངས་རྒྱན་ལྟར་སྣང་བའོ། །ཞེས་པ་དང༌། སྟོང་པའི་ཡེ་ཤེས་ཆེན་པོ་ནི། །ཅིར་ཡང་མེད་ལས་ཅིར་ཡང་འཁྲུལ། །ཅེས་པ་དང༌། མུ་ཏིག་ཕྲེང་བ་ལས། དེ་ནི་ང་ཡིན་འགྲོ་བ་ཡིན། །སེམས་ཡིན་སེམས་ལས་བྱུང་བ་ཡིན། །དུ་མ་ཡིན་ལ་ཉག་གཅིག་ཡིན། །འཁོར་བ་མྱང་འདས་ང་རང་ཡིན། །དཀྱིལ་འཁོར་ལ་སོགས་རིམ་འཇུག་ཡིན། །ཆོས་ཡིན་ཆོས་སུ་སྣང་བ་ཡིན། །གནས་པ་ཡིན་ལ་འགྲོ་བ་ཡིན། །འདུག་དང་ཉལ་དང་འཆགས་པ་ཡིན། །སྲོག་ཡིན་གཅོད་པ་ཉིད་ཀྱང་ཡིན། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །མདོར་ན་ཇི་ལྟར་སྣང་བ་ཡི། །ཆོས་ཀུན་དེ་ལས་བྱུང་བའོ། །ས་ཆུ་མེ་རླུང་ནམ་མཁའ་ཡི། །འབྱུང་བ་ཆེ་རྣམས་དེ་ལས་བྱུང༌། །ཞེས་པ་ནས། དེ་ལྟར་གནས་པའི་ཆོས་ཉིད་ལ། །འཁྲུལ་པ་གདོད་ནས་མེད་པ་སྟེ། །ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །གློ་བུར་སེམས་ཅན་སྤྲིན་གྱིས་བསྒྲིབས། །མ་འཁྲུལ་གནས་པའི་ཆོས་ཉིད་ཀྱང༌། །བློ་ལ་འཁྲུལ་པའི་ཚུལ་དུ་སྣང༌། །ཞེས་པ་ནས། སེམས་ཅན་ཉོན་མོངས་ལྔ་ཉིད་ནི། །དོན་ལ་ཡོད་པ་མ་ཡིན་ཏེ། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །གློ་བུར་རྐྱེན་དང་བཅས་པ་ཉིད། །སྤྲིན་དེ་ནམ་མཁའ་ཉིད་ལས་བྱུང༌། །དེ་བཞིན་ནམ་མཁར་ཐིམ་ཤེས་ནས། །དབྱེར་མེད་གཅིག་གི་ངང་ཞེས་བྱ། །དེ་བཞིན་ཉོན་མོངས་དྲི་མ་ཉིད། །རང་བྱུང་རང་ཞི་ཉིད་ཤེས་ན། །སེམས་ཅན་འཆིང་བར་ག་ལ་འགྱུར། །ཅེས་པ་དང༌། སྣང་ཚུལ་མ་གྲུབ་པ་ལྟར། འཛིན་པར་སྣང་ཡང་གང་དུའང་མ་གྲུབ་པས། གཏད་མེད་ཆེན་པོར་བསྟན་པ་ཡང༌། རིན་ཆེན་སྤུངས་པ་ལས། གནས་པ་མེད་པའི་སེམས་ཉིད་འདི། །འགྲོ་ས་མེད་པ་ཡ་རེ་ཆ། །ཀུན་ཏུ་འཇུག་པའི་ཡིད་དྲུག་ལ། །བརྟེན་པའི་ས་མེད་ཡ་རེ་ཆ། །ཐམས་ཅད་སྡུད་པའི་ཀུན་གཞི་ལ། །བཞག་པའི་ས་མེད་ཡ་རེ་ཆ། །འཁོར་ཞིང་འཁྲུལ་པའི་མ་རིག་ལ། །འགྱུར་བའི་དབང་མེད་ཡ་རེ་ཆ། །ཐམས་ཅད་ཡུལ་ཞེན་ཉོན་མོངས་ལ། །གཞི་རྩ་མེད་པ་ཡ་རེ་ཆ། །ཕྲ་དང་རགས་པའི་དྲི་མ་ལ། །འཆགས་ས་མེད་པ་ཡ་རེ་ཆ། །འབྱུང་བ་རགས་པའི་གཟུགས་རྣམས་ལ། །གཏད་པའི་ས་མེད་ཡ་རེ་ཆ། །སྐྱེས་བུ་རྟེན་པའི་ཚེ་སྲོག་ལ། །དུས་བཏབ་མེད་པ་ཡ་རེ་ཆ། །ཚོགས་དྲུག་ཡུལ་གྱི་སྣང་བ་ལ །རྟག་པ་མེད་པ་ཡ་རེ་ཆ། །སྐྱེས་བུའི་དྲན་བསམ་བྱུང་ཚོར་ལ། །ཟད་པ་མེད་པ་ཡ་རེ་ཆ། །ཞེས་པ་དང༌། ཡང༌། གཞི་རྩ་མེད་པའི་ཆོས་ཉིད་འདི། །མ་བཙལ་བཞག་པས་ངོ་མཚར་ཆེ། །འགྲོ་དང་འོང་བའི་རིག་པ་ལ། །ཐུག་པ་མེད་པ་ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ཡེ་ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། །ཞེས་པ་དང༌། ཐུན་མོང་གི་ཐེག་པ་འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང༌། ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལ། །སྐད་ཅིག་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང། །བྱུང་ནས་ཞིག་སྟེ་སྤྲིན་གྱི་དཀྱིལ་འཁོར་དེ། །ཐོག་མ་གང་ལས་བྱུང་བ་བརྟག་པར་གྱིས། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཇི་ལྟར་མི་དག་བྲག་རིའི་ཁྲོད་འདུག་སྟེ། །གླུ་ལེན་སྨྲ་དང་དགོད་དང་ངུ་བ་ལས། །རྐྱེན་ལ་བརྟེན་ཏེ་བྲག་ཅ་འབྱུང་མོད་ཀྱི། །སྒྲ་ལས་དབྱངས་དེ་ནམ་ཡང་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་རྒྱ་ཆེར་གསུངས་སོ། །དོན་གཉིས་པ་ཆོས་ཟད་བློ་འདས་ཀྱི་དགོངས་པ་ཟང་ཐལ་རྗེན་པའི་ཡེ་་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ་ལ་གསུམ་སྟེ། ཆོས་ཟད་བློ་འདས་ཀྱི་རིག་པ་ཟང་ཐལ་རྗེན་པར་ངོ་སྤྲད་པ། རང་གསལ་ངང་གནས་ཀྱི་དགོངས་པ་ཕྱམ་གདལ་ཆེན་པོར་བསྐྱང་བ། གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་ཀློང་གསལ་ཆེན་པོར་གཞག་པའོ། །དང་པོ་ནི། རང་བབས་ཀྱི་རིག་པ་རང་གསལ་དུ་རྗེ་ནེ་བཞག་ལ། ཕྱིར་མི་སྤྲོ། ནང་ནུ་མི་བསྡུ། བར་དུ་མི་བསམ་པའི་རང་ངོ་ལ་བལྟས་པས། ཕྱི་ནང་བར་མེད། རང་གསལ་རྗེན་པ། ལྟ་སྒོམ་གྱིས་མ་བསླད་པའི་ཆོས་སྐུ། རྣམ་རྟོག་གིས་མ་བསྐྱོད་པའི་ཡེ་ཤེས། སྤྲོས་བསྡུས་མ་བཟོས་པའི་དགོངས་པ། གསལ་བ་ལ་རྟོག་པ་མེད་པ། གནས་པ་ལ་འཛིན་པ་མེད་པ། ཡངས་པ་ལ་ཕྱལ་བར་མ་ཤོར་བ། མཉམ་པ་ལ་བར་མེད་པ། འཇུག་མཁན་མེད་པའི་རང་དངས་ཆེན་པོ། ཡེ་ནས་རང་བབས་ཀྱི་དགོངས་པ་ཆེན་པོ་ཆེ། དངས་ཤིང་སྟེང་པ་རྒྱ་མཚོ་ལྟ་བུ། གསལ་ཞིང་དག་པས་ཉི་ཟླ་ལྟ་བུ། ཡངས་ཤིང་ཕྱམ་པས་ནམ་མཁའ་ལྟ་བུ། བརྟན་ཞིང་གནས་པས་རི་རྒྱལ་ལྟ་བུའོ། །འདི་ལྟ་བུའི་དོན་དང་སེམས་ཅན་ཐམས་ཅད་སྐད་ཅིག་ཀྱང་འབྲལ་མ་མྱོང་དུ་ཡེ་ནས་རང་ལ་ཡོད་ཀྱང༌། ངོ་མ་ཤེས་པས་འཁོར་བར་ངན་རྟོག་གི་སྤྲོས་པས་འཆོལ་བ་ཡང༌། ད་བླ་མའི་གདམས་པས་ངོས་ཟིན་ནས་འཆར་རམ་གནས་སམ་གྱིན་འདར་ལྷན་ནེ་བའི་དུས་གང་དུའང་རང་བབས་ཅོག་གཞག་གི་ངོ་བོར་ངོ་སྤྲད་པ་བཞིན་ངང་མ་ཡེངས་ཙམ་དུ་བྱ་སྟེ། སེང་གེ་རྩལ་རྫོགས་ལས། ཨེ་མ་སེང་གེ་བགྲོད་མེད་ལམ། །བྱ་རྩོལ་མེད་པའི་སེང་གེ་ཡིས། །བཏང་བཞག་མེད་པའི་གངས་དཀར་ལ། །མུན་པ་སངས་པའི་རྩལ་གསུམ་རྫོགས། །བསམ་མེད་དངས་པའི་སེང་གེ་ངས། །ཀ་དག་དྲི་མེད་གངས་བཟང་ལ། །འབྱུང་བ་སངས་པའི་རྩལ་གསུམ་རྫོགས། །ཞེས་པ་དང༌། ཀློང་དྲུག་པ་ལས། རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བླང་དོར་མེད་པའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱག་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བྱིང་རྒོད་མེད་པའི་སེམས་ཉིད་ལ། །བཏང་སྙོམས་ཆེན་པོའི་བསྒོམ་པ་ནི། །ཚོགས་དྲུག་ལྷུག་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཡ་ང་མེད་པའི་སེམས་ཉིད་ལ། །རེ་དོགས་བྲལ་བའི་སྣང་བ་ནི། །ཡེ་བཞག་གདེང་ལྡན་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་པ་དང༌། རྩལ་རྫོགས་ལས། འཛིན་ཆགས་མེ་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་ཆོས། །སོ་སོར་སྟོང་དང་མཚན་མ་ཚིག་གི་ལམ། །བྱ་རྩོལ་མེད་པའི་ཆོས་ཉིད་རང་སར་དག །འུབ་ཆུབ་ཏིང་འཛིན་ཆོས་ཉིད་ཡུལ་ལས་འཇུག །དག་དང་མ་དག་ཐ་སྙད་ཆོས་སུ་མེད། །གཅིག་དང་གཉིས་ལས་འདས་པའི་ཡེ་གནས་དོན། །རང་ལུས་ངང་དུ་ཐིག་ལེ་གཅིག་ཏུ་འུབ། །དུས་མེད་རྟོགས་པས་ཏིང་འཛིན་མ་ཡེངས་གསལ། །མཐའ་དབུས་མེད་པས་ཆོས་ཉིད་མིང་དང་བྲལ། །འགྱུར་བ་མ་ཡིན་དྲང་པོར་ཡོངས་ལ་ཁྱབ། །བྱས་པ་མ་ཡིན་བྱུང་སར་ལྷུན་གྱིས་གྲུབ། །ཅེས་སོ། །གཉིས་པ་དེའི་ངང་ལ་བསྐྱང་བ་ལ་གསུམ་སྟེ། ལྟ་སྒོམ་ཡུལ་འདས་ཆེན་པོར་བསྐྱང་བ། ཏིང་འཛིན་རང་བབས་ཆེན་པོར་བསྐྱང་བ། དགོངས་པ་བློ་འདས་ཆེན་པོར་བསྐྱང་བའོ། །དང་པོ་ནི། ངོ་སྤྲད་པའི་ངང་དེ་ལ་བློའི་འཛིན་རྩོལ་དང་ཆེད་དུ་བསྒོམ་པའི་གཉེན་པོ་མ་ཞུགས་པར་རིག་པ་རྒྱ་ཡན་ཡེ་བཞག་དཔངས་བསྟོད་ལ་ཕྱལ་བ་བར་མེད་རང་སངས་སུ་བཞག་པ་སྟེ། ནོར་བུ་འཕྲ་བཀོད་ལས། ཡངས་སོ་ཆོས་ཉིད་རྣམ་པར་དག །ཆེའོ་ལྟ་བ་རྨད་པོ་ཆེ། །སྣང་ངོ་རང་སྣང་དཀྱིལ་འཁོར་ཉིད། །ཡུལ་དང་ཡུལ་མེད་རྣམ་པར་དག །ཕྱི་དང་ནང་མེད་རྣམ་པར་སྣང༌། །སྟོང་དང་མི་སྟོང་ཚིག་ལས་འདས། །ཞེས་པ་དང༌། སེང་གེ་རྩལ་རྫོགས་ལས། །དང་པོའི་གནས་ས་གང་ཡིན་པར། །ཐ་མ་དེ་ཡི་གནས་སུ་འགྲོ། །ད་ལྟ་དེ་ཡི་དོན་ལ་གནས། །ཞེས་པ་དང༌། ཡང༌། འཛིན་རྟོག་མེད་པའི་ནམ་མཁའ་ལ། །རྣམ་ཤེས་མེད་པའི་ནམ་མཁའ་ལ། །རྣམ་ཤེས་ཡིད་མ་འགྱུས་པ་ནི། །ཡེངས་པ་མེད་པའི་ཏིང་འཛིན་མཆོག །སངས་རྒྱས་ཉག་གཅིག་ནགས་ལུགས་ཡིན། །ཅེས་སོ། །གཉིས་པ་ལ་གསུམ་སྟེ། རང་གནས་ཅོག་གཞག་ནི། ཚོགས་ཡུལ་གྱི་སྣང་བ་ལ་འཛིན་པའི་བཟོ་རྒྱ་མི་བྱེད་པར་ཕྱི་ནང་བར་མེད་ཧར་སངས་སུ་ཕྱལ་ལེ་བཞག་ནས། གཉིད་དུ་འགྲོ་ཁར་ཡང་དེའི་ངང་ལ་ཉལ་བས་རྨི་ལམ་འོད་གསལ་དུ་འཆར་བའོ། །ཐོག་བབས་ཆེན་པོ་ནི། སྒོ་གསུམ་ལྷུག་པར་གློད་ལ་གང་ཤར་ཅར་ཕོག་ཏུ་རང་སངས་ལ་ཕྱལ་ཕྱལ་སོང་བའི་ངང་ངོས་གཟུང་བའོ། །སྣང་བ་རྒྱས་འདེབས་ནི། ལུས་སྐྱིལ་ཀྲུང་དང་མིག་བར་སྣང་ལ་ཧྲིག་གེ་བལྟས་ཏེ། སེམས་འཕྲོ་འདུ་བཅད་ནས་རིག་པ་དང་སངས་ཕྱེད་པའི་ངང་ངོས་བཟུང་བས་རླུང་ལྔ་དབྱིངས་སུ་འཆིངས་ཏེ། རང་སྣང་དག་པའི་འོད་གསལ་ཕྱི་དུ་བ་སྨིག་རྒྱུ་འཇའ་འོད་ལ་སོགས་པ་དང་ནང་ཆོས་ཉིད་སྟོང་གསལ་བར་སྣང་དག་པ་ལྟར་འཆར་ཏེ། ཀློང་དྲུག་པ་ལས། ཏིང་འཛིན་གསུམ་ལ་འདི་ལྟར་བསླབ། །རང་གནས་ཅོག་གཞག་ཏིང་འཛིན་ནི། །དབང་པོའི་སྒོ་རྣམས་མི་དགག་ཅིང༌། །ལུས་ཀྱི་སྤྱོད་པ་སྤྱད་མི་བྱ། །གཉིད་ཀྱང་སྤང་བར་མི་བྱ་སྟེ། །སེམས་ཀྱིས་གུད་དུ་བཅད་པ་མིན། །མདོར་ན་ལུས་ངག་རང་སོ་ལ། །ཡིད་བྱུང་ཆ་རྣམས་ཕྱིར་མ་ཤོར། །དབང་པོའི་ཡུལ་རྣམས་དྲུག་ལ་ཡང་ །ཤེས་བཞིན་སྤྱོད་པའི་ཡིད་མ་འགྱུས། །རང་སྣང་མི་རྟོག་ཆེན་པོ་ལ། །གསལ་ལ་རྟོག་མེད་ཉམས་སྐྱེས་པའོ། །ཐོག་བབས་ཆེན་པོའི་ཏིང་འཛིན་ལ། །ལུས་ནི་ཐ་མལ་ལྟ་བུ་ལས། །ངག་ནི་སྨྲ་བརྗོད་ཚིག་དང་བྲལ། །སེམས་ནི་དམ་དུ་མ་བཅིངས་པའི། །རང་ཤར་རང་ལ་མ་ཡེངས་པའོ། །སྣང་བ་རྒྱས་འདེབས་ཏིང་འཛིན་ནི། །ལུས་དང་ཡུལ་དང་རིག་པ་ཡིས། །རང་སྣང་དག་པའི་ཚད་རྣམས་བཟུང༌། །ཞེས་སོ། །གསུམ་པ་དགོངས་པ་བློ་འདས་སུ་བསྐྱང་བ་ལ་བཞི་སྟེ། རི་བོ་ཅོག་གཞག་གི་ལྟ་བ། རྒྱ་མཚོ་ཅོག་གཞག་གི་དགོངས་པ། རིག་པ་ཅོག་གཞག་གི་མན་ངག །སྣང་བ་ཅོག་གཞག་གི་ཐབས་སོ། །དང་པོ་ནི། རིག་པ་རང་གསལ་འདི་ངོས་བཟུང་ནས་གང་ཤར་ཡང་ལྟ་བ་རི་རྒྱལ་ལྟར་འཕོ་འགྱུར་མེད་པའི་ངང་དུ་འཇོག་པ་སྟེ། ཡི་གེ་མེད་པ་ལས། རི་བོ་ཅོག་གཞག་ལྟ་བ་གསང་བ་ཉིད། །ཐེ་ཚོམ་མ་ཡིན་འགྱུར་བ་ངང་གིས་མེད། ཅེས་སོ། །གཉིས་པ་ནི། ལུས་སྐྱིལ་ཀྲུང་ལ། མིག་ཧ་རེ་བར་སྣང་ལ་གཏད་དེ། ཤེས་པ་དང་སངས་ཕྱེད་པ་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པ་ལྟ་བུའི་ངང་ལ་སང་ངེ་བཞག་པ་ནི། དེ་ཉིད་ལས། རྒྱ་མཚོ་ཅོག་གཞག་དག་གིས་དགོངས་པ་ནི། །སྣང་བ་མ་ཡིན་སྣང་བར་བྱེད་པ་ཡིན། །སྟོང་པ་མ་ཡིན་སྟོང་པར་ཡོད་མ་ཡིན། །གསལ་བ་མ་ཡིན་གསལ་བ་ཆེན་པོའི་ཡུལ། །བྱིང་བ་མ་ཡིན་རྒོད་པ་ངང་གིས་མེད། །མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། མ་བསྐྱོད་མི་བསྐྱོད་བསྐྱོད་པ་ཀུན་ལས་འདས། །བྱས་པས་མ་བྱུང་བཞག་ཐབས་ཆེན་པོ་ལྟོས། །སྤྲོ་བསྡུ་མ་བྱེད་ཅོག་གཞག་གཅིག་གི་ངང༌། །གནས་པ་མ་ཡིན་དེ་ལས་འདའ་བ་མེད། །གསང་བའི་ཡེ་ཤེས་རྒྱ་མཚོ་ལྟ་བུ་ལ། །ཡེ་ནས་ལྷུན་འབྱམས་མ་བསྐྱོད་དབྱིངས་སུ་ཞོག །གཏིང་དཔག་དཀའ་བའི་རྒྱ་མཚོ་ཆེན་པོ་ནས། །ནུབ་པ་མེད་པའི་རྒྱལ་མཚན་རྩེ་མོ་ལྟོས། །སྟོང་པའི་སེམས་མེད་མ་བཅོས་ཆེན་པོའི་སྐུ། །བྱས་པ་མེད་པས་བྱེད་པ་ཀུན་ལས་རྒྱལ། །ཡེ་ནས་མ་བྱུང་མ་བཅོས་ཅོག་གཞག་ཉིད། །སྣང་བ་མ་བསྒྱུར་བློ་ཡིས་མ་བཅོས་པ། །ཆོས་ཉིད་མཁའ་ལ་གནས་ན་དགོངས་པར་བསྟན། །ཆོས་སྐུའི་ཡེ་ཤེས་བསམ་པ་རབ་སྤངས་པས། །འགྱུ་བྱེད་མེད་ན་བསྒོམ་པའི་དགོངས་པ་ཡིན། །སྣང་ཡུལ་དང་དམིགས་པའི་ཕྱོགས་དག་མི་འཛིན་ན། །རྒྱ་མཚོའི་གཏིང་དུ་གཟའ་སྐར་ཤར་བ་བཞིན། །ཡུལ་ལ་འཛིན་མེ་གསལ་ཆ་མ་འགགས་པས། །རང་བྱུང་དགོངས་པའི་འདུག་ཚུལ་དེ་བཞིན་ནོ། །ཞེས་སོ། །གསུམ་པ་ནི། རིག་པ་གསལ་སྟོང་གི་ཡེ་ཤེས་རྗེན་པར་བུད་པ་དེ་ཕྱ་ར་ར་རང་གསལ་དུ་ངོས་བཟུང་བས་ཏིང་ངེ་འཛིན་སེམས་ཆགས་ཀྱི་གོལ་ས་གཅོད་ཅིང་ཟང་ཐལ་རྗེན་པའི་ཆོས་སྐུ་ཁོང་ནས་འཆར་ཏེ། སེང་གེ་རྩལ་རྫོགས་ལས་རང་རིག་དུ་མའི་ཡུལ་ལ་ཕར་བལྟས་པས། །ཆོས་སྐུ་རྟོག་མེད་ཆེན་པོ་ནང་དུ་རྙེད། །ཅེས་སོ། །བཞི་པ་ནི། ཕྱི་ཡུལ་ལྔར་སྣང་བ་ལ་ཆེ་རེ་བལྟས་དུས་ནང་རང་གསལ་རྗེན་པ་སངས་སེ་ཁོང་ནས་འཆར་བའི་ངང་དུ་འཇོག་པ་སྟེ། དེ་ཉིད་ལས། རིག་གསལ་ཆོས་ཉིད་ཡུལ་ལ་ཕར་བལྟས་པས། །སྣ་ཚོགས་བྲལ་བའི་རིག་པ་ནང་དུ་མཐོང༌། །ཞེས་པ་དང༌། ཡི་གེ་མེད་པ་ལས། སྣང་བ་ཅེར་གཞག་རིག་པའི་ཐབས་ཆེན་ནི། །སྣང་བ་ཆེན་པོ་ཀུན་གྱི་གཞི་མ་ཡིན། །འབྱུང་བ་ལྔ་ཡི་སངས་རྒྱས་ལམ་ལྟར་སྣང༌། །ཆེན་པོ་ལྔ་ཉིད་མ་ཡི་སྣང་བར་གསལ། །མ་ཡེངས་ངང་དུ་འཛིན་མེད་ཆེན་པོར་ཞོག །ཅེས་སོ། །གསུམ་པ་གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་ཀློང་གསལ་ཆེན་པོར་བཞག་པ་ལ་གསུམ་སྟེ། ཆོས་ཉིད་འབད་རྩོལ་དང་བྲལ་བའི་གནས་ཀྱིས་སེམས་ཉིད་བྱ་བྲལ་དུ་གཞག་པའི་གདམ་ངག ཆོས་ཉིད་རང་ཐོག་ཏུ་སྤྲད་པའི་གནད་ཀྱིས་རྣམ་རྟོག་ཡེ་ཤེས་སུ་འཆར་བའི་མན་ངག ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་སྣང་བ་ལ་དགག་སྒྲུབ་མེད་པའི་གདམས་ངག་གོ །དང་པོ་ནི། གཤིས་བྱ་བ་དང་བྲལ་བ་དེ་བྱས་པས་མི་རྟོགས་མ་བྱས་བཞག་ན་རྟོགས་པས་སྒོ་གསུམ་རང་བབས་ཕྱལ་བར་གཞག་པ་ནི། ཐལ་འགྱུར་ལས། གཞན་ཡང་བྱ་བྲལ་ཆོས་ཉིད་ནི། །བྱ་བ་མེད་པས་གྲོལ་བར་གྲོལ། །ཅེས་པ་དང༌། ཁྱུང་ཆེན་མཁའ་ལྡིང་ལས། །དེ་ཕྱིར་འཁོར་འདས་བྱ་བྱེད་ཉིད་བྲལ་ན། །རྫོགས་ཆེན་ཉེད་ལས་གཞན་པ་ཅ་བྱར་ཡོད། །ཅེས་པ་དང༌། དམིགས་དྲུག་ལས། བྱ་བ་དང་བྲལ་བས་གཞི་གཞག་གོ་ཞེས་སོ། །གཉིས་པ་ནི། སྣང་བ་སེམས་ཀྱི་རོལ་པར་ངོ་སྤྲད། རོལ་པ་གཞི་མེད་གསལ་སྣང་དུ་ངོ་སྤྲད། གསལ་སྣང་བཟུང་ན་འཁྲུལ་པར་ངོ་སྤྲད། མ་བཟུང་རང་གསལ་མེད་སྣང་དུ་ངོ་སྤྲད་པས་ཕྱི་ཡུལ་སྣང་སེམས་དང་གཞན་དུ་མ་གྲུབ་པར་ཐག་ཆོད་པས་འཁོར་བར་སྐྱེ་བའི་ཡུལ་སྟོངས་པའོ། །ཡང་སྣང་འཛིན་སེམས་དེ་གཞི་མེད་དུ་ངོ་སྤྲད། གཞི་མེད་སྟོང་པའི་རང་འགྲོས་སུ་ངོ་སྤྲད། རང་འགྲོས་རྗེས་མེད་ཡེ་སངས་སུ་ངོ་སྤྲད་པས། འཁོར་མཁན་རང་སེམས་གཞི་མེད་དུ་སངས་ནས་ཁམས་གསུམ་མིང་མེད་ཆོས་ཉིད་དུ་ལ་ཟློས་པ་སྟེ། རྩལ་རྫོགས་ལས། འདུ་ཤེས་ཡུལ་དུ་མེད་པ་ཆོས་ཉིད་ཞི་བའི་ངང༌། །སྣང་བ་རང་ལ་ཡས་པའི་རང་སྣང་དངོས་མེད་ཉིད། །སྣང་པའི་སེམས་བྲལ་ཆོས་ཉིད་རང་གི་དོན། །སྤྲོ་བསྡུ་མ་བྱེད་རང་གི་ཡུལ་ལྟོས། །ཞེས་སོ། །འདིར་ཁ་ཅིག་སྣང་བ་སེམས་སུ་ངོ་སྤྲད། སེམས་སྟོང་པར་ངོ་སྤྲོད་ཅིང༌། ངོ་སྤྲོད་སྤྲས་པ་ལས། ཨེ་མ་ཧོ་སྣང་བ་སེམས་སུ་ངོ་སྤྲད་པས་སེམས་ལ་བྱན་ཚུད། སེམས་ཉིད་སྟོང་པར་ངོ་སྤྲད་པས་སྟོང་པ་བདེ་བའི་རྒྱས་གདབ། སྟོང་པ་རིག་པར་ངོ་སྤྲད་པས། རིག་པ་ཉིད་དབྱིངས་དང་གཉིས་སུ་མེད་པ་དེ་ཁོ་ན་ཆོས་སྐུའོ་ཞེས་པ་ཚིག་ལ་དོན་རང་མཚན་དུ་ཞེན་པར་སྣང་སྟེ། འདི་ལ་དགོངས་གཞི། དགོས་ཆེད། དངོས་ལ་གནོད་བྱེད་ཀྱི་ཚད་མ་དང་གསུམ་ཡོད་པས་སྙིང་ཏིག་གི་དགོངས་པའི་ཕྱོགས་ལ་མི་ཉེ་བ་ཡིན་ནོ། །དགོངས་གཞི་ནི། ཕྱི་ཡུལ་ལ་དོན་གཞན་དུ་མེད་པར་འཛིན་པ་རྣམས་དྲང་བའི་ཕྱིར་དེ་སྐད་གསུངས་ཏེ། རང་ཤར་ལས། ལ་ལར་སྣང་བ་སེམས་སུ་བསྟན། །ཅེས་སོ། །དེའང་སྣང་བ་གཞན་དུ་མེད་སེམས་འཁྲུལ་པ་ལ་སྣང་བ་ཡིན་པ་ཙམ་ནས་བཏགས་སོ། །དགོས་ཆེད་ནི་ཕྱི་དོན་དུ་ཞེན་པ་སྤང་བ་ཙམ་མོ། །དངོས་ལ་གནོད་བྱེད་ནི། སྣང་བ་སེམས་ཡིན་ན་སེམས་ལ་ཁ་དོག་དང་དབྱིབས་ལ་སོགས་པར་མིག་སོགས་དབང་པོས་ངེས་པར་ཐལ་ཏེ་སྣང་བ་ལ་གཟུགས་སོགས་དབྱིབས་དང་ཁ་དོག་ཏུ་ངེས་པའི་ཕྱིར་དང༌། སྣང་བ་སེམས། སེམས་སྟོང་པ། སྟོང་པ་རིག་པ་ཡིན་ན་དེ་གསུམ་ཕན་ཚུན་འཆོལ་བས། རིག་པ་འཁྲུལ་པར་ཐལ་བ་དང༌། སྣང་བ་མིག་ལ་སོགས་པས་མི་མཐོང་བར་ཐལ་བ་དང༌། སེམས་མ་འཁྲུལ་པར་ཐལ་བ་སྟེ། དེ་གསུམ་ངོ་བོ་རྫས་གཅིག་ཡིན་པའི་ཕྱིར་རོ། །འདིའི་ཁྱད་སྔར་ཞིབ་ཏུ་བཤད་ལ། སྣང་བ་སེམས་ཀྱི་རྣལ་འབྱོར་དུ་བྱེད་པའི་མི་གྲོལ་བར། རང་ཤར་ལས། སྣང་བ་སེམས་ཀྱི་རྣལ་འབྱོར་ནི། །ཐམས་ཅད་ང་ཡི་སེམས་ལས་བྱུང༌། །སེམས་ཉིད་རྟོགས་ན་ཅི་བྱར་ཡོད། །དེ་སྐད་ཀུན་ཏུ་རྗོད་བྱེད་པ། །ང་ཡིས་གྲོལ་བར་མ་བཤད་དོ། །ཞེས་པའི་ལུང་གིས་ཀྱང་གནོད་ལ། སེམས་མེད་པར་རྟོགས་དུས་སྣང་བ་མེད་པར་ཐལ་ལ། སེམས་འགགས་དུས་སྣང་བ་དུས་དེར་འགག་པར་ཐལ་བ་ལས། སེམས་མེད་པའི་སྐབས་སུ་སྣང་བ་འདུག་པས་ཀྱང་གནོད་དོ། །སེམས་མེད་པ་ལ་གནས་སྐབས་ལྔ་ཡོད་དེ། དབུས་མཐའ་ལས། སེམས་མེད་གཉིད་དང་བརྒྱལ་བ་དང༌། །སྙོམ་པར་འཇུག་པ་རྣམ་གཉིས་དང༌། །རྟག་ཏུ་འདུ་ཤེས་མེད་པའོ། །ཞེས་སོ། །མདོར་བསྡུ་ན། སྣང་བ་སེམས་སུ་འདོད་པ་འདི་ལོག་རྟོག་གི་མུན་པ་ཆེན་པོ་ཡིན་པས་བསལ་དགོས་སོ། །གསུམ་པ་ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་སྣང་བ་ལ་དགག་སྒྲུབ་མེད་པའི་གདམས་ངག་ནི། ཕྱི་ཡུལ་ལྔ་མེད་སྟོང་པ་རང་དག་ཆུའི་ཟླ་་འདྲ་བས་སྦྱང་མི་དགོས། ནང་ཡིད་ཀྱི་དྲན་རྟོག་རང་ཡལ་རྗེས་མེད་ཡིན་པས་འབད་རྩོལ་གཉིས་གཉེན་པོས་འཇིག་མི་དགོས། སྣང་སེམས་ཡེ་གྲོལ་ལྷུག་པ་ལ་སྤང་བླང་གི་སྒྲོ་མི་དགོས། རིག་པ་ཟང་ཀ་གཅེར་བུ་ལ་སྤྲོས་པའི་གོས་མི་བསྐོན་པར་ཤིགས་སེ་བུན་ནེ་ཁྲེས་སེ་རྗེས་མེད་མཉམ་པ་ཆེན་པོར་ཁོང་གློད་ནས། སྒོ་ལྔ་རང་བྱུང་ཡེ་གདངས་སུ་འཁྲོལ་དུ་འཇུག་པ་སྟེ། དེའང་ནང་རང་གསལ་གྱི་ངོ་བོ་རིག་པ་རྗེན་ལ་བུད་ནས། དེའི་ངང་ནས་དྲན་བསམ་བཟང་ངན་ཅི་ཤར་ཡང་རིས་མེད་རང་བྱུང་ཡེ་ཤེས་ཀྱི་རང་གདངས་སུ་ཤེས་པས་རྗེས་མི་བསྙེག་པར། སྣང་སེམས་ཁྲལ་མ་ཁྲོལ། སང་མ་སེང༌། འལ་མ་འོལ་གྱི་ཡོ་ལང་དུ་རྒྱ་ཕྱམ་ལ་བཏང་ན་ཀུན་ཏུ་བཟང་པོའི་དགོངས་པ་ཀློང་དུ་རང་ཤར་བ་སྟེ། ཀློང་དྲུག་པ་ལས། སེམས་ཅན་ཀུན་གྱི་རང་སྣང་ཆེ། །གཞན་ནས་བཙལ་བའི་གནས་མེད་དོ། །རང་གི་མཐུ་ཡིས་རང་རིག་པས། །སྟོང་གསུམ་འཇིག་རྟེན་གང་ནས་ཀྱང༌། །དེ་ཉིད་བཙལ་ཀྱང་རྙེད་གནས་མེད། །འཇིག་རྟེན་ཀུན་གྱི་སྤྱོད་ཡུལ་ནི། །དེ་ཉིད་སྣང་བའི་རང་བཞིན་ལ། །སུས་ཀྱང་མཐོང་བ་མེད་པ་ཡི། །སྣང་བ་རང་བཞིན་བདེ་བའི་ཞིང༌། །འདི་ལ་སྒོམས་པའི་རྣལ་འབྱོར་པས། །ཀུན་ཏུ་བཟང་པོ་ང་ཡི་སྐུ། །སྐལ་དང་ལྡན་པ་འདི་ཡིས་མཐོང༌། །ཞེས་པ་དང༌། ཡང༌། ཡུལ་ལ་རྐྱེན་རྟོག་རང་ཤར་ཚེ། །འདི་ཀུན་རང་བཞིན་མེད་ཤེས་ན། །སྣང་བ་ཐམས་ཅད་སྒྱུ་མའམ། །རྨི་ལམ་དང་ནི་གཟུགས་བརྙན་ལྟར། །མི་རྟོག་གཟུགས་བརྙན་ཆེན་པོའི་ཉམས། །སུ་ཡི་རྒྱུད་ལ་ཤར་བ་དེ། ། | ||

= Pe cin 2009 (dpe bsdur ma) = | = Pe cin 2009 (dpe bsdur ma) = | ||

rywikitexts e-text (input 2020; converted from a legacy font encoding on 22 November 2026)

rywikitexts e-text (input 2020; converted from a legacy font encoding on 22 November 2026).

»དེ་ལྟར་ལམ་དངོས་བསྟན་ནས། ད་ནི་ལམ་གྱི་ཁྱད་པར་དབང་པོ་ཡང་རབ་རྣམས་མ་བསྒོམས་པར་གྲོལ་བའི་ཐབས་མཆོག་ཏུ་གསང་བ་ཁྲེགས་ཆོད་ཀྱི་མན་ངག་གཏན་ལ་དབབ་པ་ལ་གསུམ་སྟེ། ངོ་རང་ཐོག་ཏུ་དབབ་པས་ལ་བཟླ། ཐག་ཆིག་ཐོག་ཏུ་བཅད་པས་ཆིངས་བསྡམ། གདེང་གྲོལ་ཐོག་ཏུ་བཅད་པས་འཕྲང་བསལ་བའོ། །དང་པོ་ལ་གསུམ་སྟེ། རང་བཞིན་རྫོགས་པ་ཆེན་པོ་སྤང་བླང་བྱ་རྩོལ་ལས་འདས་པའི་གཤིས་ནམ་མཁའ་ལྟ་བུར་གཏན་ལ་དབབ་པ། ཆོས་ཟད་བློ་འདས་ཀྱི་དགོངས་པ་ཟང་ཐལ་རྗེན་པའི་ཡེ་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ། ལྷུན་མཉམ་ཡངས་པ་ཆེན་པོའི་སོང་དུ་ཐམས་ཅ ད་ཡེ་ནས་འདས་ཟིན་པས་བཅིངས་གྲོལ་སྤང་བླང་མེད་པའི་ངང་དུ་འཁོར་འདས་མིང་མེད་ཆེན་པོར་ལ་བཟླ་བའོ། །དང་པོ་ལ་གསུམ་སྟེ། རང་བཞིན་རྫོགས་པ་ཆེན་པོ་བྱར་མེད་ནམ་མཁའ་ལྟ་བུའི་དོན་སྤྱིར་བསྟན་པ། འཆིང་གྲོལ་གཉིས་སུ་མེད་པའི་རང་སེམས་སྟོང་པ་རྩ་བྲལ་ཆེན་པོར་ཐག་བཅད་པ། ཡུལ་སྣང་བློའི་མེ་ལོང་ཚོགས་དྲུག་མཉམ་པ་ཆེན་པོར་ཁྱབ་གདལ་བའོ། །དང་པོ་ནི། ཕྱི་སྣང་བ་ནང་རིག་པ་བར་གཟུང་འཛིན་སྣང་བརྟགས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་སྟོང་ཡོངས་སྟོང་ཆེན་པོ།སྣང་སྟོང་བློས་སྟོང་ཆེན་པོ། དག་སྟོང་གྲོལ་སྟོང་ཆེན་པོ། ཡོད་མ་མྱོང་མེད་མ་མྱོང་། བདེན་མ་མྱོང་། བརྫུན་མ་མྱོང་། འཁྲུལ་མ་མྱོང་གྲོལ་མ་མྱོང་། འཁོར་མ་མྱོང་ །འདས་མ་མྱོང་། ཡིན་མ་མྱོང་མིན་མ་མྱོང་། སྣང་མ་མྱོང་སྟོང་མ་མྱོང་། ཐམས་ཅད་མཉམ་གདལ། ཁྱབ་པ་ཕྱམ་གདལ། ཡིན་མིན་ཕྱོགས་གདལ། ཡོད་མེད་སྣང་གདལ། མི་གཡོ་མཉམ་གདལ། ལྷུན་མཉམ་ཡེ་གདལ། ངང་མཉམ་གཞི་གདལ། ཡངས་པ། ཕྱམ་པ། སངས་པ། གྲོལ་བ། ཟད་པ། སྟོངས་པ། ཕྱམ་ཕྱ ལ་ཧར་སངས། ཁྱབ་གདལ་ཡེར་སངས། ལྷུན་མཉམ་དབྱིངས་སངས། ངག་གདལ་མཉམ་སངས་མི་གཡོ། མི་འགུལ། མི་གནས། མི་ལེན། མི་འགྲོ། མི་འོང་། མི་བསམ། མི་རྟོག མི་དམིགས། མི་མཉམ། མི་འགྱུར་བ་སྟེ། སྔར་འཁྲུལ་མ་མྱོང་། ད་ལྟ་འཁྲུལ་པ་ལ་མི་གནས། མཐར་འཁྲུལ་མི་སྲིད། སྔར་གྲོལ་མ་མྱོང་། ད་ལྟ་གྲོལ་བར་མི་འཇུག མཐར་གྲོལ་མི་སྲིད། སྔར་འདས་པ་མེད། ད་ལྟ་གནས་པ་མེད། མ་འོངས་པ་འབྱུང་དུ་མེད། རིས་མེད་ཕྱམ་སངས་སྟོང་པ། གནས་ལུགས་ཀྱི་གཞི་མེད། ཡིན་ལུགས་ཀྱི་ལམ་མེད། གྲོལ་ལུགས་ཀྱི་འབྲས་བུ་མེད། ལྟ་སྒོམ་གྱི་མིང་མེད། ཕྱོགས་རིས་ཀྱི་ཆོས་མེད། ཡོད་མེད་ཀྱི་མཐའ་མེད། ནམ་མཁའི་དབྱིངས་མེད་པ། བྱ་རྩོལ་ལས་འདས་པའི་ཡེ་སངས། ལྟ་སྒོམ་ལས་འདས་པའི་ཡང་སངས། དམིགས་བསམ་ལས་འདས་པའི་གྲོལ་སངས། ཕྱོགས་འབྱམས་མིང་མེད་སངས་པར་ལ་བཟླ་བ། བལྟར་མེད་བལྟས་པ་མེད། ལྟ་བྱེད་མེད། བལྟས་པས་མི་མཐོང་། བསྒོམ་དུ་མེད། བསྒོམས་པ་མེད། བསྒོམ་པ་ལས་འདས། བསྒོམས་ཀྱང་མི་གྲོལ། དཔྱད་དུ་མེད། དཔྱོད་པ་མེད། དཔྱད་མི་དགོས། དཔྱད་ཀྱང་ངལ་བ་དོན་མེད། བསྒྲུབ་མི་དགོས། གྲུབ་ཟིན། བསྒྲུབ་ཏུ་མེད། བསྒྲུབས་ཀྱང་མི་འགྲུབ། བསྒྲུབས་པ་ལ་དགོས་པ་མེད། བྱ་བ་མེད། བྱེད་པ་མེད། བྱས་ཟིན། བྱ་བ་ལས་འདས། བྱས་ཀྱང་ཚི་ཆད། བྱ་མི་དགོས། ཆོས་ལ་བྱར་མེད། བྱས་པས་ཆོས་མ་ཡིན། མི་བྱ་བ་བསྒྲུབ་ཏུ་མེད། འཁོར་བ་མི་སྤོང་། འདས་པ་མི་ལེན། བསྒྲུབ་པ་ཕྱོགས་གཞགཡེ་མཉམ་ཕྱམ་གདལ། གཉུག་མ་མིང་མེད། གང་སྣང་ས་ནས་གཞི་མེད་ཡེ་སངས་སུ་འདུག་པས་འཆིང་གྲོལ་འབད་རྩོལ་རང་ཞིག གང་ཤར་ས་ནས་ཡེ་དག་རང་སྟོང་གདལ་བས་ཕྱམ་གཞག་རིས་མེད་ཕྱལ་བ། གང་སངས་ས་ནས་རྗེས་མེད་རང་དག་ཡེ་སྟོང་དུ་འདུག་པས་ཕྱམ་མཉམ་བར་མེད་ཕྱལ་བར་འབད་རྩོལ་ཞིག་པའི་རང་སེམས་བྱ་བ་མེད་པར་ཁོང་དལ་བས། རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་སུ་ཆོས་ཐམས་ཅད་ཡེ་ནས་རང་ཤར་རོ་ཞེས་རང་གིས ་རྟོགས་པའི་དོན་ལུང་དང་སྦྱར་བ་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། རང་བཞིན་རྫོགས་པ་ཆེན་པོ་ཡི། །དོན་ཀུན་བློ་ཡི་དཀྱིལ་དུ་ཚུད། །མི་སྣང་ཡུལ་མེད་རྟོག་པ་ཡང་། །མ་བཅད་རང་ས་ཉིད་དུ་ཆོད། །འཁྲུལ་མ་མྱོང་བའི་མ་རིག་བརྩད། །མ་བརྟགས་ཡེ་ནས་ཆོད་ནས་འདུག «།»གོང་དུ་འདི་ཀུན་སུས་མ་ཚོར། །རགས་པའི་འབྱུང་བ་འདི་ཀུན་ཡང་། །ཐོག་མ་ཉིད་ནས་རང་དེངས་པར། །འགྲོ་བའི་གནས་མེད་རང་སོང་བས། །རང་ལུས་ཡེ་ནས་མེད་པར་ནི། །སྔ་ཕྱི་མེད་པར་འདིར་ཡང་རིག «།»འདི་ཀུན་དུས་མེད་ཡང་དུས་བས། །གཅིག་དང་གཉིས་དང་དྲུག་གསུམ་གྱིས། །སྣང་མེད་སྣང་དང་ཡང་ཕྱེད་སྣང་། །མི་སྣང་མཛད་པའི་རང་སྒྲར་ཡང་། །ས་འཛིན་ས་ལས་འདས་པར་ནི། །ཡེ་ནས་འདུག་པ་སུས་མ་ཚོར། །བགྲོད་དུ་ཡེ་ནས་མེད་པ་ཡི། །ལམ་འདི་ཡེ་ནས་ཉེ་བར་ནི། །འདི་ཡང་རང་ལས་ཡེ་འདུག་པ། །སྔར་མ་མཐོང་སྟེ་རང་རིག་རྟུལ། །མི་གནས་བསམ་གཏན་དགོངས་པ་ནི། །བསྒོམས་པ་མེད་པར་ཡེ་འདུག་པ། །འདི་ཡང་གང་གིས་སྔར་མ་རིག «།»བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ཉིད་ལ། །འདི་ཀུན་རང་གིས་རང་སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག «།»བདག་རྟོག་བཅིངས་པའི་ཉོན་མོངས་ལྔ། །ཡེ་ནས་རིག་པ་རང་ཤར་བར། །ལྷན་ཅིག་གནས་པ་ཞལ་མ་འཚོ། །ས་ཆུ་མེ་རླུང་འབྱུང་བ་བཞི། །ཡེ་ནས་རང་གི་ལུས་ཡིན་པར། །སུས་མ་མཐོང་བ་མིག་རེ་རྟུལ། །ཡང་གསང་འདུས་པའི་མན་ངག་བཅུད། །བར་མཚམས་མེད་པར་རང་གྲག་པ། །གང་གིས་འདི་ཉིད་མ་ཐོས་པ། །རྣ་བའི་དབང་པོ་མེད་དམ་ཅི། །རང་གནས་དབྱིངས་དང་རིག་པའི་དྲི། །བྲལ་བའི་སྐབས་མེད་རང་འཁོར་བ། །ཚོར་མ་མྱོང་བ་སྣ་འགགས་སམ། །བཅུད་གསུམ་མན་ངག་གཅིག་དྲིལ་རོ། །ཡེ་ནས་ལུས་སེམས་བཅུད་ཡིན་པ། །འདི་ཉིད་མ་མྱོང་ལྕེ་ཆད་དམ། །སྣང་བ་རང་དག་ཁ་དོག་རྒྱན། །རང་གི་ལུས་དང་འབྲལ་མེད་པར། །ལུས་དང་གྲིབ་མ་བཞིན་དུ་ནི། །ཉིན་དང་མཚན་མོ་མེད་འདུག་པ། །སུས་ཀྱང་མ་རེག་ལུས་བེམས་སམ། །སྡུག་བསྔལ་ཕྱལ་འདེབས་བདེ་བའི་ཆོས། །བརྗེད་པ་མེད་པར་རང་གནས་པ། །སུས་མ་ཤེས་པ་བློ་རེ་རྟུལ། །འཁོར་བའི་བག་ཆགས་ཡང་བརྩེགས་པ། །ཡེ་ནས་ཆོས་ཀྱི་སྐུར་འདུག་པ། །གང་གིས་མ་མཐོང་སྙིང་རྗེའི་གནས། ། དབང་པོ་བདག་རྟོག་ཡུལ་ཤར་ནས། །དྲན་བསམ་འགྱུ་བ་སྣ་ཚོགས་རྣམས། །ཡེ་ནས་ལོངས་སྐུར་རང་ཤར་བ། །འདི་ཀུན་མ་དྲན་བརྗེད་རེ་ངས། །བྱ་བྱེད་སྤྱོད་པ་རྩོལ་སྒྲུབ་དང་། །སྐྱེ་བོ་འདུས་པའི་ཅ་ཅོ་ཀུན། །ཡེ་ནས་སྤྲུལ་པའི་སྐུ་ཡིན་པར། །སུས་མ་ཤེས་པ་ཡོང་རེ་རྟུལ། །ཇི་ལྟར་བསམས་དང་དྲན་འགྱུས་པ། །ཆུ་བོའི་རྒྱུན་བཞིན་བར་མེད་པར། །རྟག་ཏུ་རང་གི་ཡིད་འཕྲོག་པ། །རྩོལ་མེད་རང་གཞག་སྒོམ་པར་ནི། །ཉམས་སུ་མ་ཆུད་སེམས་རེ་ཡེངས། །སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང་། །གྲོང་ཁྱེར་རྒྱུན་གཅོད་ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། །ཞེས་པ་དང་། །ཐལ་འགྱུར་ལས། སྣང་བ་འཁྲུལ་པའི་རང་བཞིན་འདི། །ཡེ་ཤེས་ཡིན་པར་སྔར་མ་མཐོང་། །རྟོག་བཅས་འཁྲུལ་པའི་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་པའི་རང་རྟོག་རྒྱུན་ཆད་དོ། །དེ་ལྟར་འཁྲུལ་མེད་སྣང་བ་ནི། །ཡེ་ནས་གྲོལ་བའི་གནད་ལས་བྱུང་། །འགྲོ་བའི་ཕུང་པོ་སངས་རྒྱས་སྐུ། །ཡེ་ནས་ཡིན་པར་སུས་མ་རིག «།ཕུ»ང་པོ་སངས་རྒྱས་མངའ་བདག་ཏུ། །རྩ་གནས་ཡི་གེར་གྲུབ་ལས་བྱུང་། །ཆུ་བུར་མིག་ལ་ཡེ་ཤེས་ནི། །རང་སྣང་ཡིན་པར་སུས་མ་མཐོང་། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། རང་བཞིན་སྣང་བའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག «།»གཟུང་འཛིན་མེད་པས་འཁྲུལ་པ་ལོག «།»འགྱུ་བ་མེད་པས་ལས་རླུང་ལོག «།»ཟང་ཐལ་ཡིན་པས་དངོས་པོ་ལོག «།»གསལ་བ་ཡིན་ཕྱིར་སྟོང་པ་ལོག «།»ཡེ་ནས་རྟོགས་པས་བསྐྱེད་རིམ་ལོག «།»རྩོལ་བ་མེད་པས་སྤྱོད་པ་ལོག «།»མ་བཙལ་བཞག་པས་བསྒོམ་པ་ལོག «།»རང་གྲོལ་ཡིན་པས་སྣང་བ་ལོག «།»མངོན་དུ་སྣང་བས་ལྟ་བ་ལོག «།སྒྲ»་ཚིག་མེད་པས་ཐ་སྙད་ལོག «།»ཡོད་མ་མྱོང་བས་ཞེན་པ་ལོག «།»མེད་མ་མྱོང་བས་གཞན་ལྟོས་ལོག «།»གཟུང་དུ་མེད་པས་བློས་བརྟགས་ལོག «།»ཉག་གཅིག་ཡིན་པས་གྲངས་མཐའ་ལོག «།»ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡིན་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་ཕྲད་པས་སྤྲུལ་སྐུར་བྱུང་། །རྟོགས་སུ་ཡོད་པས་ཐབས་སུ་བྱུང་། །བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །ཞེས་པ་དང་། ཡང་། ས་དང་ཕྱོགས་དང་རིས་ལས་འདས། །ཡོད་དང་མེད་དང་ལྟར་སྣང་མེད། །སྒྲ་ཚད་རྣམས་ཀྱི་སྤྱོད་ཡུལ་མིན། །གཅིག་དང་གཉིས་དང་བགྲང་ཡུལ་མེད། །སྟོང་པ་ཆེན་པོར་བབས་ཀྱིས་གྲུབ། །ལུང་དང་རིགས་པའི་སྤྱོད་ཡུལ་མིན། །རྒྱུད་དང་མན་ངག་གིས་མི་མཚོན། །ལྟ་དང་སྒོམ་དང་སྤྱོད་པས་ནི། །དེ་ཡི་དོན་རྣམས་ཤེས་མི་འགྱུར། །དེ་དོན་འབྲས་བུར་གྲུབ་པ་མེད། །ཆོས་ཀྱིས་དེ་ཉིད་བསྒྲིབས་པར་འགྱུར། ། བསམས་པས་འགྲུབ་པ་མ་ཡིན་ཏེ། །ཤེས་རབ་ཀྱིས་ཀྱང་དཔྱད་དུ་མེད། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་ཡིས། །དེ་ཉིད་གནོད་དང་ཕན་འབྲས་བྲལ། །ཐོས་དང་བསམ་དང་སྒོམ་པས་ནི། །མཆོག་ཏུ་བརྟགས་ཀྱང་དེ་མི་མཐོང་། །དེ་ལ་དཀྱིལ་འཁོར་ཡོད་པ་མིན། །ལྷ་མེད་བསྐྱེད་པའི་ས་བོན་མེད། །སྔགས་དང་ཕྱག་རྒྱས་ཅི་ཞིག་བྱ། །མཆོད་པ་ལ་སོགས་སྤྲོ་མི་དགོས། །དབང་དང་དམ་ཚིག་ག་ལ་ཡོད། །བསྙེན་པ་དང་ནི་སྒྲུབ་པ་མེད། །འཁོར་ལོ་སྤྲོ་བ་ཡོད་པ་མིན། །བསྲུང་བ་མེད་ཅིང་བསྲུང་ཡུལ་མེད། །གདོན་དང་གནོད་པའི་ཡུལ་ལས་འདས། །ཞེས་པ་དང་། རང་ཤར་ལས། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་དང་སྒོམ་དང་སྤྱོད་པ་མེད། །འོན་ཀྱང་ལེགས་བསྟན་ཡིད་ལ་ཟུང་། །བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །བྱ་བ་དང་ནི་བྱེད་པ་ག་ལ་ཡོད། །སྤྱོད་པ་མེད་པའི་ཆོས་ཉིད་རང་བྱུང་འདི། །གང་གི་ཕྱོགས་སུ་མ་ལྷུང་ནམ་མཁའ་བཞིན། །ཡོད་པ་མ་ཡིན་སྟོང་པ་གཅིག་པུ་ཉིད། །མེད་པ་མ་ཡིན་ཡང་དག་བདེ་བའི་སྐུ། །བྱས་པ་མ་ཡིན་རང་བྱུང་རྟོག་མེད་ཉིད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །བསྒོམ་པའི་ཆོས་ཉིད་ག་ལ་ཡོད། །བཏང་དང་བཞག་པ་མེད་པའི་ཆོས། ། བསྒོམས་དང་མ་བསྒོམས་མཐའ་ལས་གྲོལ། །འཛིན་མེད་སེམས་ཀྱི་དྲི་མ་ཅི། ། ཡང་དག་རིག་པ་དྲི་མ་མེད། །དྲི་མེད་དག་པའི་ཆོས་སྐུ་ལ། །བསྒོམ་དང་བསྒོམ་པར་བྱ་བ་མེད། །བསྒོམས་པས་ཡང་དག་ཉིད་མི་རྙེད། །རྙེད་ན་རང་རིག་མེད་པར་འགྱུར། །ཅི་ཕྱིར་རང་རིག་ཡེ་ཤེས་ལ། །ཡེངས་དང་མ་ཡེངས་མེད་པའི་ཕྱིར། །གང་ལ་འཛིན་པ་ཡོད་པ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །ཅེས་པ་དང་། ཡང་། དེ་ཡང་ཆོས་རྣམས་འདི་ལྟ་སྟེ། །སྐྱེ་བ་མེད་པས་འགག་པ་མེད། །འཛིན་པ་མེད་པས་རང་སར་གྲོལ། །དམིགས་པ་མེད་པས་སྤྲོས་པ་མེད། །བྱས་པས་མ་བྱུང་ཀུན་ལ་ཡོད། །འདུས་མ་བྱས་པས་རྣམས་དག་དབྱིངས། །འཛིན་པའི་ཐ་སྙད་ཆོས་དང་བྲལ། །རང་བཞིན་མེད་པས་བརྗོད་དང་བྲལ། །ཅེས་པ་དང་། ནོར་བུ་འཕྲ་བཀོད་ལས། ཧ་ཧ། ཆོས་མེད་པ་ལས་ཆོས་ཉིད་འབྱུང་། །ཡུལ་མེད་པ་ལས་ཡུལ་ལྟར་སྣང་། །ཆོས་མེད་ཤེས་རབ་ཁོང་«༼༡༽»གསལ་བས། །དྲན་མེད་ཡུལ་དུ་མེད་པའོ། །ཞེས་པ་དང་། །སེང་གེ་རྩལ་རྫོགས་ལས། འཛིན་ཆགས་མེད་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་མཆོག «།»སོ་སོར་རྟོག་དང་མཚན་མ་ཚིག་གི་ལམ། །བྱ་རྩོལ་མེད་པའི་ཆོས་ཉིད་རང་སར་དག «།འུ»བ་ཆུབ་ཏིང་འཛིན་ཆོས་ཉིད་ཡུལ་ལ་འཇུག «།»དག་དང་མ་དག་ཐ་སྙད་ཆོས་སུ་མེད། །གཅིག་དང་གཉིས་ལས་འདས་པའི་ཡེ་གནས་དོན། །རང་ལུས་ངང་དུ་ཐིག་ལེ་གཅིག་གིས་འུབ། །ཅེས་པ་དང་། སོང་དྲུག་པ་ལས། མཐའ་མེད་དབུས་སུ་དམིགས་པ་མེད། །བསམ་པ་མེད་ཅིང་ཡུལ་རྣམས་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཆོས་མེད་བཏགས་པ་ཀུན་ལས་འདས། །དགྲ་མེད་བཤེས་ཀྱང་ཡོད་པ་མིན། །ལུས་མེད་དབང་པོར་སྣང་བ་མེད། །ཆོས་ནི་བསམས་པས་མི་སྣང་སྟེ། །གང་མེད་གང་དུ་འཛིན་པ་མེད། །ང་མེད་ང་ཡི་འཁོར་ཀྱང་མེད། །དབྱིངས་མེད་རིག་པའི་སྐུ་ཡང་མེད། །དགེ་མེད་སྡིག་པའི་རྣམ་སྨིན་མེད། །སྲོག་མེད་བཅད་པའི་དམིགས་པ་མེད། །ཚོགས་མེད་བསགས་པའི་ཡུལ་ཡང་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །གནས་མེད་སྟོང་པ་ཉིད་ཀྱང་མེད། །ཅེས་པ་དང་། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། བྱང་ཆུབ་སྙིང་པོ་གོལ་སྒྲིབ་མེད་པ་ལ། །གོལ་དང་སྒྲིབ་པར་འཛིན་པར་ག་ལ་ཡོད། །གོལ་མེད་སྒྲིབ་པ་ཐམས་ཅད་ཡོངས་ཀྱིས་མེད། །ཆོས་ཀྱི་སྐུ་ནི་སྒྲིབ་དང་བྲལ་བ་ལ། །གོལ་སྒྲིབ་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཆོས་སྐུ་མ་སྐྱེས་རང་ལས་བྱུང་བ་ལ། །གཞན་ནས་འོང་དུ་རེ་བ་ཡོང་རེ་འཁྲུལ། །སྐྱེ་མེད་བསམ་དང་བྲལ་བའི་རིག་པ་ལ། །ཚིག་དང་ཡི་གེར་བསྟན་པ་འོ་རེ་བརྒྱལ། །ཅེས་པ་དང་། ཡི་གེ་མེད་པ་ལས། བྱས་པ་མ་ཡིན་བྱེད་མཁན་ག་ལ་ཡོད། །བཅོས་པ་མ་ཡིན་བཅོས་པའི་བདག་པོ་མེད། །ལྟ་བ་མ་ཡིན་ལྟ་བྱེད་ཆོས་དང་བྲལ། །མཐོང་བ་མ་ཡིན་མཐོང་བྱེད་རྣམ་པར་གསལ། །སྣང་བྱེད་མ་ཡིན་སྣང་བའི་ཕྱོགས་དང་བྲལ། །བྲི་བ་མ་ཡིན་ཐོགས་མེད་ཕྱོགས་བཅུར་ཁྱབ། །རྩོལ་བ་མ་ཡིན་རྩོལ་སྒྲུབ་ཆོས་དང་བྲལ། །གཅིག་པུ་མ་ཡིན་དུ་མའི་ཆོས་དང་བྲལ། །ཕྱི་དང་ནང་མེད་ཕྱི་ནང་མེད་པར་གསལ། །ཅེས་པ་དང་། ཐུན་མོང་གི་གསང་བ་སྒྱུ་འཕྲུལ་ལས་ཀྱང་། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་ཙམ་ཉིད་ནས་གནས་པ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ནས་འགྲོ་འོང་མེད། །ཅེས་པ་དང་། དཀོན་མཆོག་ཏ་ལ་ལའི་མདོ་ལས་ཀྱང་། དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པས་ན། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་པ་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་ཀྱང་། ནམ་ཞིག་འཇིག་རྟེན་ཁམས་འདི་བྱུང་བ་དང་། །བྱུང་ནས་ཞིག་སྟེ་སྟོང་པར་གནས་པ་ན། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང་། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། མ་རིག་ནམ་མཁའ་ཇི་བཞིན་ཏེ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །རྟེན་མེད་གནས་མེད་ལེན་པ་མེད། །སྤྲུལ་འདྲར་ཡོངས་སུ་ཤེས་པར་གྱིས། །ཞེས་པ་དང་། གསང་འདུས་ལས། དངོས་པོ་འདི་རྣམས་མ་སྐྱེས་པ། ། ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུར་བདག་མེད་པའི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་རྒྱ་ཆེར་གསུངས་སོ། །གཉིས་པ་འཆིང་གྲོལ་གཉིས་སུ་མེད་པའི་རང་སེམས་སྟོང་པ་རྩ་བྲལ་ཆེན་པོར་ཐག་བཅད་པ་ལ་གཉིས་ཏེ། བྱུང་གནས་འགྲཽ་གསུམ་གྱིས་བརྟགས་པས་སྤྱིར་བསྟན་པ་དང་། གཅིག་དང་ཐ་དད་ལ་བརྟགས་པས་བྱེ་བྲག་ཏུ་ངེས་པར་བྱ་བའོ། །དང་པོ་ནི། གཤིས་མཐའ་གྲོལ་ནམ་མཁའ་ལྟ་བུ་ཡིན་མོད་ཀྱི། རང་གིས་ནང་དུ་མ་བརྟགས་ན་ཡིན་སྙམ་ཡིད་དཔྱོདལ་ལུས་པས་སྟོང་བསྒོམ་མུན་རྡོ་ལྟར་སོང་ནས། ཟང་ཐལ་རྗེན་པར་མི་རྟོགས་པས་འཁོར་འདས་ཀྱི་ཤན་ཐང་མི་ཕྱེད་པའི་ཕྱིར། རྟོགས་པ་ངེས་ཤེས་སུ་འཆར་བ་ལ་སོ་སོར་རྟོག་པའི་ཤེས་རབ་དགོས་ཏེ། ཡི་གེ་མེད་པ་ལས། རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང་། ཆོས་ཀྱི་སྐུ་མན་ངག་ལ་ཐུག་ཅེས་གསུངས་པས། འདིར་བླ་མའི་མན་ངག་གིས་རྟོགས་པར་བྱ་བ་ལ་གསུམ་སྟེ། བྱུང་ས་བྱུང་མཁན་ལ་བརྟག་པ། གནས་ས་གནས་མཁན་ལ་བརྟག་པ། འགྲོ་ས་འགྲོ་མཁན་ལ་བརྟག་པའོ། །དང་པོ་ལ་གཉིས་ལས། བྱུང་ས་ཕྱི་སྣ་ཚོགས་ཡུལ་དུ་སྣང་བ་དང་། ནང་ཕུང་པོ་གཟུགས་སུ་སྣང་བ་སྟེ། སེམས་དེ་གཉིས་གང་རུང་ལ་འཆར་དུས། ཕྱི་རུ་ཤར་ན་ཕྱིའི་ཡུལ། ནང་དུ་ཤར་ན་ནང་གི་ལུས། ཚལ་པ་ཚལ་པར་ཕྱེ་ལ་རྡུལ་ཕྲན་ཆ་མེད་དུ་བརྟགས་པས། བྱུང་སའི་སྣང་ཡུལ་མེད་པར་མཐོང་དུས་དེ་ལས་སེམས་མ་བྱུང་བར་ངོ་ཤེས་པས་གཟུང་བ་ཡུལ་དུ་འཛིན་པའི་རྟོག་པ་གཞི་མེད་རྩ་བྲལ་ཆེན་པོར་ཐག་ཆོད། བྱུང་མཁན་ཤ་ར་ར་འོ་ལ་ལའི་སེམས་དང་སེམས་བྱུང་ཁོ་རང་ལས་ཁོ་རང་བྱུང་ན་སྐད་ཅིག་གི་ཤེས་པ་རྫས་གཉིས་སུ་འགྱུར་ལ། ཁོ་རང་ལས་གཞན་ལས་མ་བྱུང་བར་དཔྱད་ཟིན་པས། ད་བྱུང་ས་དེ་རང་བྱུང་དུ་བྱུང་ངམ་སྙམ་ན། ཁ་དོག་དང་། དབྱིབས་དང་། རྟགས་དང་། མཚན་མ་དང་། ཆེ་ཆུང་དང་། ཕྱོགས་ཆ་ལ་སོགས་པ་ཅི་འདུག་བརྟགས་པས་གང་དུའང་མི་འདུག་སྟེ།བློས་བརྟགས་པ་ཙམ་གཞི་མེད་ཧར་སངས་ཡེ་དག་ཏུ་སོང་དུས། ནང་འཛིན་པའི་རྟོག་པ་གཞི་མེད་ནམ་མཁའ་ལྟ་བུར་རང་གིས་རྟོགས་པས། ཆོས་དང་ཆོས་ཉིད་དུ་སྣང་བའི་གཟུང་འཛིན་ཐམས་ཅད་ཡུལ་མེད་རྟེན་བྲལ་ཆེན་པོར་སོང་དུས་དེའི་ཚེ་རྟོགས་པས། སེམས་དང་པོ་སྐྱེ་བ་མེད་པར་ཡེ་ནས་འདུག་པ་ལ་དེ་རིང་རྟོགས་པས་ཆོས་སྐུ་སྤྲོས་བྲལ་ཆེན་པོའི་དོན་ཁོང་དུ་ཆུད་པའོ། །གཉིས་པ་བར་དུ་གནས་ས་དང་གནས་མཁན། གསུམ་པ་ཐ་མར་འགྲོ་ས་དང་འགྲོ་མཁན་གཉིས་ཀྱང་དེ་ཁོ་ན་ལྟར་བཤིག་ནས་བརྟགས་པས། ལོངས་སྐུ་རང་གསལ་ཆེན་པོ་དང་། སྤྲུལ་སྐུ་རང་གྲོལ་རང་ཤར་གྱི་དགོངས་པ་ལ་རེག་སྟེ། ཕྱི་ནང་ཡུལ་མེད་རིག་པ་རྟེན་མེད། གཟུང་འཛིན་གཞི་མེད། དགོངས་པ་བར་མེད་མཉམ་པའི་དོན་ཁོང་དུ་ཆུད་ནས།མ་བསྒོམས་ཆུ་བོ་རྒྱུན་གྱི་བསམ་གཏན་རང་སངས་མཉམ་པ་ཆེན་པོར་ཁོང་ནས་འཆར་བ་ནི། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང་། །བར་དུ་གནས་ས་ཐ་མ་འགྲོ། །དེ་ལྟར་གསུམ་ལ་བརྟགས་དཔྱད་པས། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། །ཞེས་སོ། །དེའི་ཚེ་ཕྱི་ཡུལ་དུ་སྣང་བ་ཐམས་ཅད་མེད་ལ་སྣང་བ་གཞི་མེད་སང་སེང་། ནང་སེམས་སུ་རྟོག་པ་ཐམས་ཅད་ཤར་གྲོལ་རྗེས་མེད། སྣང་སེམས་འབྲེལ་མེད་ཟང་ཐལ་ཆེན་པོར་མཐོང་བས་ཆོས་ཟད་ཀྱི་དགོངས་པ་བློ་ཟད་ལ་ཤར་བ་ཞེས་བྱའོ། ། འདི་དག་འཕགས་པ་དཀོན་མཆོག་བརྩེགས་པར་གསུངས་ཏེ། འོད་སྲུངས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་རྩོམ་པ། སེམས་དེ་ནི་ཕྱི་ན་ཡང་མི་དམིགས། ནང་ན་ཡང་མི་དམིགས། དེ་གཉིས་ཀའི་བར་ན་ཡང་མེད་ཅིང་མི་དམིགས་ཏེ། སྔོན་པོར་མ་ཡིན། སེར་པོར་མ་ཡིན་ཅེས་བྱ་བ་ལ་སོགས་པ་ནས། དེ་ལ་བརྩོན་འགྲུས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་སོ་ཞེས་པའི་བར་དུ་གསུངས་སོ། །གཉིས་པ་གཅིག་དང་ཐ་དད་ལ་བརྟག་པ་ནི། སེམས་ཀྱི་ཁང་བུ་བཤིག་པའི་མན་ངག་སྟེ། དེ་ཡང་སེམས་ཞེས་བྱ་བ་འདི་ཡོད་ན་རྒྱུ་ཅི་ལས་བྱུང་བ་དང་། མེད་ན་འགྱུ་བ་དང་དྲན་ཤེས་ཀྱི་འཁོར་ལོ་འདི་ཅི་ཡིན་པ་དང་། དྲན་ཤེས་ཀྱི་རྣམ་པ་འདི་དག་རྐྱེན་གང་ལ་བརྟེན་ནས་བྱུང་བ་དང་། རྐྱེན་མེད་ན་དྲན་ཤེས་གློ་བུར་བ་འདི་དག་མི་རིགས་པ་དང་། གལ་ཏེ་སེམས་འདི་ལུས་དང་གཅིག་ཏུ་ཡོད་ན་ལུས་འཇིག་དུས་སེམས་ཀྱང་འཇིག་པར་འགྱུར་བ་དང་། མེད་ན་རྗེས་སུ་འགྲོ་ལྡོག་མ་ངེས་པས་ལུས་ཀྱི་ན་ཚ་སེམས་ཐོག་ཏུ་འོང་བ་དང་། སྐྱེ་བ་སྔ་ཕྱིའི་འཁོར་ལོ་འོང་བར་མི་རིགས་པ་དང་། སེམས་ཞེས་བྱ་བ་འདིར་གཅིག་ན་ནི་འགྲོ་བ་གཅིག་གི་དབང་པོ་འགགས་པས་འགྲོ་བ་གཞན་ཡང་འཆི་བར་རིགས་པ་དང་། གཅིག་མིན་ན་འགྲོ་བའི་གཟུགས་ཐ་དད་པ་ལྟར་འགྲོ་བའི་སེམས་དངོས་པོ་ཐ་དད་པར་རིགས་པ་དང་ཐ་དད་ན་ལུས་གཅིག་གི་ནང་ན་སྲིན་བུ་ལ་སོགས་པའི་སྲོག་ཆགས་དེ་ཀུན། སྐྱེས་བུ་གཅིག་ཚེའི་དུས་བྱས་དུས་འཚོ་བར་རིགས་པ་དང་། གལ་ཏེ་གཅིག་ཡིན་ན་ལུས་གཅིག་ལ་ཕྱི་ནང་གི་སེམས་ཅན་དཔག་ཏུ་མེད་པ་འོང་བ་འདི་ཅི་ཡིན་པ་དང་། གལ་ཏེ་སེམས་འདི་ལ་ལྡོག་ས་ཡོད་ན། དང་པོ་རྒྱུ་ཡོད་དགོས་པས། རྒྱུ་ཡོད་ན་འདུས་བྱས་མི་རྟག་པས་སླར་འཇིག་པས་ལས་ལ་བཟང་ངན་མེད་པར་རིགས་པ་དང་། ལྡོག་པ་མེད་ན་ནི་སེམས་ཅན་གྱི་ཕུང་པོ་དཔག་ཏུ་མེད་པ་འདི་དག་འོང་བར་མི་རིགས་པ་དང་། སེམས་དེ་སྣ་ཚོགས་པ་ཡིན་ན་ནི་འགྲོ་བ་ལ་རང་གཞན་གྱི་རྟོག་པ་ཐང་ཅིག་ཏུ་འོང་བར་མི་རིགས་པ་དང་། ཕན་ཚུན་འཆོལ་བས། རང་རྒྱལ་«༼༡༽»དང་། མ་ཤི་བ་དང་། སྡུག་བསྔལ་མེད་པ་དང་། འཁོར་དང་ལོངས་སྤྱོད་ལ་སོགས་པ་ལྡན་ན་དགའ་བ་དང་། གཞན་ཕམ་པ་ལ་སོགས་པ་ཀུན་འདུ་ཤེས་མཐུན་པར་འོང་བ་མི་རིགས་པ་དང་། གལ་ཏེ་ཐ་དད་པ་ཡིན་ན་ནི། འགྲོ་བ་མང་པོ་ཡོད་པས། འགའ་ཞིག་ལ་གཞན་དང་མཐུན་པར་རང་འཕམ་པར་དགའ་བ་ལ་སོགས་པ་འོང་བར་རིགས་པ་དང་། གཅིག་ཁོ་ནར་སེམས་པ་ཡིན་ན་ནི་གཅིག་ཤི་བས་ཀུན་ཤི་བའམ། གཅིག་སྐྱེས་པས་ཀུན་སྐྱེ་བར་རིགས་པའམ། དེ་ལྟར་རྣམ་པ་དུ་མའི་སྒོ་ནས་རང་གི་སེམས་ལ་གཅིག་དང་ཐ་དད་ཀྱི་རྒལ་བས་བརྟགས་ཏེ་བཙལ་བས། གང་ཡང་མ་རྙེད་པ་ནི་ཆོས་ཉིད་ཀ་ནས་དག་པའི་དོན་ཤེས་རབ་ཀྱི་དབང་པོས་རྟོགས་པ་སྟེ། སེམས་ལ་རྒྱུ་མེད་དེ་ལྡོག་མི་སྲིད་པས་ལས་ཀྱི་བསགས་པ་ལ་མཐའ་མེད་པར་ཡིད་ཆེས་པ་དང་། སེམས་ལ་རྒྱུ་ཡོད་ན་འབྲས་བུ་འོང་དགོས་ཏེ། འབྲས་བུ་འཁོར་བ་ཡིན་ན་མ་དག་པས་གྲོལ་མི་སྲིད། འདས་པ་ཡིན་ན་འཁོར་བ་འོང་བར་མི་རིགས། གཉིས་ཀ་ཡིན་ན། འཁོར་འདས་ཐ་དད་པ་ལྟར་སེམས་ཀྱང་ཐ་དད་པར་འགྱུར་ལ། གལ་ཏེ་ཐ་དད་ན། ལུས་སེམས་ཐ་དད་པ་བཞིན་དུ་དྲན་བསམ་གྱི་རིགས་གཅིག་ཏུ་འདུ་བའི་འདོད་པའང་ཐ་དད་དུ་མར་འགྱུར་བ་ལས། རིགས་གཅིག་ཏུ་འདུ་བས་ཤེས་སོ། །ཡང་སེམས་ལ་རྒྱུ་མེད་ན་སེམས་འདི་དག་མི་རིགས་སོ་ཞེ་ན། འདི་དག་ནི་སེམས་ཀྱི་རྒྱུ་ལས་བྱུང་བ་མེད་དེ་བློ་མ་ཡིན་པས། སེམས་ལས་བྱུང་བ་མ་ཡིན་ན་སེམས་འདི་ཉིད་དུ་གནས་པ་ཙམ་ལ་མ་རྟོགས་པ་མེད་དེ། འདི་དག་ནི་སྐྱེ་བ་དང་། འཆི་བ་དང་། གནས་པ་ལ་སོགས་པ་ཟད་པ་ཡང་མ་ཡིན་ལ། འཕེལ་བ་ཡང་མ་ཡིན་པས་ན། ལུང་ལས། མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། །ཅེས་པ་དང་། ཡང་། སེམས་ཅན་ཁམས་ཀྱི་རང་བཞིན་དེ་ཡང་ཕ་མཐའ་མེད། །ཅེས་གསུངས་པས་སོ། །དེ་ལྟར་རྒྱུ་མེད་པས་སེམས་ལ་འཕེལ་བ་མེད་པར་ཤེས། འཕེལ་བ་མེད་པས་སྐྱེ་བ་མེད་པར་ཤེས། སྐྱེ་བ་མེད་པས་འཆི་བ་མེད་པར་ཤེས། དེ་ཤེས་པས་ལས་ལ་བཟང་ངན་མེད་པར་ཤེས་ཏེ། སྡུད་པ་ལས། ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། །ཞེས་སོ། །དེ་ལྟར་ཡེ་གདོད་མ་ནས་རང་དག་མེད་པར་ཤེས་པས་ན། གཟོད་ནས་དག་པས་སེམས་ཅན་སྐྱེ་བར་ག་ལ་འགྱུར། ཅེས་འབྱུང་བ་ཡིན་ནོ། །དེ་ཡང་སེམས་ལ་རྐྱེན་མེད་པ་སྟེ། ཡོད་ན་སྣང་བ་སྣ་ཚོགས་སུ་སྣང་བ་བཞིན་དུ་སེམས་ཀྱང་རྐྱེན་གྱིས་ཁ་དོག་ལ་སོགས་པ་སྣ་ཚོགས་སུ་འགྱུར་ལ། སེམས་ཐ་དད་དུ་སོང་བས་དྲན་བསམ་གཅིག་ཏུ་མི་རིགས་ལ། སེམས་ལ་རྐྱེན་ཡོད་ན་གཏན་འཇིག་པར་འགྱུར་བས། སེམས་ཀྱི་ལས་འབྲས་མེད་པར་ཐལ་བ་དང་། སེམས་ཞིག་ཀྱང་དེའི་ལས་ཡོད་ན། ཧ་ཅང་འགལ་ཏེ། ལུས་ཀྱི་ཁ་དོག་དང་སྐྱེ་མཆེད་ལེགས་ཉེས་ཀུན་ལུས་ཞིག་ཀྱང་གནས་སོ་ཞེས་བརྗོད་པ་དང་མཚུངས་སོ། །དེས་ན་སྒྱུ་མ་ལྟར་གནས་པ་ཙམ་གྱིས་གསལ་ལོ། །རྐྱེན་མེད་ན་ད་ལྟ་དྲན་བསམ་སྣ་ཚོགས་པ་འདི་ཅི་ལས་བྱུང་ཞེ་ན། ད་ལྟའི་དྲན་བསམ་འདི་རྐྱེན་ལས་བྱུང་བ་མ་ཡིན་ཏེ། གློ་བུར་བ་མདང་གི་རྨི་ལམ་གྱི་ནོར་བུ་རྙེད་པ་ལ་དགའ་བ་དང་བདེན་པར་འཛིན་པ་ལས། སད་དུས་ཅི་ཡང་མེད་པ་ལྟར། ད་ལྟའི་དྲན་བསམ་ཡང་བདེན་པར་བཟུང་ནས་ཞེན་རུང་དེའི་རྗེས་ལ་ཅི་ཡང་མེད་པས་གནས་སྐབས་ཀྱི་བདེན་བརྫུན་ལྟར་སྣང་བ་ལས་གྲུབ་པ་མེད་དོ། །དཔེར་ན་ནམ་མཁའི་སྤྲིན་སྣ་ཚོགས་གློ་བུར་དུ་འཁྲིགས་པ་དེ་གར་སོང་ཆ་མེད་གློ་བུར་དུ་ཡལ་བ་དང་འདྲ་བར། སྤྲིན་དེ་ནམ་མཁའ་ལ་མེད་ཀྱང་དེའི་ངང་ན་སྣང་བ་ལྟར། རྐྱེན་དང་རྒྱུ་སེམས་ལ་མེད་ཀྱང་སྣང་སྣང་འདྲ་དུས་རྒྱུ་རྐྱེན་མེད་དེ་གཅིག་དང་དུ་མ་དང་དུས་གསུམ་གྱི་བརྟགས་པས་མེད་པར་ངེས་ཏེ། རྩ་བ་ཤེས་རབ་ལས། ས་བོན་ཞིག་དང་མ་ཞིག་ལས། །མྱུ་གུ་སྐྱེ་བ་མ་ཡིན་ཏེ། །ཁྱོད་ཀྱིས་ཆོས་རྣམས་ཐམས་ཅད་ནི། །སྒྱུ་མ་འབྱུང་བ་བཞིན་དུ་བསྟན། །ཅེས་པ་དང་། རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཅེས་པས་སོ། །ཀུན་བྱེད་ལས་ཀྱང་། རྒྱུ་དང་རྐྱེན་མེད་ཞི་བ་མཆོག་གི་ལམ། །ཞེས་པ་ལ་སོགས་པ་བཤད་དོ། །དེ འི་ཕྱིར་སེམས་ཡོད་ན། དངོས་པོ་གཟུགས་ཅན་དུ་ཡོད་དམ། གཟུགས་མེད་དུ་ཡོད། གཟུགས་ཅན་དུ་མེད་དེ་ཡོད་ན་དབང་པོའི་མངོན་སུམ་ལ་བལྟར་རུང་བ་ལས་བལྟར་རུང་མ་དམིགས་པའི་མངོན་སུམ་ཚད་མས་གསལ་ལོ། །གཟུགས་མེད་དུ་ཡོད་ན་ཅིས་ཤེས། འགྱུ་བས་ཤེས་སོ་ཞེ་ན། འགྱུ་བ་དེ་ཁ་དོག་དང་ཕྱོགས་ཆ་དང་། འདས་མ་འོངས་ད་ལྟ་གསུམ་ཕྲད་པ་བརྟགས་པས་མ་གྲུབ་སྟེ། འགྱུ་བ་སྔ་མ་དང་ད་ལྟའི་འགྱུ་བ་ཕྲད་ན་ཕྲད་ཚེའི་«༼༡༽»དྲན་བསམ་སྔ་མ་དེ་ད་ལྟ་མ་འགགས་པར་ཡོད་དགོས་ལ། ཡོད་ན་སྔ་མ་ཡིན་པར་འགལ་ཞིང་། ད་ལྟའི་སྔ་མ་དང་ཕྲད་ཆ་དེ་འགགས་པར་ཐལ་ཞིང་མ་ཕྲད་ན་ད་ལྟའི་དྲན་བསམ་རྒྱུ་མེད་འགྱུ་བར་མི་རིགས་པར་ཐལ་བས་ཁེགས་སོ། །འགྱུ་བ་ནི་གཅིག་ཡིན་ནམ་ཐ་དད་ཡིན། གཅིག་ན་སྣ་ཚོགས་པར་འགྱུ་བ་ཉམས་ལ།ཐ་དད་ན་འགྱུ་བྱེད་གཅིག་ཡིན་པ་ཉམས་སོ། །དེས་ན་སེམས་ཡོད་པར་མ་གྲུབ་སྟེ། རྩ་བྲལ་ནམ་མཁའ་འདྲ་བར་རྟོགས་པས། སྐྱེ་བ་དང་སྐྱེ་གཞི་མེད་པས་ལྡོག་པའི་ས་མེད་དོ། །ནམ་མེད་ན་དྲན་བསམ་སྔ་ཕྱིའི་བར་དུ་ངོ་སྤྲད་པས་དེར་ཡལ་བས་སེམས་ལ་གཞི་མེད་པར་ངོ་ཤེས། དེ་ཤེས་པས་ལྡོག་ས་མེད་པར་ཡིད་ཆེས། དེ་ཤེས་པས་ཁམས་གསུམ་མིང་མེད་ཆེན་པོར་ཐག་ཆོད། དེ་ཆོད་པས་ལས་དགེ་སྡིག་གི་ཕན་གནོད་མེད་པར་བློ་བདེ་བའོ། །ཡང་སྣང་ཤེས་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་རྒྱུ་དང་མཚན་ཉིད་དུ་མ་གྲུབ་པར་ངོ་ཤེས། དེ་ཤེས་པས་སེམས་ཉིད་སྟོང་པ་ལ་ངོས་གཟུང་མེད་པར་ཡིད་ཆེས། དེ་ཆེས་པས་སེམས་ཞེས་རྒྱུ་རྐྱེན་ལས་མ་བྱུང་བར་ཐག་ཆོད། དེ་ཆོད་པས་དྲན་བསམ་གློ་བུར་གྱི་རྟོག་པས་ཕན་གནོད་མེད་པར་བློ་བདེ་བའོ། །ཡང་བློ་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་རྩ་བ་མེད་པར་ངོ་ཤེས། དེ་ཤེས་པས་སེམས་ཉིད་གཅིག་གི་འཁོར་ལོ་ལ་སྤྲོས་པ་ཐ་དད་མེད་པར་ཡིད་ཆེས། དེ་ཆེས་པས་བྱས་པའི་ཆོས་ཀྱིས་སངས་མི་རྒྱ་བར་ཐག་ཆོད། དེ་ཆོད་པས་སེམས་མེད་པའི་དོན་ལས་མ་རྟོགས་པའི་ཆོས་ལོགས་པ་མེད་པས་བློ་བདེ་བའོ། །ཡང་ཆོས་ཉིད་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་སྐྱེ་བ་མེད་པར་ངོ་ཤེས། དེ་ཤེས་པས་བག་ཆགས་ལུས་ཀྱི་ཀུན་གཞིས་མི་གནོད་པར་ཡིད་ཆེས།དེ་ཆེས་པས་ད་སེམས་སྐྱེ་མི་སྲིད་པར་ཐག་ཆོད། དེ་ཆོད་པས་དེ་སེམས་ཀྱི་ཁང་བུ་ཞིག་སྟེ་ལྡོག་པ་དང་ལྡོག་རྟེན་མེད་པར་བློ་བདེ་བའོ། །དེ་ལྟར་སེམས་ཡས་པའི་དུས་བཞི་པོའི་ཚད་ཟིན་པས། སངས་རྒྱས་མེད་པས་སངས་རྒྱས་མིང་ཙམ་དུ་ཡང་མེད་དེ། འབྲས་བུ་ལ་རེ་བར་འཛིན་པའི་བློ་ལྡོག དེ་ལོག་པས་ལམ་འབད་རྩོལ་དུ་བྱེད་པའི་ཆོས་མེད་དོ། ། དེས་ན་མེད་པའི་ཆོས་ལ་ཅི་ཡང་མེད་པས་འཁོར་འདས་སུ་བཏགས་པ་མིང་ཙམ་ལས་དོན་ལ་མ་རྙེད་པ་ལ་གྲོལ་བའི་ཚད་ཅེས་བྱའོ། །དེའི་ཕྱིར་ན་སེམས་ཉིད་མེད་པ་ལ་ཅི་ཡང་མེད་པས། སེམས་ལ་རྒྱུ་མཚན་མེད་པས་བལྟར་མེད་ལ། དེ་ལྟར་མེད་པའི་ངོ་སྤྲད་པ་བཞི་བསྐོར་ལ། ཆོས་ཚན་བཅུ་དྲུག་ཏུ་རིག་པ་ནི། སེམས་ཀྱི་ཁང་བུ་བཤིག་པ་སྟེ། དཔེར་ན་བྱིས་པའི་ཁང་བུ་བརྩིགས་ཀྱིན་འཇིག་པ་དང་འདྲའོ། །དེ་ཡང་བྱ་བས་བྱ་བ་འཇིག་པ་ལྕགས་ཀྱིས་ལྕགས་འཇིག་པ་དང་འདྲ་ལ། མི་རྟག་པས་མི་རྟག་པ་འཇིག་པ་སྒྱུ་མའི་མིས་སྒྱུ་མའི་གྲོང་ཁྱེར་བཅོམ་པ་ལྟ་བུ་དང་། བྱས་པས་མི་རྟག་པ་འཇིག་པ་རོ་ལ་རོ་བརྩེགས་པ་ལྟ་བུ་དང་། མི་རྟག་པས་བྱས་པ་འཇིག་པ་རིག་པ་ད་ལྟར་བས་མ་རིག་པ་སྔ་མ་འཇིག་པ་ལྟ་«བུ»འོ། །དེ་ལྟར་ན་སེམས་ཀྱིས་སེམས་བཤིག་པས་གཉིས་ག་རྗེས་མེད་དུ་ཞིག་པ་ཆུ་ལ་ཡི་གེ་བྲིས་པ་ལྟ་བུ་དང་། མེད་པས་མེད་པ་བཙལ་ཡང་མི་རྙེད་པ་དབུལ་པོའི་ཁྱིམ་ན་ཡིད་བཞིན་གྱི་ནོར་བུ་མེད་པར་བཙལ་ཀྱང་རྙེད་པའི་གནས་མེད་པ་དང་འདྲ་བར། སེམས་མེད་པ་ལ་གཞིག་པའི་གནས་མེད་པ་ནི། དཔེར་ན་གྲུ་རྡིབ་པའི་ཚེ་ཆུ་ལ་འཛིན་པའི་གནས་མེད་པ་དང་འདྲའོ། །དེའི་ཕྱིར་ན་སེམས་མེད་པའི་དོན་མ་ཤེས་པར། ལྟ་སྒོམ་སྤྱོད་པ་སེམས་ལ་འཚོལ་བ་ནི། བདེ་ཆེན་ཐར་པའི་བསྟན་པ་རྙེད་དུས་མེད་དེ། གྲུ་རྡིབ་པས་ཆུ་ལ་འཇུས་པ་ལྟར། སེམས་མེད་པ་ལ་ཡོད་པར་རྟེན་བཅས་པ་དེ་ཉིད་ཀྱིས་སླུ་ཞིང་འཆིང་བར་ངེས་སོ། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས་ཀྱང་། སྣང་བ་ཆོས་སྐུར་འདོད་པ་ང་ལ་སྒྲིབ་པ་ཡིན། །ཅིར་སྣང་སེམས་སུ་འདོད་པ་ང་ལ་སྒྲིབ་པ་ཡིན། །རང་བྱུང་གཞན་ནས་འདོད་པ་ང་ལ་སྒྲིབ་པ་ཡིན། །ཅེས་སོ། །འོ་ན་སེམས་ཡལ་ཞེས་ཡོད་པ་དེ་མེད་པར་སོང་བ་མ་ཡིན་ནམ་ཞེ་ན། ཡལ་བ་ནི་སྔར་བཞིན་དཔྱད་ན་མ་གྲུབ་པ་དང་། མ་དཔྱད་ནའང་གློ་བུར་གྱི་དྲན་བསམ་གྱི་རྟོག་པ་ཡལ་བ་ལས། སེམས་རང་རྒྱུད་པ་ཡོད་ནས་མེད་པར་སོང་བ་མེད་དེ། ཡལ་རྒྱུ་དང་ཡལ་རྐྱེན་གང་དུ་ཡང་མེད་དོ། །འོ་ན་སེམས་ཀྱི་ཁང་བུ་བཤིག་པ་ལ་དགོས་པ་མེད་དེ་བཤིག་རྒྱུ་མེད་པའི་ཕྱིར་རོ་ཞེ་ན། སེམས་ཡེ་ནས་མེད་པ་ལ། མེད་པའི་གནས་ལུགས་རྟོགས་པར་བྱེད་པ་ཙམ་ལས། སེམས་ཀྱི་ཁང་བུའི་གཞིའམ་དངོས་པོ་ཡོད་པ་ནི་མིན་ཏེ། དྲན་པའི་ཁུངས་ཆོས་ཉིད་དུ་སོང་བས། མེད་པ་གོ་བར་བྱས་པ་ལ། ཁང་བུ་བཤིག་ཅེས་ཐ་སྙད་དུ་བྱས་ཏེ། ཡོད་པ་བཤིག་པ་ནི་གང་ཡང་མེད་དོ། །དེའི་ཕྱིར་ན་ཐ་སྙད་ཀྱི་འབྲས་བུ་ཞེས་སྣང་བ་ཡུལ་གྱི་གནད་གང་སྣང་གི་སྟེང་དུ་བཞག་པས། བེམ་པོའི་སྣང་བ་དེར་འཛིན་མེད་པས་ཡུལ་སེམས་གཉིས་མེད་ཀྱི་འབྲས་བུ་དང་། ཤེས་པ་གང་འགྱུས་ཀྱི་སྟེང་དུ་བཞག་པས། སེམས་ཀྱི་ཁང་བུ་རང་ཞིག་པས་འགྱུ་བ་རྟོག་སངས་ཀྱི་འབྲས་བུ་དང་། དེ་ལྟར་བེམ་རིག་གཉིས་མེད་ཟུང་འཇུག་ཡེ་ཤེས་ཀྱི་ཡལ་ས་ངོས་ཟིན་པས་མེད་པའི་འབྲས་བུའོ། །དེ་ལྟར་འབྲས་བུ་གསུམ་གྱི་དུས་ཀྱང་ཡལ་དུས་ངོ་སྤྲད་པའི་གནད་བཞི་ལ། མེད་པའི་ཆོས་བཅུ་དྲུག་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེའང་གསང་ཆེན་ངེས་པ་སྙིང་ཐིག་གི་ཁྲེགས་ཆོད་སེམས་ཡེ་མེད་རང་སངས། འགྱུ་བ་གློ་བུར་ཡེ་གྲོལ་དུ་ཤེས་པ་དང་། མན་ངག་གཞན་དག་སེམས་དོན་དམ་དུ་མེད། ཀུན་རྫོབ་ཏུ་ཡོད་པར་བརླམས་ནས། ལྟ་སྒོམ་སེམས་ལ་ལམ་བྱེད་གཉིས། རང་གྲོལ་རང་ཤར་རང་གཞག་ཙམ་དུ་མིང་མཐུན་ཡང་། དོན་མི་མཐུན་ཏེ། འདིར་ཡེ་མེད་དུ་བྱེད་པ་དང་ །གཞན་དུ་ཡོད་པ་མེད་པར་འདོད་པས་སོ། །ཟུང་འཇུག་ཀྱང་། གཞན་དུ་ཡོད་པ་གཉིས་གཅིག་ལ་གཅིག་འབྲེལ་གྱི་ཟུང་འཇུག་འདོད་པ་དང་། འདིར་ཡེ་མེད་པས་ཟུང་དུ་འཇུག་རྒྱུ་མེད་ལ། མེད་པའི་ངོ་བོ་ལ་ཐ་དད་རིས་སུ་མེད་པ་གཉིས་ཐ་མི་དད་པས་གཉིས་མེད་ཟུང་འཇུག་ཅེས་བྱའོ། །གནད་འདི་ནི་ཐེག་པ་ཀུན་ལས་རྩེ་མོར་གྱུར་པའི་གནད་ཁམ་ཡང་ཆེ་ལ་གལ་ཡང་ཆེ་བ་སྟེ། འདི་ལས་སྣང་བ་སེམས་སུ་མི་འདོད་པ་དང་། སེམས་ཡོད་མ་མྱོང་གཞི་སངས་ཆེན་པོར་བསྟན་པ་ཡིན་ནོ། །འདི་ལ་བརྟེན་ནས་སྣང་བ་སེམས་སུ་ངོ་སྤྲད་པ་དང་། སེམས་ཉིད་སྟོང་པར་ངོ་སྤྲད་པའི་མན་ངག་སྙིང་ཏིག་གི་དགོངས་པ་མ་ཡིན་པར་ཤེས་པར་བྱའོ། །མན་ངག་འགའ་ཞིག་ཏུ་དེ་ལྟར་བྱུང་སྲིད་ན་འོག་མ་དྲང་བ་ཙམ་ལས་ངེས་དོན་མ་ཡིན་པར་ཐག་བཅད་དོ། །གསུམ་པ་ཡུལ་སྣང་བློའི་མེ་ལོང་དུ་ཤར་བས་ཚོགས་དྲུག་མཉམ་པ་ཆེན་པོར་ཁྱབ་གདལ་བ་ནི། ཕྱི་སྣང་བ་སྣ་ཚོགས། ནང་དྲན་རྟོག་གློ་བུར། དབང་པོ་དྲུག་སྣང་ཡུལ་དང་བཅས་པ་ཐམས་ཅད། མེད་པ་གསལ་སྣང་ཙམ་ལས། དོན་ལ་ཕྱི་ནང་གང་ན་ཡང་མེད་པ་རབ་རིབ་ཅན་གྱི་སྐྲ་ཤད་དང་། སྒྱུ་མ་དང་། མིག་འཕྲུལ་དང་། སྤྲུལ་པ་ལྟ་བུར་བློ་ལ་སྣང་ཡང་། སྣང་དུས་དེ་ཉིད་ནས་ཡོད་མེད་ཀྱི་མཐའ་ལས་འདས་པར་ཤེས་པར་བྱ་སྟེ། སྣང་བའི་ངོས་ནས་ཇི་ལྟར་བཏགས་ཀྱང་མི་འགལ། ཡིན་དུ་ཆུག མིན་དུ་ཆུག ཡོད་དུ་ཆུག མེད་དུ་ཆུག «སྣ»ང་དུ་ཆུག «སྟོ»ང་དུ་ཆུག འཁྲུལ་དུ་ཆུག གྲོལ་དུ་ཆུག བཟང་དུ་ཆུག ངན་དུ་ཆུགསེམས་སུ་ཆུག གཞན་དུ་ཆུག གང་ལྟར་བཏགས་ཀྱང་། སྟོང་པའི་ངོས་ནས་ཇི་ལྟར་བཏགས་པ་དེ་ཉིད་ཀྱིས་ཐོག་མར་སྟོང་སྟེ། བཏགས་པ་སེམས་ཡིན། སེམས་མེད་པ་ཡིན། མེད་པ་ལ་འདོགས་མཁན་མེད་པས་རྨི་ལམ་གྱི་བྱ་བྱེད་དང་སྒྱུ་མའི་བྱ་བྱེད་བཞིན་ནོ། །སྣང་བ་དང་འཆར་བ་དང་། དགེ་བ་དང་མི་དགེ་བ་ལ་སོགས་པ་དེ་ཉིད་གློ་བུར་བ། དེའི་ངོ་བོ་གཞི་མེད་རང་སངས། རིག་པའི་ཡེ་གདངས་ཆ་ལ་ཡོད་པས་ངོས་ཟིན་ན་དགོངས་པ་ཆོས་ཉིད་ཕྱོགས་ཡན་ལས་འཆུགས་ས་མེད་དེ། སྣང་སྲིད་འཁོར་འདས་ཀྱི་ཆོས་སོ་ཅོག་རིག་པའི་ངང་ན་མེད་པ་གསལ་སྣང་གི་སྣང་བ་ཆེན་པོར་རང་ཤར་རང་སྣང་བ་ནི། འབྱུང་བཞིའི་སྣང་བ་ནམ་མཁའི་ངང་ན་གནས་པའམ། རྨི་ལམ་སྣ་ཚོགས་གཉིད་དང་། གཉིད་རིག་པའི་ངང་ལས་མ་གཡོས་པ་བཞིན་ཏེ། ཐམས་ཅད་རིག་པའི་ངོ་ལ་རང་སྣང་ཡང་། རིག་པས་འཁྲུལ་སྣང་འཁོར་བ་མ་མཐོང་། དག་སྣང་འདས་པ་མ་མཐོང་། འཁོར་འདས་ཀྱིས་རིག་པ་མ་མཐོང་། ཐམས་ཅད་གཞི་མེད་མཉམ་པ་ཆེན་པོའི་ངང་ལས་གཡོས་པ་མེད་དེ། ངོ་བོར་མ་གྲུབ་པས་མཐོང་བ་དང་མཐོང་བྱེད་ལས་འདས་ལ། རིག་པའི་ངང་ནས་ཤར་བས་འཁོར་འདས་རིག་པའི་རང་གདངས་སམ་རོལ་པ་ཞེས་བཏགས་པ་ཙམ་སྟེ། ཡོད་མེད་མཐའ་གྲོལ་ཆེན་པོ། བཏགས་པ་མི་འགལ། དོན་ལ་མ་གྲུབ། མེད་པ་གསལ་སྣང་ཙམ་དུ་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཤར་བ་སྟེ། སོང་དྲུག་པ་ལས། དྲི་མ་མེད་པའི་སེམས་ཉིད་ལ། །ཡུལ་རྐྱེན་བྲལ་བའི་སྣང་བ་ནི། །རང་དག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་པ་དང་ །ནོར་བུ་འཕྲ་བཀོད་ལས།ཅི་ཡང་མེད་པའི་དངོས་པོ་ནི། །གང་གི་ཕྱོགས་སུ་མ་ལྷུང་བ། །ཅིར་ཡང་འཁྲུལ་བའི་དངོས་པོ་ནི། །མཐུན་སྣང་ཙམ་དུ་སྣང་བར་ཟད། །འོན་ཀྱང་དེ་ཡི་དོན་མི་སྐྱེ། །ཆོས་དབྱིངས་རྒྱན་ལྟར་སྣང་བའོ། །ཞེས་པ་དང་། སྟོང་པའི་ཡེ་ཤེས་ཆེན་པོ་ནི། །ཅིར་ཡང་མེད་ལས་ཅིར་ཡང་འཁྲུལ། །ཅེས་པ་དང་། མུ་ཏིག་ཕྲེང་བ་ལས། དེ་ནི་ང་ཡིན་འགྲོ་བ་ཡིན། །སེམས་ཡིན་སེམས་ལས་བྱུང་བ་ཡིན། །དུ་མ་ཡིན་ལ་ཉག་གཅིག་ཡིན། །འཁོར་བ་མྱ ང་འདས་ང་རང་ཡིན། །དཀྱིལ་འཁོར་ལ་སོགས་རིམ་འཇུག་ཡིན། །ཆོས་ཡིན་ཆོས་སུ་སྣང་བ་ཡིན། །གནས་པ་ཡིན་ལ་འགྲོ་བ་ཡིན། །འདུག་དང་ཉལ་དང་འཆག་པ་ཡིན། །སྲོག་ཡིན་གཅོད་པ་ཉིད་ཀྱང་ཡིན། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །མདོར་ན་ཇི་ལྟར་སྣང་བ་ཡི། །ཆོས་ཀུན་དེ་ལས་བྱུང་བའོ། །ས་ཆུ་མེ་རླུང་ནམ་མཁའ་ཡི། །འབྱུང་བ་ཆེ་རྣམས་དེ་ལས་བྱུང་། །ཞེས་པ་ནས། དེ་ལྟར་གནས་པའི་ཆོས་ཉིད་ལ། །འཁྲུལ་པ་གདོད་ནས་མེད་པ་སྟེ། །ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །གློ་བུར་སེམས་ཅན་སྤྲིན་གྱིས་བསྒྲིབས། །མ་འཁྲུལ་གནས་པའི་ཆོས་ཉིད་ཀྱང་། །བློ་ལ་འཁྲུལ་བའི་ཚུལ་དུ་སྣང་། །ཞེས་པ་ནས། སེམས་ཅན་ཉོན་མོངས་ལྔ་ཉིད་ནི། །དོན་ལ་ཡོད་པ་མ ་ཡིན་ཏེ། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །གློ་བུར་རྐྱེན་དང་བཅས་པ་ཉིད། །སྤྲིན་དེ་ནམ་མཁའ་ཉིད་ལས་བྱུང་། །དེ་བཞིན་ནམ་མཁར་ཐིམ་ཤེས་ནས། །དབྱེར་མེད་གཅིག་གི་ངང་ཞེས་བྱ། །དེ་བཞིན་ཉོན་མོངས་དྲི་མ་ཉིད། །རང་བྱུང་རང་ཞི་ཉིད་ཤེས་ན། ། སེམས་ཅན་འཆིང་བར་ག་ལ་འགྱུར། །ཅེས་པ་དང་། སྣང་ཚུལ་མ་གྲུབ་པ་ལྟར། འཛིན་པར་སྣང་ཡང་གང་དུའང་མ་གྲུབ་པས། གཏད་མེད་ཆེན་པོར་བསྟན་པ་ཡང་། རིན་ཆེན་སྤུངས་པ་ལས། གནས་པ་མེད་པའི་སེམས་ཉིད་འདི། །འགྲོ་ས་མེད་པ་ཡ་རེ་ཆ། །ཀུན་ཏུ་འཇུག་པའི་ཡིད་དྲུག་ལ། །བརྟེན་པའི་ས་མེད་ཡ་རེ་ཆ། །ཐམས་ཅད་སྡུད་པའི་ཀུན་གཞི་ལ། །བཞག་པའི་ས་མེད་ཡ་རེ་ཆ། །འཁོར་ཞིང་འཁྲུལ་པའི་མ་རིག་ལ། །འགྱུར་བའི་དབང་མེད་ཡ་རེ་ཆ། །ཐམས་ཅད་ཡུལ་ཞེ ན་ཉོན་མོངས་ལ། །གཞི་རྩ་མེད་པ་ཡ་རེ་ཆ། །ཕྲ་དང་རགས་པའི་དྲི་མ་ལ། །འཆགས་ས་མེད་པ་ཡ་རེ་ཆ། །འབྱུང་བ་རགས་པའི་གཟུགས་རྣམས་ལ། །གཏད་པའི་ས་མེད་ཡ་རེ་ཆ། །སྐྱེས་བུ་རྟེན་པའི་ཚེ་སྲོག་ལ། །དུས་བཏབ་མེད་པ་ཡ་རེ་ཆ། །ཚོགས་དྲུག་ཡུལ་གྱི་སྣང་བ་ལ། །རྟག་པ་མེད་པ་ཡ་རེ་ཆ། །སྐྱེས་བུའི་དྲན་བསམ་བྱུང་ཚོར་ལ། །ཟད་པ་མེད་པ་ཡ་རེ་ཆ། །ཞེས་པ་དང་། ཡང་། གཞི་རྩ་མེད་པའི་ཆོས་ཉིད་འདི། །མ་བཙལ་བཞག་པས་ངོ་མཚར་ཆེ། །འགྲོ་དང་འོང་བའི་རིག་པ་ལ། །ཐུག་པ་མེད་པ་ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ཡེ་ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། །ཞེས་པ་དང་། ཐུན་མོང་གི་ཐེག་པ་འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང་། ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལ། །སྐད་ཅིག་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང་། །བྱུང་ནས་ཞིག་སྟེ་སྤྲིན་གྱི་དཀྱིལ་འཁོར་དེ། །ཐོག་མ་གང་ལས་བྱུང་བ་བརྟག་པར་གྱིས། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཇི་ལྟར་མི་དག་བྲག་རིའི་ཁྲོད་འདུག་སྟེ། །གླུ་ལེན་སྨྲ་དང་དགོད་དང་ངུ་བ་ལས། །རྐྱེན་ལ་བརྟེན་ཏེ་བྲག་ཅ་འབྱུང་མོད་ཀྱི། །སྒྲ་ལས་དབྱངས་དེ་ནམ་ཡང་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་རྒྱ་ཆེར་གསུངས་སོ། །དོན་གཉིས་པ་ཆོས་ཟད་བློ་འདས་ཀྱི་དགོངས་པ་ཟང་ཐལ་རྗེན་པའི་ཡེ་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ་ལ་གསུམ་སྟེ། ཆོས་ཟད་བློ་འདས་ཀྱི་རིག་པ་ཟང་ཐལ་རྗེན་པར་ངོ་སྤྲད་པ། རང་གསལ་ངང་གནས་ཀྱི་དགོངས་པ་ཕྱམ་གདལ་ཆེན་པོར་བསྐྱང་བ། གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་སོང་གསལ་ཆེན་པོར་གཞག་པའོ། །དང་པོ་ནི། རང་བབས་ཀྱི་རིག་པ་རང་གསལ་དུ་རྗེན་ནེ་བཞག་ལ། ཕྱིར་མི་སྤྲོ། ནང་དུ་མི་བསྡུ། བར་དུ་མི་བསམ་པའི་རང་ངོ་ལ་བལྟས་པས། ཕྱི་ནང་བར་མེད། རང་གསལ་རྗེན་པ། ལྟ་སྒོམ་གྱིས་མ་བསླད་པའི་ཆོས་སྐུ། རྣམ་རྟོག་གིས་མ་བསྐྱོད་པའི་ཡེ་ཤེས། སྤྲོ་བསྡུས་མ་བཟོས་པའི་དགོངས་པ། གསལ་བ་ལ་རྟོག་པ་མེད་པ། གནས་པ་ལ་འཛིན་པ་མེད་པ། ཡངས་པ་ལ་ཕྱལ་བར་མ་ཤོར་བ། མཉམ་པ་ལ་བར་མེད་པ། འཇོག་མཁན་མེད་པའི་རང་དྭངས་ཆེན་པོ། ཡེ་ནས་རང་བབས་ཀྱི་དགོངས་པ་ཆེན་པོ། དངས་ཤིང་ལྟེང་པ་རྒྱ་མཚོ་ལྟ་བུ། གསལ་ཞིང་དག་པས་ཉི་ཟླ་ལྟ་བུ། ཡངས་ཤིང་ཕྱམ་པས་ནམ་མཁའ་ལྟ་བུ། བརྟན་ཞིང་གནས་པས་རི་རྒྱལ་ལྟ་བུའོ། །འདི་ལྟ་བུའི་དོན་དང་སེམས་ཅན་ཐམས་ཅད་སྐད་ཅིག་ཀྱང་འབྲལ་མ་མྱོང་དུ་ཡེ་ནས་རང་ལ་ཡོད་ཀྱང་། ངོ་མ་ཤེས་པས་འཁོར་བར་ངན་རྟོག་གི་སྤྲོས་པས་འཆོལ་བ་ཡང་། ད་བླ་མའི་གདམས་པས་ངོས་ཟིན་ནས་འཆར་རམ་གནས་སམ་གྱིན་འདར་ལྷན་ནེ་བའི་དུས་གང་དུའང་རང་བབས་ཅོག་གཞག་གི་ངོ་བོར་ངོ་སྤྲད་པ་བཞིན་ངང་མ་ཡེངས་ཙམ་དུ་བྱ་སྟེ། སེང་གེ་རྩལ་རྫོགས་ལས། ཨེ་མ་སེང་གེ་བགྲོད་མེད་ལམ། །བྱ་རྩོལ་མེད་པའི་སེང་གེ་ཡིས། །བཏང་བཞག་མེད་པའི་གངས་དཀར་ལ། །མུན་པ་སངས་པའི་རྩལ་གསུམ་རྫོགས། །བསམ་མེད་དྭངས་པའི་སེང་གེ་ངས། །ཀ་དག་དྲི་མེད་གངས་བཟང་ལ། །འབྱུང་བ་སངས་པའི་རྩལ་གསུམ་རྫོགས། །ཞེས་པ་དང་། སོང་དྲུག་པ་ལས། རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བླང་དོར་མེད་པའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱབ་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བྱིང་རྒོད་མེད་པའི་སེམས་ཉིད་ལ། ། བཏང་སྙོམས་ཆེན་པོའི་བསྒོམ་པ་ནི། །ཚོགས་དྲུག་ལྷུག་པའི་དགོངས་པ་ཞེས། ། ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཡ་ང་མེད་པའི་སེམས་ཉིད་ལ། །རེ་དོགས་བྲལ་བའི་སྣང་བ་ནི། །ཡེ་བཞག་གདེང་ལྡན་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་པ་དང་། རྩལ་རྫོགས་ལས། འཛིན་ཆགས་མེད་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་མཆོག «། »སོ་སོར་རྟོག་དང་མཚན་མ་ཚིག་གི་ལམ། །བྱ་རྩོལ་མེད་པའི་ཆོས་ཉིད་རང་སར་དག «།འུ»བ་ཆུབ་ཏིང་འཛིན་ཆོས་ཉིད་ཡུལ་ལ་འཇུག «།»དག་དང་མ་དག་ཐ་སྙད་ཆོས་སུ་མེད། ། གཅིག་དང་གཉིས་ལས་འདས་པའི་ཡེ་གནས་དོན། །རང་ལུས་ངང་དུ་ཐིག་ལེ་གཅིག་ཏུ་འུབ། །དུས་མེད་རྟོགས་པས་ཏིང་འཛིན་མ་ཡེངས་གསལ། །མཐའ་དབུས་མེད་པས་ཆོས་ཉིད་མིང་དང་བྲལ། །འགྱུར་བ་མ་ཡིན་དྲང་པོར་ཡོངས་ལ་ཁྱབ། །བྱས་པ་མ་ཡིན་བྱུང་སར་ལྷུན་གྱིས་གྲུབ། །ཅེས་སོ། །གཉིས་པ་དེའི་ངང་ལ་བསྐྱང་པ་ལ་གསུམ་སྟེ། ལྟ་སྒོམ་ཡུལ་འདས་ཆེན་པོར་བསྐྱང་བ། ཏིང་འཛིན་རང་བབས་ཆེན་པོར་བསྐྱང་བ། དགོངས་པ་བློ་འདས་ཆེན་པོར་བསྐྱང་བའོ། །དང་པོ་ནི། ངོ་སྤྲད་པའི་ངང་དེ་ལ་བློའི་འཛིན་རྩོལ་དང་ཆེད་དུ་བསྒོམ་པའི་གཉེན་པོ་མ་ཞུགས་པར་རིག་པ་རྒྱ་ཡན་ཡེ་བཞག་དཔངས་བསྟོད་ལ་ཕྱལ་བ་བར་མེད་རང་སངས་སུ་བཞག་པ་སྟེ། ནོར་བུ་འཕྲ་བཀོད་ལས། ཡངས་སོ་ཆོས་ཉིད་རྣམ་པར་དག «།»ཆེའོ་ལྟ་བ་རྨད་པོ་ཆེ། །སྣང་ངོ་རང་སྣང་དཀྱིལ་འཁོར་ཉིད། །ཡུལ་དང་ཡུལ་མེད་རྣམ་པར་དག «།»ཕྱི་དང་ནང་མེད་རྣམ་པར་སྣང་། །སྟོང་དང་མི་སྟོང་ཚིག་ལས་འདས། །ཞེས་པ་དང་། སེང་གེ་རྩལ་རྫོགས་ལས། དང་པོའི་གནས་ས་གང་ཡིན་པར། །ཐ་མ་དེ་ཡི་གནས་སུ་འགྲོ། ། ད་ལྟ་དེ་ཡི་དོན་ལ་གནས། །ཞེས་པ་དང་། ཡང་། འཛིན་རྟོག་མེད་པའི་ནམ་མཁའ་ལ། །རྣམ་ཤེས་ཡིད་མ་འགྱུས་པ་ནི། །ཡེངས་པ་མེད་པའི་ཏིང་འཛིན་མཆོག «།»སངས་རྒྱས་ཉག་གཅིག་གནས་ལུགས་ཡིན། །ཅེས་སོ། །གཉིས་པ་ལ་གསུམ་སྟེ། རང་གནས་ཅོག་གཞག་ནི། ཚོགས་དྲུག་ཡུལ་གྱི་སྣང་བ་ལ་འཛིན་པའི་བཟོ་རྒྱ་མི་བྱེད་པར་ཕྱི་ནང་བར་མེད་ཧར་སངས་སུ་ཕྱལ་ལེ་བཞག་ནས། གཉིད་དུ་འགྲོ་ཁར་ཡང་དེའི་ངང་ལ་ཉལ་བས་རྨི་ལམ་འོད་གསལ་དུ་འཆར་བའོ། །ཐོག་བབས་ཆེན་པོ་ནི། སྒོ་གསུམ་ལྷུག་པར་གློད་ལ་གང་ཤར་ཅར་ཕོག་ཏུ་རང་སངས་ལ་ཕྱལ་ཕྱལ་སོང་བའི་ངང་ངོས་གཟུང་བའོ། །སྣང་བ་རྒྱས་འདེབས་ནི། ལུས་སྐྱིལ་ཀྲུང་དང་མིག་བར་སྣང་ལ་ཧྲིག་གེ་བལྟས་ཏེ། སེམས་འཕྲོ་འདུ་བཅད་ནས་རིག་པ་དང་སངས་ཕྱེད་པའི་ངང་ངོས་བཟུང་བས་རླུང་ལྔ་དབྱིངས་སུ་འཆིངས་ཏེ། རང་སྣང་དག་པའི་འོད་གསལ་ཕྱི་དུ་བ་སྨིག་རྒྱུ་འཇའ་འོད་ལ་སོགས་པ་དང་ནང་ཆོས་ཉིད་སྟོང་གསལ་བར་སྣང་དག་པ་ལྟར་འཆར་ཏེ། སོང་དྲུག་པ་ལས། ཏིང་འཛིན་གསུམ་ལ་འདི་ལྟར་བསླབ། །རང་གནས་ཅོག་གཞག་ཏིང་འཛིན་ནི། །དབང་པོའི་སྒོ་རྣམས་མི་དགག་ཅིང་། །ལུས་ཀྱི་སྤྱོད་པ་སྤྱད་མི་བྱ། ། གཉིད་ཀྱང་སྤང་བར་མི་བྱ་སྟེ། །སེམས་ཀྱིས་གུད་དུ་བཅད་པ་མིན། །མདོར་ན་ལུས་ངག་རང་སོ་ལ། །ཡིད་ཕྱུང་«༼༡༽»ཆ་རྣམས་ཕྱིར་མ་ཤོར། །དབང་པོའི་ཡུལ་རྣམས་དྲུག་ལ་ཡང་། །ཤེས་བཞིན་སྤྱོད་པའི་ཡིད་མ་འགྱུས། །རང་སྣང་མི་རྟོག་ཆེན་པོ་ལ། །གསལ་ལ་རྟོག་མེད་ཉམས་སྐྱེས་པའོ། །ཐོག་བབས་ཆེན་པོའི་ཏིང་འཛིན་ལ། །ལུས་ནི་ཐ་མལ་ལྟ་བུ་ལས། །ངག་ནི་སྨྲ་བརྗོད་ཚིག་དང་བྲལ། ། སེམས་ནི་དམ་དུ་མ་བཅིངས་པའི། །རང་ཤར་ངང་ལ་མ་ཡེངས་པའོ། །སྣང་བ་རྒྱས་འདེབས་ཏིང་འཛིན་ནི། །ལུས་དང་ཡུལ་དང་རིག་པ་ཡིས། །རང་སྣང་དག་པའི་ཚད་རྣམས་བཟུང་། །ཞེས་སོ། །གསུམ་པ་དགོངས་པ་བློ་འདས་སུ་བསྐྱང་བ་ལ་བཞི་སྟེ། རི་བོ་ཅོག་གཞག་གི་ལྟ་བ། རྒྱ་མཚོ་ཅོག་གཞག་གི་དགོངས་པ། རིག་པ་ཅོག་གཞག་གི་མན་ངག «སྣ»ང་བ་ཅོག་གཞག་གི་ཐབས་སོ། །དང་པོ་ནི། རིག་པ་རང་གསལ་འདི་ངོས་བཟུང་ནས་གང་ཤར་ཡང་ལྟ་བ་རི་རྒྱལ་ལྟར་འཕོ་འགྱུར་མེད་པའི་ངང་དུ་འཇོག་པ་སྟེ། ཡི་གེ་མེད་པ་ལས། རི་བོ་ཅོག་གཞག་ལྟ་བ་གསང་བ་ཉིད། །ཐེ་ཚོམ་མ་ཡིན་འགྱུར་བ་ངང་གིས་མེད། །ཅེས་སོ། །གཉིས་པ་ནི། ལུས་སྐྱིལ་ཀྲུང་ལ། མིག་ཧ་རེ་བར་སྣང་ལ་གཏད་དེ། ཤེས་པ་དང་སངས་ཕྱེད་པ་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པ་ལྟ་བུའི་ངང་ལ་གསལ་སང་ངེ་བཞག་པ་ནི། དེ་ཉིད་ལས། རྒྱ་མཚོ་ཅོག་གཞག་དག་གི་དགོངས་པ་ནི། །སྣང་བ་མ་ཡིན་སྣང་བར་བྱེད་པ་མིན། །སྟོང་པ་མ་ཡིན་སྟོང་པར་ཡོད་མ་ཡིན། ། གསལ་བ་མ་ཡིན་གསལ་བ་ཆེན་པོའི་ཡུལ། །བྱིང་བ་མ་ཡིན་རྒོད་པ་ངང་གིས་མེད། །མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། །མ་བསྐྱོད་མི་བསྐྱོད་བསྐྱོད་པ་ཀུན་ལས་འདས། །བྱས་པས་མ་བྱུང་བཞག་ཐབས་ཆེན་པོ་ལྟོས། །སྤྲོས་བསྡུ་མ་བྱེད་ཅོག་གཞག་གཅིག་གི་ངང་། །གནས་པ་མ་ཡིན་དེ་ལས་འདའ་བ་མེད། ། གསང་བའི་ཡེ་ཤེས་རྒྱ་མཚོ་ལྟ་བུ་ལ། །ཡེ་ནས་ལྷུན་འབྱམས་མ་བསྐྱོད་དབྱིངས་སུ་ཞོག «།»གཏིང་དཔག་དཀའ་བའི་རྒྱ་མཚོ་ཆེན་པོ་ནས། །ནུབ་པ་མེད་པའི་རྒྱལ་མཚན་རྩེ་མོ་ལྟོས། །སྟོང་པའི་སེམས་མེད་མ་བཅོས་ཆེན་པོའི་སྐུ། །བྱས་པ་མེད་པས་བྱེད་པ་ཀུན་ལས་རྒྱལ། །ཡེ་ནས་མ་བྱུང་མ་བཅོས་ཅོག་གཞག་ཉིད། །སྣང་བས་མ་བསྒྱུར་བློ་ཡིས་མ་བཅོས་པ། །ཆོས་ཉིད་མཁའ་ལ་གནས་ན་དགོངས་པར་བསྟན། །ཆོས་སྐུའི་ཡེ་ཤེས་བསམ་པ་རབ་སྤངས་པས། །འགྱུ་བྱེད་མེད་ན་བསྒོམ་པའི་དགོངས་པ་ཡིན། །སྣང་ཡུལ་དམིགས་པའི་ཕྱོགས་དག་མི་འཛིན་ན། །རྒྱ་མཚོའི་གཏིང་དུ་གཟའ་སྐར་ཤར་བ་བཞིན། །ཡུལ་ལ་འཛིན་མེད་གསལ་ཆ་མ་འགགས་པས། །རང་བྱུང་དགོངས་པའི་འདུག་ཚུལ་དེ་བཞིན་ནོ། །ཞེས་སོ། །གསུམ་པ་ནི། རིག་པ་གསལ་སྟོང་གི་ཡེ་ཤེས་རྗེན་པར་བུད་པ་དེ་ཕྱ་ར་ར་རང་གསལ་དུ་ངོས་བཟུང་བས་ཏིང་ངེ་འཛིན་སེམས་ཆགས་ཀྱི་གོལ་ས་གཅོད་ཅིང་ཟང་ཐལ་རྗེན་པའི་ཆོས་སྐུ་ཁོང་ནས་འཆར་ཏེ། སེང་གེ་རྩལ་རྫོགས་ལས། རང་རིག་དུ་མའི་ཡུལ་ལ་ཕར་བལྟས་པས། །ཆོས་སྐུ་རྟོག་མེད་ཆེན་པོ་ནང་དུ་རྙེད། །ཅེས་སོ། །བཞི་པ་ནི། ཕྱི་ཡུལ་ལྔར་སྣང་བ་ལ་ཆེ་རེ་བལྟས་དུས་ནང་རང་གསལ་རྗེན་པ་སངས་སེ་ཁོང་ནས་འཆར་བའི་ངང་དུ་འཇོག་པ་སྟེ། དེ་ཉིད་ལས། རིག་གསལ་ཆོས་ཉིད་ཡུལ་ལ་ཕར་བལྟས་པས། །སྣ་ཚོགས་བྲལ་བའི་རིག་པ་ནང་དུ་མཐོང་། །ཞེས་པ་དང་། ཡི་གེ་མེད་པ་ལས། སྣང་བ་ཅེར་གཞག་རིག་པའི་ཐབས་ཆེན་ནི། །སྣང་བ་ཆེན་པོ་ཀུན་གྱི་གཞི་མ་ཡིན། །འབྱུང་བ་ལྔ་ཡི་སངས་རྒྱས་ལམ་ལྟར་སྣང་། །ཆེན་པོ་ལྔ་ཉིད་མ་ཡི་སྣང་བར་གསལ། །མ་ཡེངས་ངང་དུ་འཛིན་མེད་ཆེན་པོར་ཞོག «།»ཅེས་སོ། །གསུམ་པ་གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་སོང་གསལ་ཆེན་པོར་བཞག་པ་ལ་གསུམ་སྟེ། ཆོས་ཉིད་འབད་རྩོལ་དང་བྲལ་བའི་གནད་ཀྱིས་སེམས་ཉིད་བྱ་བྲལ་དུ་གཞག་པའི་གདམས་ངག ཆོས་ཉིད་རང་ཐོག་ཏུ་སྤྲད་པའི་གནད་ཀྱིས་རྣམ་རྟོག་ཡེ་ཤེས་སུ་འཆར་བའི་མན་ངག ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་སྣང་བ་ལ་དགག་སྒྲུབ་མེད་པའི་གདམས་ངག་གོ །དང་པོ་ནི། གཤིས་བྱ་བ་དང་བྲལ་བ་དེ་བྱས་པས་མི་རྟོགས་མ་བྱས་བཞག་ན་རྟོགས་པས་སྒོ་གསུམ་རང་བབས་ཕྱལ་བར་གཞག་པ་ནི། ཐལ་འགྱུར་ལས། གཞན་ཡང་བྱ་བྲལ་ཆོས་ཉིད་ནི། །བྱ་བ་མེད་པས་གྲོལ་བར་གྲོལ། །ཅེས་པ་དང་། ཁྱུང་ཆེན་མཁའ་ལྡིང་ལས། དེ་ཕྱིར་འཁོར་འདས་བྱ་བྱེད་ཉིད་བྲལ་ནི«༼༡༽«། །»རྫོགས་ཆེན་ཉིད་ལས་གཞན་པ་ཅི་བྱར་ཡོད། །ཅེས་པ་དང་། དམིགས་དྲུག་ལས། བྱ་བ་དང་བྲལ་བས་གཞི་གཞག་གོ་ཞེས་སོ། །གཉིས་པ་ནི། སྣང་བ་སེམས་ཀྱི་རོལ་པར་ངོ་སྤྲད། རོལ་པ་གཞི་མེད་གསལ་སྣང་དུ་ངོ་སྤྲད། གསལ་སྣང་བཟུང་ན་འཁྲུལ་པར་ངོ་སྤྲད། མ་བཟུང་རང་གསལ་མེད་སྣང་དུ་ངོ་སྤྲད་པས་ཕྱི་ཡུལ་སྣང་སེམས་དང་གཞན་དུ་མ་གྲུབ་པར་ཐག་ཆོད་པས་འཁོར་བར་སྐྱེ་བའི་ཡུལ་སྟོངས་པའོ། །ཡང་སྣང་འཛིན་སེམས་དེ་གཞི་མེད་དུ་ངོ་སྤྲད། གཞི་མེད་སྟོང་པའི་རང་འགྲོས་སུ་ངོ་སྤྲད། རང་འགྲོས་རྗེས་མེད་ཡེ་སངས་སུ་ངོ་སྤྲད་པས། འཁོར་མཁན་རང་སེམས་གཞི་མེད་དུ་སངས་ནས་ཁམས་གསུམ་མིང་མེད་ཆོས་ཉིད་དུ་ལ་ཟློས་པ་སྟེ། རྩལ་རྫོགས་ལས། འདུ་ཤེས་ཡུལ་དུ་མེད་པ་ཆོས་ཉིད་ཞི་བའི་ངང་། །སྣང་བ་རང་ལ་ཡས་པའི་རང་སྣང་དངོས་མེད་ཉིད། །སྣང་བའི་སེམས་བྲལ་ཆོས་ཉིད་རང་གི་དོན། །སྤྲོ་བསྡུ་མ་བྱེད་རང་གི་ཡུལ་ལ་ལྟོས། །ཞེས་སོ། །འདིར་ཁ་ཅིག་སྣང་བ་སེམས་སུ་ངོ་སྤྲད«༼༡༽«། »སེམས་སྟོང་པར་ངོ་སྤྲོད་ཅིང་། ངོ་སྤྲོད་སྤྲས་པ་ལས། ཨེ་མ་ཧོ་སྣང་བ་སེམས་སུ་ངོ་སྤྲད་པས་སེམས་ལ་བྱན་ཚུད། སེམས་ཉིད་སྟོང་པར་ངོ་སྤྲད་པས་སྟོང་པ་བདེ་བའི་རྒྱས་གདབ། སྟོང་པ་རིག་པར་ངོ་སྤྲད་པས། རིག་པ་ཉིད་དབྱིངས་དང་གཉིས་སུ་མེད་པ་དེ་ཁོ་ན་ཆོས་སྐུའོ་ཞེས་པའི་ཚིག་ལ་དོན་རང་མཚན་དུ་ཞེན་པར་སྣང་སྟེ། འདི་ལ་དགོངས་གཞི། དགོས་ཆེད། དངོས་ལ་གནོད་བྱེད་ཀྱི་ཚད་མ་དང་གསུམ་ཡོད་པས་སྙིང་ཏིག་གི་དགོངས་པའི་ཕྱོགས་ལ་མི་ཉེ་བ་ཡིན་ནོ། །དགོངས་གཞི་ནི། ཕྱི་ཡུལ་ལ་དོན་གཞན་དུ་བདེན་པར་འཛིན་པ་རྣམས་དྲང་བའི་ཕྱིར་དེ་སྐད་གསུངས་ཏེ། རང་ཤར་ལས། ལ་ལར་སྣང་བ་སེམས་སུ་བསྟན། །ཅེས་སོ། ། དེའང་སྣང་བ་གཞན་དུ་མེད་སེམས་འཁྲུལ་པ་ལ་སྣང་བ་ཡིན་པ་ཙམ་ནས་བཏགས་སོ། །དགོས་ཆེད་ནི་ཕྱི་དོན་དུ་ཞེན་པ་སྤང་བ་ཙམ་མོ། །དངོས་ལ་གནོད་བྱེད་ནི།སྣང་བ་སེམས་ཡིན་ན་སེམས་ལ་ཁ་དོག་དང་དབྱིབས་ལ་སོགས་པར་མིག་སོགས་དབང་པོས་ངེས་པར་ཐལ་ཏེ་སྣང་བ་ལ་གཟུགས་སོགས་དབྱིབས་དང་ཁ་དོག་ཏུ་ངེས་པའི་ཕྱིར་དང་། སྣང་བ་སེམས། སེམས་སྟོང་པ། སྟོང་པ་རིག་པ་ཡིན་ན་དེ་གསུམ་ཕན་ཚུན་འཆོལ་བས། རིག་པ་འཁྲུལ་པར་ཐལ་བ་དང་། སྣང་བ་མིག་ལ་སོགས་པས་མི་མཐོང་བར་ཐལ་བ་དང་། སེམས་མ་འཁྲུལ་བར་ཐལ་བ་སྟེ། དེ་གསུམ་ངོ་བོ་རྫས་གཅིག་ཡིན་པའི་ཕྱིར་རོ། །འདིའི་ཁྱད་སྔར་ཞིབ་ཏུ་བཤད་ལ། སྣང་བ་སེམས་ཀྱི་རྣལ་འབྱོར་དུ་བྱེད་པ་མི་གྲོལ་བར། རང་ཤར་ལས། སྣང་བ་སེམས་ཀྱི་རྣལ་འབྱོར་ནི། །ཐམས་ཅད་ང་ཡི་སེམས་ལས་བྱུང་། །སེམས་ཉིད་རྟོགས་ན་ཅི་བྱར་ཡོད། །དེ་སྐད་ཀུན་ཏུ་རྗོད་བྱེད་པ། །ང་ཡིས་གྲོལ་བར་མ ་བཤད་དོ། །ཞེས་པའི་ལུང་གིས་ཀྱང་གནོད་ལ། སེམས་མེད་པར་རྟོགས་དུས་སྣང་བ་མེད་པར་ཐལ་ལ། སེམས་འགགས་དུས་སྣང་བ་དུས་དེར་འགག་པར་ཐལ་བ་ལས།སེམས་མེད་པའི་སྐབས་སུ་སྣང་བ་འདུག་པས་ཀྱང་གནོད་དོ། ། སེམས་མེད་པའི་གནས་སྐབས་ལྔ་ཡོད་དེ། དབུས་མཐའ་ལས། སེམས་མེད་གཉིད་དང་བརྒྱལ་བ་དང་། །སྙོམས་པར་འཇུག་པ་རྣམ་གཉིས་དང་། །རྟག་ཏུ་འདུ་ཤེས་མེད་པའོ། །ཞེས་སོ། །མདོར་བསྡུ་ན། སྣང་བ་སེམས་སུ་འདོད་པ་འདི་ལོག་རྟོག་གི་མུན་པ་ཆེན་པོ་ཡིན་པས་བསལ་དགོས་སོ། །གསུམ་པ་ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་སྣང་བ་ལ་དགག་སྒྲུབ་མེད་པའི་གདམས་ངག་ནི། ཕྱི་ཡུལ་ལྔ་མེད་སྣང་སྟོང་པ་རང་དག་ཆུའི་ཟླ་བ་འདྲ་བས་སྦྱང་མི་དགོས། ནང་ཡིད་ཀྱི་དྲན་རྟོག་རང་ཡལ་རྗེས་མེད་ཡིན་པས་འབད་རྩོལ་གཉེན་པོས་འཇིག་མི་དགོས། སྣང་སེམས་ཡེ་གྲོལ་ལྷུག་པ་ལ་སྤང་བླང་གི་སྒྲོ་མི་འདོགས། རིག་པ་ཟང་ཀ་གཅེར་བུ་ལ་སྤྲོས་པའི་གོས་མི་བསྐོན་པར་ཤིགས་སེ་བུན་ནེ་ཁྲེས་སེ་རྗེས་མེད་མཉམ་པ་ཆེན་པོར་ཁོང་གློད་ནས། སྒོ་ལྔ་རང་བྱུང་ཡེ་གདངས་སུ་འཁྲོལ་དུ་འཇུག་པ་སྟེ། དེའང་ནང་རང་གསལ་གྱི་ངོ་བོ་རིག་པ་རྗེན་ལ་བུད་ནས། དེའི་ངང་ནས་དྲན་བསམ་བཟང་ངན་ཅི་ཤར་ཡང་རིས་མེད་རང་བྱུང་ཡེ་ཤེས་ཀྱི་རང་གདངས་སུ་ཤེས་པས་རྗེས་མི་བསྙེག་པར། སྣང་སེམས་ཁྲལ་མ་ཁྲོལ། སང་མ་སེང་། འལ་མ་འོལ་གྱི་ཡོ་ལང་དུ་རྒྱ་ཕྱམ་ལ་བཏང་ན་ཀུན་ཏུ་བཟང་པོའི་དགོངས་པ་སོང་དུ་རང་ཤར་བ་སྟེ། སོང་དྲུག་པ་ལས། སེམས་ཅན་ཀུན་གྱི་རང་སྣང་ཆེ། །གཞན་ནས་བཙལ་བའི་གནས་མེད་དོ། །རང་གི་མཐུ་ཡིས་རང་རིག་པས། །སྟོང་གསུམ་འཇིག་རྟེན་གང་ནས་ཀྱང་། །དེ་ཉིད་བཙལ་ཀྱང་རྙེད་གནས་མེད། །འཇིག་རྟེན་ཀུན་གྱི་སྤྱོད་ཡུལ་ནི། །དེ་ཉིད་སྣང་བའི་རང་བཞིན་ལ། །སུས་ཀྱང་མཐོང་བ་མེད་པ་ཡི། །སྣང་བ་རང་རིག་བདེ་བའི་ཞིང་། །འདི་ལ་གོམས་པའི་རྣལ་འབྱོར་པས། །ཀུན་ཏུ་བཟང་པོ་ང་ཡི་སྐུ། །སྐལ་དང་ལྡན་པ་འདི་ཡིས་མཐོང་། །ཞེས་པ་དང་། ཡང་། ཡུལ་ལ་རྐྱེན་རྟོག་རང་ཤར་ཚེ། །འདི་ཀུན་རང་བཞིན་མེད་ཤེས་ན། །སྣང་བ་ཐམས་ཅད་སྒྱུ་མའམ། །རྨི་ལམ་དང་ནི་གཟུགས་བརྙན་ལྟར། །མི་རྟོག་གཟུགས་བརྙན་ཆེན་པོའི་ཉམས། །སུ་ཡི་རྒྱུད་ལ་ཤར་བ་དེ། ། | »དེ་ལྟར་ལམ་དངོས་བསྟན་ནས། ད་ནི་ལམ་གྱི་ཁྱད་པར་དབང་པོ་ཡང་རབ་རྣམས་མ་བསྒོམས་པར་གྲོལ་བའི་ཐབས་མཆོག་ཏུ་གསང་བ་ཁྲེགས་ཆོད་ཀྱི་མན་ངག་གཏན་ལ་དབབ་པ་ལ་གསུམ་སྟེ། ངོ་རང་ཐོག་ཏུ་དབབ་པས་ལ་བཟླ། ཐག་ཆིག་ཐོག་ཏུ་བཅད་པས་ཆིངས་བསྡམ། གདེང་གྲོལ་ཐོག་ཏུ་བཅད་པས་འཕྲང་བསལ་བའོ། །དང་པོ་ལ་གསུམ་སྟེ། རང་བཞིན་རྫོགས་པ་ཆེན་པོ་སྤང་བླང་བྱ་རྩོལ་ལས་འདས་པའི་གཤིས་ནམ་མཁའ་ལྟ་བུར་གཏན་ལ་དབབ་པ། ཆོས་ཟད་བློ་འདས་ཀྱི་དགོངས་པ་ཟང་ཐལ་རྗེན་པའི་ཡེ་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ། ལྷུན་མཉམ་ཡངས་པ་ཆེན་པོའི་སོང་དུ་ཐམས་ཅ ད་ཡེ་ནས་འདས་ཟིན་པས་བཅིངས་གྲོལ་སྤང་བླང་མེད་པའི་ངང་དུ་འཁོར་འདས་མིང་མེད་ཆེན་པོར་ལ་བཟླ་བའོ། །དང་པོ་ལ་གསུམ་སྟེ། རང་བཞིན་རྫོགས་པ་ཆེན་པོ་བྱར་མེད་ནམ་མཁའ་ལྟ་བུའི་དོན་སྤྱིར་བསྟན་པ། འཆིང་གྲོལ་གཉིས་སུ་མེད་པའི་རང་སེམས་སྟོང་པ་རྩ་བྲལ་ཆེན་པོར་ཐག་བཅད་པ། ཡུལ་སྣང་བློའི་མེ་ལོང་ཚོགས་དྲུག་མཉམ་པ་ཆེན་པོར་ཁྱབ་གདལ་བའོ། །དང་པོ་ནི། ཕྱི་སྣང་བ་ནང་རིག་པ་བར་གཟུང་འཛིན་སྣང་བརྟགས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་སྟོང་ཡོངས་སྟོང་ཆེན་པོ།སྣང་སྟོང་བློས་སྟོང་ཆེན་པོ། དག་སྟོང་གྲོལ་སྟོང་ཆེན་པོ། ཡོད་མ་མྱོང་མེད་མ་མྱོང་། བདེན་མ་མྱོང་། བརྫུན་མ་མྱོང་། འཁྲུལ་མ་མྱོང་གྲོལ་མ་མྱོང་། འཁོར་མ་མྱོང་ །འདས་མ་མྱོང་། ཡིན་མ་མྱོང་མིན་མ་མྱོང་། སྣང་མ་མྱོང་སྟོང་མ་མྱོང་། ཐམས་ཅད་མཉམ་གདལ། ཁྱབ་པ་ཕྱམ་གདལ། ཡིན་མིན་ཕྱོགས་གདལ། ཡོད་མེད་སྣང་གདལ། མི་གཡོ་མཉམ་གདལ། ལྷུན་མཉམ་ཡེ་གདལ། ངང་མཉམ་གཞི་གདལ། ཡངས་པ། ཕྱམ་པ། སངས་པ། གྲོལ་བ། ཟད་པ། སྟོངས་པ། ཕྱམ་ཕྱ ལ་ཧར་སངས། ཁྱབ་གདལ་ཡེར་སངས། ལྷུན་མཉམ་དབྱིངས་སངས། ངག་གདལ་མཉམ་སངས་མི་གཡོ། མི་འགུལ། མི་གནས། མི་ལེན། མི་འགྲོ། མི་འོང་། མི་བསམ། མི་རྟོག མི་དམིགས། མི་མཉམ། མི་འགྱུར་བ་སྟེ། སྔར་འཁྲུལ་མ་མྱོང་། ད་ལྟ་འཁྲུལ་པ་ལ་མི་གནས། མཐར་འཁྲུལ་མི་སྲིད། སྔར་གྲོལ་མ་མྱོང་། ད་ལྟ་གྲོལ་བར་མི་འཇུག མཐར་གྲོལ་མི་སྲིད། སྔར་འདས་པ་མེད། ད་ལྟ་གནས་པ་མེད། མ་འོངས་པ་འབྱུང་དུ་མེད། རིས་མེད་ཕྱམ་སངས་སྟོང་པ། གནས་ལུགས་ཀྱི་གཞི་མེད། ཡིན་ལུགས་ཀྱི་ལམ་མེད། གྲོལ་ལུགས་ཀྱི་འབྲས་བུ་མེད། ལྟ་སྒོམ་གྱི་མིང་མེད། ཕྱོགས་རིས་ཀྱི་ཆོས་མེད། ཡོད་མེད་ཀྱི་མཐའ་མེད། ནམ་མཁའི་དབྱིངས་མེད་པ། བྱ་རྩོལ་ལས་འདས་པའི་ཡེ་སངས། ལྟ་སྒོམ་ལས་འདས་པའི་ཡང་སངས། དམིགས་བསམ་ལས་འདས་པའི་གྲོལ་སངས། ཕྱོགས་འབྱམས་མིང་མེད་སངས་པར་ལ་བཟླ་བ། བལྟར་མེད་བལྟས་པ་མེད། ལྟ་བྱེད་མེད། བལྟས་པས་མི་མཐོང་། བསྒོམ་དུ་མེད། བསྒོམས་པ་མེད། བསྒོམ་པ་ལས་འདས། བསྒོམས་ཀྱང་མི་གྲོལ། དཔྱད་དུ་མེད། དཔྱོད་པ་མེད། དཔྱད་མི་དགོས། དཔྱད་ཀྱང་ངལ་བ་དོན་མེད། བསྒྲུབ་མི་དགོས། གྲུབ་ཟིན། བསྒྲུབ་ཏུ་མེད། བསྒྲུབས་ཀྱང་མི་འགྲུབ། བསྒྲུབས་པ་ལ་དགོས་པ་མེད། བྱ་བ་མེད། བྱེད་པ་མེད། བྱས་ཟིན། བྱ་བ་ལས་འདས། བྱས་ཀྱང་ཚི་ཆད། བྱ་མི་དགོས། ཆོས་ལ་བྱར་མེད། བྱས་པས་ཆོས་མ་ཡིན། མི་བྱ་བ་བསྒྲུབ་ཏུ་མེད། འཁོར་བ་མི་སྤོང་། འདས་པ་མི་ལེན། བསྒྲུབ་པ་ཕྱོགས་གཞགཡེ་མཉམ་ཕྱམ་གདལ། གཉུག་མ་མིང་མེད། གང་སྣང་ས་ནས་གཞི་མེད་ཡེ་སངས་སུ་འདུག་པས་འཆིང་གྲོལ་འབད་རྩོལ་རང་ཞིག གང་ཤར་ས་ནས་ཡེ་དག་རང་སྟོང་གདལ་བས་ཕྱམ་གཞག་རིས་མེད་ཕྱལ་བ། གང་སངས་ས་ནས་རྗེས་མེད་རང་དག་ཡེ་སྟོང་དུ་འདུག་པས་ཕྱམ་མཉམ་བར་མེད་ཕྱལ་བར་འབད་རྩོལ་ཞིག་པའི་རང་སེམས་བྱ་བ་མེད་པར་ཁོང་དལ་བས། རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་སུ་ཆོས་ཐམས་ཅད་ཡེ་ནས་རང་ཤར་རོ་ཞེས་རང་གིས ་རྟོགས་པའི་དོན་ལུང་དང་སྦྱར་བ་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། རང་བཞིན་རྫོགས་པ་ཆེན་པོ་ཡི། །དོན་ཀུན་བློ་ཡི་དཀྱིལ་དུ་ཚུད། །མི་སྣང་ཡུལ་མེད་རྟོག་པ་ཡང་། །མ་བཅད་རང་ས་ཉིད་དུ་ཆོད། །འཁྲུལ་མ་མྱོང་བའི་མ་རིག་བརྩད། །མ་བརྟགས་ཡེ་ནས་ཆོད་ནས་འདུག «།»གོང་དུ་འདི་ཀུན་སུས་མ་ཚོར། །རགས་པའི་འབྱུང་བ་འདི་ཀུན་ཡང་། །ཐོག་མ་ཉིད་ནས་རང་དེངས་པར། །འགྲོ་བའི་གནས་མེད་རང་སོང་བས། །རང་ལུས་ཡེ་ནས་མེད་པར་ནི། །སྔ་ཕྱི་མེད་པར་འདིར་ཡང་རིག «།»འདི་ཀུན་དུས་མེད་ཡང་དུས་བས། །གཅིག་དང་གཉིས་དང་དྲུག་གསུམ་གྱིས། །སྣང་མེད་སྣང་དང་ཡང་ཕྱེད་སྣང་། །མི་སྣང་མཛད་པའི་རང་སྒྲར་ཡང་། །ས་འཛིན་ས་ལས་འདས་པར་ནི། །ཡེ་ནས་འདུག་པ་སུས་མ་ཚོར། །བགྲོད་དུ་ཡེ་ནས་མེད་པ་ཡི། །ལམ་འདི་ཡེ་ནས་ཉེ་བར་ནི། །འདི་ཡང་རང་ལས་ཡེ་འདུག་པ། །སྔར་མ་མཐོང་སྟེ་རང་རིག་རྟུལ། །མི་གནས་བསམ་གཏན་དགོངས་པ་ནི། །བསྒོམས་པ་མེད་པར་ཡེ་འདུག་པ། །འདི་ཡང་གང་གིས་སྔར་མ་རིག «།»བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ཉིད་ལ། །འདི་ཀུན་རང་གིས་རང་སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག «།»བདག་རྟོག་བཅིངས་པའི་ཉོན་མོངས་ལྔ། །ཡེ་ནས་རིག་པ་རང་ཤར་བར། །ལྷན་ཅིག་གནས་པ་ཞལ་མ་འཚོ། །ས་ཆུ་མེ་རླུང་འབྱུང་བ་བཞི། །ཡེ་ནས་རང་གི་ལུས་ཡིན་པར། །སུས་མ་མཐོང་བ་མིག་རེ་རྟུལ། །ཡང་གསང་འདུས་པའི་མན་ངག་བཅུད། །བར་མཚམས་མེད་པར་རང་གྲག་པ། །གང་གིས་འདི་ཉིད་མ་ཐོས་པ། །རྣ་བའི་དབང་པོ་མེད་དམ་ཅི། །རང་གནས་དབྱིངས་དང་རིག་པའི་དྲི། །བྲལ་བའི་སྐབས་མེད་རང་འཁོར་བ། །ཚོར་མ་མྱོང་བ་སྣ་འགགས་སམ། །བཅུད་གསུམ་མན་ངག་གཅིག་དྲིལ་རོ། །ཡེ་ནས་ལུས་སེམས་བཅུད་ཡིན་པ། །འདི་ཉིད་མ་མྱོང་ལྕེ་ཆད་དམ། །སྣང་བ་རང་དག་ཁ་དོག་རྒྱན། །རང་གི་ལུས་དང་འབྲལ་མེད་པར། །ལུས་དང་གྲིབ་མ་བཞིན་དུ་ནི། །ཉིན་དང་མཚན་མོ་མེད་འདུག་པ། །སུས་ཀྱང་མ་རེག་ལུས་བེམས་སམ། །སྡུག་བསྔལ་ཕྱལ་འདེབས་བདེ་བའི་ཆོས། །བརྗེད་པ་མེད་པར་རང་གནས་པ། །སུས་མ་ཤེས་པ་བློ་རེ་རྟུལ། །འཁོར་བའི་བག་ཆགས་ཡང་བརྩེགས་པ། །ཡེ་ནས་ཆོས་ཀྱི་སྐུར་འདུག་པ། །གང་གིས་མ་མཐོང་སྙིང་རྗེའི་གནས། ། དབང་པོ་བདག་རྟོག་ཡུལ་ཤར་ནས། །དྲན་བསམ་འགྱུ་བ་སྣ་ཚོགས་རྣམས། །ཡེ་ནས་ལོངས་སྐུར་རང་ཤར་བ། །འདི་ཀུན་མ་དྲན་བརྗེད་རེ་ངས། །བྱ་བྱེད་སྤྱོད་པ་རྩོལ་སྒྲུབ་དང་། །སྐྱེ་བོ་འདུས་པའི་ཅ་ཅོ་ཀུན། །ཡེ་ནས་སྤྲུལ་པའི་སྐུ་ཡིན་པར། །སུས་མ་ཤེས་པ་ཡོང་རེ་རྟུལ། །ཇི་ལྟར་བསམས་དང་དྲན་འགྱུས་པ། །ཆུ་བོའི་རྒྱུན་བཞིན་བར་མེད་པར། །རྟག་ཏུ་རང་གི་ཡིད་འཕྲོག་པ། །རྩོལ་མེད་རང་གཞག་སྒོམ་པར་ནི། །ཉམས་སུ་མ་ཆུད་སེམས་རེ་ཡེངས། །སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང་། །གྲོང་ཁྱེར་རྒྱུན་གཅོད་ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། །ཞེས་པ་དང་། །ཐལ་འགྱུར་ལས། སྣང་བ་འཁྲུལ་པའི་རང་བཞིན་འདི། །ཡེ་ཤེས་ཡིན་པར་སྔར་མ་མཐོང་། །རྟོག་བཅས་འཁྲུལ་པའི་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་པའི་རང་རྟོག་རྒྱུན་ཆད་དོ། །དེ་ལྟར་འཁྲུལ་མེད་སྣང་བ་ནི། །ཡེ་ནས་གྲོལ་བའི་གནད་ལས་བྱུང་། །འགྲོ་བའི་ཕུང་པོ་སངས་རྒྱས་སྐུ། །ཡེ་ནས་ཡིན་པར་སུས་མ་རིག «།ཕུ»ང་པོ་སངས་རྒྱས་མངའ་བདག་ཏུ། །རྩ་གནས་ཡི་གེར་གྲུབ་ལས་བྱུང་། །ཆུ་བུར་མིག་ལ་ཡེ་ཤེས་ནི། །རང་སྣང་ཡིན་པར་སུས་མ་མཐོང་། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། རང་བཞིན་སྣང་བའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག «།»གཟུང་འཛིན་མེད་པས་འཁྲུལ་པ་ལོག «།»འགྱུ་བ་མེད་པས་ལས་རླུང་ལོག «།»ཟང་ཐལ་ཡིན་པས་དངོས་པོ་ལོག «།»གསལ་བ་ཡིན་ཕྱིར་སྟོང་པ་ལོག «།»ཡེ་ནས་རྟོགས་པས་བསྐྱེད་རིམ་ལོག «།»རྩོལ་བ་མེད་པས་སྤྱོད་པ་ལོག «།»མ་བཙལ་བཞག་པས་བསྒོམ་པ་ལོག «།»རང་གྲོལ་ཡིན་པས་སྣང་བ་ལོག «།»མངོན་དུ་སྣང་བས་ལྟ་བ་ལོག «།སྒྲ»་ཚིག་མེད་པས་ཐ་སྙད་ལོག «།»ཡོད་མ་མྱོང་བས་ཞེན་པ་ལོག «།»མེད་མ་མྱོང་བས་གཞན་ལྟོས་ལོག «།»གཟུང་དུ་མེད་པས་བློས་བརྟགས་ལོག «།»ཉག་གཅིག་ཡིན་པས་གྲངས་མཐའ་ལོག «།»ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡིན་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་ཕྲད་པས་སྤྲུལ་སྐུར་བྱུང་། །རྟོགས་སུ་ཡོད་པས་ཐབས་སུ་བྱུང་། །བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །ཞེས་པ་དང་། ཡང་། ས་དང་ཕྱོགས་དང་རིས་ལས་འདས། །ཡོད་དང་མེད་དང་ལྟར་སྣང་མེད། །སྒྲ་ཚད་རྣམས་ཀྱི་སྤྱོད་ཡུལ་མིན། །གཅིག་དང་གཉིས་དང་བགྲང་ཡུལ་མེད། །སྟོང་པ་ཆེན་པོར་བབས་ཀྱིས་གྲུབ། །ལུང་དང་རིགས་པའི་སྤྱོད་ཡུལ་མིན། །རྒྱུད་དང་མན་ངག་གིས་མི་མཚོན། །ལྟ་དང་སྒོམ་དང་སྤྱོད་པས་ནི། །དེ་ཡི་དོན་རྣམས་ཤེས་མི་འགྱུར། །དེ་དོན་འབྲས་བུར་གྲུབ་པ་མེད། །ཆོས་ཀྱིས་དེ་ཉིད་བསྒྲིབས་པར་འགྱུར། ། བསམས་པས་འགྲུབ་པ་མ་ཡིན་ཏེ། །ཤེས་རབ་ཀྱིས་ཀྱང་དཔྱད་དུ་མེད། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་ཡིས། །དེ་ཉིད་གནོད་དང་ཕན་འབྲས་བྲལ། །ཐོས་དང་བསམ་དང་སྒོམ་པས་ནི། །མཆོག་ཏུ་བརྟགས་ཀྱང་དེ་མི་མཐོང་། །དེ་ལ་དཀྱིལ་འཁོར་ཡོད་པ་མིན། །ལྷ་མེད་བསྐྱེད་པའི་ས་བོན་མེད། །སྔགས་དང་ཕྱག་རྒྱས་ཅི་ཞིག་བྱ། །མཆོད་པ་ལ་སོགས་སྤྲོ་མི་དགོས། །དབང་དང་དམ་ཚིག་ག་ལ་ཡོད། །བསྙེན་པ་དང་ནི་སྒྲུབ་པ་མེད། །འཁོར་ལོ་སྤྲོ་བ་ཡོད་པ་མིན། །བསྲུང་བ་མེད་ཅིང་བསྲུང་ཡུལ་མེད། །གདོན་དང་གནོད་པའི་ཡུལ་ལས་འདས། །ཞེས་པ་དང་། རང་ཤར་ལས། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་དང་སྒོམ་དང་སྤྱོད་པ་མེད། །འོན་ཀྱང་ལེགས་བསྟན་ཡིད་ལ་ཟུང་། །བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །བྱ་བ་དང་ནི་བྱེད་པ་ག་ལ་ཡོད། །སྤྱོད་པ་མེད་པའི་ཆོས་ཉིད་རང་བྱུང་འདི། །གང་གི་ཕྱོགས་སུ་མ་ལྷུང་ནམ་མཁའ་བཞིན། །ཡོད་པ་མ་ཡིན་སྟོང་པ་གཅིག་པུ་ཉིད། །མེད་པ་མ་ཡིན་ཡང་དག་བདེ་བའི་སྐུ། །བྱས་པ་མ་ཡིན་རང་བྱུང་རྟོག་མེད་ཉིད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །བསྒོམ་པའི་ཆོས་ཉིད་ག་ལ་ཡོད། །བཏང་དང་བཞག་པ་མེད་པའི་ཆོས། ། བསྒོམས་དང་མ་བསྒོམས་མཐའ་ལས་གྲོལ། །འཛིན་མེད་སེམས་ཀྱི་དྲི་མ་ཅི། ། ཡང་དག་རིག་པ་དྲི་མ་མེད། །དྲི་མེད་དག་པའི་ཆོས་སྐུ་ལ། །བསྒོམ་དང་བསྒོམ་པར་བྱ་བ་མེད། །བསྒོམས་པས་ཡང་དག་ཉིད་མི་རྙེད། །རྙེད་ན་རང་རིག་མེད་པར་འགྱུར། །ཅི་ཕྱིར་རང་རིག་ཡེ་ཤེས་ལ། །ཡེངས་དང་མ་ཡེངས་མེད་པའི་ཕྱིར། །གང་ལ་འཛིན་པ་ཡོད་པ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །ཅེས་པ་དང་། ཡང་། དེ་ཡང་ཆོས་རྣམས་འདི་ལྟ་སྟེ། །སྐྱེ་བ་མེད་པས་འགག་པ་མེད། །འཛིན་པ་མེད་པས་རང་སར་གྲོལ། །དམིགས་པ་མེད་པས་སྤྲོས་པ་མེད། །བྱས་པས་མ་བྱུང་ཀུན་ལ་ཡོད། །འདུས་མ་བྱས་པས་རྣམས་དག་དབྱིངས། །འཛིན་པའི་ཐ་སྙད་ཆོས་དང་བྲལ། །རང་བཞིན་མེད་པས་བརྗོད་དང་བྲལ། །ཅེས་པ་དང་། ནོར་བུ་འཕྲ་བཀོད་ལས། ཧ་ཧ། ཆོས་མེད་པ་ལས་ཆོས་ཉིད་འབྱུང་། །ཡུལ་མེད་པ་ལས་ཡུལ་ལྟར་སྣང་། །ཆོས་མེད་ཤེས་རབ་ཁོང་«༼༡༽»གསལ་བས། །དྲན་མེད་ཡུལ་དུ་མེད་པའོ། །ཞེས་པ་དང་། །སེང་གེ་རྩལ་རྫོགས་ལས། འཛིན་ཆགས་མེད་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་མཆོག «།»སོ་སོར་རྟོག་དང་མཚན་མ་ཚིག་གི་ལམ། །བྱ་རྩོལ་མེད་པའི་ཆོས་ཉིད་རང་སར་དག «།འུ»བ་ཆུབ་ཏིང་འཛིན་ཆོས་ཉིད་ཡུལ་ལ་འཇུག «།»དག་དང་མ་དག་ཐ་སྙད་ཆོས་སུ་མེད། །གཅིག་དང་གཉིས་ལས་འདས་པའི་ཡེ་གནས་དོན། །རང་ལུས་ངང་དུ་ཐིག་ལེ་གཅིག་གིས་འུབ། །ཅེས་པ་དང་། སོང་དྲུག་པ་ལས། མཐའ་མེད་དབུས་སུ་དམིགས་པ་མེད། །བསམ་པ་མེད་ཅིང་ཡུལ་རྣམས་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཆོས་མེད་བཏགས་པ་ཀུན་ལས་འདས། །དགྲ་མེད་བཤེས་ཀྱང་ཡོད་པ་མིན། །ལུས་མེད་དབང་པོར་སྣང་བ་མེད། །ཆོས་ནི་བསམས་པས་མི་སྣང་སྟེ། །གང་མེད་གང་དུ་འཛིན་པ་མེད། །ང་མེད་ང་ཡི་འཁོར་ཀྱང་མེད། །དབྱིངས་མེད་རིག་པའི་སྐུ་ཡང་མེད། །དགེ་མེད་སྡིག་པའི་རྣམ་སྨིན་མེད། །སྲོག་མེད་བཅད་པའི་དམིགས་པ་མེད། །ཚོགས་མེད་བསགས་པའི་ཡུལ་ཡང་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །གནས་མེད་སྟོང་པ་ཉིད་ཀྱང་མེད། །ཅེས་པ་དང་། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། བྱང་ཆུབ་སྙིང་པོ་གོལ་སྒྲིབ་མེད་པ་ལ། །གོལ་དང་སྒྲིབ་པར་འཛིན་པར་ག་ལ་ཡོད། །གོལ་མེད་སྒྲིབ་པ་ཐམས་ཅད་ཡོངས་ཀྱིས་མེད། །ཆོས་ཀྱི་སྐུ་ནི་སྒྲིབ་དང་བྲལ་བ་ལ། །གོལ་སྒྲིབ་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཆོས་སྐུ་མ་སྐྱེས་རང་ལས་བྱུང་བ་ལ། །གཞན་ནས་འོང་དུ་རེ་བ་ཡོང་རེ་འཁྲུལ། །སྐྱེ་མེད་བསམ་དང་བྲལ་བའི་རིག་པ་ལ། །ཚིག་དང་ཡི་གེར་བསྟན་པ་འོ་རེ་བརྒྱལ། །ཅེས་པ་དང་། ཡི་གེ་མེད་པ་ལས། བྱས་པ་མ་ཡིན་བྱེད་མཁན་ག་ལ་ཡོད། །བཅོས་པ་མ་ཡིན་བཅོས་པའི་བདག་པོ་མེད། །ལྟ་བ་མ་ཡིན་ལྟ་བྱེད་ཆོས་དང་བྲལ། །མཐོང་བ་མ་ཡིན་མཐོང་བྱེད་རྣམ་པར་གསལ། །སྣང་བྱེད་མ་ཡིན་སྣང་བའི་ཕྱོགས་དང་བྲལ། །བྲི་བ་མ་ཡིན་ཐོགས་མེད་ཕྱོགས་བཅུར་ཁྱབ། །རྩོལ་བ་མ་ཡིན་རྩོལ་སྒྲུབ་ཆོས་དང་བྲལ། །གཅིག་པུ་མ་ཡིན་དུ་མའི་ཆོས་དང་བྲལ། །ཕྱི་དང་ནང་མེད་ཕྱི་ནང་མེད་པར་གསལ། །ཅེས་པ་དང་། ཐུན་མོང་གི་གསང་བ་སྒྱུ་འཕྲུལ་ལས་ཀྱང་། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་ཙམ་ཉིད་ནས་གནས་པ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ནས་འགྲོ་འོང་མེད། །ཅེས་པ་དང་། དཀོན་མཆོག་ཏ་ལ་ལའི་མདོ་ལས་ཀྱང་། དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པས་ན། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་པ་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་ཀྱང་། ནམ་ཞིག་འཇིག་རྟེན་ཁམས་འདི་བྱུང་བ་དང་། །བྱུང་ནས་ཞིག་སྟེ་སྟོང་པར་གནས་པ་ན། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང་། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། མ་རིག་ནམ་མཁའ་ཇི་བཞིན་ཏེ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །རྟེན་མེད་གནས་མེད་ལེན་པ་མེད། །སྤྲུལ་འདྲར་ཡོངས་སུ་ཤེས་པར་གྱིས། །ཞེས་པ་དང་། གསང་འདུས་ལས། དངོས་པོ་འདི་རྣམས་མ་སྐྱེས་པ། ། ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུར་བདག་མེད་པའི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་རྒྱ་ཆེར་གསུངས་སོ། །གཉིས་པ་འཆིང་གྲོལ་གཉིས་སུ་མེད་པའི་རང་སེམས་སྟོང་པ་རྩ་བྲལ་ཆེན་པོར་ཐག་བཅད་པ་ལ་གཉིས་ཏེ། བྱུང་གནས་འགྲཽ་གསུམ་གྱིས་བརྟགས་པས་སྤྱིར་བསྟན་པ་དང་། གཅིག་དང་ཐ་དད་ལ་བརྟགས་པས་བྱེ་བྲག་ཏུ་ངེས་པར་བྱ་བའོ། །དང་པོ་ནི། གཤིས་མཐའ་གྲོལ་ནམ་མཁའ་ལྟ་བུ་ཡིན་མོད་ཀྱི། རང་གིས་ནང་དུ་མ་བརྟགས་ན་ཡིན་སྙམ་ཡིད་དཔྱོདལ་ལུས་པས་སྟོང་བསྒོམ་མུན་རྡོ་ལྟར་སོང་ནས། ཟང་ཐལ་རྗེན་པར་མི་རྟོགས་པས་འཁོར་འདས་ཀྱི་ཤན་ཐང་མི་ཕྱེད་པའི་ཕྱིར། རྟོགས་པ་ངེས་ཤེས་སུ་འཆར་བ་ལ་སོ་སོར་རྟོག་པའི་ཤེས་རབ་དགོས་ཏེ། ཡི་གེ་མེད་པ་ལས། རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང་། ཆོས་ཀྱི་སྐུ་མན་ངག་ལ་ཐུག་ཅེས་གསུངས་པས། འདིར་བླ་མའི་མན་ངག་གིས་རྟོགས་པར་བྱ་བ་ལ་གསུམ་སྟེ། བྱུང་ས་བྱུང་མཁན་ལ་བརྟག་པ། གནས་ས་གནས་མཁན་ལ་བརྟག་པ། འགྲོ་ས་འགྲོ་མཁན་ལ་བརྟག་པའོ། །དང་པོ་ལ་གཉིས་ལས། བྱུང་ས་ཕྱི་སྣ་ཚོགས་ཡུལ་དུ་སྣང་བ་དང་། ནང་ཕུང་པོ་གཟུགས་སུ་སྣང་བ་སྟེ། སེམས་དེ་གཉིས་གང་རུང་ལ་འཆར་དུས། ཕྱི་རུ་ཤར་ན་ཕྱིའི་ཡུལ། ནང་དུ་ཤར་ན་ནང་གི་ལུས། ཚལ་པ་ཚལ་པར་ཕྱེ་ལ་རྡུལ་ཕྲན་ཆ་མེད་དུ་བརྟགས་པས། བྱུང་སའི་སྣང་ཡུལ་མེད་པར་མཐོང་དུས་དེ་ལས་སེམས་མ་བྱུང་བར་ངོ་ཤེས་པས་གཟུང་བ་ཡུལ་དུ་འཛིན་པའི་རྟོག་པ་གཞི་མེད་རྩ་བྲལ་ཆེན་པོར་ཐག་ཆོད། བྱུང་མཁན་ཤ་ར་ར་འོ་ལ་ལའི་སེམས་དང་སེམས་བྱུང་ཁོ་རང་ལས་ཁོ་རང་བྱུང་ན་སྐད་ཅིག་གི་ཤེས་པ་རྫས་གཉིས་སུ་འགྱུར་ལ། ཁོ་རང་ལས་གཞན་ལས་མ་བྱུང་བར་དཔྱད་ཟིན་པས། ད་བྱུང་ས་དེ་རང་བྱུང་དུ་བྱུང་ངམ་སྙམ་ན། ཁ་དོག་དང་། དབྱིབས་དང་། རྟགས་དང་། མཚན་མ་དང་། ཆེ་ཆུང་དང་། ཕྱོགས་ཆ་ལ་སོགས་པ་ཅི་འདུག་བརྟགས་པས་གང་དུའང་མི་འདུག་སྟེ།བློས་བརྟགས་པ་ཙམ་གཞི་མེད་ཧར་སངས་ཡེ་དག་ཏུ་སོང་དུས། ནང་འཛིན་པའི་རྟོག་པ་གཞི་མེད་ནམ་མཁའ་ལྟ་བུར་རང་གིས་རྟོགས་པས། ཆོས་དང་ཆོས་ཉིད་དུ་སྣང་བའི་གཟུང་འཛིན་ཐམས་ཅད་ཡུལ་མེད་རྟེན་བྲལ་ཆེན་པོར་སོང་དུས་དེའི་ཚེ་རྟོགས་པས། སེམས་དང་པོ་སྐྱེ་བ་མེད་པར་ཡེ་ནས་འདུག་པ་ལ་དེ་རིང་རྟོགས་པས་ཆོས་སྐུ་སྤྲོས་བྲལ་ཆེན་པོའི་དོན་ཁོང་དུ་ཆུད་པའོ། །གཉིས་པ་བར་དུ་གནས་ས་དང་གནས་མཁན། གསུམ་པ་ཐ་མར་འགྲོ་ས་དང་འགྲོ་མཁན་གཉིས་ཀྱང་དེ་ཁོ་ན་ལྟར་བཤིག་ནས་བརྟགས་པས། ལོངས་སྐུ་རང་གསལ་ཆེན་པོ་དང་། སྤྲུལ་སྐུ་རང་གྲོལ་རང་ཤར་གྱི་དགོངས་པ་ལ་རེག་སྟེ། ཕྱི་ནང་ཡུལ་མེད་རིག་པ་རྟེན་མེད། གཟུང་འཛིན་གཞི་མེད། དགོངས་པ་བར་མེད་མཉམ་པའི་དོན་ཁོང་དུ་ཆུད་ནས།མ་བསྒོམས་ཆུ་བོ་རྒྱུན་གྱི་བསམ་གཏན་རང་སངས་མཉམ་པ་ཆེན་པོར་ཁོང་ནས་འཆར་བ་ནི། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང་། །བར་དུ་གནས་ས་ཐ་མ་འགྲོ། །དེ་ལྟར་གསུམ་ལ་བརྟགས་དཔྱད་པས། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། །ཞེས་སོ། །དེའི་ཚེ་ཕྱི་ཡུལ་དུ་སྣང་བ་ཐམས་ཅད་མེད་ལ་སྣང་བ་གཞི་མེད་སང་སེང་། ནང་སེམས་སུ་རྟོག་པ་ཐམས་ཅད་ཤར་གྲོལ་རྗེས་མེད། སྣང་སེམས་འབྲེལ་མེད་ཟང་ཐལ་ཆེན་པོར་མཐོང་བས་ཆོས་ཟད་ཀྱི་དགོངས་པ་བློ་ཟད་ལ་ཤར་བ་ཞེས་བྱའོ། ། འདི་དག་འཕགས་པ་དཀོན་མཆོག་བརྩེགས་པར་གསུངས་ཏེ། འོད་སྲུངས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་རྩོམ་པ། སེམས་དེ་ནི་ཕྱི་ན་ཡང་མི་དམིགས། ནང་ན་ཡང་མི་དམིགས། དེ་གཉིས་ཀའི་བར་ན་ཡང་མེད་ཅིང་མི་དམིགས་ཏེ། སྔོན་པོར་མ་ཡིན། སེར་པོར་མ་ཡིན་ཅེས་བྱ་བ་ལ་སོགས་པ་ནས། དེ་ལ་བརྩོན་འགྲུས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་སོ་ཞེས་པའི་བར་དུ་གསུངས་སོ། །གཉིས་པ་གཅིག་དང་ཐ་དད་ལ་བརྟག་པ་ནི། སེམས་ཀྱི་ཁང་བུ་བཤིག་པའི་མན་ངག་སྟེ། དེ་ཡང་སེམས་ཞེས་བྱ་བ་འདི་ཡོད་ན་རྒྱུ་ཅི་ལས་བྱུང་བ་དང་། མེད་ན་འགྱུ་བ་དང་དྲན་ཤེས་ཀྱི་འཁོར་ལོ་འདི་ཅི་ཡིན་པ་དང་། དྲན་ཤེས་ཀྱི་རྣམ་པ་འདི་དག་རྐྱེན་གང་ལ་བརྟེན་ནས་བྱུང་བ་དང་། རྐྱེན་མེད་ན་དྲན་ཤེས་གློ་བུར་བ་འདི་དག་མི་རིགས་པ་དང་། གལ་ཏེ་སེམས་འདི་ལུས་དང་གཅིག་ཏུ་ཡོད་ན་ལུས་འཇིག་དུས་སེམས་ཀྱང་འཇིག་པར་འགྱུར་བ་དང་། མེད་ན་རྗེས་སུ་འགྲོ་ལྡོག་མ་ངེས་པས་ལུས་ཀྱི་ན་ཚ་སེམས་ཐོག་ཏུ་འོང་བ་དང་། སྐྱེ་བ་སྔ་ཕྱིའི་འཁོར་ལོ་འོང་བར་མི་རིགས་པ་དང་། སེམས་ཞེས་བྱ་བ་འདིར་གཅིག་ན་ནི་འགྲོ་བ་གཅིག་གི་དབང་པོ་འགགས་པས་འགྲོ་བ་གཞན་ཡང་འཆི་བར་རིགས་པ་དང་། གཅིག་མིན་ན་འགྲོ་བའི་གཟུགས་ཐ་དད་པ་ལྟར་འགྲོ་བའི་སེམས་དངོས་པོ་ཐ་དད་པར་རིགས་པ་དང་ཐ་དད་ན་ལུས་གཅིག་གི་ནང་ན་སྲིན་བུ་ལ་སོགས་པའི་སྲོག་ཆགས་དེ་ཀུན། སྐྱེས་བུ་གཅིག་ཚེའི་དུས་བྱས་དུས་འཚོ་བར་རིགས་པ་དང་། གལ་ཏེ་གཅིག་ཡིན་ན་ལུས་གཅིག་ལ་ཕྱི་ནང་གི་སེམས་ཅན་དཔག་ཏུ་མེད་པ་འོང་བ་འདི་ཅི་ཡིན་པ་དང་། གལ་ཏེ་སེམས་འདི་ལ་ལྡོག་ས་ཡོད་ན། དང་པོ་རྒྱུ་ཡོད་དགོས་པས། རྒྱུ་ཡོད་ན་འདུས་བྱས་མི་རྟག་པས་སླར་འཇིག་པས་ལས་ལ་བཟང་ངན་མེད་པར་རིགས་པ་དང་། ལྡོག་པ་མེད་ན་ནི་སེམས་ཅན་གྱི་ཕུང་པོ་དཔག་ཏུ་མེད་པ་འདི་དག་འོང་བར་མི་རིགས་པ་དང་། སེམས་དེ་སྣ་ཚོགས་པ་ཡིན་ན་ནི་འགྲོ་བ་ལ་རང་གཞན་གྱི་རྟོག་པ་ཐང་ཅིག་ཏུ་འོང་བར་མི་རིགས་པ་དང་། ཕན་ཚུན་འཆོལ་བས། རང་རྒྱལ་«༼༡༽»དང་། མ་ཤི་བ་དང་། སྡུག་བསྔལ་མེད་པ་དང་། འཁོར་དང་ལོངས་སྤྱོད་ལ་སོགས་པ་ལྡན་ན་དགའ་བ་དང་། གཞན་ཕམ་པ་ལ་སོགས་པ་ཀུན་འདུ་ཤེས་མཐུན་པར་འོང་བ་མི་རིགས་པ་དང་། གལ་ཏེ་ཐ་དད་པ་ཡིན་ན་ནི། འགྲོ་བ་མང་པོ་ཡོད་པས། འགའ་ཞིག་ལ་གཞན་དང་མཐུན་པར་རང་འཕམ་པར་དགའ་བ་ལ་སོགས་པ་འོང་བར་རིགས་པ་དང་། གཅིག་ཁོ་ནར་སེམས་པ་ཡིན་ན་ནི་གཅིག་ཤི་བས་ཀུན་ཤི་བའམ། གཅིག་སྐྱེས་པས་ཀུན་སྐྱེ་བར་རིགས་པའམ། དེ་ལྟར་རྣམ་པ་དུ་མའི་སྒོ་ནས་རང་གི་སེམས་ལ་གཅིག་དང་ཐ་དད་ཀྱི་རྒལ་བས་བརྟགས་ཏེ་བཙལ་བས། གང་ཡང་མ་རྙེད་པ་ནི་ཆོས་ཉིད་ཀ་ནས་དག་པའི་དོན་ཤེས་རབ་ཀྱི་དབང་པོས་རྟོགས་པ་སྟེ། སེམས་ལ་རྒྱུ་མེད་དེ་ལྡོག་མི་སྲིད་པས་ལས་ཀྱི་བསགས་པ་ལ་མཐའ་མེད་པར་ཡིད་ཆེས་པ་དང་། སེམས་ལ་རྒྱུ་ཡོད་ན་འབྲས་བུ་འོང་དགོས་ཏེ། འབྲས་བུ་འཁོར་བ་ཡིན་ན་མ་དག་པས་གྲོལ་མི་སྲིད། འདས་པ་ཡིན་ན་འཁོར་བ་འོང་བར་མི་རིགས། གཉིས་ཀ་ཡིན་ན། འཁོར་འདས་ཐ་དད་པ་ལྟར་སེམས་ཀྱང་ཐ་དད་པར་འགྱུར་ལ། གལ་ཏེ་ཐ་དད་ན། ལུས་སེམས་ཐ་དད་པ་བཞིན་དུ་དྲན་བསམ་གྱི་རིགས་གཅིག་ཏུ་འདུ་བའི་འདོད་པའང་ཐ་དད་དུ་མར་འགྱུར་བ་ལས། རིགས་གཅིག་ཏུ་འདུ་བས་ཤེས་སོ། །ཡང་སེམས་ལ་རྒྱུ་མེད་ན་སེམས་འདི་དག་མི་རིགས་སོ་ཞེ་ན། འདི་དག་ནི་སེམས་ཀྱི་རྒྱུ་ལས་བྱུང་བ་མེད་དེ་བློ་མ་ཡིན་པས། སེམས་ལས་བྱུང་བ་མ་ཡིན་ན་སེམས་འདི་ཉིད་དུ་གནས་པ་ཙམ་ལ་མ་རྟོགས་པ་མེད་དེ། འདི་དག་ནི་སྐྱེ་བ་དང་། འཆི་བ་དང་། གནས་པ་ལ་སོགས་པ་ཟད་པ་ཡང་མ་ཡིན་ལ། འཕེལ་བ་ཡང་མ་ཡིན་པས་ན། ལུང་ལས། མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། །ཅེས་པ་དང་། ཡང་། སེམས་ཅན་ཁམས་ཀྱི་རང་བཞིན་དེ་ཡང་ཕ་མཐའ་མེད། །ཅེས་གསུངས་པས་སོ། །དེ་ལྟར་རྒྱུ་མེད་པས་སེམས་ལ་འཕེལ་བ་མེད་པར་ཤེས། འཕེལ་བ་མེད་པས་སྐྱེ་བ་མེད་པར་ཤེས། སྐྱེ་བ་མེད་པས་འཆི་བ་མེད་པར་ཤེས། དེ་ཤེས་པས་ལས་ལ་བཟང་ངན་མེད་པར་ཤེས་ཏེ། སྡུད་པ་ལས། ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། །ཞེས་སོ། །དེ་ལྟར་ཡེ་གདོད་མ་ནས་རང་དག་མེད་པར་ཤེས་པས་ན། གཟོད་ནས་དག་པས་སེམས་ཅན་སྐྱེ་བར་ག་ལ་འགྱུར། ཅེས་འབྱུང་བ་ཡིན་ནོ། །དེ་ཡང་སེམས་ལ་རྐྱེན་མེད་པ་སྟེ། ཡོད་ན་སྣང་བ་སྣ་ཚོགས་སུ་སྣང་བ་བཞིན་དུ་སེམས་ཀྱང་རྐྱེན་གྱིས་ཁ་དོག་ལ་སོགས་པ་སྣ་ཚོགས་སུ་འགྱུར་ལ། སེམས་ཐ་དད་དུ་སོང་བས་དྲན་བསམ་གཅིག་ཏུ་མི་རིགས་ལ། སེམས་ལ་རྐྱེན་ཡོད་ན་གཏན་འཇིག་པར་འགྱུར་བས། སེམས་ཀྱི་ལས་འབྲས་མེད་པར་ཐལ་བ་དང་། སེམས་ཞིག་ཀྱང་དེའི་ལས་ཡོད་ན། ཧ་ཅང་འགལ་ཏེ། ལུས་ཀྱི་ཁ་དོག་དང་སྐྱེ་མཆེད་ལེགས་ཉེས་ཀུན་ལུས་ཞིག་ཀྱང་གནས་སོ་ཞེས་བརྗོད་པ་དང་མཚུངས་སོ། །དེས་ན་སྒྱུ་མ་ལྟར་གནས་པ་ཙམ་གྱིས་གསལ་ལོ། །རྐྱེན་མེད་ན་ད་ལྟ་དྲན་བསམ་སྣ་ཚོགས་པ་འདི་ཅི་ལས་བྱུང་ཞེ་ན། ད་ལྟའི་དྲན་བསམ་འདི་རྐྱེན་ལས་བྱུང་བ་མ་ཡིན་ཏེ། གློ་བུར་བ་མདང་གི་རྨི་ལམ་གྱི་ནོར་བུ་རྙེད་པ་ལ་དགའ་བ་དང་བདེན་པར་འཛིན་པ་ལས། སད་དུས་ཅི་ཡང་མེད་པ་ལྟར། ད་ལྟའི་དྲན་བསམ་ཡང་བདེན་པར་བཟུང་ནས་ཞེན་རུང་དེའི་རྗེས་ལ་ཅི་ཡང་མེད་པས་གནས་སྐབས་ཀྱི་བདེན་བརྫུན་ལྟར་སྣང་བ་ལས་གྲུབ་པ་མེད་དོ། །དཔེར་ན་ནམ་མཁའི་སྤྲིན་སྣ་ཚོགས་གློ་བུར་དུ་འཁྲིགས་པ་དེ་གར་སོང་ཆ་མེད་གློ་བུར་དུ་ཡལ་བ་དང་འདྲ་བར། སྤྲིན་དེ་ནམ་མཁའ་ལ་མེད་ཀྱང་དེའི་ངང་ན་སྣང་བ་ལྟར། རྐྱེན་དང་རྒྱུ་སེམས་ལ་མེད་ཀྱང་སྣང་སྣང་འདྲ་དུས་རྒྱུ་རྐྱེན་མེད་དེ་གཅིག་དང་དུ་མ་དང་དུས་གསུམ་གྱི་བརྟགས་པས་མེད་པར་ངེས་ཏེ། རྩ་བ་ཤེས་རབ་ལས། ས་བོན་ཞིག་དང་མ་ཞིག་ལས། །མྱུ་གུ་སྐྱེ་བ་མ་ཡིན་ཏེ། །ཁྱོད་ཀྱིས་ཆོས་རྣམས་ཐམས་ཅད་ནི། །སྒྱུ་མ་འབྱུང་བ་བཞིན་དུ་བསྟན། །ཅེས་པ་དང་། རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཅེས་པས་སོ། །ཀུན་བྱེད་ལས་ཀྱང་། རྒྱུ་དང་རྐྱེན་མེད་ཞི་བ་མཆོག་གི་ལམ། །ཞེས་པ་ལ་སོགས་པ་བཤད་དོ། །དེ འི་ཕྱིར་སེམས་ཡོད་ན། དངོས་པོ་གཟུགས་ཅན་དུ་ཡོད་དམ། གཟུགས་མེད་དུ་ཡོད། གཟུགས་ཅན་དུ་མེད་དེ་ཡོད་ན་དབང་པོའི་མངོན་སུམ་ལ་བལྟར་རུང་བ་ལས་བལྟར་རུང་མ་དམིགས་པའི་མངོན་སུམ་ཚད་མས་གསལ་ལོ། །གཟུགས་མེད་དུ་ཡོད་ན་ཅིས་ཤེས། འགྱུ་བས་ཤེས་སོ་ཞེ་ན། འགྱུ་བ་དེ་ཁ་དོག་དང་ཕྱོགས་ཆ་དང་། འདས་མ་འོངས་ད་ལྟ་གསུམ་ཕྲད་པ་བརྟགས་པས་མ་གྲུབ་སྟེ། འགྱུ་བ་སྔ་མ་དང་ད་ལྟའི་འགྱུ་བ་ཕྲད་ན་ཕྲད་ཚེའི་«༼༡༽»དྲན་བསམ་སྔ་མ་དེ་ད་ལྟ་མ་འགགས་པར་ཡོད་དགོས་ལ། ཡོད་ན་སྔ་མ་ཡིན་པར་འགལ་ཞིང་། ད་ལྟའི་སྔ་མ་དང་ཕྲད་ཆ་དེ་འགགས་པར་ཐལ་ཞིང་མ་ཕྲད་ན་ད་ལྟའི་དྲན་བསམ་རྒྱུ་མེད་འགྱུ་བར་མི་རིགས་པར་ཐལ་བས་ཁེགས་སོ། །འགྱུ་བ་ནི་གཅིག་ཡིན་ནམ་ཐ་དད་ཡིན། གཅིག་ན་སྣ་ཚོགས་པར་འགྱུ་བ་ཉམས་ལ།ཐ་དད་ན་འགྱུ་བྱེད་གཅིག་ཡིན་པ་ཉམས་སོ། །དེས་ན་སེམས་ཡོད་པར་མ་གྲུབ་སྟེ། རྩ་བྲལ་ནམ་མཁའ་འདྲ་བར་རྟོགས་པས། སྐྱེ་བ་དང་སྐྱེ་གཞི་མེད་པས་ལྡོག་པའི་ས་མེད་དོ། །ནམ་མེད་ན་དྲན་བསམ་སྔ་ཕྱིའི་བར་དུ་ངོ་སྤྲད་པས་དེར་ཡལ་བས་སེམས་ལ་གཞི་མེད་པར་ངོ་ཤེས། དེ་ཤེས་པས་ལྡོག་ས་མེད་པར་ཡིད་ཆེས། དེ་ཤེས་པས་ཁམས་གསུམ་མིང་མེད་ཆེན་པོར་ཐག་ཆོད། དེ་ཆོད་པས་ལས་དགེ་སྡིག་གི་ཕན་གནོད་མེད་པར་བློ་བདེ་བའོ། །ཡང་སྣང་ཤེས་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་རྒྱུ་དང་མཚན་ཉིད་དུ་མ་གྲུབ་པར་ངོ་ཤེས། དེ་ཤེས་པས་སེམས་ཉིད་སྟོང་པ་ལ་ངོས་གཟུང་མེད་པར་ཡིད་ཆེས། དེ་ཆེས་པས་སེམས་ཞེས་རྒྱུ་རྐྱེན་ལས་མ་བྱུང་བར་ཐག་ཆོད། དེ་ཆོད་པས་དྲན་བསམ་གློ་བུར་གྱི་རྟོག་པས་ཕན་གནོད་མེད་པར་བློ་བདེ་བའོ། །ཡང་བློ་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་རྩ་བ་མེད་པར་ངོ་ཤེས། དེ་ཤེས་པས་སེམས་ཉིད་གཅིག་གི་འཁོར་ལོ་ལ་སྤྲོས་པ་ཐ་དད་མེད་པར་ཡིད་ཆེས། དེ་ཆེས་པས་བྱས་པའི་ཆོས་ཀྱིས་སངས་མི་རྒྱ་བར་ཐག་ཆོད། དེ་ཆོད་པས་སེམས་མེད་པའི་དོན་ལས་མ་རྟོགས་པའི་ཆོས་ལོགས་པ་མེད་པས་བློ་བདེ་བའོ། །ཡང་ཆོས་ཉིད་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་སྐྱེ་བ་མེད་པར་ངོ་ཤེས། དེ་ཤེས་པས་བག་ཆགས་ལུས་ཀྱི་ཀུན་གཞིས་མི་གནོད་པར་ཡིད་ཆེས།དེ་ཆེས་པས་ད་སེམས་སྐྱེ་མི་སྲིད་པར་ཐག་ཆོད། དེ་ཆོད་པས་དེ་སེམས་ཀྱི་ཁང་བུ་ཞིག་སྟེ་ལྡོག་པ་དང་ལྡོག་རྟེན་མེད་པར་བློ་བདེ་བའོ། །དེ་ལྟར་སེམས་ཡས་པའི་དུས་བཞི་པོའི་ཚད་ཟིན་པས། སངས་རྒྱས་མེད་པས་སངས་རྒྱས་མིང་ཙམ་དུ་ཡང་མེད་དེ། འབྲས་བུ་ལ་རེ་བར་འཛིན་པའི་བློ་ལྡོག དེ་ལོག་པས་ལམ་འབད་རྩོལ་དུ་བྱེད་པའི་ཆོས་མེད་དོ། ། དེས་ན་མེད་པའི་ཆོས་ལ་ཅི་ཡང་མེད་པས་འཁོར་འདས་སུ་བཏགས་པ་མིང་ཙམ་ལས་དོན་ལ་མ་རྙེད་པ་ལ་གྲོལ་བའི་ཚད་ཅེས་བྱའོ། །དེའི་ཕྱིར་ན་སེམས་ཉིད་མེད་པ་ལ་ཅི་ཡང་མེད་པས། སེམས་ལ་རྒྱུ་མཚན་མེད་པས་བལྟར་མེད་ལ། དེ་ལྟར་མེད་པའི་ངོ་སྤྲད་པ་བཞི་བསྐོར་ལ། ཆོས་ཚན་བཅུ་དྲུག་ཏུ་རིག་པ་ནི། སེམས་ཀྱི་ཁང་བུ་བཤིག་པ་སྟེ། དཔེར་ན་བྱིས་པའི་ཁང་བུ་བརྩིགས་ཀྱིན་འཇིག་པ་དང་འདྲའོ། །དེ་ཡང་བྱ་བས་བྱ་བ་འཇིག་པ་ལྕགས་ཀྱིས་ལྕགས་འཇིག་པ་དང་འདྲ་ལ། མི་རྟག་པས་མི་རྟག་པ་འཇིག་པ་སྒྱུ་མའི་མིས་སྒྱུ་མའི་གྲོང་ཁྱེར་བཅོམ་པ་ལྟ་བུ་དང་། བྱས་པས་མི་རྟག་པ་འཇིག་པ་རོ་ལ་རོ་བརྩེགས་པ་ལྟ་བུ་དང་། མི་རྟག་པས་བྱས་པ་འཇིག་པ་རིག་པ་ད་ལྟར་བས་མ་རིག་པ་སྔ་མ་འཇིག་པ་ལྟ་«བུ»འོ། །དེ་ལྟར་ན་སེམས་ཀྱིས་སེམས་བཤིག་པས་གཉིས་ག་རྗེས་མེད་དུ་ཞིག་པ་ཆུ་ལ་ཡི་གེ་བྲིས་པ་ལྟ་བུ་དང་། མེད་པས་མེད་པ་བཙལ་ཡང་མི་རྙེད་པ་དབུལ་པོའི་ཁྱིམ་ན་ཡིད་བཞིན་གྱི་ནོར་བུ་མེད་པར་བཙལ་ཀྱང་རྙེད་པའི་གནས་མེད་པ་དང་འདྲ་བར། སེམས་མེད་པ་ལ་གཞིག་པའི་གནས་མེད་པ་ནི། དཔེར་ན་གྲུ་རྡིབ་པའི་ཚེ་ཆུ་ལ་འཛིན་པའི་གནས་མེད་པ་དང་འདྲའོ། །དེའི་ཕྱིར་ན་སེམས་མེད་པའི་དོན་མ་ཤེས་པར། ལྟ་སྒོམ་སྤྱོད་པ་སེམས་ལ་འཚོལ་བ་ནི། བདེ་ཆེན་ཐར་པའི་བསྟན་པ་རྙེད་དུས་མེད་དེ། གྲུ་རྡིབ་པས་ཆུ་ལ་འཇུས་པ་ལྟར། སེམས་མེད་པ་ལ་ཡོད་པར་རྟེན་བཅས་པ་དེ་ཉིད་ཀྱིས་སླུ་ཞིང་འཆིང་བར་ངེས་སོ། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས་ཀྱང་། སྣང་བ་ཆོས་སྐུར་འདོད་པ་ང་ལ་སྒྲིབ་པ་ཡིན། །ཅིར་སྣང་སེམས་སུ་འདོད་པ་ང་ལ་སྒྲིབ་པ་ཡིན། །རང་བྱུང་གཞན་ནས་འདོད་པ་ང་ལ་སྒྲིབ་པ་ཡིན། །ཅེས་སོ། །འོ་ན་སེམས་ཡལ་ཞེས་ཡོད་པ་དེ་མེད་པར་སོང་བ་མ་ཡིན་ནམ་ཞེ་ན། ཡལ་བ་ནི་སྔར་བཞིན་དཔྱད་ན་མ་གྲུབ་པ་དང་། མ་དཔྱད་ནའང་གློ་བུར་གྱི་དྲན་བསམ་གྱི་རྟོག་པ་ཡལ་བ་ལས། སེམས་རང་རྒྱུད་པ་ཡོད་ནས་མེད་པར་སོང་བ་མེད་དེ། ཡལ་རྒྱུ་དང་ཡལ་རྐྱེན་གང་དུ་ཡང་མེད་དོ། །འོ་ན་སེམས་ཀྱི་ཁང་བུ་བཤིག་པ་ལ་དགོས་པ་མེད་དེ་བཤིག་རྒྱུ་མེད་པའི་ཕྱིར་རོ་ཞེ་ན། སེམས་ཡེ་ནས་མེད་པ་ལ། མེད་པའི་གནས་ལུགས་རྟོགས་པར་བྱེད་པ་ཙམ་ལས། སེམས་ཀྱི་ཁང་བུའི་གཞིའམ་དངོས་པོ་ཡོད་པ་ནི་མིན་ཏེ། དྲན་པའི་ཁུངས་ཆོས་ཉིད་དུ་སོང་བས། མེད་པ་གོ་བར་བྱས་པ་ལ། ཁང་བུ་བཤིག་ཅེས་ཐ་སྙད་དུ་བྱས་ཏེ། ཡོད་པ་བཤིག་པ་ནི་གང་ཡང་མེད་དོ། །དེའི་ཕྱིར་ན་ཐ་སྙད་ཀྱི་འབྲས་བུ་ཞེས་སྣང་བ་ཡུལ་གྱི་གནད་གང་སྣང་གི་སྟེང་དུ་བཞག་པས། བེམ་པོའི་སྣང་བ་དེར་འཛིན་མེད་པས་ཡུལ་སེམས་གཉིས་མེད་ཀྱི་འབྲས་བུ་དང་། ཤེས་པ་གང་འགྱུས་ཀྱི་སྟེང་དུ་བཞག་པས། སེམས་ཀྱི་ཁང་བུ་རང་ཞིག་པས་འགྱུ་བ་རྟོག་སངས་ཀྱི་འབྲས་བུ་དང་། དེ་ལྟར་བེམ་རིག་གཉིས་མེད་ཟུང་འཇུག་ཡེ་ཤེས་ཀྱི་ཡལ་ས་ངོས་ཟིན་པས་མེད་པའི་འབྲས་བུའོ། །དེ་ལྟར་འབྲས་བུ་གསུམ་གྱི་དུས་ཀྱང་ཡལ་དུས་ངོ་སྤྲད་པའི་གནད་བཞི་ལ། མེད་པའི་ཆོས་བཅུ་དྲུག་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེའང་གསང་ཆེན་ངེས་པ་སྙིང་ཐིག་གི་ཁྲེགས་ཆོད་སེམས་ཡེ་མེད་རང་སངས། འགྱུ་བ་གློ་བུར་ཡེ་གྲོལ་དུ་ཤེས་པ་དང་། མན་ངག་གཞན་དག་སེམས་དོན་དམ་དུ་མེད། ཀུན་རྫོབ་ཏུ་ཡོད་པར་བརླམས་ནས། ལྟ་སྒོམ་སེམས་ལ་ལམ་བྱེད་གཉིས། རང་གྲོལ་རང་ཤར་རང་གཞག་ཙམ་དུ་མིང་མཐུན་ཡང་། དོན་མི་མཐུན་ཏེ། འདིར་ཡེ་མེད་དུ་བྱེད་པ་དང་ །གཞན་དུ་ཡོད་པ་མེད་པར་འདོད་པས་སོ། །ཟུང་འཇུག་ཀྱང་། གཞན་དུ་ཡོད་པ་གཉིས་གཅིག་ལ་གཅིག་འབྲེལ་གྱི་ཟུང་འཇུག་འདོད་པ་དང་། འདིར་ཡེ་མེད་པས་ཟུང་དུ་འཇུག་རྒྱུ་མེད་ལ། མེད་པའི་ངོ་བོ་ལ་ཐ་དད་རིས་སུ་མེད་པ་གཉིས་ཐ་མི་དད་པས་གཉིས་མེད་ཟུང་འཇུག་ཅེས་བྱའོ། །གནད་འདི་ནི་ཐེག་པ་ཀུན་ལས་རྩེ་མོར་གྱུར་པའི་གནད་ཁམ་ཡང་ཆེ་ལ་གལ་ཡང་ཆེ་བ་སྟེ། འདི་ལས་སྣང་བ་སེམས་སུ་མི་འདོད་པ་དང་། སེམས་ཡོད་མ་མྱོང་གཞི་སངས་ཆེན་པོར་བསྟན་པ་ཡིན་ནོ། །འདི་ལ་བརྟེན་ནས་སྣང་བ་སེམས་སུ་ངོ་སྤྲད་པ་དང་། སེམས་ཉིད་སྟོང་པར་ངོ་སྤྲད་པའི་མན་ངག་སྙིང་ཏིག་གི་དགོངས་པ་མ་ཡིན་པར་ཤེས་པར་བྱའོ། །མན་ངག་འགའ་ཞིག་ཏུ་དེ་ལྟར་བྱུང་སྲིད་ན་འོག་མ་དྲང་བ་ཙམ་ལས་ངེས་དོན་མ་ཡིན་པར་ཐག་བཅད་དོ། །གསུམ་པ་ཡུལ་སྣང་བློའི་མེ་ལོང་དུ་ཤར་བས་ཚོགས་དྲུག་མཉམ་པ་ཆེན་པོར་ཁྱབ་གདལ་བ་ནི། ཕྱི་སྣང་བ་སྣ་ཚོགས། ནང་དྲན་རྟོག་གློ་བུར། དབང་པོ་དྲུག་སྣང་ཡུལ་དང་བཅས་པ་ཐམས་ཅད། མེད་པ་གསལ་སྣང་ཙམ་ལས། དོན་ལ་ཕྱི་ནང་གང་ན་ཡང་མེད་པ་རབ་རིབ་ཅན་གྱི་སྐྲ་ཤད་དང་། སྒྱུ་མ་དང་། མིག་འཕྲུལ་དང་། སྤྲུལ་པ་ལྟ་བུར་བློ་ལ་སྣང་ཡང་། སྣང་དུས་དེ་ཉིད་ནས་ཡོད་མེད་ཀྱི་མཐའ་ལས་འདས་པར་ཤེས་པར་བྱ་སྟེ། སྣང་བའི་ངོས་ནས་ཇི་ལྟར་བཏགས་ཀྱང་མི་འགལ། ཡིན་དུ་ཆུག མིན་དུ་ཆུག ཡོད་དུ་ཆུག མེད་དུ་ཆུག «སྣ»ང་དུ་ཆུག «སྟོ»ང་དུ་ཆུག འཁྲུལ་དུ་ཆུག གྲོལ་དུ་ཆུག བཟང་དུ་ཆུག ངན་དུ་ཆུགསེམས་སུ་ཆུག གཞན་དུ་ཆུག གང་ལྟར་བཏགས་ཀྱང་། སྟོང་པའི་ངོས་ནས་ཇི་ལྟར་བཏགས་པ་དེ་ཉིད་ཀྱིས་ཐོག་མར་སྟོང་སྟེ། བཏགས་པ་སེམས་ཡིན། སེམས་མེད་པ་ཡིན། མེད་པ་ལ་འདོགས་མཁན་མེད་པས་རྨི་ལམ་གྱི་བྱ་བྱེད་དང་སྒྱུ་མའི་བྱ་བྱེད་བཞིན་ནོ། །སྣང་བ་དང་འཆར་བ་དང་། དགེ་བ་དང་མི་དགེ་བ་ལ་སོགས་པ་དེ་ཉིད་གློ་བུར་བ། དེའི་ངོ་བོ་གཞི་མེད་རང་སངས། རིག་པའི་ཡེ་གདངས་ཆ་ལ་ཡོད་པས་ངོས་ཟིན་ན་དགོངས་པ་ཆོས་ཉིད་ཕྱོགས་ཡན་ལས་འཆུགས་ས་མེད་དེ། སྣང་སྲིད་འཁོར་འདས་ཀྱི་ཆོས་སོ་ཅོག་རིག་པའི་ངང་ན་མེད་པ་གསལ་སྣང་གི་སྣང་བ་ཆེན་པོར་རང་ཤར་རང་སྣང་བ་ནི། འབྱུང་བཞིའི་སྣང་བ་ནམ་མཁའི་ངང་ན་གནས་པའམ། རྨི་ལམ་སྣ་ཚོགས་གཉིད་དང་། གཉིད་རིག་པའི་ངང་ལས་མ་གཡོས་པ་བཞིན་ཏེ། ཐམས་ཅད་རིག་པའི་ངོ་ལ་རང་སྣང་ཡང་། རིག་པས་འཁྲུལ་སྣང་འཁོར་བ་མ་མཐོང་། དག་སྣང་འདས་པ་མ་མཐོང་། འཁོར་འདས་ཀྱིས་རིག་པ་མ་མཐོང་། ཐམས་ཅད་གཞི་མེད་མཉམ་པ་ཆེན་པོའི་ངང་ལས་གཡོས་པ་མེད་དེ། ངོ་བོར་མ་གྲུབ་པས་མཐོང་བ་དང་མཐོང་བྱེད་ལས་འདས་ལ། རིག་པའི་ངང་ནས་ཤར་བས་འཁོར་འདས་རིག་པའི་རང་གདངས་སམ་རོལ་པ་ཞེས་བཏགས་པ་ཙམ་སྟེ། ཡོད་མེད་མཐའ་གྲོལ་ཆེན་པོ། བཏགས་པ་མི་འགལ། དོན་ལ་མ་གྲུབ། མེད་པ་གསལ་སྣང་ཙམ་དུ་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཤར་བ་སྟེ། སོང་དྲུག་པ་ལས། དྲི་མ་མེད་པའི་སེམས་ཉིད་ལ། །ཡུལ་རྐྱེན་བྲལ་བའི་སྣང་བ་ནི། །རང་དག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་པ་དང་ །ནོར་བུ་འཕྲ་བཀོད་ལས།ཅི་ཡང་མེད་པའི་དངོས་པོ་ནི། །གང་གི་ཕྱོགས་སུ་མ་ལྷུང་བ། །ཅིར་ཡང་འཁྲུལ་བའི་དངོས་པོ་ནི། །མཐུན་སྣང་ཙམ་དུ་སྣང་བར་ཟད། །འོན་ཀྱང་དེ་ཡི་དོན་མི་སྐྱེ། །ཆོས་དབྱིངས་རྒྱན་ལྟར་སྣང་བའོ། །ཞེས་པ་དང་། སྟོང་པའི་ཡེ་ཤེས་ཆེན་པོ་ནི། །ཅིར་ཡང་མེད་ལས་ཅིར་ཡང་འཁྲུལ། །ཅེས་པ་དང་། མུ་ཏིག་ཕྲེང་བ་ལས། དེ་ནི་ང་ཡིན་འགྲོ་བ་ཡིན། །སེམས་ཡིན་སེམས་ལས་བྱུང་བ་ཡིན། །དུ་མ་ཡིན་ལ་ཉག་གཅིག་ཡིན། །འཁོར་བ་མྱ ང་འདས་ང་རང་ཡིན། །དཀྱིལ་འཁོར་ལ་སོགས་རིམ་འཇུག་ཡིན། །ཆོས་ཡིན་ཆོས་སུ་སྣང་བ་ཡིན། །གནས་པ་ཡིན་ལ་འགྲོ་བ་ཡིན། །འདུག་དང་ཉལ་དང་འཆག་པ་ཡིན། །སྲོག་ཡིན་གཅོད་པ་ཉིད་ཀྱང་ཡིན། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །མདོར་ན་ཇི་ལྟར་སྣང་བ་ཡི། །ཆོས་ཀུན་དེ་ལས་བྱུང་བའོ། །ས་ཆུ་མེ་རླུང་ནམ་མཁའ་ཡི། །འབྱུང་བ་ཆེ་རྣམས་དེ་ལས་བྱུང་། །ཞེས་པ་ནས། དེ་ལྟར་གནས་པའི་ཆོས་ཉིད་ལ། །འཁྲུལ་པ་གདོད་ནས་མེད་པ་སྟེ། །ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །གློ་བུར་སེམས་ཅན་སྤྲིན་གྱིས་བསྒྲིབས། །མ་འཁྲུལ་གནས་པའི་ཆོས་ཉིད་ཀྱང་། །བློ་ལ་འཁྲུལ་བའི་ཚུལ་དུ་སྣང་། །ཞེས་པ་ནས། སེམས་ཅན་ཉོན་མོངས་ལྔ་ཉིད་ནི། །དོན་ལ་ཡོད་པ་མ ་ཡིན་ཏེ། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །གློ་བུར་རྐྱེན་དང་བཅས་པ་ཉིད། །སྤྲིན་དེ་ནམ་མཁའ་ཉིད་ལས་བྱུང་། །དེ་བཞིན་ནམ་མཁར་ཐིམ་ཤེས་ནས། །དབྱེར་མེད་གཅིག་གི་ངང་ཞེས་བྱ། །དེ་བཞིན་ཉོན་མོངས་དྲི་མ་ཉིད། །རང་བྱུང་རང་ཞི་ཉིད་ཤེས་ན། ། སེམས་ཅན་འཆིང་བར་ག་ལ་འགྱུར། །ཅེས་པ་དང་། སྣང་ཚུལ་མ་གྲུབ་པ་ལྟར། འཛིན་པར་སྣང་ཡང་གང་དུའང་མ་གྲུབ་པས། གཏད་མེད་ཆེན་པོར་བསྟན་པ་ཡང་། རིན་ཆེན་སྤུངས་པ་ལས། གནས་པ་མེད་པའི་སེམས་ཉིད་འདི། །འགྲོ་ས་མེད་པ་ཡ་རེ་ཆ། །ཀུན་ཏུ་འཇུག་པའི་ཡིད་དྲུག་ལ། །བརྟེན་པའི་ས་མེད་ཡ་རེ་ཆ། །ཐམས་ཅད་སྡུད་པའི་ཀུན་གཞི་ལ། །བཞག་པའི་ས་མེད་ཡ་རེ་ཆ། །འཁོར་ཞིང་འཁྲུལ་པའི་མ་རིག་ལ། །འགྱུར་བའི་དབང་མེད་ཡ་རེ་ཆ། །ཐམས་ཅད་ཡུལ་ཞེ ན་ཉོན་མོངས་ལ། །གཞི་རྩ་མེད་པ་ཡ་རེ་ཆ། །ཕྲ་དང་རགས་པའི་དྲི་མ་ལ། །འཆགས་ས་མེད་པ་ཡ་རེ་ཆ། །འབྱུང་བ་རགས་པའི་གཟུགས་རྣམས་ལ། །གཏད་པའི་ས་མེད་ཡ་རེ་ཆ། །སྐྱེས་བུ་རྟེན་པའི་ཚེ་སྲོག་ལ། །དུས་བཏབ་མེད་པ་ཡ་རེ་ཆ། །ཚོགས་དྲུག་ཡུལ་གྱི་སྣང་བ་ལ། །རྟག་པ་མེད་པ་ཡ་རེ་ཆ། །སྐྱེས་བུའི་དྲན་བསམ་བྱུང་ཚོར་ལ། །ཟད་པ་མེད་པ་ཡ་རེ་ཆ། །ཞེས་པ་དང་། ཡང་། གཞི་རྩ་མེད་པའི་ཆོས་ཉིད་འདི། །མ་བཙལ་བཞག་པས་ངོ་མཚར་ཆེ། །འགྲོ་དང་འོང་བའི་རིག་པ་ལ། །ཐུག་པ་མེད་པ་ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ཡེ་ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། །ཞེས་པ་དང་། ཐུན་མོང་གི་ཐེག་པ་འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང་། ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལ། །སྐད་ཅིག་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང་། །བྱུང་ནས་ཞིག་སྟེ་སྤྲིན་གྱི་དཀྱིལ་འཁོར་དེ། །ཐོག་མ་གང་ལས་བྱུང་བ་བརྟག་པར་གྱིས། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཇི་ལྟར་མི་དག་བྲག་རིའི་ཁྲོད་འདུག་སྟེ། །གླུ་ལེན་སྨྲ་དང་དགོད་དང་ངུ་བ་ལས། །རྐྱེན་ལ་བརྟེན་ཏེ་བྲག་ཅ་འབྱུང་མོད་ཀྱི། །སྒྲ་ལས་དབྱངས་དེ་ནམ་ཡང་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་རྒྱ་ཆེར་གསུངས་སོ། །དོན་གཉིས་པ་ཆོས་ཟད་བློ་འདས་ཀྱི་དགོངས་པ་ཟང་ཐལ་རྗེན་པའི་ཡེ་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ་ལ་གསུམ་སྟེ། ཆོས་ཟད་བློ་འདས་ཀྱི་རིག་པ་ཟང་ཐལ་རྗེན་པར་ངོ་སྤྲད་པ། རང་གསལ་ངང་གནས་ཀྱི་དགོངས་པ་ཕྱམ་གདལ་ཆེན་པོར་བསྐྱང་བ། གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་སོང་གསལ་ཆེན་པོར་གཞག་པའོ། །དང་པོ་ནི། རང་བབས་ཀྱི་རིག་པ་རང་གསལ་དུ་རྗེན་ནེ་བཞག་ལ། ཕྱིར་མི་སྤྲོ། ནང་དུ་མི་བསྡུ། བར་དུ་མི་བསམ་པའི་རང་ངོ་ལ་བལྟས་པས། ཕྱི་ནང་བར་མེད། རང་གསལ་རྗེན་པ། ལྟ་སྒོམ་གྱིས་མ་བསླད་པའི་ཆོས་སྐུ། རྣམ་རྟོག་གིས་མ་བསྐྱོད་པའི་ཡེ་ཤེས། སྤྲོ་བསྡུས་མ་བཟོས་པའི་དགོངས་པ། གསལ་བ་ལ་རྟོག་པ་མེད་པ། གནས་པ་ལ་འཛིན་པ་མེད་པ། ཡངས་པ་ལ་ཕྱལ་བར་མ་ཤོར་བ། མཉམ་པ་ལ་བར་མེད་པ། འཇོག་མཁན་མེད་པའི་རང་དྭངས་ཆེན་པོ། ཡེ་ནས་རང་བབས་ཀྱི་དགོངས་པ་ཆེན་པོ། དངས་ཤིང་ལྟེང་པ་རྒྱ་མཚོ་ལྟ་བུ། གསལ་ཞིང་དག་པས་ཉི་ཟླ་ལྟ་བུ། ཡངས་ཤིང་ཕྱམ་པས་ནམ་མཁའ་ལྟ་བུ། བརྟན་ཞིང་གནས་པས་རི་རྒྱལ་ལྟ་བུའོ། །འདི་ལྟ་བུའི་དོན་དང་སེམས་ཅན་ཐམས་ཅད་སྐད་ཅིག་ཀྱང་འབྲལ་མ་མྱོང་དུ་ཡེ་ནས་རང་ལ་ཡོད་ཀྱང་། ངོ་མ་ཤེས་པས་འཁོར་བར་ངན་རྟོག་གི་སྤྲོས་པས་འཆོལ་བ་ཡང་། ད་བླ་མའི་གདམས་པས་ངོས་ཟིན་ནས་འཆར་རམ་གནས་སམ་གྱིན་འདར་ལྷན་ནེ་བའི་དུས་གང་དུའང་རང་བབས་ཅོག་གཞག་གི་ངོ་བོར་ངོ་སྤྲད་པ་བཞིན་ངང་མ་ཡེངས་ཙམ་དུ་བྱ་སྟེ། སེང་གེ་རྩལ་རྫོགས་ལས། ཨེ་མ་སེང་གེ་བགྲོད་མེད་ལམ། །བྱ་རྩོལ་མེད་པའི་སེང་གེ་ཡིས། །བཏང་བཞག་མེད་པའི་གངས་དཀར་ལ། །མུན་པ་སངས་པའི་རྩལ་གསུམ་རྫོགས། །བསམ་མེད་དྭངས་པའི་སེང་གེ་ངས། །ཀ་དག་དྲི་མེད་གངས་བཟང་ལ། །འབྱུང་བ་སངས་པའི་རྩལ་གསུམ་རྫོགས། །ཞེས་པ་དང་། སོང་དྲུག་པ་ལས། རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བླང་དོར་མེད་པའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱབ་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བྱིང་རྒོད་མེད་པའི་སེམས་ཉིད་ལ། ། བཏང་སྙོམས་ཆེན་པོའི་བསྒོམ་པ་ནི། །ཚོགས་དྲུག་ལྷུག་པའི་དགོངས་པ་ཞེས། ། ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཡ་ང་མེད་པའི་སེམས་ཉིད་ལ། །རེ་དོགས་བྲལ་བའི་སྣང་བ་ནི། །ཡེ་བཞག་གདེང་ལྡན་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་པ་དང་། རྩལ་རྫོགས་ལས། འཛིན་ཆགས་མེད་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་མཆོག «། »སོ་སོར་རྟོག་དང་མཚན་མ་ཚིག་གི་ལམ། །བྱ་རྩོལ་མེད་པའི་ཆོས་ཉིད་རང་སར་དག «།འུ»བ་ཆུབ་ཏིང་འཛིན་ཆོས་ཉིད་ཡུལ་ལ་འཇུག «།»དག་དང་མ་དག་ཐ་སྙད་ཆོས་སུ་མེད། ། གཅིག་དང་གཉིས་ལས་འདས་པའི་ཡེ་གནས་དོན། །རང་ལུས་ངང་དུ་ཐིག་ལེ་གཅིག་ཏུ་འུབ། །དུས་མེད་རྟོགས་པས་ཏིང་འཛིན་མ་ཡེངས་གསལ། །མཐའ་དབུས་མེད་པས་ཆོས་ཉིད་མིང་དང་བྲལ། །འགྱུར་བ་མ་ཡིན་དྲང་པོར་ཡོངས་ལ་ཁྱབ། །བྱས་པ་མ་ཡིན་བྱུང་སར་ལྷུན་གྱིས་གྲུབ། །ཅེས་སོ། །གཉིས་པ་དེའི་ངང་ལ་བསྐྱང་པ་ལ་གསུམ་སྟེ། ལྟ་སྒོམ་ཡུལ་འདས་ཆེན་པོར་བསྐྱང་བ། ཏིང་འཛིན་རང་བབས་ཆེན་པོར་བསྐྱང་བ། དགོངས་པ་བློ་འདས་ཆེན་པོར་བསྐྱང་བའོ། །དང་པོ་ནི། ངོ་སྤྲད་པའི་ངང་དེ་ལ་བློའི་འཛིན་རྩོལ་དང་ཆེད་དུ་བསྒོམ་པའི་གཉེན་པོ་མ་ཞུགས་པར་རིག་པ་རྒྱ་ཡན་ཡེ་བཞག་དཔངས་བསྟོད་ལ་ཕྱལ་བ་བར་མེད་རང་སངས་སུ་བཞག་པ་སྟེ། ནོར་བུ་འཕྲ་བཀོད་ལས། ཡངས་སོ་ཆོས་ཉིད་རྣམ་པར་དག «།»ཆེའོ་ལྟ་བ་རྨད་པོ་ཆེ། །སྣང་ངོ་རང་སྣང་དཀྱིལ་འཁོར་ཉིད། །ཡུལ་དང་ཡུལ་མེད་རྣམ་པར་དག «།»ཕྱི་དང་ནང་མེད་རྣམ་པར་སྣང་། །སྟོང་དང་མི་སྟོང་ཚིག་ལས་འདས། །ཞེས་པ་དང་། སེང་གེ་རྩལ་རྫོགས་ལས། དང་པོའི་གནས་ས་གང་ཡིན་པར། །ཐ་མ་དེ་ཡི་གནས་སུ་འགྲོ། ། ད་ལྟ་དེ་ཡི་དོན་ལ་གནས། །ཞེས་པ་དང་། ཡང་། འཛིན་རྟོག་མེད་པའི་ནམ་མཁའ་ལ། །རྣམ་ཤེས་ཡིད་མ་འགྱུས་པ་ནི། །ཡེངས་པ་མེད་པའི་ཏིང་འཛིན་མཆོག «།»སངས་རྒྱས་ཉག་གཅིག་གནས་ལུགས་ཡིན། །ཅེས་སོ། །གཉིས་པ་ལ་གསུམ་སྟེ། རང་གནས་ཅོག་གཞག་ནི། ཚོགས་དྲུག་ཡུལ་གྱི་སྣང་བ་ལ་འཛིན་པའི་བཟོ་རྒྱ་མི་བྱེད་པར་ཕྱི་ནང་བར་མེད་ཧར་སངས་སུ་ཕྱལ་ལེ་བཞག་ནས། གཉིད་དུ་འགྲོ་ཁར་ཡང་དེའི་ངང་ལ་ཉལ་བས་རྨི་ལམ་འོད་གསལ་དུ་འཆར་བའོ། །ཐོག་བབས་ཆེན་པོ་ནི། སྒོ་གསུམ་ལྷུག་པར་གློད་ལ་གང་ཤར་ཅར་ཕོག་ཏུ་རང་སངས་ལ་ཕྱལ་ཕྱལ་སོང་བའི་ངང་ངོས་གཟུང་བའོ། །སྣང་བ་རྒྱས་འདེབས་ནི། ལུས་སྐྱིལ་ཀྲུང་དང་མིག་བར་སྣང་ལ་ཧྲིག་གེ་བལྟས་ཏེ། སེམས་འཕྲོ་འདུ་བཅད་ནས་རིག་པ་དང་སངས་ཕྱེད་པའི་ངང་ངོས་བཟུང་བས་རླུང་ལྔ་དབྱིངས་སུ་འཆིངས་ཏེ། རང་སྣང་དག་པའི་འོད་གསལ་ཕྱི་དུ་བ་སྨིག་རྒྱུ་འཇའ་འོད་ལ་སོགས་པ་དང་ནང་ཆོས་ཉིད་སྟོང་གསལ་བར་སྣང་དག་པ་ལྟར་འཆར་ཏེ། སོང་དྲུག་པ་ལས། ཏིང་འཛིན་གསུམ་ལ་འདི་ལྟར་བསླབ། །རང་གནས་ཅོག་གཞག་ཏིང་འཛིན་ནི། །དབང་པོའི་སྒོ་རྣམས་མི་དགག་ཅིང་། །ལུས་ཀྱི་སྤྱོད་པ་སྤྱད་མི་བྱ། ། གཉིད་ཀྱང་སྤང་བར་མི་བྱ་སྟེ། །སེམས་ཀྱིས་གུད་དུ་བཅད་པ་མིན། །མདོར་ན་ལུས་ངག་རང་སོ་ལ། །ཡིད་ཕྱུང་«༼༡༽»ཆ་རྣམས་ཕྱིར་མ་ཤོར། །དབང་པོའི་ཡུལ་རྣམས་དྲུག་ལ་ཡང་། །ཤེས་བཞིན་སྤྱོད་པའི་ཡིད་མ་འགྱུས། །རང་སྣང་མི་རྟོག་ཆེན་པོ་ལ། །གསལ་ལ་རྟོག་མེད་ཉམས་སྐྱེས་པའོ། །ཐོག་བབས་ཆེན་པོའི་ཏིང་འཛིན་ལ། །ལུས་ནི་ཐ་མལ་ལྟ་བུ་ལས། །ངག་ནི་སྨྲ་བརྗོད་ཚིག་དང་བྲལ། ། སེམས་ནི་དམ་དུ་མ་བཅིངས་པའི། །རང་ཤར་ངང་ལ་མ་ཡེངས་པའོ། །སྣང་བ་རྒྱས་འདེབས་ཏིང་འཛིན་ནི། །ལུས་དང་ཡུལ་དང་རིག་པ་ཡིས། །རང་སྣང་དག་པའི་ཚད་རྣམས་བཟུང་། །ཞེས་སོ། །གསུམ་པ་དགོངས་པ་བློ་འདས་སུ་བསྐྱང་བ་ལ་བཞི་སྟེ། རི་བོ་ཅོག་གཞག་གི་ལྟ་བ། རྒྱ་མཚོ་ཅོག་གཞག་གི་དགོངས་པ། རིག་པ་ཅོག་གཞག་གི་མན་ངག «སྣ»ང་བ་ཅོག་གཞག་གི་ཐབས་སོ། །དང་པོ་ནི། རིག་པ་རང་གསལ་འདི་ངོས་བཟུང་ནས་གང་ཤར་ཡང་ལྟ་བ་རི་རྒྱལ་ལྟར་འཕོ་འགྱུར་མེད་པའི་ངང་དུ་འཇོག་པ་སྟེ། ཡི་གེ་མེད་པ་ལས། རི་བོ་ཅོག་གཞག་ལྟ་བ་གསང་བ་ཉིད། །ཐེ་ཚོམ་མ་ཡིན་འགྱུར་བ་ངང་གིས་མེད། །ཅེས་སོ། །གཉིས་པ་ནི། ལུས་སྐྱིལ་ཀྲུང་ལ། མིག་ཧ་རེ་བར་སྣང་ལ་གཏད་དེ། ཤེས་པ་དང་སངས་ཕྱེད་པ་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པ་ལྟ་བུའི་ངང་ལ་གསལ་སང་ངེ་བཞག་པ་ནི། དེ་ཉིད་ལས། རྒྱ་མཚོ་ཅོག་གཞག་དག་གི་དགོངས་པ་ནི། །སྣང་བ་མ་ཡིན་སྣང་བར་བྱེད་པ་མིན། །སྟོང་པ་མ་ཡིན་སྟོང་པར་ཡོད་མ་ཡིན། ། གསལ་བ་མ་ཡིན་གསལ་བ་ཆེན་པོའི་ཡུལ། །བྱིང་བ་མ་ཡིན་རྒོད་པ་ངང་གིས་མེད། །མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། །མ་བསྐྱོད་མི་བསྐྱོད་བསྐྱོད་པ་ཀུན་ལས་འདས། །བྱས་པས་མ་བྱུང་བཞག་ཐབས་ཆེན་པོ་ལྟོས། །སྤྲོས་བསྡུ་མ་བྱེད་ཅོག་གཞག་གཅིག་གི་ངང་། །གནས་པ་མ་ཡིན་དེ་ལས་འདའ་བ་མེད། ། གསང་བའི་ཡེ་ཤེས་རྒྱ་མཚོ་ལྟ་བུ་ལ། །ཡེ་ནས་ལྷུན་འབྱམས་མ་བསྐྱོད་དབྱིངས་སུ་ཞོག «།»གཏིང་དཔག་དཀའ་བའི་རྒྱ་མཚོ་ཆེན་པོ་ནས། །ནུབ་པ་མེད་པའི་རྒྱལ་མཚན་རྩེ་མོ་ལྟོས། །སྟོང་པའི་སེམས་མེད་མ་བཅོས་ཆེན་པོའི་སྐུ། །བྱས་པ་མེད་པས་བྱེད་པ་ཀུན་ལས་རྒྱལ། །ཡེ་ནས་མ་བྱུང་མ་བཅོས་ཅོག་གཞག་ཉིད། །སྣང་བས་མ་བསྒྱུར་བློ་ཡིས་མ་བཅོས་པ། །ཆོས་ཉིད་མཁའ་ལ་གནས་ན་དགོངས་པར་བསྟན། །ཆོས་སྐུའི་ཡེ་ཤེས་བསམ་པ་རབ་སྤངས་པས། །འགྱུ་བྱེད་མེད་ན་བསྒོམ་པའི་དགོངས་པ་ཡིན། །སྣང་ཡུལ་དམིགས་པའི་ཕྱོགས་དག་མི་འཛིན་ན། །རྒྱ་མཚོའི་གཏིང་དུ་གཟའ་སྐར་ཤར་བ་བཞིན། །ཡུལ་ལ་འཛིན་མེད་གསལ་ཆ་མ་འགགས་པས། །རང་བྱུང་དགོངས་པའི་འདུག་ཚུལ་དེ་བཞིན་ནོ། །ཞེས་སོ། །གསུམ་པ་ནི། རིག་པ་གསལ་སྟོང་གི་ཡེ་ཤེས་རྗེན་པར་བུད་པ་དེ་ཕྱ་ར་ར་རང་གསལ་དུ་ངོས་བཟུང་བས་ཏིང་ངེ་འཛིན་སེམས་ཆགས་ཀྱི་གོལ་ས་གཅོད་ཅིང་ཟང་ཐལ་རྗེན་པའི་ཆོས་སྐུ་ཁོང་ནས་འཆར་ཏེ། སེང་གེ་རྩལ་རྫོགས་ལས། རང་རིག་དུ་མའི་ཡུལ་ལ་ཕར་བལྟས་པས། །ཆོས་སྐུ་རྟོག་མེད་ཆེན་པོ་ནང་དུ་རྙེད། །ཅེས་སོ། །བཞི་པ་ནི། ཕྱི་ཡུལ་ལྔར་སྣང་བ་ལ་ཆེ་རེ་བལྟས་དུས་ནང་རང་གསལ་རྗེན་པ་སངས་སེ་ཁོང་ནས་འཆར་བའི་ངང་དུ་འཇོག་པ་སྟེ། དེ་ཉིད་ལས། རིག་གསལ་ཆོས་ཉིད་ཡུལ་ལ་ཕར་བལྟས་པས། །སྣ་ཚོགས་བྲལ་བའི་རིག་པ་ནང་དུ་མཐོང་། །ཞེས་པ་དང་། ཡི་གེ་མེད་པ་ལས། སྣང་བ་ཅེར་གཞག་རིག་པའི་ཐབས་ཆེན་ནི། །སྣང་བ་ཆེན་པོ་ཀུན་གྱི་གཞི་མ་ཡིན། །འབྱུང་བ་ལྔ་ཡི་སངས་རྒྱས་ལམ་ལྟར་སྣང་། །ཆེན་པོ་ལྔ་ཉིད་མ་ཡི་སྣང་བར་གསལ། །མ་ཡེངས་ངང་དུ་འཛིན་མེད་ཆེན་པོར་ཞོག «།»ཅེས་སོ། །གསུམ་པ་གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་སོང་གསལ་ཆེན་པོར་བཞག་པ་ལ་གསུམ་སྟེ། ཆོས་ཉིད་འབད་རྩོལ་དང་བྲལ་བའི་གནད་ཀྱིས་སེམས་ཉིད་བྱ་བྲལ་དུ་གཞག་པའི་གདམས་ངག ཆོས་ཉིད་རང་ཐོག་ཏུ་སྤྲད་པའི་གནད་ཀྱིས་རྣམ་རྟོག་ཡེ་ཤེས་སུ་འཆར་བའི་མན་ངག ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་སྣང་བ་ལ་དགག་སྒྲུབ་མེད་པའི་གདམས་ངག་གོ །དང་པོ་ནི། གཤིས་བྱ་བ་དང་བྲལ་བ་དེ་བྱས་པས་མི་རྟོགས་མ་བྱས་བཞག་ན་རྟོགས་པས་སྒོ་གསུམ་རང་བབས་ཕྱལ་བར་གཞག་པ་ནི། ཐལ་འགྱུར་ལས། གཞན་ཡང་བྱ་བྲལ་ཆོས་ཉིད་ནི། །བྱ་བ་མེད་པས་གྲོལ་བར་གྲོལ། །ཅེས་པ་དང་། ཁྱུང་ཆེན་མཁའ་ལྡིང་ལས། དེ་ཕྱིར་འཁོར་འདས་བྱ་བྱེད་ཉིད་བྲལ་ནི«༼༡༽«། །»རྫོགས་ཆེན་ཉིད་ལས་གཞན་པ་ཅི་བྱར་ཡོད། །ཅེས་པ་དང་། དམིགས་དྲུག་ལས། བྱ་བ་དང་བྲལ་བས་གཞི་གཞག་གོ་ཞེས་སོ། །གཉིས་པ་ནི། སྣང་བ་སེམས་ཀྱི་རོལ་པར་ངོ་སྤྲད། རོལ་པ་གཞི་མེད་གསལ་སྣང་དུ་ངོ་སྤྲད། གསལ་སྣང་བཟུང་ན་འཁྲུལ་པར་ངོ་སྤྲད། མ་བཟུང་རང་གསལ་མེད་སྣང་དུ་ངོ་སྤྲད་པས་ཕྱི་ཡུལ་སྣང་སེམས་དང་གཞན་དུ་མ་གྲུབ་པར་ཐག་ཆོད་པས་འཁོར་བར་སྐྱེ་བའི་ཡུལ་སྟོངས་པའོ། །ཡང་སྣང་འཛིན་སེམས་དེ་གཞི་མེད་དུ་ངོ་སྤྲད། གཞི་མེད་སྟོང་པའི་རང་འགྲོས་སུ་ངོ་སྤྲད། རང་འགྲོས་རྗེས་མེད་ཡེ་སངས་སུ་ངོ་སྤྲད་པས། འཁོར་མཁན་རང་སེམས་གཞི་མེད་དུ་སངས་ནས་ཁམས་གསུམ་མིང་མེད་ཆོས་ཉིད་དུ་ལ་ཟློས་པ་སྟེ། རྩལ་རྫོགས་ལས། འདུ་ཤེས་ཡུལ་དུ་མེད་པ་ཆོས་ཉིད་ཞི་བའི་ངང་། །སྣང་བ་རང་ལ་ཡས་པའི་རང་སྣང་དངོས་མེད་ཉིད། །སྣང་བའི་སེམས་བྲལ་ཆོས་ཉིད་རང་གི་དོན། །སྤྲོ་བསྡུ་མ་བྱེད་རང་གི་ཡུལ་ལ་ལྟོས། །ཞེས་སོ། །འདིར་ཁ་ཅིག་སྣང་བ་སེམས་སུ་ངོ་སྤྲད«༼༡༽«། »སེམས་སྟོང་པར་ངོ་སྤྲོད་ཅིང་། ངོ་སྤྲོད་སྤྲས་པ་ལས། ཨེ་མ་ཧོ་སྣང་བ་སེམས་སུ་ངོ་སྤྲད་པས་སེམས་ལ་བྱན་ཚུད། སེམས་ཉིད་སྟོང་པར་ངོ་སྤྲད་པས་སྟོང་པ་བདེ་བའི་རྒྱས་གདབ། སྟོང་པ་རིག་པར་ངོ་སྤྲད་པས། རིག་པ་ཉིད་དབྱིངས་དང་གཉིས་སུ་མེད་པ་དེ་ཁོ་ན་ཆོས་སྐུའོ་ཞེས་པའི་ཚིག་ལ་དོན་རང་མཚན་དུ་ཞེན་པར་སྣང་སྟེ། འདི་ལ་དགོངས་གཞི། དགོས་ཆེད། དངོས་ལ་གནོད་བྱེད་ཀྱི་ཚད་མ་དང་གསུམ་ཡོད་པས་སྙིང་ཏིག་གི་དགོངས་པའི་ཕྱོགས་ལ་མི་ཉེ་བ་ཡིན་ནོ། །དགོངས་གཞི་ནི། ཕྱི་ཡུལ་ལ་དོན་གཞན་དུ་བདེན་པར་འཛིན་པ་རྣམས་དྲང་བའི་ཕྱིར་དེ་སྐད་གསུངས་ཏེ། རང་ཤར་ལས། ལ་ལར་སྣང་བ་སེམས་སུ་བསྟན། །ཅེས་སོ། ། དེའང་སྣང་བ་གཞན་དུ་མེད་སེམས་འཁྲུལ་པ་ལ་སྣང་བ་ཡིན་པ་ཙམ་ནས་བཏགས་སོ། །དགོས་ཆེད་ནི་ཕྱི་དོན་དུ་ཞེན་པ་སྤང་བ་ཙམ་མོ། །དངོས་ལ་གནོད་བྱེད་ནི།སྣང་བ་སེམས་ཡིན་ན་སེམས་ལ་ཁ་དོག་དང་དབྱིབས་ལ་སོགས་པར་མིག་སོགས་དབང་པོས་ངེས་པར་ཐལ་ཏེ་སྣང་བ་ལ་གཟུགས་སོགས་དབྱིབས་དང་ཁ་དོག་ཏུ་ངེས་པའི་ཕྱིར་དང་། སྣང་བ་སེམས། སེམས་སྟོང་པ། སྟོང་པ་རིག་པ་ཡིན་ན་དེ་གསུམ་ཕན་ཚུན་འཆོལ་བས། རིག་པ་འཁྲུལ་པར་ཐལ་བ་དང་། སྣང་བ་མིག་ལ་སོགས་པས་མི་མཐོང་བར་ཐལ་བ་དང་། སེམས་མ་འཁྲུལ་བར་ཐལ་བ་སྟེ། དེ་གསུམ་ངོ་བོ་རྫས་གཅིག་ཡིན་པའི་ཕྱིར་རོ། །འདིའི་ཁྱད་སྔར་ཞིབ་ཏུ་བཤད་ལ། སྣང་བ་སེམས་ཀྱི་རྣལ་འབྱོར་དུ་བྱེད་པ་མི་གྲོལ་བར། རང་ཤར་ལས། སྣང་བ་སེམས་ཀྱི་རྣལ་འབྱོར་ནི། །ཐམས་ཅད་ང་ཡི་སེམས་ལས་བྱུང་། །སེམས་ཉིད་རྟོགས་ན་ཅི་བྱར་ཡོད། །དེ་སྐད་ཀུན་ཏུ་རྗོད་བྱེད་པ། །ང་ཡིས་གྲོལ་བར་མ ་བཤད་དོ། །ཞེས་པའི་ལུང་གིས་ཀྱང་གནོད་ལ། སེམས་མེད་པར་རྟོགས་དུས་སྣང་བ་མེད་པར་ཐལ་ལ། སེམས་འགགས་དུས་སྣང་བ་དུས་དེར་འགག་པར་ཐལ་བ་ལས།སེམས་མེད་པའི་སྐབས་སུ་སྣང་བ་འདུག་པས་ཀྱང་གནོད་དོ། ། སེམས་མེད་པའི་གནས་སྐབས་ལྔ་ཡོད་དེ། དབུས་མཐའ་ལས། སེམས་མེད་གཉིད་དང་བརྒྱལ་བ་དང་། །སྙོམས་པར་འཇུག་པ་རྣམ་གཉིས་དང་། །རྟག་ཏུ་འདུ་ཤེས་མེད་པའོ། །ཞེས་སོ། །མདོར་བསྡུ་ན། སྣང་བ་སེམས་སུ་འདོད་པ་འདི་ལོག་རྟོག་གི་མུན་པ་ཆེན་པོ་ཡིན་པས་བསལ་དགོས་སོ། །གསུམ་པ་ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་སྣང་བ་ལ་དགག་སྒྲུབ་མེད་པའི་གདམས་ངག་ནི། ཕྱི་ཡུལ་ལྔ་མེད་སྣང་སྟོང་པ་རང་དག་ཆུའི་ཟླ་བ་འདྲ་བས་སྦྱང་མི་དགོས། ནང་ཡིད་ཀྱི་དྲན་རྟོག་རང་ཡལ་རྗེས་མེད་ཡིན་པས་འབད་རྩོལ་གཉེན་པོས་འཇིག་མི་དགོས། སྣང་སེམས་ཡེ་གྲོལ་ལྷུག་པ་ལ་སྤང་བླང་གི་སྒྲོ་མི་འདོགས། རིག་པ་ཟང་ཀ་གཅེར་བུ་ལ་སྤྲོས་པའི་གོས་མི་བསྐོན་པར་ཤིགས་སེ་བུན་ནེ་ཁྲེས་སེ་རྗེས་མེད་མཉམ་པ་ཆེན་པོར་ཁོང་གློད་ནས། སྒོ་ལྔ་རང་བྱུང་ཡེ་གདངས་སུ་འཁྲོལ་དུ་འཇུག་པ་སྟེ། དེའང་ནང་རང་གསལ་གྱི་ངོ་བོ་རིག་པ་རྗེན་ལ་བུད་ནས། དེའི་ངང་ནས་དྲན་བསམ་བཟང་ངན་ཅི་ཤར་ཡང་རིས་མེད་རང་བྱུང་ཡེ་ཤེས་ཀྱི་རང་གདངས་སུ་ཤེས་པས་རྗེས་མི་བསྙེག་པར། སྣང་སེམས་ཁྲལ་མ་ཁྲོལ། སང་མ་སེང་། འལ་མ་འོལ་གྱི་ཡོ་ལང་དུ་རྒྱ་ཕྱམ་ལ་བཏང་ན་ཀུན་ཏུ་བཟང་པོའི་དགོངས་པ་སོང་དུ་རང་ཤར་བ་སྟེ། སོང་དྲུག་པ་ལས། སེམས་ཅན་ཀུན་གྱི་རང་སྣང་ཆེ། །གཞན་ནས་བཙལ་བའི་གནས་མེད་དོ། །རང་གི་མཐུ་ཡིས་རང་རིག་པས། །སྟོང་གསུམ་འཇིག་རྟེན་གང་ནས་ཀྱང་། །དེ་ཉིད་བཙལ་ཀྱང་རྙེད་གནས་མེད། །འཇིག་རྟེན་ཀུན་གྱི་སྤྱོད་ཡུལ་ནི། །དེ་ཉིད་སྣང་བའི་རང་བཞིན་ལ། །སུས་ཀྱང་མཐོང་བ་མེད་པ་ཡི། །སྣང་བ་རང་རིག་བདེ་བའི་ཞིང་། །འདི་ལ་གོམས་པའི་རྣལ་འབྱོར་པས། །ཀུན་ཏུ་བཟང་པོ་ང་ཡི་སྐུ། །སྐལ་དང་ལྡན་པ་འདི་ཡིས་མཐོང་། །ཞེས་པ་དང་། ཡང་། ཡུལ་ལ་རྐྱེན་རྟོག་རང་ཤར་ཚེ། །འདི་ཀུན་རང་བཞིན་མེད་ཤེས་ན། །སྣང་བ་ཐམས་ཅད་སྒྱུ་མའམ། །རྨི་ལམ་དང་ནི་གཟུགས་བརྙན་ལྟར། །མི་རྟོག་གཟུགས་བརྙན་ཆེན་པོའི་ཉམས། །སུ་ཡི་རྒྱུད་ལ་ཤར་བ་དེ། ། | ||

= Karma Lekshey Ling = | = Karma Lekshey Ling = | ||

rywikitexts e-text input by Karma Lekshey Ling

rywikitexts e-text input by Karma Lekshey Ling.

དེ་ལྟར་ལམ་དངོས་བསྟན་ནས། ད་ནི་ལམ་གྱི་ཁྱད་པར་དབང་པོ་ཡང་རབ་རྣམས་མ་བསྒོམས་པར་གྲོལ་བའི་ཐབས་མཆོག་ཏུ་གསང་བ་ཁྲེགས་ཆོད་ཀྱི་མན་ངག་གཏན་ལ་དབབ་པ་ལ་གསུམ་སྟེ། ངོ་རང་ཐོག་ཏུ་དབབ་པས་ལ་བཟླ། ཐག་ཚིག་ཐོག་ཏུ་བཅད་པས་ཆིངས་བསྡམ། གདེང་གྲོལ་ཐོག་ཏུ་བཅད་པས་འཕྲང་བསལ་བའོ། །དང་པོ་ལ་གསུམ་སྟེ། རང་བཞིན་རྫོགས་པ་ཆེན་པོ་སྤང་བླང་བྱ་རྩོལ་ལས་འདས་པའི་གཤིས་ནམ་མཁའ་ལྟ་བུར་གཏན་ལ་དབབ་པ། ཆོས་ཟད་བློ་འདས་ཀྱི་དགོངས་པ་ཟང་ཐལ་རྗེན་པའི་ཡེ་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ། ལྷུན་མཉམ་ཡངས་པ་ཆེན་པོའི་ཀློང་དུ་ཐམས་ཅད་ཡེ་ནས་འདས་ཟིན་པས་བཅིངས་གྲོལ་སྤང་བླང་མེད་པའི་ངང་དུ་འཁོར་འདས་མིང་མེད་ཆེན་པོར་ལ་བཟླ་བའོ། །དང་པོ་ལ་གསུམ་སྟེ། རང་བཞིན་རྫོགས་པ་ཆེན་པོ་བྱར་མེད་ནམ་མཁའ་ལྟ་བུའི་དོན་སྤྱིར་བསྟན་པ། འཆིང་གྲོལ་གཉིས་སུ་མེད་པའི་རང་སེམས་སྟོང་པ་རྩ་བྲལ་ཆེན་པོར་ཐག་བཅད་པ། ཡུལ་སྣང་བློའི་མེ་ལོང་ཚོགས་དྲུག་མཉམ་པ་ཆེན་པོར་ཁྱབ་གདལ་བའོ། །དང་པོ་ནི། ཕྱི་སྣང་བ་ནང་རིག་པ་བར་གཟུང་འཛིན་སྣང་རྟགས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་སྟོང་ཡོངས་སྟོང་ཆེན་པོ། སྣང་སྟོང་བློས་སྟོང་ཆེན་པོ། དག་སྟོང་གྲོལ་སྟོང་ཆེན་པོ། ཡོད་མ་མྱོང་མེད་མ་མྱོང༌། བདེན་མ་མྱོང༌། བརྫུན་མ་མྱོང༌། འཁྲུལ་མ་མྱོང་གྲོལ་མ་མྱོང༌། འཁོར་མ་མྱོང༌། འདས་མ་མྱོང༌། ཡིན་མ་མྱོང་མིན་མ་མྱོང༌། སྣང་མ་མྱོང་སྟོང་མ་མྱོང༌། ཐམས་ཅད་མཉམ་གདལ། ཁྱབ་པ་ཕྱམ་གདལ། ཡིན་མིན་ཕྱོགས་གདལ། ཡོད་མེད་སྣང་གདལ། མི་གཡོ་མཉམ་གདལ། ལྷུན་མཉམ་ཡེ་གདལ། ངང་མཉམ་གཞི་གདལ། ཡངས་པ། ཕྱམ་པ། སངས་པ། གྲོལ་བ། ཟད་པ། སྟོངས་པ། ཕྱམ་ཕྱལ་ཧར་སངས། ཁྱབ་གདལ་ཡེར་སངས། ལྷུན་མཉམ་དབྱིངས་སངས། ངག་གདལ་མཉམ་སངས་མི་གཡོ། མི་འགུལ། མི་གནས། མི་ལེན། མི་འགྲོ། མི་འོང༌། མི་བསམ། མི་རྟོག མི་དམིགས། མི་མཉམ། མི་འགྱུར་བ་སྟེ། སྔར་འཁྲུལ་མ་མྱོང༌། ད་ལྟ་འཁྲུལ་པ་ལ་མི་གནས། མཐར་འཁྲུལ་མི་སྲིད། སྔར་གྲོལ་མ་མྱོང༌། ད་ལྟ་གྲོལ་བར་མི་འཇུག །མཐར་གྲོལ་མི་སྲིད། སྔར་འདས་པ་མེད། ད་ལྟ་གནས་པ་མེད། མ་འོངས་པ་འབྱུང་དུ་མེད། རིས་མེད་ཕྱམ་སངས་སྟོང་པ། གནས་ལུགས་ཀྱི་གཞི་མེད། ཡིན་ལུགས་ཀྱི་ལམ་མེད། གྲོལ་ལུགས་ཀྱི་འབྲས་བུ་མེད། ལྟ་སྒོམ་གྱི་མིང་མེད། ཕྱོགས་རིས་ཀྱི་ཆོས་མེད། ཡོད་མེད་ཀྱི་མཐའ་མེད། ནམ་མཁའི་དབྱིངས་མེད། བྱ་རྩོལ་ལས་འདས་པའི་ཡེ་སངས། ལྟ་སྒོམ་ལས་འདས་པའི་ཡང་སངས། དམིགས་བསམ་ལས་འདས་པའི་གྲོལ་སངས། ཕྱོགས་འབྱམས་མིང་མེད་སངས་པར་ལ་བཟླ་བ། །བལྟར་མེད་བལྟས་པ་མེད། ལྟ་བྱེད་མེད། བལྟས་པས་མི་མཐོང༌། བསྒོམ་དུ་མེད། བསྒོམས་པ་མེད། བསྒོམ་ལས་འདས། བསྒོམས་ཀྱང་མི་གྲོལ། དཔྱད་དུ་མེད། དཔྱོད་པ་མེད། དཔྱད་མི་དགོས། དཔྱད་ཀྱང་ངལ་བ་དོན་མེད། བསྒྲུབ་མི་དགོས། གྲུབ་ཟིན། བསྒྲུབ་ཏུ་མེད། བསྒྲུབས་ཀྱང་མི་འགྲུབ། བསྒྲུབས་པ་ལ་དགོས་པ་མེད། བྱ་བ་མེད། བྱེད་པ་མེད། བྱས་ཟིན། བྱ་བ་ལས་འདས། བྱས་ཀྱང་ཚི་ཆད། བྱ་མི་དགོས། ཆོས་ལ་བྱར་མེད། བྱས་པས་ཆོས་མ་ཡིན། མི་བྱ་བ་བསྒྲུབ་ཏུ་མེད། འཁོར་བ་མི་སྤོང༌། འདས་པ་མི་ལེན། བསྒྲུབ་པ་ཕྱོགས་གཞག །ཡེ་མཉམ་ཕྱ་གདལ་གཉུག་མ་མིང་མེད། གང་སྣང་ས་ནས་གཞི་མེད་ཡེ་སངས་སུ་འདུག་པས་འཆིང་གྲོལ་འབད་རྩོལ་རང་ཞིག གང་ཤར་ས་ནས་ཡེ་དག་རང་སྟོང་གདལ་བས་ཕྱམ་གཞག་རིས་མེད་ཕྱལ་བ། གང་སངས་ས་ནས་རྗེས་མེད་རང་དག་ཡེ་སྟོང་དུ་འདུག་པས་ཕྱམ་མཉམ་པར་མེད་ཕྱལ་བར་འབད་རྩོལ་ཞིག་པའི་རང་སེམས་བྱ་བ་མེད་པར་ཁོང་དལ་བས། རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་སུ་ཆོས་ཐམས་ཅད་ཡེ་ནས་རང་ཤར་རོ་ཞེས་རང་གིས་རྟོགས་པའི་དོན་ལུང་དང་སྦྱར་བ་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། རང་བཞིན་རྫོགས་པ་ཆེན་པོ་ཡི། །དོན་ཀུན་བློ་ཡི་དཀྱིལ་དུ་ཚུད། །མི་སྣང་ཡུལ་མེད་རྟོག་པ་ཡང༌། །མ་བཅད་རང་ས་ཉིད་དུ་ཆོད། །འཁྲུལ་མ་མྱོང་བའི་མ་རིག་བརྩད། །མ་བརྟགས་ཡེ་ནས་ཆོད་ནས་འདུག །གོང་དུ་འདི་ཀུན་སུས་མ་ཚོར། །རགས་པའི་འབྱུང་བ་འདི་ཀུན་ཡང༌། །ཐོག་མ་ཉིད་ནས་རང་དེངས་པར། །འགྲོ་བའི་གནས་མེད་རང་སོང་བས། །རང་ལུས་ཡེ་ནས་མེད་པར་ནི། །སྔ་ཕྱི་མེད་པར་འདིར་ཡང་རིག །འདི་ཀུན་དུས་མེད་ཡངས་དུས་པས། །གཅིག་དང་གཉིས་དང་དྲུག་གསུམ་གྱིས། །སྣང་མེད་སྣང་དང་ཡང་ཕྱེད་སྣང༌། །མི་སྣང་མཛད་པའི་རང་སྒྲར་ཡང༌། །ས་འཛིན་ས་ལས་འདས་པར་ནི། །ཡེ་ནས་འདུག་པ་སུས་མ་ཚོར། །བགྲོད་དུ་ཡེ་ནས་མེད་པ་ཡི། །ལམ་འདི་ཡེ་ནས་ཉེ་བར་ནི། །འདི་ཡང་རང་ལས་ཡེ་འདུག་པ། །སྔར་མ་མཐོང་སྟེ་རང་རིག་རྟུལ། །མི་གནས་བསམ་གཏན་དགོངས་པ་ནི། །བསྒོམ་པ་མེད་པར་ཡེ་འདུག་པ། །འདི་ཡང་གང་གིས་སྔར་མ་རིག །བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ཉིད་ལ། །འདི་ཀུན་རང་གིས་རང་སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག །བདག་རྟོག་བཅིངས་པའི་ཉོན་མོངས་ལྔ། །ཡེ་ནས་རིག་པ་རང་ཤར་བར། །ལྷན་ཅིག་གནས་པ་ཞལ་མ་འཚོ། །ས་ཆུ་མེ་རླུང་འབྱུང་བ་བཞི། །ཡེ་ནས་རང་གི་ལུས་ཡིན་པར། །སུས་མ་མཐོང་བ་མིག་རེ་རྟུལ། །ཡང་གསང་འདུས་པའི་གནས་ངག་བཅུད། །བར་མཚམས་མེད་པར་རང་གྲགས་པ། །གང་གི་འདི་ཉིད་མ་ཐོས་པ། །རྣ་བའི་དབང་པོ་མེད་དམ་ཅི། །རང་གནས་དབྱིངས་དང་རིག་པའི་དྲི། །བྲལ་བའི་སྐབས་མེད་རང་འཁོར་བ། །ཚོར་མ་མྱོང་བ་སྣ་འགགས་སམ། །བཅུད་གསུམ་མན་ངག་གཅིག་དྲིལ་རོ། །ཡེ་ནས་ལུས་སེམས་བཅུད་ཡིན་པ། །འདི་ཉིད་མ་མྱོང་ལྕེ་ཆད་དམ། །སྣང་བ་རང་དག་ཁ་དོག་རྒྱན། །རང་གི་ལུས་དང་འབྲལ་མེད་པར། །ལུས་དང་གྲིབ་མ་བཞིན་དུ་ནི། །ཉིན་དང་མཚན་མོ་མེད་འདུག་པ། །སུས་ཀྱང་མ་རེག་ལུས་བེམས་སམ། །སྡུག་བསྔལ་ཕྱལ་འདེབས་བདེ་བའི་ཆོས། །བརྗེད་པ་མེད་པར་རང་གནས་པ། །སུས་མ་ཤེས་པ་བློ་རེ་རྟུལ། །འཁོར་བའི་བག་ཆགས་ཡང་བརྩེགས་པ། །ཡེ་ནས་ཆོས་ཀྱི་སྐུར་འདུག་པ། །གང་གིས་མ་མཐོང་སྙིང་རྗེའི་གནས། །དབང་པོ་བདག་རྟོག་ཡུལ་ཤར་ནས། དྲན་བསམ་འགྱུ་བ་སྣ་ཚོགས་རྣམས། །ཡེ་ནས་ལོངས་སྐུར་རང་ཤར་བ། །འདི་ཀུན་མ་དྲན་བརྗེད་རེ་ངས། །བྱ་བྱེད་སྤྱོད་པ་རྩོལ་སྒྲུབ་དང༌། །སྐྱེ་བོ་འདུས་པའི་ཅ་ཅོ་ཀུན། །ཡེ་ནས་སྤྲུལ་པའི་སྐུ་ཡིན་པར། །སུས་མ་ཤེས་པ་ཡོང་རེ་རྟུལ། །ཇི་ལྟར་བསམས་དང་དྲན་འགྱུས་པ། །ཆུ་བོའི་རྒྱུན་བཞིན་བར་མེད་པར། །རྟག་ཏུ་རང་གི་ཡིད་འཕྲོག་པ། །རྩོལ་མེད་རང་གཞག་སྒོམ་པར་ནི། །ཉམས་སུ་མ་ཆུད་སེམས་རེ་ཡེངས། །སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང༌། །གྲོང་ཁྱེར་རྒྱུན་གཅོད་ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། །ཞེས་པ་དང༌། ཐལ་འགྱུར་ལས། སྣང་བ་འཁྲུལ་པའི་རང་བཞིན་འདི། །ཡེ་ཤེས་ཡིན་པར་སྔར་མ་མཐོང༌། །རྟོག་བཅས་འཁྲུལ་པའི་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་པའི་རང་རྟོག་རྒྱུན་ཆད་དོ། །དེ་ལྟར་འཁྲུལ་མེད་སྣང་བ་ནི། །ཡེ་ནས་རལ་བའི་གནད་ལས་བྱུང༌། །འགྲོ་བའི་ཕུང་པོ་སངས་རྒྱས་སྐུ། །ཡེ་ནས་ཡིན་པར་སུས་མ་རིག །ཕུང་པོ་སངས་རྒྱས་མངའ་བདག་ཏུ། །རྩ་གནས་ཡི་གེར་གྲུབ་ལས་བྱུང༌། །ཆུ་བུར་མིག་ལ་ཡེ་ཤེས་ནི། །རང་སྣང་ཡིན་པར་སུས་མ་མཐོང༌། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། རང་བཞིན་སྣང་བའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག །གཟུང་འཛིན་མེད་པས་འཁྲུལ་པ་ལོག །འགྱུ་བ་མེད་པས་ལས་རླུང་ལོག །ཟང་ཐལ་ཡིན་པས་དངོས་པོ་ལོག །གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྟོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་བསྒོམ་པ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་མ་མྱོང་བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློས་བརྟགས་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡི་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་ཕྲད་པས་སྤྲུལ་སྐུར་བྱུང༌། །རྟོགས་སུ་ཡོད་པས་ཐབས་སུ་བྱུང༌། །བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །ཞེས་པ་དང༌། ཡང༌། ས་དང་ཕྱོགས་དང་རིས་ལས་འདས། །ཡོད་དང་མེད་དང་ལྟར་སྣང་མེད། །སྒྲ་ཚད་རྣམས་ཀྱི་སྤྱོད་ཡུལ་མིན། །གཅིག་དང་གཉིས་དང་བགྲང་ཡུལ་མེད། །སྟོང་པ་ཆེན་པོར་བབས་ཀྱིས་གྲུབ། །ལུང་དང་རིག་པའི་སྤྱོད་ཡུལ་མིན། །རྒྱུད་དང་མན་ངག་གིས་མི་མཚོན། །ལྟ་དང་སྒོམ་དང་སྤྱོད་པས་ནི། །དེ་ཡི་དོན་རྣམས་ཤེས་མི་འགྱུར། །དེ་དོན་འབྲས་བུར་གྲུབ་པ་མེད། །ཆོས་ཀྱིས་དེ་ཉིད་བསྒྲིབས་པར་འགྱུར། །བསམ་པས་འགྲུབ་པ་མ་ཡིན་ཏེ། །ཤེས་རབ་ཀྱིས་ཀྱང་དཔྱད་དུ་མེད། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་ཡིས། །དེ་ཉིད་གནོད་དང་ཕན་འབྲས་བྲལ། །ཐོས་དང་བསམ་དང་སྒོམ་པས་ནི། །མཆོག་ཏུ་བརྟགས་ཀྱང་དེ་མི་མཐོང༌། །དེ་ལ་དཀྱིལ་འཁོར་ཡོད་པ་མིན། །ལྷ་མེད་བསྐྱེད་པའི་ས་བོན་མེད། །སྔགས་དང་ཕྱག་རྒྱས་ཅི་ཞིག་བྱ། །མཆོད་པ་ལ་སོགས་སྤྲོ་མི་དགོས། །དབང་དང་དམ་ཚིག་ག་ལ་ཡོད། །བསྙེན་པ་དང་ནི་སྒྲུབ་པ་མེད། །འཁོར་ལོ་སྤྲོ་བ་ཡོད་པ་མིན། །བསྲུང་བ་མེད་ཅིང་བསྲུང་ཡུལ་མེད། །གདོན་དང་གནོད་པའི་ཡུལ་ལས་འདས། །ཞེས་པ་དང༌། རང་ཤར་ལས། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་དང་སྒོམ་དང་སྤྱོད་པ་མེད། །འོན་ཀྱང་ལེགས་བསྟན་ཡིད་ལ་ཟུང༌། །བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །བྱ་བ་དང་ནི་བྱེད་པ་ག་ལ་ཡོད། །སྤྱོད་པ་མེད་པའི་ཆོས་ཉིད་རང་བྱུང་འདི། །གང་གི་ཕྱོགས་སུ་མ་ལྷུང་ནམ་མཁའ་བཞིན། །ཡོད་པ་མ་ཡིན་སྟོང་པ་གཅིག་པུ་ཉིད། །མེད་པ་མ་ཡིན་ཡང་དག་བདེ་བའི་སྐུ། །བྱས་པ་མ་ཡིན་རང་བྱུང་རྟོག་མེད་ཉིད། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །བསྒོམ་པའི་ཆོས་ཉིད་ག་ལ་ཡོད། །བཏང་དང་བཞག་པ་མེད་པའི་ཆོས། །བསྒོམས་དང་མ་བསྒོས་མཐའ་ལས་གྲོལ། །འཛིན་མེད་སེམས་ཀྱི་དྲི་མ་ཅི། །ཡང་དག་རིག་པ་དྲི་མ་མེད། །དྲི་མེད་དག་པའི་ཆོས་སྐུ་ལ། །བསྒོམ་དང་བསྒོམ་པར་བྱ་བ་མེད། །བསྒོམས་པས་ཡང་དག་ཉིད་མི་རྙེད། །རྙེད་ན་རང་རིག་མེད་པར་འགྱུར། །ཅི་ཕྱིར་རང་རིག་ཡེ་ཤེས་ལ། །ཡེངས་དང་མ་ཡེངས་མེད་པའི་ཕྱིར། །གང་ལ་འཛིན་པ་ཡོད་པ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། ཅེས་པ་དང༌། ཡང༌། དེ་ཡང་ཆོས་རྣམས་འདི་ལྟ་སྟེ། །སྐྱེ་བ་མེད་པས་འགག་པ་མེད། །འཛིན་པ་མེད་པས་རང་སར་གྲོལ། །དམིགས་པ་མེད་པས་སྤྲོས་པ་མེད། །བྱས་པས་མ་བྱུང་ཀུན་ལ་ཡོད། །འདུས་མ་བྱས་པས་རྣམ་དག་དབྱིངས། །འཛིན་པའི་ཐ་སྙད་ཆོས་དང་བྲལ། །རང་བཞིན་མེད་པས་བརྗོད་དང་བྲལ། །ཅེས་པ་དང༌། ནོར་བུ་འཕྲ་བཀོད་ལས། ཧ་ཧ། ཆོས་མེད་པ་ལས་ཆོས་ཉིད་འབྱུང༌། །ཡུལ་མེད་པ་ལས་ཡུལ་ལྟར་སྣང༌། །ཆོས་མེད་ཤེས་རབ་ཁོང་གསལ་བས། །དྲན་མེད་ཡུལ་དུ་མེད་པའོ། །ཞེས་པ་དང༌། སེང་གེ་རྩལ་རྫོགས་ལས། འཛིན་ཆགས་མེད་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་མཆོག །སོ་སོར་རྟོག་དང་མཚན་མ་ཚིག་གི་ལམ། །བྱ་རྩོལ་མེད་པའི་ཆོས་ཉིད་རང་སར་དག །འུབ་ཆུབ་ཏིང་འཛིན་ཆོས་ཉིད་ཡུལ་ལ་འཇུག །དག་དང་མ་དག་ཐ་སྙད་ཆོས་སུ་མེད། །གཅིག་དང་གཉིས་ལས་འདས་པའི་ཡེ་གནས་དོན། །རང་ལུས་ངང་དུ་ཐིག་ལེ་གཅིག་གིས་འུབ། །ཅེས་པ་དང༌། ཀློང་དྲུག་པ་ལས། མཐའ་མེད་དབུས་སུ་དམིགས་པ་མེད། །བསམ་པ་མེད་ཅིང་ཡུལ་རྣམས་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཆོས་མེད་བཏགས་པ་ཀུན་ལས་འདས། །དགྲ་མེད་བཤེས་ཀྱང་ཡོད་པ་མིན། །ལུས་མེད་དབང་པོར་སྣང་བ་མེད། །ཆོས་ནི་བསམས་པས་མི་སྣང་སྟེ། །གང་མེད་གང་དུ་འཛིན་པ་མེད། །ང་མེད་ང་ཡི་འཁོར་ཀྱང་མེད། །དབྱིངས་མེད་རིག་པའི་སྐུ་ཡང་མེད། །དགེ་མེད་སྡིག་པའི་རྣམ་སྨིན་མེད། །སྲོག་མེད་བཅད་པའི་དམིགས་པ་མེད། །ཚོགས་མེད་བསག་པའི་ཡུལ་ཡང་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །གནས་མེད་སྟོང་པ་ཉིད་ཀྱང་མེད། །ཅེས་པ་དང༌། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། །བྱ་ཆུབ་སྙིང་པོ་གོལ་སྒྲིབ་མེད་པ་ལ། །གོལ་དང་སྒྲིབ་པར་འཛིན་པར་ག་ལ་ཡོད། །གོལ་མེད་སྒྲིབ་པ་ཐམས་ཅད་ཡོངས་ཀྱིས་མེད། །ཆོས་ཀྱི་སྐུ་ནི་སྒྲིབ་དང་བྲལ་བ་ལ། །གོལ་སྒྲིབ་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཆོས་སྐུ་མ་སྐྱེས་རང་ལས་བྱུང་བ་ལ། །གཞན་ནས་འོང་དུ་རེ་བ་ཡོང་རེ་འཁྲུལ། །སྐྱེ་མེད་བསམ་དང་བྲལ་བའི་རིག་པ་ལ། །ཚིག་དང་ཡི་གེར་བསྟན་པ་འོ་རེ་བརྒྱལ། །ཅེས་པ་དང༌། ཡི་གེ་མེད་པ་ལས། བྱས་པ་མ་ཡིན་བྱེད་མཁན་ག་ལ་ཡོད། །བཅོས་པ་མ་ཡིན་བཅོས་པའི་བདག་པོ་མེད། །ལྟ་བ་མ་ཡིན་ལྟ་བྱེད་ཆོས་དང་བྲལ། །མཐོང་བ་མ་ཡིན་མཐོང་བྱེད་རྣམ་པར་གསལ། སྣང་བྱེད་མ་ཡིན་སྣང་བའི་ཕྱོགས་དང་བྲལ། །བྲི་བ་མ་ཡིན་ཐོགས་མེད་ཕྱོགས་བཅུར་ཁྱབ། །རྩོལ་བ་མ་ཡིན་རྩོལ་སྒྲུབ་ཆོས་དང་བྲལ། །གཅིག་པུ་མ་ཡིན་དུ་མའི་ཆོས་དང་བྲལ། །ཕྱི་དང་ནང་མེད་ཕྱི་ནང་མེད་པར་གསལ། །ཅེས་པ་དང༌། ཐུན་མོང་གི་གསང་བ་སྒྱུ་འཕྲུལ་ལས་ཀྱང༌། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །གནས་པ་མེད་ལས་ཐམས་ཅད་གནས། །གནས་ཙམ་ཉིད་ནས་གནས་པ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །འགྲོ་འོང་མེད་ལས་འགྲོ་དང་འོང༌། །འགྲོ་འོང་ཉིད་ནས་འགྲོ་འོང་མེད། །ཅེས་པ་དང༌། དཀོན་མཆོག་ཏ་ལ་ལའི་མདོ་ལས་ཀྱང༌། །དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ། །མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པས་ན། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་པ་དང༌། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་ཀྱང༌། ནམ་ཞིག་འཇིག་རྟེན་ཁམས་འདི་བྱུང་བ་དང༌། །བྱུང་ནས་ཞིག་སྟེ་སྟོང་པར་གནས་པ་ན། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང༌། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། མ་རིག་ནམ་མཁའ་ཇི་བཞིན་ཏེ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །རྟེན་མེད་གནས་མེད་ལེན་པ་མེད། །སྤྲུལ་འདྲ་ཡོངས་སུ་ཤེས་པར་གྱིས། །ཞེས་པ་དང༌། གསང་འདུས་ལས། དངོས་པོ་འདི་རྣམས་མ་སྐྱེས་པ། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུར་བདག་མེད་པའི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་རྒྱ་ཆེར་གསུངས་སོ། །གཉིས་པ་འཆིང་གྲོལ་གཉིས་སུ་མེད་པའི་རང་སེམས་སྟོང་པ་རྩ་བྲལ་ཆེན་པོར་ཐག་བཅད་པ་ལ་གཉིས་ཏེ། བྱུང་གནས་འགྲོ་གསུམ་གྱིས་བརྟགས་པས་སྤྱིར་བསྟན་པ་དང༌། གཅིག་དང་ཐ་དད་ལ་བརྟགས་པས་བྱེ་བྲག་ཏུ་ངེས་པར་བྱ་བའོ། །དང་པོ་ནི། གཤིས་མཐའ་གྲོལ་ནམ་མཁའ་ལྟ་བུ་ཡིན་མོད་ཀྱི། རང་གིས་ནང་དུ་མ་བརྟགས་ན་ཡིན་སྙམ་ཡིད་དཔྱོད་ལ་ལུས་པས་སྟོང་བསྒོམ་མུན་རྡོ་ལྟར་སོང་ནས། ཟང་ཐལ་རྗེན་པར་མི་རྟོག་པས་འཁོར་འདས་ཀྱི་ཤན་ཐང་མི་ཕྱེད་པའི་ཕྱིར། རྟོགས་པ་ངེས་ཤེས་སུ་འཆར་བ་ལ་སོ་སོར་རྟོག་པའི་ཤེས་རབ་དགོས་ཏེ། ཡི་གེ་མེད་པ་ལས། རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང༌། ཆོས་ཀྱི་་མན་ངག་ལ་ཐུག་ཅེས་གསུངས་པས། འདིར་བླ་མའི་མན་ངག་གིས་རྟོགས་པར་བྱ་བ་ལ་གསུམ་སྟེ། བྱུང་ས་བྱུང་མཁན་ལ་བརྟག་པ། གནས་ས་གནས་མཁན་ལ་བརྟག་པ། འགྲོ་ས་འགྲོ་མཁན་ལ་བརྟག་པའོ། །དང་པོ་ལ་གཉིས་ལས། བྱུང་ས་ཕྱི་སྣ་ཚོགས་ཡུལ་དུ་སྣང་བ་དང༌། ནང་ཕུང་པོ་གཟུགས་སུ་སྣང་བ་སྟེ། སེམས་དེ་གཉིས་གང་རུང་ལ་འཆར་དུས། ཕྱི་རུ་ཤར་ན་ཕྱིའི་ཡུལ། ནང་དུ་ཤར་ན་ནང་གི་ལུས། །ཚལ་པ་ཚལ་པར་ཕྱེ་ལ་རྡུལ་ཕྲན་ཆ་མེད་དུ་བརྟགས་པས། བྱུང་སའི་སྣང་ཡུལ་མེད་པར་མཐོང་དུས་དེ་ལས་སེམས་མ་བྱུང་བར་ངོ་ཤེས་པས་གཟུང་བ་ཡུལ་དུ་འཛིན་པའི་རྟོག་པ་གཞི་མེད་རྩ་བྲལ་ཆེན་པོར་ཐག་ཆོད། བྱུང་མཁན་ཤ་ར་ར་འོ་ལ་ལའི་སེམས་དང་སེམས་བྱུང་ཁོ་རང་ལས་ཁོ་རང་བྱུང་ན་སྐད་ཅིག་གི་ཤེས་པ་རྫས་གཉིས་སུ་འགྱུར་ལ། ཁོ་རང་ལས་གཞན་ལས་མ་བྱུང་བར་དཔྱད་ཟིན་པས། ད་བྱུང་ས་དེ་རང་བྱུང་དུ་བྱུང་ངམ་སྙམ་ན། ཁ་དོག་དང༌། དབྱིབས་དང༌། རྟགས་དང༌། མཚན་མ་དང༌། ཆེ་ཆུང་དང༌། ཕྱོགས་ཆ་ལ་སོགས་པ་ཅི་འདུག་བརྟགས་པས་གང་དུའང་མི་འདུག་སྟེ། བློས་བརྟགས་པ་ཙམ་གཞི་མེད་ཧར་སང་ཡེ་དག་ཏུ་སོང་དུས། ནང་འཛིན་པའི་རྟོག་པ་གཞི་མེད་ནམ་མཁའ་ལྟ་བུར་རང་གིས་རྟོགས་པས། ཆོས་དང་ཆོས་ཉིད་དུ་སྣང་བའི་གཟུང་འཛིན་ཐམས་ཅད་ཡུལ་མེད་རྟེན་བྲལ་ཆེན་པོར་དུས་དེའི་ཚེ་རྟོགས་པས། སེམས་དང་པོ་སྐྱེ་བ་མེད་པར་ཡེ་ནས་འདུག་པ་ལ་དེ་རིང་རྟོགས་པས་ཆོས་སྐུ་སྤྲོས་བྲལ་ཆེན་པོའི་དོན་ཁོང་དུ་ཆུད་པའོ། །གཉིས་པ་བར་དུ་གནས་ས་དང་གནས་མཁན། གསུམ་པ་ཐ་མར་འགྲོ་ས་དང་འགྲོ་མཁན་གཉིས་ཀྱང་དེ་ཁོ་ན་ལྟར་བཤིག་ནས་བརྟགས་པས། ལོངས་སྐུ་རང་གསལ་ཆེན་པོ་དང༌། སྤྲུལ་སྐུ་རང་གྲོལ་རང་ཤར་གྱི་དགོངས་པ་ལ་རེག་སྟེ། ཕྱི་ནང་ཡུལ་མེད་རིག་པ་རྟེན་མེད། གཟུང་འཛིན་གཞི་མེད། དགོངས་པ་བར་མེད་མཉམ་པའི་དོན་ཁོང་དུ་ཆུད་ནས། མ་བསྒོམས་ཆུ་བོ་རྒྱུན་གྱི་བསམ་གཏན་རང་སངས་མཉམ་པ་ཆེན་པོར་ཁོང་ནས་འཆར་བ་ནི། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང༌། བར་དུ་གནས་ས་ཐ་མ་འགྲོ་ས། །དེ་ལྟར་གསུམ་ལ་བརྟགས་དཔྱད་པས། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། ཞེས་སོ། །དེའི་ཚེ་ཕྱི་ཡུལ་དུ་སྣང་བ་ཐམས་ཅད་མེད་ལ་སྣང་བ་གཞི་མེད་སང་སེང༌། ནང་སེམས་སུ་རྟོག་པ་ཐམས་ཅད་ཤར་གྲོལ་རྗེས་མེད། སྣང་སེམས་འབྲེལ་མེད་ཟང་ཐལ་ཆེན་པོར་མཐོང་བས་ཆོས་ཟད་ཀྱི་དགོངས་པ་བློ་ཟད་ལ་ཤར་བ་ཞེས་བྱའོ། །འདི་དག་འཕགས་པ་དཀོན་མཆོག་བརྩེགས་པར་གསུངས་ཏེ། འོད་སྲུང་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་རྩོམ་པ། སེམས་དེ་ནི་ཕྱི་ན་ཡང་མི་དམིགས། ནང་ན་ཡང་མི་དམིགས། དེ་གཉིས་ཀའི་བར་ན་ཡང་མེད་ཅིང་མི་དམིགས་ཏེ། སྔོན་པོར་མ་ཡིན། སེར་པོར་མ་ཡིན་ཅེས་བྱ་བ་ལ་སོགས་པ་ནས། དེ་ལ་བརྩོན་འགྲུས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་སོ་ཞེས་པའི་བར་དུ་གསུངས་སོ། །གཉིས་པ་གཅིག་དང་ཐ་དད་པ་བརྟག་པ་ནི། སེམས་ཀྱི་ཁང་བུ་བཤིག་པའི་མན་ངག་སྟེ། དེ་ཡང་སེམས་ཞེས་བྱ་བ་འདི་ཡོད་ན་རྒྱུ་ཅི་ལས་བྱུང་བ་དང༌། མེད་ན་འགྱུ་བ་དང་དྲན་ཤེས་ཀྱི་འཁོར་ལོ་འདི་ཅི་ཡིན་པ་དང༌། དྲན་ཤེས་ཀྱི་རྣམ་པ་འདི་དག་རྐྱེན་གང་ལ་བརྟེན་ནས་བྱུང་བ་དང༌། རྐྱེན་མེད་ན་དྲན་ཤེས་གློ་བུར་བ་འདི་དག་མི་རིགས་པ་དང་ གལ་ཏེ་སེམས་འདི་ལུས་དང་གཅིག་ཏུ་ཡོད་ན་ལུས་འཇིག་དུས་སེངས་ཀྱང་འཇིག་པར་འགྱུར་བ་དང༌། མེད་ན་རྗེས་སུ་འགྲོ་ལྡོག་མ་ངེས་པས་ལུས་ཀྱི་ན་ཚ་སེམས་ཐོག་ཏུ་འོང་བ་དང༌། སྐྱེ་བ་སྔ་ཕྱིའི་འཁོར་ལོ་འོང་བར་མི་རིགས་པ་དང༌། སེམས་ཞེས་བྱ་བ་འདིར་གཅིག་ན་ནི་འགྲོ་བ་གཅིག་གི་དབང་པོ་འགགས་པས་འགྲོ་བ་གཞན་ཡང་འཆི་བར་རིགས་པ་དང༌། གཅིག་མིན་ན་འགྲོ་བའི་གཟུགས་ཐ་དད་པ་ལྟར་འགྲོ་བའི་སེམས་དངོས་པོ་ཐ་དད་པར་རིགས་པ་དང་ཐ་དད་ན་ལུས་གཅིག་གི་ནང་ན་སྲིན་བུ་ལ་སོགས་པའི་སྲོག་ཆགས་དེ་ཀུན། སྐྱེས་བུ་གཅིག་ཚེའི་དུས་བྱས་དུས་འཚོ་བར་རིགས་པ་དང༌། གལ་ཏེ་གཅིག་ཡིན་ན་ལུས་གཅིག་ལ་ཕྱི་ནང་གི་སེམས་ཅན་དཔག་ཏུ་མེད་པ་འོང་བ་འདི་ཅི་ཡིན་པ་དང༌། གལ་ཏེ་སེམས་འདི་ལ་ལྡོག་ས་ཡོད་ན། དང་པོ་རྒྱུ་ཡོད་དགོས་པས། རྒྱུ་ཡོད་ན་འདུས་བྱས་མི་རྟག་པས་སླར་འཇིག་པས་ལས་ལ་བཟང་ངན་མེད་པར་རིགས་པ་དང༌། ལྡོག་པ་མེད་ན་ནི་སེམས་ཅན་གྱི་ཕུང་པོ་དཔག་ཏུ་མེད་པ་འདི་དག་འོང་བར་མི་རིགས་པ་དང༌། སེམས་དེ་སྣ་ཚོགས་པ་ཡིན་ན་ནི་འགྲོ་བ་ལ་རང་གཞན་གྱི་རྟོག་པ་ཐང་ཅིག་ཏུ་འོང་བར་མི་རིགས་པ་དང༌། ཕན་ཚུན་འཆོལ་བས། རང་རྒྱལ་བ་དང༌། མ་ཤི་བ་དང༌། སྡུག་བསྔལ་མེད་པ་དང༌། འཁོར་དང་ལོངས་སྤྱོད་ལ་སོགས་པ་ལྡན་ན་དགའ་བ་དང༌། གཞན་ཕམ་པ་་ལ་སོགས་པ་ཀུན་འདུ་ཤེས་མཐུན་པར་འོང་བ་མི་རིགས་པ་དང༌། གལ་ཏེ་ཐ་དད་པ་ཡིན་ན་ནི། འགྲོ་བ་མང་པོ་ཡོད་པས། འགའ་ཞིག་ལ་གཞན་དང་མཐུན་པར་རང་འཕམ་པ་དགའ་བ་ལ་སོགས་པ་འོང་བར་རིགས་པ་དང༌། གཅིག་ཁོ་ནར་སེམས་པ་ཡིན་ན་ཅི་གཅིག་ཤི་བས་ཀུན་ཤི་བའམ། གཅིག་སྐྱེས་པས་ཀུན་སྐྱེ་བར་རིག་པའམ། དེ་ལྟར་རྣམ་པ་དུ་མའི་སྒོ་ནས་རང་གི་སེམས་ལ་གཅིག་དང་ཐ་དད་ཀྱི་རྒལ་བས་བརྟགས་ཏེ་བཙལ་བས། གང་ཡང་མ་རྙེད་པ་ནི་ཆོས་ཉིད་ཀ་ནས་དག་པའི་དོན་ཤེས་རབ་ཀྱི་དབང་པོས་རྟོགས་པ་སྟེ། སེམས་ལ་རྒྱུ་མེད་དེ་ལྡོག་མི་སྲིད་པས་ལས་ཀྱི་བསགས་པ་ལ་མཐའ་མེད་པར་ཡིད་ཆེས་པ་དང༌། སེམས་ལ་རྒྱུ་ཡོད་ན་འབྲས་བུ་འོང་དགོས་ཏེ། འབྲས་བུ་འཁོར་བ་ཡིན་ན་མ་དག་པས་གྲོལ་མི་སྲིད། འདས་པ་ཡིན་ན་འཁོར་བ་འོང་བར་མི་རིགས། གཉིས་ཀ་ཡིན་ན། འཁོར་འདས་ཐ་དད་པ་ལྟར་སེམས་ཀྱང་ཐ་དད་པར་འགྱུར་ལ། གལ་ཏེ་ཐ་དད་ན། ལུས་སེམས་ཐ་དད་པ་བཞིན་དུ་དྲན་བསམ་གྱི་རིགས་གཅིག་ཏུ་འདུས་པའི་འདོད་པའང་ཐ་དད་དུ་མར་འགྱུར་བ་ལས། རིགས་གཅིག་ཏུ་འདུ་བས་ཤེས་སོ། །ཡང་སེམས་ལ་རྒྱུ་མེད་ན་སེམས་འདི་དག་མི་རིགས་སོ་ཞེ་ན། འདི་དག་ནི་སེམས་ཀྱི་རྒྱུ་ལས་བྱུང་བ་མེད་དེ་བློ་མ་ཡིན་པས། སེམས་ལས་བྱུང་བ་་མ་ཡིན་ན་སེམས་འདི་ཉིད་དུ་གནས་པ་ཙམ་ལ་མ་རྟོགས་པ་མེད་དེ། འདི་དག་ནི་སྐྱེ་བ་དང༌། འཆི་བ་དང༌། གནས་པ་ལ་སོགས་པ་ཟད་པ་ཡང་མ་ཡིན་ལ། འཕེལ་བ་ཡང་མ་ཡིན་པས་ན། ལུང་ལས། མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། ཅེས་པ་དང༌། ཡང༌། སེམས་ཅན་ཁམས་ཀྱི་རང་བཞིན་དེ་ཡང་མ་མཐའ་མེད། །ཅེས་གསུངས་པས་སོ། །དེ་ལྟར་རྒྱུ་མེད་པས་སེམས་ལ་འཕེལ་བ་མེད་པར་ཤེས། འཕེལ་བ་མེད་པས་སྐྱེ་བ་མེད་པར་ཤེས། སྐྱེ་བ་མེད་པས་འཆི་བ་མེད་པར་ཤེས། དེ་ཤེས་པ་ལས་ལ་བའང་ངན་མེད་པར་ཤེས་ཏེ། སྡུད་པ་ལས། ཡོད་ང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། ཞེས་སོ། །དེ་ལྟར་ཡེ་གདོད་མ་ནས་རང་གད་མེད་པར་ཤེས་པས་ན། གཟོད་ནས་དག་པས་སེམས་ཅན་སྐྱེ་བར་ག་ལ་འགྱུར། ཅེས་འབྱུང་བ་ཡིན་ནོ། །དེ་ཡང་སེམས་ལ་རྐྱེན་མེད་པ་སྟེ། ཡོད་ན་སྣང་བ་སྣ་ཚོགས་སུ་སྣང་བ་བཞིན་དུ་སེམས་ཀྱང་རྐྱེན་གྱིས་ཁ་དོག་ལ་སོགས་པ་སྣ་ཚོགས་སུ་འགྱུར་ལ། སེམས་ཐ་དད་དུ་སོང་བས་དྲན་བསམ་གཅིག་ཏུ་མི་རིགས་ལ། སེམས་ལ་རྐྱེན་ཡོད་ན་གཏན་འཇིག་པར་འགྱུར་བས། སེམས་ཀྱི་ལས་འབྲས་མེད་པར་ཐལ་བ་དང༌། སེམས་ཞིག་ཀྱང་དེའི་ལས་ཡོད་ན། ཧ་ཅང་འགལ་ཏེ། ལུས་ཀྱི་ཁ་དོག་དང་སྐྱེ་མཆེད་ལེགས་ཉེས་ཀུན་ལུས་ཞིག་ཀྱང་གནས་སོ་ཞེས་བརྗོད་པ་དང་མཚུངས་སོ། །དེས་ན་སྒྱུ་མ་ལྟར་གནས་པ་ཙམ་གྱིས་གསལ་ལོ། །རྐྱེན་མེད་ན་ད་ལྟ་དྲན་བསམ་སྣ་ཚོགས་པ་འདི་ཅི་ལས་བྱུང་ཞེ་ན། ད་ལྟའི་དྲན་བསམ་འདི་རྐྱེན་ལས་བྱུང་བ་མ་ཡིན་ཏེ། གློ་བུར་བ་མདང་གི་རྨི་ལམ་གྱི་ནོར་བུ་རྙེད་པ་ལ་དགའ་བ་དང་བདེན་པར་འཛིན་པ་ལས། སད་དུ་ཅི་ཡང་མེད་པ་ལྟར། ད་ལྟའི་དྲན་བསམ་ཡང་བདེན་པར་བཟུང་ནས་ཞེན་རུང་དེའི་རྗེས་ལ་ཅི་ཡང་མེད་པས་གནས་སྐབས་ཀྱི་བདེན་བརྫུན་ལྟར་སྣང་བ་ལས་གྲུབ་པ་མེད་དོ། །དཔེར་ན་ནམ་མཁའི་སྤྲིན་སྣ་ཚོགས་གློ་བུར་དུ་འཁྲིགས་པ་དེ་གར་སོང་ཆ་མེད་གློ་བུར་དུ་ཡལ་བ་དང་འདྲ་བར། སྤྲིན་དེ་ནམ་མཁའ་ལ་མེད་ཀྱང་དེའི་ངང་ན་སྣང་བ་ལྟར། རྐྱེན་དང་རྒྱུ་སེམས་ལ་མེད་ཀྱང་སྣང་སྣང་འདྲ་དུས་རྒྱུ་རྐྱེན་མེད་དེ་གཅིག་དང་དུ་མ་དང་དུས་གསུམ་གྱི་བརྟགས་པས་མེད་པར་ངེས་ཏེ། རྩ་བ་ཤེས་རབ་ལས། ས་བོན་ཞིག་དང་མ་ཞིག་ལས། །མྱུ་གུ་སྐྱེ་བ་མ་ཡིན་ཏེ། །ཁྱོད་ཀྱིས་ཆོས་རྣམས་ཐམས་ཅད་ནི། །སྒྱུ་མ་འབྱུང་བ་བཞིན་དུ་བསྟན། །ཅེས་པ་དང༌། རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཅེས་པས་སོ། །ཀུན་བྱེད་ལས་ཀྱང༌། རྒྱུ་དང་རྐྱེན་མེད་ཞི་བ་མཆོག་གི་ལམ། །ཞེས་པ་ལ་སོགས་པ་བཤད་དོ། །དེའི་ཕྱིར་སེམས་ཡོད་ན། །དངོས་པོ་གཟུགས་ཅན་དུ་ཡོད་དམ། གཟུགས་མེད་དུ་ཡོད། གཟུགས་ཅན་དུ་མེད་དེ་ཡོད་ན་དབང་པོའི་མངོན་སུམ་ལ་བལྟར་རུང་བ་ལས་བལྟར་རུང་མ་དམིགས་པའི་མངོན་སུམ་ཚད་མས་གསལ་ལོ། །གཟུགས་མེད་དུ་ཡོད་ན་ཅིས་ཤེས། འགྱུ་བ་ཤེས་སོ་ཞེ་ན། འགྱུ་བ་དེ་ཁོ་དགོ་དང་ཕྱོགས་ཆ་དང༌། འདས་མ་འོངས་ད་ལྟ་གསུམ་ཕྲད་པ་བརྟགས་པས་མ་གྲུབ་སྟེ། འགྱུ་བ་སྔ་མ་དང་ད་ལྟའི་འགྱུ་བ་ཕྲད་ན་ཕྲད་ཆའི་དྲན་བསམ་སྔ་མ་དེ་ད་ལྟ་མ་འགགས་པར་ཡོད་དགོས་ལ། ཡོད་ན་སྔ་མ་ཡིན་པར་འགལ་ཞིང༌། ད་ལྟའི་སྔ་མ་དང་ཕྲ་ཆ་དེ་འགགས་པར་ཐལ་ཞིང་མ་ཕྲད་ན་ད་ལྟའི་དྲན་བསམ་རྒྱུ་མེད་འགྱུ་བར་མི་རིག་པར་ཐལ་བས་ཁེགས་སོ། །འགྱུ་བ་ནི་གཅིག་ཡིན་ནམ་ཐ་དད་ཡིན། གཅིག་ན་སྣ་ཚོགས་པར་འགྱུ་བ་ཉམས་ལ། ཐ་དད་ན་འགྱུ་བྱེད་གཅིག་ཡིན་པས་ཉམས་སོ། །དེས་ན་སེམས་ཡོད་པར་མ་གྲུབ་སྟེ། རྩ་བྲལ་ནམ་མཁའ་འདྲ་བར་རྟོགས་པས། སྐྱེ་བ་དང་སྐྱེ་གཞི་མེད་པས་ལྡོག་པའི་ས་མེད་དོ། །ནམ་མེད་ན་དྲན་བསམ་སྔ་ཕྱིའི་བར་དུ་ངོ་སྤྲད་པས་དེར་ཡལ་བས་སེམས་ལ་གཞི་མེད་པར་ངོ་ཤེས། དེ་ཤེས་པས་ལྡོག་ས་མེད་པར་ཡིད་ཆེས། དེ་ཤེས་པས་ཁམས་གསུམ་མིང་མེད་ཆེན་པོར་ཐག་ཆོད། དེ་ཆོས་པས་ལས་དགེ་སྡིག་གི་ཕན་གནོན་མེད་པར་བློ་བདེ་བའོ། །ཡང་སྣང་ཤེས་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་རྒྱུ་དང་མཚན་ཉིད་དུ་མ་གྲུབ་པར་ངོ་ཤེས། དེ་ཤེས་པས་སེམས་ཉིད་སྟོང་པ་ལ་ངོས་གཟུང་མེད་པར་ཡིད་ཆེས། དེ་ཆེས་པས་སེམས་ཞེས་རྒྱུ་རྐྱེན་ལས་མ་བྱུང་བར་ཐག་ཆོད། དེ་ཆོས་པས་དྲན་བསམ་གློ་བུར་གྱི་རྟོག་པས་ཕན་གནོད་མེ་པར་བློ་བདེ་བའོ། །ཡང་བློ་བདེ་བའོ། །ཡང་བློ་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་རྩ་བ་མེད་པར་ངོ་ཤེས། དེ་ཤེས་པས་སེམས་ཉིད་གཅིག་གི་འཁོར་ལོ་ལ་སྤྲོས་པ་ཐ་དད་མེད་པར་ཡིད་ཆེས། དེ་ཆེས་པས་བྱས་པའི་ཆོས་ཀྱིས་སངས་མི་རྒྱ་བར་ཐག་ཆོད། དེ་ཆོད་པས་སེམས་མེད་པའི་དོན་ལས་མ་རྟོགས་པའི་ལོགས་པ་མེད་པས་བླ་བདེ་བའོ། །ཡང་ཆོས་ཉིད་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་སྐྱེ་བ་མེད་པར་ངོ་ཤེས། དེ་ཤེས་པས་བག་ཆགས་ལུས་ཀྱི་ཀུན་གཞིས་མི་གནོད་པར་ཡིད་ཆེས། དེ་ཆེས་པས་ད་སེམས་སྐྱེ་མི་སྲིད་པར་ཐག་ཆོད། དེ་ཆོས་པས་དེ་སེམས་ཀྱི་ཁང་བུ་ཞིག་སྟེ་ལྡོག་པ་དང་ལྡོག་རྟེན་མེད་པར་བློ་བདེ་བའོ། །དེ་ལྟར་སེམས་ཡས་པའི་དུས་བཞི་པོའི་ཚད་ཟིན་པས སངས་རྒྱས་མེད་པས་སངས་རྒྱས་མིང་ཙམ་དུ་ཡང་མེད་དེ། འབྲས་བུ་ལ་རེ་བ་འཛིན་པའི་བློ་ལྡོག །དེ་ལོག་པས་ལམ་འབད་རྩོལ་དུ་བྱེད་པའི་ཆོས་མེད་དོ། །དེས་ན་མེད་པའི་ཆོས་ལ་ཅི་ཡང་མེད་པས་འཁོར་འདས་སུ་བཏགས་པ་མིང་ཙམ་ལས་དོན་ལ་མ་རྙེད་པ་ལ་གྲོལ་བའི་ཚད་ཅེས་བྱའོ། །དེའི་ཕྱིར་ན་སེམས་ཉིད་མེད་པ་ལ་ཅི་ཡང་མེད་པས། སེམས་ལ་རྒྱུ་མཚན་མེད་པས་བལྟར་མེད་ལ། དེ་ལྟར་མེད་པའི་ངོ་སྤྲད་པ་བཞི་བསྐོར་ལ། ཆོས་ཅན་བཅུ་དྲུག་ཏུ་རིག་པ་ནི། སེམས་ཀྱི་ཁང་བུ་བཤིག་པ་སྟེ། དཔེར་ན་བྱིས་པའི་ཁང་བུ་བརྩིགས་ཀྱིན་འཇིག་པ་དང་འདྲའོ། །དེ་ཡང་བྱ་བས་བྱ་བ་འཇིག་པ་ལྕགས་ཀྱིས་ལྕགས་འཇིག་པ་དང་འདྲ་ལ། མི་རྟག་པས་མི་རྟག་པ་འཇིག་པ་སྒྱུ་མའི་མིས་སྒྱུ་མའི་གྲོང་ཁྱེར་བཅོམ་པ་ལྟ་བུ་དང་ བྱས་པས་མི་རྟག་པ་འཇིག་པ་རོ་ལ་རོ་བརྩེགས་པ་ལྟ་བུ་དང༌། མི་རྟག་པས་བྱས་པ་འཇིག་པ་རིག་པ་ད་ལྟར་བས་མ་རིག་པ་སྔ་མ་འཇིག་པ་ལྟ་བུའོ། །དེ་ལྟར་ན་སེམས་ཀྱིས་སེམས་བཤིག་པས་གཉིས་ཀ་རྗེས་མེད་དུ་ཞིག་པ་ཆུ་ལ་ཡི་གེ་བྲིས་པ་ལྟ་བུ་དང༌། མེད་པས་མེད་པ་བཙལ་ཡང་མི་རྙེད་པ་དབུལ་པོའི་ཁྱིམ་ན་ཡིད་བཞིན་གྱི་ནོར་བུ་མེད་པར་བཙལ་ཀྱང་རྙེད་པའི་གནས་མེད་པ་དང་འདྲ་བར། སེམས་མེད་པ་ལ་གཞིག་པའི་གནས་མེད་པ་ནི། དཔེར་ན་རྡིབ་པའི་ཚེ་ཆུ་ལ་འཛིན་པའི་གནས་མེད་པ་དང་འདྲའོ། །དེའི་ཕྱིར་ན་སེམས་མེད་པའི་དོན་མ་ཤེས་པར། ལྟ་སྒོམ་སྤྱོད་པ་སེམས་ལ་འཚོལ་བ་ནི། བདེ་ཆེ་ཐར་པའི་བསྟན་པ་རྙེད་དུས་མེད་དེ། གྲུ་རྡིབ་པས་ཆུ་ལ་འཇུས་པ་ལྟར། སེམས་མེད་པ་ལ་ཡོད་པར་རྟེན་བཅས་པ་དེ་ཉིད་ཀྱིས་སླུ་ཞིང་འཆིང་བར་ཅེས་སོ། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས་ཀྱང༌། །སྣང་བ་ཆོས་སྐུར་འདོད་པ་ང་ལ་སྒྲིབ་པ་ཡིན། །ཅིར་སྣང་སེམས་སུ་འདོད་པ་ང་ལ་སྒྲིབ་པ་ཡིན། རང་བྱུང་གཞན་འདོད་པ་ང་ལ་སྒྲིབ་པ་ཡིན། །ཅེས་སོ། །འོ་ན་སེམས་ཡལ་ཞེས་ཡོད་པ་དེ་མེད་པར་སོང་བ་མ་ཡིན་ནམ་ཞེ་ན། ཡལ་བ་ནི་སྔར་བཞིན་དཔྱད་ན་མ་གྲུབ་པ་དང༌། མ་དཔྱད་ནའང་གློ་བུར་གྱི་དྲན་བསམ་གྱི་རྟོག་པ་ཡལ་བ་ལས། སེམས་རང་རྒྱུད་པ་ཡོད་ནས་མེད་པར་སོང་བ་མེད་དེ། ཡལ་རྒྱུ་དང་ཡལ་རྐྱེན་གང་དུ་ཡང་མེད་དོ། །འོ་ན་སེམས་ཀྱི་ཁང་བུ་བཤིག་པ་ལ་དགོས་པ་མེད་དེ་བཤིག་རྒྱུ་མེད་པའི་ཕྱིར་རོ་ཞེ་ན། སེམས་ཡེ་ནས་མེད་པ་ལ། མེད་པའི་གནས་ལུགས་རྟོགས་པར་བྱེད་པ་ཙམ་ལས། སེམས་ཀྱི་ཁང་བུའི་གཞིའམ་དངོས་པོ་ཡོད་པ་ནི་མིན་ཏེ། དྲན་པའི་ཁུངས་ཆོས་ཉིད་དུ་སོང་བས། མེད་པ་གོ་བར་བྱས་པ་ལ། ཁང་བུ་བཤིག་ཅེས་ཐ་སྙད་དུ་བྱས་ཏེ། ཡོད་པ་བཤིག་པ་ནི་གང་ཡང་མེད་དོ། །དེའི་ཕྱིར་ན་ཐ་སྙད་ཀྱི་འབྲས་བུ་ཞེས་སྣང་བ་ཡུལ་གྱི་གནད་གང་སྣང་གི་སྟེང་དུ་བཞག་པས། བེམས་པོའི་སྣང་བ་དེར་འཛིན་མེད་པས་ཡུལ་སེམས་གཉིས་མེད་ཀྱི་འབྲས་བུ་དང༌། ཤེས་པ་གང་འགྱུས་ཀྱི་སྟེང་དུ་བཞག་པས། སེམས་ཀྱི་ཁང་བུ་རང་ཞིག་པས་འགྱུ་བ་རྟོག་སངས་ཀྱི་འབྲས་བུ་དང་ དེ་ལྟར་བེམས་རིག་གཉིས་མེད་ཟུང་འཇུག་ཡེ་ཤེས་ཀྱི་ཡལ་ས་ངོས་ཟིན་པས་མེད་པའི་འབྲས་བུའོ། །དེ་ལྟར་འབྲས་བུ་གསུམ་གྱི་དུས་ཀྱང་ཡལ་དུས་ངོ་སྤྲད་པའི་གནད་བཞི་ལ། མེད་པའི་ཆོས་བཅུ་དྲུག་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེའང་གསང་ཆེན་ངེས་པ་སྙིང་ཐིག་གི་ཁྲེགས་ཆོད་སེམས་ཡེ་མེད་རང་སངས། འགྱུ་བ་གློ་བུར་ཡེ་གྲོལ་དུ་ཤེས་པ་དང༌། མན་ངག་གཞན་དང་སེམས་དོན་དམ་དུ་མེད། ཀུན་རྫོབ་ཏུ་ཡོད་པར་བརློམས་ནས། ལྟ་སྒོམ་སེམས་ལ་ལམ་བྱེད་གཉིས། །རང་གྲོལ་རང་ཤར་རང་གཞག་ཙམ་དུ་མི་མཐུན་ཡང༌། དོ་མི་མཐུན་ཏེ། འདིར་ཡེ་མེད་དུ་བྱེད་པ་དང༌། གཞན་དུ་ཡོད་པ་མེད་པར་འདོད་པས་སོ། །ཟུང་འཇུག་ཀྱང༌། གཞན་དུ་ཡོད་པ་གཉིས་གཅིག་ལ་གཅིག་འབྲེལ་ཡི་ཟུང་འཇུག་འདོད་པ་དང༌། འདིར་ཡེ་མེད་པས་ཟུང་དུ་འཇུག་རྒྱུ་མེད་ལ། མེད་པའི་ངོ་བོ་ལ་ཐ་དད་རིས་སུ་མེད་པ་གཉིས་ཐ་མི་དད་པས་གཉིས་མེད་ཟུང་འཇུག་ཅེས་བྱའོ། །གནད་འདི་ནི་ཐེག་པ་ཀུན་ལས་རྩེ་མོར་གྱུར་པའི་གནད་ཁམ་ཡང་ཆེ་ལ་གལ་ཡང་ཆེ་བ་སྟེ། འདི་ལས་སྣང་བ་སེམས་སུ་མི་འདོད་པ་དང༌། སེམས་ཡོད་མ་མྱོང་གཞི་སངས་ཆེན་པོར་བསྟན་པ་ཡིན་ནོ། །འདི་ལ་བརྟེན་ནས་སྣང་བ་སེམས་སུ་ངོ་སྤྲད་པ་དང༌། སེམས་ཉིད་སྟོང་པར་ངོ་སྤྲད་པའི་མན་ངག་སྙིང་ཏིག་གི་དགོངས་པ་ཡིན་པར་ཤེས་པར་བྱའོ། །མན་ངག་འགའ་ཞིག་ཏུ་དེ་ལྟར་བྱུང་སྲིད་ན་འོག་མ་དྲང་བ་ཙམ་ལས་ངེས་དོན་མ་ཡིན་པར་ཐག་བཅད་དོ། །གསུམ་པ་ཡུལ་སྣང་བློའི་མེ་ལོང་དུ་ཤར་བས་ཚོགས་དྲུག་མཉམ་པ་ཆེན་པོར་ཁྱབ་གདལ་བ་ནི། ཕྱི་སྣང་བ་སྣ་ཚོགས། ནང་དྲན་རྟོག་གློ་བུར། དབང་པོ་དྲུག་སྣང་ཡུལ་དང་བཅས་པ་ཐམས་ཅད། མེད་པ་གསལ་སྣང་ཙམ་ལས། དོན་ལ་ཕྱི་ནང་གང་ན་ཡང་མེད་པ་རབ་རིབ་ཅན་གྱི་སྐྲ་ཤད་དང༌། སྒྱུ་མ་དང༌། མིག་འཕྲུལ་དང༌། སྤྲུལ་པ་ལྟ་བུར་བློ་ལ་སྣང་ཡང༌། སྣང་དུས་དེ་ཉིད་ནས་ཡོད་མེད་ཀྱི་མཐའ་ལས་འདས་པར་ཤེས་པར་བྱ་སྟེ། སྣང་བའི་ངོས་ནས་ཇི་ལྟར་བཏགས་ཀྱང་མི་འགལ། ཡིན་དུ་ཆུག མིན་དུ་ཆུག །ཡོད་དུ་ཆུག མེད་དུ་ཆུག སྣང་དུ་ཆུག སྟོང་དུ་ཆུག འཁྲུལ་དུ་ཆུག གྲོལ་དུ་ཆུག བཟང་དུ་ཆུག ངན་དུ་ཆུག སེམས་སུ་ཆུག གཞན་དུ་ཆུག གང་ལྟར་བཏགས་ཀྱང༌། སྟོང་པའི་ངོས་ནས་ཇི་ལྟར་བཏགས་པ་དེ་ཉིད་ཀྱིས་ཐོག་མར་སྟོང་སྟེ། བཏགས་པ་སེམས་ཡིན། སེམས་མེད་པ་ཡིན། མེད་པ་ལ་འདོགས་མཁན་མེད་པས་རྨི་ལམ་གྱི་བྱ་བྱེད་དང་སྒྱུ་མའི་བྱ་བྱེད་བཞིན་ནོ། །སྣང་བ་དང་འཆར་བ་དང༌། དགེ་བ་དང་མི་དགེ་བ་ལ་སོགས་པ་དེ་ཉིད་གློ་བུར་བ། དེའི་ངོ་བོ་གཞི་མེད་རང་སངས། རིག་པའི་ཡེ་གདངས་ཆ་ལ་ཡོད་པས་ངོས་ཟིན་ན་དགོངས་པ་ཆོས་ཉིད་ཕྱོགས་ཡན་ལས་འཆུགས་ས་མེད་དེ། སྣང་སྲིད་འཁོར་འདས་ཀྱི་ཆོས་སོ་ཅོག་རིག་པའི་ངང་ན་མེད་པ་གསལ་སྣང་གི་སྣང་བ་ཆེན་པོར་རང་ཤར་རང་སྣང་བ་ནི། འབྱུང་བཞིའི་སྣང་བ་་ནམ་མཁའི་ངང་ན་གནས་པའམ། རྨི་ལམ་སྣ་ཚོགས་གཉིད་དང༌། གཉིད་རིག་པའི་ངང་ལས་མ་གཡོས་པ་བཞིན་ཏེ། ཐམས་ཅད་རིག་པའི་ངོ་ལ་རང་སྣང་ཡང༌། རིག་པས་འཁྲུལ་སྣང་འཁོར་བ་མ་མཐོང། དག་སྣང་འདས་པ་མ་མཐོང། འཁོར་འདས་ཀྱིས་རིག་པ་མ་མཐོང༌། ཐམས་ཅད་གཞི་མེད་མཉམ་པ་ཆེན་པོའི་ངང་ལ་གཡོས་པ་མེད་དེ། ངོ་བོར་མ་གྲུབ་པས་མཐོང་བ་དང་མཐོང་བྱེད་ལས་འདས་ལ། རིག་པའི་ངང་ནས་ཤར་བས་འཁོར་འདས་རིག་པའི་རང་གདངས་སམ་རོལ་པ་ཞེས་བཏགས་པ་ཙམ་སྟེ། ཡོད་མེད་མཐའ་གྲོལ་ཆེན་པོ། བཏགས་པ་མི་འགལ། དོན་ལ་མ་གྲུབ། མེད་པ་གསལ་སྣང་ཙམ་དུ་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཤར་བ་སྟེ། ཀློང་དྲུག་པ་ལས། དྲི་མ་མེད་པའི་སེམས་ཉིད་ལ། །ཡུལ་རྐྱེན་བྲལ་བའི་སྣང་བ་ནི། །རང་དག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་པ་དང༌། ནོར་བུ་འཕྲ་བཀོད་ལས། ཅི་ཡང་མེད་པའི་དངོས་པོ་ནི། །གང་གི་ཕྱོགས་སུ་མ་ལྷུང་བ། །ཅིར་ཡང་འཁྲུལ་པའི་དངོས་པོ་ནི། །མཐུན་སྣང་ཙམ་དུ་སྣང་བར་ཟད། །འོན་ཀྱང་དེ་ཡི་དོན་མི་སྐྱེ། །ཆོས་དབྱིངས་རྒྱན་ལྟར་སྣང་བའོ། །ཞེས་པ་དང༌། སྟོང་པའི་ཡེ་ཤེས་ཆེན་པོ་ནི། །ཅིར་ཡང་མེད་ལས་ཅིར་ཡང་འཁྲུལ། །ཅེས་པ་དང༌། མུ་ཏིག་ཕྲེང་བ་ལས། དེ་ནི་ང་ཡིན་འགྲོ་བ་ཡིན། །སེམས་ཡིན་སེམས་ལས་བྱུང་བ་ཡིན། །དུ་མ་ཡིན་ལ་ཉག་གཅིག་ཡིན། །འཁོར་བ་མྱང་འདས་ང་རང་ཡིན། །དཀྱིལ་འཁོར་ལ་སོགས་རིམ་འཇུག་ཡིན། །ཆོས་ཡིན་ཆོས་སུ་སྣང་བ་ཡིན། །གནས་པ་ཡིན་ལ་འགྲོ་བ་ཡིན། །འདུག་དང་ཉལ་དང་འཆགས་པ་ཡིན། །སྲོག་ཡིན་གཅོད་པ་ཉིད་ཀྱང་ཡིན། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །མདོར་ན་ཇི་ལྟར་སྣང་བ་ཡི། །ཆོས་ཀུན་དེ་ལས་བྱུང་བའོ། །ས་ཆུ་མེ་རླུང་ནམ་མཁའ་ཡི། །འབྱུང་བ་ཆེ་རྣམས་དེ་ལས་བྱུང༌། །ཞེས་པ་ནས། དེ་ལྟར་གནས་པའི་ཆོས་ཉིད་ལ། །འཁྲུལ་པ་གདོད་ནས་མེད་པ་སྟེ། །ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །གློ་བུར་སེམས་ཅན་སྤྲིན་གྱིས་བསྒྲིབས། །མ་འཁྲུལ་གནས་པའི་ཆོས་ཉིད་ཀྱང༌། །བློ་ལ་འཁྲུལ་པའི་ཚུལ་དུ་སྣང༌། །ཞེས་པ་ནས། སེམས་ཅན་ཉོན་མོངས་ལྔ་ཉིད་ནི། །དོན་ལ་ཡོད་པ་མ་ཡིན་ཏེ། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །གློ་བུར་རྐྱེན་དང་བཅས་པ་ཉིད། །སྤྲིན་དེ་ནམ་མཁའ་ཉིད་ལས་བྱུང༌། །དེ་བཞིན་ནམ་མཁར་ཐིམ་ཤེས་ནས། །དབྱེར་མེད་གཅིག་གི་ངང་ཞེས་བྱ། །དེ་བཞིན་ཉོན་མོངས་དྲི་མ་ཉིད། །རང་བྱུང་རང་ཞི་ཉིད་ཤེས་ན། །སེམས་ཅན་འཆིང་བར་ག་ལ་འགྱུར། །ཅེས་པ་དང༌། སྣང་ཚུལ་མ་གྲུབ་པ་ལྟར། འཛིན་པར་སྣང་ཡང་གང་དུའང་མ་གྲུབ་པས། གཏད་མེད་ཆེན་པོར་བསྟན་པ་ཡང༌། རིན་ཆེན་སྤུངས་པ་ལས། གནས་པ་མེད་པའི་སེམས་ཉིད་འདི། །འགྲོ་ས་མེད་པ་ཡ་རེ་ཆ། །ཀུན་ཏུ་འཇུག་པའི་ཡིད་དྲུག་ལ། །བརྟེན་པའི་ས་མེད་ཡ་རེ་ཆ། །ཐམས་ཅད་སྡུད་པའི་ཀུན་གཞི་ལ། །བཞག་པའི་ས་མེད་ཡ་རེ་ཆ། །འཁོར་ཞིང་འཁྲུལ་པའི་མ་རིག་ལ། །འགྱུར་བའི་དབང་མེད་ཡ་རེ་ཆ། །ཐམས་ཅད་ཡུལ་ཞེན་ཉོན་མོངས་ལ། །གཞི་རྩ་མེད་པ་ཡ་རེ་ཆ། །ཕྲ་དང་རགས་པའི་དྲི་མ་ལ། །འཆགས་ས་མེད་པ་ཡ་རེ་ཆ། །འབྱུང་བ་རགས་པའི་གཟུགས་རྣམས་ལ། །གཏད་པའི་ས་མེད་ཡ་རེ་ཆ། །སྐྱེས་བུ་རྟེན་པའི་ཚེ་སྲོག་ལ། །དུས་བཏབ་མེད་པ་ཡ་རེ་ཆ། །ཚོགས་དྲུག་ཡུལ་གྱི་སྣང་བ་ལ །རྟག་པ་མེད་པ་ཡ་རེ་ཆ། །སྐྱེས་བུའི་དྲན་བསམ་བྱུང་ཚོར་ལ། །ཟད་པ་མེད་པ་ཡ་རེ་ཆ། །ཞེས་པ་དང༌། ཡང༌། གཞི་རྩ་མེད་པའི་ཆོས་ཉིད་འདི། །མ་བཙལ་བཞག་པས་ངོ་མཚར་ཆེ། །འགྲོ་དང་འོང་བའི་རིག་པ་ལ། །ཐུག་པ་མེད་པ་ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ཡེ་ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། །ཞེས་པ་དང༌། ཐུན་མོང་གི་ཐེག་པ་འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང༌། ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལ། །སྐད་ཅིག་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང། །བྱུང་ནས་ཞིག་སྟེ་སྤྲིན་གྱི་དཀྱིལ་འཁོར་དེ། །ཐོག་མ་གང་ལས་བྱུང་བ་བརྟག་པར་གྱིས། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཇི་ལྟར་མི་དག་བྲག་རིའི་ཁྲོད་འདུག་སྟེ། །གླུ་ལེན་སྨྲ་དང་དགོད་དང་ངུ་བ་ལས། །རྐྱེན་ལ་བརྟེན་ཏེ་བྲག་ཅ་འབྱུང་མོད་ཀྱི། །སྒྲ་ལས་དབྱངས་དེ་ནམ་ཡང་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་རྒྱ་ཆེར་གསུངས་སོ། །དོན་གཉིས་པ་ཆོས་ཟད་བློ་འདས་ཀྱི་དགོངས་པ་ཟང་ཐལ་རྗེན་པའི་ཡེ་་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ་ལ་གསུམ་སྟེ། ཆོས་ཟད་བློ་འདས་ཀྱི་རིག་པ་ཟང་ཐལ་རྗེན་པར་ངོ་སྤྲད་པ། རང་གསལ་ངང་གནས་ཀྱི་དགོངས་པ་ཕྱམ་གདལ་ཆེན་པོར་བསྐྱང་བ། གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་ཀློང་གསལ་ཆེན་པོར་གཞག་པའོ། །དང་པོ་ནི། རང་བབས་ཀྱི་རིག་པ་རང་གསལ་དུ་རྗེ་ནེ་བཞག་ལ། ཕྱིར་མི་སྤྲོ། ནང་ནུ་མི་བསྡུ། བར་དུ་མི་བསམ་པའི་རང་ངོ་ལ་བལྟས་པས། ཕྱི་ནང་བར་མེད། རང་གསལ་རྗེན་པ། ལྟ་སྒོམ་གྱིས་མ་བསླད་པའི་ཆོས་སྐུ། རྣམ་རྟོག་གིས་མ་བསྐྱོད་པའི་ཡེ་ཤེས། སྤྲོས་བསྡུས་མ་བཟོས་པའི་དགོངས་པ། གསལ་བ་ལ་རྟོག་པ་མེད་པ། གནས་པ་ལ་འཛིན་པ་མེད་པ། ཡངས་པ་ལ་ཕྱལ་བར་མ་ཤོར་བ། མཉམ་པ་ལ་བར་མེད་པ། འཇུག་མཁན་མེད་པའི་རང་དངས་ཆེན་པོ། ཡེ་ནས་རང་བབས་ཀྱི་དགོངས་པ་ཆེན་པོ་ཆེ། དངས་ཤིང་སྟེང་པ་རྒྱ་མཚོ་ལྟ་བུ། གསལ་ཞིང་དག་པས་ཉི་ཟླ་ལྟ་བུ། ཡངས་ཤིང་ཕྱམ་པས་ནམ་མཁའ་ལྟ་བུ། བརྟན་ཞིང་གནས་པས་རི་རྒྱལ་ལྟ་བུའོ། །འདི་ལྟ་བུའི་དོན་དང་སེམས་ཅན་ཐམས་ཅད་སྐད་ཅིག་ཀྱང་འབྲལ་མ་མྱོང་དུ་ཡེ་ནས་རང་ལ་ཡོད་ཀྱང༌། ངོ་མ་ཤེས་པས་འཁོར་བར་ངན་རྟོག་གི་སྤྲོས་པས་འཆོལ་བ་ཡང༌། ད་བླ་མའི་གདམས་པས་ངོས་ཟིན་ནས་འཆར་རམ་གནས་སམ་གྱིན་འདར་ལྷན་ནེ་བའི་དུས་གང་དུའང་རང་བབས་ཅོག་གཞག་གི་ངོ་བོར་ངོ་སྤྲད་པ་བཞིན་ངང་མ་ཡེངས་ཙམ་དུ་བྱ་སྟེ། སེང་གེ་རྩལ་རྫོགས་ལས། ཨེ་མ་སེང་གེ་བགྲོད་མེད་ལམ། །བྱ་རྩོལ་མེད་པའི་སེང་གེ་ཡིས། །བཏང་བཞག་མེད་པའི་གངས་དཀར་ལ། །མུན་པ་སངས་པའི་རྩལ་གསུམ་རྫོགས། །བསམ་མེད་དངས་པའི་སེང་གེ་ངས། །ཀ་དག་དྲི་མེད་གངས་བཟང་ལ། །འབྱུང་བ་སངས་པའི་རྩལ་གསུམ་རྫོགས། །ཞེས་པ་དང༌། ཀློང་དྲུག་པ་ལས། རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བླང་དོར་མེད་པའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱག་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བྱིང་རྒོད་མེད་པའི་སེམས་ཉིད་ལ། །བཏང་སྙོམས་ཆེན་པོའི་བསྒོམ་པ་ནི། །ཚོགས་དྲུག་ལྷུག་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཡ་ང་མེད་པའི་སེམས་ཉིད་ལ། །རེ་དོགས་བྲལ་བའི་སྣང་བ་ནི། །ཡེ་བཞག་གདེང་ལྡན་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་པ་དང༌། རྩལ་རྫོགས་ལས། འཛིན་ཆགས་མེ་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་ཆོས། །སོ་སོར་སྟོང་དང་མཚན་མ་ཚིག་གི་ལམ། །བྱ་རྩོལ་མེད་པའི་ཆོས་ཉིད་རང་སར་དག །འུབ་ཆུབ་ཏིང་འཛིན་ཆོས་ཉིད་ཡུལ་ལས་འཇུག །དག་དང་མ་དག་ཐ་སྙད་ཆོས་སུ་མེད། །གཅིག་དང་གཉིས་ལས་འདས་པའི་ཡེ་གནས་དོན། །རང་ལུས་ངང་དུ་ཐིག་ལེ་གཅིག་ཏུ་འུབ། །དུས་མེད་རྟོགས་པས་ཏིང་འཛིན་མ་ཡེངས་གསལ། །མཐའ་དབུས་མེད་པས་ཆོས་ཉིད་མིང་དང་བྲལ། །འགྱུར་བ་མ་ཡིན་དྲང་པོར་ཡོངས་ལ་ཁྱབ། །བྱས་པ་མ་ཡིན་བྱུང་སར་ལྷུན་གྱིས་གྲུབ། །ཅེས་སོ། །གཉིས་པ་དེའི་ངང་ལ་བསྐྱང་བ་ལ་གསུམ་སྟེ། ལྟ་སྒོམ་ཡུལ་འདས་ཆེན་པོར་བསྐྱང་བ། ཏིང་འཛིན་རང་བབས་ཆེན་པོར་བསྐྱང་བ། དགོངས་པ་བློ་འདས་ཆེན་པོར་བསྐྱང་བའོ། །དང་པོ་ནི། ངོ་སྤྲད་པའི་ངང་དེ་ལ་བློའི་འཛིན་རྩོལ་དང་ཆེད་དུ་བསྒོམ་པའི་གཉེན་པོ་མ་ཞུགས་པར་རིག་པ་རྒྱ་ཡན་ཡེ་བཞག་དཔངས་བསྟོད་ལ་ཕྱལ་བ་བར་མེད་རང་སངས་སུ་བཞག་པ་སྟེ། ནོར་བུ་འཕྲ་བཀོད་ལས། ཡངས་སོ་ཆོས་ཉིད་རྣམ་པར་དག །ཆེའོ་ལྟ་བ་རྨད་པོ་ཆེ། །སྣང་ངོ་རང་སྣང་དཀྱིལ་འཁོར་ཉིད། །ཡུལ་དང་ཡུལ་མེད་རྣམ་པར་དག །ཕྱི་དང་ནང་མེད་རྣམ་པར་སྣང༌། །སྟོང་དང་མི་སྟོང་ཚིག་ལས་འདས། །ཞེས་པ་དང༌། སེང་གེ་རྩལ་རྫོགས་ལས། །དང་པོའི་གནས་ས་གང་ཡིན་པར། །ཐ་མ་དེ་ཡི་གནས་སུ་འགྲོ། །ད་ལྟ་དེ་ཡི་དོན་ལ་གནས། །ཞེས་པ་དང༌། ཡང༌། འཛིན་རྟོག་མེད་པའི་ནམ་མཁའ་ལ། །རྣམ་ཤེས་མེད་པའི་ནམ་མཁའ་ལ། །རྣམ་ཤེས་ཡིད་མ་འགྱུས་པ་ནི། །ཡེངས་པ་མེད་པའི་ཏིང་འཛིན་མཆོག །སངས་རྒྱས་ཉག་གཅིག་ནགས་ལུགས་ཡིན། །ཅེས་སོ། །གཉིས་པ་ལ་གསུམ་སྟེ། རང་གནས་ཅོག་གཞག་ནི། ཚོགས་ཡུལ་གྱི་སྣང་བ་ལ་འཛིན་པའི་བཟོ་རྒྱ་མི་བྱེད་པར་ཕྱི་ནང་བར་མེད་ཧར་སངས་སུ་ཕྱལ་ལེ་བཞག་ནས། གཉིད་དུ་འགྲོ་ཁར་ཡང་དེའི་ངང་ལ་ཉལ་བས་རྨི་ལམ་འོད་གསལ་དུ་འཆར་བའོ། །ཐོག་བབས་ཆེན་པོ་ནི། སྒོ་གསུམ་ལྷུག་པར་གློད་ལ་གང་ཤར་ཅར་ཕོག་ཏུ་རང་སངས་ལ་ཕྱལ་ཕྱལ་སོང་བའི་ངང་ངོས་གཟུང་བའོ། །སྣང་བ་རྒྱས་འདེབས་ནི། ལུས་སྐྱིལ་ཀྲུང་དང་མིག་བར་སྣང་ལ་ཧྲིག་གེ་བལྟས་ཏེ། སེམས་འཕྲོ་འདུ་བཅད་ནས་རིག་པ་དང་སངས་ཕྱེད་པའི་ངང་ངོས་བཟུང་བས་རླུང་ལྔ་དབྱིངས་སུ་འཆིངས་ཏེ། རང་སྣང་དག་པའི་འོད་གསལ་ཕྱི་དུ་བ་སྨིག་རྒྱུ་འཇའ་འོད་ལ་སོགས་པ་དང་ནང་ཆོས་ཉིད་སྟོང་གསལ་བར་སྣང་དག་པ་ལྟར་འཆར་ཏེ། ཀློང་དྲུག་པ་ལས། ཏིང་འཛིན་གསུམ་ལ་འདི་ལྟར་བསླབ། །རང་གནས་ཅོག་གཞག་ཏིང་འཛིན་ནི། །དབང་པོའི་སྒོ་རྣམས་མི་དགག་ཅིང༌། །ལུས་ཀྱི་སྤྱོད་པ་སྤྱད་མི་བྱ། །གཉིད་ཀྱང་སྤང་བར་མི་བྱ་སྟེ། །སེམས་ཀྱིས་གུད་དུ་བཅད་པ་མིན། །མདོར་ན་ལུས་ངག་རང་སོ་ལ། །ཡིད་བྱུང་ཆ་རྣམས་ཕྱིར་མ་ཤོར། །དབང་པོའི་ཡུལ་རྣམས་དྲུག་ལ་ཡང་ །ཤེས་བཞིན་སྤྱོད་པའི་ཡིད་མ་འགྱུས། །རང་སྣང་མི་རྟོག་ཆེན་པོ་ལ། །གསལ་ལ་རྟོག་མེད་ཉམས་སྐྱེས་པའོ། །ཐོག་བབས་ཆེན་པོའི་ཏིང་འཛིན་ལ། །ལུས་ནི་ཐ་མལ་ལྟ་བུ་ལས། །ངག་ནི་སྨྲ་བརྗོད་ཚིག་དང་བྲལ། །སེམས་ནི་དམ་དུ་མ་བཅིངས་པའི། །རང་ཤར་རང་ལ་མ་ཡེངས་པའོ། །སྣང་བ་རྒྱས་འདེབས་ཏིང་འཛིན་ནི། །ལུས་དང་ཡུལ་དང་རིག་པ་ཡིས། །རང་སྣང་དག་པའི་ཚད་རྣམས་བཟུང༌། །ཞེས་སོ། །གསུམ་པ་དགོངས་པ་བློ་འདས་སུ་བསྐྱང་བ་ལ་བཞི་སྟེ། རི་བོ་ཅོག་གཞག་གི་ལྟ་བ། རྒྱ་མཚོ་ཅོག་གཞག་གི་དགོངས་པ། རིག་པ་ཅོག་གཞག་གི་མན་ངག །སྣང་བ་ཅོག་གཞག་གི་ཐབས་སོ། །དང་པོ་ནི། རིག་པ་རང་གསལ་འདི་ངོས་བཟུང་ནས་གང་ཤར་ཡང་ལྟ་བ་རི་རྒྱལ་ལྟར་འཕོ་འགྱུར་མེད་པའི་ངང་དུ་འཇོག་པ་སྟེ། ཡི་གེ་མེད་པ་ལས། རི་བོ་ཅོག་གཞག་ལྟ་བ་གསང་བ་ཉིད། །ཐེ་ཚོམ་མ་ཡིན་འགྱུར་བ་ངང་གིས་མེད། ཅེས་སོ། །གཉིས་པ་ནི། ལུས་སྐྱིལ་ཀྲུང་ལ། མིག་ཧ་རེ་བར་སྣང་ལ་གཏད་དེ། ཤེས་པ་དང་སངས་ཕྱེད་པ་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པ་ལྟ་བུའི་ངང་ལ་སང་ངེ་བཞག་པ་ནི། དེ་ཉིད་ལས། རྒྱ་མཚོ་ཅོག་གཞག་དག་གིས་དགོངས་པ་ནི། །སྣང་བ་མ་ཡིན་སྣང་བར་བྱེད་པ་ཡིན། །སྟོང་པ་མ་ཡིན་སྟོང་པར་ཡོད་མ་ཡིན། །གསལ་བ་མ་ཡིན་གསལ་བ་ཆེན་པོའི་ཡུལ། །བྱིང་བ་མ་ཡིན་རྒོད་པ་ངང་གིས་མེད། །མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། མ་བསྐྱོད་མི་བསྐྱོད་བསྐྱོད་པ་ཀུན་ལས་འདས། །བྱས་པས་མ་བྱུང་བཞག་ཐབས་ཆེན་པོ་ལྟོས། །སྤྲོ་བསྡུ་མ་བྱེད་ཅོག་གཞག་གཅིག་གི་ངང༌། །གནས་པ་མ་ཡིན་དེ་ལས་འདའ་བ་མེད། །གསང་བའི་ཡེ་ཤེས་རྒྱ་མཚོ་ལྟ་བུ་ལ། །ཡེ་ནས་ལྷུན་འབྱམས་མ་བསྐྱོད་དབྱིངས་སུ་ཞོག །གཏིང་དཔག་དཀའ་བའི་རྒྱ་མཚོ་ཆེན་པོ་ནས། །ནུབ་པ་མེད་པའི་རྒྱལ་མཚན་རྩེ་མོ་ལྟོས། །སྟོང་པའི་སེམས་མེད་མ་བཅོས་ཆེན་པོའི་སྐུ། །བྱས་པ་མེད་པས་བྱེད་པ་ཀུན་ལས་རྒྱལ། །ཡེ་ནས་མ་བྱུང་མ་བཅོས་ཅོག་གཞག་ཉིད། །སྣང་བ་མ་བསྒྱུར་བློ་ཡིས་མ་བཅོས་པ། །ཆོས་ཉིད་མཁའ་ལ་གནས་ན་དགོངས་པར་བསྟན། །ཆོས་སྐུའི་ཡེ་ཤེས་བསམ་པ་རབ་སྤངས་པས། །འགྱུ་བྱེད་མེད་ན་བསྒོམ་པའི་དགོངས་པ་ཡིན། །སྣང་ཡུལ་དང་དམིགས་པའི་ཕྱོགས་དག་མི་འཛིན་ན། །རྒྱ་མཚོའི་གཏིང་དུ་གཟའ་སྐར་ཤར་བ་བཞིན། །ཡུལ་ལ་འཛིན་མེ་གསལ་ཆ་མ་འགགས་པས། །རང་བྱུང་དགོངས་པའི་འདུག་ཚུལ་དེ་བཞིན་ནོ། །ཞེས་སོ། །གསུམ་པ་ནི། རིག་པ་གསལ་སྟོང་གི་ཡེ་ཤེས་རྗེན་པར་བུད་པ་དེ་ཕྱ་ར་ར་རང་གསལ་དུ་ངོས་བཟུང་བས་ཏིང་ངེ་འཛིན་སེམས་ཆགས་ཀྱི་གོལ་ས་གཅོད་ཅིང་ཟང་ཐལ་རྗེན་པའི་ཆོས་སྐུ་ཁོང་ནས་འཆར་ཏེ། སེང་གེ་རྩལ་རྫོགས་ལས་རང་རིག་དུ་མའི་ཡུལ་ལ་ཕར་བལྟས་པས། །ཆོས་སྐུ་རྟོག་མེད་ཆེན་པོ་ནང་དུ་རྙེད། །ཅེས་སོ། །བཞི་པ་ནི། ཕྱི་ཡུལ་ལྔར་སྣང་བ་ལ་ཆེ་རེ་བལྟས་དུས་ནང་རང་གསལ་རྗེན་པ་སངས་སེ་ཁོང་ནས་འཆར་བའི་ངང་དུ་འཇོག་པ་སྟེ། དེ་ཉིད་ལས། རིག་གསལ་ཆོས་ཉིད་ཡུལ་ལ་ཕར་བལྟས་པས། །སྣ་ཚོགས་བྲལ་བའི་རིག་པ་ནང་དུ་མཐོང༌། །ཞེས་པ་དང༌། ཡི་གེ་མེད་པ་ལས། སྣང་བ་ཅེར་གཞག་རིག་པའི་ཐབས་ཆེན་ནི། །སྣང་བ་ཆེན་པོ་ཀུན་གྱི་གཞི་མ་ཡིན། །འབྱུང་བ་ལྔ་ཡི་སངས་རྒྱས་ལམ་ལྟར་སྣང༌། །ཆེན་པོ་ལྔ་ཉིད་མ་ཡི་སྣང་བར་གསལ། །མ་ཡེངས་ངང་དུ་འཛིན་མེད་ཆེན་པོར་ཞོག །ཅེས་སོ། །གསུམ་པ་གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་ཀློང་གསལ་ཆེན་པོར་བཞག་པ་ལ་གསུམ་སྟེ། ཆོས་ཉིད་འབད་རྩོལ་དང་བྲལ་བའི་གནས་ཀྱིས་སེམས་ཉིད་བྱ་བྲལ་དུ་གཞག་པའི་གདམ་ངག ཆོས་ཉིད་རང་ཐོག་ཏུ་སྤྲད་པའི་གནད་ཀྱིས་རྣམ་རྟོག་ཡེ་ཤེས་སུ་འཆར་བའི་མན་ངག ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་སྣང་བ་ལ་དགག་སྒྲུབ་མེད་པའི་གདམས་ངག་གོ །དང་པོ་ནི། གཤིས་བྱ་བ་དང་བྲལ་བ་དེ་བྱས་པས་མི་རྟོགས་མ་བྱས་བཞག་ན་རྟོགས་པས་སྒོ་གསུམ་རང་བབས་ཕྱལ་བར་གཞག་པ་ནི། ཐལ་འགྱུར་ལས། གཞན་ཡང་བྱ་བྲལ་ཆོས་ཉིད་ནི། །བྱ་བ་མེད་པས་གྲོལ་བར་གྲོལ། །ཅེས་པ་དང༌། ཁྱུང་ཆེན་མཁའ་ལྡིང་ལས། །དེ་ཕྱིར་འཁོར་འདས་བྱ་བྱེད་ཉིད་བྲལ་ན། །རྫོགས་ཆེན་ཉེད་ལས་གཞན་པ་ཅ་བྱར་ཡོད། །ཅེས་པ་དང༌། དམིགས་དྲུག་ལས། བྱ་བ་དང་བྲལ་བས་གཞི་གཞག་གོ་ཞེས་སོ། །གཉིས་པ་ནི། སྣང་བ་སེམས་ཀྱི་རོལ་པར་ངོ་སྤྲད། རོལ་པ་གཞི་མེད་གསལ་སྣང་དུ་ངོ་སྤྲད། གསལ་སྣང་བཟུང་ན་འཁྲུལ་པར་ངོ་སྤྲད། མ་བཟུང་རང་གསལ་མེད་སྣང་དུ་ངོ་སྤྲད་པས་ཕྱི་ཡུལ་སྣང་སེམས་དང་གཞན་དུ་མ་གྲུབ་པར་ཐག་ཆོད་པས་འཁོར་བར་སྐྱེ་བའི་ཡུལ་སྟོངས་པའོ། །ཡང་སྣང་འཛིན་སེམས་དེ་གཞི་མེད་དུ་ངོ་སྤྲད། གཞི་མེད་སྟོང་པའི་རང་འགྲོས་སུ་ངོ་སྤྲད། རང་འགྲོས་རྗེས་མེད་ཡེ་སངས་སུ་ངོ་སྤྲད་པས། འཁོར་མཁན་རང་སེམས་གཞི་མེད་དུ་སངས་ནས་ཁམས་གསུམ་མིང་མེད་ཆོས་ཉིད་དུ་ལ་ཟློས་པ་སྟེ། རྩལ་རྫོགས་ལས། འདུ་ཤེས་ཡུལ་དུ་མེད་པ་ཆོས་ཉིད་ཞི་བའི་ངང༌། །སྣང་བ་རང་ལ་ཡས་པའི་རང་སྣང་དངོས་མེད་ཉིད། །སྣང་པའི་སེམས་བྲལ་ཆོས་ཉིད་རང་གི་དོན། །སྤྲོ་བསྡུ་མ་བྱེད་རང་གི་ཡུལ་ལྟོས། །ཞེས་སོ། །འདིར་ཁ་ཅིག་སྣང་བ་སེམས་སུ་ངོ་སྤྲད། སེམས་སྟོང་པར་ངོ་སྤྲོད་ཅིང༌། ངོ་སྤྲོད་སྤྲས་པ་ལས། ཨེ་མ་ཧོ་སྣང་བ་སེམས་སུ་ངོ་སྤྲད་པས་སེམས་ལ་བྱན་ཚུད། སེམས་ཉིད་སྟོང་པར་ངོ་སྤྲད་པས་སྟོང་པ་བདེ་བའི་རྒྱས་གདབ། སྟོང་པ་རིག་པར་ངོ་སྤྲད་པས། རིག་པ་ཉིད་དབྱིངས་དང་གཉིས་སུ་མེད་པ་དེ་ཁོ་ན་ཆོས་སྐུའོ་ཞེས་པ་ཚིག་ལ་དོན་རང་མཚན་དུ་ཞེན་པར་སྣང་སྟེ། འདི་ལ་དགོངས་གཞི། དགོས་ཆེད། དངོས་ལ་གནོད་བྱེད་ཀྱི་ཚད་མ་དང་གསུམ་ཡོད་པས་སྙིང་ཏིག་གི་དགོངས་པའི་ཕྱོགས་ལ་མི་ཉེ་བ་ཡིན་ནོ། །དགོངས་གཞི་ནི། ཕྱི་ཡུལ་ལ་དོན་གཞན་དུ་མེད་པར་འཛིན་པ་རྣམས་དྲང་བའི་ཕྱིར་དེ་སྐད་གསུངས་ཏེ། རང་ཤར་ལས། ལ་ལར་སྣང་བ་སེམས་སུ་བསྟན། །ཅེས་སོ། །དེའང་སྣང་བ་གཞན་དུ་མེད་སེམས་འཁྲུལ་པ་ལ་སྣང་བ་ཡིན་པ་ཙམ་ནས་བཏགས་སོ། །དགོས་ཆེད་ནི་ཕྱི་དོན་དུ་ཞེན་པ་སྤང་བ་ཙམ་མོ། །དངོས་ལ་གནོད་བྱེད་ནི། སྣང་བ་སེམས་ཡིན་ན་སེམས་ལ་ཁ་དོག་དང་དབྱིབས་ལ་སོགས་པར་མིག་སོགས་དབང་པོས་ངེས་པར་ཐལ་ཏེ་སྣང་བ་ལ་གཟུགས་སོགས་དབྱིབས་དང་ཁ་དོག་ཏུ་ངེས་པའི་ཕྱིར་དང༌། སྣང་བ་སེམས། སེམས་སྟོང་པ། སྟོང་པ་རིག་པ་ཡིན་ན་དེ་གསུམ་ཕན་ཚུན་འཆོལ་བས། རིག་པ་འཁྲུལ་པར་ཐལ་བ་དང༌། སྣང་བ་མིག་ལ་སོགས་པས་མི་མཐོང་བར་ཐལ་བ་དང༌། སེམས་མ་འཁྲུལ་པར་ཐལ་བ་སྟེ། དེ་གསུམ་ངོ་བོ་རྫས་གཅིག་ཡིན་པའི་ཕྱིར་རོ། །འདིའི་ཁྱད་སྔར་ཞིབ་ཏུ་བཤད་ལ། སྣང་བ་སེམས་ཀྱི་རྣལ་འབྱོར་དུ་བྱེད་པའི་མི་གྲོལ་བར། རང་ཤར་ལས། སྣང་བ་སེམས་ཀྱི་རྣལ་འབྱོར་ནི། །ཐམས་ཅད་ང་ཡི་སེམས་ལས་བྱུང༌། །སེམས་ཉིད་རྟོགས་ན་ཅི་བྱར་ཡོད། །དེ་སྐད་ཀུན་ཏུ་རྗོད་བྱེད་པ། །ང་ཡིས་གྲོལ་བར་མ་བཤད་དོ། །ཞེས་པའི་ལུང་གིས་ཀྱང་གནོད་ལ། སེམས་མེད་པར་རྟོགས་དུས་སྣང་བ་མེད་པར་ཐལ་ལ། སེམས་འགགས་དུས་སྣང་བ་དུས་དེར་འགག་པར་ཐལ་བ་ལས། སེམས་མེད་པའི་སྐབས་སུ་སྣང་བ་འདུག་པས་ཀྱང་གནོད་དོ། །སེམས་མེད་པ་ལ་གནས་སྐབས་ལྔ་ཡོད་དེ། དབུས་མཐའ་ལས། སེམས་མེད་གཉིད་དང་བརྒྱལ་བ་དང༌། །སྙོམ་པར་འཇུག་པ་རྣམ་གཉིས་དང༌། །རྟག་ཏུ་འདུ་ཤེས་མེད་པའོ། །ཞེས་སོ། །མདོར་བསྡུ་ན། སྣང་བ་སེམས་སུ་འདོད་པ་འདི་ལོག་རྟོག་གི་མུན་པ་ཆེན་པོ་ཡིན་པས་བསལ་དགོས་སོ། །གསུམ་པ་ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་སྣང་བ་ལ་དགག་སྒྲུབ་མེད་པའི་གདམས་ངག་ནི། ཕྱི་ཡུལ་ལྔ་མེད་སྟོང་པ་རང་དག་ཆུའི་ཟླ་་འདྲ་བས་སྦྱང་མི་དགོས། ནང་ཡིད་ཀྱི་དྲན་རྟོག་རང་ཡལ་རྗེས་མེད་ཡིན་པས་འབད་རྩོལ་གཉིས་གཉེན་པོས་འཇིག་མི་དགོས། སྣང་སེམས་ཡེ་གྲོལ་ལྷུག་པ་ལ་སྤང་བླང་གི་སྒྲོ་མི་དགོས། རིག་པ་ཟང་ཀ་གཅེར་བུ་ལ་སྤྲོས་པའི་གོས་མི་བསྐོན་པར་ཤིགས་སེ་བུན་ནེ་ཁྲེས་སེ་རྗེས་མེད་མཉམ་པ་ཆེན་པོར་ཁོང་གློད་ནས། སྒོ་ལྔ་རང་བྱུང་ཡེ་གདངས་སུ་འཁྲོལ་དུ་འཇུག་པ་སྟེ། དེའང་ནང་རང་གསལ་གྱི་ངོ་བོ་རིག་པ་རྗེན་ལ་བུད་ནས། དེའི་ངང་ནས་དྲན་བསམ་བཟང་ངན་ཅི་ཤར་ཡང་རིས་མེད་རང་བྱུང་ཡེ་ཤེས་ཀྱི་རང་གདངས་སུ་ཤེས་པས་རྗེས་མི་བསྙེག་པར། སྣང་སེམས་ཁྲལ་མ་ཁྲོལ། སང་མ་སེང༌། འལ་མ་འོལ་གྱི་ཡོ་ལང་དུ་རྒྱ་ཕྱམ་ལ་བཏང་ན་ཀུན་ཏུ་བཟང་པོའི་དགོངས་པ་ཀློང་དུ་རང་ཤར་བ་སྟེ། ཀློང་དྲུག་པ་ལས། སེམས་ཅན་ཀུན་གྱི་རང་སྣང་ཆེ། །གཞན་ནས་བཙལ་བའི་གནས་མེད་དོ། །རང་གི་མཐུ་ཡིས་རང་རིག་པས། །སྟོང་གསུམ་འཇིག་རྟེན་གང་ནས་ཀྱང༌། །དེ་ཉིད་བཙལ་ཀྱང་རྙེད་གནས་མེད། །འཇིག་རྟེན་ཀུན་གྱི་སྤྱོད་ཡུལ་ནི། །དེ་ཉིད་སྣང་བའི་རང་བཞིན་ལ། །སུས་ཀྱང་མཐོང་བ་མེད་པ་ཡི། །སྣང་བ་རང་བཞིན་བདེ་བའི་ཞིང༌། །འདི་ལ་སྒོམས་པའི་རྣལ་འབྱོར་པས། །ཀུན་ཏུ་བཟང་པོ་ང་ཡི་སྐུ། །སྐལ་དང་ལྡན་པ་འདི་ཡིས་མཐོང༌། །ཞེས་པ་དང༌། ཡང༌། ཡུལ་ལ་རྐྱེན་རྟོག་རང་ཤར་ཚེ། །འདི་ཀུན་རང་བཞིན་མེད་ཤེས་ན། །སྣང་བ་ཐམས་ཅད་སྒྱུ་མའམ། །རྨི་ལམ་དང་ནི་གཟུགས་བརྙན་ལྟར། །མི་རྟོག་གཟུགས་བརྙན་ཆེན་པོའི་ཉམས། །སུ་ཡི་རྒྱུད་ལ་ཤར་བ་དེ། ། | དེ་ལྟར་ལམ་དངོས་བསྟན་ནས། ད་ནི་ལམ་གྱི་ཁྱད་པར་དབང་པོ་ཡང་རབ་རྣམས་མ་བསྒོམས་པར་གྲོལ་བའི་ཐབས་མཆོག་ཏུ་གསང་བ་ཁྲེགས་ཆོད་ཀྱི་མན་ངག་གཏན་ལ་དབབ་པ་ལ་གསུམ་སྟེ། ངོ་རང་ཐོག་ཏུ་དབབ་པས་ལ་བཟླ། ཐག་ཚིག་ཐོག་ཏུ་བཅད་པས་ཆིངས་བསྡམ། གདེང་གྲོལ་ཐོག་ཏུ་བཅད་པས་འཕྲང་བསལ་བའོ། །དང་པོ་ལ་གསུམ་སྟེ། རང་བཞིན་རྫོགས་པ་ཆེན་པོ་སྤང་བླང་བྱ་རྩོལ་ལས་འདས་པའི་གཤིས་ནམ་མཁའ་ལྟ་བུར་གཏན་ལ་དབབ་པ། ཆོས་ཟད་བློ་འདས་ཀྱི་དགོངས་པ་ཟང་ཐལ་རྗེན་པའི་ཡེ་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ། ལྷུན་མཉམ་ཡངས་པ་ཆེན་པོའི་ཀློང་དུ་ཐམས་ཅད་ཡེ་ནས་འདས་ཟིན་པས་བཅིངས་གྲོལ་སྤང་བླང་མེད་པའི་ངང་དུ་འཁོར་འདས་མིང་མེད་ཆེན་པོར་ལ་བཟླ་བའོ། །དང་པོ་ལ་གསུམ་སྟེ། རང་བཞིན་རྫོགས་པ་ཆེན་པོ་བྱར་མེད་ནམ་མཁའ་ལྟ་བུའི་དོན་སྤྱིར་བསྟན་པ། འཆིང་གྲོལ་གཉིས་སུ་མེད་པའི་རང་སེམས་སྟོང་པ་རྩ་བྲལ་ཆེན་པོར་ཐག་བཅད་པ། ཡུལ་སྣང་བློའི་མེ་ལོང་ཚོགས་དྲུག་མཉམ་པ་ཆེན་པོར་ཁྱབ་གདལ་བའོ། །དང་པོ་ནི། ཕྱི་སྣང་བ་ནང་རིག་པ་བར་གཟུང་འཛིན་སྣང་རྟགས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་སྟོང་ཡོངས་སྟོང་ཆེན་པོ། སྣང་སྟོང་བློས་སྟོང་ཆེན་པོ། དག་སྟོང་གྲོལ་སྟོང་ཆེན་པོ། ཡོད་མ་མྱོང་མེད་མ་མྱོང༌། བདེན་མ་མྱོང༌། བརྫུན་མ་མྱོང༌། འཁྲུལ་མ་མྱོང་གྲོལ་མ་མྱོང༌། འཁོར་མ་མྱོང༌། འདས་མ་མྱོང༌། ཡིན་མ་མྱོང་མིན་མ་མྱོང༌། སྣང་མ་མྱོང་སྟོང་མ་མྱོང༌། ཐམས་ཅད་མཉམ་གདལ། ཁྱབ་པ་ཕྱམ་གདལ། ཡིན་མིན་ཕྱོགས་གདལ། ཡོད་མེད་སྣང་གདལ། མི་གཡོ་མཉམ་གདལ། ལྷུན་མཉམ་ཡེ་གདལ། ངང་མཉམ་གཞི་གདལ། ཡངས་པ། ཕྱམ་པ། སངས་པ། གྲོལ་བ། ཟད་པ། སྟོངས་པ། ཕྱམ་ཕྱལ་ཧར་སངས། ཁྱབ་གདལ་ཡེར་སངས། ལྷུན་མཉམ་དབྱིངས་སངས། ངག་གདལ་མཉམ་སངས་མི་གཡོ། མི་འགུལ། མི་གནས། མི་ལེན། མི་འགྲོ། མི་འོང༌། མི་བསམ། མི་རྟོག མི་དམིགས། མི་མཉམ། མི་འགྱུར་བ་སྟེ། སྔར་འཁྲུལ་མ་མྱོང༌། ད་ལྟ་འཁྲུལ་པ་ལ་མི་གནས། མཐར་འཁྲུལ་མི་སྲིད། སྔར་གྲོལ་མ་མྱོང༌། ད་ལྟ་གྲོལ་བར་མི་འཇུག །མཐར་གྲོལ་མི་སྲིད། སྔར་འདས་པ་མེད། ད་ལྟ་གནས་པ་མེད། མ་འོངས་པ་འབྱུང་དུ་མེད། རིས་མེད་ཕྱམ་སངས་སྟོང་པ། གནས་ལུགས་ཀྱི་གཞི་མེད། ཡིན་ལུགས་ཀྱི་ལམ་མེད། གྲོལ་ལུགས་ཀྱི་འབྲས་བུ་མེད། ལྟ་སྒོམ་གྱི་མིང་མེད། ཕྱོགས་རིས་ཀྱི་ཆོས་མེད། ཡོད་མེད་ཀྱི་མཐའ་མེད། ནམ་མཁའི་དབྱིངས་མེད། བྱ་རྩོལ་ལས་འདས་པའི་ཡེ་སངས། ལྟ་སྒོམ་ལས་འདས་པའི་ཡང་སངས། དམིགས་བསམ་ལས་འདས་པའི་གྲོལ་སངས། ཕྱོགས་འབྱམས་མིང་མེད་སངས་པར་ལ་བཟླ་བ། །བལྟར་མེད་བལྟས་པ་མེད། ལྟ་བྱེད་མེད། བལྟས་པས་མི་མཐོང༌། བསྒོམ་དུ་མེད། བསྒོམས་པ་མེད། བསྒོམ་ལས་འདས། བསྒོམས་ཀྱང་མི་གྲོལ། དཔྱད་དུ་མེད། དཔྱོད་པ་མེད། དཔྱད་མི་དགོས། དཔྱད་ཀྱང་ངལ་བ་དོན་མེད། བསྒྲུབ་མི་དགོས། གྲུབ་ཟིན། བསྒྲུབ་ཏུ་མེད། བསྒྲུབས་ཀྱང་མི་འགྲུབ། བསྒྲུབས་པ་ལ་དགོས་པ་མེད། བྱ་བ་མེད། བྱེད་པ་མེད། བྱས་ཟིན། བྱ་བ་ལས་འདས། བྱས་ཀྱང་ཚི་ཆད། བྱ་མི་དགོས། ཆོས་ལ་བྱར་མེད། བྱས་པས་ཆོས་མ་ཡིན། མི་བྱ་བ་བསྒྲུབ་ཏུ་མེད། འཁོར་བ་མི་སྤོང༌། འདས་པ་མི་ལེན། བསྒྲུབ་པ་ཕྱོགས་གཞག །ཡེ་མཉམ་ཕྱ་གདལ་གཉུག་མ་མིང་མེད། གང་སྣང་ས་ནས་གཞི་མེད་ཡེ་སངས་སུ་འདུག་པས་འཆིང་གྲོལ་འབད་རྩོལ་རང་ཞིག གང་ཤར་ས་ནས་ཡེ་དག་རང་སྟོང་གདལ་བས་ཕྱམ་གཞག་རིས་མེད་ཕྱལ་བ། གང་སངས་ས་ནས་རྗེས་མེད་རང་དག་ཡེ་སྟོང་དུ་འདུག་པས་ཕྱམ་མཉམ་པར་མེད་ཕྱལ་བར་འབད་རྩོལ་ཞིག་པའི་རང་སེམས་བྱ་བ་མེད་པར་ཁོང་དལ་བས། རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་སུ་ཆོས་ཐམས་ཅད་ཡེ་ནས་རང་ཤར་རོ་ཞེས་རང་གིས་རྟོགས་པའི་དོན་ལུང་དང་སྦྱར་བ་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། རང་བཞིན་རྫོགས་པ་ཆེན་པོ་ཡི། །དོན་ཀུན་བློ་ཡི་དཀྱིལ་དུ་ཚུད། །མི་སྣང་ཡུལ་མེད་རྟོག་པ་ཡང༌། །མ་བཅད་རང་ས་ཉིད་དུ་ཆོད། །འཁྲུལ་མ་མྱོང་བའི་མ་རིག་བརྩད། །མ་བརྟགས་ཡེ་ནས་ཆོད་ནས་འདུག །གོང་དུ་འདི་ཀུན་སུས་མ་ཚོར། །རགས་པའི་འབྱུང་བ་འདི་ཀུན་ཡང༌། །ཐོག་མ་ཉིད་ནས་རང་དེངས་པར། །འགྲོ་བའི་གནས་མེད་རང་སོང་བས། །རང་ལུས་ཡེ་ནས་མེད་པར་ནི། །སྔ་ཕྱི་མེད་པར་འདིར་ཡང་རིག །འདི་ཀུན་དུས་མེད་ཡངས་དུས་པས། །གཅིག་དང་གཉིས་དང་དྲུག་གསུམ་གྱིས། །སྣང་མེད་སྣང་དང་ཡང་ཕྱེད་སྣང༌། །མི་སྣང་མཛད་པའི་རང་སྒྲར་ཡང༌། །ས་འཛིན་ས་ལས་འདས་པར་ནི། །ཡེ་ནས་འདུག་པ་སུས་མ་ཚོར། །བགྲོད་དུ་ཡེ་ནས་མེད་པ་ཡི། །ལམ་འདི་ཡེ་ནས་ཉེ་བར་ནི། །འདི་ཡང་རང་ལས་ཡེ་འདུག་པ། །སྔར་མ་མཐོང་སྟེ་རང་རིག་རྟུལ། །མི་གནས་བསམ་གཏན་དགོངས་པ་ནི། །བསྒོམ་པ་མེད་པར་ཡེ་འདུག་པ། །འདི་ཡང་གང་གིས་སྔར་མ་རིག །བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ཉིད་ལ། །འདི་ཀུན་རང་གིས་རང་སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག །བདག་རྟོག་བཅིངས་པའི་ཉོན་མོངས་ལྔ། །ཡེ་ནས་རིག་པ་རང་ཤར་བར། །ལྷན་ཅིག་གནས་པ་ཞལ་མ་འཚོ། །ས་ཆུ་མེ་རླུང་འབྱུང་བ་བཞི། །ཡེ་ནས་རང་གི་ལུས་ཡིན་པར། །སུས་མ་མཐོང་བ་མིག་རེ་རྟུལ། །ཡང་གསང་འདུས་པའི་གནས་ངག་བཅུད། །བར་མཚམས་མེད་པར་རང་གྲགས་པ། །གང་གི་འདི་ཉིད་མ་ཐོས་པ། །རྣ་བའི་དབང་པོ་མེད་དམ་ཅི། །རང་གནས་དབྱིངས་དང་རིག་པའི་དྲི། །བྲལ་བའི་སྐབས་མེད་རང་འཁོར་བ། །ཚོར་མ་མྱོང་བ་སྣ་འགགས་སམ། །བཅུད་གསུམ་མན་ངག་གཅིག་དྲིལ་རོ། །ཡེ་ནས་ལུས་སེམས་བཅུད་ཡིན་པ། །འདི་ཉིད་མ་མྱོང་ལྕེ་ཆད་དམ། །སྣང་བ་རང་དག་ཁ་དོག་རྒྱན། །རང་གི་ལུས་དང་འབྲལ་མེད་པར། །ལུས་དང་གྲིབ་མ་བཞིན་དུ་ནི། །ཉིན་དང་མཚན་མོ་མེད་འདུག་པ། །སུས་ཀྱང་མ་རེག་ལུས་བེམས་སམ། །སྡུག་བསྔལ་ཕྱལ་འདེབས་བདེ་བའི་ཆོས། །བརྗེད་པ་མེད་པར་རང་གནས་པ། །སུས་མ་ཤེས་པ་བློ་རེ་རྟུལ། །འཁོར་བའི་བག་ཆགས་ཡང་བརྩེགས་པ། །ཡེ་ནས་ཆོས་ཀྱི་སྐུར་འདུག་པ། །གང་གིས་མ་མཐོང་སྙིང་རྗེའི་གནས། །དབང་པོ་བདག་རྟོག་ཡུལ་ཤར་ནས། དྲན་བསམ་འགྱུ་བ་སྣ་ཚོགས་རྣམས། །ཡེ་ནས་ལོངས་སྐུར་རང་ཤར་བ། །འདི་ཀུན་མ་དྲན་བརྗེད་རེ་ངས། །བྱ་བྱེད་སྤྱོད་པ་རྩོལ་སྒྲུབ་དང༌། །སྐྱེ་བོ་འདུས་པའི་ཅ་ཅོ་ཀུན། །ཡེ་ནས་སྤྲུལ་པའི་སྐུ་ཡིན་པར། །སུས་མ་ཤེས་པ་ཡོང་རེ་རྟུལ། །ཇི་ལྟར་བསམས་དང་དྲན་འགྱུས་པ། །ཆུ་བོའི་རྒྱུན་བཞིན་བར་མེད་པར། །རྟག་ཏུ་རང་གི་ཡིད་འཕྲོག་པ། །རྩོལ་མེད་རང་གཞག་སྒོམ་པར་ནི། །ཉམས་སུ་མ་ཆུད་སེམས་རེ་ཡེངས། །སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང༌། །གྲོང་ཁྱེར་རྒྱུན་གཅོད་ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། །ཞེས་པ་དང༌། ཐལ་འགྱུར་ལས། སྣང་བ་འཁྲུལ་པའི་རང་བཞིན་འདི། །ཡེ་ཤེས་ཡིན་པར་སྔར་མ་མཐོང༌། །རྟོག་བཅས་འཁྲུལ་པའི་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་པའི་རང་རྟོག་རྒྱུན་ཆད་དོ། །དེ་ལྟར་འཁྲུལ་མེད་སྣང་བ་ནི། །ཡེ་ནས་རལ་བའི་གནད་ལས་བྱུང༌། །འགྲོ་བའི་ཕུང་པོ་སངས་རྒྱས་སྐུ། །ཡེ་ནས་ཡིན་པར་སུས་མ་རིག །ཕུང་པོ་སངས་རྒྱས་མངའ་བདག་ཏུ། །རྩ་གནས་ཡི་གེར་གྲུབ་ལས་བྱུང༌། །ཆུ་བུར་མིག་ལ་ཡེ་ཤེས་ནི། །རང་སྣང་ཡིན་པར་སུས་མ་མཐོང༌། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། རང་བཞིན་སྣང་བའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག །གཟུང་འཛིན་མེད་པས་འཁྲུལ་པ་ལོག །འགྱུ་བ་མེད་པས་ལས་རླུང་ལོག །ཟང་ཐལ་ཡིན་པས་དངོས་པོ་ལོག །གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྟོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་བསྒོམ་པ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་མ་མྱོང་བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློས་བརྟགས་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡི་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་ཕྲད་པས་སྤྲུལ་སྐུར་བྱུང༌། །རྟོགས་སུ་ཡོད་པས་ཐབས་སུ་བྱུང༌། །བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །ཞེས་པ་དང༌། ཡང༌། ས་དང་ཕྱོགས་དང་རིས་ལས་འདས། །ཡོད་དང་མེད་དང་ལྟར་སྣང་མེད། །སྒྲ་ཚད་རྣམས་ཀྱི་སྤྱོད་ཡུལ་མིན། །གཅིག་དང་གཉིས་དང་བགྲང་ཡུལ་མེད། །སྟོང་པ་ཆེན་པོར་བབས་ཀྱིས་གྲུབ། །ལུང་དང་རིག་པའི་སྤྱོད་ཡུལ་མིན། །རྒྱུད་དང་མན་ངག་གིས་མི་མཚོན། །ལྟ་དང་སྒོམ་དང་སྤྱོད་པས་ནི། །དེ་ཡི་དོན་རྣམས་ཤེས་མི་འགྱུར། །དེ་དོན་འབྲས་བུར་གྲུབ་པ་མེད། །ཆོས་ཀྱིས་དེ་ཉིད་བསྒྲིབས་པར་འགྱུར། །བསམ་པས་འགྲུབ་པ་མ་ཡིན་ཏེ། །ཤེས་རབ་ཀྱིས་ཀྱང་དཔྱད་དུ་མེད། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་ཡིས། །དེ་ཉིད་གནོད་དང་ཕན་འབྲས་བྲལ། །ཐོས་དང་བསམ་དང་སྒོམ་པས་ནི། །མཆོག་ཏུ་བརྟགས་ཀྱང་དེ་མི་མཐོང༌། །དེ་ལ་དཀྱིལ་འཁོར་ཡོད་པ་མིན། །ལྷ་མེད་བསྐྱེད་པའི་ས་བོན་མེད། །སྔགས་དང་ཕྱག་རྒྱས་ཅི་ཞིག་བྱ། །མཆོད་པ་ལ་སོགས་སྤྲོ་མི་དགོས། །དབང་དང་དམ་ཚིག་ག་ལ་ཡོད། །བསྙེན་པ་དང་ནི་སྒྲུབ་པ་མེད། །འཁོར་ལོ་སྤྲོ་བ་ཡོད་པ་མིན། །བསྲུང་བ་མེད་ཅིང་བསྲུང་ཡུལ་མེད། །གདོན་དང་གནོད་པའི་ཡུལ་ལས་འདས། །ཞེས་པ་དང༌། རང་ཤར་ལས། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་དང་སྒོམ་དང་སྤྱོད་པ་མེད། །འོན་ཀྱང་ལེགས་བསྟན་ཡིད་ལ་ཟུང༌། །བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །བྱ་བ་དང་ནི་བྱེད་པ་ག་ལ་ཡོད། །སྤྱོད་པ་མེད་པའི་ཆོས་ཉིད་རང་བྱུང་འདི། །གང་གི་ཕྱོགས་སུ་མ་ལྷུང་ནམ་མཁའ་བཞིན། །ཡོད་པ་མ་ཡིན་སྟོང་པ་གཅིག་པུ་ཉིད། །མེད་པ་མ་ཡིན་ཡང་དག་བདེ་བའི་སྐུ། །བྱས་པ་མ་ཡིན་རང་བྱུང་རྟོག་མེད་ཉིད། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །བསྒོམ་པའི་ཆོས་ཉིད་ག་ལ་ཡོད། །བཏང་དང་བཞག་པ་མེད་པའི་ཆོས། །བསྒོམས་དང་མ་བསྒོས་མཐའ་ལས་གྲོལ། །འཛིན་མེད་སེམས་ཀྱི་དྲི་མ་ཅི། །ཡང་དག་རིག་པ་དྲི་མ་མེད། །དྲི་མེད་དག་པའི་ཆོས་སྐུ་ལ། །བསྒོམ་དང་བསྒོམ་པར་བྱ་བ་མེད། །བསྒོམས་པས་ཡང་དག་ཉིད་མི་རྙེད། །རྙེད་ན་རང་རིག་མེད་པར་འགྱུར། །ཅི་ཕྱིར་རང་རིག་ཡེ་ཤེས་ལ། །ཡེངས་དང་མ་ཡེངས་མེད་པའི་ཕྱིར། །གང་ལ་འཛིན་པ་ཡོད་པ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། ཅེས་པ་དང༌། ཡང༌། དེ་ཡང་ཆོས་རྣམས་འདི་ལྟ་སྟེ། །སྐྱེ་བ་མེད་པས་འགག་པ་མེད། །འཛིན་པ་མེད་པས་རང་སར་གྲོལ། །དམིགས་པ་མེད་པས་སྤྲོས་པ་མེད། །བྱས་པས་མ་བྱུང་ཀུན་ལ་ཡོད། །འདུས་མ་བྱས་པས་རྣམ་དག་དབྱིངས། །འཛིན་པའི་ཐ་སྙད་ཆོས་དང་བྲལ། །རང་བཞིན་མེད་པས་བརྗོད་དང་བྲལ། །ཅེས་པ་དང༌། ནོར་བུ་འཕྲ་བཀོད་ལས། ཧ་ཧ། ཆོས་མེད་པ་ལས་ཆོས་ཉིད་འབྱུང༌། །ཡུལ་མེད་པ་ལས་ཡུལ་ལྟར་སྣང༌། །ཆོས་མེད་ཤེས་རབ་ཁོང་གསལ་བས། །དྲན་མེད་ཡུལ་དུ་མེད་པའོ། །ཞེས་པ་དང༌། སེང་གེ་རྩལ་རྫོགས་ལས། འཛིན་ཆགས་མེད་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་མཆོག །སོ་སོར་རྟོག་དང་མཚན་མ་ཚིག་གི་ལམ། །བྱ་རྩོལ་མེད་པའི་ཆོས་ཉིད་རང་སར་དག །འུབ་ཆུབ་ཏིང་འཛིན་ཆོས་ཉིད་ཡུལ་ལ་འཇུག །དག་དང་མ་དག་ཐ་སྙད་ཆོས་སུ་མེད། །གཅིག་དང་གཉིས་ལས་འདས་པའི་ཡེ་གནས་དོན། །རང་ལུས་ངང་དུ་ཐིག་ལེ་གཅིག་གིས་འུབ། །ཅེས་པ་དང༌། ཀློང་དྲུག་པ་ལས། མཐའ་མེད་དབུས་སུ་དམིགས་པ་མེད། །བསམ་པ་མེད་ཅིང་ཡུལ་རྣམས་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཆོས་མེད་བཏགས་པ་ཀུན་ལས་འདས། །དགྲ་མེད་བཤེས་ཀྱང་ཡོད་པ་མིན། །ལུས་མེད་དབང་པོར་སྣང་བ་མེད། །ཆོས་ནི་བསམས་པས་མི་སྣང་སྟེ། །གང་མེད་གང་དུ་འཛིན་པ་མེད། །ང་མེད་ང་ཡི་འཁོར་ཀྱང་མེད། །དབྱིངས་མེད་རིག་པའི་སྐུ་ཡང་མེད། །དགེ་མེད་སྡིག་པའི་རྣམ་སྨིན་མེད། །སྲོག་མེད་བཅད་པའི་དམིགས་པ་མེད། །ཚོགས་མེད་བསག་པའི་ཡུལ་ཡང་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །གནས་མེད་སྟོང་པ་ཉིད་ཀྱང་མེད། །ཅེས་པ་དང༌། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། །བྱ་ཆུབ་སྙིང་པོ་གོལ་སྒྲིབ་མེད་པ་ལ། །གོལ་དང་སྒྲིབ་པར་འཛིན་པར་ག་ལ་ཡོད། །གོལ་མེད་སྒྲིབ་པ་ཐམས་ཅད་ཡོངས་ཀྱིས་མེད། །ཆོས་ཀྱི་སྐུ་ནི་སྒྲིབ་དང་བྲལ་བ་ལ། །གོལ་སྒྲིབ་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཆོས་སྐུ་མ་སྐྱེས་རང་ལས་བྱུང་བ་ལ། །གཞན་ནས་འོང་དུ་རེ་བ་ཡོང་རེ་འཁྲུལ། །སྐྱེ་མེད་བསམ་དང་བྲལ་བའི་རིག་པ་ལ། །ཚིག་དང་ཡི་གེར་བསྟན་པ་འོ་རེ་བརྒྱལ། །ཅེས་པ་དང༌། ཡི་གེ་མེད་པ་ལས། བྱས་པ་མ་ཡིན་བྱེད་མཁན་ག་ལ་ཡོད། །བཅོས་པ་མ་ཡིན་བཅོས་པའི་བདག་པོ་མེད། །ལྟ་བ་མ་ཡིན་ལྟ་བྱེད་ཆོས་དང་བྲལ། །མཐོང་བ་མ་ཡིན་མཐོང་བྱེད་རྣམ་པར་གསལ། སྣང་བྱེད་མ་ཡིན་སྣང་བའི་ཕྱོགས་དང་བྲལ། །བྲི་བ་མ་ཡིན་ཐོགས་མེད་ཕྱོགས་བཅུར་ཁྱབ། །རྩོལ་བ་མ་ཡིན་རྩོལ་སྒྲུབ་ཆོས་དང་བྲལ། །གཅིག་པུ་མ་ཡིན་དུ་མའི་ཆོས་དང་བྲལ། །ཕྱི་དང་ནང་མེད་ཕྱི་ནང་མེད་པར་གསལ། །ཅེས་པ་དང༌། ཐུན་མོང་གི་གསང་བ་སྒྱུ་འཕྲུལ་ལས་ཀྱང༌། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །གནས་པ་མེད་ལས་ཐམས་ཅད་གནས། །གནས་ཙམ་ཉིད་ནས་གནས་པ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །འགྲོ་འོང་མེད་ལས་འགྲོ་དང་འོང༌། །འགྲོ་འོང་ཉིད་ནས་འགྲོ་འོང་མེད། །ཅེས་པ་དང༌། དཀོན་མཆོག་ཏ་ལ་ལའི་མདོ་ལས་ཀྱང༌། །དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ། །མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པས་ན། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་པ་དང༌། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་ཀྱང༌། ནམ་ཞིག་འཇིག་རྟེན་ཁམས་འདི་བྱུང་བ་དང༌། །བྱུང་ནས་ཞིག་སྟེ་སྟོང་པར་གནས་པ་ན། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང༌། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། མ་རིག་ནམ་མཁའ་ཇི་བཞིན་ཏེ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །རྟེན་མེད་གནས་མེད་ལེན་པ་མེད། །སྤྲུལ་འདྲ་ཡོངས་སུ་ཤེས་པར་གྱིས། །ཞེས་པ་དང༌། གསང་འདུས་ལས། དངོས་པོ་འདི་རྣམས་མ་སྐྱེས་པ། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུར་བདག་མེད་པའི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་རྒྱ་ཆེར་གསུངས་སོ། །གཉིས་པ་འཆིང་གྲོལ་གཉིས་སུ་མེད་པའི་རང་སེམས་སྟོང་པ་རྩ་བྲལ་ཆེན་པོར་ཐག་བཅད་པ་ལ་གཉིས་ཏེ། བྱུང་གནས་འགྲོ་གསུམ་གྱིས་བརྟགས་པས་སྤྱིར་བསྟན་པ་དང༌། གཅིག་དང་ཐ་དད་ལ་བརྟགས་པས་བྱེ་བྲག་ཏུ་ངེས་པར་བྱ་བའོ། །དང་པོ་ནི། གཤིས་མཐའ་གྲོལ་ནམ་མཁའ་ལྟ་བུ་ཡིན་མོད་ཀྱི། རང་གིས་ནང་དུ་མ་བརྟགས་ན་ཡིན་སྙམ་ཡིད་དཔྱོད་ལ་ལུས་པས་སྟོང་བསྒོམ་མུན་རྡོ་ལྟར་སོང་ནས། ཟང་ཐལ་རྗེན་པར་མི་རྟོག་པས་འཁོར་འདས་ཀྱི་ཤན་ཐང་མི་ཕྱེད་པའི་ཕྱིར། རྟོགས་པ་ངེས་ཤེས་སུ་འཆར་བ་ལ་སོ་སོར་རྟོག་པའི་ཤེས་རབ་དགོས་ཏེ། ཡི་གེ་མེད་པ་ལས། རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང༌། ཆོས་ཀྱི་་མན་ངག་ལ་ཐུག་ཅེས་གསུངས་པས། འདིར་བླ་མའི་མན་ངག་གིས་རྟོགས་པར་བྱ་བ་ལ་གསུམ་སྟེ། བྱུང་ས་བྱུང་མཁན་ལ་བརྟག་པ། གནས་ས་གནས་མཁན་ལ་བརྟག་པ། འགྲོ་ས་འགྲོ་མཁན་ལ་བརྟག་པའོ། །དང་པོ་ལ་གཉིས་ལས། བྱུང་ས་ཕྱི་སྣ་ཚོགས་ཡུལ་དུ་སྣང་བ་དང༌། ནང་ཕུང་པོ་གཟུགས་སུ་སྣང་བ་སྟེ། སེམས་དེ་གཉིས་གང་རུང་ལ་འཆར་དུས། ཕྱི་རུ་ཤར་ན་ཕྱིའི་ཡུལ། ནང་དུ་ཤར་ན་ནང་གི་ལུས། །ཚལ་པ་ཚལ་པར་ཕྱེ་ལ་རྡུལ་ཕྲན་ཆ་མེད་དུ་བརྟགས་པས། བྱུང་སའི་སྣང་ཡུལ་མེད་པར་མཐོང་དུས་དེ་ལས་སེམས་མ་བྱུང་བར་ངོ་ཤེས་པས་གཟུང་བ་ཡུལ་དུ་འཛིན་པའི་རྟོག་པ་གཞི་མེད་རྩ་བྲལ་ཆེན་པོར་ཐག་ཆོད། བྱུང་མཁན་ཤ་ར་ར་འོ་ལ་ལའི་སེམས་དང་སེམས་བྱུང་ཁོ་རང་ལས་ཁོ་རང་བྱུང་ན་སྐད་ཅིག་གི་ཤེས་པ་རྫས་གཉིས་སུ་འགྱུར་ལ། ཁོ་རང་ལས་གཞན་ལས་མ་བྱུང་བར་དཔྱད་ཟིན་པས། ད་བྱུང་ས་དེ་རང་བྱུང་དུ་བྱུང་ངམ་སྙམ་ན། ཁ་དོག་དང༌། དབྱིབས་དང༌། རྟགས་དང༌། མཚན་མ་དང༌། ཆེ་ཆུང་དང༌། ཕྱོགས་ཆ་ལ་སོགས་པ་ཅི་འདུག་བརྟགས་པས་གང་དུའང་མི་འདུག་སྟེ། བློས་བརྟགས་པ་ཙམ་གཞི་མེད་ཧར་སང་ཡེ་དག་ཏུ་སོང་དུས། ནང་འཛིན་པའི་རྟོག་པ་གཞི་མེད་ནམ་མཁའ་ལྟ་བུར་རང་གིས་རྟོགས་པས། ཆོས་དང་ཆོས་ཉིད་དུ་སྣང་བའི་གཟུང་འཛིན་ཐམས་ཅད་ཡུལ་མེད་རྟེན་བྲལ་ཆེན་པོར་དུས་དེའི་ཚེ་རྟོགས་པས། སེམས་དང་པོ་སྐྱེ་བ་མེད་པར་ཡེ་ནས་འདུག་པ་ལ་དེ་རིང་རྟོགས་པས་ཆོས་སྐུ་སྤྲོས་བྲལ་ཆེན་པོའི་དོན་ཁོང་དུ་ཆུད་པའོ། །གཉིས་པ་བར་དུ་གནས་ས་དང་གནས་མཁན། གསུམ་པ་ཐ་མར་འགྲོ་ས་དང་འགྲོ་མཁན་གཉིས་ཀྱང་དེ་ཁོ་ན་ལྟར་བཤིག་ནས་བརྟགས་པས། ལོངས་སྐུ་རང་གསལ་ཆེན་པོ་དང༌། སྤྲུལ་སྐུ་རང་གྲོལ་རང་ཤར་གྱི་དགོངས་པ་ལ་རེག་སྟེ། ཕྱི་ནང་ཡུལ་མེད་རིག་པ་རྟེན་མེད། གཟུང་འཛིན་གཞི་མེད། དགོངས་པ་བར་མེད་མཉམ་པའི་དོན་ཁོང་དུ་ཆུད་ནས། མ་བསྒོམས་ཆུ་བོ་རྒྱུན་གྱི་བསམ་གཏན་རང་སངས་མཉམ་པ་ཆེན་པོར་ཁོང་ནས་འཆར་བ་ནི། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང༌། བར་དུ་གནས་ས་ཐ་མ་འགྲོ་ས། །དེ་ལྟར་གསུམ་ལ་བརྟགས་དཔྱད་པས། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། ཞེས་སོ། །དེའི་ཚེ་ཕྱི་ཡུལ་དུ་སྣང་བ་ཐམས་ཅད་མེད་ལ་སྣང་བ་གཞི་མེད་སང་སེང༌། ནང་སེམས་སུ་རྟོག་པ་ཐམས་ཅད་ཤར་གྲོལ་རྗེས་མེད། སྣང་སེམས་འབྲེལ་མེད་ཟང་ཐལ་ཆེན་པོར་མཐོང་བས་ཆོས་ཟད་ཀྱི་དགོངས་པ་བློ་ཟད་ལ་ཤར་བ་ཞེས་བྱའོ། །འདི་དག་འཕགས་པ་དཀོན་མཆོག་བརྩེགས་པར་གསུངས་ཏེ། འོད་སྲུང་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་རྩོམ་པ། སེམས་དེ་ནི་ཕྱི་ན་ཡང་མི་དམིགས། ནང་ན་ཡང་མི་དམིགས། དེ་གཉིས་ཀའི་བར་ན་ཡང་མེད་ཅིང་མི་དམིགས་ཏེ། སྔོན་པོར་མ་ཡིན། སེར་པོར་མ་ཡིན་ཅེས་བྱ་བ་ལ་སོགས་པ་ནས། དེ་ལ་བརྩོན་འགྲུས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་སོ་ཞེས་པའི་བར་དུ་གསུངས་སོ། །གཉིས་པ་གཅིག་དང་ཐ་དད་པ་བརྟག་པ་ནི། སེམས་ཀྱི་ཁང་བུ་བཤིག་པའི་མན་ངག་སྟེ། དེ་ཡང་སེམས་ཞེས་བྱ་བ་འདི་ཡོད་ན་རྒྱུ་ཅི་ལས་བྱུང་བ་དང༌། མེད་ན་འགྱུ་བ་དང་དྲན་ཤེས་ཀྱི་འཁོར་ལོ་འདི་ཅི་ཡིན་པ་དང༌། དྲན་ཤེས་ཀྱི་རྣམ་པ་འདི་དག་རྐྱེན་གང་ལ་བརྟེན་ནས་བྱུང་བ་དང༌། རྐྱེན་མེད་ན་དྲན་ཤེས་གློ་བུར་བ་འདི་དག་མི་རིགས་པ་དང་ གལ་ཏེ་སེམས་འདི་ལུས་དང་གཅིག་ཏུ་ཡོད་ན་ལུས་འཇིག་དུས་སེངས་ཀྱང་འཇིག་པར་འགྱུར་བ་དང༌། མེད་ན་རྗེས་སུ་འགྲོ་ལྡོག་མ་ངེས་པས་ལུས་ཀྱི་ན་ཚ་སེམས་ཐོག་ཏུ་འོང་བ་དང༌། སྐྱེ་བ་སྔ་ཕྱིའི་འཁོར་ལོ་འོང་བར་མི་རིགས་པ་དང༌། སེམས་ཞེས་བྱ་བ་འདིར་གཅིག་ན་ནི་འགྲོ་བ་གཅིག་གི་དབང་པོ་འགགས་པས་འགྲོ་བ་གཞན་ཡང་འཆི་བར་རིགས་པ་དང༌། གཅིག་མིན་ན་འགྲོ་བའི་གཟུགས་ཐ་དད་པ་ལྟར་འགྲོ་བའི་སེམས་དངོས་པོ་ཐ་དད་པར་རིགས་པ་དང་ཐ་དད་ན་ལུས་གཅིག་གི་ནང་ན་སྲིན་བུ་ལ་སོགས་པའི་སྲོག་ཆགས་དེ་ཀུན། སྐྱེས་བུ་གཅིག་ཚེའི་དུས་བྱས་དུས་འཚོ་བར་རིགས་པ་དང༌། གལ་ཏེ་གཅིག་ཡིན་ན་ལུས་གཅིག་ལ་ཕྱི་ནང་གི་སེམས་ཅན་དཔག་ཏུ་མེད་པ་འོང་བ་འདི་ཅི་ཡིན་པ་དང༌། གལ་ཏེ་སེམས་འདི་ལ་ལྡོག་ས་ཡོད་ན། དང་པོ་རྒྱུ་ཡོད་དགོས་པས། རྒྱུ་ཡོད་ན་འདུས་བྱས་མི་རྟག་པས་སླར་འཇིག་པས་ལས་ལ་བཟང་ངན་མེད་པར་རིགས་པ་དང༌། ལྡོག་པ་མེད་ན་ནི་སེམས་ཅན་གྱི་ཕུང་པོ་དཔག་ཏུ་མེད་པ་འདི་དག་འོང་བར་མི་རིགས་པ་དང༌། སེམས་དེ་སྣ་ཚོགས་པ་ཡིན་ན་ནི་འགྲོ་བ་ལ་རང་གཞན་གྱི་རྟོག་པ་ཐང་ཅིག་ཏུ་འོང་བར་མི་རིགས་པ་དང༌། ཕན་ཚུན་འཆོལ་བས། རང་རྒྱལ་བ་དང༌། མ་ཤི་བ་དང༌། སྡུག་བསྔལ་མེད་པ་དང༌། འཁོར་དང་ལོངས་སྤྱོད་ལ་སོགས་པ་ལྡན་ན་དགའ་བ་དང༌། གཞན་ཕམ་པ་་ལ་སོགས་པ་ཀུན་འདུ་ཤེས་མཐུན་པར་འོང་བ་མི་རིགས་པ་དང༌། གལ་ཏེ་ཐ་དད་པ་ཡིན་ན་ནི། འགྲོ་བ་མང་པོ་ཡོད་པས། འགའ་ཞིག་ལ་གཞན་དང་མཐུན་པར་རང་འཕམ་པ་དགའ་བ་ལ་སོགས་པ་འོང་བར་རིགས་པ་དང༌། གཅིག་ཁོ་ནར་སེམས་པ་ཡིན་ན་ཅི་གཅིག་ཤི་བས་ཀུན་ཤི་བའམ། གཅིག་སྐྱེས་པས་ཀུན་སྐྱེ་བར་རིག་པའམ། དེ་ལྟར་རྣམ་པ་དུ་མའི་སྒོ་ནས་རང་གི་སེམས་ལ་གཅིག་དང་ཐ་དད་ཀྱི་རྒལ་བས་བརྟགས་ཏེ་བཙལ་བས། གང་ཡང་མ་རྙེད་པ་ནི་ཆོས་ཉིད་ཀ་ནས་དག་པའི་དོན་ཤེས་རབ་ཀྱི་དབང་པོས་རྟོགས་པ་སྟེ། སེམས་ལ་རྒྱུ་མེད་དེ་ལྡོག་མི་སྲིད་པས་ལས་ཀྱི་བསགས་པ་ལ་མཐའ་མེད་པར་ཡིད་ཆེས་པ་དང༌། སེམས་ལ་རྒྱུ་ཡོད་ན་འབྲས་བུ་འོང་དགོས་ཏེ། འབྲས་བུ་འཁོར་བ་ཡིན་ན་མ་དག་པས་གྲོལ་མི་སྲིད། འདས་པ་ཡིན་ན་འཁོར་བ་འོང་བར་མི་རིགས། གཉིས་ཀ་ཡིན་ན། འཁོར་འདས་ཐ་དད་པ་ལྟར་སེམས་ཀྱང་ཐ་དད་པར་འགྱུར་ལ། གལ་ཏེ་ཐ་དད་ན། ལུས་སེམས་ཐ་དད་པ་བཞིན་དུ་དྲན་བསམ་གྱི་རིགས་གཅིག་ཏུ་འདུས་པའི་འདོད་པའང་ཐ་དད་དུ་མར་འགྱུར་བ་ལས། རིགས་གཅིག་ཏུ་འདུ་བས་ཤེས་སོ། །ཡང་སེམས་ལ་རྒྱུ་མེད་ན་སེམས་འདི་དག་མི་རིགས་སོ་ཞེ་ན། འདི་དག་ནི་སེམས་ཀྱི་རྒྱུ་ལས་བྱུང་བ་མེད་དེ་བློ་མ་ཡིན་པས། སེམས་ལས་བྱུང་བ་་མ་ཡིན་ན་སེམས་འདི་ཉིད་དུ་གནས་པ་ཙམ་ལ་མ་རྟོགས་པ་མེད་དེ། འདི་དག་ནི་སྐྱེ་བ་དང༌། འཆི་བ་དང༌། གནས་པ་ལ་སོགས་པ་ཟད་པ་ཡང་མ་ཡིན་ལ། འཕེལ་བ་ཡང་མ་ཡིན་པས་ན། ལུང་ལས། མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། ཅེས་པ་དང༌། ཡང༌། སེམས་ཅན་ཁམས་ཀྱི་རང་བཞིན་དེ་ཡང་མ་མཐའ་མེད། །ཅེས་གསུངས་པས་སོ། །དེ་ལྟར་རྒྱུ་མེད་པས་སེམས་ལ་འཕེལ་བ་མེད་པར་ཤེས། འཕེལ་བ་མེད་པས་སྐྱེ་བ་མེད་པར་ཤེས། སྐྱེ་བ་མེད་པས་འཆི་བ་མེད་པར་ཤེས། དེ་ཤེས་པ་ལས་ལ་བའང་ངན་མེད་པར་ཤེས་ཏེ། སྡུད་པ་ལས། ཡོད་ང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། ཞེས་སོ། །དེ་ལྟར་ཡེ་གདོད་མ་ནས་རང་གད་མེད་པར་ཤེས་པས་ན། གཟོད་ནས་དག་པས་སེམས་ཅན་སྐྱེ་བར་ག་ལ་འགྱུར། ཅེས་འབྱུང་བ་ཡིན་ནོ། །དེ་ཡང་སེམས་ལ་རྐྱེན་མེད་པ་སྟེ། ཡོད་ན་སྣང་བ་སྣ་ཚོགས་སུ་སྣང་བ་བཞིན་དུ་སེམས་ཀྱང་རྐྱེན་གྱིས་ཁ་དོག་ལ་སོགས་པ་སྣ་ཚོགས་སུ་འགྱུར་ལ། སེམས་ཐ་དད་དུ་སོང་བས་དྲན་བསམ་གཅིག་ཏུ་མི་རིགས་ལ། སེམས་ལ་རྐྱེན་ཡོད་ན་གཏན་འཇིག་པར་འགྱུར་བས། སེམས་ཀྱི་ལས་འབྲས་མེད་པར་ཐལ་བ་དང༌། སེམས་ཞིག་ཀྱང་དེའི་ལས་ཡོད་ན། ཧ་ཅང་འགལ་ཏེ། ལུས་ཀྱི་ཁ་དོག་དང་སྐྱེ་མཆེད་ལེགས་ཉེས་ཀུན་ལུས་ཞིག་ཀྱང་གནས་སོ་ཞེས་བརྗོད་པ་དང་མཚུངས་སོ། །དེས་ན་སྒྱུ་མ་ལྟར་གནས་པ་ཙམ་གྱིས་གསལ་ལོ། །རྐྱེན་མེད་ན་ད་ལྟ་དྲན་བསམ་སྣ་ཚོགས་པ་འདི་ཅི་ལས་བྱུང་ཞེ་ན། ད་ལྟའི་དྲན་བསམ་འདི་རྐྱེན་ལས་བྱུང་བ་མ་ཡིན་ཏེ། གློ་བུར་བ་མདང་གི་རྨི་ལམ་གྱི་ནོར་བུ་རྙེད་པ་ལ་དགའ་བ་དང་བདེན་པར་འཛིན་པ་ལས། སད་དུ་ཅི་ཡང་མེད་པ་ལྟར། ད་ལྟའི་དྲན་བསམ་ཡང་བདེན་པར་བཟུང་ནས་ཞེན་རུང་དེའི་རྗེས་ལ་ཅི་ཡང་མེད་པས་གནས་སྐབས་ཀྱི་བདེན་བརྫུན་ལྟར་སྣང་བ་ལས་གྲུབ་པ་མེད་དོ། །དཔེར་ན་ནམ་མཁའི་སྤྲིན་སྣ་ཚོགས་གློ་བུར་དུ་འཁྲིགས་པ་དེ་གར་སོང་ཆ་མེད་གློ་བུར་དུ་ཡལ་བ་དང་འདྲ་བར། སྤྲིན་དེ་ནམ་མཁའ་ལ་མེད་ཀྱང་དེའི་ངང་ན་སྣང་བ་ལྟར། རྐྱེན་དང་རྒྱུ་སེམས་ལ་མེད་ཀྱང་སྣང་སྣང་འདྲ་དུས་རྒྱུ་རྐྱེན་མེད་དེ་གཅིག་དང་དུ་མ་དང་དུས་གསུམ་གྱི་བརྟགས་པས་མེད་པར་ངེས་ཏེ། རྩ་བ་ཤེས་རབ་ལས། ས་བོན་ཞིག་དང་མ་ཞིག་ལས། །མྱུ་གུ་སྐྱེ་བ་མ་ཡིན་ཏེ། །ཁྱོད་ཀྱིས་ཆོས་རྣམས་ཐམས་ཅད་ནི། །སྒྱུ་མ་འབྱུང་བ་བཞིན་དུ་བསྟན། །ཅེས་པ་དང༌། རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཅེས་པས་སོ། །ཀུན་བྱེད་ལས་ཀྱང༌། རྒྱུ་དང་རྐྱེན་མེད་ཞི་བ་མཆོག་གི་ལམ། །ཞེས་པ་ལ་སོགས་པ་བཤད་དོ། །དེའི་ཕྱིར་སེམས་ཡོད་ན། །དངོས་པོ་གཟུགས་ཅན་དུ་ཡོད་དམ། གཟུགས་མེད་དུ་ཡོད། གཟུགས་ཅན་དུ་མེད་དེ་ཡོད་ན་དབང་པོའི་མངོན་སུམ་ལ་བལྟར་རུང་བ་ལས་བལྟར་རུང་མ་དམིགས་པའི་མངོན་སུམ་ཚད་མས་གསལ་ལོ། །གཟུགས་མེད་དུ་ཡོད་ན་ཅིས་ཤེས། འགྱུ་བ་ཤེས་སོ་ཞེ་ན། འགྱུ་བ་དེ་ཁོ་དགོ་དང་ཕྱོགས་ཆ་དང༌། འདས་མ་འོངས་ད་ལྟ་གསུམ་ཕྲད་པ་བརྟགས་པས་མ་གྲུབ་སྟེ། འགྱུ་བ་སྔ་མ་དང་ད་ལྟའི་འགྱུ་བ་ཕྲད་ན་ཕྲད་ཆའི་དྲན་བསམ་སྔ་མ་དེ་ད་ལྟ་མ་འགགས་པར་ཡོད་དགོས་ལ། ཡོད་ན་སྔ་མ་ཡིན་པར་འགལ་ཞིང༌། ད་ལྟའི་སྔ་མ་དང་ཕྲ་ཆ་དེ་འགགས་པར་ཐལ་ཞིང་མ་ཕྲད་ན་ད་ལྟའི་དྲན་བསམ་རྒྱུ་མེད་འགྱུ་བར་མི་རིག་པར་ཐལ་བས་ཁེགས་སོ། །འགྱུ་བ་ནི་གཅིག་ཡིན་ནམ་ཐ་དད་ཡིན། གཅིག་ན་སྣ་ཚོགས་པར་འགྱུ་བ་ཉམས་ལ། ཐ་དད་ན་འགྱུ་བྱེད་གཅིག་ཡིན་པས་ཉམས་སོ། །དེས་ན་སེམས་ཡོད་པར་མ་གྲུབ་སྟེ། རྩ་བྲལ་ནམ་མཁའ་འདྲ་བར་རྟོགས་པས། སྐྱེ་བ་དང་སྐྱེ་གཞི་མེད་པས་ལྡོག་པའི་ས་མེད་དོ། །ནམ་མེད་ན་དྲན་བསམ་སྔ་ཕྱིའི་བར་དུ་ངོ་སྤྲད་པས་དེར་ཡལ་བས་སེམས་ལ་གཞི་མེད་པར་ངོ་ཤེས། དེ་ཤེས་པས་ལྡོག་ས་མེད་པར་ཡིད་ཆེས། དེ་ཤེས་པས་ཁམས་གསུམ་མིང་མེད་ཆེན་པོར་ཐག་ཆོད། དེ་ཆོས་པས་ལས་དགེ་སྡིག་གི་ཕན་གནོན་མེད་པར་བློ་བདེ་བའོ། །ཡང་སྣང་ཤེས་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་རྒྱུ་དང་མཚན་ཉིད་དུ་མ་གྲུབ་པར་ངོ་ཤེས། དེ་ཤེས་པས་སེམས་ཉིད་སྟོང་པ་ལ་ངོས་གཟུང་མེད་པར་ཡིད་ཆེས། དེ་ཆེས་པས་སེམས་ཞེས་རྒྱུ་རྐྱེན་ལས་མ་བྱུང་བར་ཐག་ཆོད། དེ་ཆོས་པས་དྲན་བསམ་གློ་བུར་གྱི་རྟོག་པས་ཕན་གནོད་མེ་པར་བློ་བདེ་བའོ། །ཡང་བློ་བདེ་བའོ། །ཡང་བློ་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་རྩ་བ་མེད་པར་ངོ་ཤེས། དེ་ཤེས་པས་སེམས་ཉིད་གཅིག་གི་འཁོར་ལོ་ལ་སྤྲོས་པ་ཐ་དད་མེད་པར་ཡིད་ཆེས། དེ་ཆེས་པས་བྱས་པའི་ཆོས་ཀྱིས་སངས་མི་རྒྱ་བར་ཐག་ཆོད། དེ་ཆོད་པས་སེམས་མེད་པའི་དོན་ལས་མ་རྟོགས་པའི་ལོགས་པ་མེད་པས་བླ་བདེ་བའོ། །ཡང་ཆོས་ཉིད་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་སྐྱེ་བ་མེད་པར་ངོ་ཤེས། དེ་ཤེས་པས་བག་ཆགས་ལུས་ཀྱི་ཀུན་གཞིས་མི་གནོད་པར་ཡིད་ཆེས། དེ་ཆེས་པས་ད་སེམས་སྐྱེ་མི་སྲིད་པར་ཐག་ཆོད། དེ་ཆོས་པས་དེ་སེམས་ཀྱི་ཁང་བུ་ཞིག་སྟེ་ལྡོག་པ་དང་ལྡོག་རྟེན་མེད་པར་བློ་བདེ་བའོ། །དེ་ལྟར་སེམས་ཡས་པའི་དུས་བཞི་པོའི་ཚད་ཟིན་པས སངས་རྒྱས་མེད་པས་སངས་རྒྱས་མིང་ཙམ་དུ་ཡང་མེད་དེ། འབྲས་བུ་ལ་རེ་བ་འཛིན་པའི་བློ་ལྡོག །དེ་ལོག་པས་ལམ་འབད་རྩོལ་དུ་བྱེད་པའི་ཆོས་མེད་དོ། །དེས་ན་མེད་པའི་ཆོས་ལ་ཅི་ཡང་མེད་པས་འཁོར་འདས་སུ་བཏགས་པ་མིང་ཙམ་ལས་དོན་ལ་མ་རྙེད་པ་ལ་གྲོལ་བའི་ཚད་ཅེས་བྱའོ། །དེའི་ཕྱིར་ན་སེམས་ཉིད་མེད་པ་ལ་ཅི་ཡང་མེད་པས། སེམས་ལ་རྒྱུ་མཚན་མེད་པས་བལྟར་མེད་ལ། དེ་ལྟར་མེད་པའི་ངོ་སྤྲད་པ་བཞི་བསྐོར་ལ། ཆོས་ཅན་བཅུ་དྲུག་ཏུ་རིག་པ་ནི། སེམས་ཀྱི་ཁང་བུ་བཤིག་པ་སྟེ། དཔེར་ན་བྱིས་པའི་ཁང་བུ་བརྩིགས་ཀྱིན་འཇིག་པ་དང་འདྲའོ། །དེ་ཡང་བྱ་བས་བྱ་བ་འཇིག་པ་ལྕགས་ཀྱིས་ལྕགས་འཇིག་པ་དང་འདྲ་ལ། མི་རྟག་པས་མི་རྟག་པ་འཇིག་པ་སྒྱུ་མའི་མིས་སྒྱུ་མའི་གྲོང་ཁྱེར་བཅོམ་པ་ལྟ་བུ་དང་ བྱས་པས་མི་རྟག་པ་འཇིག་པ་རོ་ལ་རོ་བརྩེགས་པ་ལྟ་བུ་དང༌། མི་རྟག་པས་བྱས་པ་འཇིག་པ་རིག་པ་ད་ལྟར་བས་མ་རིག་པ་སྔ་མ་འཇིག་པ་ལྟ་བུའོ། །དེ་ལྟར་ན་སེམས་ཀྱིས་སེམས་བཤིག་པས་གཉིས་ཀ་རྗེས་མེད་དུ་ཞིག་པ་ཆུ་ལ་ཡི་གེ་བྲིས་པ་ལྟ་བུ་དང༌། མེད་པས་མེད་པ་བཙལ་ཡང་མི་རྙེད་པ་དབུལ་པོའི་ཁྱིམ་ན་ཡིད་བཞིན་གྱི་ནོར་བུ་མེད་པར་བཙལ་ཀྱང་རྙེད་པའི་གནས་མེད་པ་དང་འདྲ་བར། སེམས་མེད་པ་ལ་གཞིག་པའི་གནས་མེད་པ་ནི། དཔེར་ན་རྡིབ་པའི་ཚེ་ཆུ་ལ་འཛིན་པའི་གནས་མེད་པ་དང་འདྲའོ། །དེའི་ཕྱིར་ན་སེམས་མེད་པའི་དོན་མ་ཤེས་པར། ལྟ་སྒོམ་སྤྱོད་པ་སེམས་ལ་འཚོལ་བ་ནི། བདེ་ཆེ་ཐར་པའི་བསྟན་པ་རྙེད་དུས་མེད་དེ། གྲུ་རྡིབ་པས་ཆུ་ལ་འཇུས་པ་ལྟར། སེམས་མེད་པ་ལ་ཡོད་པར་རྟེན་བཅས་པ་དེ་ཉིད་ཀྱིས་སླུ་ཞིང་འཆིང་བར་ཅེས་སོ། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས་ཀྱང༌། །སྣང་བ་ཆོས་སྐུར་འདོད་པ་ང་ལ་སྒྲིབ་པ་ཡིན། །ཅིར་སྣང་སེམས་སུ་འདོད་པ་ང་ལ་སྒྲིབ་པ་ཡིན། རང་བྱུང་གཞན་འདོད་པ་ང་ལ་སྒྲིབ་པ་ཡིན། །ཅེས་སོ། །འོ་ན་སེམས་ཡལ་ཞེས་ཡོད་པ་དེ་མེད་པར་སོང་བ་མ་ཡིན་ནམ་ཞེ་ན། ཡལ་བ་ནི་སྔར་བཞིན་དཔྱད་ན་མ་གྲུབ་པ་དང༌། མ་དཔྱད་ནའང་གློ་བུར་གྱི་དྲན་བསམ་གྱི་རྟོག་པ་ཡལ་བ་ལས། སེམས་རང་རྒྱུད་པ་ཡོད་ནས་མེད་པར་སོང་བ་མེད་དེ། ཡལ་རྒྱུ་དང་ཡལ་རྐྱེན་གང་དུ་ཡང་མེད་དོ། །འོ་ན་སེམས་ཀྱི་ཁང་བུ་བཤིག་པ་ལ་དགོས་པ་མེད་དེ་བཤིག་རྒྱུ་མེད་པའི་ཕྱིར་རོ་ཞེ་ན། སེམས་ཡེ་ནས་མེད་པ་ལ། མེད་པའི་གནས་ལུགས་རྟོགས་པར་བྱེད་པ་ཙམ་ལས། སེམས་ཀྱི་ཁང་བུའི་གཞིའམ་དངོས་པོ་ཡོད་པ་ནི་མིན་ཏེ། དྲན་པའི་ཁུངས་ཆོས་ཉིད་དུ་སོང་བས། མེད་པ་གོ་བར་བྱས་པ་ལ། ཁང་བུ་བཤིག་ཅེས་ཐ་སྙད་དུ་བྱས་ཏེ། ཡོད་པ་བཤིག་པ་ནི་གང་ཡང་མེད་དོ། །དེའི་ཕྱིར་ན་ཐ་སྙད་ཀྱི་འབྲས་བུ་ཞེས་སྣང་བ་ཡུལ་གྱི་གནད་གང་སྣང་གི་སྟེང་དུ་བཞག་པས། བེམས་པོའི་སྣང་བ་དེར་འཛིན་མེད་པས་ཡུལ་སེམས་གཉིས་མེད་ཀྱི་འབྲས་བུ་དང༌། ཤེས་པ་གང་འགྱུས་ཀྱི་སྟེང་དུ་བཞག་པས། སེམས་ཀྱི་ཁང་བུ་རང་ཞིག་པས་འགྱུ་བ་རྟོག་སངས་ཀྱི་འབྲས་བུ་དང་ དེ་ལྟར་བེམས་རིག་གཉིས་མེད་ཟུང་འཇུག་ཡེ་ཤེས་ཀྱི་ཡལ་ས་ངོས་ཟིན་པས་མེད་པའི་འབྲས་བུའོ། །དེ་ལྟར་འབྲས་བུ་གསུམ་གྱི་དུས་ཀྱང་ཡལ་དུས་ངོ་སྤྲད་པའི་གནད་བཞི་ལ། མེད་པའི་ཆོས་བཅུ་དྲུག་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེའང་གསང་ཆེན་ངེས་པ་སྙིང་ཐིག་གི་ཁྲེགས་ཆོད་སེམས་ཡེ་མེད་རང་སངས། འགྱུ་བ་གློ་བུར་ཡེ་གྲོལ་དུ་ཤེས་པ་དང༌། མན་ངག་གཞན་དང་སེམས་དོན་དམ་དུ་མེད། ཀུན་རྫོབ་ཏུ་ཡོད་པར་བརློམས་ནས། ལྟ་སྒོམ་སེམས་ལ་ལམ་བྱེད་གཉིས། །རང་གྲོལ་རང་ཤར་རང་གཞག་ཙམ་དུ་མི་མཐུན་ཡང༌། དོ་མི་མཐུན་ཏེ། འདིར་ཡེ་མེད་དུ་བྱེད་པ་དང༌། གཞན་དུ་ཡོད་པ་མེད་པར་འདོད་པས་སོ། །ཟུང་འཇུག་ཀྱང༌། གཞན་དུ་ཡོད་པ་གཉིས་གཅིག་ལ་གཅིག་འབྲེལ་ཡི་ཟུང་འཇུག་འདོད་པ་དང༌། འདིར་ཡེ་མེད་པས་ཟུང་དུ་འཇུག་རྒྱུ་མེད་ལ། མེད་པའི་ངོ་བོ་ལ་ཐ་དད་རིས་སུ་མེད་པ་གཉིས་ཐ་མི་དད་པས་གཉིས་མེད་ཟུང་འཇུག་ཅེས་བྱའོ། །གནད་འདི་ནི་ཐེག་པ་ཀུན་ལས་རྩེ་མོར་གྱུར་པའི་གནད་ཁམ་ཡང་ཆེ་ལ་གལ་ཡང་ཆེ་བ་སྟེ། འདི་ལས་སྣང་བ་སེམས་སུ་མི་འདོད་པ་དང༌། སེམས་ཡོད་མ་མྱོང་གཞི་སངས་ཆེན་པོར་བསྟན་པ་ཡིན་ནོ། །འདི་ལ་བརྟེན་ནས་སྣང་བ་སེམས་སུ་ངོ་སྤྲད་པ་དང༌། སེམས་ཉིད་སྟོང་པར་ངོ་སྤྲད་པའི་མན་ངག་སྙིང་ཏིག་གི་དགོངས་པ་ཡིན་པར་ཤེས་པར་བྱའོ། །མན་ངག་འགའ་ཞིག་ཏུ་དེ་ལྟར་བྱུང་སྲིད་ན་འོག་མ་དྲང་བ་ཙམ་ལས་ངེས་དོན་མ་ཡིན་པར་ཐག་བཅད་དོ། །གསུམ་པ་ཡུལ་སྣང་བློའི་མེ་ལོང་དུ་ཤར་བས་ཚོགས་དྲུག་མཉམ་པ་ཆེན་པོར་ཁྱབ་གདལ་བ་ནི། ཕྱི་སྣང་བ་སྣ་ཚོགས། ནང་དྲན་རྟོག་གློ་བུར། དབང་པོ་དྲུག་སྣང་ཡུལ་དང་བཅས་པ་ཐམས་ཅད། མེད་པ་གསལ་སྣང་ཙམ་ལས། དོན་ལ་ཕྱི་ནང་གང་ན་ཡང་མེད་པ་རབ་རིབ་ཅན་གྱི་སྐྲ་ཤད་དང༌། སྒྱུ་མ་དང༌། མིག་འཕྲུལ་དང༌། སྤྲུལ་པ་ལྟ་བུར་བློ་ལ་སྣང་ཡང༌། སྣང་དུས་དེ་ཉིད་ནས་ཡོད་མེད་ཀྱི་མཐའ་ལས་འདས་པར་ཤེས་པར་བྱ་སྟེ། སྣང་བའི་ངོས་ནས་ཇི་ལྟར་བཏགས་ཀྱང་མི་འགལ། ཡིན་དུ་ཆུག མིན་དུ་ཆུག །ཡོད་དུ་ཆུག མེད་དུ་ཆུག སྣང་དུ་ཆུག སྟོང་དུ་ཆུག འཁྲུལ་དུ་ཆུག གྲོལ་དུ་ཆུག བཟང་དུ་ཆུག ངན་དུ་ཆུག སེམས་སུ་ཆུག གཞན་དུ་ཆུག གང་ལྟར་བཏགས་ཀྱང༌། སྟོང་པའི་ངོས་ནས་ཇི་ལྟར་བཏགས་པ་དེ་ཉིད་ཀྱིས་ཐོག་མར་སྟོང་སྟེ། བཏགས་པ་སེམས་ཡིན། སེམས་མེད་པ་ཡིན། མེད་པ་ལ་འདོགས་མཁན་མེད་པས་རྨི་ལམ་གྱི་བྱ་བྱེད་དང་སྒྱུ་མའི་བྱ་བྱེད་བཞིན་ནོ། །སྣང་བ་དང་འཆར་བ་དང༌། དགེ་བ་དང་མི་དགེ་བ་ལ་སོགས་པ་དེ་ཉིད་གློ་བུར་བ། དེའི་ངོ་བོ་གཞི་མེད་རང་སངས། རིག་པའི་ཡེ་གདངས་ཆ་ལ་ཡོད་པས་ངོས་ཟིན་ན་དགོངས་པ་ཆོས་ཉིད་ཕྱོགས་ཡན་ལས་འཆུགས་ས་མེད་དེ། སྣང་སྲིད་འཁོར་འདས་ཀྱི་ཆོས་སོ་ཅོག་རིག་པའི་ངང་ན་མེད་པ་གསལ་སྣང་གི་སྣང་བ་ཆེན་པོར་རང་ཤར་རང་སྣང་བ་ནི། འབྱུང་བཞིའི་སྣང་བ་་ནམ་མཁའི་ངང་ན་གནས་པའམ། རྨི་ལམ་སྣ་ཚོགས་གཉིད་དང༌། གཉིད་རིག་པའི་ངང་ལས་མ་གཡོས་པ་བཞིན་ཏེ། ཐམས་ཅད་རིག་པའི་ངོ་ལ་རང་སྣང་ཡང༌། རིག་པས་འཁྲུལ་སྣང་འཁོར་བ་མ་མཐོང། དག་སྣང་འདས་པ་མ་མཐོང། འཁོར་འདས་ཀྱིས་རིག་པ་མ་མཐོང༌། ཐམས་ཅད་གཞི་མེད་མཉམ་པ་ཆེན་པོའི་ངང་ལ་གཡོས་པ་མེད་དེ། ངོ་བོར་མ་གྲུབ་པས་མཐོང་བ་དང་མཐོང་བྱེད་ལས་འདས་ལ། རིག་པའི་ངང་ནས་ཤར་བས་འཁོར་འདས་རིག་པའི་རང་གདངས་སམ་རོལ་པ་ཞེས་བཏགས་པ་ཙམ་སྟེ། ཡོད་མེད་མཐའ་གྲོལ་ཆེན་པོ། བཏགས་པ་མི་འགལ། དོན་ལ་མ་གྲུབ། མེད་པ་གསལ་སྣང་ཙམ་དུ་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཤར་བ་སྟེ། ཀློང་དྲུག་པ་ལས། དྲི་མ་མེད་པའི་སེམས་ཉིད་ལ། །ཡུལ་རྐྱེན་བྲལ་བའི་སྣང་བ་ནི། །རང་དག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་པ་དང༌། ནོར་བུ་འཕྲ་བཀོད་ལས། ཅི་ཡང་མེད་པའི་དངོས་པོ་ནི། །གང་གི་ཕྱོགས་སུ་མ་ལྷུང་བ། །ཅིར་ཡང་འཁྲུལ་པའི་དངོས་པོ་ནི། །མཐུན་སྣང་ཙམ་དུ་སྣང་བར་ཟད། །འོན་ཀྱང་དེ་ཡི་དོན་མི་སྐྱེ། །ཆོས་དབྱིངས་རྒྱན་ལྟར་སྣང་བའོ། །ཞེས་པ་དང༌། སྟོང་པའི་ཡེ་ཤེས་ཆེན་པོ་ནི། །ཅིར་ཡང་མེད་ལས་ཅིར་ཡང་འཁྲུལ། །ཅེས་པ་དང༌། མུ་ཏིག་ཕྲེང་བ་ལས། དེ་ནི་ང་ཡིན་འགྲོ་བ་ཡིན། །སེམས་ཡིན་སེམས་ལས་བྱུང་བ་ཡིན། །དུ་མ་ཡིན་ལ་ཉག་གཅིག་ཡིན། །འཁོར་བ་མྱང་འདས་ང་རང་ཡིན། །དཀྱིལ་འཁོར་ལ་སོགས་རིམ་འཇུག་ཡིན། །ཆོས་ཡིན་ཆོས་སུ་སྣང་བ་ཡིན། །གནས་པ་ཡིན་ལ་འགྲོ་བ་ཡིན། །འདུག་དང་ཉལ་དང་འཆགས་པ་ཡིན། །སྲོག་ཡིན་གཅོད་པ་ཉིད་ཀྱང་ཡིན། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །མདོར་ན་ཇི་ལྟར་སྣང་བ་ཡི། །ཆོས་ཀུན་དེ་ལས་བྱུང་བའོ། །ས་ཆུ་མེ་རླུང་ནམ་མཁའ་ཡི། །འབྱུང་བ་ཆེ་རྣམས་དེ་ལས་བྱུང༌། །ཞེས་པ་ནས། དེ་ལྟར་གནས་པའི་ཆོས་ཉིད་ལ། །འཁྲུལ་པ་གདོད་ནས་མེད་པ་སྟེ། །ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །གློ་བུར་སེམས་ཅན་སྤྲིན་གྱིས་བསྒྲིབས། །མ་འཁྲུལ་གནས་པའི་ཆོས་ཉིད་ཀྱང༌། །བློ་ལ་འཁྲུལ་པའི་ཚུལ་དུ་སྣང༌། །ཞེས་པ་ནས། སེམས་ཅན་ཉོན་མོངས་ལྔ་ཉིད་ནི། །དོན་ལ་ཡོད་པ་མ་ཡིན་ཏེ། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །གློ་བུར་རྐྱེན་དང་བཅས་པ་ཉིད། །སྤྲིན་དེ་ནམ་མཁའ་ཉིད་ལས་བྱུང༌། །དེ་བཞིན་ནམ་མཁར་ཐིམ་ཤེས་ནས། །དབྱེར་མེད་གཅིག་གི་ངང་ཞེས་བྱ། །དེ་བཞིན་ཉོན་མོངས་དྲི་མ་ཉིད། །རང་བྱུང་རང་ཞི་ཉིད་ཤེས་ན། །སེམས་ཅན་འཆིང་བར་ག་ལ་འགྱུར། །ཅེས་པ་དང༌། སྣང་ཚུལ་མ་གྲུབ་པ་ལྟར། འཛིན་པར་སྣང་ཡང་གང་དུའང་མ་གྲུབ་པས། གཏད་མེད་ཆེན་པོར་བསྟན་པ་ཡང༌། རིན་ཆེན་སྤུངས་པ་ལས། གནས་པ་མེད་པའི་སེམས་ཉིད་འདི། །འགྲོ་ས་མེད་པ་ཡ་རེ་ཆ། །ཀུན་ཏུ་འཇུག་པའི་ཡིད་དྲུག་ལ། །བརྟེན་པའི་ས་མེད་ཡ་རེ་ཆ། །ཐམས་ཅད་སྡུད་པའི་ཀུན་གཞི་ལ། །བཞག་པའི་ས་མེད་ཡ་རེ་ཆ། །འཁོར་ཞིང་འཁྲུལ་པའི་མ་རིག་ལ། །འགྱུར་བའི་དབང་མེད་ཡ་རེ་ཆ། །ཐམས་ཅད་ཡུལ་ཞེན་ཉོན་མོངས་ལ། །གཞི་རྩ་མེད་པ་ཡ་རེ་ཆ། །ཕྲ་དང་རགས་པའི་དྲི་མ་ལ། །འཆགས་ས་མེད་པ་ཡ་རེ་ཆ། །འབྱུང་བ་རགས་པའི་གཟུགས་རྣམས་ལ། །གཏད་པའི་ས་མེད་ཡ་རེ་ཆ། །སྐྱེས་བུ་རྟེན་པའི་ཚེ་སྲོག་ལ། །དུས་བཏབ་མེད་པ་ཡ་རེ་ཆ། །ཚོགས་དྲུག་ཡུལ་གྱི་སྣང་བ་ལ །རྟག་པ་མེད་པ་ཡ་རེ་ཆ། །སྐྱེས་བུའི་དྲན་བསམ་བྱུང་ཚོར་ལ། །ཟད་པ་མེད་པ་ཡ་རེ་ཆ། །ཞེས་པ་དང༌། ཡང༌། གཞི་རྩ་མེད་པའི་ཆོས་ཉིད་འདི། །མ་བཙལ་བཞག་པས་ངོ་མཚར་ཆེ། །འགྲོ་དང་འོང་བའི་རིག་པ་ལ། །ཐུག་པ་མེད་པ་ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ཡེ་ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། །ཞེས་པ་དང༌། ཐུན་མོང་གི་ཐེག་པ་འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང༌། ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལ། །སྐད་ཅིག་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང། །བྱུང་ནས་ཞིག་སྟེ་སྤྲིན་གྱི་དཀྱིལ་འཁོར་དེ། །ཐོག་མ་གང་ལས་བྱུང་བ་བརྟག་པར་གྱིས། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཇི་ལྟར་མི་དག་བྲག་རིའི་ཁྲོད་འདུག་སྟེ། །གླུ་ལེན་སྨྲ་དང་དགོད་དང་ངུ་བ་ལས། །རྐྱེན་ལ་བརྟེན་ཏེ་བྲག་ཅ་འབྱུང་མོད་ཀྱི། །སྒྲ་ལས་དབྱངས་དེ་ནམ་ཡང་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་རྒྱ་ཆེར་གསུངས་སོ། །དོན་གཉིས་པ་ཆོས་ཟད་བློ་འདས་ཀྱི་དགོངས་པ་ཟང་ཐལ་རྗེན་པའི་ཡེ་་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ་ལ་གསུམ་སྟེ། ཆོས་ཟད་བློ་འདས་ཀྱི་རིག་པ་ཟང་ཐལ་རྗེན་པར་ངོ་སྤྲད་པ། རང་གསལ་ངང་གནས་ཀྱི་དགོངས་པ་ཕྱམ་གདལ་ཆེན་པོར་བསྐྱང་བ། གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་ཀློང་གསལ་ཆེན་པོར་གཞག་པའོ། །དང་པོ་ནི། རང་བབས་ཀྱི་རིག་པ་རང་གསལ་དུ་རྗེ་ནེ་བཞག་ལ། ཕྱིར་མི་སྤྲོ། ནང་ནུ་མི་བསྡུ། བར་དུ་མི་བསམ་པའི་རང་ངོ་ལ་བལྟས་པས། ཕྱི་ནང་བར་མེད། རང་གསལ་རྗེན་པ། ལྟ་སྒོམ་གྱིས་མ་བསླད་པའི་ཆོས་སྐུ། རྣམ་རྟོག་གིས་མ་བསྐྱོད་པའི་ཡེ་ཤེས། སྤྲོས་བསྡུས་མ་བཟོས་པའི་དགོངས་པ། གསལ་བ་ལ་རྟོག་པ་མེད་པ། གནས་པ་ལ་འཛིན་པ་མེད་པ། ཡངས་པ་ལ་ཕྱལ་བར་མ་ཤོར་བ། མཉམ་པ་ལ་བར་མེད་པ། འཇུག་མཁན་མེད་པའི་རང་དངས་ཆེན་པོ། ཡེ་ནས་རང་བབས་ཀྱི་དགོངས་པ་ཆེན་པོ་ཆེ། དངས་ཤིང་སྟེང་པ་རྒྱ་མཚོ་ལྟ་བུ། གསལ་ཞིང་དག་པས་ཉི་ཟླ་ལྟ་བུ། ཡངས་ཤིང་ཕྱམ་པས་ནམ་མཁའ་ལྟ་བུ། བརྟན་ཞིང་གནས་པས་རི་རྒྱལ་ལྟ་བུའོ། །འདི་ལྟ་བུའི་དོན་དང་སེམས་ཅན་ཐམས་ཅད་སྐད་ཅིག་ཀྱང་འབྲལ་མ་མྱོང་དུ་ཡེ་ནས་རང་ལ་ཡོད་ཀྱང༌། ངོ་མ་ཤེས་པས་འཁོར་བར་ངན་རྟོག་གི་སྤྲོས་པས་འཆོལ་བ་ཡང༌། ད་བླ་མའི་གདམས་པས་ངོས་ཟིན་ནས་འཆར་རམ་གནས་སམ་གྱིན་འདར་ལྷན་ནེ་བའི་དུས་གང་དུའང་རང་བབས་ཅོག་གཞག་གི་ངོ་བོར་ངོ་སྤྲད་པ་བཞིན་ངང་མ་ཡེངས་ཙམ་དུ་བྱ་སྟེ། སེང་གེ་རྩལ་རྫོགས་ལས། ཨེ་མ་སེང་གེ་བགྲོད་མེད་ལམ། །བྱ་རྩོལ་མེད་པའི་སེང་གེ་ཡིས། །བཏང་བཞག་མེད་པའི་གངས་དཀར་ལ། །མུན་པ་སངས་པའི་རྩལ་གསུམ་རྫོགས། །བསམ་མེད་དངས་པའི་སེང་གེ་ངས། །ཀ་དག་དྲི་མེད་གངས་བཟང་ལ། །འབྱུང་བ་སངས་པའི་རྩལ་གསུམ་རྫོགས། །ཞེས་པ་དང༌། ཀློང་དྲུག་པ་ལས། རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བླང་དོར་མེད་པའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱག་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བྱིང་རྒོད་མེད་པའི་སེམས་ཉིད་ལ། །བཏང་སྙོམས་ཆེན་པོའི་བསྒོམ་པ་ནི། །ཚོགས་དྲུག་ལྷུག་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཡ་ང་མེད་པའི་སེམས་ཉིད་ལ། །རེ་དོགས་བྲལ་བའི་སྣང་བ་ནི། །ཡེ་བཞག་གདེང་ལྡན་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་པ་དང༌། རྩལ་རྫོགས་ལས། འཛིན་ཆགས་མེ་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་ཆོས། །སོ་སོར་སྟོང་དང་མཚན་མ་ཚིག་གི་ལམ། །བྱ་རྩོལ་མེད་པའི་ཆོས་ཉིད་རང་སར་དག །འུབ་ཆུབ་ཏིང་འཛིན་ཆོས་ཉིད་ཡུལ་ལས་འཇུག །དག་དང་མ་དག་ཐ་སྙད་ཆོས་སུ་མེད། །གཅིག་དང་གཉིས་ལས་འདས་པའི་ཡེ་གནས་དོན། །རང་ལུས་ངང་དུ་ཐིག་ལེ་གཅིག་ཏུ་འུབ། །དུས་མེད་རྟོགས་པས་ཏིང་འཛིན་མ་ཡེངས་གསལ། །མཐའ་དབུས་མེད་པས་ཆོས་ཉིད་མིང་དང་བྲལ། །འགྱུར་བ་མ་ཡིན་དྲང་པོར་ཡོངས་ལ་ཁྱབ། །བྱས་པ་མ་ཡིན་བྱུང་སར་ལྷུན་གྱིས་གྲུབ། །ཅེས་སོ། །གཉིས་པ་དེའི་ངང་ལ་བསྐྱང་བ་ལ་གསུམ་སྟེ། ལྟ་སྒོམ་ཡུལ་འདས་ཆེན་པོར་བསྐྱང་བ། ཏིང་འཛིན་རང་བབས་ཆེན་པོར་བསྐྱང་བ། དགོངས་པ་བློ་འདས་ཆེན་པོར་བསྐྱང་བའོ། །དང་པོ་ནི། ངོ་སྤྲད་པའི་ངང་དེ་ལ་བློའི་འཛིན་རྩོལ་དང་ཆེད་དུ་བསྒོམ་པའི་གཉེན་པོ་མ་ཞུགས་པར་རིག་པ་རྒྱ་ཡན་ཡེ་བཞག་དཔངས་བསྟོད་ལ་ཕྱལ་བ་བར་མེད་རང་སངས་སུ་བཞག་པ་སྟེ། ནོར་བུ་འཕྲ་བཀོད་ལས། ཡངས་སོ་ཆོས་ཉིད་རྣམ་པར་དག །ཆེའོ་ལྟ་བ་རྨད་པོ་ཆེ། །སྣང་ངོ་རང་སྣང་དཀྱིལ་འཁོར་ཉིད། །ཡུལ་དང་ཡུལ་མེད་རྣམ་པར་དག །ཕྱི་དང་ནང་མེད་རྣམ་པར་སྣང༌། །སྟོང་དང་མི་སྟོང་ཚིག་ལས་འདས། །ཞེས་པ་དང༌། སེང་གེ་རྩལ་རྫོགས་ལས། །དང་པོའི་གནས་ས་གང་ཡིན་པར། །ཐ་མ་དེ་ཡི་གནས་སུ་འགྲོ། །ད་ལྟ་དེ་ཡི་དོན་ལ་གནས། །ཞེས་པ་དང༌། ཡང༌། འཛིན་རྟོག་མེད་པའི་ནམ་མཁའ་ལ། །རྣམ་ཤེས་མེད་པའི་ནམ་མཁའ་ལ། །རྣམ་ཤེས་ཡིད་མ་འགྱུས་པ་ནི། །ཡེངས་པ་མེད་པའི་ཏིང་འཛིན་མཆོག །སངས་རྒྱས་ཉག་གཅིག་ནགས་ལུགས་ཡིན། །ཅེས་སོ། །གཉིས་པ་ལ་གསུམ་སྟེ། རང་གནས་ཅོག་གཞག་ནི། ཚོགས་ཡུལ་གྱི་སྣང་བ་ལ་འཛིན་པའི་བཟོ་རྒྱ་མི་བྱེད་པར་ཕྱི་ནང་བར་མེད་ཧར་སངས་སུ་ཕྱལ་ལེ་བཞག་ནས། གཉིད་དུ་འགྲོ་ཁར་ཡང་དེའི་ངང་ལ་ཉལ་བས་རྨི་ལམ་འོད་གསལ་དུ་འཆར་བའོ། །ཐོག་བབས་ཆེན་པོ་ནི། སྒོ་གསུམ་ལྷུག་པར་གློད་ལ་གང་ཤར་ཅར་ཕོག་ཏུ་རང་སངས་ལ་ཕྱལ་ཕྱལ་སོང་བའི་ངང་ངོས་གཟུང་བའོ། །སྣང་བ་རྒྱས་འདེབས་ནི། ལུས་སྐྱིལ་ཀྲུང་དང་མིག་བར་སྣང་ལ་ཧྲིག་གེ་བལྟས་ཏེ། སེམས་འཕྲོ་འདུ་བཅད་ནས་རིག་པ་དང་སངས་ཕྱེད་པའི་ངང་ངོས་བཟུང་བས་རླུང་ལྔ་དབྱིངས་སུ་འཆིངས་ཏེ། རང་སྣང་དག་པའི་འོད་གསལ་ཕྱི་དུ་བ་སྨིག་རྒྱུ་འཇའ་འོད་ལ་སོགས་པ་དང་ནང་ཆོས་ཉིད་སྟོང་གསལ་བར་སྣང་དག་པ་ལྟར་འཆར་ཏེ། ཀློང་དྲུག་པ་ལས། ཏིང་འཛིན་གསུམ་ལ་འདི་ལྟར་བསླབ། །རང་གནས་ཅོག་གཞག་ཏིང་འཛིན་ནི། །དབང་པོའི་སྒོ་རྣམས་མི་དགག་ཅིང༌། །ལུས་ཀྱི་སྤྱོད་པ་སྤྱད་མི་བྱ། །གཉིད་ཀྱང་སྤང་བར་མི་བྱ་སྟེ། །སེམས་ཀྱིས་གུད་དུ་བཅད་པ་མིན། །མདོར་ན་ལུས་ངག་རང་སོ་ལ། །ཡིད་བྱུང་ཆ་རྣམས་ཕྱིར་མ་ཤོར། །དབང་པོའི་ཡུལ་རྣམས་དྲུག་ལ་ཡང་ །ཤེས་བཞིན་སྤྱོད་པའི་ཡིད་མ་འགྱུས། །རང་སྣང་མི་རྟོག་ཆེན་པོ་ལ། །གསལ་ལ་རྟོག་མེད་ཉམས་སྐྱེས་པའོ། །ཐོག་བབས་ཆེན་པོའི་ཏིང་འཛིན་ལ། །ལུས་ནི་ཐ་མལ་ལྟ་བུ་ལས། །ངག་ནི་སྨྲ་བརྗོད་ཚིག་དང་བྲལ། །སེམས་ནི་དམ་དུ་མ་བཅིངས་པའི། །རང་ཤར་རང་ལ་མ་ཡེངས་པའོ། །སྣང་བ་རྒྱས་འདེབས་ཏིང་འཛིན་ནི། །ལུས་དང་ཡུལ་དང་རིག་པ་ཡིས། །རང་སྣང་དག་པའི་ཚད་རྣམས་བཟུང༌། །ཞེས་སོ། །གསུམ་པ་དགོངས་པ་བློ་འདས་སུ་བསྐྱང་བ་ལ་བཞི་སྟེ། རི་བོ་ཅོག་གཞག་གི་ལྟ་བ། རྒྱ་མཚོ་ཅོག་གཞག་གི་དགོངས་པ། རིག་པ་ཅོག་གཞག་གི་མན་ངག །སྣང་བ་ཅོག་གཞག་གི་ཐབས་སོ། །དང་པོ་ནི། རིག་པ་རང་གསལ་འདི་ངོས་བཟུང་ནས་གང་ཤར་ཡང་ལྟ་བ་རི་རྒྱལ་ལྟར་འཕོ་འགྱུར་མེད་པའི་ངང་དུ་འཇོག་པ་སྟེ། ཡི་གེ་མེད་པ་ལས། རི་བོ་ཅོག་གཞག་ལྟ་བ་གསང་བ་ཉིད། །ཐེ་ཚོམ་མ་ཡིན་འགྱུར་བ་ངང་གིས་མེད། ཅེས་སོ། །གཉིས་པ་ནི། ལུས་སྐྱིལ་ཀྲུང་ལ། མིག་ཧ་རེ་བར་སྣང་ལ་གཏད་དེ། ཤེས་པ་དང་སངས་ཕྱེད་པ་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པ་ལྟ་བུའི་ངང་ལ་སང་ངེ་བཞག་པ་ནི། དེ་ཉིད་ལས། རྒྱ་མཚོ་ཅོག་གཞག་དག་གིས་དགོངས་པ་ནི། །སྣང་བ་མ་ཡིན་སྣང་བར་བྱེད་པ་ཡིན། །སྟོང་པ་མ་ཡིན་སྟོང་པར་ཡོད་མ་ཡིན། །གསལ་བ་མ་ཡིན་གསལ་བ་ཆེན་པོའི་ཡུལ། །བྱིང་བ་མ་ཡིན་རྒོད་པ་ངང་གིས་མེད། །མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། མ་བསྐྱོད་མི་བསྐྱོད་བསྐྱོད་པ་ཀུན་ལས་འདས། །བྱས་པས་མ་བྱུང་བཞག་ཐབས་ཆེན་པོ་ལྟོས། །སྤྲོ་བསྡུ་མ་བྱེད་ཅོག་གཞག་གཅིག་གི་ངང༌། །གནས་པ་མ་ཡིན་དེ་ལས་འདའ་བ་མེད། །གསང་བའི་ཡེ་ཤེས་རྒྱ་མཚོ་ལྟ་བུ་ལ། །ཡེ་ནས་ལྷུན་འབྱམས་མ་བསྐྱོད་དབྱིངས་སུ་ཞོག །གཏིང་དཔག་དཀའ་བའི་རྒྱ་མཚོ་ཆེན་པོ་ནས། །ནུབ་པ་མེད་པའི་རྒྱལ་མཚན་རྩེ་མོ་ལྟོས། །སྟོང་པའི་སེམས་མེད་མ་བཅོས་ཆེན་པོའི་སྐུ། །བྱས་པ་མེད་པས་བྱེད་པ་ཀུན་ལས་རྒྱལ། །ཡེ་ནས་མ་བྱུང་མ་བཅོས་ཅོག་གཞག་ཉིད། །སྣང་བ་མ་བསྒྱུར་བློ་ཡིས་མ་བཅོས་པ། །ཆོས་ཉིད་མཁའ་ལ་གནས་ན་དགོངས་པར་བསྟན། །ཆོས་སྐུའི་ཡེ་ཤེས་བསམ་པ་རབ་སྤངས་པས། །འགྱུ་བྱེད་མེད་ན་བསྒོམ་པའི་དགོངས་པ་ཡིན། །སྣང་ཡུལ་དང་དམིགས་པའི་ཕྱོགས་དག་མི་འཛིན་ན། །རྒྱ་མཚོའི་གཏིང་དུ་གཟའ་སྐར་ཤར་བ་བཞིན། །ཡུལ་ལ་འཛིན་མེ་གསལ་ཆ་མ་འགགས་པས། །རང་བྱུང་དགོངས་པའི་འདུག་ཚུལ་དེ་བཞིན་ནོ། །ཞེས་སོ། །གསུམ་པ་ནི། རིག་པ་གསལ་སྟོང་གི་ཡེ་ཤེས་རྗེན་པར་བུད་པ་དེ་ཕྱ་ར་ར་རང་གསལ་དུ་ངོས་བཟུང་བས་ཏིང་ངེ་འཛིན་སེམས་ཆགས་ཀྱི་གོལ་ས་གཅོད་ཅིང་ཟང་ཐལ་རྗེན་པའི་ཆོས་སྐུ་ཁོང་ནས་འཆར་ཏེ། སེང་གེ་རྩལ་རྫོགས་ལས་རང་རིག་དུ་མའི་ཡུལ་ལ་ཕར་བལྟས་པས། །ཆོས་སྐུ་རྟོག་མེད་ཆེན་པོ་ནང་དུ་རྙེད། །ཅེས་སོ། །བཞི་པ་ནི། ཕྱི་ཡུལ་ལྔར་སྣང་བ་ལ་ཆེ་རེ་བལྟས་དུས་ནང་རང་གསལ་རྗེན་པ་སངས་སེ་ཁོང་ནས་འཆར་བའི་ངང་དུ་འཇོག་པ་སྟེ། དེ་ཉིད་ལས། རིག་གསལ་ཆོས་ཉིད་ཡུལ་ལ་ཕར་བལྟས་པས། །སྣ་ཚོགས་བྲལ་བའི་རིག་པ་ནང་དུ་མཐོང༌། །ཞེས་པ་དང༌། ཡི་གེ་མེད་པ་ལས། སྣང་བ་ཅེར་གཞག་རིག་པའི་ཐབས་ཆེན་ནི། །སྣང་བ་ཆེན་པོ་ཀུན་གྱི་གཞི་མ་ཡིན། །འབྱུང་བ་ལྔ་ཡི་སངས་རྒྱས་ལམ་ལྟར་སྣང༌། །ཆེན་པོ་ལྔ་ཉིད་མ་ཡི་སྣང་བར་གསལ། །མ་ཡེངས་ངང་དུ་འཛིན་མེད་ཆེན་པོར་ཞོག །ཅེས་སོ། །གསུམ་པ་གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་ཀློང་གསལ་ཆེན་པོར་བཞག་པ་ལ་གསུམ་སྟེ། ཆོས་ཉིད་འབད་རྩོལ་དང་བྲལ་བའི་གནས་ཀྱིས་སེམས་ཉིད་བྱ་བྲལ་དུ་གཞག་པའི་གདམ་ངག ཆོས་ཉིད་རང་ཐོག་ཏུ་སྤྲད་པའི་གནད་ཀྱིས་རྣམ་རྟོག་ཡེ་ཤེས་སུ་འཆར་བའི་མན་ངག ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་སྣང་བ་ལ་དགག་སྒྲུབ་མེད་པའི་གདམས་ངག་གོ །དང་པོ་ནི། གཤིས་བྱ་བ་དང་བྲལ་བ་དེ་བྱས་པས་མི་རྟོགས་མ་བྱས་བཞག་ན་རྟོགས་པས་སྒོ་གསུམ་རང་བབས་ཕྱལ་བར་གཞག་པ་ནི། ཐལ་འགྱུར་ལས། གཞན་ཡང་བྱ་བྲལ་ཆོས་ཉིད་ནི། །བྱ་བ་མེད་པས་གྲོལ་བར་གྲོལ། །ཅེས་པ་དང༌། ཁྱུང་ཆེན་མཁའ་ལྡིང་ལས། །དེ་ཕྱིར་འཁོར་འདས་བྱ་བྱེད་ཉིད་བྲལ་ན། །རྫོགས་ཆེན་ཉེད་ལས་གཞན་པ་ཅ་བྱར་ཡོད། །ཅེས་པ་དང༌། དམིགས་དྲུག་ལས། བྱ་བ་དང་བྲལ་བས་གཞི་གཞག་གོ་ཞེས་སོ། །གཉིས་པ་ནི། སྣང་བ་སེམས་ཀྱི་རོལ་པར་ངོ་སྤྲད། རོལ་པ་གཞི་མེད་གསལ་སྣང་དུ་ངོ་སྤྲད། གསལ་སྣང་བཟུང་ན་འཁྲུལ་པར་ངོ་སྤྲད། མ་བཟུང་རང་གསལ་མེད་སྣང་དུ་ངོ་སྤྲད་པས་ཕྱི་ཡུལ་སྣང་སེམས་དང་གཞན་དུ་མ་གྲུབ་པར་ཐག་ཆོད་པས་འཁོར་བར་སྐྱེ་བའི་ཡུལ་སྟོངས་པའོ། །ཡང་སྣང་འཛིན་སེམས་དེ་གཞི་མེད་དུ་ངོ་སྤྲད། གཞི་མེད་སྟོང་པའི་རང་འགྲོས་སུ་ངོ་སྤྲད། རང་འགྲོས་རྗེས་མེད་ཡེ་སངས་སུ་ངོ་སྤྲད་པས། འཁོར་མཁན་རང་སེམས་གཞི་མེད་དུ་སངས་ནས་ཁམས་གསུམ་མིང་མེད་ཆོས་ཉིད་དུ་ལ་ཟློས་པ་སྟེ། རྩལ་རྫོགས་ལས། འདུ་ཤེས་ཡུལ་དུ་མེད་པ་ཆོས་ཉིད་ཞི་བའི་ངང༌། །སྣང་བ་རང་ལ་ཡས་པའི་རང་སྣང་དངོས་མེད་ཉིད། །སྣང་པའི་སེམས་བྲལ་ཆོས་ཉིད་རང་གི་དོན། །སྤྲོ་བསྡུ་མ་བྱེད་རང་གི་ཡུལ་ལྟོས། །ཞེས་སོ། །འདིར་ཁ་ཅིག་སྣང་བ་སེམས་སུ་ངོ་སྤྲད། སེམས་སྟོང་པར་ངོ་སྤྲོད་ཅིང༌། ངོ་སྤྲོད་སྤྲས་པ་ལས། ཨེ་མ་ཧོ་སྣང་བ་སེམས་སུ་ངོ་སྤྲད་པས་སེམས་ལ་བྱན་ཚུད། སེམས་ཉིད་སྟོང་པར་ངོ་སྤྲད་པས་སྟོང་པ་བདེ་བའི་རྒྱས་གདབ། སྟོང་པ་རིག་པར་ངོ་སྤྲད་པས། རིག་པ་ཉིད་དབྱིངས་དང་གཉིས་སུ་མེད་པ་དེ་ཁོ་ན་ཆོས་སྐུའོ་ཞེས་པ་ཚིག་ལ་དོན་རང་མཚན་དུ་ཞེན་པར་སྣང་སྟེ། འདི་ལ་དགོངས་གཞི། དགོས་ཆེད། དངོས་ལ་གནོད་བྱེད་ཀྱི་ཚད་མ་དང་གསུམ་ཡོད་པས་སྙིང་ཏིག་གི་དགོངས་པའི་ཕྱོགས་ལ་མི་ཉེ་བ་ཡིན་ནོ། །དགོངས་གཞི་ནི། ཕྱི་ཡུལ་ལ་དོན་གཞན་དུ་མེད་པར་འཛིན་པ་རྣམས་དྲང་བའི་ཕྱིར་དེ་སྐད་གསུངས་ཏེ། རང་ཤར་ལས། ལ་ལར་སྣང་བ་སེམས་སུ་བསྟན། །ཅེས་སོ། །དེའང་སྣང་བ་གཞན་དུ་མེད་སེམས་འཁྲུལ་པ་ལ་སྣང་བ་ཡིན་པ་ཙམ་ནས་བཏགས་སོ། །དགོས་ཆེད་ནི་ཕྱི་དོན་དུ་ཞེན་པ་སྤང་བ་ཙམ་མོ། །དངོས་ལ་གནོད་བྱེད་ནི། སྣང་བ་སེམས་ཡིན་ན་སེམས་ལ་ཁ་དོག་དང་དབྱིབས་ལ་སོགས་པར་མིག་སོགས་དབང་པོས་ངེས་པར་ཐལ་ཏེ་སྣང་བ་ལ་གཟུགས་སོགས་དབྱིབས་དང་ཁ་དོག་ཏུ་ངེས་པའི་ཕྱིར་དང༌། སྣང་བ་སེམས། སེམས་སྟོང་པ། སྟོང་པ་རིག་པ་ཡིན་ན་དེ་གསུམ་ཕན་ཚུན་འཆོལ་བས། རིག་པ་འཁྲུལ་པར་ཐལ་བ་དང༌། སྣང་བ་མིག་ལ་སོགས་པས་མི་མཐོང་བར་ཐལ་བ་དང༌། སེམས་མ་འཁྲུལ་པར་ཐལ་བ་སྟེ། དེ་གསུམ་ངོ་བོ་རྫས་གཅིག་ཡིན་པའི་ཕྱིར་རོ། །འདིའི་ཁྱད་སྔར་ཞིབ་ཏུ་བཤད་ལ། སྣང་བ་སེམས་ཀྱི་རྣལ་འབྱོར་དུ་བྱེད་པའི་མི་གྲོལ་བར། རང་ཤར་ལས། སྣང་བ་སེམས་ཀྱི་རྣལ་འབྱོར་ནི། །ཐམས་ཅད་ང་ཡི་སེམས་ལས་བྱུང༌། །སེམས་ཉིད་རྟོགས་ན་ཅི་བྱར་ཡོད། །དེ་སྐད་ཀུན་ཏུ་རྗོད་བྱེད་པ། །ང་ཡིས་གྲོལ་བར་མ་བཤད་དོ། །ཞེས་པའི་ལུང་གིས་ཀྱང་གནོད་ལ། སེམས་མེད་པར་རྟོགས་དུས་སྣང་བ་མེད་པར་ཐལ་ལ། སེམས་འགགས་དུས་སྣང་བ་དུས་དེར་འགག་པར་ཐལ་བ་ལས། སེམས་མེད་པའི་སྐབས་སུ་སྣང་བ་འདུག་པས་ཀྱང་གནོད་དོ། །སེམས་མེད་པ་ལ་གནས་སྐབས་ལྔ་ཡོད་དེ། དབུས་མཐའ་ལས། སེམས་མེད་གཉིད་དང་བརྒྱལ་བ་དང༌། །སྙོམ་པར་འཇུག་པ་རྣམ་གཉིས་དང༌། །རྟག་ཏུ་འདུ་ཤེས་མེད་པའོ། །ཞེས་སོ། །མདོར་བསྡུ་ན། སྣང་བ་སེམས་སུ་འདོད་པ་འདི་ལོག་རྟོག་གི་མུན་པ་ཆེན་པོ་ཡིན་པས་བསལ་དགོས་སོ། །གསུམ་པ་ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་སྣང་བ་ལ་དགག་སྒྲུབ་མེད་པའི་གདམས་ངག་ནི། ཕྱི་ཡུལ་ལྔ་མེད་སྟོང་པ་རང་དག་ཆུའི་ཟླ་་འདྲ་བས་སྦྱང་མི་དགོས། ནང་ཡིད་ཀྱི་དྲན་རྟོག་རང་ཡལ་རྗེས་མེད་ཡིན་པས་འབད་རྩོལ་གཉིས་གཉེན་པོས་འཇིག་མི་དགོས། སྣང་སེམས་ཡེ་གྲོལ་ལྷུག་པ་ལ་སྤང་བླང་གི་སྒྲོ་མི་དགོས། རིག་པ་ཟང་ཀ་གཅེར་བུ་ལ་སྤྲོས་པའི་གོས་མི་བསྐོན་པར་ཤིགས་སེ་བུན་ནེ་ཁྲེས་སེ་རྗེས་མེད་མཉམ་པ་ཆེན་པོར་ཁོང་གློད་ནས། སྒོ་ལྔ་རང་བྱུང་ཡེ་གདངས་སུ་འཁྲོལ་དུ་འཇུག་པ་སྟེ། དེའང་ནང་རང་གསལ་གྱི་ངོ་བོ་རིག་པ་རྗེན་ལ་བུད་ནས། དེའི་ངང་ནས་དྲན་བསམ་བཟང་ངན་ཅི་ཤར་ཡང་རིས་མེད་རང་བྱུང་ཡེ་ཤེས་ཀྱི་རང་གདངས་སུ་ཤེས་པས་རྗེས་མི་བསྙེག་པར། སྣང་སེམས་ཁྲལ་མ་ཁྲོལ། སང་མ་སེང༌། འལ་མ་འོལ་གྱི་ཡོ་ལང་དུ་རྒྱ་ཕྱམ་ལ་བཏང་ན་ཀུན་ཏུ་བཟང་པོའི་དགོངས་པ་ཀློང་དུ་རང་ཤར་བ་སྟེ། ཀློང་དྲུག་པ་ལས། སེམས་ཅན་ཀུན་གྱི་རང་སྣང་ཆེ། །གཞན་ནས་བཙལ་བའི་གནས་མེད་དོ། །རང་གི་མཐུ་ཡིས་རང་རིག་པས། །སྟོང་གསུམ་འཇིག་རྟེན་གང་ནས་ཀྱང༌། །དེ་ཉིད་བཙལ་ཀྱང་རྙེད་གནས་མེད། །འཇིག་རྟེན་ཀུན་གྱི་སྤྱོད་ཡུལ་ནི། །དེ་ཉིད་སྣང་བའི་རང་བཞིན་ལ། །སུས་ཀྱང་མཐོང་བ་མེད་པ་ཡི། །སྣང་བ་རང་བཞིན་བདེ་བའི་ཞིང༌། །འདི་ལ་སྒོམས་པའི་རྣལ་འབྱོར་པས། །ཀུན་ཏུ་བཟང་པོ་ང་ཡི་སྐུ། །སྐལ་དང་ལྡན་པ་འདི་ཡིས་མཐོང༌། །ཞེས་པ་དང༌། ཡང༌། ཡུལ་ལ་རྐྱེན་རྟོག་རང་ཤར་ཚེ། །འདི་ཀུན་རང་བཞིན་མེད་ཤེས་ན། །སྣང་བ་ཐམས་ཅད་སྒྱུ་མའམ། །རྨི་ལམ་དང་ནི་གཟུགས་བརྙན་ལྟར། །མི་རྟོག་གཟུགས་བརྙན་ཆེན་པོའི་ཉམས། །སུ་ཡི་རྒྱུད་ལ་ཤར་བ་དེ། ། | ||

= Derge (sde dge par ma) = | = Derge (sde dge par ma) = | ||

OCR of the BDRC scans (I1CZ5002), gorn05 tibocr 2026: BDRC OCR on 869 pages, Mitra OCR on 389 pages (the model with more recognisable syllables on each page)

OCR of the BDRC scans (I1CZ5002), gorn05 tibocr 2026: BDRC OCR on 869 pages, Mitra OCR on 389 pages (the model with more recognisable syllables on each page).

<div style="font-family:sans-serif;font-size: |
Volume I1CZ5002

<span | [p. 666] དེ་ལྟར་ལམ་དངོས་བསྟན་ནས། ད་ནི་ལམ་གྱི་ཁྱད་པར་དབང་པོ་ཡང་རབ་རྣམས་མ་བསྒོམས་པར་གྲོལ་བའི་ཐབས་མཆོག་ཏུ་གསང་བ་ཁྲེགས་ཆོད་ཀྱི་མན་ངག་གཏན་ལ་དབབ་པ་ལ་གསུམ་སྟེ། ངོ་རང་ཐོག་ཏུ་དབབ་པ་ས་ལ་བཟླ། ཐག་ཆིག་ཐོག་ཏུ་བཅད་པས་ཆིངས་བསྡམ། གདེང་གྲོལ་ཐོག་ཏུ་བཅད་པས་འཕྲང་བསལ་བའོ། །དང་པོ་ལ་གསུམ་སྟེ། རང་བཞིན་རྫོགས་པ་ཆེན་པོ་སྤང་བླང་བྱ་རྩོལ་ལས་འདས་པའི་གཤིས་ནམ་མཁའ་ལྟ་བུར་གཏན་ལ་དབབ་པ། ཆོས་ཟད་བློ་འདས་ཀྱི་དགོངས་པ་ཟང་ཐལ་རྗེན་པའི་ཡེ་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ། ལྷུན་མཉམ་ཡངས་པ་ཆེན་པོའི་ཀློང་དུ་ཐམས་ཅད་ཡེ་ནས་འདས་ཟིན་པས་བཅིངས་གྲོལ་སྤང་བླང་མེད་པའི་ངང་དུ་འཁོར་འདས་མིང་མེད་ཆེན་པོར་ལ་བཟླ་བའོ། །དང་པོ་ལ་གསུམ་ཏེ། རང་བཞིན་རྫོགས་པ་ཆེནཔོ་བྱར་མེད་ནམ་མཁའ་ལྟ་བུའི་དོན་སྤྱིར་བསྟན་པ། འཆིང་གྲོལ་གཉིས་སུ་མེད་པའི་རང་སེམས་སྟོང་པ་རྩ་བྲལ་ཆེན་པོར་ཐག་བཅད་པ། ཡུལ་སྣང་བློའི་མེ་ལོང་ཚོགས་དྲུག་མཉམ་པ་ཆེན་པོར་ཁྱབ་གདལ་བའོ། །དང་པོ་ནི། ཕྱི་སྣང་བ་ནང་རིག་པ་བར་གཟུང་འཛིན་སྣང་རྟགས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་སྟོང་ཡོངས་སྟོང་ཆེན་པོ། སྣང་སྟོང་བློས་སྟོང་ཆེན་པོ། དག་སྟོང་ | ||
<span | [p. 667] གྲོལ་སྟོང་ཆེན་པོ། ཡོད་མ་མྱོང་མེད་མ་མྱོང་། བདེན་མ་མྱོང་། བརྫུན་མ་མྱོང་། འཁྲུལ་མ་མྱོང་གྲོལ་མ་མྱོང་། འཁོར་མ་མྱོང་། འདས་མ་མྱོང་། ཡིན་མ་མྱོང་མིན་མ་མྱོང་། སྣང་མ་མྱོང་སྟོང་མ་མྱོང་། ཐམས་ཅད་མཉམ་གདལ། ཁྱབ་པ་ཕྱམ་གདལ། ཡིན་མིན་ཕྱོགས་གདལ། ཡོད་མེད་སྣང་གདལ། མི་གཡོ་མཉམ་གདལ། ལྷུན་མཉམ་ཡེ་གདལ། ངང་མཉམ་གཞི་གདལ། ཡངས་པ། ཕྱམ་པ། སངས་པ། གྲོལ་བ། ཟད་པ། སྟོངས་པ། ཕྱམ་ཕྱལ་ཧར་སངས། ཁྱབ་གདལ་ཡེར་སངས། ལྷུན་མཉམ་དབྱིངས་སངས། ངག་གདལ་མཉམ་སངས་མི་གཡོ། མི་འགུལ། མི་གནས། མི་ལེན། མི་འགྲོ། མི་འོང་། མི་བསམ། མི་རྟོག །མི་དམིགས། མི་མཉམ། མི་འགྱུར་བ་སྟེ། སྔར་འཁྲུལ་མ་མྱོང་། ད་ལྟ་འཁྲུལ་པ་ལ་མི་གནས། མཐར་འཁྲུལ་མི་སྲིད། སྔར་གྲོལ་མ་མྱོང་། ད་ལྟ་གྲོལ་བར་མི་འཇུག །མཐར་གྲོལ་མི་སྲིད། སྔར་འདས་པ་མེད། ད་ལྟ་གནས་པ་མེད། མ་འོངས་པ་འབྱུང་དུ་མེད། རིས་མེད་ཕྱམ་སངས་སྟོང་པ། གནས་ལུགས་ཀྱི་གཞི་མེད། ཡིན་ལུགས་ཀྱི་ལམ་མེད། གྲོལ་ལུགས་ཀྱི་འབྲས་བུ་མེད། ལྟ་སྒོམ་གྱི་མིང་མེད། ཕྱོགས་རིས་ཀྱི་ཆོས་མེད། ཡོད་མེད་ཀྱི་མཐའ་མེད། ནམ་མཁའི་དབྱིངས་མེད་པ། བྱ་རྩོལ་ལས་འདས་པའི་ཡེ་སངས། ལྟ་སྒོམ་ལས་འདས་པའི་ཡང་སངས། དམིགས་བསམ་ལས་འདས་པའི་གྲོལ་སངས། ཕྱོགས་འབྱམས་མིང་མེད་སངས་པར་ལ་བཟླ་བ། བལྟར་མེད་བལྟས་པ་མེད། ལྟ་བྱེད་མེད། བལྟས་པས་མི་མཐོང་། བསྒོམ་དུ་མེད། བསྒོམས་པ་མེད། བསྒོམ་པ་ལས་འདས། བསྒོམས་ཀྱང་མི་གྲོལ། དཔྱད་དུ་མེད། དཔྱད་མི་དགོས། དཔྱད་ཀྱང་ངལ་བ་དོན་མེད། བསྒྲུབ་མི་དགོས། གྲུབ་ཟིན། བསྒྲུབ་ཏུ་མེད། བསྒྲུབས་ཀྱང་མི་འགྲུབ། བསྒྲུབས་པ་ལ་དགོས་པ་མེད། བྱ་བ་མེད། བྱེད་པ་ | ||
<span | [p. 668] མེད། བྱས་ཟིན། བྱ་བ་ལས་འདས། བྱས་ཀྱང་ཚི་ཆད། བྱ་མི་དགོས། ཆོས་ལ་བྱར་མེད། བྱས་པས་ཆོས་མ་ཡིན། མི་བྱ་བ་བསྒྲུབ་ཏུ་མེད། འཁོར་བ་མི་སྤོང་། འདས་པ་མི་ལེན། བསྒྲུབ་པ་ཕྱོགས་གཞག །ཡེ་མཉམ་ཕྱམ་གདལ། གཉུག་མ་མིང་མེད། གང་སྣང་ས་ནས་གཞི་མེད་ཡེ་སངས་སུ་འདུག་པས་འཆིང་གྲོལ་འབད་རྩོལ་རང་ཞིག །གང་ཤར་ས་ནས་ཡེ་དག་རང་སྟོང་གདལ་བས་ཕྱམ་གཞག་རེས་མེད་ཕྱལ་བ། གང་སངས་ས་ནས་རྗེས་མེད་རང་དག་ཡེ་སྟོང་དུ་འདུག་པས་ཕྱམ་མཉམ་པར་མེད་ཕྱལ་བར་འབད་རྩོལ་ཞིག་པའི་རང་སེམས་བྱ་བ་མེད་པར་ཁོང་དལ་བས། རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་སུ་ཆོས་ཐམས་ཅད་ཡེ་ནས་རང་ཤར་རོ་ཞེས་རང་གིས་རྟོགས་པའི་དོན་ལུང་དང་སྦྱར་བ་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། རང་བཞིན་རྫོགས་པ་ཆེ་པོ་ཡི། །དོན་ཀུན་པྲ་ཡི་དཀྱིལ་དུ་ཚུད། །མི་སྣང་ཡུལ་མེད་རྟོག་པ་ཡང་། །མ་བཅད་རང་ས་ཉིད་དུ་ཆོད། །འཁྲུལ་མ་མྱོང་བའི་མ་རིག་བརྩད། །མ་བརྟགས་ཡེ་ནས་ཆོད་ནས་འདུག །གོང་དུ་འདི་ཀུན་སུས་མ་ཚོར། །རགས་པའི་འབྱུང་བ་འདི་ཀུན་ཡང་། །ཐོག་མ་ཉིད་ནས་རང་དེངས་པར། །འགྲོ་བའི་གནས་མེད་རང་སོང་བས། །རང་ལུས་ཡེ་ནས་མེད་པར་ནི། །སྔ་ཕྱི་མེད་པར་འདིར་ཡང་རིག །འདི་ཀུན་དུས་མེད་ཡང་དུས་པས། །གཅིག་དང་གཉིས་དང་དྲུག་གསུམ་གྱིས། །སྣང་མེད་སྣང་དང་ཡང་ཕྱེད་སྣང་། །མི་སྣང་མཛད་པའི་རང་སྒྲར་ཡང་། །ས་འཛིན་ས་ལས་འདས་པར་ནི། །ཡེ་ནས་འདུག་པ་སུས་མ་ཚོར། །བགྲོད་དུ་ཡེ་ནས་མེད་པ་ཡི། །ལམ་འདི་ཡེ་ནས་ཉེ་བར་ནི། །འདི་ཡང་རང་ལས་ཡེ་འདུག་པ། །སྔར་མ་མཐོང་སྟེ་རང་རིག་རྩལ། །མི་གནས་བསམ་གཏན་དགོངས་པ་ནི། །བསྒོམས་པ་མེད་པར་ཡེ་འདུག་པ། །འདི་ཡང་གང་གིས་སྔར་མ་རིག །བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ཉིད་ལ། །འདི་ཀུན་རང་གིས་རང་སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག་ | ||
<span | [p. 669] བདག་རྟོག་བཅིངས་པའི་ཉོན་མོངས་ལྔ། །ཡེ་ནས་རིག་པ་རང་ཤར་བར། །ལྷན་ཅིག་གནས་པ་ཞལ་མ་འཚོ། །ས་ཆུ་མེ་རླུང་འབྱུང་བ་བཞི། །ཡེ་ནས་རང་གི་ལུས་ཡིན་པར། །སུས་མ་མཐོང་བ་མིག་རེ་རྟུལ། །ཡང་གསང་འདུས་པའི་མན་ངག་བཅུད། །བར་མཚམས་མེད་པར་རང་གྲག་པ། །གང་གིས་འདི་ཉིད་མ་ཐོས་པ། །རྣ་བའི་དབང་པོ་མེད་དམ་ཅི། །རང་གནས་དབྱིངས་དང་རིག་པའི་དྲི། །བྲལ་བའི་སྐབས་མེད་རང་འཁོར་བ། །ཚོར་མ་མྱོང་བ་སྣ་འགགས་སམ། །བཅུད་གསུམ་མན་ངག་གཅིག་དྲིལ་རོ། །ཡེ་ནས་ལུས་སེམས་བཅུད་ཡིན་པ། །འདི་ཉིད་མ་མྱོང་ལྕེ་ཚད་དམ། །སྣང་བ་རང་དག་ཁ་དོག་རྒྱན། །རང་གི་ལུས་དང་འབྲལ་མེད་པར། །ལུས་རང་གྲིབ་མ་བཞིན་དུ་ནི། །ཉིན་དང་མཚན་མོ་མེད་འདུག་པ། །སུས་ཀྱང་མ་རེག་ལུས་བེམས་སམ། །སྡུག་བསྔལ་ཕྱལ་འདེབས་བདེ་བའི་ཆོས། །བརྗེད་པ་མེད་པར་རང་གནས་པ། །སུས་མ་ཤེས་པ་བློ་རེ་རྟུལ། །འཁོར་བའི་བག་ཆགས་ཡང་བརྩེགས་པ། །ཡེ་ནས་ཆོས་ཀྱི་སྐུར་འདུག་པ། །གང་གིས་མ་མཐོང་སྙིང་རྗེའི་གནས། །དབང་པོ་བདག་རྟོག་ཡུལ་ཤར་ནས། །དྲན་བསམ་འགྱུ་བ་སྣ་ཚོགས་རྣམས། །ཡེ་ནས་ལོངས་སྐུར་རང་ཤར་བ། །འདི་ཀུན་མ་དྲན་བརྗེད་རེ་ངས། །བྱ་བྱེད་སྤྱོད་པ་རྩོལ་སྒྲུབ་དང་། །སྐྱེ་བོ་འདུས་པའི་ཅ་ཅོ་ཀུན། །ཡེ་ནས་སྤྲུལ་པའི་སྐུ་ཡིན་པར། །སུས་མ་ཤེས་པ་ཡོང་རེ་རྟུལ། །ཇི་ལྟར་བསམས་དང་དྲན་འགྱུས་པ། །ཆུ་བོའི་རྒྱུན་བཞིན་བར་མེད་པར། །རྟག་ཏུ་རང་གི་ཡིད་འཕྲོག་པ། །རྩོལ་མེད་རང་གཞག་སྒོམ་པར་ནི། །ཉམས་སུ་མ་ཆུད་སེམས་རེ་ཡེངས། །སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང་། །གྲོང་ཁྱེར་རྒྱུན་གཅོད་ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། །ཞེས་པ་དང་། ཐལ་འགྱུར་ལས། སྣང་བ་འཁྲུལ་པའི་རང་བཞིན་འདི། །ཡེ་ཤེས་ཡིན་པར་སྔར་མ་མཐོང་། །རྟོག་ | ||
<span | [p. 670] བཅས་འཁྲུལ་པའི་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་པའི་རང་རྟོག་རྒྱུན་ཆད་དོ། །དེ་ལྟར་འཁྲུལ་མེད་སྣང་བ་ནི། །ཡེ་ནས་གྲོལ་བའི་གནད་ལས་བྱུང་། །འགྲོ་བའི་ཕུང་པོ་སངས་རྒྱས་སྐུ། །ཡེ་ནས་ཡིན་པར་སུས་མ་རིག །ཕུང་པོ་སངས་རྒྱས་མངའ་བདག་ཏུ། །རྩ་གནས་ཡི་གེར་གྲུབ་ལས་བྱུང་། །ཆུ་བུར་མིག་ལ་ཡེ་ཤེས་ནི། །རང་སྣང་ཡིན་པར་སུས་མ་མཐོང་། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། རང་བཞིན་སྣང་བའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག །གཟུང་འཛིན་མེད་པས་འཁྲུལ་པ་ལོག །འགྱུ་བ་མེད་པས་ལས་རླུང་ལོག །ཟང་ཐལ་ཡིན་པས་དངོས་པོ་ལོག །གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྟོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་བསྒོམ་པ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་མ་མྱོང་བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློས་བརྟགས་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡིན་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་ཕྲད་པས་སྤྲུལ་སྐུར་བྱུང་། །རྟོགས་སུ་ཡོད་པས་ཐབས་སུ་བྱུང་། །བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །ཞེས་པ་དང་། ཡང་། ས་དང་ཕྱོགས་དང་རིས་ལས་འདས། །ཡོད་དང་མེད་དང་ལྟར་སྣང་མེད། །སྒྲ་ཚད་རྣམས་ཀྱི་སྤྱོད་ཡུལ་མིན། །གཅིག་དང་གཉིས་དང་བསྐང་ཡུལ་མེད། །སྟོང་པ་ཆེན་པོར་བབས་ཀྱིས་གྲུབ། །ལུང་དང་རིགས་པའི་སྤྱོད་ཡུལ་མིན། །རྒྱུད་དང་མན་ངག་གིས་མི་མཚོན། །ལྟ་དང་སྒོམ་དང་སྤྱོད་པས་ནི། །དེ་ཡི་དོན་རྣམས་ཤེས་མི་འགྱུར། །དེ་དོན་འབྲས་བུར་གྲུབ་པ་མེད། །ཆོས་ཀྱིས་ | ||
<span | [p. 671] དེ་ཉིད་བསྒྲིབས་པར་འགྱུར། །བསམས་པས་འགྲུབ་པ་མ་ཡིན་ཏེ། །ཤེས་རབ་ཀྱིས་ཀྱང་དཔྱད་དུ་མེད། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་ཡིས། །དེ་ཉིད་གནོད་དང་ཕན་འབྲས་བྲལ། །ཐོས་དང་བསམ་དང་སྒོམ་པས་ནི། །མཆོག་ཏུ་བརྟགས་ཀྱང་དེ་མི་མཐོང་། །དེ་ལ་དཀྱིལ་འཁོར་ཡོད་པ་མིན། །ལྷ་མེད་བསྐྱེད་པའི་ས་བོན་མེད། །སྔགས་དང་ཕྱག་རྒྱས་ཅི་ཞིག་བྱ། །མཆོད་པ་ལ་སོགས་སྤྲོ་མི་དགོས། །དབང་དང་དམ་ཚིག་ག་ལ་ཡོད། །བསྙེན་པ་དང་ནི་སྒྲུབ་པ་མེད། །འཁོར་ལོ་སྤྲོ་བ་ཡོད་པ་མིན། །བསྲུང་བ་མེད་ཅིང་བསྲུང་ཡུལ་མེད། །གདོན་དང་གནོད་པའི་ཡུལ་ལས་འདས། །ཞེས་པ་དང་། རང་ཤར་ལས། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་དང་སྒོམ་དང་སྤྱོད་པ་མེད། །འོན་ཀྱང་ལེགས་བསྟན་ཡིད་ལ་ཟུང་། །བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །བྱ་བ་དང་ནི་བྱེད་པ་ག་ལ་ཡོད། །སྤྱོད་པ་མེད་པའི་ཆོས་ཉིད་རང་བྱུང་འདི། །གང་གི་ཕྱོགས་སུ་མ་ལྷུང་ནམ་མཁའ་བཞིན། །ཡོད་པ་མ་ཡིན་སྟོང་པ་གཅིག་པུ་ཉིད། །མེད་པ་མ་ཡིན་ཡང་དག་བདེ་བའི་སྐུ། །བྱས་པ་མ་ཡིན་རང་བྱུང་རྟོག་མེད་ཉིད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ།། །།བསྒོམ་པའི་ཆོས་ཉིད་ག་ལ་ཡོད། །བཏང་རང་བཞག་པ་མེད་པའི་ཆོས། །བསྒོམས་དང་མ་བསྒོམས་མཐའ་ལས་གྲོལ། །འཛིན་མེད་སེམས་ཀྱི་དྲི་མ་ཅི། །ཡང་དག་རིག་པ་དྲི་མ་མེད། །དྲི་མེད་དག་པའི་ཆོས་སྐུ་ལ། །བསྒོམ་དང་བསྒོམ་པར་བྱ་བ་མེད། །བསྒོམས་པས་ཡང་དག་ཉིད་མི་རྙེད། །རྙེད་ན་རང་རིག་མེད་པར་འགྱུར། །ཅི་ཕྱིར་རང་རིག་ཡེ་ཤེས་ལ། །ཡེངས་དང་མ་ཡེངས་མེད་པའི་ཕྱིར། །གང་ལ་འཛིན་པ་ཡོད་པ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །ཅེས་པ་དང་། ཡང་། དེ་ཡང་ཆོས་རྣམས་འདི་ལྟ་སྟེ། །སྐྱེ་བ་མེད་པས་འགག་པ་མེད། །འཛིན་པ་མེད་པས་རང་སར་གྲོལ། །དམིགས་པ་མེད་པས་སྤྲོས་པ་མེད། །བྱས་པས་མ་བྱུང་ཀུན་ལ་ཡོད། །འདུས་མ་བྱས་པས་རྣམ་དག་དབྱིངས། །འཛིན་ | ||
<span | [p. 672] པའི་ཐ་སྙད་ཆོས་དང་བྲལ། །རང་བཞིན་མེད་པས་བརྗོད་དང་བྲལ། །ཅེས་པ་དང་། ནོར་བུ་འཕྲ་བཀོད་ལས། ཧ་ཧ། ཆོས་མེད་པ་ལས་ཆོས་ཉིད་འབྱུང་། །ཡུལ་མེད་པ་ལས་ཡུལ་ལྟར་སྣང་། །ཆོས་མེད་ཤེས་རབ་ཁོང་གསལ་བས། །དྲན་མེད་ཡུལ་དུ་མེད་པའོ། །ཞེས་པ་དང་། སེང་གེ་རྩལ་རྫོགས་ལས། འཛིན་ཆགས་མེད་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་མཆོག །སོ་སོར་རྟོག་དང་མཚན་མ་ཚིག་གི་ལམ། །བྱ་རྩོལ་མེད་པའི་ཆོས་ཉིད་རང་སར་དག །འུབ་ཆུབ་ཏིང་འཛིན་ཆོས་ཉིད་ཡུལ་ལ་འཇུག །དག་དང་མ་དག་ཐ་སྙད་ཆོས་སུ་མེད། །གཅིག་དང་གཉིས་ལས་འདས་པའི་ཡེ་གནས་དོན། །རང་ལུས་ངང་དུ་ཐིག་ལེ་གཅིག་གིས་འུབ། །ཅེས་པ་དང་། ཀློང་དྲུག་པ་ལས། མཐའ་མེད་དབུས་སུ་དམིགས་པ་མེད། །བསམ་པ་མེད་ཅིང་ཡུལ་རྣམས་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཆོས་མེད་བཏགས་པ་ཀུན་ལས་འདས། །དགྲ་མེད་བཤེས་ཀྱང་ཡོད་པ་མིན། །ལུས་མེད་དབང་པོར་སྣང་བ་མེད། །ཆོས་ནི་བསམས་པས་མི་སྣང་སྟེ། །གང་མེད་གང་དུ་འཛིན་པ་མེད། །ང་མེད་ང་ཡི་འཁོར་ཀྱང་མེད། །དབྱིངས་མེད་རིག་པའི་སྐུ་ཡང་མེད། །དགེ་མེད་སྡིག་པའི་རྣམ་སྨིན་མེད། །སྲོག་མེད་བཅད་པའི་དམིགས་པ་མེད། །ཚོགས་མེད་བསག་པའི་ཡུལ་ཡང་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །གནས་མེད་སྟོང་པ་ཉིད་ཀྱང་མེད། །ཅེས་པ་དང་། ཀུན་དུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། བྱང་ཆུབ་སྙིང་པོ་གོལ་སྒྲིབ་མེད་པ་ལ། །གོལ་དང་སྒྲིབ་པར་འཛིན་པར་ག་ལ་ཡོད། །གོལ་མེད་སྒྲིབ་པ་ཐམས་ཅད་ཡོངས་ཀྱིས་མེད། །ཆོས་ཀྱི་སྐུ་ནི་སྒྲིབ་དང་བྲལ་བ་ལ། །གོལ་སྒྲིབ་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཆོས་སྐུ་མ་སྐྱེས་རང་ལས་བྱུང་བ་ལ། །གཞན་ནས་འོང་དུ་རེ་བ་ཡོང་རེ་འཁྲུལ། །སྐྱེ་མེད་བསམ་དང་བྲལ་བའི་རིག་པ་ལ། །ཚིག་དང་ཡི་གེར་བསྟན་པ་འོ་རེ་བརྒྱལ། །ཅེས་པ་དང་། ཡི་གེ་མེད་པ་ལས། བྱས་ | ||
<span | [p. 673] ༄༅། །བ་མ་ཡིན་བྱེད་མཁན་གལ་ཡོད། །བཅོས་པ་མ་ཡིན་བཅོས་པའི་བདག་པོ་མེད། །ལྟ་བ་མ་ཡིན་ལྟ་བྱེད་ཆོས་དང་བྲལ། །མཐོང་བ་མ་ཡིན་མཐོང་བྱེད་རྣམ་པར་གསལ། །སྣང་བྱེད་མ་ཡིན་སྣང་བའི་ཕྱོགས་དང་བྲལ། །བྲི་བ་མ་ཡིན་ ཐོགས་མེད་ཕྱོགས་བཅུར་ཁྱབ། །རྩོལ་བ་མ་ཡིན་རྩོལ་སྒྲུབ་ཆོས་དང་བྲལ། །གཅིག་པུ་མ་ཡིན་དུ་མའི་ཆོས་དང་བྲལ། །ཕྱི་དང་ནང་མེད་ཕྱི་ནང་མེད་པར་གསལ། །ཅེས་པ་དང་། ཐུན་མོང་གི་གསང་བ་སྒྱུ་འཕྲུལ་ལས་ཀྱང་། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། ། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རིགས་པའི་ལས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་ཙམ་ཉིད་ནས་གནས་ པ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ནས་འགྲོ་འོང་མེད། །ཅེས་པ་དང་། དཀོན་མཆོག་ཏ་ལ་ལའི་མདོ་ལས་ཀྱང་། དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ ཆོས། །ཆོས་རྣམས་ཐམས་ཅད་བྱེད་པར་གཤེགས་དེའང་དྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པས་ན། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་པ་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་ཀྱང་། ནམ་ཞིག་འཇིག་རྟེན་ཁམས་འདི་བྱུང་བ་དང་། །བྱུང་ ནས་ཞིག་སྟེ་སྟོང་པར་གནས་པ་ན། །ཇི་ལྟར་སྔོན་བཞིན་གྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང་། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། མ་རིག་ནམ་མཁའ་ཇི་བཞིན་ཏེ། །ཆོས་རྣམས་ཐམས་ཅད་ མཚན་ཉིད་མེད། །རྟེན་མེད་གནས་མེད་ལེན་པ་མེད། །སྤྲུལ་འདྲར་ཡོངས་སུ་ཤེས་པར་གྱིས། །ཞེས་པ་དང་། གསང་འདུས་ལས། དངོས་པོ་འདི་རྣམས་མ་སྐྱེས་པ། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའི་ལྟ་བུར་བདག་མེད་པའི། །བྱང་ཆུབ་ཚུལ་ | ||
<span | [p. 674] འདི་བསྟན་པའོ། །ཞེས་རྒྱ་ཆེར་གསུངས་སོ། །གཉིས་པ་འཆིང་གྲོལ་གཉིས་སུ་མེད་པའི་རང་སེམས་སྟོང་པ་རྩ་བྲལ་ཆེན་པོར་ཐག་བཅད་པ་ལ་གཉིས་ཏེ། བྱུང་གནས་འགྲོ་གསུམ་གྱིས་བརྟགས་པས་སྤྱིར་བསྟན་པ་དང་། གཅིག་དང་ཐ་དད་ལ་བརྟགས་པས་བྱེ་བྲག་ ཏུ་ངེས་པར་བྱ་བའོ། །དང་པོ་ནི། གཤིས་མཐའ་གྲོལ་ནམ་མཁའ་ལྟ་བུ་ཡིན་མོད་ཀྱི། རང་གིས་ནང་དུ་མ་བརྟགས་ན་ཡིན་སྙམ་ཡིད་དཔྱོད་ལ་ལུས་པས་སྟོང་བསྒོམ་མུན་རྡོ་ལྟར་སོང་ནས། ཟང་ཐལ་རྗེན་པར་མི་རྟོགས་པས་འཁོར་འདས་ཀྱི་ཤན་ཐང་མི་ཕྱེད་པའི་ ཕྱིར། རྟོགས་པ་ངེས་ཤེས་སུ་འཆར་བ་ལ་སོ་སོར་རྟོག་པའི་ཤེས་རབ་དགོས་ཏེ། ཡི་གེ་མེད་པ་ལས། རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང་། ཆོས་ཀྱི་སྐུ་མན་ངག་ལ་ཐུག་ཅེས་གསུངས་པས། འདིར་བླ་མའི་མན་ངག་གིས་རྟོགས་པར་བྱ་བ་ལ་གསུམ་སྟེ། བྱུང་ ས་བྱུང་མཁན་ལ་བརྟག་པ། གནས་ས་གནས་མཁན་ལ་བརྟག་པ། འགྲོས་འགྲོ་མཁན་ལ་བརྟག་པའོ། །དང་པོ་ལ་གཉིས་ལས། བྱུང་ས་ཕྱི་སྣ་ཚོགས་ཡུལ་དུ་སྣང་བ་དང་། ནང་ཕུང་པོ་གཟུགས་སུ་སྣང་བ་སྟེ། སེམས་དེ་གཉིས་གང་རུང་ལ་འཆར་དུས། ཕྱི་ རུ་ཤར་ན་ཕྱིའི་ཡུལ། ནང་དུ་ཤར་ན་ནང་གི་ལུས། ཚལ་པ་ཚལ་པར་ཕྱེ་ལ་རྡུལ་ཕྲན་ཆ་མེད་དུ་བརྟགས་པས། བྱུང་སའི་སྣང་ཡུལ་མེད་པར་མཐོང་དུས་དེ་ལས་སེམས་མ་བྱུང་བར་ངོ་ཤེས་པས་གཟུང་བ་ཡུལ་དུ་འཛིན་པའི་རྟོག་པ་གཞི་མེད་རྩ་བྲལ་ཆེན་པོར་ཐག་ཆོད། བྱུང་མཁན་ཤར་རའོ་ལ་ལའི་སེམས་དང་སེམས་བྱུང་ཁོ་རང་ལས་ཁོ་རང་བྱུང་ན་སྐད་ཅིག་གི་ཤེས་པ་རྫས་གཉིས་སུ་འགྱུར་ལ། ཁོ་རང་ལས་གཞན་ལས་མ་བྱུང་བར་དཔྱད་ཟིན་པས། ད་བྱུང་ས་དེ་རང་བྱུང་དུ་བྱུང་ངམ་སྙམ་ན། ཁ་དོག་དང་། དབྱིབས་དང་། རྟགས་ དང་། མཚན་མ་དང་། ཆེ་ཆུང་དང་། ཕྱོགས་ཆ་ལ་སོགས་པ་ཅི་འདུག་བརྟགས་པས་གང་དུའང་མི་འདུག་སྟེ། བློས་བརྟགས་པ་ཙམ་གཞི་མེད་ཧར་སངས་ཡེ་དག་ཏུ་སོང་དུས། ནང་འཛིན་པའི་རྟོག་པ་གཞི་མེ་ནམ་མཁའ་ལྟ་བུར་རང་གིས་རྟོགས་པས། | ||
<span | [p. 675] ཆོས་དང་ཆོས་ཉིད་དུ་སྣང་བའི་གཟུང་འཛིན་ཐམས་ཅད་ཡུལ་མེད་རྟེན་བྲལ་ཆེན་པོར་དུས་དེའི་ཚེ་རྟོགས་པས། སེམས་དང་པོ་སྐྱེ་བ་མེད་པར་ཡེ་ནས་འདུག་པ་ལ་དེ་རིང་རྟོགས་པས་ཆོས་སྐུ་སྤྲོས་བྲལ་ཆེན་པོའི་དོན་ཁོང་དུ་ཆུད་པའོ། །གཉིས་པ་ བར་དུ་གནས་ས་དང་གནས་མཁན། གསུམ་པ་ཐ་མར་འགྲོ་ས་དང་འགྲོ་མཁན་གཉིས་ཀྱང་དེ་ཁོ་ན་ལྟར་བཤིག་ནས་བརྟགས་པས། ལོངས་སྐུ་རང་གསལ་ཆེན་པོ་དང་། སྤྲུལ་སྐུ་རང་གྲོལ་རང་ཤར་གྱི་དགོངས་པ་ལ་རེག་སྟེ། ཕྱི་ནང་ཡུལ་མེད་རིག་པ་རྟེན་མེད། གཟུང་འཛིན་གཞི་མེད། དགོངས་པ་བར་མེད་མཉམ་པའི་དོན་ཁོང་དུ་ཆུད་ནས། མ་བསྒོམས་ཆུ་བོ་རྒྱུན་གྱི་བསམ་གཏན་རང་སངས་མཉམ་པ་ཆེན་པོ་ཁོང་ནས་འཆར་བ་ནི། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང་། །བར་དུ་གནས་ས་ཐ་མ་འགྲོ། །དེ་ལྟར་ གསུམ་ལ་བརྟགས་དཔྱད་པས། སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། །ཞེས་སོ། །དེའི་ཚེ་ཕྱི་ཡུལ་དུ་སྣང་བ་ཐམས་ཅད་མེད་ལ་སྣང་བ་གཞི་མེད་མང་སེང་། ནང་སེམས་སུ་རྟོག་པ་ཐམས་ཅད་ཤར་གྲོལ་རྗེས་མེད། སྣང་སེམས་འབྲེལ་མེད་ཟང་ཐལ་ ཆེན་པོར་མཐོང་བས་ཆོས་ཟད་ཀྱི་དགོངས་པ་བློ་ཟད་ལ་ཤར་བ་ཞེས་བྱའོ། །འདི་དག་འཕགས་པ་དཀོན་མཆོག་བརྩེགས་པར་གསུངས་ཏེ། འོད་སྲུངས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་རྩོམ་པ། སེམས་ དེ་ནི་ཕྱིན་ཡང་མི་དམིགས། ནང་ན་ཡང་མི་དམིགས། དེ་གཉིས་ཀའི་བར་ན་ཡང་མེད་ཅིང་མི་དམིགས་ཏེ། སྔོན་པོར་མ་ཡིན། སེར་ཕོར་མ་ཡིན་ཅེས་བྱ་བ་ལ་སོགས་པ་ནས། དེ་ལ་བརྩོན་འགྲུས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་སེམས་ཡོངས་སུ་ཚོལ་བའི་ བརྩོན་འགྲུས་སོ་ཞེས་པའི་བར་དུ་གསུངས་སོ། །གཉིས་པ་གཅིག་དང་ཐ་དད་ལ་བརྟག་པ་ནི། སེམས་ཀྱི་ཁང་དུ་བཤིག་པའི་མན་ངག་སྟེ། དེ་ཡང་སེམས་ཞེས་བྱ་བ་འདི་ཡོད་ན་རྒྱུ་ཅི་ལས་བྱུང་བ་དང་། མེད་ན་འགྱུ་བ་དང་དྲན་ཤེས་ཀྱི་འཁོར་ལོ་འདི་ཅི་ཡིན་པ་དང་། | ||
<span | [p. 676] དྲན་ཤེས་ཀྱི་རྣམ་པ་འདི་དག་རྐྱེན་གང་ལ་བརྟེན་ནས་བྱུང་བ་དང་། རྐྱེན་མེད་ན་དྲན་ཤེས་གློ་བུར་བ་འདི་དག་མི་རིགས་པ་དང་། གལ་ཏེ་སེམས་འདི་ལུས་དང་གཅིག་ཏུ་ཡོད་ན་ལུས་འཇིག་དུས་སེམས་ཀྱང་འཇིག་པར་འགྱུར་བ་དང་། མེད་ན་རྗེས་སུ་འགྲོ་ལྡོག་མ་ངེས་པས་ལུས་ཀྱི་ ན་ཆ་སེམས་ཐོག་ཏུ་འོང་བ་དང་། སྐྱེ་བ་སྔ་ཕྱིའི་འཁོར་ལོ་འོང་བར་མི་རིགས་པ་དང་། སེམས་ཞེས་བྱ་བ་འདིར་གཅིག་ན་ནི་འགྲོ་བ་གཅིག་གི་དབང་པོ་འགགས་པས་འགྲོ་བ་གཞན་ཡང་འཆི་བར་རིགས་པ་དང་། གཅིག་མིན་ན་འགྲོ་བའི་གཟུགས་ཐ་དད་པ་ལྟར་འགྲོ་བའི་སེམས་ དངོས་པོ་ཐ་དད་པར་རིགས་པ་དང་ཐ་དད་ན་ལུས་གཅིག་གི་ནང་ན་སྲིན་བུ་ལ་སོགས་པའི་སྲོག་ཆགས་དེ་ཀུན། སྐྱེས་བུ་གཅིག་ཚེའི་དུས་བྱས་དུས་འཚོ་བར་རིགས་པ་དང་། གལ་ཏེ་གཅིག་ཡིན་ན་ལུས་གཅིག་ལ་ཕྱི་ནང་གི་སེམས་ཅན་དཔག་ཏུ་མེད་པ་འོང་བ་འདི་ཅི་ཡིན་པ་ དང་། གལ་ཏེ་སེམས་འདི་ལ་ལྡོགས་ཡོད་ན། དང་པོ་རྒྱུ་ཡོད་དགོས་པས། རྒྱུ་ཡོད་ན་འདུས་བྱས་མི་རྟག་པས་སླར་འཇིག་པས་ལས་ལ་བཟང་ངན་མེད་པར་རིགས་པ་དང་། ལྡོག་པ་མེད་ན་ནི་སེམས་ཅན་གྱི་ཕུང་པོ་དཔག་ཏུ་མེད་པ་འདི་དག་འོང་བར་མི་ རིགས་པ་དང་། སེམས་དེ་སྣ་ཚོགས་པ་ཡིན་ན་ནི་འགྲོ་བ་ལ་རང་གཞན་གྱི་རྟོག་པ་ཐང་ཅིག་ཏུ་འོང་བར་མི་རིགས་པ་དང་། ཕུན་ཚུན་འཆོལ་བས། རང་རྒྱལ་བ་དང་། མ་ཤི་བ་དང་། སྡུག་བསྔལ་མེད་པ་དང་། འཁོར་དང་ལོངས་སྤྱོད་ལ་ སོགས་པ་ལྡན་ན་དགའ་བ་དང་། གཞན་ཕམ་པ་ལ་སོགས་པ་ཀུན་འདུ་ཤེས་མཐུན་པར་འོང་བ་མི་རིགས་པ་དང་། གལ་ཏེ་ཐ་དད་པ་ཡིན་ན་ནི། འགྲོ་བ་མང་པོ་ཡོད་པས། འགའ་ཞིག་ལ་གཞན་དང་མཐུན་པར་རང་འཕམ་པར་དགའ་བ་ལ་སོགས་པ་འོང་བར་ རིགས་པ་དང་། གཅིག་ཁོ་ནར་སེམས་པ་ཡིན་ན་ནི་གཅིག་ཤི་བས་ཀུན་ཤི་བ་འམ། གཅིག་སྐྱེས་པས་ཀུན་སྐྱེ་བར་རིགས་པའམ། དེ་ལྟར་རྣམ་པ་དུ་མའི་སྒོ་ནས་རང་གི་སེམས་ལ་གཅིག་དང་ཐ་དད་ཀྱི་རྒལ་བས་བརྟགས་ཏེ་བཙལ་བས། གང་ཡང་མ་རྙེད་པ་ནི་ | ||
<span | [p. 677] ༄༅། །ཆོས་ཉིད་ཀ་ནས་དག་པའི་དོན་ཤེས་རབ་ཉིད་བར་པོས་རྟོགས་པ་སྟེ། སེམས་ལ་རྒྱུ་མེད་དེ་ལྡོག་མི་སྲིད་པས་ལས་ཀྱི་བསམ་གུས་པ་ལ་མཐའ་མེད་པར་ཡིད་ཆེས་པ་དང་། སེམས་ལ་རྒྱུ་ཡོད་ན་འབྲས་བུ་འོང་དགོས་ཏེ། འབྲས་བུ་འཁོར་བ་ ཡིན་ནམ་དག་ནས་འགྲོ་ལ་མི་སྲིད། འཕགས་པ་ཡིན་ན་འཁོར་བ་བོང་བར་མི་རིགས། གཉིས་ཀ་ཡིན་ན། འཁོར་འདས་ཐ་དད་པ་ལྟར་སེམས་ཀྱང་ཐ་དད་པར་འགྱུར་ལ། གལ་ཏེ་ཐ་དད་ན། ལུས་སེམས་ཐ་དད་པ་བཞིན་དུ་དྲན་པས་མ་གྱི་རིགས་གཅིག་ཏུ་འདུ་ བའི་འདོད་པའང་ཐ་དད་དུ་མར་འགྱུར་བ་ལས། རིགས་གཅིག་ཏུ་འདུ་བས་ཤེས་སོ། །ཡང་སེམས་ལ་རྒྱུ་མེད་ན་སེམས་འདི་དག་མི་རིགས་མོད་ཞེ་ན། འདི་དག་ནི་སེམས་ཀྱི་རྒྱུ་ལས་བྱུང་བ་མེད་དེ་བློ་མ་ཡིན་པས། སེམས་ལས་བྱུང་བ་མ་ཡིན་ན་སེམས་འདི་ཉིད་དུ་ གནས་པ་ཙམ་ལ་མ་རྟོགས་པ་མེད་དེ། འདི་དག་ནི་སྐྱེ་བ་དང་། འཆི་བ་དང་། གནས་པ་ལ་སོགས་པ་ཟད་པ་ཡང་མ་ཡིན་ལ། འཕེལ་བ་ཡང་མ་ཡིན་པས་ན། ལུང་ལས། མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། །ཅེས་པ་དང་། ཡང་། སེམས་ཅན་ཁམས་ཀྱི་རང་བཞིན་དེ་ཡང་མ་མཐའ་མེད། །ཅེས་གསུངས་པས་སོ། །དེ་ལྟར་རྒྱུ་མེད་པས་སེམས་ལ་འཕེལ་བ་མེད་པར་ཤེས། འཕེལ་བ་མེད་པས་སྐྱེ་བ་མེད་པར་ཤེས། སྐྱེ་བ་མེད་པས་འཆི་བ་མེད་པར་ཤེས། དེ་ཤེས་པས་ལས་ལ་བཟའ་དང་ མེད་པར་ཤེས་ཏེ། ལྷུང་བ་ལས། ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། །ཞེས་སོ། །དེ་ལྟར་ཡེ་གདེང་མ་ནས་རང་དག་མེད་པར་ཤེས་པས་ན། གཟོད་ནས་དག་པས་སེམས་ཅན་སྐྱེ་བར་ག་ལ་འགྱུར། །ཅེས་འབྱུང་བ་ཡིན་ནོ། །དེ་ཡང་སེམས་ལ་རྐྱེན་མེད་ པ་སྟེ། ཡོད་ན་སྣང་བ་སྣ་ཚོགས་སུ་སྣང་བ་བཞིན་དུ་སེམས་ཀྱང་རྐྱེན་གྱིས་ཁ་དོག་ལ་སོགས་པ་སྣ་ཚོགས་སུ་འགྱུར་ལ། སེམས་ཐ་དད་དུ་སོང་བས་དྲན་པས་མ་གཅིག་ཏུ་མི་རིགས་ལ། སེམས་ལ་རྐྱེན་ཡོད་ན་གཏན་འཇིག་པར་འགྱུར་བས། སེམས་ཀྱི་ལས་འབྲས་མེད་ | ||
<span | [p. 678] པར་ཐལ་བ་དང་། སེམས་ཞིག་ཀྱང་དེའི་ལས་ཡོད་ན། ཧ་ཅང་འགལ་ཏེ། ལུས་ཀྱི་ཁ་དོག་དང་སྐྱེ་མཆེད་ལེགས་ཉེས་ཀུན་ལུས་ཞིག་ཀྱང་གནས་སོ་ཞེས་བརྗོད་པ་དང་མཚུངས་སོ། །དེས་ན་སྒྱུ་མ་ལྟར་གནས་པ་ཙམ་གྱིས་གསལ་ལོ། །རྐྱེན་མེད་ན་ད་ ལྟ་དྲན་པས་མ་སྣ་ཚོགས་པ་འདི་ཅི་ལས་བྱུང་ཞེ་ན། ད་ལྟའི་དྲན་བསམ་འདི་རྐྱེན་ལས་བྱུང་བ་མ་ཡིན་ཏེ། གློ་བུར་བ་མ་དང་གི་རྨི་ལམ་གྱི་ནོར་བུ་རྙེད་པ་ལ་དགའ་བ་དང་བདེན་པར་འཛིན་པ་ལས། སད་དུས་ཅི་ཡང་མེད་པ་ལྟར། ད་ལྟའི་དྲན་པས་མ་འདྲེན་པར་ བཟུང་ནས་ཞེན་རུང་དེའི་རྗེས་ལ་ཅི་ཡང་མེད་པས་གནས་སྐབས་ཀྱི་བདེན་པ་རྫུན་ལྟར་སྣང་བ་ལས་གྲུབ་པ་མེད་དོ། །དཔེར་ན་ནམ་མཁའི་སྤྲིན་སྣ་ཚོགས་གློ་བུར་དུ་འཁྲིགས་པ་དེ་གར་སོང་ཆ་མེད་གློ་བུར་དུ་ཡལ་བ་དང་འདྲ་བར། སྤྲིན་དེ་ནམ་མཁའ་ལ་མེད་ཀྱང་དེའི་ངང་ ན་སྣང་བ་ལྟར། རྐྱེན་དང་རྒྱུ་སེམས་ལ་མེད་ཀྱང་སྣང་སྣང་འདྲ་དུས་རྒྱུ་རྐྱེན་མེད་དེ་གཅིག་དང་དུ་མ་དང་དུས་གསུམ་གྱི་བརྟགས་པས་མེད་པར་ངེས་ཏེ། རྩ་བ་ཤེས་རབ་ལས། ས་བོན་ཞིག་དང་མ་ཞིག་ལས། །མྱུ་གུ་སྐྱེ་བ་མ་ཡིན་ཏེ། །ཁྱོད་ཀྱིས་ཆོས་རྣམས་ཐམས་ཅད་ནི། །སྒྱུ་མ་འབྱུང་བ་ བཞིན་དུ་བསྟན། །ཅེས་པ་དང་། རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཅེས་པས་སོ། །ཀུན་བྱེད་ལས་ཀྱང་། རྒྱུ་དང་རྐྱེན་མེད་ཞི་བ་མཆོག་གི་ལམ། །ཞེས་པ་ལ་སོགས་པ་བཤད་དོ། །དེའི་ཕྱིར་སེམས་ཡོད་ན། དངོས་པོ་གཟུགས་ཅན་དུ་ཡོད་དམ། གཟུགས་ མེད་དུ་ཡོད། གཟུགས་ཅན་དུ་མེད་དེ་ཡོད་ན་དབང་པོའི་མངོན་སུམ་ལ་བལྟར་རུང་བ་ལས་བྱ་ལྟར་རུང་མ་དམིགས་པའི་མངོན་སུམ་ཚད་མས་གསལ་ལོ། །གཟུགས་མེད་དུ་ཡོད་ན་ཅིས་ཤེས། འགྱུ་བས་ཤེས་སོ་ཞེ་ན། འགྱུ་བ་དེ་ཁ་དོག་དང་ཕྱོགས་མེད་དང་། འདས་མ་འོངས་ད་ལྟ་གསུམ་ཕྲད་པ་བརྟགས་པས་མ་གྲུབ་སྟེ། འགྱུ་བ་སྔ་མ་དང་ད་ལྟའི་འགྱུ་བ་ཕྲད་ན་ཕྲད་ཆའི་དྲན་བསམ་སྔ་མ་དེ་ད་ལྟ་མ་འགགས་པར་ཡོད་དགོས་མ། ཡོད་ན་སྔ་མ་ཡིན་པར་འགལ་ཞིང་། ད་ལྟའི་སྔ་མ་དང་ཕྲད་ཆ་དེ་འགགས་པར་ཐལ་ཞིང་། | ||
<span | [p. 679] མ་ཕྲད་ན་ད་ལྟའི་དྲན་བསམ་རྒྱུ་མེད་འགྱུ་བར་མི་རིགས་པར་ཐལ་བས་ཁེགས་སོ། །འགྱུ་བ་ནི་གཅིག་ཡིན་ནམ་ཐ་དད་ཡིན། གཅིག་ན་སྣ་ཚོགས་པར་འགྱུ་བ་ཉམས་ལ། ཐ་དད་ན་འགྱུ་བྱེད་གཅིག་ཡིན་པ་ཉམས་སོ། །དེས་ན་སེམས་ ཡོད་པར་མ་གྲུབ་སྟེ། རྩ་བྲལ་ནམ་མཁའ་འདྲ་བར་རྟོགས་པས། སྐྱེ་བ་དང་སྐྱེ་གཞི་མེད་པས་ལྡོག་པའི་ས་མེད་དོ། །ནམ་མེད་ན་དྲན་བསམ་སྔ་ཕྱིའི་བར་དུ་ངོ་སྤྲད་པས་དེར་ཡལ་བས་སེམས་ལ་གཞི་མེད་པར་ངོ་ཤེས། དེ་ཤེས་པས་ལྡོག་ས་མེད་པར་ཡིད་ཆེས། དེ་ ཤེས་པས་ཁམས་གསུམ་མིང་མེད་ཆེན་པོར་ཐག་ཆོད། དེ་ཆོད་པས་ལས་དགེ་སྡིག་གི་ཕན་གནོད་མེད་པར་བློ་བདེ་བའོ། །ཡང་སྣང་ཤེས་སྔ་ཕྱིའི་བར་དུ་ངོ་སྤྲད་བས། སེམས་ལ་རྒྱུ་དང་མཚན་ཉིད་དུ་མ་གྲུབ་པར་ངོ་ཤེས། དེ་ཤེས་པ་སེམས་ཉིད་སྟོང་པ་ལ་ངོས་ གཟུང་མེད་པར་ཡིད་ཆེས། དེ་ཆེས་པས་སེམས་ཞེས་རྒྱུ་རྐྱེན་ལས་མ་བྱུང་བར་ཐག་ཆོད། དེ་ཆོད་བས་དྲན་བསམ་གློ་བུར་གྱི་རྟོག་པས་ཕན་གནོད་མེད་པར་བློ་བ་དེ་བའོ། །ཡང་བློ་སྔ་ཕྱིའི་བར་དུ་ངོ་སྤྲད་པ་ས། སེམས་ལ་རྩ་བ་མེད་པར་ངོ་ཤེས། དེ་ཤེས པས་སེམས་ཉིད་གཅིག་གི་འཁོར་ལོ་ལ་སྤྲོས་པ་ཐ་དད་མེད་པར་ཡིད་ཆེས། དེ་ཆོས་པས་བྱས་པའི་ཆོས་ཀྱིས་སངས་མི་རྒྱ་བར་ཐག་ཆོད། དེ་ཆོད་པས་སེམས་མེད་པའི་དོན་ལས་མ་རྟོགས་པའི་ཆོས་ལོགས་པ་མེད་པས་བློ་བདེ་བའོ། །ཡང་ཆོས་ཉིད་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་སྐྱེ་བ་མེད་པར་ངོ་ཤེས། དེ་ཞེས་པས་བག་ཆགས་ལུས་ཀྱི་ཀུན་གཞིས་མི་གནོད་པར་ཡིད་ཆེས། དེ་ཆེས་བས་ད་སེམས་སྐྱེ་མི་སྲིད་པར་ཐག་ཆོད། དེ་ཆོད་པས་དེ་སེམས་ཀྱི་ཁོང་བུ་ཞིག་སྟེ་ལྡོག་པ་དང་ལྡོག་རྟེན་མེད་པར་བློ་བདེ་བའོ། །དེ་ལྟར་སེམས་ཡས་ པའི་དུས་བཞི་པོའི་ཚད་ཟིན་པས། སངས་རྒྱས་མེད་པས་སངས་རྒྱས་མིང་ཙམ་དུ་ཡང་མེད་དེ། འབྲས་བུ་ལ་རེ་བར་འཛིན་པའི་བློ་ལྡོག །དེ་ལོག་པས་ལམ་འབད་རྩོལ་དུ་བྱེད་པའི་ཆོས་མེད་དོ། །དེས་ན་མེད་པའི་ཆོས་ལ་ཅི་ཡང་མེད་པས་འཁོར་འདས་སུ་བཏགས་པ་མིང་ཙམ་ | ||
<span | [p. 680] ལས་དོན་ལ་མ་རྙེད་པ་ལ་གྲོལ་བའི་ཚད་ཅེས་བྱའོ། །དེའི་ཕྱིར་ན་སེམས་ཉིད་མེད་པ་ལ་ཅི་ཡང་མེད་པས། སེམས་ལ་རྒྱུ་མཚན་མེད་པས་བལྟར་མེད་ལ། དེ་ལྟར་མེད་པའི་ངོ་སྤྲད་པ་བཞི་བསྐོར་ལ། ཆོས་ཚན་བཅུ་དྲུག་ཏུ་རིག་པ་ནི། སེམས་ཀྱི་ཁང་བུ་བཤིག་པ་ སྟེ། དཔེར་ན་བྱིས་པའི་ཁང་བུ་བརྩིགས་ཀྱིན་འཇིག་པ་དང་འདྲའོ། །དེ་ཡང་བྱ་བས་བྱ་བ་འཇིག་པ་ལྕགས་ཀྱིས་ལྕགས་འཇིག་པ་དང་འདྲ་ལ། མི་རྟག་པས་མི་རྟག་པ་འཇིག་པ་སྒྱུ་མའི་མིས་སྒྱུ་མའི་གྲོང་ཁྱེར་བཅོམ་པ་ལྟ་བ་དང་། བྱས་པས་མི་རྟག་པ་འཇིག་པ། རོལ་རོ་བརྩེགས་པ་ལྟ་བུ་དང་། མི་རྟག་པས་བྱས་པ་འཇིག་པ་རིག་པ་ད་ལྟར་བས་མ་རིག་པ་སྔ་མ་འཇིག་པ་ལྟ་བུའོ། །དེ་ལྟར་ན་སེམས་ཀྱིས་སེམས་བཤིག་པས་གཉིས་ཀ་རྗེས་མེད་དུ་ཞིག་པ་ཆུ་ལ་ཡི་གེ་བྲིས་པ་ལྟ་བུ་དང་། མེད་པས་མེད་པ་བཙལ་ཡང་མི་རྙེད་པ་དབུལ་ པོའི་ཁྱིམ་ན་ཡིད་བཞིན་གྱི་ནོར་བུ་མེད་པར་བཙལ་ཀྱང་རྙེད་པའི་གནས་མེད་པ་དང་འདྲ་བར། སེམས་མེད་པ་ལ་གཞིག་པའི་གནས་མེད་པ་ནི། དཔེར་ན་གྲུ་རྡིབ་པའི་ཚེ་ཆུ་ལ་འཛིན་པའི་གནས་མེད་པ་དང་འདྲེའོ། །དེའི་ཕྱིར་ན་སེམས་མེད་པའི་དོན་མ་ཤེས་པར། །ལྟ་སྒོམ་ སྤྱོད་པ་སེམས་ལ་འཚོལ་བ་ནི། བདེ་ཆེན་ཐར་པའི་བསྟན་པ་རྙེད་དུས་མེད་དེ། གྲུ་རྡིབ་པས་ཆུ་ལ་འཇུས་པ་ལྟར། སེམས་མེད་པ་ལ་ཡོད་པར་རྟེན་བཅས་པ་དེ་ཉིད་ཀྱིས་སླུ་ཞིང་འཆིང་བར་ངེས་སོ། །ཀུན་དུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས་ཀྱང་། སྣང་བ་ཆོས་ སྐུར་འདོད་པ་ང་ལ་སྒྲིབ་པ་ཡིན། །ཅིར་སྣང་སེམས་སུ་འདོད་པ་ང་ལ་སྒྲིབ་པ་ཡི་ན། །རང་བྱུང་གཞན་ནས་འདོད་པ་ང་ལ་སྒྲིབ་པ་ཡི། །ཅེས་སོ། །འོ་ན་སེམས་ཡལ་ཞེས་ཡོད་པ་དེ་མེད་པར་སོང་བ་མ་ཡིན་ནམ་ཞེ་ན། ཡལ་བ་ནི་སྔར་བཞིན་དཔྱད་ན་མ་ གྲུབ་པ་དང་། མ་དཔྱད་ནའང་གློ་བུར་གྱི་དྲན་བསམ་གྱི་རྟོག་པ་ཡལ་བ་ལས། སེམས་རང་རྒྱུད་པ་ཡོད་ནས་མེད་པར་སོང་བ་མེད་དེ། ཡལ་རྒྱུ་དང་ཡལ་རྐྱེན་གང་དུ་ཡང་མེད་དོ། །འོ་ན་སེམས་ཀྱི་ཁང་བུ་བཤིག་པ་ལ་དགོས་པ་མེད་དེ་བཤིག་རྒྱུ་མེད་པའི་ཕྱིར་ | ||
<span | [p. 681] ན་འོག་མ་དྲང་བ་ཙམ་ལས་ངེས་དོན་མ་ཡིན་པར་ཐག་བཅད་དོ། །གསུམ་པ་ཡུལ་སྣང་བློའི་མེ་ལོང་དུ་ཤར་བས་ཚོགས་དྲུག་མཉམ་པ་ཆེན་པོར་ཁྱབ་གདལ་བ་ནི། ཕྱི་སྣང་བ་སྣ་ཚོགས། ནང་དྲན་རྟོག་གློ་བུར། དབང་པོ་དྲུག་སྣང་ཡུལ་དང་བཅས་པ་ཐམས་ཅད། མེད་པ་ གསལ་སྣང་ཙམ་ལས། དོན་ལ་ཕྱི་ནང་གང་ན་ཡང་མེད་པར་བ་རིབ་ཅན་གྱི་སྐྲ་ཤད་དང་། སྐྱུ་མ་དང་། མིག་འཕྲུལ་དང་། སྦྲུལ་བ་ལྟ་བུར་བློ་ལ་སྣང་ཡང་། སྣང་དུས་དེ་ཉིད་ནས་ཡོད་མེད་ཀྱི་མཐའ་ལས་འདས་པར་ཤེས་པར་བྱ་སྟེ། སྣང་བའི་ངོས་ནས་ཇི་ལྟར་བཏགས་ཀྱང་ མི་འགྲལ། ཡིན་དུ་ཆུག །མིན་དུ་ཆུག །ཡོད་དུ་ཆུག །མེད་དུ་ཆུག །སྣང་དུ་ཆུག །སྟོང་དུ་ཆུག །འཁྲུལ་དུ་ཆུག །གྲོལ་དུ་ཆུག །བཟང་དུ་ཆུག །ངན་དུ་ཆུག །སེམས་སུ་ཆུག །གཞན་དུ་ཆུག །གང་ལྟར་བཏགས་ཀྱང་། སྟོང་པའི་ངོས་ནས་ཇི་ལྟར་བཏགས་པ་དེ་ ཉིད་ཀྱིས་ཐོག་མར་སྟོང་སྟེ། བཏགས་པ་སེམས་ཡིན། སེམས་མེད་པ་ཡིན། མེད་པ་ལ་འདོགས་མཁན་མེད་པས་རྨི་ལམ་གྱི་བྱ་བྱེད་དང་སྒྱུ་མའི་བྱ་བྱེད་བཞིན་ནོ། །སྣང་བ་དང་འཆར་བ་དང་། དགེ་བ་དང་མི་དགེ་བ་ལ་སོགས་པ་དེ་ཉིད་གློ་བུར་བ། དེའི་ངོ་བོ་གཞི་མེད་རང་ གནས། རིག་པ་རེ་ཡེ་གདངས་ཆ་ལ་ཡོད་པས་ངོས་ཟིན་ན་དགོངས་པ་ཆོས་ཉིད་ཕྱོགས་ཡན་ལས་འཆུགས་ས་མེད་དེ། སྣང་སྲིད་འཁོར་འདས་ཀྱི་ཆོས་སོ་ཅོག་རིག་པའི་ངང་ན་མེད་པ་གསལ་སྣང་གི་སྣང་བ་ཆེན་པོར་རང་ཤར་རང་སྣང་བ་ནི། འབྱུང་བཞིའི་སྣང་བ་ནམ་མཁའི་ངང་ན་གནས་ པའམ། རྨི་ལམ་སྣ་ཚོགས་གཉིད་དང་། གཉིད་རིག་པའི་ངང་ལས་མ་གཡོས་པ་བཞིན་ཏེ། ཐམས་ཅད་རིག་པའི་ངོ་ལ་རང་སྣང་ཡང་། རིག་པས་འཁྲུལ་སྣང་འཁོར་བ་མ་མཐོང་། དག་སྣང་འདས་པ་མ་མཐོང་། འཁོར་འདས་ཀྱིས་རིག་པ་མ་མཐོང་། ཐམས་ཅད་གཞི་མེད་མཉམ་པ་ཆེན་པོའི་ངང་ལས་གཡོས་པ་མེད་དེ། ངོ་བར་མ་གྲུབ་པས་མཐོང་བ་དང་མཐོང་བྱེད་ལས་འདས་ལ། རིག་པའི་ངང་ནས་ཤར་བས་འཁོར་འདས་རིག་པའི་ངང་གདངས་སམ་རོལ་པ་ཞེས་བཏགས་པ་ཙམ་སྟེ། ཡིད་མེད་མཐའ་གྲོལ་ཆེན་པོ། | ||
<span | [p. 682] ༄༅། །རོ་ཞེ་ན། སེམས་ཡེ་ནས་མེད་པ་ལ། མེད་པའི་གནས་ལུགས་རྟོགས་པར་བྱེད་པ་ཙམ་ལས། སེམས་ཀྱི་ཁང་བུའི་གཞིའམ་དངོས་པོ་ཡོད་པ་ནི་མིན་ཏེ། དྲན་པའི་ཁུངས་ཆོས་ཉིད་དུ་སོང་བས། མེད་པ་གོ་བར་བྱས་པ་ལ། ཁང་བུ་ བཤིག་ཅེས་ཐ་སྙད་དུ་བྱས་ཏེ། ཡོད་པ་བཤིག་པ་ནི་གང་ཡང་མེད་དོ། །དེའི་ཕྱིར་ན་ཐ་སྙད་ཀྱི་འབྲས་བུ་ཞེས་སྣང་བ་ཡུལ་གྱི་གནད་གང་སྣང་གི་སྟེང་དུ་བཞག་པས། བམས་པོའི་སྣང་བ་དེར་འཛིན་མེད་པས་ཡུལ་སེམས་གཉིས་མེད་ཀྱི་འབྲས་བུ་དང་། ཤེས་པ་གང་ འགྱུས་ཀྱི་སྟེང་དུ་བཞག་པས། སེམས་ཀྱི་ཁང་བུ་རང་ཞིག་པས་འགྱུ་བ་རྟོག་སངས་ཀྱི་འབྲས་བུ་དང་། དེ་ལྟར་བེམས་རིག་གཉིས་མེད་ཟུང་འཇུག་ཡེ་ཤེས་ཀྱི་ཡལ་ས་ངོས་ཟིན་པས་མེད་པའི་འབྲས་བུའོ། །དེ་ལྟར་འབྲས་བུ་གསུམ་གྱི་དུས་ཀྱང་ཡལ་དུས་ངོ་སྤྲད་པའི་ གནད་བཞི་ལ། མེད་པའི་ཆོས་བཅུ་དྲུག་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེའང་གསང་ཆེན་ངེས་པ་སྙིང་ཐིག་གི་ཁྲེགས་ཆོད་སེམས་ཡེ་མེད་རང་སངས། འགྱུ་བ་གློ་བུར་ཡེ་གྲོལ་དུ་ཤེས་པ་དང་། མན་ངག་གཞན་དག་སེམས་དོན་དམ་དུ་མེད། ཀུན་རྫོབ་ཏུ་ཡོད་པར་ བརླམས་ནས། ལྟ་སྒོམ་སེམས་ལ་ལམ་བྱེད་གཉིས། རང་གྲོལ་རང་ཤར་རང་གཞག་ཙམ་དུ་མིང་མཐུན་ཡང་། དོན་མི་མཐུན་ཏེ། འདིར་ཡེ་མེད་དུ་བྱེད་པ་དང་། གཞན་བུ་ཡོད་པ་མེད་པར་འདོད་པས་སོ། །ཟུང་འཇུག་ཀྱང་། གཞན་དུ་ཡོད་པ་གཉིས་གཅིག་ལ་གཅིག་ འབྲེལ་གྱི་ཟུང་འཇུག་འདོད་པ་དང་། འདིར་ཡེ་མེད་པས་ཟུང་དུ་འཇུག་རྒྱུ་མེད་ལ། མེད་པའི་ངོ་བོ་ལ་ཐ་དད་རིས་སུ་མེད་པ་གཉིས་ཐ་མི་དད་པས་གཉིས་མེད་ཟུང་འཇུག་ཅེས་བྱའོ། །གནད་འདི་ནི་ཐེག་པ་ཀུན་ལས་རྩེ་མོར་གྱུར་པའི་གནད་ཁམ་ཡང་ཆེ་ལ་གལ་ཡང་ཆེ་བ་སྟེ། འདི་ལས་སྣང་བ་ སེམས་སུ་མི་འདོད་པ་དང་། སེམས་ཡོད་མ་མྱོང་གཞི་སངས་ཆེན་པོར་བསྟན་པ་ཡིན་ནོ། །འདི་ལ་བརྟེན་ནས་སྣང་བ་སེམས་སུ་ངོ་སྤྲད་པ་དང་། སེམས་ཉིད་སྟོང་པར་ངོ་སྤྲད་པའི་མན་ངག་སྙིང་ཏིག་གི་དགོངས་པ་མ་ཡིན་པར་ཤེས་པར་བྱའོ། །མན་ངག་འགའ་ཞིག་ཏུ་དེ་ལྟར་བྱུང་སྲིད་ | ||
<span | [p. 683] ༄༅། །བཏགས་པ་མི་འགལ། དོན་ལ་མ་གྲུབ། མེད་པ་གསལ་སྣང་ཙམ་དུ་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཤར་བ་སྟེ། ཀློང་དྲུག་ཕུལ་ལས། དྲི་མ་མེད་པའི་སེམས་ཉིད་ལ། །ཡུལ་རྐྱེན་བྲལ་བའི་སྣང་བ་ནི། །རང་དག་ཆེན་པོའི་ དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །ཅེས་པ་དང་། ནོར་བུ་འཕྲ་བཀོད་ལས། ཅི་ཡང་མེད་པའི་དངོས་པོ་ནི། །གང་གི་ཕྱོགས་སུ་མ་ལྷུང་བ། །ཅེར་ཡང་འཁྲུལ་པའི་དངོས་པོ་ནི། །མཐུན་སྣང་ཙམ་དུ་སྣང་བར་ཟད། །འོན་ཀྱང་དེ་ཡི་དོན་མི་སྐྱེ། །ཆོས་ དབྱིངས་རྒྱན་ལྟར་སྣང་བའོ། །ཞེས་པ་དང་། སྟོང་པའི་ཡེ་ཤེས་ཆེན་པོ་ནི། །ཅིར་ཡང་མེད་ལས་ཅིར་ཡང་འཁྲུལ། །ཅེས་པ་དང་། མུ་ཏིག་ཕྲེང་བ་ལས། དེ་ནི་ང་ཡིན་འགྲོ་བ་ཡིན། །སེམས་ཡིན་སེམས་ལས་བྱུང་བ་ཡིན། །དུ་མ་ཡིན་ལ་ཉག་གཅིག་ ཡིན། །འཁོར་བ་མྱང་འདས་ང་རང་ཡིན། །དཀྱིལ་འཁོར་ལ་སོགས་རིམ་འཇུག་ཡིན། །ཆོས་ཡིན་ཆོས་སུ་སྣང་བ་ཡིན། །གནས་པ་ཡིན་ལ་འགྲོ་བ་ཡིན། །འདུག་དང་ཉལ་དང་འཆག་པ་ཡིན། །སྲོག་ཡིན་གཅོད་པ་ཉིད་ཀྱང་ཡིན། །འཇིག་རྟེན་ གསུམ་པོ་དེ་ལས་སྐྱེས། །མི་དོང་ན་ཇི་ལྟར་སྣང་བ་ཡི། །ཆོས་ཀུན་དེ་ལས་བྱུང་བའོ། །ས་ཆུ་མེ་རླུང་ནམ་མཁའ་ཡི། །འབྱུང་བ་ཆེ་རྣམས་དེ་ལས་བྱུང་། །ཞེས་པ་ནས། དེ་ལྟར་གནས་པའི་ཆོས་ཉིད་ལ། །འཁྲུལ་པ་གདོད་ནས་མེད་པ་སྟེ། ། ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །གློ་བུར་སེམས་ཅན་སྤྲིན་གྱིས་བསྒྲིབས། །མ་འཁྲུལ་གནས་པའི་ཆོས་ཉིད་ཀྱང་། །བློ་ལ་འཁྲུལ་པའི་ཚུལ་དུ་སྣང་། །ཞེས་པ་ནས། སེམས་ཅན་ཉོན་མོངས་ལྔ་ཉིད་ནི། །དོན་ལ་ཡོད་པ་མ་ཡིན་ཏེ། ། ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །གློ་བུར་རྐྱེན་དང་བཅས་པ་ཉིད། །སྤྲིན་དེ་ནམ་མཁའ་ཉིད་ལས་བྱུང་། །དེ་བཞིན་ནམ་མཁར་ཐིམ་ཤེས་ནས། །དབྱེར་མེད་གཅིག་གི་ངང་ཞེས་བྱ། །དེ་བཞིན་ཉོན་མོངས་དྲི་མ་ཉིད། །རང་བྱུང་རང་ཞི་ཉིད་ | ||
<span | [p. 684] ཤེས་ན། །སེམས་ཅན་འཆིང་བར་ག་ལ་འགྱུར། །ཅེས་པ་དང་། སྣང་ཚུལ་མ་གྲུབ་པ་ལྟར། འཛིན་པར་སྣང་ཡང་གང་དུའང་མ་གྲུབ་པས། གཏད་མེད་ཆེན་པོར་བསྟན་པ་ཡང་། རིན་ཆེན་སྤུངས་པ་ལས། གནས་པ་མེད་པའི་སེམས་ཉིད་འདི། ། འགྲོ་ས་མེད་པ་ཡ་རེ་ཆ། །ཀུན་དུ་འཇུག་པའི་ཡིད་དྲུག་ལ། །བརྟེན་པའི་ས་མེད་ཡ་རེ་ཆ། །ཐམས་ཅད་སྡུད་པའི་ཀུན་གཞི་ལ། །བཞག་པའི་ས་མེད་ཡ་རེ་ཆ། །འཁོར་ཞིང་འཁྲུལ་པའི་མ་རིག་ལ། །འགྱུར་བའི་དབང་མེད་ཡ་རེ་ཆ། །ཐམས་ཅད་ཡུལ་ ཞེན་ཉོན་མོངས་ལ། །གཞི་རྩ་མེད་པ་ཡ་རེ་ཆ། །ཕྲ་དང་རགས་པའི་དྲི་མ་ལ། །འཆགས་ས་མེད་པ་ཡ་རེ་ཆ། །འབྱུང་བ་རགས་པའི་གཟུགས་རྣམས་ལ། །གཏད་པའི་ས་མེད་ཡ་རེ་ཆ། །སྐྱེས་བུ་རྟེན་པའི་ཚེ་སྲོག་ལ། །དུས་བཏབ་མེད་པ་ཡ་རེ་ཆ། ། ཚོགས་དྲུག་ཡུལ་གྱི་སྣང་བ་ལ། །རྟག་པ་མེད་པ་ཡ་རེ་ཆ། །སྐྱེས་བུའི་དྲན་བསམ་བྱུང་ཚོར་ལ། །ཟད་པ་མེད་པ་ཡ་རེ་ཆ། །ཞེས་པ་དང་། ཡང་། གཞི་རྩ་མེད་པའི་ཆོས་ཉིད་འདི། །མ་བཙལ་བཞག་པས་ངོ་མཚར་ཆེ། །འགྲོ་དང་འོང་བའི་རིག་ པ་ལ། །ཐུག་པ་མེད་པ་ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ཡེ་ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། །ཞེས་པ་དང་། ཐུན་མོང་གི་ཐེག་པ་འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང་། ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལ། །སྐད་ཅིག་ཏུ་ནི་སྤྲིན་ གྱི་དཀྱིལ་འཁོར་སྣང་། །བྱུང་ནས་ཞིག་སྟེ་སྤྲིན་གྱི་དཀྱིལ་འཁོར་དེ། །ཐོག་མ་གང་ལས་བྱུང་བ་བརྟག་པར་གྱིས། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཇི་ལྟར་མི་དག་བྲག་རིའི་ཁྲོད་འདུག་སྟེ། །གླུ་ལེན་སྨྲ་དང་དགོད་དང་དུ་བ་ལས། །རྐྱེན་ལ་ བརྟེན་ཏེ་བྲག་ཅ་འབྱུང་མོད་ཀྱི། །སྒྲ་ལས་དབྱངས་དེ་ནམ་ཡང་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་རྒྱ་ཆེར་གསུངས་སོ། །དོན་གཉིས་པ་ཆོས་དྲང་བློ་འདས་ཀྱི་དགོངས་པ་ཟང་ཐལ་རྗེན་པའི་ཡེ་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ་ | ||
<span | [p. 685] ལ་གསུམ་སྟེ། ཆོས་ཟད་བློ་འདས་ཀྱི་རིག་པ་ཟང་ཐལ་རྗེན་པར་ངོ་སྤྲད་པ། རང་གསལ་ངང་གནས་ཀྱི་དགོངས་པ་ཕྱམ་གདལ་ཆེན་པོར་བསྐྱང་བ། གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་ཀློང་གསལ་ཆེན་པོར་གཞག་ པའོ། །དང་པོ་ནི། རང་བབས་ཀྱི་རིག་པ་རང་གསལ་དུ་རྗེན་ནེ་བཞག་ལ། ཕྱིར་མི་སྤྲོ། ནང་དུ་མི་བསྡུ། བར་དུ་མི་བསམ་པའི་རང་ངོ་ལ་བལྟས་པས། ཕྱི་ནང་བར་མེད། རང་གསལ་རྗེན་པ། ལྟ་སྒོམ་གྱིས་མ་བསླད་པའི་ཆོས་སྐུ། རྣམ་རྟོག་གིས་མ་ བསྐྱོད་པའི་ཡེ་ཤེས། སྤྲོ་བསྡུས་མ་བཟོས་པའི་དགོངས་པ། གསལ་བ་ལ་རྟོག་པ་མེད་པ། གནས་པ་ལ་འཛིན་པ་མེད་པ། ཡངས་པ་ལ་ཕྱལ་བར་མ་ཤོར་བ། མཉམ་པ་ལ་བར་མེད་པ། འཇོག་མཁན་མེད་པའི་རང་དངས་ཆེན་པོ། ཡེ་ནས་རང་བབས་ཀྱི་དགོངས་པ་ ཆེན་པོ། །དངས་ཤིང་ལྟེང་བ་རྒྱ་མཚོ་ལྟ་བུ། གསལ་ཞིང་དག་པས་ཉི་ཟླ་ལྟ་བུ། ཡངས་ཤིང་ཕྱམ་པས་ནམ་མཁའ་ལྟ་བུ། བརྟན་ཞིང་གནས་པས་རི་རྒྱལ་ལྟ་བུའོ། །འདི་ལྟ་བུའི་དོན་དང་སེམས་ཅན་ཐམས་ཅད་སྐད་ཅིག་ཀྱང་འབྲལ་མ་མྱོང་དུ་ཡེ་ནས་རང་ལ་ ཡོད་ཀྱང་། ངོ་མ་ཤེས་པས་འཁོར་བར་ངན་རྟོག་གི་སྤྲོས་པས་འཆོལ་བ་ཡང་། ད་བླ་མའི་གདམས་པས་ངོས་ཟིན་ནས་འཆར་རམ་གནས་སམ་གྱིན་འདར་ལྷན་ནེ་བའི་དུས་གང་དུའང་རང་བབས་ཅོག་གཞག་གི་ངོ་བོར་ངོ་སྤྲད་པ་བཞིན་ངང་མ་ཡེངས་ཙམ་དུ་བྱ་སྟེ། སེང་ གེ་ཚུལ་རྫོགས་ལས། ཨེ་མ་སེང་གེ་བགྲོད་མེད་ལམ། །བྱ་རྩོལ་མེད་པའི་སེང་གེ་ཡིས། །བཏང་བཞག་མེད་པའི་གངས་དཀར་ལ། །མུན་པ་སངས་པའི་རྩལ་གསུམ་རྫོགས། །བསམ་མེད་དངས་པའི་སེང་གེ་ངས། །ཀ་དག་དྲི་མེད་གངས་བཟང་ལ། །འབྱུང་ བ་སངས་པའི་རྩལ་གསུམ་རྫོག་ས། །ཞེས་པ་དང་། ཀློང་དྲུག་པ་ལས། རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །བླང་དོར་མེད་པའི་སེམས་ཉིད་ལ།།ཕྱོགས་མེད་ | ||
<span | [p. 686] རང་གྲོལ་སྣང་བ་ནི། །ཁྱབ་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །བྱིང་རྒོད་མེད་པའི་སེམས་ཉིད་ལ། །བཏང་སྙོམས་ཆེན་པོའི་བསྒོམ་པ་ནི། །ཚོགས་དྲུག་ལྷུག་པའི་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །ཡང་མེད་ པའི་སེམས་ཉིད་ལ། །རེ་དོགས་བྲལ་བའི་སྣང་བ་ནི། །ཡེ་བཞག་གདེང་ལྡན་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །ཅེས་པ་དང་། རྣལ་རྫོགས་ལས། འཛིན་ཆགས་མེད་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་ པའི་མཆོག །སོ་སོར་རྟོག་དང་མཚན་མ་ཚིག་གི་ལམ། །བྱ་རྩོལ་མེད་པའི་ཆོས་ཉིད་རང་སར་དག །འུབ་ཆུ་བཏིང་འཛིན་ཆོས་ཉིད་ཡུལ་ལ་འཇུག །དག་དང་མ་དག་ཐ་སྙད་ཆོས་སུ་མེད། །གཅིག་དང་གཉིས་ལས་འདས་པའི་ཡེ་གནས་དོན། །རང་ལུས་ངང་དུ་ཐིག་ལེ་ གཅིག་ཏུ་འུབ། །དུས་མེད་རྟོགས་པས་ཏིང་འཛིན་མ་ཡེངས་གསལ། །མཐའ་དབུས་མེད་པས་ཆོས་ཉིད་མིང་དང་བྲལ། །འགྱུར་བ་མ་ཡིན་དྲང་པོར་ཡོངས་ལ་ཁྱབ། །བྱས་པ་མ་ཡིན་ཕྱུངས་ར་ལྷུན་གྱིས་གྲུབ། །ཅེས་སོ། །གཉིས་པ་དེའི་ངང་ལ་བསྐྱང་བ་ལ་གསུམ་ སྟེ༑ ལྟ་སྒོམ་ཡུལ་འདས་ཆེན་པོར་བསྐྱང་བ། ཏིང་འཛིན་རང་བབས་ཆེན་པོར་བསྐྱང་བ། །དགོངས་པ་བློ་འདས་ཆེན་པོར་བསྐྱང་བའོ། །དང་པོ་ནི། ངོ་སྤྲད་པའི་ངང་དེ་ལ་བློའི་འཛིན་རྩོལ་དང་ཆེད་དུ་བསྒོམ་པའི་གཉེན་པོ་མ་ཞུགས་པར་རིག་པ་རྒྱ་ཡན་ཡེ་བཞག་ དཔངས་བསྟོད་ལ་བྱལ་བ་བར་མེད་རང་སངས་སུ་བཞག་པ་སྟེ། ནོར་བུ་འཕྲ་བཀོད་ལས། ཡངས་སོ་ཆོས་ཉིད་རྣམ་པར་དག །ཆེའོ་ལྟ་བ་རྨད་པོ་ཆེ། །སྣང་ངོར་འབྱུང་དཀྱིལ་འཁོར་ཉིད། །ཡུལ་དང་ཡུལ་མེད་རྣམ་པར་དག །ཕྱི་དང་ནང་མེད་རྣམ་པར་སྣང་། སྟོང་དང་མི་སྟོང་ཚིག་ལས་འདས། །ཞེས་པ་དང་། སེང་གེ་རྩལ་རྫོགས་ལས། དང་པོའི་གནས་ས་གང་ཡིན་པར། །ཐ་མ་དེ་ཡི་གནས་སུ་འགྲོ། །ད་ལྟ་དེ་ཡི་དོན་ལ་གནས། །ཞེས་པ་དང་། ཡང་། འཛིན་རྟོག་མེད་པའི་ནམ་མཁའ་ལ། །རྣམ་ | ||
<span | [p. 687] ༄༅། །ཤེས་ཡིད་མ་འགྱུས་པ་ནི། །ཡེངས་པ་མེད་པའི་ཏིང་འཛིན་མཆོག །སངས་རྒྱས་ཉག་གཅིག་གནས་ལུགས་ཡིན། །ཅེས་སོ། །གཉིས་པ་ལ་གསུམ་སྟེ། རང་གནས་ཅོག་གཞག་ནི། ཚོགས་དྲུག་ཡུལ་གྱི་སྣང་བ་ལ་འཛིན་པའི་ང་བོ་རྒྱ་ མི་བྱེད་པར་ཕྱི་ནང་བར་མེད་ཧར་སངས་སུ་ཕྱལ་ལེ་བཞག་ནས། གཉིད་དུ་འགྲོ་ཁར་ཡང་དེའི་ངང་ལ་ཉལ་བས་རྨི་ལམ་འོད་གསལ་དུ་འཆར་བའོ། །ཐོག་བབས་ཆེན་པོ་ནི། སྒོ་གསུམ་ལྷུག་པར་གློད་ལ་གང་ཤར་ཅར་ཕོག་ཏུ་རང་སངས་ལ་ཕྱལ་ཕྱལ་སོང་བའི་ངང་ངོས་ གཟུང་བའོ། །སྣང་བ་རྒྱས་འདེབས་ནི། ལུས་སྐྱིལ་ཀྲུང་དང་མིག་བར་སྣང་ལ་ཧྲིག་གེ་བལྟས་ཏེ། སེམས་འཕྲོ་འདུ་བཅད་ནས་རིག་པ་དང་སངས་ཕྱེད་པའི་ངང་ངོས་བཟུང་བས་རླུང་ལྔ་དབྱིངས་སུ་འཆིངས་ཏེ། རང་སྣང་དག་པའི་འོད་གསལ་ཕྱི་དུ་བ་སྨིག་རྒྱུ་འཇའ་འོད་ལ་ སོགས་པ་དང་ནང་ཆོས་ཉིད་སྟོང་གསལ་བར་སྣང་དག་པ་ལྟར་འཆར་ཏེ། ཀློང་དྲུག་པ་ལས། ཏིང་འཛིན་གསུམ་ལ་འདི་ལྟར་བསླབ། །རང་གནས་ཅོག་གཞག་ཏིང་འཛིན་ནི། །དབང་པོའི་སྒོ་རྣམས་མི་དགག་ཅིང་། །ལུས་ཀྱི་སྤྱོད་པ་སྤྱད་མི་བྱ། །གཉིད་ ཀྱང་སྤང་བར་མི་བྱ་སྟེ། །སེམས་ཀྱིས་གུད་དུ་བཅད་པ་མིན། །མདོར་ན་ལུས་ངག་རང་སོ་ལ། །ཡིད་བྱུང་ཆ་རྣམས་ཕྱིར་མ་ཤོར། །དབང་པོའི་ཡུལ་རྣམས་དྲུག་ལ་ཡང་། །ཤེས་བཞིན་སྤྱོད་པའི་ཡིད་མ་འགྱུས། །རང་སྣང་མི་རྟོག་ཆེན་པོ་ལ། །གསལ་ལ་ རྟོག་མེད་ཉམས་སྐྱེས་པའོ། །ཐོག་བབས་ཆེན་པོའི་ཏིང་འཛིན་ལ། །ལུས་ནི་ཐ་མལ་ལྟ་བུ་ལས། །ངག་ནི་སྨྲ་བརྗོད་ཚིག་དང་བྲལ། །སེམས་ནི་དམ་དུ་མ་བཅིངས་པའི། །རང་ཤར་ངང་ལ་མ་ཡེངས་པའོ། །སྣང་བ་རྒྱས་འདེབས་ཏིང་འཛིན་ནི། །ལུས་ངང་ ཡུལ་དང་རིག་པ་ཡིས། །རང་སྣང་དག་པའི་ཚད་རྣམས་བཟུང་། །ཞེས་སོ། །གསུམ་པ་དགོངས་པ་བློ་འདས་སུ་བསྐྱང་བ་ལ་བཞི་སྟེ། རི་བོ་ཅོག་གཞག་གི་ལྟ་བ། རྒྱ་མཚོ་ཅོག་གཞག་གི་དགོངས་པ། རིག་པ་ཅོག་གཞག་གི་མན་ངག །སྣང་བ་ཅོག་གཞག་གི་ཐབས་ | ||
<span | [p. 688] སོ། །དང་པོ་ནི། རིག་པ་རང་གསལ་འདི་ངོས་བཟུང་ནས་གང་ཤར་ཡང་ལྟ་བ་རི་རྒྱལ་ལྟར་འཕོ་འགྱུར་མེད་པའི་ངང་དུ་འཇོག་པ་སྟེ། ཡི་གེ་མེད་པ་ལས། རི་བོ་ཅོག་གཞག་ལྟ་བ་གསང་བ་ཉིད། །ཐེ་ཚོམ་མ་ཡིན་འགྱུར་བ་ངང་གིས་མེད། །ཅེས་སོ། །གཉིས་པ་ནི། ལུས་སྐྱིལ་ཀྲུང་ ལ། མིག་ཧ་རེ་བར་སྣང་ལ་གཏད་དེ། ཤེས་པ་དང་སངས་ཕྱེད་པ་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པ་ལྟ་བུའི་ངང་ལ་གསལ་སང་རེ་བཞག་པ་ནི། དེ་ཉིད་ལས། རྒྱ་མཚོ་ཅོག་གཞག་དག་གི་དགོངས་པ་ནི། །སྣང་བ་མ་ཡིན་སྣང་བར་བྱེད་པ་མིན། །སྟོང་པ་མ་ཡིན་སྟོང་ པར་ཡོད་མ་ཡིན། །གསལ་བ་མ་ཡིན་གསལ་བ་ཆེན་པོའི་ཡུལ། །བྱིང་བ་མ་ཡིན་རྒོད་པ་ངང་གིས་མེད། །མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། །མ་བསྐྱོད་མི་བསྐྱོད་བསྐྱོད་པ་ཀུན་ལས་འདས། །བྱས་པས་མ་བྱུང་བཞག་ཐབས་ཆེན་པོ་ལྟོས། །སྤྲོ་ བསྡུ་མ་བྱེད་ཅོག་གཞག་གཅིག་གི་ངང་། །གནས་པ་མ་ཡིན་དེ་ལས་འདའ་བ་མེད། །གསང་བའི་ཡེ་ཤེས་རྒྱ་མཚོ་ལྟ་བུ་ལ། །ཡེ་ནས་ལྷུན་འབྱམས་མ་བསྐྱོད་དབྱིངས་སུ་ཞོག །གཏིང་དཔག་དཀའ་བའི་རྒྱ་མཚོ་ཆེན་པོ་ནས། །ནུབ་པ་མེད་པའི་རྒྱལ་མཚན་ རྩེ་མོ་ལྟོས། །སྟོང་པའི་སེམས་མེད་མ་བཅོས་ཆེན་པོའི་སྐུ། །བྱས་པ་མེད་པས་བྱེད་པ་ཀུན་ལས་རྒྱལ། །ཡེ་ནས་མ་བྱུང་མ་བཅོས་ཅོག་གཞག་ཉིད། །སྣང་བས་མ་བསྒྱུར་བློ་ཡིས་མ་བཅོས་པ། །ཆོས་ཉིད་མཁའ་ལ་གནས་ན་དགོངས་པར་བསྟན། །ཆོས་སྐུའི་ཡེ་ཤེས་ བསམ་པ་རབ་སྤངས་པས། །འགྱུ་བྱེད་མེད་ན་བསྒོམ་པའི་དགོངས་པ་ཡིན། །སྣང་ཡུལ་དམིགས་པའི་ཕྱོགས་དག་མི་འཛིན་ན། །རྒྱ་མཚོའི་གཏིང་དུ་གཟའ་སྐར་ཤར་བ་བཞིན། །ཡུལ་ལ་འཛིན་མེད་གསལ་ཆ་མ་འགགས་པས། །རང་བྱུང་དགོངས་པའི་འདུག་ཚུལ་དེ་བཞིན་ནོ། །ཞེས་ སོ། །གསུམ་པ་ནི། རིག་པ་གསལ་སྟོང་གི་ཡེ་ཤེས་རྗེན་པར་བུད་པ་དེ་ཕྱ་ར་ར་རང་གསལ་དུ་ངོས་བཟུང་བས་ཏིང་ངེ་འཛིན་སེམས་ཆགས་ཀྱི་གོལ་ས་གཅོད་ཅིང་ཟང་ཐལ་རྗེན་པའི་ཆོས་སྐུ་ཁོང་ནས་འཆར་ཏེ། སེང་གེ་རྩལ་རྫོགས་ལས། རང་རིག་དུ་མའི་ཡུལ་ལ་ཕར་བལྟས་པས། ། | ||
<span | [p. 689] ༄༅། །ཆོས་སྐུ་རྟོག་མེད་ཆེན་པོ་ནང་དུ་རྙེད། །ཅེས་སོ། །བཞི་པ་ནི། ཕྱི་ཡུལ་སྣང་སྣང་བ་ལ་ཆེ་རེ་བལྟས་དུས་ནང་རང་གསལ་རྗེན་པ་སངས་སེ་ཁོང་ནས་འཆར་བའི་ངང་དུ་འཇོག་པ་སྟེ། དེ་ཉིད་ལས། རིག་གསལ་ཆོས་ཉིད་ཡུལ་ལ་ཕར་ བལྟས་པས། །སྣ་ཚོགས་བྲལ་བའི་རིག་པ་ནང་དུ་མཐོང་། །ཞེས་པ་དང་། ཡི་གེ་མེད་པ་ལས། སྣང་བ་ཅེར་གཞག་རིག་པའི་ཐབས་ཆེན་ནི། །སྣང་བ་ཆེན་པོ་ཀུན་གྱི་གཞི་མ་ཡིན། །འབྱུང་བ་ལྔ་ཡི་སངས་རྒྱས་ལམ་ལྟར་སྣང་། །ཆེན་པོ་ལྔ་ཉིད་མ་ཡི་སྣང་བར་ གསལ། །མ་ཡེངས་ངང་དུ་འཛིན་མེད་ཆེན་པོར་ཞོག །ཅེས་སོ། །གསུམ་པ་གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་ཀློང་གསལ་ཆེན་པོར་བཞག་པ་ལ་གསུམ་སྟེ། ཆོས་ཉིད་འབད་རྩོལ་དང་བྲལ་བའི་གནད་ཀྱིས་སེམས་ཉིད་བྱ་བྲལ་དུ་གཞག་པའི་ གདམས་པ། །ཆོས་ཉིད་རང་ཐོག་ཏུ་སྤྲད་པའི་གནད་ཀྱིས་རྣམ་རྟོག་ཡེ་ཤེས་སུ་འཆར་བའི་མན་ངག །ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་སྣང་བ་ལ་དགག་སྒྲུབ་མེད་པའི་གདམས་ངག་གོ། །དང་པོ་ནི། གཤིས་བྱ་བ་དང་བྲལ་བ་དེ་བྱས་པས་མི་རྟོགས་མ་ བྱས་བཞག་ན་རྟོགས་པས་སྒོ་གསུམ་རང་བབས་ཕྱལ་པར་གཞག་པ་ནི། ཐལ་འགྱུར་ལས། གཞན་ཡང་བྱ་བྲལ་ཆོས་ཉིད་ནི། །བྱ་བ་མེད་པས་རྒོལ་བར་གྲོལ། །ཅེས་པ་དང་། བྱུང་ཆེན་མཁའ་ལྡིང་ལས། །དེ་ཕྱིར་འཁོར་འདས་བྱ་བྱེད་ཉིད་བྲལ་ན། ། རྫོགས་ཆེན་ཉིད་ལས་གཞན་པ་ཅི་བྱར་ཡོད། །ཅེས་པ་དང་། དམིགས་དྲུག་ལས། བྱ་བ་དང་བྲལ་བས་གཞི་གཞག་གོ་ཞེས་སོ། །གཉིས་པ་ནི། སྣང་བ་སེམས་ཀྱི་རོལ་པར་ངོ་སྤྲད། རོལ་པ་གཞི་མེད་གསལ་སྣང་དུ་ངོ་སྤྲད། གསལ་སྣང་ བཟུང་ན་འཁྲུལ་པར་ངོ་སྤྲད། མ་བཟུང་རང་གསལ་མེད་སྣང་དུ་ངོ་སྤྲད་པས་ཕྱི་ཡུལ་སྣང་སེམས་དང་གཞན་དུ་མ་གྲུབ་པར་ཐག་ཆོད་པས་འཁོར་བར་སྐྱེ་བའི་ཡུལ་སྟོངས་པའོ། །ཡང་སྣང་འཛིན་སེམས་དེ་གཞི་མེད་དུ་ངོ་སྤྲད། གཞི་མེད་སྟོང་པའི་རང་འགྲོས་སུ་ངོ་སྤྲད། | ||
<span | [p. 690] རང་འགྲོས་རྗེས་མེད་ཡེ་སངས་སུ་ངོ་སྤྲད་པས། འཁོར་མཁན་རང་སེམས་གཞི་མེད་དུ་སངས་ནས་ཁམས་གསུམ་མིང་མེད་ཆོས་ཉིད་དུ་ལ་ཟློས་པ་སྟེ། རྩལ་རྫོགས་ལས། འདུ་ཤེས་ཡུལ་དུ་མེད་པ་ཆོས་ཉིད་ཞི་བའི་ངང་། སྣང་བ་རང་ལ་ཡས་པའི་རང་སྣང་དངོས་མེད་ ཉིད། །སྣང་བའི་སེམས་བྲལ་ཆོས་ཉིད་རང་གི་དོན། །སྤྲོ་བསྡུ་མ་བྱེད་རང་གི་ཡུལ་ལ་ལྟོས། །ཞེས་སོ། །འདིར་ཁ་ཅིག་སྣང་བ་སེམས་སུ་ངོ་སྤྲོད། སེམས་སྟོང་པར་ངོ་སྤྲོད་ཅིང་། ངོ་སྤྲོད་སྤྲས་པ་ལས། ཞེ་མ་ཏོ་སྣང་བ་སེམས་སུ་ངོ་སྤྲད་པས་སེམས་ལ་ བྱོན་ཚུད། སེམས་ཉིད་སྟོང་པར་ངོ་སྤྲད་པས་སྟོང་པ་བདེ་བའི་རྒྱས་གདབ། སྟོང་པ་རིག་པར་ངོ་སྤྲད་པས། རིག་པ་ཉིད་དབྱིངས་དང་གཉིས་སུ་མེད་པ་དེ་ཁོ་ན་ཆོས་སྐུའོ་ཞེས་པའི་ཚིག་ལ་དོན་རང་མཚན་དུ་ཞེན་པར་སྣང་སྟེ། འདི་ལ་དགོངས་གཞི། དགོས་ ཆེད། དངོས་ལ་གནོད་བྱེད་ཀྱི་ཚད་མ་དང་གསུམ་ཡོད་པས་སྙིང་ཏིག་གི་དགོངས་པའི་ཕྱོགས་ལ་མི་ཉེ་བ་ཡིན་ནོ། །དགོངས་གཞི་ནི། ཕྱི་ཡུལ་ལ་དོན་གཞན་དུ་བདེན་པར་འཛིན་པ་རྣམས་དྲང་བའི་ཕྱིར་དེ་སྐད་གསུངས་ཏེ། རང་ཤར་ལས། ལ་ལར་སྣང་བ་ སེམས་སུ་བསྟན། །ཅེས་སོ། །དེའང་སྣང་བ་གཞན་དུ་མེད་སེམས་འཁྲུལ་པ་ལ་སྣང་བ་ཡིན་པ་ཙམ་ནས་བཏགས་སོ། །དགོས་ཆེད་ནི་ཕྱི་དོན་དུ་ཞེན་པ་སྣང་བ་ཙམ་མོ། །དངོས་ལ་གནོད་བྱེད་ནི། སྣང་བ་སེམས་ཡིན་ན་སེམས་ལ་ཁ་དོག་དང་དབྱིབས་ལ་སོགས་པར་མི་གསོག་པ་དང་ པོས་ངེས་པར་ཐལ་ཏེ་སྣང་བ་ལ་གཟུགས་སོགས་དབྱིབས་དང་ཁ་དོག་ཏུ་ངེས་པའི་ཕྱིར་དང་། སྣང་བ་སེམས། སེམས་སྟོང་པ། སྟོང་པ་རིག་པ་ཡིན་ན་དེ་གསུམ་ཕན་ཚུན་འཆོལ་བས། རིག་པ་འཁྲུལ་པར་ཐལ་བ་དང་། སྣང་བ་མིག་ལ་སོགས་པས་མི་མཐོང་བར་ཐལ་ བ་དང་། སེམས་མ་འཁྲུལ་བར་ཐལ་བ་སྟེ། དེ་གསུམ་ངོ་བོ་རྫས་གཅིག་ཡིན་པའི་ཕྱིར་རོ། །འདི་ལ་ཁྱད་སྔར་ཞིབ་ཏུ་བཤད་ལ། སྣང་བ་སེམས་ཀྱི་རྣལ་འབྱོར་དུ་བྱེད་པ་མི་གྲོལ་བར། རང་ཤར་ལས། སྣང་བ་སེམས་ཀྱི་རྣལ་འབྱོར་ནི། ཐམས་ཅད་དུ་ | ||
<span | [p. 691] ༄༅། །ཡི་སེམས་ལས་བྱུང་། །སེམས་ཉིད་རྟོགས་ན་ཅི་བྱར་ཡོད། །དེ་སྐད་ཀུན་དུ་རྗོད་བྱེད་པ། །ང་ཡིས་གྲོལ་བར་མ་བཤད་དོ། །ཞེས་པའི་ལུང་གིས་ཀྱང་གནོད་ལ། །སེམས་མེད་པར་རྟོགས་དུས་སྣང་བ་མེད་པར་ཐལ་ལ། སེམས་ འགགས་དུས་སྣང་བ་དུས་དེར་འགག་པར་ཐལ་བ་ལས། སེམས་མེད་པའི་སྐབས་སུ་སྣང་བ་འདུག་པས་ཀྱང་གནོད་དོ། །སེམས་མེད་པའི་གནས་སྐབས་ལྔ་ཡོད་དེ། དབུས་མཐའ་ལས། སེམས་མེད་གཉིད་དང་བརྒྱལ་བ་དང་། སྙོམས་པར་འཇུག་པ་རྣམ་ གཉིས་ན། །རྟག་ཏུ་འདུ་ཤེས་མེད་པའོ། །ཞེས་སོ། །མདོར་བསྡུ་ན། སྣང་བ་སེམས་སུ་འདོད་པ་འདི་ལོག་རྟོག་གི་མུན་པ་ཆེན་པོ་ཡིན་པས་བསལ་དགོས་སོ། །གསུམ་པ་ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་སྣང་བ་ལ་དགག་སྒྲུབ་མེད་པའི་གདམས་ ངག་གི། ཕྱི་ཡུལ་ལྔ་མེད་སྣང་སྟོང་པ་རང་དག་ཆུའི་ཟླ་བ་འདྲ་བས་སྦྱང་མི་དགོས། ནང་ཡིད་ཀྱི་དྲན་རྟོག་རང་ཡལ་རྗེས་མེད་ཡིན་པས་འབད་རྩོལ་གཉེན་པོས་འཇིག་མི་དགོས། སྣང་སེམས་ཡེ་གྲོལ་ལྷུག་པ་ལ་སྤང་བླང་གི་སྒྲོ་མི་འདོགས། རིག་པ་ཟང་ཀ་ གཅེར་བུ་ལ་སྤྲོས་པའི་གོས་མི་བསྐོན་པར་ཤིགས་སེ་བུན་ནི་ཁྲེས་སེ་རྗེས་མེད་མཉམ་པ་ཆེན་པོར་ཁོང་གློད་ནས། སྒོ་ལྔ་རང་བྱུང་ཡེ་གདངས་སུ་འཁྲོལ་དུ་འཇུག་པ་སྟེ། དེའང་ནང་རང་གསལ་གྱི་ངོ་བོ་རིག་པ་རྗེན་ལ་བུད་ནས། དེའི་ངང་ནས་དྲན་བསམ་ བཟང་ངན་ཅི་ཤར་ཡང་རིས་མེད་རང་བྱུང་ཡེ་ཤེས་ཀྱི་རང་གདངས་སུ་ཤེས་པས་རྗེས་མི་བསྙག་པར། སྣང་སེམས་ཁྲལ་མ་ཁྲོལ། སང་མ་སང་། འཕམ་འོལ་གྱི་ཡོ་ལང་དུ་རྒྱ་ཕྱམ་ལ་བཏང་ན་ཀུན་དུ་བཟང་པོའི་དགོངས་པ་ཀློང་དུ་རང་ཤར་བ་སྟེ། ཀློང་དྲུག་ལས། སེམས་ཅན་ཀུན་གྱི་རང་སྣང་ཆེ། །གཞན་ནས་བཙལ་བའི་གནས་མེད་དོ། །རང་གི་མཐུ་ཡིས་རང་རིག་པས། །སྟོང་གསུམ་འཇིག་རྟེན་གང་ནས་ཀྱང་། །དེ་ཉིད་བཙལ་ཀྱང་རྙེད་གནས་མེད། །འཇིག་རྟེན་ཀུན་གྱི་སྤྱོད་ཡུལ་ནི། | ||
<span | [p. 692] དེ་ཉིད་སྣང་བའི་རང་བཞིན་ལ། །སུས་ཀྱང་མཐོང་བ་མེད་པ་ཡི། །སྣང་བ་རང་རིག་བདེ་བའི་ཞིང་། །འདི་ལ་གོམས་པའི་རྣལ་འབྱོར་པས། །ཀུན་དུ་བཟང་པོ་ང་ཡི་སྐུ། །སྐལ་དང་ལྡན་པ་འདི་ཡིས་མཐོང་། །ཞེས་པ་དང་། ཡང་། ཡུལ་ ལ་རྐྱེན་རྟོག་རང་ཤར་ཚེ། །འདི་ཀུན་རང་བཞིན་མེད་ཤེས་ན། །སྣང་བ་ཐམས་ཅད་སྒྱུ་མའམ། །རྨི་ལམ་དང་ནི་གཟུགས་བརྙན་ལྟར། །མི་རྟོག་གཟུགས་བརྙན་ཆེན་པོའི་ཉམས། །སུ་ཡི་རྒྱུད་ལ་ཤར་བ་དེ། །སྣང་བ་རྣམས་ནི་ཐོག་བངས་ | ||

= Serthang Larung = | = Serthang Larung = | ||

OCR of the BDRC scans (I3CN4265), gorn05 tibocr 2026: BDRC OCR on 160 pages, Mitra OCR on 364 pages (the model with more recognisable syllables on each page)

OCR of the BDRC scans (I3CN4265), gorn05 tibocr 2026: BDRC OCR on 160 pages, Mitra OCR on 364 pages (the model with more recognisable syllables on each page).

<div style="font-family:sans-serif;font-size: |
Volume I3CN4265

<span | [p. 192] དེ་ལྟར་ལམ་དངོས་བསྟན་ནས། ད་ནི་ལམ་གྱི་ཁྱད་པར་དབང་པོ་ཡང་རབ་རྣམས་ མ་བསྒོམས་པར་གྲོལ་བའི་ཐབས་མཆོག་ཏུ་གསང་བ་ཁྲེགས་ཆོད་ཀྱི་མན་ངག་ གཏན་ལ་དབབ་པ་ལ་གསུམ་སྟེ། ངོ་རང་ཐོག་ཏུ་དབབ་པས་ལ་བཟླ། ཐག་ཆིག་ ཐོག་ཏུ་བཅད་པས་ཆིངས་བསྡམ། གདེང་གྲོལ་ཐོག་ཏུ་བཅད་པས་འཕྲང་བསལ་ བའོ། །དང་པོ་ལ་གསུམ་སྟེ། རང་བཞིན་རྫོགས་པ་ཆེན་པོ་སྤང་བླང་བྱ་རྩོལ་ལས་ འདས་པའི་གཤིས་ནམ་མཁའ་ལྟ་བུར་གཏན་ལ་དབབ་པ། ཆོས་ཟད་བློ་འདས་ཀྱི་ དགོངས་པ་ཟང་ཐལ་རྗེན་པའི་ཡེ་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ། ལྷུན་ མཉམ་ཡངས་པ་ཆེན་པོའི་ཀློང་དུ་ཐམས་ཅད་ཡེ་ནས་འདས་ཟིན་པས་བཅིངས་ གྲོལ་སྤང་བླང་མེད་པའི་ངང་དུ་འཁོར་འདས་མིང་མེད་ཆེན་པོར་ལ་བཟླ་བའོ། ། དང་པོ་ལ་གསུམ་སྟེ། རང་གཞིན་རྫོགས་པ་ཆེན་པོ་བྱར་མེད་ནམ་མཁའ་ལྟ་བུའི་ དོན་སྤྱིར་བསྟན་པ། འཆིང་གྲོལ་གཉིས་སུ་མེད་པའི་རང་སེམས་སྟོང་པ་རྩ་བྲལ་ ཆེན་པོར་ཐག་བཅད་པ། ཡུལ་སྣང་བློའི་མེ་ལོང་ཚོགས་དྲུག་མཉམ་པ་ཆེན་པོར་ ཁྱབ་གདལ་བའོ། །དང་པོ་ནི། ཕྱི་སྣང་བ་ནང་རིག་པ་བར་གཟུང་འཛིན་སྣང་ བརྟགས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་སྟོང་ཡོངས་སྟོང་ཆེན་པོ། སྣང་སྟོང་བློས་སྟོང་ཆེན་པོ། དག་སྟོང་གྲོལ་སྟོང་ཆེན་པོ། ཡོད་མ་མྱོང་མེད་མ་མྱོང་། བདེན་མ་མྱོང་། བརྫུན་མ་མྱོང་། འཁྲུལ་མ་མྱོང་གྲོལ་མ་མྱོང་། འཁོར་མ་མྱོང་། | ||
<span | [p. 193] ། ཐེག་མཆོག་རིན་པོ་ཆེའི་མཛོད། འདས་མ་མྱོང་། ཡིན་མ་མྱོང་མིན་མ་མྱོང་། སྣང་མ་མྱོང་སྟོང་མ་མྱོང་། ཐམས་ཅད་ མཉམ་གདལ། ཁྱབ་པ་ཕྱམ་གདལ། ཡིན་མིན་ཕྱོགས་གདལ། ཡོད་མེད་སྣང་ གདལ། མི་གཡོ་མཉམ་གདལ། ལྷུན་མཉམ་ཡེ་གདལ། ངང་མཉམ་གཞི་གདལ། ཡངས་པ། ཕྱམ་པ། སངས་པ། གྲོལ་བ། ཟད་པ། སྟོངས་པ། ཕྱམ་ཕྱལ་ཧར་ སངས། ཁྱབ་གདལ་ཡེར་སངས། ལྷུན་མཉམ་དབྱིངས་སངས། ངག་གདལ་མཉམ་ སངས་མི་གཡོ། མི་འགུལ། མི་གནས། མི་ལེན། མི་འགྲོ། མི་འོང་། མི་བསམ། མི་རྟོག མི་དམིགས། མི་མཉམ། མི་འགྱུར་བ་སྟེ། སྔར་འཁྲུལ་མ་མྱོང་། ད་ལྟ་ འཁྲུལ་པ་ལ་མི་གནས། མཐར་འཁྲུལ་མི་སྲིད། སྔར་གྲོལ་མ་མྱོང་། ད་ལྟ་གྲོལ་ བར་མི་འཇུག མཐར་གྲོལ་མི་སྲིད། སྔར་འདས་པ་མེད། ད་ལྟ་གནས་པ་མེད། མ་ འོངས་པ་འབྱུང་དུ་མེད། རིས་མེད་ཕྱམ་སངས་སྟོང་པ། གནས་ལུགས་ཀྱི་གཞི་མེད། ཡིན་ལུགས་ཀྱི་ལམ་མེད། གྲོལ་ལུགས་ཀྱི་འབྲས་བུ་མེད། ལྟ་སྒོམ་གྱི་མིང་མེད། ཕྱོགས་རིས་ཀྱི་ཆོས་མེད། ཡོད་མེད་ཀྱི་མཐའ་མེད། ནམ་མཁའི་དབྱིངས་མེད་པ། བྱ་རྩོལ་ལས་འདས་པའི་ཡེ་སངས། ལྟ་སྒོམ་ལས་འདས་པའི་ཡང་སངས། དམིགས་བསམ་ལས་འདས་པའི་གྲོལ་སངས། ཕྱོགས་འབྱམས་མིང་མེད་སངས་ པར་ལ་བཟླ་བ། བལྟར་མེད་བལྟས་པ་མེད། ལྟ་བྱེད་མེད། བལྟས་པས་མི་མཐོང་། བསྒོམ་དུ་མེད། བསྒོམས་པ་མེད། བསྒོམ་པ་ལས་འདས། བསྒོམས་ཀྱང་མི་གྲོལ། དཔྱད་དུ་མེད། དཔྱོད་པ་མེད། དཔྱད་མི་དགོས། དཔྱད་ཀྱང་ངལ་བ་དོན་མེད། བསྒྲུབ་མི་དགོས། གྲུབ་ཟིན། བསྒྲུབ་ཏུ་མེད། བསྒྲུབས་ཀྱང་མི་འགྲུབ། བསྒྲུབས་ པ་ལ་དགོས་པ་མེད། བྱ་བ་མེད། བྱེད་པ་མེད། བྱས་ཟིན། བྱ་བ་ལས་འདས། བྱས་ཀྱང་ཚི་ཆད། བྱ་མི་དགོས། ཆོས་ལ་བྱར་མེད། བྱས་པས་ཆོས་མ་ཡིན། མི་བྱ་ | ||
<span | [p. 194] ། རིམ་ཁང་བཅུ་དགུ་པ་ཡང་རབ་རྟོགས་པས་གྲོལ་བའི་མན་ངག་གི་ཆིངས་བསྟན་པ། བ་བསྒྲུབ་ཏུ་མེད། འཁོར་བ་མི་སྤོང་། འདས་པ་མི་ལེན། བསྒྲུབ་པ་ཕྱོགས་གཞག ཡེ་མཉམ་ཕྱམ་གདལ། གཉུག་མ་མིང་མེད། གང་སྣང་ས་ནས་གཞི་མེད་ཡེ་སངས་ སུ་འདུག་པས་འཆིང་གྲོལ་འབད་རྩོལ་རང་ཞིག གང་ཤར་ས་ནས་ཡེ་དག་རང་ སྟོང་གདལ་བས་ཕྱམ་གཞག་རིས་མེད་ཕྱལ་བ། གང་སངས་ས་ནས་རྗེས་མེད་རང་ དག་ཡེ་སྟོང་དུ་འདུག་པས་ཕྱམ་མཉམ་བར་མེད་ཕྱལ་བར་འབད་རྩོལ་ཞིག་པའི་ རང་སེམས་བྱ་བ་མེད་པར་ཁོང་དལ་བས། རང་བཞིན་རྫོགས་པ་ཆེན་པོའི་གནས་ ལུགས་སུ་ཆོས་ཐམས་ཅད་ཡེ་ནས་རང་ཤར་རོ་ཞེས་རང་གིས་རྟོགས་པའི་དོན་ལུང་ དང་སྦྱར་བ་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། རང་བཞིན་རྫོགས་པ་ཆེན་པོ་ཡི། ། དོན་ཀུན་བློ་ཡི་དཀྱིལ་དུ་ཚུད། །མི་སྣང་ཡུལ་མེད་རྟོག་པ་ཡང་། །མ་བཅད་རང་ས་ ཉིད་དུ་ཆོད། །འཁྲུལ་མ་མྱོང་བའི་མ་རིག་བརྩད། །མ་བརྟགས་ཡེ་ནས་ཆོད་ནས་ འདུག །གོང་དུ་འདི་ཀུན་སུས་མ་ཚོར། །རགས་པའི་འབྱུང་བ་འདི་ཀུན་ཡང་། ། ཐོག་མ་ཉིད་ནས་རང་དེངས་པར། །འགྲོ་བའི་གནས་མེད་རང་སོང་བས། །རང་ ལུས་ཡེ་ནས་མེད་པར་ནི། །སྔ་ཕྱི་མེད་པར་འདིར་ཡང་རིག །འདི་ཀུན་དུས་མེད་ ཡང་དུས་བས། །གཅིག་དང་གཉིས་དང་དྲུག་གསུམ་གྱིས། །སྣང་མེད་སྣང་དང་ ཡང་ཕྱེད་སྣང་། །མི་སྣང་མཛད་པའི་རང་སྒྲར་ཡང་། །ས་འཛིན་ས་ལས་འདས་ པར་ནི། །ཡེ་ནས་འདུག་པ་སུས་མ་ཚོར། །བགྲོད་དུ་ཡེ་ནས་མེད་པ་ཡི། །ལམ་ འདི་ཡེ་ནས་ཉེ་བར་ནི། ། འདི་ཡང་རང་ལས་ཡེ་འདུག་པ། །སྔར་མ་མཐོང་སྟེ་རང་རིག་རྟུལ། །མི་གནས་ བསམ་གཏན་དགོངས་པ་ནི། །བསྒོམས་པ་མེད་པར་ཡེ་འདུག་པ། །འདི་ཡང་གང་ གིས་སྔར་མ་རིག །བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ | ||
<span | [p. 195] ། ཐེག་མཆོག་རིན་པོ་ཆེའི་མཛོད། ཉིད་ལ། །འདི་ཀུན་རང་གིས་རང་སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག །བདག་ རྟོག་བཅིངས་པའི་ཉོན་མོངས་ལྔ། །ཡེ་ནས་རིག་པ་རང་ཤར་བར། །ལྷན་ཅིག་ གནས་པ་ཞལ་མ་འཚོ། །ས་ཆུ་མེ་རླུང་འབྱུང་བ་བཞི། །ཡེ་ནས་རང་གི་ལུས་ཡིན་ པར། །སུས་མ་མཐོང་བ་མིག་རེ་རྟུལ། །ཡང་གསང་འདུས་པའི་མན་ངག་བཅུད། ། བར་མཚམས་མེད་པར་རང་གྲག་པ། །གང་གིས་འདི་ཉིད་མ་ཐོས་པ། །རྣ་བའི་ དབང་པོ་མེད་དམ་ཅི། །རང་གནས་དབྱིངས་དང་རིག་པའི་དྲི། །བྲལ་བའི་སྐབས་ མེད་རང་འཁོར་བ། །ཚོར་མ་མྱོང་བ་སྣ་འགགས་སམ། །བཅུད་གསུམ་མན་ངག་ གཅིག་དྲིལ་རོ། །ཡེ་ནས་ལུས་སེམས་བཅུད་ཡིན་པ། །འདི་ཉིད་མ་མྱོང་ལྕེ་ཆད་ དམ། །སྣང་བ་རང་དག་ཁ་དོག་རྒྱན། །རང་གི་ལུས་དང་འབྲལ་མེད་པར། །ལུས་ དང་གྲིབ་མ་བཞིན་དུ་ནི། །ཉིན་དང་མཚན་མོ་མེད་འདུག་པ། །སུས་ཀྱང་མ་རེག་ ལུས་བེམས་སམ། །སྡུག་བསྔལ་ཕྱལ་འདེབས་བདེ་བའི་ཆོས། །བརྗེད་པ་མེད་ པར་རང་གནས་པ། །སུས་མ་ཤེས་པ་བློ་རེ་རྟུལ། །འཁོར་བའི་བག་ཆགས་ཡང་ བརྩེགས་པ། །ཡེ་ནས་ཆོས་ཀྱི་སྐུར་འདུག་པ། །གང་གིས་མ་མཐོང་སྙིང་རྗེའི་ གནས། །དབང་པོ་བདག་རྟོག་ཡུལ་ཤར་ནས། །དྲན་བསམ་འགྱུ་བ་སྣ་ཚོགས་ རྣམས། །ཡེ་ནས་ལོངས་སྐུར་རང་ཤར་བ། །འདི་ཀུན་མ་དྲན་བརྗེད་རེ་ངས། །བྱ་ བྱེད་སྤྱོད་པ་རྩོལ་སྒྲུབ་དང་། །སྐྱེ་བོ་འདུས་པའི་ཅ་ཅོ་ཀུན། །ཡེ་ནས་སྤྲུལ་པའི་སྐུ་ ཡིན་པར། །སུས་མ་ཤེས་པ་ཡོང་རེ་རྟུལ། །ཇི་ལྟར་བསམས་དང་དྲན་འགྱུས་པ། ། ཆུ་བོའི་རྒྱུན་བཞིན་བར་མེད་པར། །རྟག་ཏུ་རང་གི་ཡིད་འཕྲོག་པ། །རྩོལ་མེད་རང་ གཞག་སྒོམ་པར་ནི། །ཉམས་སུ་མ་ཆུད་སེམས་རེ་ཡེངས། །སྣོད་བཅུད་ཡོད་ཐོས་ སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང་། །གྲོང་ཁྱེར་རྒྱུན་གཅོད་ལྟ་ | ||
<span | [p. 196] ། རིམ་ཁང་བཅུ་དགུ་པ་ཡང་རབ་རྟོགས་པས་གྲོལ་བའི་མན་ངག་གི་ཆིངས་བསྟན་པ། བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། ། ཞེས་པ་དང་། །ཐལ་འགྱུར་ལས། སྣང་བ་འཁྲུལ་པའི་རང་བཞིན་འདི། །ཡེ་ཤེས་ ཡིན་པར་སྔར་མ་མཐོང་། །རྟོག་བཅས་འཁྲུལ་པའི་གཞི་མེད་པས། །ཀུན་གཞི་ ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་པའི་རང་རྟོག་རྒྱུན་ཆད་དོ། །དེ་ལྟར་འཁྲུལ་མེད་ སྣང་བ་ནི། །ཡེ་ནས་གྲོལ་བའི་གནད་ལས་བྱུང་། །འགྲོ་བའི་ཕུང་པོ་སངས་རྒྱས་སྐུ། ། ཡེ་ནས་ཡིན་པར་སུས་མ་རིག །ཕུང་པོ་སངས་རྒྱས་མངའ་བདག་ཏུ། །རྩ་གནས་ ཡི་གེར་གྲུབ་ལས་བྱུང་། །ཆུ་བུར་མིག་ལ་ཡེ་ཤེས་ནི། །རང་སྣང་ཡིན་པར་སུས་ མ་མཐོང་། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། རང་བཞིན་སྣང་བའི་ཆོས་རྣམས་ ལ༑ ༑དྲི་མ་མེད་པས་ཕྲ་རགས་ལོག །གཟུང་འཛིན་མེད་པས་འཁྲུལ་པ་ལོག ། འགྱུ་བ་མེད་པས་ལས་རླུང་ལོག །ཟང་ཐལ་ཡིན་པས་དངོས་པོ་ལོག །གསལ་བ་ ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྟོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་ སྤྱོད་པ་ལོག །མ་བཙལ་བཞག་པས་བསྒོམ་པ་ལོག །རང་གྲོལ་ཡིན་པས་སྣང་བ་ ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་མ་མྱོང་ བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློས་ བརྟགས་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཡོངས་ལ་ཁྱབ་པས་ གཞན་བྱུང་འགགས། །རང་ཤར་ཡིན་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་ སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་ཕྲད་པས་སྤྲུལ་སྐུར་ བྱུང་། །རྟོགས་སུ་ཡོད་པས་ཐབས་སུ་བྱུང་། །བསམ་འདས་ཡིན་པས་དྲན་པ་སངས། ། རྟག་ཆད་མེད་པས་གྲུབ་མཐའ་རྫོགས། ། ཞེས་པ་དང་། ཡང་། ས་དང་ཕྱོགས་དང་རིས་ལས་འདས། །ཡོད་དང་མེད་དང་ | ||
<span | [p. 197] ། ཐེག་མཆོག་རིན་པོ་ཆེའི་མཛོད། ལྟར་སྣང་མེད། །སྒྲ་ཚད་རྣམས་ཀྱི་སྤྱོད་ཡུལ་མིན། །གཅིག་དང་གཉིས་དང་བགྲང་ ཡུལ་མེད། །སྟོང་པ་ཆེན་པོར་བབས་ཀྱིས་གྲུབ། །ལུང་དང་རིགས་པའི་སྤྱོད་ཡུལ་ མིན། །རྒྱུད་དང་མན་ངག་གིས་མི་མཚོན། །ལྟ་དང་སྒོམ་དང་སྤྱོད་པས་ནི། །དེ་ཡི་ དོན་རྣམས་ཤེས་མི་འགྱུར། །དེ་དོན་འབྲས་བུར་གྲུབ་པ་མེད། །ཆོས་ཀྱིས་དེ་ཉིད་ བསྒྲིབས་པར་འགྱུར། །བསམས་པས་འགྲུབ་པ་མ་ཡིན་ཏེ། །ཤེས་རབ་ཀྱིས་ཀྱང་ དཔྱད་དུ་མེད། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་ཡིས། །དེ་ཉིད་གནོད་དང་ཕན་ འབྲས་བྲལ། །ཐོས་དང་བསམ་དང་སྒོམ་པས་ནི། །མཆོག་ཏུ་བརྟགས་ཀྱང་དེ་མི་ མཐོང་། །དེ་ལ་དཀྱིལ་འཁོར་ཡོད་པ་མིན། །ལྟ་མེད་བསྐྱེད་པའི་ས་བོན་མེད། ། སྔགས་དང་ཕྱག་རྒྱས་ཅི་ཞིག་བྱ། །མཆོད་པ་ལ་སོགས་སྤྲོ་མི་དགོས། །དབང་དང་ དམ་ཚིག་ག་ལ་ཡོད། །བསྙེན་པ་དང་ནི་སྒྲུབ་པ་མེད། །འཁོར་ལོ་སྤྲོ་བ་ཡོད་པ་མིན། ། བསྲུང་བ་མེད་ཅིང་བསྲུང་ཡུལ་མེད། །གདོན་དང་གནོད་པའི་ཡུལ་ལས་འདས། ། ཞེས་པ་དང་། རང་ཤར་ལས། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་དང་སྒོམ་དང་སྤྱོད་ པ་མེད། །འོན་ཀྱང་ལེགས་བསྟན་ཡིད་ལ་ཟུང་། །བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་ མེད་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །བྱ་བ་དང་ནི་བྱེད་པ་ག་ལ་ ཡོད། །སྤྱོད་པ་མེད་པའི་ཆོས་ཉིད་རང་བྱུང་འདི། །གང་གི་ཕྱོགས་སུ་མ་ལྷུང་ནམ་ མཁའ་བཞིན། །ཡོད་པ་མ་ཡིན་སྟོང་པ་གཅིག་པུ་ཉིད། །མེད་པ་མ་ཡིན་ཡང་དག་ བདེ་བའི་སྐུ། །བྱས་པ་མ་ཡིན་རང་བྱུང་རྟོག་མེད་ཉིད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། ། བསྒོམ་པའི་ཆོས་ཉིད་ག་ལ་ཡོད། །བཏང་དང་བཞག་པ་མེད་པའི་ཆོས། །བསྒོམས་ དང་མ་བསྒོམས་མཐའ་ལས་གྲོལ། །འཛིན་མེད་སེམས་ཀྱི་དྲི་མ་ཅི། །ཡང་དག་ རིག་པ་དྲི་མ་མེད། །དྲི་མེད་དག་པའི་ཆོས་སྐུ་ལ། །བསྒོམ་དང་བསྒོམ་པར་བྱ་བ་ | ||
<span | [p. 198] ༈ རིམ་ཁང་བཅུ་དགུ་པ་ཡང་རབ་རྟོགས་པས་གྲོལ་བའི་མན་ངག་གི་ཆིངས་བསྟན་པ། མེད། །བསྒོམས་པས་ཡང་དག་ཉིད་མི་རྙེད། །རྙེད་ན་རང་རིག་མེད་པར་འགྱུར། ། ཅི་ཕྱིར་རང་རིག་ཡེ་ཤེས་ལ། །ཡེངས་དང་མ་ཡེངས་མེད་པའི་ཕྱིར། །གང་ལ་ འཛིན་པ་ཡོད་པ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །ཅེས་པ་དང་། ཡང་། དེ་ ཡང་ཆོས་རྣམས་འདི་ལྟ་སྟེ། །སྐྱེ་བ་མེད་པས་འགག་པ་མེད། །འཛིན་པ་མེད་པས་ རང་སར་གྲོལ། །དམིགས་པ་མེད་པས་སྤྲོས་པ་མེད། །བྱས་པས་མ་བྱུང་ཀུན་ལ་ ཡོད། །འདུས་མ་བྱས་པས་རྣམས་དག་དབྱིངས། །འཛིན་པའི་ཐ་སྙད་ཆོས་དང་ བྲལ། །རང་བཞིན་མེད་པས་བརྗོད་དང་བྲལ། །ཅེས་པ་དང་། ནོར་བུ་འཕྲ་བཀོད་ ལས། ཧ་ཧ། ཆོས་མེད་པ་ལས་ཆོས་ཉིད་འབྱུང་། །ཡུལ་མེད་པ་ལས་ཡུལ་ལྟར་ སྣང་། །ཆོས་མེད་ཤེས་རབ་ཁོང ༧གསལ་བས། །དྲན་མེད་ཡུལ་དུ་མེད་པའོ། ། ཞེས་པ་དང་། །སེང་གེ་རྩལ་རྫོགས་ལས། འཛིན་ཆགས་མེད་པའི་ཆོས་ཉིད་དངོས་ བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་མཆོག །སོ་སོར་རྟོག་ དང་མཚན་མ་ཚིག་གི་ལམ། །བྱ་རྩོལ་མེད་པའི་ཆོས་ཉིད་རང་སར་དག །འུབ་ཆུབ་ ཏིང་འཛིན་ཆོས་ཉིད་ཡུལ་ལ་འཇུག །དག་དང་མ་དག་ཐ་སྙད་ཆོས་སུ་མེད། ། གཅིག་དང་གཉིས་ལས་འདས་པའི་ཡེ་གནས་དོན། །རང་ལུས་ངང་དུ་ཐིག་ལེ་ གཅིག་གིས་འུབ། ། ཅེས་པ་དང་། ཀློང་དྲུག་པ་ལས། མཐའ་མེད་དབུས་སུ་དམིགས་པ་མེད། །བསམ་ པ་མེད་ཅིང་ཡུལ་རྣམས་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཆོས་མེད་ བཏགས་པ་ཀུན་ལས་འདས། །དགྲ་མེད་བཤེས་ཀྱང་ཡོད་པ་མིན། །ལུས་མེད་ དབང་པོར་སྣང་བ་མེད། །ཆོས་ནི་བསམས་པས་མི་སྣང་སྟེ། །གང་མེད་གང་དུ་ འཛིན་པ་མེད། །ང་མེད་ང་ཡི་འཁོར་ཀྱང་མེད། །དབྱིངས་མེད་རིག་པའི་སྐུ་ཡང་ | ||
<span | [p. 199] ། ཐེག་མཆོག་རིན་པོ་ཆེའི་མཛོད། མེད། །དགེ་མེད་སྡིག་པའི་རྣམ་སྨིན་མེད། །སྲོག་མེད་བཅད་པའི་དམིགས་པ་མེད། ། ཚོགས་མེད་བསགས་པའི་ཡུལ་ཡང་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། ། གནས་མེད་སྟོང་པ་ཉིད་ཀྱང་མེད། །ཅེས་པ་དང་། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ ལོང་ལས། བྱང་ཆུབ་སྙིང་པོ་གོལ་སྒྲིབ་མེད་པ་ལ། །གོལ་དང་སྒྲིབ་པར་འཛིན་ པར་ག་ལ་ཡོད། །གོལ་མེད་སྒྲིབ་པ་ཐམས་ཅད་ཡོངས་ཀྱིས་མེད། །ཆོས་ཀྱི་སྐུ་ནི་ སྒྲིབ་དང་བྲལ་བ་ལ། །གོལ་སྒྲིབ་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཆོས་སྐུ་མ་ སྐྱེས་རང་ལས་བྱུང་བ་ལ། །གཞན་ནས་འོང་དུ་རེ་བ་ཡོང་རེ་འཁྲུལ། །སྐྱེ་མེད་ བསམ་དང་བྲལ་བའི་རིག་པ་ལ། །ཚིག་དང་ཡི་གེར་བསྟན་པ་འོ་རེ་བརྒྱལ། །ཅེས་ པ་དང་། ཡི་གེ་མེད་པ་ལས། བྱས་པ་མ་ཡིན་བྱེད་མཁན་ག་ལ་ཡོད། །བཅོས་པ་མ་ ཡིན་བཅོས་པའི་བདག་པོ་མེད། །ལྟ་བ་མ་ཡིན་ལྟ་བྱེད་ཆོས་དང་བྲལ། །མཐོང་བ་ མ་ཡིན་མཐོང་བྱེད་རྣམ་པར་གསལ། །སྣང་བྱེད་མ་ཡིན་སྣང་བའི་ཕྱོགས་དང་བྲལ། ། བྲི་བ་མ་ཡིན་ཐོགས་མེད་ཕྱོགས་བཅུར་ཁྱབ། །རྩོལ་བ་མ་ཡིན་རྩོལ་སྒྲུབ་ཆོས་དང་ བྲལ། །གཅིག་པུ་མ་ཡིན་དུ་མའི་ཆོས་དང་བྲལ། །ཕྱི་དང་ནང་མེད་ཕྱི་ནང་མེད་ པར་གསལ། །ཅེས་པ་དང་། ཐུན་མོང་གི་གསང་བ་སྒྱུ་འཕྲུལ་ལས་ཀྱང་། ཨེ་མ་ངོ་ མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། ། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། ། གནས་ཙམ་ཉིད་ནས་གནས་པ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་ སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ ནས་འགྲོ་འོང་མེད། །ཅེས་པ་དང་། དཀོན་མཆོག་ཏ་ལ་ལའི་མདོ་ལས་ཀྱང་། དེ་ | ||
<span | [p. 200] ༈ རིམ་ཁང་བཅུ་དགུ་པ་ཡང་རབ་རྟོགས་པས་གྲོལ་བའི་མན་ངག་གི་ཆིངས་བསྟན་པ། བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་ གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པས་ན། །འཇིག་རྟེན་ དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་པ་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་ ཀྱང་། ནམ་ཞིག་འཇིག་རྟེན་ཁམས་འདི་བྱུང་བ་དང་། །བྱུང་ནས་ཞིག་སྟེ་སྟོང་པར་ གནས་པ་ན། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད དེ་བཞིན་ཤེས་པར་གྱིས། །ཞེས་པ་དང་། འཕགས་པ་དཀོན་མཆོག་བརྩེགས་པའི་ མདོ་ལས། མ་རིག་ནམ་མཁའ་ཇི་བཞིན་ཏེ། །ཆོས་རྣམས་ཐབས་ཅད་མཚན་ཉིད་ མེད། །རྟེན་མེད་གནས་མེད་ལེན་པ་མེད། །སྤྲུལ་འདྲར་ཡོངས་སུ་ཤེས་པར་གྱིས། ། ཞེས་པ་དང་། གསང་འདུས་ལས། དངོས་པོ་འདི་རྣམས་མ་སྐྱེས་པ། །ཆོས་དང་ ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུར་བདག་མེད་པའི། །བྱང་ཆུབ་ཚུལ་འདི་ བསྟན་པའོ། །ཞེས་རྒྱ་ཆེར་གསུངས་སོ། །གཉིས་པ་འཆིང་གྲོལ་གཉིས་སུ་མེད་ པའི་རང་སེམས་སྟོང་པ་རྩ་བྲལ་ཆེན་པོར་ཐག་བཅད་པ་ལ་གཉིས་ཏེ། བྱུང་གནས་ འགྲོ་གསུམ་གྱིས་བརྟགས་པས་སྤྱིར་བསྟན་པ་དང་། གཅིག་དང་ཐ་དད་ལ་ བརྟགས་པས་བྱེ་བྲག་ཏུ་ངེས་པར་བྱ་བའོ། ། དང་པོ་ནི། གཤིས་མཐའ་གྲོལ་ནམ་མཁའ་ལྟ་བུ་ཡིན་མོད་ཀྱི། རང་གིས་ནང་དུ་མ་ བརྟགས་ན་ཡིན་སྙམ་ཡིད་དཔྱོད་ལ་ལུས་པས་སྟོང་བསྒོམ་མུན་རྡོ་ལྟར་སོང་ནས། ཟང་ཐལ་རྗེན་པར་མི་རྟོགས་པས་འཁོར་འདས་ཀྱི་ཤན་ཐང་མི་ཕྱེད་པའི་ཕྱིར། རྟོགས་པ་ངེས་ཤེས་སུ་འཆར་བ་ལ་སོ་སོར་རྟོག་པའི་ཤེས་རབ་དགོས་ཏེ། ཡི་གེ་ མེད་པ་ལས། རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང་། ཆོས་ཀྱི་སྐུ་མན་ངག་ལ་ ཐུག་ཅེས་གསུངས་པས། འདིར་བླ་མའི་མན་ངག་གིས་རྟོགས་པར་བྱ་བ་ལ་གསུམ་ | ||
<span | [p. 201] ༈ ཐེག་མཆོག་རིན་པོ་ཆེའི་མཛོད། སྟེ༑ བྱུང་ས་བྱུང་མཁན་ལ་བརྟག་པ། གནས་ས་གནས་མཁན་ལ་བརྟག་པ། འགྲོ་ ས་འགྲོ་མཁན་ལ་བརྟག་པའོ། །དང་པོ་ལ་གཉིས་ལས། བྱུང་ས་ཕྱི་སྣ་ཚོགས་ཡུལ་ དུ་སྣང་བ་དང་། ནང་ཕུང་པོ་གཟུགས་སུ་སྣང་བ་སྟེ། སེམས་དེ་གཉིས་གང་རུང་ལ་ འཆར་དུས། ཕྱི་རུ་ཤར་ན་ཕྱིའི་ཡུལ། ནང་དུ་ཤར་ན་ནང་གི་ལུས། ཚལ་པ་ཚལ་ པར་ཕྱེ་ལ་རྡུལ་ཕྲན་ཆ་མེད་དུ་བརྟགས་པས། བྱུང་སའི་སྣང་ཡུལ་མེད་པར་མཐོང་ དུས་དེ་ལས་སེམས་མ་བྱུང་བར་ངོ་ཤེས་པས་གཟུང་བ་ཡུལ་དུ་འཛིན་པའི་རྟོག་པ་ གཞི་མེད་རྩ་བྲལ་ཆེན་པོར་ཐག་ཆོད། བྱུང་མཁན་ཤ་ར་ར་འོ་ལ་ལའི་སེམས་དང་ སེམས་བྱུང་ཁོ་རང་ལས་ཁོ་རང་བྱུང་ན་སྐད་ཅིག་གི་ཤེས་པ་རྫས་གཉིས་སུ་འགྱུར་ ལ༑ ཁོ་རང་ལས་གཞན་ལས་མ་བྱུང་བར་དཔྱད་ཟིན་པས། ད་བྱུང་ས་དེ་རང་བྱུང་ དུ་བྱུང་ངམ་སྙམ་ན། ཁ་དོག་དང་། དབྱིབས་དང་། རྟགས་དང་། མཚན་མ་དང་། ཆེ་ ཆུང་དང་། ཕྱོགས་ཆ་ལ་སོགས་པ་ཅི་འདུག་བརྟགས་པས་གང་དུའང་མི་འདུག་སྟེ། བློས་བརྟགས་པ་ཙམ་གཞི་མེད་ཧར་སངས་ཡེ་དག་ཏུ་སོང་དུས། ནང་འཛིན་པའི་ རྟོག་པ་གཞི་མེད་ནམ་མཁའ་ལྟ་བུར་རང་གིས་རྟོགས་པས། ཆོས་དང་ཆོས་ཉིད་དུ་ སྣང་བའི་གཟུང་འཛིན་ཐམས་ཅད་ཡུལ་མེད་རྟེན་བྲལ་ཆེན་པོར་སོང་དུས་དེའི་ཚེ་ རྟོགས་པས། སེམས་དང་པོ་སྐྱེ་བ་མེད་པར་ཡེ་ནས་འདུག་པ་ལ་དེ་རིང་རྟོགས་པས་ ཆོས་སྐུ་སྤྲོས་བྲལ་ཆེན་པོའི་དོན་ཁོང་དུ་ཆུད་པའོ། །གཉིས་པ་བར་དུ་གནས་ས་ དང་གནས་མཁན། གསུམ་པ་ཐ་མར་འགྲོ་ས་དང་འགྲོ་མཁན་གཉིས་ཀྱང་དེ་ཁོ་ན་ ལྟར་བཤིག་ནས་བརྟགས་པས། ལོངས་སྐུ་རང་གསལ་ཆེན་པོ་དང་། སྤྲུལ་སྐུ་རང་ གྲོལ་རང་ཤར་གྱི་དགོངས་པ་ལ་རེག་སྟེ། ཕྱི་ནང་ཡུལ་མེད་རིག་པ་རྟེན་མེད། གཟུང་འཛིན་གཞི་མེད། དགོངས་པ་བར་མེད་མཉམ་པའི་དོན་ཁོང་དུ་ཆུད་ནས། | ||
<span | [p. 202] ༈ རིམ་ཁང་བཅུ་དགུ་པ་ཡང་རབ་རྟོགས་པས་གྲོལ་བའི་མན་ངག་གི་ཆིངས་བསྟན་པ། མ་བསྒོམས་ཆུ་བོ་རྒྱུན་གྱི་བསམ་གཏན་རང་སངས་མཉམ་པ་ཆེན་པོར་ཁོང་ནས་ འཆར་བ་ནི། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང་། །བར་དུ་གནས་ས་ ཐ་མ་འགྲོ། །དེ་ལྟར་གསུམ་ལ་བརྟགས་དཔྱད་པས། །སེམས་སྦྱངས་སེམས་ཀྱི་ གནས་ལུགས་ཤེས། །ཞེས་སོ། །དེའི་ཚེ་ཕྱི་ཡུལ་དུ་སྣང་བ་ཐམས་ཅད་མེད་ལ་སྣང་ བ་གཞི་མེད་སང་སེང་། ནང་སེམས་སུ་རྟོག་པ་ཐམས་ཅད་ཤར་གྲོལ་རྗེས་མེད། སྣང་སེམས་འབྲེལ་མེད་ཟང་ཐལ་ཆེན་པོར་མཐོང་བས་ཆོས་ཟད་ཀྱི་དགོངས་པ་བློ་ ཟད་ལ་ཤར་བ་ཞེས་བྱའོ། །འདི་དག་འཕགས་པ་དཀོན་མཆོག་བརྩེགས་པར་ གསུངས་ཏེ། འོད་སྲུངས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ཀྱིས་སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་རྩོམ་པ། སེམས་དེ་ནི་ཕྱི་ན་ ཡང་མི་དམིགས། ནང་ན་ཡང་མི་དམིགས། དེ་གཉིས་ཀའི་བར་ན་ཡང་མེད་ཅིང་ མི་དམིགས་ཏེ། སྔོན་པོར་མ་ཡིན། སེར་པོར་མ་ཡིན་ཅེས་བྱ་བ་ལ་སོགས་པ་ནས། དེ་ལ་བརྩོན་འགྲུས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་སེམས་ཡོངས་སུ་ཚོལ་ བའི་བརྩོན་འགྲུས་སོ་ཞེས་པའི་བར་དུ་གསུངས་སོ། ། གཉིས་པ་གཅིག་དང་ཐ་དད་ལ་བརྟག་པ་ནི། སེམས་ཀྱི་ཁང་བུ་བཤིག་པའི་མན་ ངག་སྟེ། དེ་ཡང་སེམས་ཞེས་བྱ་བ་འདི་ཡོད་ན་རྒྱུ་ཅི་ལས་བྱུང་བ་དང་། མེད་ན་ འགྱུ་བ་དང་དྲན་ཤེས་ཀྱི་འཁོར་ལོ་འདི་ཅི་ཡིན་པ་དང་། དྲན་ཤེས་ཀྱི་རྣམ་པ་འདི་ དག་རྐྱེན་གང་ལ་བརྟེན་ནས་བྱུང་བ་དང་། རྐྱེན་མེད་ན་དྲན་ཤེས་གློ་བུར་བ་འདི་ དག་མི་རིགས་པ་དང་། གལ་ཏེ་སེམས་འདི་ལུས་དང་གཅིག་ཏུ་ཡོད་ན་ལུས་འཇིག་ དུས་སེམས་ཀྱང་འཇིག་པར་འགྱུར་བ་དང་། མེད་ན་རྗེས་སུ་འགྲོ་ལྡོག་མ་ངེས་ པས་ལུས་ཀྱི་ན་ཚ་སེམས་ཐོག་ཏུ་འོང་བ་དང་། སྐྱེ་བ་སྔ་ཕྱིའི་འཁོར་ལོ་འོང་བར་མི་ | ||
<span | [p. 203] ། ཐེག་མཆོག་རིན་པོ་ཆེའི་མཛོད། རིགས་པ་དང་། སེམས་ཞེས་བྱ་བ་འདིར་གཅིག་ན་ནི་འགྲོ་བ་གཅིག་གི་དབང་པོ་ འགགས་པས་འགྲོ་བ་གཞན་ཡང་འཆི་བར་རིགས་པ་དང་། གཅིག་མིན་ན་འགྲོ་ བའི་གཟུགས་ཐ་དད་པ་ལྟར་འགྲོ་བའི་སེམས་དངོས་པོ་ཐ་དད་པར་རིགས་པ་དང་ ཐ་དད་ན་ལུས་གཅིག་གི་ནང་ན་སྲིན་བུ་ལ་སོགས་པའི་སྲོག་ཆགས་དེ་ཀུན། སྐྱེས་ བུ་གཅིག་ཚེའི་དུས་བྱས་དུས་འཚོ་བར་རིགས་པ་དང་། གལ་ཏེ་གཅིག་ཡིན་ན་ ལུས་གཅིག་ལ་ཕྱི་ནང་གི་སེམས་ཅན་དཔག་ཏུ་མེད་པ་འོང་བ་འདི་ཅི་ཡིན་པ་དང་། གལ་ཏེ་སེམས་འདི་ལ་ལྡོག་ས་ཡོད་ན། དང་པོ་རྒྱུ་ཡོད་དགོས་པས། རྒྱུ་ཡོད་ན་ འདུས་བྱས་མི་རྟག་པས་སླར་འཇིག་པས་ལས་ལ་བཟང་ངན་མེད་པར་རིགས་པ་ དང་། ལྡོག་པ་མེད་ན་ནི་སེམས་ཅན་གྱི་ཕུང་པོ་དཔག་ཏུ་མེད་པ་འདི་དག་འོང་བར་ མི་རིགས་པ་དང་། སེམས་དེ་སྣ་ཚོགས་པ་ཡིན་ན་ནི་འགྲོ་བ་ལ་རང་གཞན་གྱི་རྟོག་ པ་ཐང་ཅིག་ཏུ་འོང་བར་མི་རིགས་པ་དང་། ཕན་ཚུན་འཆོལ་བས། རང་རྒྱལ་ དང་། མ་ཤི་བ་དང་། སྡུག་བསྔལ་མེད་པ་དང་། འཁོར་དང་ལོངས་སྤྱོད་ལ་སོགས་ པ་ལྡན་ན་དགའ་བ་དང་། གཞན་ཕམ་པ་ལ་སོགས་པ་ཀུན་འདུ་ཤེས་མཐུན་པར་ འོང་བ་མི་རིགས་པ་དང་། གལ་ཏེ་ཐ་དད་པ་ཡིན་ན་ནི། འགྲོ་བ་མང་པོ་ཡོད་པས། འགའ་ཞིག་ལ་གཞན་དང་མཐུན་པར་རང་འཕམ་པར་དགའ་བ་ལ་སོགས་པ་འོང་ བར་རིགས་པ་དང་། གཅིག་ཁོ་ནར་སེམས་པ་ཡིན་ན་ནི་གཅིག་ཤི་བས་ཀུན་ཤི་ བའམ། གཅིག་སྐྱེས་པས་ཀུན་སྐྱེ་བར་རིགས་པའམ། དེ་ལྟར་རྣམ་པ་དུ་མའི་སྒོ་ ནས་རང་གི་སེམས་ལ་གཅིག་དང་ཐ་དད་ཀྱི་རྒལ་བས་བརྟགས་ཏེ་བཙལ་བས། གང་ཡང་མ་རྙེད་པ་ནི་ཆོས་ཉིད་ཀ་ནས་དག་པའི་དོན་ཤེས་རབ་ཀྱི་དབང་པོས་ རྟོགས་པ་སྟེ། སེམས་ལ་རྒྱུ་མེད་དེ་ལྡོག་མི་སྲིད་པས་ལས་ཀྱི་བསགས་པ་ལ་མཐའ་ | ||
<span | [p. 204] ། རིམ་ཁང་བཅུ་དགུ་པ་ཡང་རབ་རྟོགས་པས་གྲོལ་བའི་མན་ངག་གི་ཆིངས་བསྟན་པ། མེད་པར་ཡིད་ཆེས་པ་དང་། སེམས་ལ་རྒྱུ་ཡོད་ན་འབྲས་བུ་འོང་དགོས་ཏེ། འབྲས་ བུ་འཁོར་བ་ཡིན་ན་མ་དག་པས་གྲོལ་མི་སྲིད། འདས་པ་ཡིན་ན་འཁོར་བ་འོང་ བར་མི་རིགས། གཉིས་ཀ་ཡིན་ན། འཁོར་འདས་ཐ་དད་པ་ལྟར་སེམས་ཀྱང་ཐ་ དད་པར་འགྱུར་ལ། གལ་ཏེ་ཐ་དད་ན། ལུས་སེམས་ཐ་དད་པ་བཞིན་དུ་དྲན་ བསམ་གྱི་རིགས་གཅིག་ཏུ་འདུ་བའི་འདོད་པའང་ཐ་དད་དུ་མར་འགྱུར་བ་ལས། རིགས་གཅིག་ཏུ་འདུ་བས་ཤེས་སོ། །ཡང་སེམས་ལ་རྒྱུ་མེད་ན་སེམས་འདི་དག་མི་ རིགས་སོ་ཞེ་ན། འདི་དག་ནི་སེམས་ཀྱི་རྒྱུ་ལས་བྱུང་བ་མེད་དེ་བློ་མ་ཡིན་པས། སེམས་ལས་བྱུང་བ་མ་ཡིན་ན་སེམས་འདི་ཉིད་དུ་གནས་པ་ཙམ་ལ་མ་རྟོགས་པ་ མེད་དེ། འདི་དག་ནི་སྐྱེ་བ་དང་། འཆི་བ་དང་། གནས་པ་ལ་སོགས་པ་ཟད་པ་ཡང་ མ་ཡིན་ལ། འཕེལ་བ་ཡང་མ་ཡིན་པས་ན། ལུང་ལས། མ་རིག་འཁྲུལ་འཁོར་འདི་ ལ་ཟད་མེད་འཕེལ་བ་མེད། །ཅེས་པ་དང་། ཡང་། སེམས་ཅན་ཁམས་ཀྱི་རང་ བཞིན་དེ་ཡང་ཕ་མཐའ་མེད། །ཅེས་གསུངས་པས་སོ། །དེ་ལྟར་རྒྱུ་མེད་པས་ སེམས་ལ་འཕེལ་བ་མེད་པར་ཤེས། འཕེལ་བ་མེད་པས་སྐྱེ་བ་མེད་པར་ཤེས། སྐྱེ་ བ་མེད་པས་འཆི་བ་མེད་པར་ཤེས། དེ་ཤེས་པས་ལས་ལ་བཟང་ངན་མེད་པར་ ཤེས་ཏེ། སྡུད་པ་ལས། ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། །ཞེས་ སོ༑ ༑དེ་ལྟར་ཡེ་གདོད་མ་ནས་རང་དག་མེད་པར་ཤེས་པས་ན། གཟོད་ནས་དག་ པས་སེམས་ཅན་སྐྱེ་བར་ག་ལ་འགྱུར། ཅེས་འབྱུང་བ་ཡིན་ནོ། །དེ་ཡང་སེམས་ལ་ རྐྱེན་མེད་པ་སྟེ། ཡོད་ན་སྣང་བ་སྣ་ཚོགས་སུ་སྣང་བ་བཞིན་དུ་སེམས་ཀྱང་རྐྱེན་ གྱིས་ཁ་དོག་ལ་སོགས་པ་སྣ་ཚོགས་སུ་འགྱུར་ལ། སེམས་ཐ་དད་དུ་སོང་བས་དྲན་ བསམ་གཅིག་ཏུ་མི་རིགས་ལ། སེམས་ལ་རྐྱེན་ཡོད་ན་གཏན་འཇིག་པར་འགྱུར་ | ||
<span | [p. 205] ༈ ཐེག་མཆོག་རིན་པོ་ཆེའི་མཛོད། བས། སེམས་ཀྱི་ལས་འབྲས་མེད་པར་ཐལ་བ་དང་། སེམས་ཞིག་ཀྱང་དེའི་ལས་ ཡོད་ན། ཧ་ཅང་འགལ་ཏེ། ལུས་ཀྱི་ཁ་དོག་དང་སྐྱེ་མཆེད་ལེགས་ཉེས་ཀུན་ལུས་ ཞིག་ཀྱང་གནས་སོ་ཞེས་བརྗོད་པ་དང་མཚུངས་སོ། །དེས་ན་སྒྱུ་མ་ལྟར་གནས་པ་ ཙམ་གྱིས་གསལ་ལོ། །རྐྱེན་མེད་ན་ད་ལྟ་དྲན་བསམ་སྣ་ཚོགས་པ་འདི་ཅི་ལས་བྱུང་ ཞེ་ན། ད་ལྟའི་དྲན་བསམ་འདི་རྐྱེན་ལས་བྱུང་བ་མ་ཡིན་ཏེ། གློ་བུར་བ་མདང་གི་རྨི་ ལམ་གྱི་ནོར་བུ་རྙེད་པ་ལ་དགའ་བ་དང་བདེན་པར་འཛིན་པ་ལས། སད་དུས་ཅི་ ཡང་མེད་པ་ལྟར། ད་ལྟའི་དྲན་བསམ་ཡང་བདེན་པར་བཟུང་ནས་ཞེན་རུང་དེའི་ རྗེས་ལ་ཅི་ཡང་མེད་པས་གནས་སྐབས་ཀྱི་བདེན་བརྫུན་ལྟར་སྣང་བ་ལས་གྲུབ་པ་ མེད་དོ། །དཔེར་ན་ནམ་མཁའི་སྤྲིན་སྣ་ཚོགས་གློ་བུར་དུ་འཁྲིགས་པ་དེ་གར་སོང་ ཆ་མེད་གློ་བུར་དུ་ཡལ་བ་དང་འདྲ་བར། སྤྲིན་དེ་ནམ་མཁའ་ལ་མེད་ཀྱང་དེའི་ངང་ ན་སྣང་བ་ལྟར། རྐྱེན་དང་རྒྱུ་སེམས་ལ་མེད་ཀྱང་སྣང་སྣང་འདྲ་དུས་རྒྱུ་རྐྱེན་མེད་དེ་ གཅིག་དང་དུ་མ་དང་དུས་གསུམ་གྱི་བརྟགས་པས་མེད་པར་ངེས་ཏེ། རྩ་བ་ཤེས་ རབ་ལས། ས་བོན་ཞིག་དང་མ་ཞིག་ལས། །མྱུ་གུ་སྐྱེ་བ་མ་ཡིན་ཏེ། །ཁྱོད་ཀྱིས་ ཆོས་རྣམས་ཐམས་ཅད་ནི། །སྒྱུ་མ་འབྱུང་བ་བཞིན་དུ་བསྟན། །ཅེས་པ་དང་། རྐྱེན་ ལྔ་པ་ནི་ཡོད་མ་ཡིན། །ཅེས་པས་སོ། །ཀུན་བྱེད་ལས་ཀྱང་། རྒྱུ་དང་རྐྱེན་མེད་ཞི་ བ་མཆོག་གི་ལམ། །ཞེས་པ་ལ་སོགས་པ་བཤད་དོ། །དེའི་ཕྱིར་སེམས་ཡོད་ན། དངོས་པོ་གཟུགས་ཅན་དུ་ཡོད་དམ། གཟུགས་མེད་དུ་ཡོད། གཟུགས་ཅན་དུ་མེད་ དེ་ཡོད་ན་དབང་པོའི་མངོན་སུམ་ལ་བལྟར་རུང་བ་ལས་བལྟར་རུང་མ་དམིགས་ པའི་མངོན་སུམ་ཚད་མས་གསལ་ལོ། །གཟུགས་མེད་དུ་ཡོད་ན་ཅིས་ཤེས། འགྱུ་ བས་ཤེས་སོ་ཞེ་ན། འགྱུ་བ་དེ་ཁ་དོག་དང་ཕྱོགས་ཆ་དང་། འདས་མ་འོངས་ད་ལྟ་ | ||
<span | [p. 206] ༈ རིམ་ཁང་བཅུ་དགུ་པ་ཡང་རབ་རྟོགས་པས་གྲོལ་བའི་མན་ངག་གི་ཆིངས་བསྟན་པ། གསུམ་ཕྲད་པ་བརྟགས་པས་མ་གྲུབ་སྟེ། འགྱུ་བ་སྔ་མ་དང་ད་ལྟའི་འགྱུ་བ་ཕྲད་ན་ ཕྲད་ཚེའི ༧དྲན་བསམ་སྔ་མ་དེ་ད་ལྟ་མ་འགགས་པར་ཡོད་དགོས་ལ། ཡོད་ན་སྔ་ མ་ཡིན་པར་འགལ་ཞིང་། ད་ལྟའི་སྔ་མ་དང་ཕྲད་ཆ་དེ་འགགས་པར་ཐལ་ཞིང་མ་ ཕྲད་ན་ད་ལྟའི་དྲན་བསམ་རྒྱུ་མེད་འགྱུ་བར་མི་རིགས་པར་ཐལ་བས་ཁེགས་སོ། ། འགྱུ་བ་ནི་གཅིག་ཡིན་ནམ་ཐ་དད་ཡིན། གཅིག་ན་སྣ་ཚོགས་པར་འགྱུ་བ་ཉམས་ལ། ཐ་དད་ན་འགྱུ་བྱེད་གཅིག་ཡིན་པ་ཉམས་སོ། །དེས་ན་སེམས་ཡོད་པར་མ་གྲུབ་སྟེ། རྩ་བྲལ་ནམ་མཁའ་འདྲ་བར་རྟོགས་པས། སྐྱེ་བ་དང་སྐྱེ་གཞི་མེད་པས་ལྡོག་པའི་ ས་མེད་དོ། །ནམ་མེད་ན་དྲན་བསམ་སྔ་ཕྱིའི་བར་དུ་ངོ་སྤྲད་པས་དེར་ཡལ་བས་ སེམས་ལ་གཞི་མེད་པར་ངོ་ཤེས། དེ་ཤེས་པས་ལྡོག་ས་མེད་པར་ཡིད་ཆེས། དེ་ ཤེས་པས་ཁམས་གསུམ་མིང་མེད་ཆེན་པོར་ཐག་ཆོད། དེ་ཆོད་པས་ལས་དགེ་སྡིག་ གི་ཕན་གནོད་མེད་པར་བློ་བདེ་བའོ། །ཡང་སྣང་ཤེས་སྔ་ཕྱིའི་བར་དུ་ངོ་སྤྲད་པ་ལ། སེམས་ལ་རྒྱུ་དང་མཚན་ཉིད་དུ་མ་གྲུབ་པར་ངོ་ཤེས། དེ་ཤེས་པ་སེམས་ཉིད་ སྟོང་པ་ལ་ངོས་གཟུང་མེད་པར་ཡིད་ཆེས། དེ་ཆེས་པས་སེམས་ཞེས་རྒྱུ་རྐྱེན་ལས་ མ་བྱུང་བར་ཐག་ཆོད། དེ་ཆོད་པས་དྲན་བསམ་གློ་བུར་གྱི་རྟོག་པས་ཕན་གནོད་ མེད་པར་བློ་བདེ་བའོ། །ཡ་ང་བློ་སྔ་ཕྱིའི་བར་དུ་ངོ་སྤྲད་བས། སེམས་ལ་རྩ་བ་མེད་ པར་ངོ་ཤེས། དེ་ཤེས་པས་སེམས་ཉིད་གཅིག་གི་འཁོར་ལོ་ལ་སྤྲོས་པ་ཐ་དད་མེད་ པར་ཡིད་ཆེས། དེ་ཆེས་པ་བྱས་པའི་ཆོས་ཀྱིས་སངས་མི་རྒྱ་བར་ཐག་ཆོད། དེ་ ཆོད་པས་སེམས་མེད་པའི་དོན་ལས་མ་རྟོགས་པའི་ཆོས་ལོགས་པ་མེད་པས་བློ་ བདེ་བའོ། །ཡང་ཆོས་ཉིད་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་སྐྱེ་བ་མེད་པར་ ངོ་ཤེས། དེ་ཤེས་པས་བག་ཆགས་ལུས་ཀྱི་ཀུན་གཞིས་མི་གནོད་པར་ཡིད་ཆེས། | ||
<span | [p. 207] ། ཐེག་མཆོག་རིན་པོ་ཆེའི་མཛོད། དེ་ཆེས་པས་ད་སེམས་སྐྱེ་མི་སྲིད་པར་ཐག་ཆོད། དེ་ཆོད་པས་དེ་སེམས་ཀྱི་ཁང་བུ་ ཞིག་སྟེ་ལྡོག་པ་དང་ལྡོག་རྟེན་མེད་པར་བློ་བདེ་བའོ། །དེ་ལྟར་སེམས་ཡས་པའི་ དུས་བཞི་པོའི་ཚད་ཟིན་པས། སངས་རྒྱས་མེད་པས་སངས་རྒྱས་མིང་ཙམ་དུ་ཡང་ མེད་དེ། འབྲས་བུ་ལ་རེ་བར་འཛིན་པའི་བློ་ལྡོག དེ་ལོག་པས་ལམ་འབད་རྩོལ་དུ་ བྱེད་པའི་ཆོས་མེད་དོ། །དེས་ན་མེད་པའི་ཆོས་ལ་ཅི་ཡང་མེད་པས་འཁོར་འདས་ སུ་བཏགས་པ་མིང་ཙམ་ལས་དོན་ལ་མ་རྙེད་པ་ལ་གྲོལ་བའི་ཚད་ཅེས་བྱའོ། །དེའི་ ཕྱིར་ན་སེམས་ཉིད་མེད་པ་ལ་ཅི་ཡང་མེད་པས། སེམས་ལ་རྒྱུ་མཚན་མེད་པས་ བལྟར་མེད་ལ། དེ་ལྟར་མེད་པའི་ངོ་སྤྲད་པ་བཞི་བསྐོར་ལ། ཆོས་ཚན་བཅུ་དྲུག་ཏུ་ རིག་པ་ནི། སེམས་ཀྱི་ཁང་བུ་བཤིག་པ་སྟེ། དཔེར་ན་བྱིས་པའི་ཁང་བུ་བརྩིགས་ ཀྱིན་འཇིག་པ་དང་འདྲའོ། །དེ་ཡང་བྱ་བས་བྱ་བ་འཇིག་པ་ལྕགས་ཀྱིས་ལྕགས་ འཇིག་པ་དང་འདྲ་ལ། མི་རྟག་པས་མི་རྟག་པ་འཇིག་པ་སྒྱུ་མའི་མིས་སྒྱུ་མའི་གྲོང་ ཁྱེར་བཅོམ་པ་ལྟ་བུ་དང་། བྱས་པས་མི་རྟག་པ་འཇིག་པ་རོ་ལ་རོ་བརྩེགས་པ་ལྟ་བུ་ དང་། མི་རྟག་པས་བྱས་པ་འཇིག་པ་རིག་པ་ད་ལྟར་བས་མ་རིག་པ་སྔ་མ་འཇིག་པ་ ལྟ་བུའོ། །དེ་ལྟར་ན་སེམས་ཀྱིས་སེམས་བཤིག་པས་གཉིས་ག་རྗེས་མེད་དུ་ཞིག་པ་ ཆུ་ལ་ཡི་གེ་བྲིས་པ་ལྟ་བུ་དང་། མེད་པས་མེད་པ་བཙལ་ཡང་མི་རྙེད་པ་དབུལ་པོའི་ ཁྱིམ་ན་ཡིད་བཞིན་གྱི་ནོར་བུ་མེད་པར་བཙལ་ཀྱང་རྙེད་པའི་གནས་མེད་པ་དང་ འདྲ་བར། སེམས་མེད་པ་ལ་གཞིག་པའི་གནས་མེད་པ་ནི། དཔེར་ན་གྲུ་རྡིབ་པའི་ ཚེ་ཆུ་ལ་འཛིན་པའི་གནས་མེད་པ་དང་འདྲའོ། །དེའི་ཕྱིར་ན་སེམས་མེད་པའི་དོན་ མ་ཤེས་པར། ལྟ་སྒོམ་སྤྱོད་པ་སེམས་ལ་འཚོལ་བ་ནི། བདེ་ཆེན་ཐར་པའི་བསྟན་ པ་རྙེད་དུས་མེད་དེ། གྲུ་རྡིབ་པས་ཆུ་ལ་འཇུས་པ་ལྟར། སེམས་མེད་པ་ལ་ཡོད་པར་ | ||
<span | [p. 208] རིམ་ཁང་བཅུ་དགུ་པ་ཡང་རབ་རྟོགས་པས་གྲོལ་བའི་མན་ངག་གི་ཆིངས་བསྟན་པ། རྟེན་བཅས་པ་དེ་ཉིད་ཀྱིས་སླུ་ཞིང་འཆིང་བར་ངེས་སོ། །ཀུན་ཏུ་བཟང་པོ་ཐུགས་ཀྱི་ མེ་ལོང་ལས་ཀྱང་། སྣང་བ་ཆོས་སྐུར་འདོད་པ་ང་ལ་སྒྲིབ་པ་ཡིན། །ཅིར་སྣང་ སེམས་སུ་འདོད་པ་ང་ལ་སྒྲིབ་པ་ཡིས། །རང་བྱུང་གཞན་ནས་འདོད་པ་ང་ལ་སྒྲིབ་ པ་ཡིན། །ཅེས་སོ། །འོ་ན་སེམས་ཡལ་ཞེས་ཡོད་པ་དེ་མེད་པར་སོང་བ་མ་ཡིན་ ནམ་ཞེ་ན། ཡལ་བ་ནི་སྔར་བཞིན་དཔྱད་ན་མ་གྲུབ་པ་དང་། མ་དཔྱད་ནའང་གློ་ བུར་གྱི་དྲན་བསམ་གྱི་རྟོག་པ་ཡལ་བ་ལས། སེམས་རང་རྒྱུད་པ་ཡོད་ནས་མེད་ པར་སོང་བ་མེད་དེ། ཡལ་རྒྱུ་དང་ཡལ་རྐྱེན་གང་དུ་ཡང་མེད་དོ། །འོ་ན་སེམས་ཀྱི་ ཁང་བུ་བཤིག་པ་ལ་དགོས་པ་མེད་དེ་བཤིག་རྒྱུ་མེད་པའི་ཕྱིར་རོ་ཞེ་ན། སེམས་ཡེ་ ནས་མེད་པ་ལ། མེད་པའི་གནས་ལུགས་རྟོགས་པར་བྱེད་པ་ཙམ་ལས། སེམས་ཀྱི་ ཁང་བུའི་གཞིའམ་དངོས་པོ་ཡོད་པ་ནི་མིན་ཏེ། དྲན་པའི་ཁུངས་ཆོས་ཉིད་དུ་སོང་ བས། མེད་པ་གོ་བར་བྱས་པ་ལ། ཁང་བུ་བཤིག་ཅེས་ཐ་སྙད་དུ་བྱས་ཏེ། ཡོད་པ་ བཤིག་པ་ནི་གང་ཡང་མེད་དོ། །དེའི་ཕྱིར་ན་ཐ་སྙད་ཀྱི་འབྲས་བུ་ཞེས་སྣང་བ་ཡུལ་ གྱི་གནད་གང་སྣང་གི་སྟེང་དུ་བཞག་པས། བེམ་པོའི་སྣང་བ་དེར་འཛིན་མེད་པས་ ཡུལ་སེམས་གཉིས་མེད་ཀྱི་འབྲས་བུ་དང་། ཤེས་པ་གང་འགྱུས་ཀྱི་སྟེང་དུ་བཞག་ པས། སེམས་ཀྱི་ཁང་བུ་རང་ཞིག་པས་འགྱུ་བ་རྟོག་སངས་ཀྱི་འབྲས་བུ་དང་། དེ་ ལྟར་བེམ་རིག་གཉིས་མེད་ཟུང་འཇུག་ཡེ་ཤེས་ཀྱི་ཡལ་ས་ངོས་ཟིན་པས་མེད་པའི་ འབྲས་བུའོ། ། དེ་ལྟར་འབྲས་བུ་གསུམ་གྱི་དུས་ཀྱང་ཡལ་དུས་ངོ་སྤྲད་པའི་གནད་བཞི་ལ། མེད་ པའི་ཆོས་བཅུ་དྲུག་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེའང་གསང་ཆེན་ངེས་པ་སྙིང་ ཐིག་གི་ཁྲེགས་ཆོད་སེམས་ཡེ་མེད་རང་སངས། འགྱུ་བ་གློ་བུར་ཡེ་གྲོལ་དུ་ཤེས་པ་ | ||
<span | [p. 209] ༈ ཐེག་མཆོག་རིན་པོ་ཆེའི་མཛོད། དང་། མན་ངག་གཞན་དག་སེམས་དོན་དམ་དུ་མེད། ཀུན་རྫོབ་ཏུ་ཡོད་པར་ བརླམས་ནས། ལྟ་སྒོམ་སེམས་ལ་ལམ་བྱེད་གཉིས། རང་གྲོལ་རང་ཤར་རང་ གཞག་ཙམ་དུ་མིང་མཐུན་ཡང་། དོན་མི་མཐུན་ཏེ། འདིར་ཡེ་མེད་དུ་བྱེད་པ་དང་། གཞན་དུ་ཡོད་པ་མེད་པར་འདོད་པས་སོ། །ཟུང་འཇུག་ཀྱང་། གཞན་དུ་ཡོད་པ་ གཉིས་གཅིག་ལ་གཅིག་འབྲེལ་གྱི་ཟུང་འཇུག་འདོད་པ་དང་། འདིར་ཡེ་མེད་པས་ ཟུང་དུ་འཇུག་རྒྱུ་མེད་ལ། མེད་པའི་ངོ་བོ་ལ་ཐ་དད་རིས་སུ་མེད་པ་གཉིས་ཐ་མི་ དད་པས་གཉིས་མེད་ཟུང་འཇུག་ཅེས་བྱའོ། །གནད་འདི་ནི་ཐེག་པ་ཀུན་ལས་རྩེ་ མོར་གྱུར་པའི་གནད་ཁམ་ཡང་ཆེ་ལ་གལ་ཡང་ཆེ་བ་སྟེ། འདི་ལས་སྣང་བ་སེམས་ སུ་མི་འདོད་པ་དང་། སེམས་ཡོད་མ་མྱོང་གཞི་སངས་ཆེན་པོར་བསྟན་པ་ཡིན་ནོ། ། འདི་ལ་བརྟེན་ནས་སྣང་བ་སེམས་སུ་ངོ་སྤྲད་པ་དང་། སེམས་ཉིད་སྟོང་པར་ངོ་སྤྲད་ པའི་མན་ངག་སྙིང་ཏིག་གི་དགོངས་པ་མ་ཡིན་པར་ཤེས་པར་བྱའོ། །མན་ངག་ འགའ་ཞིག་ཏུ་དེ་ལྟར་བྱུང་སྲིད་ན་འོག་མ་དྲང་བ་ཙམ་ལས་ངེས་དོན་མ་ཡིན་པར་ ཐག་བཅད་དོ། །གསུམ་པ་ཡུལ་སྣང་བློའི་མེ་ལོང་དུ་ཤར་བས་ཚོགས་དྲུག་མཉམ་ པ་ཆེན་པོར་ཁྱབ་གདལ་བ་ནི། ཕྱི་སྣང་བ་སྣ་ཚོགས། ནང་དྲན་རྟོག་གློ་བུར། དབང་པོ་དྲུག་སྣང་ཡུལ་དང་བཅས་པ་ཐམས་ཅད། མེད་པ་གསལ་སྣང་ཙམ་ལས། དོན་ལ་ཕྱི་ནང་གང་ན་ཡང་མེད་པ་རབ་རིབ་ཅན་གྱི་སྐྲ་ཤད་དང་། སྒྱུ་མ་དང་། མིག་འཕྲུལ་དང་། སྤྲུལ་པ་ལྟ་བུར་བློ་ལ་སྣང་ཡང་། སྣང་དུས་དེ་ཉིད་ནས་ཡོད་ མེད་ཀྱི་མཐའ་ལས་འདས་པར་ཤེས་པར་བྱ་སྟེ། སྣང་བའི་ངོས་ནས་ཇི་ལྟར་ བཏགས་ཀྱང་མི་འགལ། ཡིན་དུ་ཆུག མིན་དུ་ཆུག ཡོད་དུ་ཆུག མེད་དུ་ཆུག སྣང་ དུ་ཆུག སྟོང་དུ་ཆུག འཁྲུལ་དུ་ཆུག གྲོལ་དུ་ཆུག བཟང་དུ་ཆུག ངན་དུ་ཆུག | ||
<span | [p. 210] ། རིམ་ཁང་བཅུ་དགུ་པ་ཡང་རབ་རྟོགས་པས་གྲོལ་བའི་མན་ངག་གི་ཆིངས་བསྟན་པ། སེམས་སུ་ཆུག གཞན་དུ་ཆུག གང་ལྟར་བཏགས་ཀྱང་། སྟོང་པའི་ངོས་ནས་ཇི་ ལྟར་བཏགས་པ་དེ་ཉིད་ཀྱིས་ཐོག་མར་སྟོང་སྟེ། བཏགས་པ་སེམས་ཡིན། སེམས་ མེད་པ་ཡིན། མེད་པ་ལ་འདོགས་མཁན་མེད་པས་རྨི་ལམ་གྱི་བྱ་བྱེད་དང་སྒྱུ་མའི་ བྱ་བྱེད་བཞིན་ནོ། །སྣང་བ་དང་འཆར་བ་དང་། དགེ་བ་དང་མི་དགེ་བ་ལ་སོགས་ པ་དེ་ཉིད་གློ་བུར་བ། དེའི་ངོ་བོ་གཞི་མེད་རང་སངས། རིག་པའི་ཡེ་གདངས་ཆ་ལ་ ཡོད་པས་ངོས་ཟིན་ན་དགོངས་པ་ཆོས་ཉིད་ཕྱོགས་ཡན་ལས་འཆུགས་ས་མེད་དེ། སྣང་སྲིད་འཁོར་འདས་ཀྱི་ཆོས་སོ་ཅོག་རིག་པའི་ངང་ན་མེད་པ་གསལ་སྣང་གི་སྣང་ བ་ཆེན་པོར་རང་ཤར་རང་སྣང་བ་ནི། འབྱུང་བཞིའི་སྣང་བ་ནམ་མཁའི་ངང་ན་ གནས་པའམ། རྨི་ལམ་སྣ་ཚོགས་གཉིད་དང་། གཉིད་རིག་པའི་ངང་ལས་མ་ གཡོས་པ་བཞིན་ཏེ། ཐམས་ཅད་རིག་པའི་ངོ་ལ་རང་སྣང་ཡང་། རིག་པས་འཁྲུལ་ སྣང་འཁོར་བ་མ་མཐོང་། དག་སྣང་འདས་པ་མ་མཐོང་། འཁོར་འདས་ཀྱིས་རིག་ པ་མ་མཐོང་། ཐམས་ཅད་གཞི་མེད་མཉམ་པ་ཆེན་པོའི་ངང་ལས་གཡོས་པ་མེད་དེ། ངོ་བོར་མ་གྲུབ་པས་མཐོང་བ་དང་མཐོང་བྱེད་ལས་འདས་ལ། རིག་པའི་ངང་ནས་ ཤར་བས་འཁོར་འདས་རིག་པའི་རང་གདངས་སམ་རོལ་པ་ཞེས་བཏགས་པ་ཙམ་ སྟེ༑ ཡོད་མེད་མཐའ་གྲོལ་ཆེན་པོ། བཏགས་པ་མི་འགལ། དོན་ལ་མ་གྲུབ། མེད་ པ་གསལ་སྣང་ཙམ་དུ་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཤར་བ་སྟེ། ཀློང་དྲུག་ པ་ལས། དྲི་མ་མེད་པའི་སེམས་ཉིད་ལ། །ཡུལ་རྐྱེན་བྲལ་བའི་སྣང་བ་ནི། །རང་ དག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་པ་དང་། ནོར་བུ་འཕྲ་བཀོད་ལས། ཅི་ཡང་མེད་པའི་དངོས་པོ་ནི། །གང་གི་ཕྱོགས་སུ་མ་ལྷུང་བ། །ཅིར་ཡང་འཁྲུལ་ | ||
<span | [p. 211] ། ཐེག་མཆོག་རིན་པོ་ཆེའི་མཛོད། བའི་དངོས་པོ་ནི། །མཐུན་སྣང་ཙམ་དུ་སྣང་བར་ཟད། །འོན་ཀྱང་དེ་ཡི་དོན་མི་སྐྱེ། ། ཆོས་དབྱིངས་རྒྱན་ལྟར་སྣང་བའོ། །ཞེས་པ་དང་། སྟོང་པའི་ཡེ་ཤེས་ཆེན་པོ་ནི། ། ཅིར་ཡང་མེད་ལས་ཅིར་ཡང་འཁྲུལ། །ཅེས་པ་དང་། མུ་ཏིག་ཕྲེང་བ་ལས། དེ་ནི་ང་ ཡིན་འགྲོ་བ་ཡིན། །སེམས་ཡིན་སེམས་ལས་བྱུང་བ་ཡིན། །དུ་མ་ཡིན་ལ་ཉག་ གཅིག་ཡིན། །འཁོར་བ་མྱང་འདས་ང་རང་ཡིན། །དཀྱིལ་འཁོར་ལ་སོགས་རིམ་ འཇུག་ཡིན། །ཆོས་ཡིན་ཆོས་སུ་སྣང་བ་ཡིན། །གནས་པ་ཡིན་ལ་འགྲོ་བ་ཡིན། ། འདུག་དང་ཉལ་དང་འཆག་པ་ཡིན། །སྲོག་ཡིན་གཅོད་པ་ཉིད་ཀྱང་ཡིན། །འཇིག་ རྟེན་གསུམ་པོ་དེ་ལས་སྐྱེས། །མདོར་ན་ཇི་ལྟར་སྣང་བ་ཡི། །ཆོས་ཀུན་དེ་ལས་བྱུང་ བའོ། །ས་ཆུ་མེ་རླུང་ནམ་མཁའ་ཡི། །འབྱུང་བ་ཆེ་རྣམས་དེ་ལས་བྱུང་། །ཞེས་པ་ ནས། དེ་ལྟར་གནས་པའི་ཆོས་ཉིད་ལ། །འཁྲུལ་པ་གདོད་ནས་མེད་པ་སྟེ། །ཆོས་ སྐུ་ནམ་མཁའ་ལྟ་བུ་ལ། །གློ་བུར་སེམས་ཅན་སྤྲིན་གྱིས་བསྒྲིབས། །མ་འཁྲུལ་ གནས་པའི་ཆོས་ཉིད་ཀྱང་། །བློ་ལ་འཁྲུལ་བའི་ཚུལ་དུ་སྣང་། །ཞེས་པ་ནས། སེམས་ཅན་ཉོན་མོངས་ལྔ་ཉིད་ནི། །དོན་ལ་ཡོད་པ་མ་ཡིན་ཏེ། །ནམ་མཁའ་ལ་ནི་ སྤྲིན་བཞིན་དུ། །གློ་བུར་རྐྱེན་དང་བཅས་པ་ཉིད། །སྤྲིན་དེ་ནམ་མཁའ་ཉིད་ལས་ བྱུང་། །དེ་བཞིན་ནམ་མཁར་ཐིམ་ཤེས་ནས། །དབྱེར་མེད་གཅིག་གི་ངང་ཞེས་བྱ། ། དེ་བཞིན་ཉོན་མོངས་དྲི་མ་ཉིད། །རང་བྱུང་རང་ཞི་ཉིད་ཤེས་ན། །སེམས་ཅན་ འཆིང་བར་ག་ལ་འགྱུར། །ཅེས་པ་དང་། སྣང་ཚུལ་མ་གྲུབ་པ་ལྟར། འཛིན་པར་ སྣང་ཡང་གང་དུའང་མ་གྲུབ་པས། གཏད་མེད་ཆེན་པོར་བསྟན་པ་ཡང་། རིན་ཆེན་ སྤུངས་པ་ལས། གནས་པ་མེད་པའི་སེམས་ཉིད་འདི། །འགྲོ་ས་མེད་པ་ཡ་རེ་ཆ། ། ཀུན་ཏུ་འཇུག་པའི་ཡིད་དྲུག་ལ། །བརྟེན་པའི་ས་མེད་ཡ་རེ་ཆ། །ཐམས་ཅད་སྡུད་ | ||
<span | [p. 212] ། རིམ་ཁང་བཅུ་དགུ་པ་ཡང་རབ་རྟོགས་པས་གྲོལ་བའི་མན་ངག་གི་ཆིངས་བསྟན་པ། པའི་ཀུན་གཞི་ལ། །བཞག་པའི་ས་མེད་ཡ་རེ་ཆ། །འཁོར་ཞིང་འཁྲུལ་པའི་མ་རིག་ ལ༑ ༑འགྱུར་བའི་དབང་མེད་ཡ་རེ་ཆ། །ཐམས་ཅད་ཡུལ་ཞེན་ཉོན་མོངས་ལ། ། གཞི་རྩ་མེད་པ་ཡ་རེ་ཆ། །ཕྲ་དང་རགས་པའི་དྲི་མ་ལ། །འཆགས་ས་མེད་པ་ཡ་རེ་ ཆ༑ ༑འབྱུང་བ་རགས་པའི་གཟུགས་རྣམས་ལ། །གཏད་པའི་ས་མེད་ཡ་རེ་ཆ། ། སྐྱེས་བུ་རྟེན་པའི་ཚེ་སྲོག་ལ། །དུས་བཏབ་མེད་པ་ཡ་རེ་ཆ། །ཚོགས་དྲུག་ཡུལ་གྱི་ སྣང་བ་ལ། །རྟག་པ་མེད་པ་ཡ་རེ་ཆ། །སྐྱེས་བུའི་དྲན་བསམ་བྱུང་ཚོར་ལ། །ཟད་པ་ མེད་པ་ཡ་རེ་ཆ། །ཞེས་པ་དང་། ཡང་། གཞི་རྩ་མེད་པའི་ཆོས་ཉིད་འདི། །མ་ བཙལ་བཞག་པས་ངོ་མཚར་ཆེ། །འགྲོ་དང་འོང་བའི་རིག་པ་ལ། །ཐུག་པ་མེད་པ་ ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ཡེ་ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། ། ཞེས་པ་དང་། ཐུན་མོང་གི་ཐེག་པ་འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང་། ཇི་ ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལ། །སྐད་ཅིག་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང་། ། བྱུང་ནས་ཞིག་སྟེ་སྤྲིན་གྱི་དཀྱིལ་འཁོར་དེ། །ཐོག་མ་གང་ལས་བྱུང་བ་བརྟག་པར་ གྱིས། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཇི་ལྟར་མི་དག་བྲག་རིའི་ ཁྲོད་འདུག་སྟེ། །གླུ་ལེན་སྨྲ་དང་དགོད་དང་ངུ་བ་ལས། །རྐྱེན་ལ་བརྟེན་ཏེ་བྲག་ཅ་ འབྱུང་མོད་ཀྱི། །སྒྲ་ལས་དབྱངས་དེ་ནམ་ཡང་འཕོས་པ་མེད། །ཆོས་རྣམས་ཐམས་ ཅད་དེ་བཞིན་ཤེས་པར་གྱིས། །ཞེས་རྒྱ་ཆེར་གསུངས་སོ། ། དོན་གཉིས་པ་ཆོས་ཟད་བློ་འདས་ཀྱི་དགོངས་པ་ཟང་ཐལ་རྗེན་པའི་ཡེ་ཤེས་འཕོ་ འགྱུར་མེད་པར་ངོ་སྤྲད་པ་ལ་གསུམ་སྟེ། ཆོས་ཟད་བློ་འདས་ཀྱི་རིག་པ་ཟང་ཐལ་ རྗེན་པར་ངོ་སྤྲད་པ། རང་གསལ་ངང་གནས་ཀྱི་དགོངས་པ་ཕྱམ་གདལ་ཆེན་པོར་ བསྐྱང་བ། གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་ཀློང་གསལ་ཆེན་ | ||
<span | [p. 213] ། ཐེག་མཆོག་རིན་པོ་ཆེའི་མཛོད། པོར་གཞག་པའོ། །དང་པོ་ནི། རང་བབས་ཀྱི་རིག་པ་རང་གསལ་དུ་རྗེན་ནེ་བཞག་ ལ༑ ཕྱིར་མི་སྤྲོ། ནང་དུ་མི་བསྡུ། བར་དུ་མི་བསམ་པའི་རང་ངོ་ལ་བལྟས་པས། ཕྱི་ ནང་བར་མེད། རང་གསལ་རྗེན་པ། ལྟ་སྒོམ་གྱིས་མ་བསླད་པའི་ཆོས་སྐུ། རྣམ་ རྟོག་གིས་མ་བསྐྱོད་པའི་ཡེ་ཤེས། སྤྲོ་བསྡུས་མ་བཟོས་པའི་དགོངས་པ། གསལ་བ་ ལ་རྟོག་པ་མེད་པ། གནས་པ་ལ་འཛིན་པ་མེད་པ། ཡངས་པ་ལ་ཕྱལ་བར་མ་ཤོར་ བ༑ མཉམ་པ་ལ་བར་མེད་པ། འཇོག་མཁན་མེད་པའི་རང་དྭངས་ཆེན་པོ། ཡེ་ ནས་རང་བབས་ཀྱི་དགོངས་པ་ཆེན་པོ། དངས་ཤིང་ལྟེང་པ་རྒྱ་མཚོ་ལྟ་བུ། གསལ་ ཞིང་དག་པས་ཉི་ཟླ་ལྟ་བུ། ཡངས་ཤིང་ཕྱམ་པས་ནམ་མཁའ་ལྟ་བུ། བརྟན་ཞིང་ གནས་པས་རི་རྒྱལ་ལྟ་བུའོ། །འདི་ལྟ་བུའི་དོན་དང་སེམས་ཅན་ཐམས་ཅད་སྐད་ ཅིག་ཀྱང་འབྲལ་མ་མྱོང་དུ་ཡེ་ནས་རང་ལ་ཡོད་ཀྱང་། ངོ་མ་ཤེས་པས་འཁོར་བར་ ངན་རྟོག་གི་སྤྲོས་པས་འཆོལ་བ་ཡང་། ད་བླ་མའི་གདམས་པས་ངོས་ཟིན་ནས་ འཆར་རམ་གནས་སམ་གྱིན་འདར་ལྷན་ནེ་བའི་དུས་གང་དུའང་རང་བབས་ཅོག་ གཞག་གི་ངོ་བོར་ངོ་སྤྲད་པ་བཞིན་ངང་མ་ཡེངས་ཙམ་དུ་བྱ་སྟེ། སེང་གེ་རྩལ་ རྫོགས་ལས། ཨེ་མ་སེང་གེ་བགྲོད་མེད་ལམ། །བྱ་རྩོལ་མེད་པའི་སེང་གེ་ཡིས། ། བཏང་བཞག་མེད་པའི་གངས་དཀར་ལ། །མུན་པ་སངས་པའི་རྩལ་གསུམ་རྫོགས། ། བསམ་མེད་དྭངས་པའི་སེང་གེ་ངས། །ཀ་དག་དྲི་མེད་གངས་བཟང་ལ། །འབྱུང་བ་ སངས་པའི་རྩལ་གསུམ་རྫོགས། །ཞེས་པ་དང་། ཀློང་དྲུག་པ་ལས། རྟག་ཆད་མེད་ པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་ དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བླང་དོར་མེད་པའི་སེམས་ ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱབ་གདལ་ཆེན་པོའི་དགོངས་པ་ཞེས། ། | ||
<span | [p. 214] གི་རིམ་ཁང་བཅུ་དགུ་པ་ཡང་རབ་རྟོགས་པས་གྲོལ་བའི་མན་ངག་གི་ཆིངས་བསྟན་པ། ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བྱིང་རྒོད་མེད་པའི་སེམས་ཉིད་ལ། །བཏང་ སྙོམས་ཆེན་པོའི་བསྒོམ་པ་ནི། །ཚོགས་དྲུག་ལྷུག་པའི་དགོངས་པ་ཞེས། །ཀུན་ཏུ་ བཟང་པོ་ང་ཡིས་བསྟན། ཡ་ང་མེད་པའི་སེམས་ཉིད་ལ། རེ་དོགས་བྲལ་བའི་ སྣང་བ་ནི། །ཡེ་བཞག་གདེང་ལྡན་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་ བསྟན། །ཅེས་པ་དང་། རྩལ་རྫོགས་ལས། འཛིན་ཆགས་མེད་པའི་ཆོས་ཉིད་ དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་མཆོག །སོ་ སོར་རྟོག་དང་མཚན་མ་ཚིག་གི་ལམ། །བྱ་རྩོལ་མེད་པའི་ཆོས་ཉིད་རང་སར་དག ། འུབ་ཆུབ་ཏིང་འཛིན་ཆོས་ཉིད་ཡུལ་ལ་འཇུག །དག་དང་མ་དག་ཐ་སྙད་ཆོས་སུ་ མེད། །གཅིག་དང་གཉིས་ལས་འདས་པའི་ཡེ་གནས་དོན། །རང་ལུས་ངང་དུ་ཐིག་ ལེ་གཅིག་ཏུ་འུབ། །དུས་མེད་རྟོགས་པས་ཏིང་འཛིན་མ་ཡེངས་གསལ། །མཐའ་ དབུས་མེད་པས་ཆོས་ཉིད་མིང་དང་བྲལ། །འགྱུར་བ་མ་ཡིན་དྲང་པོར་ཡོངས་ལ་ ཁྱབ། །བྱས་པ་མ་ཡིན་བྱུང་སར་ལྷུན་གྱིས་གྲུབ། །ཅེས་སོ། ། གཉིས་པ་དེའི་ངང་ལ་བསྐྱང་པ་ལ་གསུམ་སྟེ། ལྟ་སྒོམ་ཡུལ་འདས་ཆེན་པོར་བསྐྱང་ བ༑ ཏིང་འཛིན་རང་བབས་ཆེན་པོར་བསྐྱང་བ། དགོངས་པ་བློ་འདས་ཆེན་པོར་ བསྐྱང་བའོ། །དང་པོ་ནི། ངོ་སྤྲད་པའི་ངང་དེ་ལ་བློའི་འཛིན་རྩོལ་དང་ཆེད་དུ་ བསྒོམ་པའི་གཉེན་པོ་མ་ཞུགས་པར་རིག་པ་རྒྱ་ཡན་ཡེ་བཞག་དཔངས་བསྟོད་ལ་ ཕྱལ་བ་བར་མེད་རང་སངས་སུ་བཞག་པ་སྟེ། ནོར་བུ་འཕྲ་བཀོད་ལས། ཡངས་སོ་ ཆོས་ཉིད་རྣམ་པར་དག །ཆེའོ་ལྟ་བ་རྨད་པོ་ཆེ། །སྣང་ངོ་རང་སྣང་དཀྱིལ་འཁོར་ ཉིད། །ཡུལ་དང་ཡུལ་མེད་རྣམ་པར་དག །ཕྱི་དང་ནང་མེད་རྣམ་པར་སྣང་། །སྟོང་ དང་མི་སྟོང་ཚིག་ལས་འདས། །ཞེས་པ་དང་། སེང་གེ་རྩལ་རྫོགས་ལས། དང་པོའི་ | ||
<span | [p. 215] ། ཐེག་མཆོག་རིན་པོ་ཆེའི་མཛོད། གནས་ས་གང་ཡིན་པར། །ཐ་མ་དེ་ཡི་གནས་སུ་འགྲོ། །ད་ལྟ་དེ་ཡི་དོན་ལ་གནས། ། ཞེས་པ་དང་། ཡང་། འཛིན་རྟོག་མེད་པའི་ནམ་མཁའ་ལ། །རྣམ་ཤེས་ཡིད་མ་ འགྱུས་པ་ནི། །ཡེངས་པ་མེད་པའི་ཏིང་འཛིན་མཆོག །སངས་རྒྱས་ཉག་གཅིག་ གནས་ལུགས་ཡིན། །ཅེས་སོ། །གཉིས་པ་ལ་གསུམ་སྟེ། རང་གནས་ཅོག་གཞག་ ནི༑ ཚོགས་དྲུག་ཡུལ་གྱི་སྣང་བ་ལ་འཛིན་པའི་བཟོ་རྒྱ་མི་བྱེད་པར་ཕྱི་ནང་བར་ མེད་ཧར་སངས་སུ་ཕྱལ་ལེ་བཞག་ནས། གཉིད་དུ་འགྲོ་ཁར་ཡང་དེའི་ངང་ལ་ཉལ་ བས་རྨི་ལམ་འོད་གསལ་དུ་འཆར་བའོ། །ཐོག་བབས་ཆེན་པོ་ནི། སྒོ་གསུམ་ ལྷུག་པར་གློད་ལ་གང་ཤར་ཅར་ཕོག་ཏུ་རང་སངས་ལ་ཕྱལ་ཕྱལ་སོང་བའི་ངང་ངོས་ གཟུང་བའོ། །སྣང་བ་རྒྱས་འདེབས་ནི། ལུས་སྐྱིལ་ཀྲུང་དང་མིག་བར་སྣང་ལ་ཧྲིག་ གེ་བལྟས་ཏེ། སེམས་འཕྲོ་འདུ་བཅད་ནས་རིག་པ་དང་སངས་ཕྱེད་པའི་ངང་ངོས་ བཟུང་བས་རླུང་ལྔ་དབྱིངས་སུ་འཆིངས་ཏེ། རང་སྣང་དག་པའི་འོད་གསལ་ཕྱི་དུ་བ་ སྨིག་རྒྱུ་འཇའ་འོད་ལ་སོགས་པ་དང་ནང་ཆོས་ཉིད་སྟོང་གསལ་བར་སྣང་དག་པ་ ལྟར་འཆར་ཏེ། ཀློང་དྲུག་པ་ལས། ཏིང་འཛིན་གསུམ་ལ་འདི་ལྟར་བསླབ། །རང་ གནས་ཅོག་གཞག་ཏིང་འཛིན་ནི། །དབང་པོའི་སྒོ་རྣམས་མི་དགག་ཅིང་། །ལུས་ཀྱི་ སྤྱོད་པ་སྤྱད་མི་བྱ། །གཉིད་ཀྱང་སྤང་བར་མི་བྱ་སྟེ། །སེམས་ཀྱིས་གུད་དུ་བཅད་པ་ མིན། །མདོར་ན་ལུས་ངག་རང་སོ་ལ། །ཡིད་ཕྱུང་ཆ་རྣམས་ཕྱིར་མ་ཤོར། ། དབང་པོའི་ཡུལ་རྣམས་དྲུག་ལ་ཡང་། །ཤེས་བཞིན་སྤྱོད་པའི་ཡིད་མ་འགྱུས། །རང་ སྣང་མི་རྟོག་ཆེན་པོ་ལ། །གསལ་ལ་རྟོག་མེད་ཉམས་སྐྱེས་པའོ། །ཐོག་བབས་ཆེན་ པོའི་ཏིང་འཛིན་ལ། །ལུས་ནི་ཐ་མལ་ལྟ་བུ་ལས། །ངག་ནི་སྨྲ་བརྗོད་ཚིག་དང་བྲལ། ། སེམས་ནི་དམ་དུ་མ་བཅིངས་པའི། །རང་ཤར་ངང་ལ་མ་ཡེངས་པའོ། །སྣང་བ་ | ||
<span | [p. 216] རིམ་ཁང་བཅུ་དགུ་པ་ཡང་རབ་རྟོགས་པས་གྲོལ་བའི་མན་ངག་གི་ཆིངས་བསྟན་པ། རྒྱས་འདེབས་ཏིང་འཛིན་ནི། །ལུས་དང་ཡུལ་དང་རིག་པ་ཡིས། །རང་སྣང་དག་ པའི་ཚད་རྣམས་བཟུང་། །ཞེས་སོ། །གསུམ་པ་དགོངས་པ་བློ་འདས་སུ་བསྐྱང་བ་ ལ་བཞི་སྟེ། རི་བོ་ཅོག་གཞག་གི་ལྟ་བ། རྒྱ་མཚོ་ཅོག་གཞག་གི་དགོངས་པ། རིག་ པ་ཅོག་གཞག་གི་མན་ངག །སྣང་བ་ཅོག་གཞག་གི་ཐབས་སོ། །དང་པོ་ནི། རིག་པ་ རང་གསལ་འདི་ངོས་བཟུང་ནས་གང་ཤར་ཡང་ལྟ་བ་རི་རྒྱལ་ལྟར་འཕོ་འགྱུར་མེད་ པའི་ངང་དུ་འཇོག་པ་སྟེ། ཡི་གེ་མེད་པ་ལས། རི་བོ་ཅོག་གཞག་ལྟ་བ་གསང་བ་ ཉིད། །ཐེ་ཚོམ་མ་ཡིན་འགྱུར་བ་ངང་གིས་མེད། །ཅེས་སོ། །གཉིས་པ་ནི། ལུས་ སྐྱིལ་ཀྲུང་ལ། མིག་ཧ་རེ་བར་སྣང་ལ་གཏད་དེ། ཤེས་པ་དང་སངས་ཕྱེད་པ་རྒྱ་ མཚོ་རླབས་ཀྱིས་མ་བསྐྱོད་པ་ལྟ་བུའི་ངང་ལ་གསལ་སང་ངེ་བཞག་པ་ནི། དེ་ཉིད་ ལས། རྒྱ་མཚོ་ཅོག་གཞག་དག་གི་དགོངས་པ་ནི། །སྣང་བ་མ་ཡིན་སྣང་བར་བྱེད་ པ་མིན། །སྟོང་པ་མ་ཡིན་སྟོང་པར་ཡོད་མ་ཡིན། །གསལ་བ་མ་ཡིན་གསལ་བ་ཆེན་ པོའི་ཡུལ། །བྱིང་བ་མ་ཡིན་རྒོད་པ་ངང་གིས་མེད། །མ་གཡོས་མི་གཡོ་གཡོ་བར་ མི་འགྱུར་ཏེ། །མ་བསྐྱོད་མི་བསྐྱོད་བསྐྱོད་པ་ཀུན་ལས་འདས། །བྱས་པས་མ་བྱུང་ བཞག་ཐབས་ཆེན་པོ་ལྟོས། །སྤྲོས་བསྡུ་མ་བྱེད་ཅོག་གཞག་གཅིག་གི་ངང་། ། གནས་པ་མ་ཡིན་དེ་ལས་འདའ་བ་མེད། །གསང་བའི་ཡེ་ཤེས་རྒྱ་མཚོ་ལྟ་བུ་ལ། ། ཡེ་ནས་ལྷུན་འབྱམས་མ་བསྐྱོད་དབྱིངས་སུ་ཞོག ། གཏིང་དཔག་དཀའ་བའི་རྒྱ་མཚོ་ཆེན་པོ་ནས། །ནུབ་པ་མེད་པའི་རྒྱལ་མཚན་རྩེ་མོ་ ལྟོས། །སྟོང་པའི་སེམས་མེད་མ་བཅོས་ཆེན་པོའི་སྐུ། །བྱས་པ་མེད་པས་བྱེད་པ་ ཀུན་ལས་རྒྱལ། །ཡེ་ནས་མ་བྱུང་མ་བཅོས་ཅོག་གཞག་ཉིད། །སྣང་བས་མ་བསྒྱུར་ བློ་ཡིས་མ་བཅོས་པ། །ཆོས་ཉིད་མཁའ་ལ་གནས་ན་དགོངས་པར་བསྟན། །ཆོས་ | ||
<span | [p. 217] ཐེག་མཆོག་རིན་པོ་ཆེའི་མཛོད། སྐུའི་ཡེ་ཤེས་བསམ་པ་རབ་སྤངས་པས། །འགྱུ་བྱེད་མེད་ན་བསྒོམ་པའི་དགོངས་པ་ ཡིན། །སྣང་ཡུལ་དམིགས་པའི་ཕྱོགས་དག་མི་འཛིན་ན། །རྒྱ་མཚོའི་གཏིང་དུ་ གཟའ་སྐར་ཤར་བ་བཞིན། །ཡུལ་ལ་འཛིན་མེད་གསལ་ཆ་མ་འགགས་པས། ། རང་བྱུང་དགོངས་པའི་འདུག་ཚུལ་དེ་བཞིན་ནོ། །ཞེས་སོ། །གསུམ་པ་ནི། རིག་པ་ གསལ་སྟོང་གི་ཡེ་ཤེས་རྗེན་པར་བུད་པ་དེ་ཕྱ་ར་ར་རང་གསལ་དུ་ངོས་བཟུང་བས་ ཏིང་ངེ་འཛིན་སེམས་ཆགས་ཀྱི་གོལ་ས་གཅོད་ཅིང་ཟང་ཐལ་རྗེན་པའི་ཆོས་སྐུ་ཁོང་ ནས་འཆར་ཏེ། སེང་གེ་རྩལ་རྫོགས་ལས། རང་རིག་དུ་མའི་ཡུལ་ལ་ཕར་བལྟས་ པས། །ཆོས་སྐུ་རྟོག་མེད་ཆེན་པོ་ནང་དུ་རྙེད། །ཅེས་སོ། །བཞི་པ་ནི། ཕྱི་ཡུལ་ལྔར་ སྣང་བ་ལ་ཆེ་རེ་བལྟས་དུས་ནང་རང་གསལ་རྗེན་པ་སངས་སེ་ཁོང་ནས་འཆར་བའི་ ངང་དུ་འཇོག་པ་སྟེ། དེ་ཉིད་ལས། རིག་གསལ་ཆོས་ཉིད་ཡུལ་ལ་ཕར་བལྟས་པས། ། སྣ་ཚོགས་བྲལ་བའི་རིག་པ་ནང་དུ་མཐོང་། །ཞེས་པ་དང་། ཡི་གེ་མེད་པ་ལས། སྣང་བ་ཅེར་གཞག་རིག་པའི་ཐབས་ཆེན་ནི། །སྣང་བ་ཆེན་པོ་ཀུན་གྱི་གཞི་མ་ཡིན། ། འབྱུང་བ་ལྔ་ཡི་སངས་རྒྱས་ལམ་ལྟར་སྣང་། །ཆེན་པོ་ལྔ་ཉིད་མ་ཡི་སྣང་བར་གསལ། ། མ་ཡེངས་ངང་དུ་འཛིན་མེད་ཆེན་པོར་ཞོག །ཅེས་སོ། །གསུམ་པ་གནད་གསུམ་ ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་ཀློང་གསལ་ཆེན་པོར་བཞག་པ་ལ་གསུམ་སྟེ། ཆོས་ཉིད་འབད་རྩོལ་དང་བྲལ་བའི་གནད་ཀྱིས་སེམས་ཉིད་བྱ་བྲལ་དུ་གཞག་པའི་ གདམས་ངག ཆོས་ཉིད་རང་ཐོག་ཏུ་སྤྲད་པའི་གནད་ཀྱིས་རྣམ་རྟོག་ཡེ་ཤེས་སུ་ འཆར་བའི་མན་ངག ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་སྣང་བ་ལ་ དགག་སྒྲུབ་མེད་པའི་གདམས་ངག་གོ །དང་པོ་ནི། གཤིས་བྱ་བ་དང་བྲལ་བ་དེ་ བྱས་པས་མི་རྟོགས་མ་བྱས་བཞག་ན་རྟོགས་པས་སྒོ་གསུམ་རང་བབས་ཕྱལ་བར་ | ||
<span | [p. 218] ། རིམ་ཁང་བཅུ་དགུ་པ་ཡང་རབ་རྟོགས་པས་གྲོལ་བའི་མན་ངག་གི་ཆིངས་བསྟན་པ། གཞག་པ་ནི། ཐལ་འགྱུར་ལས། གཞན་ཡང་བྱ་བྲལ་ཆོས་ཉིད་ནི། །བྱ་བ་མེད་པས་ གྲོལ་བར་གྲོལ། །ཅེས་པ་དང་། ཁྱུང་ཆེན་མཁའ་ལྡིང་ལས། དེ་ཕྱིར་འཁོར་འདས་ བྱ་བྱེད་ཉིད་བྲལ་ནི། །རྫོགས་ཆེན་ཉིད་ལས་གཞན་པ་ཅི་བྱར་ཡོད། །ཅེས་པ་ དང་། དམིགས་དྲུག་ལས། བྱ་བ་དང་བྲལ་བས་གཞི་གཞག་གོ་ཞེས་སོ། །གཉིས་ པ་ནི། སྣང་བ་སེམས་ཀྱི་རོལ་པར་ངོ་སྤྲད། རོལ་པ་གཞི་མེད་གསལ་སྣང་དུ་ངོ་སྤྲད། གསལ་སྣང་བཟུང་ན་འཁྲུལ་པར་ངོ་སྤྲད། མ་བཟུང་རང་གསལ་མེད་སྣང་དུ་ངོ་ སྤྲད་པས་ཕྱི་ཡུལ་སྣང་སེམས་དང་གཞན་དུ་མ་གྲུབ་པར་ཐག་ཆོད་པས་འཁོར་བར་ སྐྱེ་བའི་ཡུལ་སྟོངས་པའོ། ། ཡང་སྣང་འཛིན་སེམས་དེ་གཞི་མེད་དུ་ངོ་སྤྲད། གཞི་མེད་སྟོང་པའི་རང་འགྲོས་སུ་ ངོ་སྤྲད། རང་འགྲོས་རྗེས་མེད་ཡེ་སངས་སུ་ངོ་སྤྲད་པས། འཁོར་མཁན་རང་སེམས་ གཞི་མེད་དུ་སངས་ནས་ཁམས་གསུམ་མིང་མེད་ཆོས་ཉིད་དུ་ལ་ཟློས་པ་སྟེ། རྩལ་ རྫོགས་ལས། འདུ་ཤེས་ཡུལ་དུ་མེད་པ་ཆོས་ཉིད་ཞི་བའི་ངང་། །སྣང་བ་རང་ལ་ ཡས་པའི་རང་སྣང་དངོས་མེད་ཉིད། །སྣང་བའི་སེམས་བྲལ་ཆོས་ཉིད་རང་གི་དོན། ། སྤྲོ་བསྡུ་མ་བྱེད་རང་གི་ཡུལ་ལ་ལྟོས། །ཞེས་སོ། །འདིར་ཁ་ཅིག་སྣང་བ་སེམས་སུ་ ངོ་སྤྲད། སེམས་སྟོང་པར་ངོ་སྤྲོད་ཅིང་། ངོ་སྤྲོད་སྤྲས་པ་ལས། ཨེ་མ་ཧོ་སྣང་བ་ སེམས་སུ་ངོ་སྤྲད་པས་སེམས་ལ་བྱན་ཚུད། སེམས་ཉིད་སྟོང་པར་ངོ་སྤྲད་པས་སྟོང་ པ་བདེ་བའི་རྒྱས་གདབ། སྟོང་པ་རིག་པར་ངོ་སྤྲད་པས། རིག་པ་ཉིད་དབྱིངས་དང་ གཉིས་སུ་མེད་པ་དེ་ཁོ་ན་ཆོས་སྐུའོ་ཞེས་པའི་ཚིག་ལ་དོན་རང་མཚན་དུ་ཞེན་པར་ སྣང་སྟེ། འདི་ལ་དགོངས་གཞི། དགོས་ཆེད། དངོས་ལ་གནོད་བྱེད་ཀྱི་ཚད་མ་དང་ གསུམ་ཡོད་པས་སྙིང་ཏིག་གི་དགོངས་པའི་ཕྱོགས་ལ་མི་ཉེ་བ་ཡིན་ནོ། །དགོངས་ | ||
<span | [p. 219] ། ཐེག་མཆོག་རིན་པོ་ཆེའི་མཛོད། གཞི་ནི། ཕྱི་ཡུལ་ལ་དོན་གཞན་དུ་བདེན་པར་འཛིན་པ་རྣམས་དྲང་བའི་ཕྱིར་དེ་ སྐད་གསུངས་ཏེ། རང་ཤར་ལས། ལ་ལར་སྣང་བ་སེམས་སུ་བསྟན། །ཅེས་སོ། ། དེའང་སྣང་བ་གཞན་དུ་མེད་སེམས་འཁྲུལ་པ་ལ་སྣང་བ་ཡིན་པ་ཙམ་ནས་བཏགས་ སོ༑ ༑དགོས་ཆེད་ནི་ཕྱི་དོན་དུ་ཞེན་པ་སྤང་བ་ཙམ་མོ། །དངོས་ལ་གནོད་བྱེད་ནི། སྣང་བ་སེམས་ཡིན་ན་སེམས་ལ་ཁ་དོག་དང་དབྱིབས་ལ་སོགས་པར་མིག་སོགས་ དབང་པོས་ངེས་པར་ཐལ་ཏེ་སྣང་བ་ལ་གཟུགས་སོགས་དབྱིབས་དང་ཁ་དོག་ཏུ་ ངེས་པའི་ཕྱིར་དང་། སྣང་བ་སེམས། སེམས་སྟོང་པ། སྟོང་པ་རིག་པ་ཡིན་ན་དེ་ གསུམ་ཕན་ཚུན་འཆོལ་བས། རིག་པ་འཁྲུལ་པར་ཐལ་བ་དང་། སྣང་བ་མིག་ལ་ སོགས་པས་མི་མཐོང་བར་ཐལ་བ་དང་། སེམས་མ་འཁྲུལ་བར་ཐལ་བ་སྟེ། དེ་ གསུམ་ངོ་བོ་རྫས་གཅིག་ཡིན་པའི་ཕྱིར་རོ། །འདིའི་ཁྱད་སྔར་ཞིབ་ཏུ་བཤད་ལ། སྣང་བ་སེམས་ཀྱི་རྣལ་འབྱོར་དུ་བྱེད་པ་མི་གྲོལ་བར། རང་ཤར་ལས། སྣང་བ་ སེམས་ཀྱི་རྣལ་འབྱོར་ནི། །ཐམས་ཅད་ང་ཡི་སེམས་ལས་བྱུང་། །སེམས་ཉིད་ རྟོགས་ན་ཅི་བྱར་ཡོད། །དེ་སྐད་ཀུན་ཏུ་རྗོད་བྱེད་པ། །ང་ཡིས་གྲོལ་བར་མ་བཤད་ དོ༑ ༑ཞེས་པའི་ལུང་གིས་ཀྱང་གནོད་ལ། སེམས་མེད་པར་རྟོགས་དུས་སྣང་བ་ མེད་པར་ཐལ་ལ། སེམས་འགགས་དུས་སྣང་བ་དུས་དེར་འགག་པར་ཐལ་བ་ལས། སེམས་མེད་པའི་སྐབས་སུ་སྣང་བ་འདུག་པས་ཀྱང་གནོད་དོ། །སེམས་མེད་པའི་ གནས་སྐབས་ལྔ་ཡོད་དེ། དབུས་མཐའ་ལས། སེམས་མེད་གཉིད་དང་བརྒྱལ་བ་ དང་། །སྙོམས་པར་འཇུག་པ་རྣམ་གཉིས་དང་། །རྟག་ཏུ་འདུ་ཤེས་མེད་པའོ། ། ཞེས་སོ། །མདོར་བསྡུ་ན། སྣང་བ་སེམས་སུ་འདོད་པ་འདི་ལོག་རྟོག་གི་མུན་པ་ ཆེན་པོ་ཡིན་པས་བསལ་དགོས་སོ། །གསུམ་པ་ཆོས་ཉིད་རང་ས་ནས་གྲོལ་བའི་ | ||
<span | [p. 220] ། རིམ་ཁང་བཅུ་དགུ་པ་ཡང་རབ་རྟོགས་པས་གྲོལ་བའི་མན་ངག་གི་ཆིངས་བསྟན་པ། གནད་ཀྱིས་སྣང་བ་ལ་དགག་སྒྲུབ་མེད་པའི་གདམས་ངག་ནི། ཕྱི་ཡུལ་ལྔ་མེད་སྣང་ སྟོང་པ་རང་དག་ཆུའི་ཟླ་བ་འདྲ་བས་སྦྱང་མི་དགོས། ནང་ཡིད་ཀྱི་དྲན་རྟོག་རང་ ཡལ་རྗེས་མེད་ཡིན་པས་འབད་རྩོལ་གཉེན་པོས་འཇིག་མི་དགོས། སྣང་སེམས་ཡེ་ གྲོལ་ལྷུག་པ་ལ་སྤང་བླང་གི་སྒྲོ་མི་འདོགས། རིག་པ་ཟང་ཀ་གཅེར་བུ་ལ་སྤྲོས་པའི་ གོས་མི་བསྐོན་པར་ཤིགས་སེ་བུན་ནེ་ཁྲེས་སེ་རྗེས་མེད་མཉམ་པ་ཆེན་པོར་ཁོང་ གློད་ནས། སྒོ་ལྔ་རང་བྱུང་ཡེ་གདངས་སུ་འཁྲོལ་དུ་འཇུག་པ་སྟེ། དེའང་ནང་རང་ གསལ་གྱི་ངོ་བོ་རིག་པ་རྗེན་ལ་བུད་ནས། དེའི་ངང་ནས་དྲན་བསམ་བཟང་ངན་ཅི་ ཤར་ཡང་རིས་མེད་རང་བྱུང་ཡེ་ཤེས་ཀྱི་རང་གདངས་སུ་ཤེས་པས་རྗེས་མི་བསྙེག་ པར། སྣང་སེམས་ཁྲལ་མ་ཁྲོལ། སང་མ་སེང་། འལ་མ་འོལ་གྱི་ཡོ་ལང་དུ་རྒྱ་ཕྱམ་ ལ་བཏང་ན་ཀུན་ཏུ་བཟང་པོའི་དགོངས་པ་ཀློང་དུ་རང་ཤར་བ་སྟེ། ཀློང་དྲུག་པ་ ལས། སེམས་ཅན་ཀུན་གྱི་རང་སྣང་ཆེ། །གཞན་ནས་བཙལ་བའི་གནས་མེད་དོ། ། རང་གི་མཐུ་ཡིས་རང་རིག་པས། །སྟོང་གསུམ་འཇིག་རྟེན་གང་ནས་ཀྱང་། །དེ་ཉིད་ བཙལ་ཀྱང་རྙེད་གནས་མེད། །འཇིག་རྟེན་ཀུན་གྱི་སྤྱོད་ཡུལ་ནི། །དེ་ཉིད་སྣང་བའི་ རང་བཞིན་ལ། །སུས་ཀྱང་མཐོང་བ་མེད་པ་ཡི། །སྣང་བ་རང་རིག་བདེ་བའི་ཞིང་། ། འདི་ལ་གོམས་པའི་རྣལ་འབྱོར་པས། །ཀུན་ཏུ་བཟང་པོ་ང་ཡི་སྐུ། །སྐལ་དང་ལྡན་ པ་འདི་ཡིས་མཐོང་། །ཞེས་པ་དང་། ཡང་། ཡུལ་ལ་རྐྱེན་རྟོག་རང་ཤར་ཚེ། །འདི་ ཀུན་རང་བཞིན་མེད་ཤེས་ན། །སྣང་བ་ཐམས་ཅད་སྒྱུ་མའམ། །རྨི་ལམ་དང་ནི་ གཟུགས་བརྙན་ལྟར། །མི་རྟོག་གཟུགས་བརྙན་ཆེན་པོའི་ཉམས། ། སུ་ཡི་རྒྱུད་ལ་ཤར་བ་དེ། ། | ||

= single volume MW2PD19906 = | = single volume MW2PD19906 = | ||

OCR of the BDRC scans (I2PD19908), gorn05 tibocr 2026: BDRC OCR on 94 pages, Mitra OCR on 434 pages (the model with more recognisable syllables on each page)

OCR of the BDRC scans (I2PD19908), gorn05 tibocr 2026: BDRC OCR on 94 pages, Mitra OCR on 434 pages (the model with more recognisable syllables on each page).

<div style="font-family:sans-serif;font-size: |
Volume I2PD19908

<span | [p. 373] དེ་ལྟར་ལམ་དངོས་བསྟན་ནས། ད་ནི་ལམ་གྱི་ཁྱད་པར་དབང་པོ་ཡང་རབ་རྣམས་མ་ བསྒོམས་པར་གྲོལ་བའི་ཐབས་མཆོག་ཏུ་གསང་བ་ཁྲེགས་ཆོད་ཀྱི་མན་ངག་གཏན་ལ་དབབ་པ་ལ་གསུམ་སྟེ། ངོ་རང་ཐོག་ཏུ་དབབ་པས་ལ་ཟླ། ཐག་ཚིག་ཐོག་ཏུ་བཅད་པས་ཆིངས་བསྡམ། གདིང་གྲོལ་ཐོག་ཏུ་བཅད་པས་འཕྲང་བསལ་བའོ།། དང་པོ་ལ་གསུམ་སྟེ། རང་བཞིན་རྫོགས་པ་ཆེན་པོ་སྣང་བླང་བྱ་རྩལ་ལས་འདས་པའི་བཤིས་ནམ་མཁའ་ལྟ་བུར་གཏན་ལ་དབབ་པ། ཆོས་ཟང་བློ་འདས་ཀྱི་དགོངས་པ་ཟང་ཐལ་རྗེན་པའི་ཡེ་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ། ལྷུན་མཉམ་ འདས་པ་ཆེན་པོའི་ཀློང་དུ་ཐམས་ཅད་ཡེ་ནས་འདས་ཟིན་པས་བཅིངས་གྲོལ་སྤང་བླང་མེད་པའི་ངང་དུ་འཁོར་འདས་མིང་མེད་ཆེན་པོ་རེ་ལ་ཟླ་བའོ། །དང་པོ་ལ་གསུམ་སྟེ། རང་བཞིན་རྫོགས་པ་ཆེན་པོ་བྱར་མེད་ནམ་མཁའ་ལྟ་བུའི་དོན་སྤྱིར་བསྟན་ | ||
<span | [p. 374] བ། འཆིང་གྲོལ་གཉིས་སུ་མེད་པའི་རང་སེམས་སྟོང་པ་རྩ་བྲལ་ཆེན་པོར་ཐག་བཅད་པ། ཡུལ་སྣང་བློའི་མེ་ལོང་ཚོགས་དྲུག་མཉམ་པ་ཆེན་པོར་ཁྱབ་བརྡལ་བའོ། དང་པོ་ནི་ཕྱི་སྣང་བ་ནང་རིག་པ་བར་གཟུང་འཛིན་སྣང་རྟགས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ ཐམས་ཅད་ཡེ་སྟོང་ཡོངས་སྟོང་ཆེན་པོ། སྣང་སྟོང་བློས་སྟོང་ཆེན་པོ། དག་སྟོང་གྲོལ་སྟོང་ཆེན་པོ། ཡོད་མ་མྱོང་མེད་མ་མྱོང་། བདེན་མ་མྱོང་། བརྫུན་མ་མྱོང་། འཁྲུལ་མ་མྱོང་གྲོལ་མ་མྱོང་། འཁོར་མ་མྱོང་། འདས་མ་མྱོང་། ཡིན་མ་མྱོང་མིན་མ་མྱོང་། སྣང་མ་ མྱོང་སྟོང་མ་མྱོང་། ཐམས་ཅད་མཉམ་བརྡལ། ཁྱབ་པ་ཕྱམ་བརྡལ། ཡིན་མིན་ཕྱོགས་བརྡལ། ཡོད་མེད་སྣང་བརྡལ། མི་གཡོ་མཉམ་བརྡལ། ལྷུན་མཉམ་ཡེ་བརྡལ། ངང་མཉམ་བཞི་བརྡལ། ཡངས་པ། ཕྱམ་གསངས་པ། གྲོལ་བ་ཟད་པ། སྟངས་ པ། ཕྱམ་ཕྱལ་ཧར་སངས། ཁྱབ་བརྡལ་ཡིར་སངས། ལྷུན་མཉམ་དབྱིངས་སངས། དག་བརྡལ་མཉམ་སངས་མི་གཡོ། མི་འབུལ། མི་གནས། མི་ལེན། མི་འགྲོ། མི་འོང་། མི་བསམ། མི་རྟོག། མི་དམིགས། མི་མཉམ། མི་འགྱུར་བ་སྟེ། སྔར་འཁྲུལ་ མ་མྱོང་། ད་ལྟ་འཁྲུལ་པ་ལ་མི་གནས། མཐར་འཁྲུལ་མི་སྲིད། སྔར་གྲོལ་མ་མྱོང་། ད་ལྟ་གྲོལ་བར་མི་འཇུག །མཐར་གྲོལ་མི་སྲིད། སྔར་འདས་པ་མེད། ད་ལྟ་གནས་པ་མེད། མ་འོངས་པ་འབྱུང་དུ་མེད། རིས་མེད་ཕྱམ་སངས་སྟོང་པ། ངན་ ལུགས་ཀྱི་གཞི་མེད། ཡིན་ལུགས་ཀྱི་ལམ་མེད། གྲོལ་ལུགས་ཀྱི་འབྲས་བུ་མེད། ལྟ་བསྒོམ་གྱི་མིང་མེད། ཕྱོགས་རིས་ཀྱི་ཆོས་མེད། ཡོད་མེད་ཀྱི་མཐའ་མེད། ནམ་མཁའི་དབྱིངས་མེད་པ། བྱ་རྩལ་ལས་འདས་པའི་ཡེ་སངས། ལྟ་བསྒོམ་ལས་འདས་ པའི་ཡང་སངས། དམིགས་བསམ་ལས་འདས་པའི་གྲོལ་སངས། ཕྱོགས་འབྱམ་མིང་མེད་སངས་པར་ལ་ཟླ་བ། ལྟར་མེད་ལྟས་པ་མེད། ལྟ་བྱེད་མེད། ལྟས་པས་མི་མཐོང་། བསྒོམ་དུ་མེད། བསྒོམས་པ་མེད། བསྒོམ་པ་ལས་འདས། བསྒོམས་ཀྱང་ ༄༅། །མི་གྲོལ། སྤྱད་དུ་མེད། སྤྱོད་པ་མེད། སྤྱད་མི་དགོས། སྤྱད་ཀྱང་ངལ་བ་དོན་མེད། བསྒྲུབ་མི་དགོས། གྲུབ་ཟིན། བསྒྲུབ་ཏུ་མེད། བསྒྲུབས་ཀྱང་མི་འགྲུབ། བསྒྲུབས་པ་ལ་དགོས་པ་མེད། བྱ་བ་མེད། བྱེད་པ་མེད། བྱས་ཟིན། བྱ་བ་ ལས་འདས། བྱས་ཀྱང་ཚེ་ཆང་། བྱ་མི་དགོས། ཆོས་ལ་བྱར་མེད། བྱས་པས་ཆོས་མ་ཡིན། མི་བྱ་བ་བསྒྲུབ་ཏུ་མེད། འཁོར་བ་མི་སྤོང་། འདས་པ་མི་ལེན། བསྒྲུབ་པ་ཕྱོགས་བཞག། ཡེ་མཉམ་ཕྱམ་བརྡལ། གཉུག་མ་མིང་མེད། གང་སྣང་ས་ནས་གཞི་ མེད་ཡེ་སངས་སུ་འདུག་པས་འཆིང་གྲོལ་འབད་རྩོལ་རང་ཞིག། གང་ཤར་ས་ནས་ཡེ་དག་རང་སྟོང་བརྡོལ་པས་ཕྱམ་བཞག་རིས་མེད་ཕྱལ་པ། གང་སངས་ས་ནས་རྗེས་མེད་རང་དག་ཡེ་སྟོང་དུ་འདུག་པས་ཕྱམ་མཉམ་པར་མེད་ཕྱལ་པར་འབད་རྩོལ་ ཞིག་པའི་རང་སེམས་བྱ་བ་མེད་པར་ཁོང་ངལ་བས། རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་སུ་ཆོས་ཐམས་ཅད་ཡེ་ནས་རང་ཤར་རོ་ཞེས་རང་གིས་རྟོགས་པའི་དོན་ལུང་རང་སྦྱར་བ་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། རང་བཞིན་རྫོགས་པ་ཆེན་ པོ་ཡི། །དོན་ཀུན་བློ་ཡི་དཀྱིལ་དུ་ཚུད། །མི་སྣང་ཡུལ་མེད་རྟོག་པ་ཡང་། །མ་བཅད་རང་ས་ཉིད་དུ་ཆོད། །འཁྲུལ་མ་མྱོང་པའི་མ་རིག་བརྩད། །མ་བརྟགས་ཡེ་ནས་ཆོད་ནས་འདུག། གོད་དུ་འདི་ཀུན་སུས་མ་ཚོར། །རགས་པའི་འཁྱུད་པ་འདི་ཀུན་ ཡང་། །ཐོག་མ་ཉིད་ནས་རང་དངོས་པར། །འགྲོ་བའི་གནས་མེད་རང་སོང་པས། རང་ལུས་ཡེ་ནས་མེད་པར་ནི། །སྔ་ཕྱི་མེད་པར་འདིར་ཡང་རིག། འདི་ཀུན་དུས་མེད་ཡང་དུས་པས། །གཅིག་དང་གཉིས་དང་དྲུག་གསུམ་གྱིས། །སྣང་མེད་ སྣང་དང་ཡང་ཕྱེད་སྣང་། །མི་སྣང་མཛད་པའི་རང་སྒྲར་ཡང་། །ས་འཛིན་ས་ལས་འདས་པར་ནི། །ཡེ་ནས་འདུག་པ་སུས་མ་ཚོར། །བསྒྲོད་དུ་ཡེ་ནས་མེད་པ་ཡི། །ལམ་འདི་ཡེ་ནས་ཉེ་བར་ནི། །འདི་ཡང་རང་ལས་ཡེ་འདུག་པ། །སྔར་མ་མཐོ་ | ||
<span | [p. 375] སྟེ་རང་རིག་བརྟུལ། །མི་གནས་བསམ་གཏན་དགོངས་པ་ནི། །བསྒོམས་པ་མེད་པར་ཡེ་འདུག་པ། །འདི་ཡང་གང་གིས་སྔར་མ་རིག །བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ཉིད་ལ། །ང་རི་ཀུན་རང་གིས་རང་སྣང་བར། ། ཡེ་ནས་སྣང་པ་སྔར་མ་རིག །བདག་རྟོག་བཅིངས་པའི་ཉོན་མོངས་ལྔ། །ཡེ་ནས་རིག་པ་རང་ཤར་བར། །ལྷན་ཅིག་གནས་པ་ཞལ་མ་འཚོ། །ས་ཆུ་མེ་རླུང་འབྱུང་པ་བཞི། །ཡེ་ནས་རང་གི་ལུས་ཡིན་པར། །སུས་མ་མཐོང་པ་མིག་རེ་བརྟུལ། ། ཡང་གསང་འདུས་པའི་མན་ངག་བཅུད། །བར་འཚམས་མེད་པར་རང་གྲག་པ། །གང་གིས་འདི་ཉིད་མཐོས་པ། །རྣ་བའི་དབང་པོ་མེད་དམ་ཅི། །རང་གནས་དབྱིངས་དང་རིག་པའི་དྲི། །བྲལ་བའི་སྐབས་མེད་རང་འཁོར་བ། །ཚོར་ མ་མྱོང་པ་སྣ་འགགས་སམ། །བཅུད་གསུམ་མན་ངག་གཅིག་དྲིལ་རོ། །ཡེ་ནས་ལུས་སེམས་བཅུད་ཡིན་པ། །འདི་ཉིད་མ་མྱོང་ལྕེ་ཆད་དམ། །སྣང་བ་རང་དག་ཁ་དོག་རྒྱན། །རང་གི་ལུས་དང་འབྲལ་མེད་པར། །ལུས་དང་བྲིབ་མ་བཞིན་ དུ་ནི། །ཉིན་དང་མཚན་མོ་མེད་འདུག་པ། །ལུས་ཀྱང་མ་རེག་ལུས་བེམ་མམ། །སྡུག་བསྔལ་ཕྱལ་འདེབས་བདེ་བའི་ཆོས། །བརྗེད་པ་མེད་པར་རང་གནས་པ། །སུས་མ་ཤེས་པ་བློ་རེ་བརྟུལ། །འཁོར་བའི་བག་ཆགས་ཡང་བརྩེགས་པ། ། ཡེ་ནས་ཆོས་ཀྱི་སྐུར་འདུག་པ། །གང་གིས་མ་མཐོང་སྙིང་རྗེའི་གནས། །དབང་པོ་བདག་རྟོག་ཡུལ་ཤར་ནས། །དྲན་བསམ་འགྱུ་བ་སྣ་ཚོགས་རྣམས། །ཡེ་ནས་ལོངས་སྐུར་རང་ཤར་བ། །འདི་ཀུན་མ་དྲན་བརྗེད་རེངས། །བྱ་བྱེད་སྤྱོད་པ་རྩོལ་ བསྒྲུབ་དང་། །སྐྱེ་བོ་འདུས་པའི་ཅ་ཅོ་ཀུན། །ཡེ་ནས་སྤྲུལ་པའི་སྐུ་ཡིན་པར། །སུས་མ་ཤེས་པ་ཡོད་རེ་བརྟུལ། །ཇི་ལྟར་བསམས་དང་དྲན་འགྱུས་པ། །ཆུ་བོའི་རྒྱུན་བཞིན་བར་མེད་པར། །རྟག་ཏུ་རང་གི་ཡིད་འཕྲོག་པ། །རྩོལ་མེད་དང་ ༄༅། །བཞག་སྒོམ་པར་ནི། །ཉམས་སུ་མ་ཆུང་སེམས་རེ་ཡེངས། །སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང་། །གྲོང་ཁྱེར་རྒྱུན་གཅོད་ལྟ་བར་ནི། །ཡེ་ནས་བདུག་པ་མ་མཐོང་བ། །དབང་ པོ་རྣམས་ཀྱི་སྒོ་འགགས་སམ། །ཅེས་པ་དང་ཐལ་འགྱུར་ལས། སྣང་པ་འཁྲུལ་པའི་རང་བཞིན་འདི། །ཡེ་ཤེས་ཡིན་པར་སྔར་མ་མཐོང་། །རྟོག་བཅས་འཁྲུལ་བའི་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་པའི་རང་རྟོག་ རྒྱུན་ཆད་དོ། །དེ་ལྟར་འཁྲུལ་མེད་སྣང་བ་ནི། །ཡེ་ནས་གྲོལ་བའི་གནད་ལས་བྱུང་། །འགྲོ་བའི་ཕུང་པོ་སངས་རྒྱས་སྐུ། །ཡེ་ནས་ཡིན་པར་སུས་མ་རིག །ཕུང་པོ་སངས་རྒྱས་མངའ་བདག་ཏུ། །རྩ་གནས་ཡི་གེར་གྲུབ་ལས་བྱུང་། །ཆུ་བུར་ མིག་ལ་ཡེ་ཤེས་ནི། །རང་སྣང་ཡིན་པར་སུས་མ་མཐོང་། །ཅེས་པ་དང་། མུ་ཏིག་ཕྲེང་བ་ལས། རང་བཞིན་སྣང་བའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག །གཟུང་འཛིན་མེད་པས་འཁྲུལ་པ་ལོག །འགྱུ་བ་མེད་པས་ལས་རླུང་ལོག །ཟང་ཐལ་ ཡིན་པས་དངོས་པོ་ལོག །གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྟོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་བསྒོམ་པ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྤྲི་ཚིག་ མེད་པས་ཐ་སྙད་ལོག །ཡོད་མ་མྱོང་པས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློས་བརྟགས་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡིན་པས་ མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མཐུ་འཐད་པས་སྤྲུལ་སྐུར་བྱུང་། །རྟོགས་སུ་ཡོད་པས་ཐབས་སུ་བྱུང་། །བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། ། | ||
<span | [p. 376] ཅེས་པ་དང་། ཡང་། ས་དང་ཕྱོགས་དང་རིས་ལས་འདས། །ཡོད་དང་མེད་དང་ལྟར་སྣང་མེད། །སྐྲ་ཚད་རྣམས་ཀྱི་སྤྱོད་ཡུལ་མིན། །གཅིག་དང་གཉིས་དང་བསྒྲུབ་ཡུལ་མེད། །སྟོང་པ་ཆེན་པོར་བབས་ཀྱིས་གྲུབ། །ལུང་དང་རིགས་པའི་སྤྱོད་ཡུལ་མིན། །ཁྱུང་དང་ མན་ངག་གིས་མི་མཚོན། །ལྟ་དང་བསྒོམ་དང་སྤྱོད་པས་ནི། །དེ་ཡི་དོན་རྣམས་ཤེས་མི་འགྱུར། །དེ་དོན་འབྲས་བུར་གྲུབ་པ་མེད། །ཆོས་ཀྱིས་དེ་ཉིད་བསྒྲིབས་པར་འགྱུར། །བསམས་པས་འགྲུབ་པ་མ་ཡིན་ཏེ། །ཤེས་རབ་ཀྱིས་ཀྱང་དཔྱད་དུ་མེད། ། སྦྱིན་དང་ཚུལ་ཁྲིམས་བཟོད་པ་ཡིས། །དེ་ཉིད་གནོད་དང་ཕན་འབྲས་བྲལ། །ཐོས་དང་བསམ་དང་བསྒོམ་པས་ནི། །མཆོག་ཏུ་བརྟགས་ཀྱང་དེ་མི་མཐོང་། །དེ་ལ་དཀྱིལ་འཁོར་ཡོད་པ་མིན། །ལྟ་མེད་བསྐྱེད་པའི་ས་བོན་མེད། །སྔགས་དང་ཕྱག་རྒྱས་ཅི་ ཞིག་བྱ། །མཆོད་པ་ལ་མོ་ཉེས་སྤྲོ་མི་དགོས། །དབང་དང་དམ་ཚིག་ག་ལ་ཡོད། །བསྙེན་པ་དང་ནི་བསྒྲུབ་པ་མེད། །འཁོར་ལོ་སྤྲོ་བ་ཡོད་པ་མིན། །བསྲུང་བ་མེད་ཅིང་སྲུང་ཡུལ་མེད། །གདོན་དང་གནོད་པའི་ཡུལ་ལས་འདས། ཅེས་པ་དང་། རང་ཤར་ ལས། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་དང་བསྒོམ་དང་སྤྱོད་པ་མེད། །འོན་ཀྱང་ལེགས་བསྟན་ཡིད་ལ་ཟུང་། །བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །བྱ་བ་དང་ནི་བྱེད་པ་ག་ལ་ཡོད། །སྤྱོད་པ་ མེད་པའི་ཆོས་ཉིད་རང་བྱུང་འདི། །གང་གི་ཕྱོགས་སུ་མ་ལྷུང་ན་མི་མཁའ་བཞིན། །ཡོད་པ་མ་ཡིན་སྟོང་པ་གཅིག་པུ་ཉིད། །མེད་པ་མ་ཡིན་ཡང་དག་བདེ་བའི་སྐུ། །བྱས་པ་མ་ཡིན་རང་བྱུང་རྟོག་མེད་ཉིད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། ། བསྒོམ་པའི་ཆོས་ཉིད་ག་ལ་ཡོད། །བཏང་དང་བཞག་པ་མེད་པའི་ཆོས། །བསྒོམས་དང་མ་བསྒོམས་མཐའ་ལས་གྲོལ། །འཛིན་མེད་སེམས་ཀྱི་དྲི་མ་ཅི། །ཡང་དག་རིག་པ་དྲི་མ་མེད། །དྲི་མེད་དག་པའི་ཆོས་སྐུ་ལ། །བསྒོམ་དང་བསྒོམ་པར་བྱ་བ་མེད། ། ༄༅། །བསྒོམས་པས་ཡང་དག་ཉིད་མི་རྙེད། རྙེད་ན་རང་རིག་མེད་པར་འགྱུར། །ཅི་ཕྱིར་རང་རིག་ཡེ་ཤེས་ལ། །ཡེངས་དང་མ་ཡེངས་མེད་པའི་ཕྱིར། །གང་ལ་འཛིན་པ་ཡོད་པ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །ཅེས་པ་དང་། ཡང་ དེ་ཡང་ཆོས་རྣམས་འདི་ལྟ་སྟེ། །སྐྱེ་བ་མེད་པས་འགག་པ་མེད། །འཛིན་པ་མེད་པས་རང་སར་གྲོལ། །དམིགས་པ་མེད་པས་སྤྲོས་པ་མེད། །བྱས་པས་མ་བྱུང་ཀུན་ལ་ཡོད། །འདུས་མ་བྱས་པས་རྣམ་དག་དབྱིངས། །འཛིན་པའི་ཐ་སྙད་ཆོས་དང་བྲལ། ། རང་བཞིན་མེད་པས་བརྗོད་དང་བྲལ། །ཅེས་པ་དང་། ནོར་བུ་འཕྲ་བཀོད་ལས། ཧ་ཧ། ཆོས་མེད་པ་ལས་ཆོས་ཉིད་འབྱུང་། །ཡུལ་མེད་པ་ལས་ཡུལ་ལྟར་སྣང་། །ཆོས་མེད་ཤེས་རབ་ཁོད་གསལ་བས། །དྲན་མེད་ཡུལ་དུ་མེད་པའོ། །ཅེས་པ་དང་། སང་གི་རྩལ་རྫོགས་ལས། འཛིན་ཆགས་མེད་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་མཆོག །སོ་སོར་རྟོགས་དང་མཚན་མ་ཚིག་གི་ལམ། །བྱ་རྩལ་མེད་པའི་ཆོས་ཉིད་རང་སར་དག །འབུས་ཆུབ་ཏིང་ འཛིན་ཆོས་ཉིད་ཡུལ་ལ་འཇུག །དག་དང་མ་དག་ཐ་སྙད་ཆོས་སུ་མེད། །གཅིག་དང་གཉིས་ལས་འདས་པའི་ཡེ་གནས་དོན། །རང་ལུས་དང་དུ་ཐེག་ལེ་གཅིག་གིས་འུབ། །ཅེས་པ་དང་། ཀློང་དྲུག་པ་ལས། མཐའ་མེད་དབུས་སུ་དམིགས་ པ་མེད། །བསམ་པ་མེད་ཅིང་ཡུལ་རྣམས་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཆོས་མེད་བཏགས་པ་ཀུན་ལས་འདས། །དགྲ་མེད་བཤེས་ཀྱང་ཡོད་པ་མིན། །ལུས་མེད་དབང་པོར་སྣང་བ་མེད། །ཆོས་ནི་བསམས་པས་མི་སྣང་སྟེ། ། གང་མེད་གང་དུ་འཛིན་པ་མེད། །ང་མེད་ང་ཡི་འཁོར་ཀྱང་མེད། །དབྱིངས་མེད་རིག་པའི་སྐུ་ཡང་མེད། །དགེ་མེད་སྡིག་པའི་རྣམ་སྨིན་མེད། །སྲོག་མེད་བཅད་པའི་དམིགས་པ་མེད། །ཚོགས་མེད་བསག་པའི་ཡུལ་ཡང་མེད། །སངས་རྒྱས་ | ||
<span | [p. 377] མེད་ཅིང་སེམས་ཅན་མེད། །གནས་མེད་སྟོང་པ་ཉིད་ཀྱང་མེད། །ཅེས་པ་དང་། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། བྱང་ཆུབ་སྙིང་པོ་གོལ་སྒྲིབ་མེད་པ་ལ། །གོལ་དང་སྒྲིབ་པར་འཛིན་པ་ག་ལ་ཡོད། །གོལ་མེད་སྒྲིབ་པ་ཐམས་ཅད་ཡོངས་ཀྱིས་ མེད། །ཆོས་ཀྱི་སྐུ་ནི་སྤྲི་བ་དང་བྲལ་བ་ལ། །གོལ་སྒྲིབ་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཆོས་སྐུ་མ་སྐྱེས་རང་ལས་བྱུང་བ་ལ། །གཞན་ནས་འོད་དུ་རེ་བ་ཡོད་རེ་འཁྲུལ། །སྐྱེ་མེད་བྱས་མ་དང་བྲལ། །འི་རིག་པ་ལ། །ཚིག་དང་ཡི་གེར་བསྟན་པ་འོར་རྒྱལ་ ཅེས་པ་དང་། ཡི་གེ་མེད་པ་ལས། བྱས་པ་མ་ཡིན་བྱེད་མཁན་ག་ལ་ཡོད། །བཅོས་པ་མ་ཡིན་བཅོས་པའི་བདག་པོ་མེད། །ལྟ་བ་མ་ཡིན་ལྟ་བྱེད་ཆོས་དང་བྲལ། །མཐོང་པ་མ་ཡིན་མཐོང་བྱེད་རྣམ་པར་གསལ། །སྣང་བྱེད་མ་ཡིན་སྣང་བའི་ཕྱོགས་དང་ བྲལ། །བྲི་བ་མ་ཡིན་ཐོགས་མེད་ཕྱོགས་བཅུར་ཁྱབ། །རྩོལ་བ་མ་ཡིན་རྩོལ་བསྒྲུབ་ཆོས་དང་བྲལ། །གཅིག་བུ་མ་ཡིན་དུ་མའི་ཆོས་དང་བྲལ། །ཕྱི་དང་ནང་མེད་ཕྱི་ནང་མེད་པར་གསལ། །ཅེས་པ་དང་། ཐུན་མོང་གི་གསང་བ་སྒྱུ་འཕྲུལ་ལས་ཀྱང་། ཨེ་མ་ངོ་ མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། ། གནས་ཅི་ཉིད་ནས་གནས་པ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ནས་འགྲོ་འོང་མེད། ཅེས་པ་དང་། དཀོན་མཆོག་ཏ་ལ་ལའི་མདོ་ལས་ཀྱང་། །དེ་བཞིན་ གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པས་ན། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྦྱོང་། ཅེས་པ་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་ཀྱང་། ནམ་ཞིག་ ༄༅། །འཇིག་རྟེན་ཁམས་འདི་བྱུང་བ་དང་། །བྱུང་ནས་ཞིག་སྟེ་སྟོང་པར་གནས་པ་ན། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཅེས་པ་དང་། འཕགས་པ་དཀོན་མཆོག་ བརྩེགས་པའི་མདོ་ལས། མ་རིག་ནམ་མཁའ་ཇི་བཞིན་ཏེ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །རྟེན་མེད་གནས་མེད་ལེན་པ་མེད། །སྤྲུལ་འདྲར་ཡོངས་སུ་ཤེས་པར་གྱིས། །ཅེས་པ་དང་། གསང་འདུས་ལས། དངོས་པོ་འདི་རྣམས་མ་ སྐྱེས་པ། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུར་བདག་མེད་པའི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཅེས་རྒྱ་ཆེར་གསུངས་སོ། ༈ །གཉིས་པ་འཆིང་གྲོལ་གཉིས་སུ་མེད་པའི་རང་སེམས་སྟོང་པ་རྩ་བྲལ་ཆེན་པོར་ཐག་བཅད་ པ་ལ་གཉིས་ཏེ། བྱུང་གནས་འགྲོ་གསུམ་གྱིས་བརྟགས་པས་སྤྱིར་བསྟན་པ་དང་། གཅིག་དང་ཐ་དད་ལ་བརྟགས་པས་བྱེ་བྲག་ཏུ་ངེས་པར་བྱ་བའོ། །དང་པོ་ནི། བཤིས་མཐའ་གྲོལ་ནམ་མཁའ་ལྟ་བུ་ཡིན་མོད་ཀྱི། །རང་གིས་ནང་དུ་མ་བརྟགས་ཡིན་ སྙམ་ཡིད་དཔྱོད་ལ་ལུས་པས་སྟོང་བསྒོམ་མུན་རྡོ་ལྟར་སོང་ནས། ཟང་ཐལ་རྗེན་པར་མི་རྟོགས་པས་འཁོར་འདས་ཀྱི་ཤམ་ཐང་མི་ཕྱེད་པའི་ཕྱིར། རྟོགས་པ་ངེས་ཤེས་སུ་འཆར་བ་ལ་སོ་སོར་རྟོགས་པའི་ཤེས་རབ་དགོས་ཏེ། ཡི་གེ་མེད་པ་ལས། རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང་། ཆོས་ཀྱི་སྐུ་མན་ངག་ལ་ཐུག །ཅེས་གསུངས་པས། འདིར་བླ་མའི་མན་ངག་གིས་རྟོགས་པར་བྱ་བ་ལ་གསུམ་སྟེ། བྱུང་ས་བྱུང་མཁན་ལ་བརྟག་པ། གནས་ས་གནས་མཁན་ལ་བརྟག་པ། །འགྲོ་ས་འགྲོ་ མལ་ལ་བརྟག་པའོ། །དང་པོ་ལ་གཉིས་ལས། བྱུང་ས་ཕྱི་སྣ་ཚོགས་ཡུལ་དུ་སྣང་བ་དང་། ནང་ཕུང་པོ་གཟུགས་སུ་སྣང་བ་སྟེ། སེམས་དེ་གཉིས་གང་རུང་ལ་འཆར་དུས། ཕྱི་རུ་ཤར་ན་ཕྱིའི་ཡུལ། ནང་དུ་ཤར་ན་ནང་གི་ལུས། ཚལ་པ་ཚལ་པར་ | ||
<span | [p. 378] ཕྱི་ལ་རྡུལ་ཕྲན་མ་མེད་དུ་བརྟགས་པས། བྱུང་སེའི་སྣང་ཡུལ་མེད་པར་མཐོང་དུས་དེ་ལས་སེམས་ཁ་བྱུང་བར་ངོ་ཤེས་པས་གཟུང་བ་ཡུལ་དུ་འཛིན་པའི་རྟོག་པ་གཞི་མེད་རྩ་བྲལ་ཆེན་པོར་ཐག་ཆོད། བྱུང་མཁན་ཤ་རེ་ར་འོ་མ་ལའི་སེམས་དང་སེམས་བྱུང་བོར་སྲ་ ཁོ་རང་བྱུང་ན་སྐད་ཅིག་གི་ཤེས་པ་རྫས་གཉིས་སུ་འགྱུར་ལ། ཁོ་རང་ལས་གཞན་ལས་མ་བྱུང་བར་དཔྱད་ཟིན་པས། ད་བྱུང་ས་དེ་རང་བྱུང་དུ་བྱུང་ངམ་སྙམ་ན། ཁ་དོག་དང་། དབྱིབས་དང་། རྟགས་དང་། མཚན་མ་དང་། ཆེ་ཆུང་དང་། ཕྱོགས་ཆ་ ལ་སོགས་པ་ཅི་འདུག་བརྟགས་པས་གང་དུའང་མི་འདུག་སྟེ། བློས་བརྟགས་པ་ཙམ་གཞི་མེད་ཧར་སངས་ཡེ་དག་དུ་སོང་དུས། ནང་འཛིན་པའི་རྟོག་པ་གཞི་མ་དང་ནམ་མཁའ་ལྟ་བུར་རང་གིས་རྟོགས་པས། ཆོས་དང་ཆོས་ཉིད་དུ་སྣང་བའི་ གཟུང་འཛིན་ཐམས་ཅད་ཡུལ་མེད་རྟེན་བྲལ་ཆེན་པོར་དུས་དེའི་ཚེ་རྟོགས་པས། སེམས་དང་པོ་སྐྱེ་བ་མེད་པར་ཡེ་ནས་འདུག་པ་ལ་དེ་རིང་རྟོགས་པས་ཆོས་སྐུ་སྤྲོས་བྲལ་ཆེན་པོའི་དོན་ཁོང་དུ་ཆུད་པའོ།། །།གཉིས་པ་བར་དུ་གནས་ མ་དང་གནས་མཁན། གསུམ་པ་ཐ་མར་འགྲོས་དང་འགྲོ་མཁན་གཉིས་ཀྱང་དེ་ཁོ་ན་ལྟར་བཤིག་ནས་བརྟགས་པས། ལོངས་སྐུ་རང་གསལ་ཆེན་པོ་དང་། སྤྲུལ་སྐུ་རང་གྲོལ་རང་ཤར་གྱི་དགོངས་པ་ལ་རེག་སྟེ། ཕྱི་ནང་ཡུལ་མེད་རིག་པ་ རྟེན་མེད། གཟུང་འཛིན་གཞི་མེད། དགོངས་པ་བར་མེད་མཉམ་པའི་དོན་ཁོང་དུ་ཆུད་ནས། མ་བསྒོམས་ཆུ་བོ་རྒྱུན་གྱི་བསམ་གཏན་རང་སངས་མཉམ་པ་ཆེན་པོར་ཁོང་ནས་འཆར་བ་ནི། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང་ བར་དུ་གནས་ས་ཐ་མ་འགྲོ། །དེ་ལྟར་གསུམ་ལ་བརྟགས་དཔྱད་པས། སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། །ཅེས་སོ།། དེའི་ཚེ་ཕྱི་ཡུལ་དུ་སྣང་བ་ཐམས་ཅད་མེད་ལ་སྣང་བ་གཞི་མེད་སང་སེང་། ནང་སེམས་སུ་རྟོག་པ་ཐམས་ ཅད་ཤར་གྲོལ་རྗེས་མེད། སྣང་སེམས་འབྲེལ་མེད་ཟང་ཐལ་ཆེན་པོར་མཐོང་པས་ཆོས་ཟང་ཀྱི་དགོངས་པ་བློ་ཟད་ལ་ཤར་བ་ཞེས་བྱའོ།། འདི་དག་འཕགས་པ་དཀོན་མཆོག་བརྩེགས་པར་གསུངས་ཏེ། དོང་རླུངས་འདི་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་རྩོམ་པ། སེམས་དེ་ནི་ཕྱི་ན་ཡང་མི་དམིགས། ནང་ན་ཡང་མི་དམིགས། དེ་གཉིས་ཀའི་བར་ན་ཡང་སེང་ཅིང་མི་དམིགས་ཏེ། སྔོན་པོར་མ་ཡིན། སེར་བྲོ་མ་ཡིན་ཅེས་བྱ་བ་ལ་ སོགས་པ་རྒྱ་དེ་ལ་བརྩོན་འགྲུས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་སེམས་ཡོངས་སུ་ཚོལ་བའི་པ་རྩོན་འགྲུས་སོ།། ཅེས་པའི་བར་དུ་གསུངས་སོ།། གཉིས་པ་གཅིག་དང་ཐ་དད་ལ་བརྟག་པ་ནི། སེམས་ཀྱི་ཁང་བུ་བཤིག་པའི་མན་ངག་སྟེ། དེ་ཡང་སེམས་ཞེས་ བྱ་བ་འདི་ཡོད་ན་རྒྱུ་ཅི་ལས་བྱུང་བ་དང་། མེད་ན་འགྱུ་བ་དང་དྲན་ཤེས་ཀྱི་འཁོར་ལོ་འདི་ཅི་ཡིན་པ་དང་། དྲན་ཤེས་ཀྱི་རྣམ་པ་འདི་དག་རྐྱེན་གང་ལ་བརྟེན་ན་བྱུང་བ་དང་། རྐྱེན་མེད་ན་དྲན་ཤེས་གློ་བུར་བ་འདི་དག་མི་རིགས་པ་དང་། གལ་ཏེ་སེམས་འདི་ ལུས་དང་གཅིག་ཏུ་ཡོད་ན་ལུས་འཇིག་དུས་སེམས་ཀྱང་འཇིག་པར་འགྱུར་བ་དང་། མེད་ན་རྗེས་སུ་འགྲོ་ལྡོག་མ་ངེས་པས་ལུས་ཀྱི་ན་ཚ་སེམས་ཐོག་ཏུ་འོང་བ་དང་། སྐྱེ་བ་སྔ་ཕྱིའི་འཁོར་ལོ་འོང་བར་མི་རིགས་པ་དང་། སེམས་ཞེས་བྱ་བ་ འདིར་གཅིག་ན་ནི་འགྲོ་བ་གཅིག་གི་དབང་པོ་འགགས་པས་འགྲོ་བ་གཞན་ཡང་འཆི་བར་རིགས་པ་དང་། གཅིག་མིན་ན་འགྲོ་བའི་གཟུགས་ཐ་དད་པ་ལྟར་འགྲོ་བའི་སེམས་དངོས་པོ་ཐ་དད་པར་རིགས་པ་དང་ཐ་དད་ན་ལུས་གཅིག་པ་ནང་ ན་སྲིན་བུ་ལ་སོགས་པའི་སྲོག་ཆགས་དེ་ཀུན། སྐྱེས་བུ་གཅིག་ཚེའི་དུས་བྱས་དུས་འཚོ་བར་རིགས་པ་དང་། གལ་ཏེ་གཅིག་ཡིན་ན་ལུས་གཅིག་ལ་ཕྱི་ནང་གི་སེམས་ཅན་དཔག་ཏུ་མེད་པ་འོང་བ་འདི་ཅི་ཡིན་པ་དང་། གལ་ཏེ་སེམས་ | ||
<span | [p. 379] ལ་ལྡོག་ས་ཡོད་ན། དང་པོ་རྒྱུ་ཡོད་དགོས་པས། རྒྱུ་ཡོད་ན་འདུས་བྱས་མི་རྟག་པས་སླར་འཇིག་པས་ལས་ལ་བཟང་ངན་མེད་པར་རིགས་པ་དང་། ལྡོག་པ་མེད་ན་ནི་སེམས་ཅན་གྱི་ཕུང་པོ་དཔག་ཏུ་མེད་པ་འདི་དག་འོང་པར་མི་རིགས་པ་དང་ སེམས་དེ་སྣ་ཚོགས་པ་ཡིན་ན་ནི་འགྲོ་བ་ལ་རང་གཞན་གྱི་རྟོག་པ་ཐང་གཅིག་ཏུ་འོང་པར་མི་རིགས་པ་དང་། ཕན་ཚུན་འཆོལ་བས། རང་རྒྱལ་བ་དང་། མ་ཤི་བ་དང་། སྡུག་བསྔལ་མེད་པ་དང་། འཁོར་དང་ལོངས་སྤྱོད་ལ་སོགས་པ་ལྡན་ན་དགའ་ བ་དང་། གཞན་ཕམ་པ་ལ་སོགས་པ་ཀུན་འདུ་ཤེས་མཐུན་པར་འོང་བ་མི་རིགས་པ་དང་། གལ་ཏེ་ཐ་དད་པ་ཡིན་ན་ནི། འགྲོ་བ་མང་པོ་ཡོད་པས། འགའ་ཞིག་ལ་གཞན་དང་མཐུན་པར་རང་འཕམ་པར་དགའ་བ་ལ་སོགས་པ་འོང་པར་ རིགས་པ་དང་། གཅིག་ཁོ་ནར་སེམས་པ་ཡིན་ན་ནི་གཅིག་ཤི་བས་ཀུན་ཤི་བ་འམ། གཅིག་སྐྱེས་པས་ཀུན་སྐྱེ་བར་རིགས་པ་འམ། དེ་ལྟར་རྣམ་པ་དུ་མའི་སྒོ་ནས་རང་གི་སེམས་ལ་གཅིག་དང་ཐ་དད་ཀྱི་རྒལ་བས་བརྟགས་ཏེ་བཙལ་བས། གང་ ཡང་མ་རྙེད་པ་ནི་ཆོས་ཉིད་ཀ་ནས་དག་པའི་དོན་ཤེས་རབ་ཀྱི་དབང་པོས་རྟོགས་པ་ཏེ། སེམས་ལ་རྒྱུ་མེད་དེ་ལྡོག་མི་སྲིད་པས་ལས་ཀྱི་བསགས་པ་ལ་མཐའ་མེད་པར་ཡིད་ཆེས་པ་དང་། སེམས་ལ་རྒྱུ་ཡོད་ན་འབྲས་བུ་འོང་དགོས་ཏེ། འབྲས་བུ་འཁོར་བ་ ཡིན་ན་མ་དག་པས་གྲོལ་མི་སྲིད། འདྲ་བ་ཡིན་ན་འཁོར་བ་འོང་བར་མི་རིགས། གཉིས་ཀ་ཡིན་ན། འཁོར་འདས་ཐ་དད་པ་ལྟར་སེམས་ཀྱང་ཐ་དད་པར་འགྱུར་ལ། གལ་ཏེ་ཐ་དད་ན། ལུས་སེམས་ཐ་དད་པ་བཞིན་དུ་དྲན་པས་མ་གྱི་རིགས་གཅིག་ཏུ་ འདུ་བའི་འདོད་པའང་ཐ་དད་དུ་མར་འགྱུར་བ་ལས། རིགས་གཅིག་ཏུ་འདུ་བས་ཤེས་སོ། །ཡང་སེམས་ལ་རྒྱུ་མེད་ན་སེམས་འདི་དག་མི་རིགས་སོ་ཞེ་ན། འདི་དག་ནི་སེམས་ཀྱི་རྒྱུ་ལས་བྱུང་བ་མེད་དེ་བློ་མ་ཡིན་པས། སེམས་ལས་བྱུང་བ་མ་ ༄༅། །ཡིན་ན་སེམས་འདི་ཉིད་དུ་གནས་པ་ཙམ་ལ་མ་རྟོགས་པ་མེད་དེ། འདི་དག་ནི་སྐྱེ་བ་དང་། འཆི་བ་དང་། གནས་ཐ་ལ་སོགས་པ་ཟད་པ་ཡང་མ་ཡིན་ལ། འཕེལ་བ་ཡང་མ་ཡིན་པས་ན། ལུང་ལས། མ་རིག་འཁྲུལ་ དེ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། ཅེས་པ་དང་། ཡང་། སེམས་ཅན་ཁམས་ཀྱི་རང་བཞིན་དེ་ཡང་ཕ་མཐའ་མེད། །ཅེས་གསུངས་པས་སོ། །དེ་ལྟར་རྒྱུ་མེད་པས་སེམས་ལ་འཕེལ་བ་མེད་པར་ཤེས། འཕེལ་བ་མེད་པས་སྐྱེ་བ་མེད་པར་ཤེས། སྐྱེ་བ་མེད་པས་འཆི་བ་མེད་པར་ཤེས། དེ་ཤེས་པས་ལས་ལ་བཟང་ངན་མེད་པར་ཤེས་ཏེ། སྲུང་བ་ལས། ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། །ཅེས་སོ། །དེ་ལྟར་ཡི་གདོད་མ་ནས་རང་དག་མེད་པར་ཤེས་པས་ན། བཟོད་ནས་དག་ པས་སེམས་ཅན་སྐྱེ་བར་ག་ལ་འགྱུར། །ཅེས་འབྱུང་བ་ཡིན་ནོ། །དེ་ཡང་སེམས་ལ་རྐྱེན་མེད་པ་སྟེ། ཡོད་ན་སྣང་བ་སྣ་ཚོགས་སུ་སྣང་བ་བཞིན་དུ་སེམས་ཀྱང་རྐྱེན་གྱིས་ཁ་དོག་ལ་སོགས་པ་སྣ་ཚོགས་སུ་འགྱུར་ལ། སེམས་ཐ་དད་དུ་སོང་བས་ དྲན་པས་མ་གཅིག་ཏུ་མི་རིགས་ལ། སེམས་ལ་རྐྱེན་ཡོད་ན་གཏན་འཇིག་པར་འགྱུར་བས། སེམས་ཀྱི་ལས་འབྲས་མེད་པར་ཐལ་བ་དང་། སེམས་ཞིག་ཀྱང་དེའི་ལས་ཡོད་ན། ཧ་ཅང་འགལ་ཏེ། ལུས་ཀྱི་ཁ་དོག་དང་སྐྱེ་མཆེད་ལེགས་ཉེས་ཀུན་ལུས་ ཞིག་ཀྱང་གནས་སོ་ཞེས་བརྗོད་པ་དང་མཚུངས་སོ། །དེས་ན་སྒྱུ་མ་ལྟར་གནས་པ་ཙམ་གྱིས་གསལ་ལོ། །རྐྱེན་མེད་ན་ད་ལྟ་དྲན་བསམ་སྣ་ཚོགས་པ་འདི་ཅི་ལས་བྱུང་ཞེ་ན། ད་ལྟའི་དྲན་བསམ་འདི་རྐྱེན་ལས་བྱུང་པ་མ་ཡིན་ཏེ། བློ་བུར་བ་མང་ གི་རྩོལ་མ་གྱི་ནོར་བུ་རྙེད་པ་ལ་དགའ་བ་དང་བདེན་པར་འཛིན་པ་ལས། སང་དུས་ཅི་ཡང་མེད་པ་ལྟར། ད་ལྟའི་དྲན་བསམ་ཡང་བདེན་པར་བཟུང་ནས་ཞེན་རུང་དེའི་རྗེས་ལ་ཅི་ཡང་མེད་པས་གནས་སྐབས་ཀྱི་བདེན་བརྫུན་ལྟར་སྣང་པ་ལས་གྲུབ་པ་མེད་དོ་ | ||
<span | [p. 380] དཔེར་ན་ནམ་མཁའི་སྙིང་ག་ཚོགས་བློ་བུར་དུ་འཁྲིགས་པ་དེ་གར་སོང་ཆ་མེད་བློ་བུར་དུ་ཡལ་བ་དང་འདྲ་བར། སྤྲིན་དེ་ནམ་མཁའ་ལ་མེད་ཀྱང་དེའི་ངང་ན་སྣང་བ་ལྟར། རྐྱེན་དང་རྒྱུ་སེམས་ལ་མེད་ཀྱང་སྣང་སྣང་འདྲ་དུས་རྒྱུ་རྐྱེན་མེད་དེ་གཅིག་དང་དུ་མ་དང་དུས་གསུམ་གྱི་ བརྟགས་པས་མེད་པར་ངེས་ཏེ། རྩ་བ་ཤེས་རབ་ལས། ས་བོན་ཞིག་དང་མ་ཞིག་ལས། །མྱུ་གུ་སྐྱེ་བ་མ་ཡིན་ཏེ། །ཁྱོད་ཀྱིས་ཆོས་རྣམས་ཐམས་ཅད་ནི། །སྒྱུ་མ་འབྱུང་བ་བཞིན་དུ་བསྟན། །ཅེས་པ་དང་། རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཅེས་པས་སོ། ། ཀུན་བྱེད་ལས་ཀྱང་། རྒྱུ་དང་རྐྱེན་མེད་ཞི་བ་མཆོག་གི་ལམ། །ཅེས་པ་ལ་སོགས་པ་བཤད་དོ། །དེའི་ཕྱིར་སེམས་ཡོད་ན། དངོས་པོ་གཟུགས་ཅན་དུ་ཡོད་དམ། གཟུགས་མེད་དུ་ཡོད། གཟུགས་ཅན་དུ་མེད་དེ་ཡོད་ན་དབང་པོའི་མངོན་གསུམ་ལ་ལྟར་རུང་ བ་ལས་ལྟར་རུང་མ་དམིགས་པའི་མངོན་གསུམ་ཚད་མས་གསལ་ལོ། །གཟུགས་མེད་དུ་ཡོད་ན་ཅིས་ཤེས། འགྱུ་བས་ཤེས་སོ་ཅེ་ན། འགྱུ་བ་དེ་ཁ་དོག་དང་ཕྱོགས་ཆ་དང་། འདས་མ་འོངས་ད་ལྟ་གསུམ་ཕྲད་པ་བརྟགས་པས་མ་གྲུབ་སྟེ། འབྲུ་བ་ལྔ་མ་དང་ ད་ལྟའི་འགྱུ་བ་ཕྲད་ན་ཕྲད་ཆའི་དྲན་བསམ་སྔ་མ་དེ་ད་ལྟ་མ་འགགས་པར་ཡོད་དགོས་ལ། ཡོད་ན་སྔ་མ་ཡིན་པར་འགལ་ཞིང་། ད་ལྟའི་སྔ་མ་དང་ཕྲད་ཆ་དེ་འགགས་པར་ཐལ་ཞིང་། མ་ཕྲད་ན་ད་ལྟའི་དྲན་བསམ་རྒྱུ་མེད་འགྱུ་བར་མི་རིགས་པར་ ཐལ་བས་ཁེགས་སོ། །འགྱུ་བ་ནི་གཅིག་ཡིན་ནམ་ཐ་དད་ཡིན། གཅིག་ན་སྣ་ཚོགས་པར་འགྱུ་བ་ཉམས་ལ། ཐ་དད་ན་འགྱུ་བྱེད་གཅིག་ཡིན་པ་ཉམས་སོ། །དེས་ན་སེམས་ཡོད་པར་མ་གྲུབ་སྟེ། རྩ་བྲལ་ནམ་མཁའ་འདྲ་བར་རྟོགས་པས། སྐྱེ་བ་དང་སྐྱེ་གཞི་ མེད་པས་ལྡོག་པའི་ས་མེད་དོ། །ནམ་མེད་ན་དྲན་བསམ་སྔ་ཕྱིའི་བར་དུ་ངོ་སྤྲད་པས་དེར་ཡལ་བས་སེམས་ལ་གཞི་མེད་པར་ངོ་ཤེས། དེ་ཤེས་པས་ལྡོག་ས་མེད་པར་ཡིད་ཆེས། དེ་ཤེས་པས་ཁམས་གསུམ་མིང་མེད་ཆེན་པོར་ཐག་ཆོད། དེ་ཆོད་པས་ལས་དགེ་ ༄༅། །སྡིག་གི་ཕན་གནོད་མེད་པར་བློ་བདེ་བའོ། །ཡང་སྣང་ཤེས་བྱ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་རྒྱུ་དང་མཚན་ཉིད་དུ་མ་གྲུབ་པར་ངོ་ཤེས། དེ་ཤེས་པས་སེམས་ཉིད་སྟོང་པ་ལ་ངོས་བཟུང་མེད་པར་མིང་ཆེས། དེ་ཆེས་ པས་སེམས་ཞེས་རྒྱུ་རྐྱེན་ལས་མ་བྱུང་པར་ཐག་ཆོད། དེ་ཆོད་པས་དྲན་བསམ་བློ་བུར་གྱི་རྟོག་པས་ཕན་གནོད་མེད་པར་བློ་བདེ་བའོ། །ཡང་བློ་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་རྩ་བ་མེད་པར་ངོ་ཤེས། དེ་ཤེས་པས་སེམས་ཉིད་གཅིག་ གི་འཁོར་ལོ་ལ་སྤྲོས་པ་ཐ་དད་མེད་པར་ཡིད་ཆེས། དེ་ཆེས་པས་བྱས་པའི་ཆོས་ཀྱིས་སང་མི་རྒྱུ་བར་ཐག་ཆོད། དེ་ཆོད་པས་སེམས་མེད་པའི་དོན་ལས་མ་རྟོགས་པའི་ཆོས་ལོགས་པ་མེད་པས་བློ་བདེ་བའོ། །ཡང་ཆོས་ཉིད་སྔ་ཕྱིའི་བར་དུ་ངོ་ སྤྲད་པས། སེམས་ལ་སྐྱེ་བ་མེད་པར་ངོ་ཤེས། དེ་ཤེས་པས་བག་ཆགས་ལུས་ཀྱི་ཀུན་གཞིས་མི་གནོད་པར་ཡིད་ཆེས། དེ་ཆེས་པས་ད་སེམས་སྐྱེ་མི་སྲིད་པར་ཐག་ཆོད། དེ་ཆོད་པས་ད་སེམས་ཀྱི་ཁང་བུ་ཞིག་སྟེ་ལྡོག་པ་དང་ལྡོག་རྟེན་མེད་ པར་བློ་བདེ་བའོ། །དེ་ལྟར་སེམས་ཡས་པའི་དུས་བཞི་པོའི་ཚད་ཟིན་པས། སངས་རྒྱས་མེད་པས་སངས་རྒྱས་མིང་ཙམ་དུ་ཡང་མེད་དེ། འབྲས་བུ་ལ་རེ་བར་འཛིན་པའི་བློ་ལྡོག །དེ་ལོག་པས་ལམ་འབད་རྩོལ་དུ་བྱེད་པའི་ཆོས་མེད་དོ། ། དེས་ན་མེད་པའི་ཆོས་ལ་ཅི་ཡང་མེད་པས་འཁོར་འདས་སུ་བཏགས་པ་མིང་ཙམ་ལས་དོན་ལ་མ་རྙེད་པ་ལ་གྲོལ་བའི་ཚད་ཞེས་བྱའོ། །དེའི་ཕྱིར་ན་སེམས་ཉིད་མེད་པ་ལ་ཅི་ཡང་མེད་པས། སེམས་ལ་རྒྱུ་མཚན་མེད་པས་ལྟར་མེད་ལ། དེ་ལྟར་ མེད་པའི་ངོ་སྤྲད་པ་བཞི་བསྐོར་ལ། ཆོས་ཚན་བཅུ་དྲུག་དུ་རིག་པ་ནི། སེམས་ཀྱི་ཁང་བུ་བཤིག་པ་སྟེ། དཔེར་ན་བྱིས་པའི་ཁང་བུ་བརྩིགས་ཀྱིན་འཇིག་པ་དང་འདྲའོ། །དེ་ཡང་བྱ་བས་བྱ་བ་འཇིག་པ་ལྕགས་ཀྱིས་ལྕགས་འཇིག་པ་དང་ | ||
<span | [p. 381] འདྲ་ལ། མི་རྟག་པས་མི་རྟག་པ་འཇིག་པ་སྒྱུ་མའི་མིས་སྒྱུ་མའི་གྲོང་ཁྱེར་བཅོམ་པ་ལྟ་བུ་དང་། བྱས་པས་མི་རྟག་པ་འཇིག་པ་རོལ་རོ་བརྩེགས་པ་ལྟ་བུ་དང་། མི་རྟག་པས་བྱས་པ་འཇིག་པ་སྨིག་པ་ད་ལྟར་བས་མ་རིག་པ་སྔ་མ་འཇིག་པ་ལྟ་བུའོ།། དེ་ལྟར་ན་སེམས་ཀྱིས་སེམས་བཤིག་པས་གཉིས་ཀ་ཕྱི་མེད་དུ་ཞིག་བརྡུལ་ཡིག་བྲིས་པ་ལྟ་བུ་དང་། མེད་པས་མེད་པ་བཙལ་ཡང་མི་རྙེད་པར་བུལ་པོའི་ཁྱིམ་ན་ཡིད་བཞིན་གྱི་ནོར་བུ་མེད་པར་བཙལ་ཀྱང་རྙེད་པའི་གནས་མེད་པ་དང་འདྲ་བར། སེམས་མེད་པ་ལ་གཞིག་པའི་གནས་མེད་པ་ནི། དཔེར་ན་གྲུ་སྟོབ་པའི་ཚེ་ཚུལ་འཛིན་པའི་གནས་མེད་པ་དང་འདྲའོ། །དེའི་ཕྱིར་ན་སེམས་མེད་པའི་དོན་མ་ཤེས་པར། ལྟ་བསྒོམ་སྤྱོད་པ་སེམས་ལ་འཚོལ་བ་ནི། བདེ་ཆེན་ཐར་པའི་བསྟན་པ་ རྙེད་དུས་མེད་དེ། གྲུ་སྡིང་པས་ཆུ་ལ་འཇུས་པ་ལྟར། སེམས་མེད་པ་ལ་ཡོད་པར་རྟེན་བཅོས་པ་དེ་ཉིད་ཀྱིས་སྐུ་ཞིང་འཆིང་བར་ངེས་སོ།། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས་ཀྱང་། སྣང་བ་ཆོས་སྐུར་འདོད་པ་ང་ལ་སྒྲིབ་པ་ཡིན། །ཅིར་སྣང་སེམས་ སུ་འདོད་པ་ང་ལ་སྒྲིབ་པ་ཡིན། །རང་བྱུང་གཞན་ནས་འདོད་པ་ང་ལ་སྒྲིབ་པ་ཡིན།། ཅེས་སོ།། འོ་ན་སེམས་ཡལ་ཞེས་ཡོད་པ་དེ་མེད་པར་སོང་བ་མ་ཡིན་ནམ་ཞེ་ན། ཡལ་བ་ནི་སྔར་བཞིན་དཔྱད་ན་མ་གྲུབ་པ་དང་། མ་དཔྱད་ནའང་བློ་བུར་གྱི་དྲན་པས་ གྱི་རྟོག་པ་ཡལ་བ་ལས། སེམས་རང་རྒྱུད་པ་ཡོད་ནས་མེད་པར་སོང་པ་མེད་དེ། ཡལ་རྒྱུ་དང་ཡལ་རྐྱེན་གང་དུ་ཡང་མེད་དོ།། འོ་ན་སེམས་ཀྱི་ཁང་བུ་བཤིག་པ་ལ་དགོས་པ་མེད་དེ་བཤིག་རྒྱུ་མེད་པའི་ཕྱིར་རོ་ཞེ་ན། སེམས་ཡེ་ནས་མེད་པ་ལ། མེད་པའི་ གནས་ལུགས་རྟོགས་པར་བྱེད་པ་ཙམ་ལས། སེམས་ཀྱི་ཁང་བུའི་གཞིའམ་དངོས་པོ་ཡོད་པ་ནི་མིན་ཏེ། དྲན་པའི་ཁུངས་ཆོས་ཉིད་དུ་སོང་བས། མེད་པ་གོ་བར་བྱས་པ་ལ། ཁང་བུ་བཤིག་ཅེས་ཐ་སྙད་དུ་བྱས་ཏེ། ཡོད་པ་བཤིག་པ་ནི་གང་ཡང་མེད་དོ།། ༄༅། །དེའི་ཕྱིར་ན་ཐ་སྙད་ཀྱི་འབྲས་བུ་ཞེས་སྣང་པ་ཡུལ་གྱི་གནད་གང་སྣང་གི་སྟེང་དུ་བཞག་པས། བེམས་པོའི་སྣང་བ་དེར་འཛིན་མེད་པས་ཡུལ་སེམས་གཉིས་མེད་ཀྱི་འབྲས་བུ་དང་། ཤེས་པ་གང་འགྱུས་ཀྱི་སྟེང་དུ་བཞག་པས། སེམས་ཀྱི་ ཁང་བུ་རང་ཞིག་པས་འགྱུ་བ་རྟོག་སངས་ཀྱི་འབྲས་བུ་དང་། དེ་ལྟར་བེམས་རིག་གཉིས་མེད་ཟུང་འཇུག་ཡེ་ཤེས་ཀྱི་ཡལ་ས་དེས་ཟིན་པས་མེད་པའི་འབྲས་བུའོ།། དེ་ལྟར་འབྲས་བུ་གསུམ་གྱི་དུས་ཀྱང་ཡལ་དུས་ངོ་སྤྲད་པའི་གནད་བཞི་ལ། མེད་པའི་ ཆོས་བཅུ་དྲུག་སྔ་མ་བཞིན་དུ་ཤེས་པར་བྱའོ།། དེའང་གསང་ཆེན་ངེས་པ་སྙིང་ཐིག་གི་ཁྲེགས་ཆོད་སེམས་ཡེ་མེད་རང་སངས། འགྱུ་བ་བློ་བུར་ཡེ་གྲོལ་དུ་ཤེས་པ་དང་། མན་ངག་གཞན་དག་སེམས་དོན་དམ་དུ་མེད། ཀུན་རྫོབ་ཏུ་ཡོད་པར་བརློམས་ནས། ལྟ་བསྒོམ་སེམས་ལ་ལམ་བྱེད་གཉིས། རང་གྲོལ་རང་ཤར་རང་བཞག་ཙམ་དུ་མིང་མཐུན་ཡང་། དོན་མི་མཐུན་ཏེ། འདིར་ཡེ་མེད་དུ་བྱེད་པ་དང་། གཞན་དུ་ཡོད་པ་མེད་པར་འདོད་པས་སོ།། ཟུང་འཇུག་ཀྱང་། གཞན་དུ་ཡོད་པ་གཉིས་གཅིག་ལ་གཅིག་ འབྲེལ་གྱི་ཟུང་འཇུག་འདོད་པ་དང་། འདིར་ཡ་མེད་པས་ཟུང་དུ་འཇུག་རྒྱུ་མེད་ལ། མེད་པའི་ངོ་བོ་ལ་ཐ་དད་རིས་སུ་མེད་པ་གཉིས་ཐ་མི་དད་པས་གཉིས་མེད་ཟུང་འཇུག་ཞེས་བྱའོ།། གནད་འདི་ནི་ཐེག་པ་ཀུན་ལས་རྩེ་མོར་གྱུར་པའི་གནད་ཁམ་ཡང་ ཆེ་ལ་གལ་ཡང་ཆེ་བ་སྟེ། འདི་ལས་སྣང་བ་སེམས་སུ་མི་འདོད་པ་དང་། སེམས་ཡོད་མ་མྱོང་གཞི་སངས་ཆེན་པོར་བསྟན་པ་ཡིན་ནོ།། འདི་ལ་བརྟེན་ནས་སྣང་བ་སེམས་སུ་ངོ་སྤྲད་པ་དང་། སེམས་ཉིད་སྟོང་པར་ངོ་སྤྲད་པའི་མན་ངག་སྙིང་ཏིག་གི་དགོངས་ པ་མ་ཡིན་པར་ཤེས་པར་བྱའོ།། མན་ངག་འགའ་ཞིག་ཏུ་དེ་ལྟར་བྱུང་སྲིད་ན་འོག་མ་དྲང་པ་ཙམ་ལས་ངེས་དོན་མ་ཡིན་པར་ཐག་བཅད་དོ།། གསུམ་པ་ཡུལ་སྣང་བློའི་མེ་ལོང་དུ་ཤར་བས་ཚོགས་དྲུག་མཉམ་པ་ཆེན་པོར་ཁྱབ་བརྡལ་བ་ནི། ཕྱི་སྣང་ | ||
<span | [p. 382] པ་སྣ་ཚོགས། ནང་དྲན་རྟོག་བློ་བུར། དབང་པོ་དྲུག་སྣང་ཡུལ་དང་བཅས་པ་ཐམས་ཅད། མེད་པ་གསལ་སྣང་ཙམ་ལས། དོན་ལ་ཕྱི་སྣང་སྣང་ན་ཡང་མེད་པར་རབ་རིབ་ཅན་གྱི་སྒྲ་ཤད་དང་། སྐུ་མ་དང་། མིག་འདུལ་དང་། སྤྲུལ་པ་ ལྟ་བུར། བློ་ལ་སྣང་ཡང་སྣང་དུས་དེ་ཉིད་ནས་ཡོད་མེད་ཀྱི་མཐའ་ལས་འདས་པར་ཤེས་པར་བྱ་སྟེ། སྣང་བའི་ངོས་རྣམས་ཇི་ལྟར་ཐམས་ཅད་ཀྱང་མི་རིག་ལ། ཡིན་དུ་ཆུག །མིན་དུ་ཆུག །ཡོད་དུ་ཆུག །མེད་དུ་ཆུག །སྣང་དུ་ཆུག །སྟོང་དུ་ཆུག །འཁྲུལ་ དུ་ཆུང་། བློ་ལ་དུ་ཆུག །བཟང་དུ་ཆུག །ངན་དུ་ཆུག །སེམས་སུ་ཆུག །གཞན་དུ་ཆུག །གང་ལྟར་བཏགས་ཀྱང་། སྟོང་པའི་ངོས་ནས་ཇི་ལྟར་བཏགས་པ་དེ་ཉིད་ཀྱིས་ཐོག་མར་སྟོང་སྟེ། བཏགས་པ་སེམས་ཡིན། སེམས་མེད་པ་ཡིན། མེད་པ་ལ་ འདོགས་མཁན་མེད་པས་རྨི་ལམ་གྱི་བྱ་བྱེད་དང་སྒྱུ་མའི་བྱ་བྱེད་བཞིན་ནོ། །སྣང་བ་དང་འཆར་བ་དང་། དགེ་བ་དང་མི་དགེ་བ་ལ་སོགས་པ་དེ་ཉིད་བློ་བུར་བ། དེའི་ངོ་བོ་གཞི་མེད་རང་སངས། རིག་པའི་ཡེ་གདངས་ཆ་ལ་ཡོད་པས་ངོས་ཟིན་ན་ དགོངས་པ་ཆོས་ཉིད་ཕྱོགས་ཡན་ལས་འཆུགས་ས་མེད་དེ། སྣང་སྲིད་འཁོར་འདས་ཀྱི་ཆོས་སོ་ཅོག་རིག་པའི་ངང་ན་མེད་པ་གསལ་སྣང་གི་སྣང་བ་ཆེན་པོར་རང་ཤར་རང་སྣང་བ་ནི། འབྱུང་བཞིའི་སྣང་བ་ནམ་མཁའི་ངང་ན་གནས་པ་འམ། རྨི་ལམ་སྣ་ཚོགས་གཉིད་དང་། གཉིད་རིག་པའི་ངང་ལས་མ་གཡོས་པ་བཞིན་ཏེ། ཐམས་ཅད་རིག་པའི་ངོ་ལ་རང་སྣང་ཡང་། རིག་པས་འཁྲུལ་སྣང་འཁོར་བ་མ་མཐོང་། དག་སྣང་འདས་པ་མ་མཐོང་། འཁོར་འདས་ཀྱིས་རིག་པ་མ་ པ་ཐོང་། ཐམས་ཅད་གཞི་མེད་མཉམ་པ་ཆེན་པོའི་ངང་ལས་གཡོས་པ་མེད་དེ། ངོ་བོར་མ་གྲུབ་པས་མཐོང་བ་དང་མཐོང་བྱེད་ལས་འདས་ལ། རིག་པའི་ངང་ནས་ཤར་བས་འཁོར་འདས་རིག་པའི་རང་གདངས་སམ་རོལ་པ་ཞེས་བཏགས་པ་ ༄༅། །ཙམ་སྟེ། ཡོད་མེད་མཐའ་གྲོལ་ཆེན་པོ། བཏགས་པ་མི་འགལ། དོན་ལ་མ་གྲུབ། མེད་པ་གསལ་སྣང་ཙམ་དུ་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཤར་བ་སྟེ། ཀློང་དྲུག་པ་ལས། དྲི་མ་མེད་པའི་སེམས་ཉིད་ལ། །ཡུལ་རྐྱེན་ བྲལ་བའི་སྣང་བ་ནི། །རང་དག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོར་ཡིས་བསྟན། །ཅེས་པ་དང་། ནོར་བུ་འཕྲ་བཀོད་ལས། ཅི་ཡང་མེད་པའི་དངོས་པོ་ནི། །གང་གི་ཕྱོགས་སུ་མ་ལྷུང་བ། །ཅིར་ཡང་འཁྲུལ་པའི་དངོས་པོ་ནི། །འཐུན་སྣང་ ཙམ་དུ་སྣང་བར་ཟད། །འོན་ཀྱང་དེ་ཡི་དོན་མི་སྐྱེ། །ཆོས་དབྱིངས་རྒྱན་ལྟར་སྣང་བའོ། །ཅེས་པ་དང་། སྟོང་པའི་ཡེ་ཤེས་ཆེན་པོ་ནི། །ཅིར་ཡང་མེད་ལས་ཅིར་ཡང་འཁྲུལ། །ཅེས་པ་དང་། མུ་ཏིག་ཕྲེང་བ་ལས། དེ་ནི་ང་ཡིན་འགྲོ་བ་ཡིན། །སེམས་ ཡིན་སེམས་ལས་བྱུང་བ་ཡིན། །དུ་མ་ཡིན་ལ་ཉག་གཅིག་ཡིན། །འཁོར་བ་མྱང་འདས་ང་རང་ཡིན། །དཀྱིལ་འཁོར་ལ་སོགས་རིམ་འཇུག་ཡིན། །ཆོས་ཡིན་ཆོས་སུ་སྣང་བ་ཡིན། །གནས་པ་ཡིན་ལ་འགྲོ་བ་ཡིན། །འདུག་དང་ཉལ་ དང་འཆག་པ་ཡིན། །སྲོག་ཡིན་གཅོད་པ་ཉིད་ཀྱང་ཡིན། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །མདོར་ན་ཇི་ལྟར་སྣང་བ་ཡི། །ཆོས་ཀུན་དེ་ལས་བྱུང་པའོ། །ས་ཆུ་མེ་རླུང་ནམ་མཁའ་ཡི། །འབྱུང་བ་ཆེ་རྣམས་དེ་ལས་བྱུང་། །ཅེས་པ་ ནས། དེ་ལྟར་གནས་པའི་ཆོས་ཉིད་ལ། །འཁྲུལ་པ་གདོང་ནས་མེད་པ་སྟེ། །ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །བློ་བུར་སེམས་ཅན་སྤྲིན་གྱིས་བསྒྲིབས། །མ་འཁྲུལ་གནས་པའི་ཆོས་ཉིད་ཀྱང་། །བློ་ལ་འཁྲུལ་པའི་ཚུལ་དུ་སྣང་། །ཅེས་པ་ ནས། སེམས་ཅན་ཉོན་མོངས་ལྔ་ཉིད་ནི། །དོན་ལ་ཡོད་པ་མ་ཡིན་ཏེ། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །བློ་བུར་རྐྱེན་དང་བཅས་པ་ཉིད། །སྤྲིན་དེ་ནམ་མཁའ་ཉིད་ལས་བྱུང་། །དེ་བཞིན་ནམ་མཁར་ཐིམ་ཤེས་ན། །དབྱེར་མེད་གཅིག་གི་ངང་ | ||
<span | [p. 383] ཞེས་བྱ། །དེ་བཞིན་ཉོན་མོངས་དྲི་མ་ཉིད། །རང་བྱུང་རང་ཞི་ཉིད་ཤེས་ན། །སེམས་ཅན་འཆིང་བར་ག་ལ་འགྱུར། །ཅེས་པ་དང་། སྣང་ཚུལ་མ་གྲུབ་པ་ལྟར། འཛིན་པར་སྣང་ཡང་གང་དུའང་མ་གྲུབ་པས། གཏང་མེད་ཆེན་པོར་བསྟན་པ་ཡང་ རིན་ཆེན་སྤུངས་པ་ལས། གནས་པ་མེད་པའི་སེམས་ཉིད་འདི། །འགྲོས་མེད་པ་ཡ་རེ་ཆ། །ཀུན་ཏུ་འཇུག་པའི་ཡིད་དྲུག་ལ། །རྟེན་པའི་ས་མེད་ཡ་རེ་ཆ། །ཐམས་ཅད་བསྡུད་པའི་ཀུན་གཞི་ལ། །པ་ཞག་པའི་ས་མེད་ཡ་རེ་ཆ། །འཁོར་ཞིང་ འཁྲུལ་པའི་མ་རིག་ལ། །འགྱུར་བའི་དབང་མེད་ཡ་རེ་ཆ། །ཐམས་ཅད་ཡུལ་ཞེན་ཉོན་མོངས་ལ། །གཞི་རྩ་མེད་པ་ཡ་རེ་ཆ། །ཕྲ་དང་རགས་པའི་དྲི་མ་ལ། །འཆགས་ས་མེད་པ་ཡ་རེ་ཆ། །འབྱུང་བ་རགས་པའི་གཟུགས་རྣམས་ལ། ། གཏང་བའི་ས་མེད་ཡ་རེ་ཆ། །སྐྱེས་བུ་རྟེན་པའི་ཚེ་སྲོག་ལ། །དུས་བཏབ་མེད་པ་ཡ་རེ་ཆ། །ཚོགས་དྲུག་ཡུལ་གྱི་སྣང་པ་ལ། །རྟག་པ་མེད་པ་ཡ་རེ་ཆ། །སྐྱེས་བུའི་དྲན་པས་མ་བྱུང་ཚོར་ལ། །ཟད་པ་མེད་པ་ཡ་རེ་ཆ། །ཅེས་པ་དང་། ཡང་། གཞི་རྩ་མེད་པའི་ཆོས་ཉིད་འདི། །མ་བཙལ་བཞག་པས་ངོ་མཚར་ཆེ། །འགྲོ་དང་འོང་བའི་རིག་པ་ལ། །ཐུག་པ་མེད་པ་ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ཡེ་ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། །ཅེས་པ་དང་། ཐུན་མོང་གི་ཐེག་པ་ འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང་། ཇི་ལྟར་བརྣ་སྣང་ཅུང་ཟད་སྦྱིན་མེད་ལ། །སྐད་ཅིག་ཏུ་ནི་སྦྱིན་གྱི་དཀྱིལ་འཁོར་སྣང་། །བྱུང་ནས་ཞིག་སྟེ་སྦྱིན་གྱི་དཀྱིལ་འཁོར་དེ། །ཐོག་མ་གང་ལས་བྱུང་བ་བརྟག་པར་གྱིས། །ཆོས་རྣམས་ ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཇི་ལྟར་མི་དག་བྲག་རིའི་ཁྲོད་འདུག་སྟེ། །གླུ་ལེན་སྨྲ་དང་རྒོད་དང་དུ་བ་ལས། །རྐྱེན་ལ་བརྟེན་ཏེ་བྲག་ཆ་འབྱུང་མོད་ཀྱི། །སྒྲ་ལས་དབྱངས་དེ་ནམ་ཡང་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ ༄༅། །ཤེས་པར་གྱིས། །ཅེས་རྒྱ་ཆེར་གསུངས་སོ། །དོན་གཉིས་པ་ཆོས་ཟད་བློ་འདས་ཀྱི་དགོངས་པ་ཟད་ཐལ་རྗེན་པའི་ཡེ་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ་ལ་གསུམ་སྟེ། ཆོས་ཟད་བློ་འདས་ཀྱི་རིག་པ་ཟད་ཐལ་རྗེན་པར་ ངོ་སྤྲད་པ། རང་གསལ་དང་གནས་ཀྱི་དགོངས་པ་ཕྱམ་བརྡལ་ཆེན་པོར་བསྐྱང་པ། གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་ཀློང་གསལ་ཆེན་པོར་བཞག་པའོ། །དང་པོ་ནི། རང་བབས་ཀྱི་རིག་པ་རང་གསལ་དུ་རྗེན་ནེ་བཞག་ལ་ ཕྱིར་མི་སྤྲོ། ནང་དུ་མི་བསྡུ། བར་དུ་མི་བསམ་པའི་རང་ངོ་ལ་ལྟོས་པས། ཕྱི་ནང་བར་མེད། རང་གསལ་རྗེན་པ། ལྟ་བསྒོམ་གྱིས་མ་བསླད་པའི་ཆོས་སྐུ། རྣམ་རྟོག་གིས་མ་བསྐྱོད་པའི་ཡེ་ཤེས། སྤྲོ་བསྡུས་མ་བཟོས་པའི་དགོངས་པ། གསལ་བ་ལ་རྟོག་པ་མེད་པ། གནས་པ་ལ་འཛིན་པ་མེད་པ། ཡེངས་པ་ལ་ཕྱལ་པར་མ་ཤོར་བ། མཉམ་པ་ལ་བར་མེད་པ། འཇོག་མཁན་མེད་པའི་རང་དངས་ཆེན་པོ། ཡེ་ནས་རང་བབས་ཀྱི་དགོངས་པ་ཆེན་པོ། དང་ཞིང་ལྟེང་པ་ རྒྱ་མཚོ་ལྟ་བུ། གསལ་ཞིང་དག་པས་ཉི་ཟླ་ལྟ་བུ། ཡངས་ཤིང་ཕྱམ་པས་ནམ་མཁའ་ལྟ་བུ། བརྟན་ཞིང་གནས་པས་རི་རྒྱལ་ལྟ་བུའོ། །འདི་ལྟ་བུའི་དོན་དང་སེམས་ཅན་ཐམས་ཅད་སྐད་ཅིག་ཀྱང་འབྲལ་མ་མྱོང་དུ་ཡེ་ནས་རང་ ལ་ཡོད་ཀྱང་། ངོ་མ་ཤེས་པས་འཁོར་བར་ངན་རྟོག་གི་སྤྲོས་པས་འཆོལ་བ་ཡང་། ད་བླ་མའི་གདམས་པས་ངོས་ཟིན་ནས་འཆར་རམ་གནས་སམ་གྱིན་དྲར་ལྷན་ནེ་པའི་དུས་གང་དུའང་རང་བབས་བཅོག་བཞག་གི་ངོ་བོར་ངོ་སྤྲད་པ་ བཞིན་དང་མ་ཡེངས་ཙམ་དུ་བྱ་སྟེ། སེང་གེ་རྩལ་རྫོགས་ལས། ཨེ་མ་སེང་གེ་བསྒྲོད་མེད་ལམ། །བྱ་རྩལ་མེད་པའི་སེང་གེ་ཡིས། །གཏང་བཞག་མེད་པའི་གདུང་ཀར་ལ། །མུན་པ་སངས་པའི་རྩལ་གསུམ་རྫོགས། །བསམ་མེད་ | ||
<span | [p. 384] དྲངས་པའི་སེང་གེ་ངས། །ཀརྐ་ཀུ་དྲི་སྟེང་གངས་བཟང་ལ། །འཁྱུད་པ་སངས་པའི་རྩ་ལྟ་གསུམ་རྟོག་པ། །ཅེས་པ་དང་། ཀློང་དྲུག་པ་ལས། རྟག་ཆད་མེད་པའི་སེམས་ཉིད་ལ། །འཐད་པ་ན་བྲལ་བའི་སྣང་བ་ནི། །སྤར་བླང་བྲལ་བའི་དགོངས་པ་ ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བླང་དོར་མེད་པའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱབ་བརྡལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བྱིང་རྒོད་མེད་པའི་སེམས་ཉིད་ལ། །བཏང་ སྙོམས་ཆེན་པོའི་བསྒོམ་པ་ནི། །རྫོགས་དྲུག་ལྷུག་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ལྟ་ང་མེད་པའི་སེམས་ཉིད་ལ། །རེ་དོགས་བྲལ་བའི་སྣང་བ་ནི། །ཡེ་བཞག་གདེང་ལྡན་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་ བསྟན། །ཅེས་པ་དང་། རྩལ་རྫོགས་ལས། འཛིན་ཆགས་མེད་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་མཆོག །སོ་སོར་རྟོག་དང་མཚན་མཆོག་གི་ལམ། །བྱ་རྩལ་མེད་པའི་ཆོས་ཉིད་རང་སར་དག ། ཕུབ་ཆུབ་ཏིང་འཛིན་ཆོས་ཉིད་ཡུལ་ལ་འཇུག །དག་དང་མ་དག་ཐ་སྙད་ཆོས་སུ་མེད། །གཅིག་དང་གཉིས་ལས་ཉངས་པའི་ཡེ་གནས་དོན། །རང་ལུས་ངང་དུ་ཐིག་ལེ་གཅིག་ཏུ་འུབ། །དུས་མེད་རྟོགས་པས་ཏིང་འཛིན་མ་ཡེངས་གསལ། །མཐའ་ དབུས་མེད་པས་ཆོས་ཉིད་མིང་དང་བྲལ། །འགྱུར་བ་མ་ཡིན་དྲང་པོར་ཡོངས་ལ་ཁྱབ། །བྱས་པ་མ་ཡིན་བྱུང་སར་ལྷུན་གྱིས་གྲུབ། །ཅེས་སོ། །གཉིས་པ་དེའི་ངང་ལ་བསྐྱང་པ་ལ་གསུམ་སྟེ། ལྟ་བསྒོམ་ཡུལ་འདས་ཆེན་པོར་བསྐྱང་བ། ཏིང་འཛིན་རང་ བབས་ཆེན་པོར་བསྐྱང་པ། དགོངས་པ་བློ་འདས་ཆེན་པོར་བསྐྱང་བའོ། །དང་པོ་ནི། དོ་སྤྲད་པའི་ངང་དེ་ལ་བློའི་འཛིན་རྩོལ་དང་ཆེད་དུ་བསྒོམ་པའི་གཉེན་པོ་མ་ཞུགས་པར་རིག་པ་རྒྱ་ཡན་ཡེ་བཞག་དཔངས་བསྟོད་ལ་ཕྱལ་བ་བར་མེད་རང་སངས་སུ་ ༄༅། །བཞག་པ་སྟེ། ནོར་བུ་འཕྲ་བཀོད་ལས། ཡངས་སོ་ཆོས་ཉིད་རྣམ་པར་དག །ཆེ་བོ་ལྟ་བ་རྨང་པོ་ཆེ། །སྣང་ངོ་རང་སྣང་དཀྱིལ་འཁོར་ཉིད། །ཡུལ་དང་ཡུལ་མེད་རྣམ་པར་དག །ཕྱི་དང་ནང་མེད་རྣམ་པར་སྣང་། །སྟོང་དང་མི་སྟོང་ ཚིག་ལས་འདས། །ཅེས་པ་དང་། སེང་གེ་རྩལ་རྫོགས་ལས། དང་པོའི་གནས་ས་གང་ཡིན་པར། །ཐ་མ་དེ་ཡི་གནས་སུ་འགྲོ། །ད་ལྟ་དེ་ཡི་དོན་ལ་གནས། །ཅེས་པ་དང་། ཡང་། འཛིན་རྟོག་མེད་པའི་ནམ་མཁའ་ལ། །རྣམ་ཤེས་ཡིད་མ་འགྱུར་ བ་ནི། །ཡེངས་པ་མེད་པའི་ཏིང་འཛིན་མཆོག །སངས་རྒྱས་ཉག་གཅིག་གནས་ལུགས་ཡིན། །ཅེས་སོ། །གཉིས་པ་ལ་གསུམ་སྟེ། རང་གནས་བཅོག་བཞག་ནི། ཚོགས་དྲུག་ཡུལ་གྱི་སྣང་བ་ལ་འཛིན་པའི་བཟོ་རྒྱ་མི་བྱེད་པར་ཕྱི་ནང་བར་ མེད་ཧར་སངས་སུ་ཕྱལ་ལེ་བཞག་ནས། གཉིད་དུ་འགྲོ་ཁར་ཡང་དེའི་ངང་ལ་ཉལ་བས་རྨི་ལམ་འོད་གསལ་དུ་འཆར་བའོ། །ཐོག་བབས་ཆེན་པོ་ནི། སྒོ་གསུམ་ལྷུག་པར་གློད་ལ་གང་ཤར་ཅར་ཕོག་ཏུ་རང་སངས་ལ་ཕྱལ་ཕྱལ་སོང་བའི་ངང་ངོས་ བཟུང་པའོ། །སྣང་པ་རྒྱས་འདེབས་ནི། ལུས་སྐྱིལ་དཀྲུང་དང་མིག་བར་སྣང་ལ་ཧྲིག་གེ་ལྟས་ཏེ། སེམས་འཕྲོ་འདུ་བཅད་ནས་རིག་པ་དང་སངས་ཕྱེད་པའི་ངང་ངོས་བཟུང་པས་རླུང་ལྔ་དབྱིངས་སུ་འཆིངས་ཏེ། རང་སྣང་དག་པའི་འོད་གསལ་ཕྱི་ དུ་བ་མིག་རྒྱུ་འཇའ་འོད་ལ་སོགས་པ་དང་ནང་ཆོས་ཉིད་སྟོང་གསལ་བར་སྣང་དག་པ་ལྟར་འཆར་ཏེ། ཀློང་དྲུག་པ་ལས། ཏིང་འཛིན་གསུམ་ལ་འདི་ལྟར་བསླབ། །རང་གནས་བཅོག་བཞག་ཏིང་འཛིན་ནི། །དབང་པོའི་སྒོ་རྣམས་མི་དགག་ཅིང་། ། ལུས་ཀྱི་སྤྱོད་པ་སྤྱད་མི་བྱ། །གཉིད་ཀྱང་སྤྲད་པར་མི་བྱ་སྟེ། །སེམས་ཀྱིས་གུད་དུ་བཅད་པ་མིན། །མདོར་ན་ལུས་ངག་རང་སོ་ལ། །ཡིད་བྱུང་ཆ་རྣམས་ཕྱིར་མ་ཤོར། །དབང་པོའི་ཡུལ་རྣམས་དྲུག་ལ་ཡང་། །ཤེས་བཞིན་སྤྱོད་པའི་ཡིད་མ་འབྱུང་། ། | ||
<span | [p. 385] རང་སྣང་མི་རྟོག་ཆེན་པོ་ལ། །གསལ་ལ་རྟོག་མེད་ཉམས་སྐྱེས་པའོ། །ཐོག་བབས་ཆེན་པོའི་ཉིང་འཛིན་ལ། །ལུས་ནི་ཐ་མལ་ལྟ་བུ་ལས། །ངག་ནི་སྦ་བརྗོད་ཚིག་དང་བྲལ། །སེམས་ནི་དམ་དུ་མ་བཅིངས་པའི། །མ་རི་ཤར་དང་ལམ་ཡེངས་པའོ། ། སྣང་པ་རྒྱས་འདེབས་ཏིང་འཛིན་ནི། །ལུས་དང་ཡུལ་དང་རིག་པ་ཡིས། །རང་སྣང་དག་པའི་ཚད་རྣམས་བཟུང་། །ཅེས་སོ། །གསུམ་པ་དགོངས་པ་བློ་འདས་སུ་བསྐྱང་པ་ལ་བཞི་སྟེ། རི་བོ་བཙོག་བཞག་གི་ལྟ་བ། རྒྱ་མཚོ་བཙོག་བཞག་གི་དགོངས་ པ། རིག་པ་བཙོག་བཞག་གི་མན་ངག །སྣང་པ་བཙོག་བཞག་གི་ཐབས་སོ། །དང་པོ་ནི། རིག་པ་རང་གསལ་འདི་ངོས་བཟུང་ནས་གང་ཤར་ཡང་ལྟ་བ་རི་རྒྱལ་ལྟར་འཕོ་འགྱུར་མེད་པའི་ངང་དུ་འཇོག་པ་སྟེ། ཡི་གེ་མེད་པ་ལས། རི་བོ་བཙོག་བཞག་ ལྟ་བ་གསང་པ་ཉིད། །ཐེ་ཚོམ་མ་ཡིན་འགྱུར་བ་དང་གིས་མེད། །ཅེས་སོ། །གཉིས་པ་ནི། ལུས་སྐྱིལ་དཀྲུང་ལ། མིག་ཧ་རེ་བར་སྣང་ལ་གཏད་དེ། ཤེས་པ་དང་སངས་ཕྱེད་པ་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པ་ལྟ་བུའི་ངང་ལ་གསལ་སང་ངེ་བཞག་པ་ནི་ དེ་ཉིད་ལས། རྒྱ་མཚོ་བཙོག་བཞག་དག་གི་དགོངས་པ་ནི། སྣང་བ་མ་ཡིན་སྣང་པར་བྱེད་པ་མིན། །སྟོང་པ་མ་ཡིན་སྟོང་པར་ཡོང་མ་ཡིན། །གསལ་བ་མ་ཡིན་གསལ་བ་ཆེན་པོའི་ཡུལ། །བྱེད་པ་མ་ཡིན་རྒོད་པ་དང་གིས་མེད། །མ་གཡོས་ མི་གཡོ་གཡོ་བར་མི་འགྱུར་ཏེ། །མ་བསྐྱོད་མི་བསྐྱོད་བསྐྱོད་པ་ཀུན་ལས་འདས། །བྱས་པས་མ་བྱུང་བཞག་ཐབས་ཆེན་པོ་ལྟོས། །སྤྲོ་བསྡུ་མ་བྱེད་བཙོག་བཞག་གཅིག་གི་ངང་། །གནས་པ་མ་ཡིན་དེ་ལས་འདའ་བ་མེད། །གསང་པའི་ཡེ་ཤེས་རྒྱ་ མཚོ་ལྟ་བུ་ལ། །ཡེ་ནས་སྤྱན་འབྱམས་སྐྱོང་དབྱིངས་སུ་འོག །གཏིང་དཔག་དཀའ་བའི་རྒྱ་མཚོ་ཆེན་པོ་ནས། །ནུབ་པ་མེད་པའི་རྒྱལ་མཚན་རྩེ་མོ་ལྟོས། །སྟོང་པའི་སེམས་མེད་མ་བཅོས་ཆེན་པོའི་སྐུ། །བྱས་པ་མེད་པས་བྱེད་པ་ཀུན་ལས་རྒྱལ། ། ༄༅། །ཡེ་ནས་མ་བྱུང་མ་བཅོས་བཙོག་བཞག་ཉིད། །སྣང་བས་མ་བསྒྱུར་བློ་ཡིས་མ་བཅོས་པ། །ཆོས་ཉིད་མཁའ་ལ་གནས་ན་དགོངས་པར་བསྟན། །ཆོས་སྐུའི་ཡེ་ཤེས་བསམ་པ་རབ་སྤངས་པས། །འགྱུ་བྱེད་མེད་ན་བསྒོམ་པའི་དགོངས་པ་ ཡིན། །སྣང་ཡུལ་དམིགས་པའི་ཕྱོགས་དག་མི་འཛིན་ན། །རྒྱ་མཚོའི་གཏིང་དུ་གཟའ་སྐར་ཤར་བ་བཞིན། །ཡུལ་ལ་འཛིན་མེད་གསལ་ཆ་མ་ཞགས་པས། །རང་བྱུང་དགོངས་པའི་འདུག་ཚུལ་དེ་བཞིན་ནོ། །ཅེས་སོ། །གསུམ་པ་ནི། རིག་པ་ གསལ་སྟོང་གི་ཡེ་ཤེས་རྗེན་པར་བུད་པ་དེ་ཆ་རར་རང་གསལ་དུ་ངོས་བཟུང་པས་ཏིང་ངེ་འཛིན་སེམས་ཆགས་ཀྱི་གོལ་ས་གཅོད་ཅིང་ཟང་ཐལ་རྗེན་པའི་ཆོས་སྐུ་ཁོང་ནས་འཆར་ཏེ། སེང་གེ་རྩལ་རྫོགས་ལས། རང་རིག་དུ་མའི་ཡུལ་ལ་ཕར་ལྟས་པས། ཆོས་སྐུ་རྟོག་མེད་ཆེན་པོ་ནང་དུ་རྙེད། །ཅེས་སོ། །བཞི་པ་ནི། ཕྱི་ཡུལ་ལྔར་སྣང་བ་ལ་ཆེ་རེ་ལྟས་དུས་ནང་རང་གསལ་རྗེན་པ་སངས་སེ་ཁོང་ནས་འཆར་བའི་ངང་དུ་འཇོག་པ་སྟེ། དེ་ཉིད་ལས། རིག་གསལ་ཆོས་ཉིད་ཡུལ་ལ་ཕར་ལྟས་པས། ། སྣ་ཚོགས་བྲལ་བའི་རིག་པ་ནང་དུ་མཐོང་། །ཅེས་པ་དང་། ཡི་གེ་མེད་པ་ལས། སྣང་པ་ཅེར་བཞག་རིག་པའི་ཐབས་ཆེན་ནི། །སྣང་བ་ཆེན་པོ་ཀུན་གྱི་གཞི་མ་ཡིན། །འབྱུང་པ་ལྔ་ཡི་སངས་རྒྱས་ལམ་ལྟར་སྣང་། །ཆེན་པོ་ལྔ་ཉིད་མ་ཡི་སྣང་བར་ གསལ། །མ་ཡེངས་ངང་དུ་འཛིན་མེད་ཆེན་པོར་ཞོག །ཅེས་སོ། །གསུམ་པ་གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་ཀློང་གསལ་ཆེན་པོར་བཞག་པ་ལ་གསུམ་སྟེ། ཆོས་ཉིད་འབད་རྩོལ་དང་བྲལ་བའི་གནད་ཀྱིས་སེམས་ཉིད་བྱ་བྲལ་ དུ་བཞག་པའི་གདམ་ངག །ཆོས་ཉིད་རང་ཐོག་ཏུ་སྦྲང་བའི་གནད་ཀྱིས་རྣམ་རྟོག་ཡེ་ཤེས་སུ་འཆར་བའི་མན་ངག །ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་སྣང་བ་ལ་དགག་བསྒྲུབ་མེད་པའི་གདམ་ངག་གོ །དང་པོ་ནི། བཤིས་བྱ་བ་དང་ | ||
<span | [p. 386] བྲལ་བ་ངོ་བྱས་པས་མི་རྟོགས་མ་བྱས་གཞག་ན་རྟོགས་པས་སྒོ་གསུམ་རང་བབས་ཕྱལ་པར་བཞག་པ་ནི། ཐལ་འགྱུར་ལས། གཞན་ཡང་བྱ་བྲལ་ཆོས་ཉིད་ནི། །བྱ་བ་མེད་པས་གྲོལ་བར་གྲོལ། །ཅེས་པ་དང་། ཁྱུང་ཆེན་མཁའ་ལྡིང་ལས། དེ་ཕྱིར་འཁོར་འདས་བྱ་བྱེད་ཉིད་བྲལ་ན། །རྫོགས་ཆེན་ཉིད་ལས་གཞན་པ་ཅི་བྱར་ཡོད། །ཅེས་པ་དང་། དམིགས་དྲུག་ལས། བྱ་བ་དང་བྲལ་བས་གཞི་བཞག་གོ། །ཅེས་སོ། །གཉིས་པ་ནི། སྣང་བ་སེམས་ཀྱི་རོལ་པར་ངོ་སྤྲད། རོལ་པ་གཞི་མེད་ གསལ་སྣང་དུ་ངོ་སྤྲད། གསལ་སྣང་གཟུང་ན་འཁྲུལ་པར་ངོ་སྤྲད། མ་གཟུང་རང་གསལ་མེད་སྣང་དུ་ངོ་སྤྲད་པས་ཕྱི་ཡུལ་སྣང་སེམས་དང་གཞན་དུ་མ་གྲུབ་པར་ཐག་ཆོད་པས་འཁོར་བར་སྐྱེ་བའི་ཡུལ་སྟོངས་པའོ། །ཡང་སྣང་འཛིན་སེམས་དེ་ གཞི་མེད་དུ་ངོ་སྤྲད། གཞི་མེད་སྟོང་པའི་རང་འགྲོས་སུ་ངོ་སྤྲད། རང་འགྲོས་རྗེས་མེད་ཡེ་སངས་སུ་ངོ་སྤྲད་པས། འཁོར་མཁན་རེང་སེམས་གཞི་མེད་དུ་སངས་ནས་ཁམས་གསུམ་མིང་མེད་ཆོས་ཉིད་དུ་ལ་བཟློས་པ་སྟེ། རྩལ་རྫོགས་ལས། འདུ་ ཤེས་ཡུལ་དུ་མེད་པ་ཆོས་ཉིད་ཞི་བའི་ངང་། །སྣང་བ་རང་ལ་ཡས་པའི་རང་སྣང་དངོས་མེད་ཉིད། །སྣང་བའི་སེམས་བྲལ་ཆོས་ཉིད་རང་གི་དོན། །སྤྲོ་བསྡུ་མ་བྱེད་རང་གི་ཡུལ་ལ་ལྟོས། །ཅེས་སོ། །འདིར་ཁ་ཅིག་སྣང་བ་སེམས་སུ་ངོ་སྤྲོད། སེམས་ སྟོང་པར་ངོ་སྤྲོད་ཅིང་། ངོ་སྤྲོད་སྨྲས་པ་ལས། ཨེ་མ་ཧོ་སྣང་བ་སེམས་སུ་ངོ་སྤྲད་པས་སེམས་ལ་བྱན་ཚུད། སེམས་ཉིད་སྟོང་པར་ངོ་སྤྲད་པས་སྟོང་པ་བདེ་བའི་རྒྱས་གདབ། སྟོང་པ་རིག་པར་ངོ་སྤྲད་པས། རིག་པ་ཉིད་དབྱིངས་དང་གཉིས་སུ་མེད་ པ་དེ་ཁོ་ན་ཆོས་སྐུའོ་ཞེས་པའི་ཚིག་ལ་དོན་རང་མཚན་དུ་ཞེན་པར་སྣང་སྟེ། འདི་ལ་དགོངས་གཞི། དགོས་ཆེད། དངོས་ལ་གནོད་བྱེད་ཀྱི་ཚད་མ་དང་གསུམ་ཡོད་པས་སྙིང་ཏིག་གི་དགོངས་པའི་ཕྱོགས་ལ་མི་ཉེ་བ་ཡིན་ནོ། །དགོངས་གཞི་ནི། ༄༅། །ཕྱི་ཡུལ་ལ་དོན་གཞན་དུ་བདེན་པར་འཛིན་པ་རྣམས་དྲང་པའི་ཕྱིར་དོ་སྐད་གསུངས་ཏེ། རང་ཤར་ལས། ལ་ལར་སྣང་བ་སེམས་སུ་བསྟམ། །ཅེས་སོ། །དེའང་སྣང་པ་གཞན་དུ་མེད་སེམས་འཁྲུལ་པ་ལ་སྣང་པ་ཡིན་ པ་ཙམ་ནས་བཏགས་སོ། །དགོས་ཆེད་ནི་ཕྱི་དོན་དུ་ཞེན་པ་སྤོང་བ་ཙམ་མོ། །དངོས་ལ་གནོད་བྱེད་ནི། སྣང་བ་སེམས་ཡིན་ན་སེམས་ལ་ཁ་དོག་དང་དབྱིབས་ལ་སོགས་པར་མིག་སོགས་དབང་པོས་ངེས་པར་ཐལ་ཏེ་སྣང་པ་ལ་གཟུགས་ སོགས་དབྱིབས་དང་ཁ་དོག་ཏུ་ངེས་པའི་ཕྱིར་དང་། སྣང་པ་སེམས། སེམས་སྟོང་པ། སྟོང་པ་རིག་པ་ཡིན་ན་དེ་གསུམ་ཕན་ཚུན་འཆོལ་བས། རིག་པ་འཁྲུལ་པར་ཐལ་བ་དང་། སྣང་པ་མིག་ལ་སོགས་པས་མི་མཐོང་བར་ཐལ་བ་དང་། སེམས་མ་འཁྲུལ་བར་ཐལ་བ་སྟེ། དེ་གསུམ་ངོ་བོ་རྫས་གཅིག་ཡིན་པའི་ཕྱིར་རོ། །འདིའི་ཁྱད་སྔར་ཞིབ་ཏུ་བཤད་ལ། སྣང་བ་སེམས་ཀྱི་རྣལ་འབྱོར་དུ་བྱེད་པ་མི་གྲོལ་བར། རང་ཤར་ལས། སྣང་བ་སེམས་ཀྱི་རྣལ་འབྱོར་ནི། །ཐམས་ཅད་ ང་ཡི་སེམས་ལས་བྱུང་། སེམས་ཉིད་རྟོགས་ན་ཅི་བྱར་ཡོད། །དེ་སྐད་ཀུན་ཏུ་བརྗོད་བྱེད་པ། །ང་ཡིས་གྲོལ་བར་མ་བཤད་དོ། །ཅེས་པའི་ལུང་གིས་ཀྱང་གནོད་ལ། སེམས་མེད་པར་རྟོགས་དུས་སྣང་བ་མེད་པར་ཐལ་ལ། སེམས་འགགས་ དུས་སྣང་པ་དུས་དེར་འགག་པར་ཐལ་བ་ལས། སེམས་མེད་པའི་སྐབས་སུ་སྣང་བ་འདུག་པས་ཀྱང་གནོད་དོ། །སེམས་མེད་པའི་གནས་སྐབས་ལྔ་ཡོད་དེ། དབུས་མཐའ་ལས། སེམས་མེད་གཉིད་དང་བརྒྱལ་བ་དང་། །སྙོམས་པར་ འཇུག་པ་རྣམ་གཉིས་དང་། །རྟག་ཏུ་འདུ་ཤེས་མེད་པའོ། །ཅེས་སོ། །མདོར་བསྡུ་ན། སྣང་བ་སེམས་སུ་འདོད་པ་འདི་ལོག་རྟོག་གི་མུན་པ་ཆེན་པོ་ཡིན་པས་བསལ་དགོས་སོ། །གསུམ་པ་ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་ | ||
<span | [p. 387] སྣང་པ་ལ་དགག་བསྒྲུབ་མེད་པའི་གདམ་ངག་ནི། ཕྱི་ཡུལ་ལྔ་མེད་སྣང་སྟོང་པ་རང་དག་ཆུའི་ཟླ་བ་འདྲ་བས་སྦྱང་མི་དགོས། ནང་ཡིད་ཀྱི་དྲན་རྟོག་རང་ཡལ་རྗེས་མེད་ཡིན་པས་འབད་རྩོལ་གཉེན་པོས་འཇིག་མི་དགོས། སྣང་སེམས་ཡེ་གྲོལ་ ལྐུག་པ་ལ་སྤང་སྒྲེང་གི་སྤྲོ་མི་འདོགས། རིག་པ་ཐང་ཀ་གཅེར་བུ་ལ་སྤྲོས་པའི་གོས་མི་སྐོན་པར་ཤིགས་སེ་བུན་ནོ་ཁྲེས་སེ་རྗེས་མེད་མཉམ་པ་ཆེན་པོར་ཁོང་ཀློང་ནས། སྒོ་ལྔ་རང་བྱུང་ཡེ་གདངས་སུ་འཁྲོལ་དུ་འཇུག་པ་སྟེ། དེ་འང་ནང་རང་གསལ་ གྱི་ངོ་བོ་རིག་པ་རྗེན་ལ་བྱུང་ནས། དེའི་ངང་ནས་དྲན་བསམ་བཟང་ངན་ཅི་ཤར་ཡང་རིས་མེད་རང་བྱུང་ཡེ་ཤེས་ཀྱི་རང་གདངས་སུ་ཤེས་པས་རྗེས་མི་བསྙག་པར། སྣང་སེམས་ཁྲལ་མ་ཁྲོལ། སང་མ་སེང་། འལ་མ་འོལ་གྱི་ཡོ་ལང་དུ་རྒྱ་ཆམ་ ལ་བཏང་ན་ཀུན་དུ་བཟང་པོའི་དགོངས་པ་ཀློང་དུ་རང་ཤར་བ་སྟེ། ཀློང་དྲུག་ལས། སེམས་ཅན་ཀུན་གྱི་རང་སྣང་ཆེ། །གཞན་ནས་བཙལ་བའི་གནས་མེད་དོ། །རང་གི་མཐུ་ཡིས་རང་རིག་པས། །སྟོང་གསུམ་འཇིག་རྟེན་གང་ནས་ཀྱང་། ། དེ་ཉིད་བཙལ་ཀྱང་རྙེད་གནས་མེད། །འཇིག་རྟེན་ཀུན་གྱི་སྤྱོད་ཡུལ་ནི། །དེ་ཉིད་སྣང་བའི་རང་བཞིན་ལ། །སུས་ཀྱང་མཐོང་བ་མེད་པ་ཡི། །སྣང་བ་རང་རིག་བདེ་བའི་ཞིང་། །འདི་ལ་གོམས་པའི་རྣལ་འབྱོར་པས། །ཀུན་དུ་ བཟང་པོ་ང་ཡི་སྐུ། །སྐལ་དང་ལྡན་པ་འདི་ཡིས་མཐོང་། །ཅེས་པ་དང་། ཡང་། ཡུལ་ལ་རྐྱེན་རྟོག་རང་ཤར་ཚེ། །འདི་ཀུན་རང་བཞིན་མེད་ཤེས་ན། །སྣང་བ་ཐམས་ཅད་སྒྱུ་མ་འམ། །རྨི་ལམ་དང་ནི་གཟུགས་བརྙན་ལྟར། །མི་རྟོག་ བཟུགས་བརྙན་ཆེན་པོའི་ཉམས། །སུ་ཡི་རྒྱུད་ལ་ཤར་བ་དེ། ། | ||

= single volume MW8LS32770 = | = single volume MW8LS32770 = | ||

OCR of the BDRC scans (I8LS32893), gorn05 tibocr 2026: BDRC OCR on 849 pages, Mitra OCR on 523 pages (the model with more recognisable syllables on each page)

OCR of the BDRC scans (I8LS32893), gorn05 tibocr 2026: BDRC OCR on 849 pages, Mitra OCR on 523 pages (the model with more recognisable syllables on each page).

<div style="font-family:sans-serif;font-size: |
Volume I8LS32893

<span | [p. 946] བྱ་རྩོལ་ལས་འདས་པའི་ཡེ་སངས། བསྒོམ་ལས་འདས་པའི་ཡང་སངས། དམིགས་ པས་མ་ལས་འདས་པའི་གྲོལ་སངས། ཕྱོགས་འབྱམས་མིང་མེད་སངས་པར་ལ་བཟླ་བ། བལྟར་མེད་བལྟས་པ་མེད། ལྟ་བྱེད་མེད། བལྟས་པས་མི་མཐོང་། བསྒོམ་དུ་མེད། བསྒོམ་པ་བ་མེད། བསྒོམ་པ་ལས་འདས། བསྒོམས་ཀྱང་མི་གྲོལ། དཔྱད་དུ་མེད། དཔྱོད་པ་མེད། དཔྱད་མི་དགོས། དཔྱད་ཀྱང་དལ་བ་དོན་མེད། བསྒྲུབ་མི་དགོས། གྲུབ་ཟིན། བསྒྲུབ་ཏུ་མེད། བསྒྲུབས་ཀྱང་མི་འགྲུབ། བསྒྲུབས་པ་ལ་དགོས་པ་མེད། བྱ་བ་མེད། བྱེད་པ་མེད། བྱས་ཟིན། བྱ་བ་ལས་འདས། བྱས་ཀྱང་ཚེ་ཆད། བྱ་མི་དགོས། ཆོས་ལ་བྱར་མེད། བྱས་པས་ཆོས་མི་ཡིན། མི་བྱ་བ་བསྒྲུབ་ཏུ་མེད། འཁོར་ བ་མི་སྤོང་། འདས་པ་མི་ལེན། བསྒྲུབ་པ་ཕྱོགས་གཞག །ཡེ་མཉམ་བྱས་གདལ། གཉུག་མེད་མེད་མེད། གང་སྣང་ས་ནས་གཞི་མེད་ཡེ་སངས་སུ་འདུག་པས་འཆིང་གྲོལ་འབད་རྩོལ་རང་ཞིག། གང་ཤར་ས་ནས་ཡེ་དག་རང་སྟོང་གདལ་བས་ཕྱམ་གཞག་རིས་མེད་ཕྱལ་བ། གང་སངས་ས་ནས་རྗེས་མེད་རང་དག་ཡེ་སྟེང་དུ་འདུག་པས་ཕྱམ་མཉམ་པར་མེད་བྱ་ལ་བར་འབད་རྩོལ་ཞིག་པའི་རང་སེམས་བྱ་ | ||
<span | [p. 947] སྣང་རྟགས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་སྟོང་ཡོངས་སྟོང་ཆེན་པོ། སྣང་སྟོང་བློས་སྟོང་ཆེན་པོ། དག་སྟོང་གྲོལ་སྟོང་ཆེན་པོ། ཡོད་མ་མྱོང་མེད་མ་མྱོང་། བདེན་མ་མྱོང་། བརྫུན་མ་ མྱོང་། འཁྲུལ་མ་མྱོང་གྲོལ་མ་མྱོང་། འཁོར་མ་མྱོང་། འདས་མ་མྱོང་། ཡིན་མ་མྱོང་མིན་མ་མྱོང་། སྣང་མ་མྱོང་སྟོང་མ་མྱོང་། ཐམས་ཅད་མཉམ་གདལ། ཁྱབ་པ་ཕྱམ་གདལ། ཡིན་མིན་ཕྱོགས་ གདལ། ཡོད་མེད་སྣང་གདལ། མི་གཡོ་མཉམ་གདལ། ལྷུན་མཉམ་མི་གདལ། ངང་མཉམ་གཞི་གདལ། ཡངས་པ། ཕྱམ་པ། སངས་པ། གྲོལ་བ། ཟད་པ། སྟོངས་པ། ཕྱམ་ཕྱལ་ཧར་སངས། ཁྱབ་གདལ་ཡེར་སངས། ལྷུན་མཉམ་དབྱིངས་སངས། དག་གདལ་མཉམ་སངས་མི་གཡོ། །མི་འགུལ། མི་གནས། མི་ལེན། མི་འགྲོ། མི་འོང་། མི་བསམ། མི་རྟོག །མི་དམིགས། མི་མཉམ། མི་འགྱུར་བ་སྟེ། སྔར་འཁྲུལ་མ་མྱོང་། ད་ལྟ་འཁྲུལ་པ་ལ་མི་གནས། མཐར་འཁྲུལ་མི་སྲིད། སྔར་གྲོལ་མ་མྱོང་། དེ་ལྟ་གྲོལ་བར་མི་འཇུག །མཐར་གྲོལ་མི་སྲིད། སྔར་འདས་པ་མེད། ད་ལྟ་ གནས་པ་མེད། མ་འོངས་པ་འབྱུང་དུ་མེད། རིས་མེད་ཕྱམ་སངས་སྟོང་པ། གནས་ལུགས་ཀྱི་གཞི་མེད། ཡིན་ལུགས་ཀྱི་ལམ་མེད། གྲོལ་ལུགས་ཀྱི་འབྲས་བུ་མེད། ལྟ་སྒོམ་གྱི་མིང་མེད། ཕྱོགས་ | ||
<span | [p. 948] ༄༅།། །།བཅིངས་པའི་ཉོན་མོངས་ལྔ། །ཡེ་ནས་རིག་པ་རང་ཤར་བར། །ལྷན་ཅིག་གནས་པ་ཞལ་མ་འཚོ། །ས་ཆུ་མེ་རླུང་འབྱུང་བ་བཞི། །ཡེ་ནས་རང་གི་ལུས་ཡིན་པར། །སུས་མ་ མཐོང་བ་མིག་རེ་རྟུལ། །ཡང་གསང་འདུས་པའི་མན་ངག་བཅུད། །བར་མཚམས་མེད་པར་རང་གྲག་པ། །གང་གིས་འདི་ཉིད་མ་ཐོས་པ། །རྣ་བའི་དབང་པོ་མེད་དམ་ཅི། །རང་གནས་དབྱིངས་དང་རིག་ པའི་དྲི། །བྲལ་བའི་སྐབས་མེད་རང་འཁོར་བ། །ཚོར་བ་མྱོང་བ་སྣ་འགགས་སེམ། །བཅུད་གསུམ་མན་ངག་གཅིག་དྲི་བའོ། །ཡེ་ནས་ལུས་སེམས་བཅུད་ཡིན་པ། །འདི་ཉིད་མ་མྱོང་ལྕེ་ཆད་དམ། ། སྣང་བ་རང་དག་ཁ་དོག་རྒྱན། །རང་གི་ལུས་དང་འབྲལ་མེད་པར། །ལུས་དང་གྲིབ་མ་བཞིན་དུ་ནི། །ཉིན་དང་མཚན་མོ་མེད་འདུག་པ། །སུས་ཀྱང་མ་རོག་ལུས་སེམས་སེམ། །སྡུག་བསྔལ་ཕྱལ་འདེབས་བདེ་ བའི་ཆོས། །བརྗེད་པ་མེད་པར་རང་གནས་པ། །སུས་མ་ཤེས་པ་བློ་དེ་རྡུལ། །འཁོར་བའི་བག་ཆགས་ཡང་བརྩེགས་པ། །ཡེ་ནས་ཆོས་ཀྱི་སྐུར་འདུག་པ། །གང་གིས་མ་མཐོང་སྙིང་རྗེའི་གནས། །དབང་པོ་བདག་ རྟོག་ཡུལ་ཤར་ནས། །དྲན་བསམ་འགྱུ་བ་སྣ་ཚོགས་རྣམས། །ཡེ་ནས་ལོངས་སྐུར་རང་ཤར་བ། །འདི་ཀུན་མ་དྲན་བརྗེད་རེ་བས། །བྱ་བྱེད་སྤྱོད་པ་རྩོལ་སྒྲུབ་དང་། །སྐྱེ་བོ་འདུས་པའི་ཅ་ཅོ་ཀུན། །ཡེ་ནས་སྤྲུལ་པའི་ | ||
<span | [p. 949] བ་མེད་པར་ཁོང་ངལ་བས། རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་སུ་ཆོས་ཐམས་ཅད་ཡེ་ནས་རང་ཤར་རོ་ཞེས་རང་གིས་རྟོགས་པའི་དོན་ལུང་དང་སྦྱར་བ་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། རང་བཞིན་ རྫོགས་པ་ཆེན་པོ་ཡི། །དོན་ཀུན་བློ་ཡི་དཀྱིལ་དུ་ཚུད། །མི་སྣང་ཡུལ་མེད་རྟོག་པ་ཡང་། །མ་བཅད་རང་ས་ཉིད་དུ་ཆོད། །འཁྲུལ་མ་མྱོང་བའི་མ་རིག་བརྩད། །མ་བརྟགས་ཡེ་ནས་ཆོས་ནས་འདུག །གོང་དུ་ འདི་ཀུན་སུས་མཚོར། །རགས་པའི་འབྱུང་བ་འདི་ཀུན་ཡང་། །ཐོག་མ་ཉིད་ནས་རང་དེངས་པར། །འགྲོ་བའི་གནས་མེད་རང་སོང་བས། །རང་ལུས་ཡེ་ནས་མེད་པར་ནི། །སྔ་ཕྱི་མེད་པར་འདིར་ཡང་རིག། འདི་ཀུན་དུས་མེད་ཡང་དུས་པས། །གཅིག་དང་གཉིས་དང་དྲུག་གསུམ་གྱིས། །སྣང་མེད་སྣང་དང་ཡིད་ཕྱེད་སྣང་། །མི་སྣང་མཛད་པའི་རང་སྒྲར་ཡང་། །ས་འཛིན་ས་ལས་འདས་པར་ནི། །ཡེ་ནས་ འདུག་པ་སུས་མ་ཚོར། །བགྲོད་དུ་ཡེ་ནས་མེད་པ་ཡི། །ལམ་ཞིང་ཡེ་ནས་ཉེ་བར་ནི། །འདི་ཡང་རང་དེ་ལས་ཡེ་འདུག་པ། །སྔར་མ་མཐོང་སྟེ་རང་རིག་རྡུལ། །མི་གནས་བསམ་གཏན་དགོངས་པ་ནི། །བསྒོམ་ པ་མེད་པར་ཡེ་འདུག་པ། །འདི་ཡང་གང་གིས་སྔར་མ་རིག །བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ཉིད་ལ། །འདི་ཀུན་རང་གིས་རང་སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག །བདག་རྟོག་ | ||
<span | [p. 950] ༄༅། །སྤྱོད་པ་ལོག །མ་བཙལ་བཞག་པས་བསྒོམ་པ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་མ་ མྱོང་བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློས་བརྟགས་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཡོངས་ལ་ཁྱབ་པས་གཞན་འབྱུང་འགགས། ། རང་ཤར་ཡིན་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་ཕྲད་པས་སྤྲུལ་སྐུར་བྱུང་། །རྟོགས་སུ་ཡོད་པས་ཐབས་སུ་བྱུང་། །བསམ་་་་་ འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །ཞེས་པ་དང་། ཡང་། ས་དང་ཕྱོགས་དང་རིས་ལས་འདས། །ཡོད་དང་མེད་དང་ལྟར་སྣང་མེད། །སྒྲ་ཚད་རྣམས་ཀྱི་སྤྱོད་ཡུལ་ མིན༑ ༑གཅིག་དང་གཉིས་དང་བགྲང་ཡུལ་མེད། །སྟོང་པ་ཆེན་པོར་བབས་ཀྱིས་གྲུབ། །ལུང་དང་རིགས་པའི་སྤྱོད་ཡུལ་མིན། །རྒྱུད་དང་མན་ངག་གིས་མི་མཚོན། །ལྟ་དང་སྒོམ་དང་སྤྱོད་པས་ནི། ། དེ་ཡི་དོན་རྣམས་ཤེས་མི་འགྱུར། །དེ་དོན་འབྲས་བུར་གྲུབ་པ་མེད། །ཆོས་ཀྱིས་དེ་ཉིད་བསྒྲིབས་པར་འགྱུར། །བསམས་པས་འགྲུབ་པ་མ་ཡིན་ཏེ། །ཤེས་རབ་ཀྱིས་ཀྱང་དཔྱད་དུ་མེད། །སྦྱིན་དང་ | ||
<span | [p. 951] སྐུ་ཡིན་པར། །སུས་མ་ཤེས་པ་ཡོང་དེ་རྟུལ། །ཇི་ལྟར་བསམས་དང་དྲན་འགྱུས་པ། །ཆུ་བོའི་རྒྱུན་བཞིན་བར་མེད་པར། །རྟག་ཏུ་རང་གི་ཡིད་འཕྲོག་པ། །རྩོལ་མེད་རང་གཞག་སྒོམ་པར་ནི། །ཉམས་སུ་མ་ཆུད་ སེམས་རེ་ཡེངས། །སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང་། །གྲོང་ཁྱེར་རྒྱུན་གཅོད་ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། ། ཞེས་པ་དང་། ཐལ་འགྱུར་ལས། སྣང་བ་འཁྲུལ་པའི་རང་བཞིན་འདི། །ཡེ་ཤེས་ཡིན་པར་སྔར་མ་མཐོང་། །རྟོག་བཅས་འཁྲུལ་པའི་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་པའི་རང་ རྟོག་རྒྱུན་ཆད་དོ། །དེ་ལྟར་འཁྲུལ་མེད་སྣང་བ་ནི། །ཡེ་ནས་གྲོལ་བའི་གནད་ལས་བྱུང་། །འགྲོ་བའི་ཕུང་པོ་སངས་རྒྱས་སྐུ། །ཡེ་ནས་ཡིན་པར་སུས་མ་རིག །ཕུང་པོ་སངས་རྒྱས་མངའ་བདག་ཏུ། །རྩ་གནས་ ཡི་གེར་གྲུབ་ལས་བྱུང་། །ཆུ་བུར་མིག་ལ་ཡེ་ཤེས་ཉིད། །རང་སྣང་ཡིན་པར་སུས་མ་མཐོང་། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། རང་བཞིན་སྣང་བའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག ། གཟུང་འཛིན་མེད་པས་འཁྲུལ་པ་ལོག །འགྱུ་བ་མེད་པས་ཁམས་རླུང་ལོག །ཟང་ཐལ་ཡིན་པས་དངོས་པོ་ལོག །གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྟོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་ | ||
<span | [p. 952] ༄༅། །བསྒོམས་པས་ཡང་དག་ཉིད་མི་རྙེད། །རྙེད་ན་རང་རིག་མེད་པར་འགྱུར། །ཅི་ཕྱིར་རབ་རིག་ཡེ་ཤེས་ལ། །ཡེངས་དང་མ་ཡེངས་མེད་པའི་ཕྱིར། །གང་ལ་འཛིན་པ་ཡོད་པ་ལ།། རང་བྱུང་ཡེ་ཤེས་ཡོད་མ་ཡིན། །ཅེས་པ་དང་། ཡང་། དེ་ཡང་ཆོས་རྣམས་འདི་ལྟ་སྟེ། །སྐྱེ་བ་མེད་པས་འགག་པ་མེད། །འཛིན་པ་མེད་པས་རང་སར་གྲོལ། །དམིགས་པ་མེད་པས་སྤྲོས་པ་མེད། །བྱས་ པས་མ་བྱུང་ཀུན་ལ་ཡོད། །འདས་མ་བྱས་པས་རྣམ་དག་དབྱིངས། །འཛིན་པའི་ཐ་སྙད་ཆོས་དང་བྲལ། །རང་བཞིན་མེད་པས་བརྗོད་དང་བྲལ། །ཅེས་པ་དང་། ནོར་བུ་འཕྲ་བཀོད་ལས། ཧ་ཧ། ཆོས་མེད་ པ་ལས་ཆོས་ཉིད་འབྱུང་། །ཡུལ་མེད་པ་ལས་ཡུལ་ལྟར་སྣང་། །ཆོས་མེད་ཤེས་རབ་ཁོང་གསལ་བས། །དྲན་མེད་ཡུལ་དུ་མེད་པའོ། །ཞེས་པ་དང་། སེང་གེ་རྩལ་རྫོགས་ལས། འཛིན་ཆགས་མེད་ པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་མཆོག །སོ་སོར་རྟོག་དང་མཚན་མ་ཚིག་གི་ལམ། །བྱ་རྩོལ་མེད་པའི་ཆོས་ཉིད་རང་སར་དག །འུབ་ཆུབ་ཏིང་འཛིན་ ཆོས་ཉིད་ཡུལ་ལ་འཇུག །དག་དང་མ་དག་ཐ་སྙད་ཆོས་སུ་མེད། །གཅིག་དང་གཉིས་ལས་འདས་པའི་ཡེ་གནས་དོན། །རང་ལུས་ངང་དུ་ཐིག་ལེ་གཅིག་གིས་འུབ། །ཅེས་པ་དང་། ཀློང་དྲུག་པ་ལས། | ||
<span | [p. 953] ཚུལ་ཁྲིམས་བཟོད་པ་ཡིས། །ཇེ་ཉིད་གནོད་དང་ཕན་འབྲས་བྲལ། །ཐོས་དང་བསམ་དང་སྒོམ་པས་ནི། །མཆོག་ཏུ་བརྟགས་ཀྱང་དེ་མི་མཐོང་། །དེ་ལ་དཀྱིལ་འཁོར་ཡོད་པ་མིན། །ལྷ་མེད་བསྐྱེད་པའི་ས་བོན་ མེད། །སྔགས་དང་ཕྱག་རྒྱས་ཅི་ཞིག་བྱ། །མཆོད་པ་ལ་སོགས་སྤྲོ་མི་དགོས། །དབང་དང་དམ་ཚིག་ག་ལ་ཡོད། །བསྙེན་པ་དང་ནི་སྒྲུབ་པ་མེད། །འཁོར་ལོ་སྤྲོ་བ་ཡོད་པ་མིན། །བསྲུང་བ་མེད་ཅིང་བསྲུང་ཡུལ་ མེད། །གདོན་དང་གནོད་པའི་ཡུལ་ལས་འདས། །ཞེས་པ་དང་། རང་ཤར་ལས། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་དང་སྒོམ་དང་སྤྱོད་པ་མེད། །འོན་ཀྱང་ལེགས་བསྟན་ཡིད་ལ་ཟུང་། །བསྒྲུབ་མེད་རྩལ་ སྦུགས་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །བྱ་བ་དང་ནི་བྱེད་པ་ག་ལ་ཡོད། །སྤྱོད་པ་མེད་པའི་ཆོས་ཉིད་རང་བྱུང་འདི། །གང་གི་ཕྱོགས་སུ་མ་ལྷུང་ནམ་མཁའ་བཞིན། །ཡོད་པ་ མ་ཡིན་སྟོང་པ་གཅིག་པུ་ཉིད། །མེད་པ་མ་ཡིན་ཡང་དག་བདེ་བའི་སྐུ། །བྱས་པ་མ་ཡིན་རང་བྱུང་རྟོག་མེད་ཉིད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །བསྒོམ་པའི་ཆོས་ཉིད་ག་ལ་ཡོད། །བཏང་དང་བཞག་ པ་མེད་པའི་ཆོས། །བསྒོམས་དང་མ་བསྒོམས་མཐའ་ལས་གྲོལ། །འཛིན་མེད་སེམས་ཀྱི་དྲི་མ་མི། །ཡང་དག་རིག་པ་དྲི་མ་མེད། །དྲི་མེད་དག་པའི་ཆོས་སྐུ་ལ། །བསྒོམ་དང་བསྒོམ་པར་བྱ་བ་མེད། ། | ||
<span | [p. 954] ༄༅། །ཡིན་སྣང་བའི་ཕྱོགས་དང་བྲལ། །བློ་ལ་མ་ཡིན་ཐོགས་མེད་ཕྱོགས་བཅུར་ཁྱབ། །རྩོལ་བ་མ་ཡིན་རྩོལ་སྒྲུབ་ཆོས་དང་བྲལ། །གཅིག་བུ་མ་ཡིན་དུ་མའི་ཆོས་དང་བྲལ། །ཕྱི་ དང་ནང་མེད་ཕྱི་ནང་མེད་བར་གསལ། །ཅེས་པ་དང་། བྱེན་མོང་གི་གསང་བ་སྒྱུ་འཕྲུལ་ལས་ཀྱང་། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། ། སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་ཙམ་ཉིད་ནས་གནས་པ་མེད། །ཨེ་མ་ངོ་མཚར་རྨད་ ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ནས་འགྲོ་འོང་མེད། །ཅེས་པ་དང་། དཀོན་མཆོག་ཏུ་ལ་ལའི་མདོ་ལས་ཀྱང་། དེ་བཞིན་གཤེགས་པ་ རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །གྱིས་པའི་བློ་ཅན་མཚན་མར་འཛིན་བས་ན། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་པ་དང་། ཏིང་ངེ་འཛིན་རྒྱལ་པོའི་ མདོ་ལས་ཀྱང་། །ནམ་ཞིག་འཇིག་རྟེན་ཁམས་འདི་བྱུང་བ་དང་། །བྱུང་ནས་ཞིག་སྟེ་སྟོང་པར་གནས་པ་ན། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་ | ||
<span | [p. 955] མཐའ་མེད་དབུས་སུ་དམིགས་པ་མེད། །བསམ་པ་མེད་ཅིང་ཡུལ་རྣམས་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཆོས་མེད་བཏགས་པ་ཀུན་ལས་འདས། །དགྲ་མེད་བཤེས་ཀྱང་ཡོད་པ་མིན། །ལུས་མེད་རབ་ད་ པོར་སྣང་བ་མེད། །ཆོས་ནི་བསམས་པས་མི་སྣང་སྟེ། །གང་མེད་གང་དུ་འཛིན་པ་མེད། །ང་མེད་ང་ཡི་འཁོར་ཀྱང་མེད། །དབྱིངས་མེད་རིག་པའི་སྐུ་ཡང་མེད། །དགེ་མེད་སྡིག་པའི་རྣམ་སྨིན་མེད། །སྲོད་མེད་ བཅད་པའི་དམིགས་པ་མེད། །ཚོགས་མེད་བསག་པའི་ཡུལ་ཡང་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །གནས་མེད་སྟོང་པ་ཉིད་ཀྱང་མེད། །ཅེས་པ་དང་། ཀུན་དུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། བྱང་ ཆུབ་སྙིང་པོ་གོལ་སྒྲིབ་མེད་པ་ལ། །གོལ་དང་སྒྲིབ་པར་འཛིན་པར་ག་ལ་ཡོད། །གོལ་མེད་སྒྲིབ་པ་ཐམས་ཅད་ཡོངས་ཀྱིས་མེད། །ཆོས་ཀྱི་སྐུ་ནི་སྒྲིབ་དང་བྲལ་བ་ལ། །གོལ་སྒྲིབ་གཉིས་སུ་འཛིན་པ་ཉོན་རེ་ མོངས། །ཆོས་སྐུ་མ་སྐྱེས་རང་ལས་བྱུང་བ་ལ། །གཞན་ནས་འོང་དུ་རེ་བ་ཡོད་རེ་འཁྲུལ། །སྐྱེ་མེད་བསམ་དང་བྲལ་བའི་རིག་པ་ལ། །ཚིག་དང་ཡི་གེར་བསྟན་པ་རེ་རེ་བརྒྱལ། །ཅེས་པ་དང་། ཡི་གེ་མེད་ པ་ལས། བྱས་པ་མ་ཡིན་བྱེད་མཁན་ག་ལ་ཡོད། །བཅོས་པ་མ་ཡིན་བཅོས་པའི་བདག་པོ་མེད། །ལྟ་བ་མ་ཡིན་ལྟ་བྱེད་ཆོས་དང་བྲལ། །མཐོང་བ་མ་ཡིན་མཐོང་བྱེད་རྣམ་པར་གསལ། །སྣང་བྱེད་མ་ | ||
<span | [p. 956] ༄༅། །པའོ༑ ༑དང་པོ་ལ་གཉིས་ལས། བྱུང་ས་ཕྱི་སྣ་ཚོགས་ཡུལ་དུ་སྣང་བ་དང་། ནང་ཕུང་པོ་གཟུགས་སུ་སྣང་བ་སྟེ། སེམས་དེ་གཉིས་གང་རུང་ལ་འཆར་དུས། ཕྱི་རུ་ཤར་ ན་ཕྱིའི་ཡུལ། ནང་དུ་ཤར་ན་ནང་གི་ལུས། ཚལ་པ་ཚལ་པར་ཕྱེ་ལ་རྡུལ་ཕྲན་ཆ་མེད་དུ་བརྟགས་པས། བྱུང་སའི་སྣང་ཡུལ་མེད་པར་མཐོང་དུས་དེ་ལས་སེམས་མ་བྱུང་བར་ངོ་ཤེས་པས་གཟུང་བ་ ཡུལ་དུ་འཛིན་པའི་རྟོག་པ་གཞི་མེད་རྩ་བྲལ་ཆེན་པོར་ཐག་ཆད། བྱུང་མཁན་ཤར་ར་འོ་ལ་ལའི་སེམས་དང་སེམས་བྱུང་ཁོ་རང་ལས་ཁོ་རང་བྱུང་ན་སྐད་ཅིག་གི་ཤེས་པ་རྫས་གཉིས་སུ་འགྱུར་ལ། ཁོ་རང་ ལས་གཞན་ལས་མ་བྱུང་བར་དཔྱད་ཟིན་པས། ད་བྱུང་ས་དེ་རང་བྱུང་དུ་བྱུང་ངམ་སྙམ་ན། ཁ་དོག་དང་། དབྱིབས་དང་། རྟགས་དང་། མཚན་མ་དང་། ཆེ་ཆུང་དང་། ཕྱོགས་ཆ་ལ་སོགས་པ་ཅི་འདུག་ བརྟགས་པས་གང་དུའང་མི་འདུག་སྟེ། བློས་བརྟགས་པ་ཙམ་ཞིག་མེད་ཧར་སངས་ཡེ་དག་ཏུ་སོང་དུས། ན་ར་འཛིན་པའི་རྟོག་པ་གཞི་མོད་ནམ་མཁའ་ལྟ་བུར་རང་གིས་རྟོགས་པས། ཆོས་དང་ཆོས་ཉིད་དུ་ སྣང་བའི་གཟུང་འཛིན་ཐམས་ཅད་ཡུལ་མེད་རྟེན་བྲལ་ཆེན་པོར་དུས་དེའི་ཚེ་རྟོགས་པས། སེམས་དང་པོ་སྐྱེ་བ་མེད་པར་ཡེ་ནས་འདུག་པ་ལ་དེ་རིང་རྟོགས་པས་ཆོས་སྐུ་སྤྲོས་བྲལ་ཆེན་པོའི་དོན་ཁོང་དུ་ཆུད་པའོ། ། | ||
<span | [p. 957] པ་དང་། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། མ་རིག་ནམ་མཁའ་ཇི་བཞིན་ཏེ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །རྟེན་མེད་གནས་མེད་ལེན་པ་མེད། །སྤྲུལ་འདྲར་ཡོངས་སུ་ཤེས་པར་ གྱིས། །ཞེས་པ་དང་། གསང་འདུས་ལས། དངོས་པོ་འདི་རྣམས་མ་སྐྱེས་པ། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུར་བདག་མེད་པའི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་རྒྱ་ཆེར་གསུངས་ སོ། །གཉིས་པ་འཆིང་གྲོལ་གཉིས་སུ་མེད་པའི་རང་སེམས་སྟོང་པ་རྩ་བྲལ་ཆེན་པོར་ཐག་བཅད་པ་ལ་གཉིས་ཏེ། བྱུང་གནས་འགྲོ་གསུམ་གྱིས་བརྟགས་པས་སྤྱིར་བསྟན་པ་དང་། གཅིག་དང་ཐ་དད་ལ་བརྟགས་པས་བྱ་ བྲག་ཏུ་ངེས་པར་བྱ་བའོ། །དང་པོ་ནི། གཤིས་མཐའ་གྲོལ་ནམ་མཁའ་ལྟ་བུ་ཡིན་མོད་ཀྱི། །རང་གིས་ནང་དུ་མ་བརྟགས་ན་ཡིན་སྙམ་ཡིད་དཔྱོད་ལ་ལུས་པས་སྟོང་བསྒོམ་མུན་རྡོ་ལྟར་སོང་ནས། ཟང་ཐལ་རྗེན་པར་ མི་རྟོགས་པས་འཁོར་འདས་ཀྱི་ཤན་ཐང་མི་ཕྱེད་པའི་ཕྱིར། རྟོགས་པ་ངེས་ཤེས་སུ་འཆར་བ་ལ་སོ་སོར་རྟོག་པའི་ཤེས་རབ་དགོས་ཏེ། ཡི་གེ་མེད་པ་ལས། རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང་། ཆོས་ཀྱི་སྐུ་ མན་ངག་ལ་ཐུག་ཅེས་གསུངས་པས། འདིར་བླ་མའི་མན་ངག་གིས་རྟོགས་པར་བྱ་བ་ལ་གསུམ་སྟེ། བྱུང་ས་ཁྱུང་མཁན་ལ་བརྟག་པ། གནས་ས་གནས་མཁན་ལ་བརྟག་པ། འགྲོ་ས་འགྲོ་མཁན་ལ་བརྟག་པ། | ||
<span | [p. 958] ༄༅། །ཏུ་གྱུར་པ་ནི་སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་སོ་ཞེས་པའི་བར་དུ་གསུངས་སོ། །གཉིས་པ་གཅིག་དང་ཐ་དད་ལ་བརྟག་པ་ནི། སེམས་ཀྱི་ཁང་བུ་བཤིག་པའི་མན་ ངག་སྟེ། དེ་ཡང་སེམས་ཞེས་བྱ་བ་འདི་ཡོད་ན་རྒྱུ་ཅི་ལས་བྱུང་བ་དང་། མེད་ན་འགྱུ་བ་དང་དྲན་ཤེས་ཀྱི་འཁོར་ལོ་འདི་ཅི་ཡིན་པ་དང་། དྲན་ཤེས་ཀྱི་རྣམ་པ་འདི་དག་རྐྱེན་གང་ལ་བརྟེན་ནས་བྱུང་བ་དང་། རྐྱེན་ མེད་ན་དྲན་ཤེས་གློ་བུར་བ་འདི་དག་མི་རིགས་པ་དང་། གལ་ཏེ་སེམས་འདི་ལུས་དང་གཅིག་ཏུ་ཡོད་ན་ལུས་འཇིག་དུས་སེམས་ཀྱང་འཇིག་པར་འགྱུར་བ་དང་། མེད་ན་རྗེས་སུ་འགྲོ་ལྡོག་མ་ངེས་པས་ལུས་ཀྱི་ན་ཚ་ སེམས་ཐོག་ཏུ་འོང་བ་དང་། སྐྱེ་བ་སྔ་ཕྱིའི་འཁོར་ལོ་འོང་བར་མི་རིགས་པ་དང་། སེམས་ཞེས་བྱ་བ་འདིར་གཅིག་ན་ནི་འགྲོ་བ་གཅིག་གི་དབང་པོ་འགགས་པས་འགྲོ་བ་གཞན་ཡང་འཆི་བར་རིགས་པ་དང་། གཅིག་ མིན་ན་འགྲོ་བའི་གཟུགས་ཐ་དད་པ་ལྟར་འགྲོ་བའི་སེམས་དངོས་པོ་ཐ་དད་པར་རིགས་པ་དང་ཐ་དད་ན་ལུས་གཅིག་གི་ནང་ན་སྲིན་བུ་ལ་སོགས་པའི་སྲོག་ཆགས་དེ་ཀུན། སྐྱེས་བུ་གཅིག་ཚེའི་དུས་བྱས་དུས་འཚོ་ བ་རིགས་པ་དང་། གལ་ཏེ་གཅིག་ཡིན་ན་ལུས་གཅིག་ལ་ཕྱི་ནང་གི་སེམས་ཅན་དཔག་ཏུ་མེད་པ་འོང་བ་འདི་ཅི་ཡིན་པ་དང་། གལ་ཏེ་སེམས་པ་འདི་ལ་ལྡོག་ས་ཡོད་ན། དང་པོ་རྒྱུ་ཡོད་དགོས་པས། རྒྱུ་ཡོད་ན་ | ||
<span | [p. 959] གཉིས་པ་བར་དུ་གནས་ས་དང་གནས་མཁན། གསུམ་པ་ཐ་མར་འགྲོ་ས་དང་འགྲོ་མཁན་གཉིས་ཀྱང་དེ་ཁོ་ན་ལྟར་བཤིག་ནས་བརྟགས་པས། ལོངས་སྐུ་རང་གསལ་ཆེན་པོ་དང་། སྤྲུལ་སྐུ་རང་གྲོལ་རང་ཤར་གྱི་དགོངས་ པ་ལ་རེག་སྟེ། ཕྱི་ནང་ཡུལ་མེད་རིག་པ་རྟེན་མེད། གཟུང་འཛིན་གཞི་མེད། དགོངས་པ་བར་མེད་མཉམ་པའི་དོན་ཁོང་དུ་ཆུད་ནས། མ་བསྒོམས་ཆུ་བོ་རྒྱུན་གྱི་བསམ་གཏན་རང་སངས་མཉམ་པ་ཆེན་པོར་ཁོང་ནས་འཆར་ བ་ནི། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང་། །བར་དུ་གནས་ས་ཐ་མ་འགྲོ། །དེ་ལྟར་གསུམ་ལ་བརྟགས་དཔྱད་པས། སེམས་སྦྱངས་སེམས་ཀྱི་གནས་ལྕགས་ཤེས། །ཞེས་སོ། །དེའི་ཚེ་ཕྱི་ཡུལ་དུ་ སྣང་བ་ཐམས་ཅད་མེད་ལ་སྣང་བ་གཞི་མེད་སང་སང་། ནང་སེམས་སུ་རྟོག་པ་ཐམས་ཅད་ཤར་གྲོལ་རྗེས་མེད། སྣང་སེམས་འབྲེལ་མེད་ཟུང་ཐལ་ཆེན་པོར་མཐོང་བས་ཆོས་ཟད་ཀྱི་དགོངས་པ་བློ་ཟད་ལ་ཤར་བ་ཞེས་ བྱའོ། །འདི་དག་འཕགས་པ་དཀོན་མཆོག་བརྩེགས་པར་གསུངས་ཏེ། འོད་སྲུངས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་རྩོམ་པ། སེམས་དེ་ནི་ཕྱིན་ ཡང་མི་དམིགས། ནང་ན་ཡང་མི་དམིགས། དེ་གཉིས་ཀའི་བར་ན་ཡང་མེད་ཅིང་མི་དམིགས་ཏེ། སྔོན་པོར་མ་ཡིན། སེར་པོར་མ་ཡིན་ཅེས་བྱ་བ་ལ་སོགས་པ་ནས། དེ་ལ་བརྩོན་འགྲུས་རྣམས་ཀྱི་ནང་ནས་མཆོག་ | ||
<span | [p. 960] ༄༅། །འཁོར་འདས་ཐ་དད་པ་ལྟར་སེམས་ཀྱང་ཐ་དད་པར་འགྱུར་ལ། གལ་ཏེ་ཐ་དད་ན། ལུས་སེམས་ཐ་དད་པ་བཞིན་དུ་དྲན་བསམ་གྱི་རིགས་གཅིག་ཏུ་འདུ་བའི་འདོད་པའང་ཐ་དད་དུ་ མར་འགྱུར་བ་ལས། རིགས་གཅིག་ཏུ་འདུ་བས་ཤེས་སོ། །ཡང་སེམས་ལ་རྒྱུ་མེད་ན་སེམས་འདི་དག་མི་རིགས་སོ་ཞེ་ན། འདི་དག་ནི་སེམས་ཀྱི་རྒྱུ་ལས་བྱུང་བ་མེད་དེ་བློ་མ་ཡིན་པས། སེམས་ལས་བྱུང་བ་མ་ ཡིན་ན་སེམས་འདི་ཉིད་དུ་གནས་པ་ཙམ་ལ་མ་རྟོགས་པ་མེད་དོ། འདི་དག་ནི་སྐྱེ་བ་དང་། འཆི་བ་དང་། གནས་པ་ལ་སོགས་པ་ཟད་པ་ཡང་མ་ཡིན་ལ། འཕེལ་བ་ཡང་མ་ཡིན་པས་ན། ལུང་ལས། མ་རིག་ འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། ཅེས་པ་ཇག། ཡང་། སེམས་ཅན་ཁམས་ཀྱི་རང་བཞིན་དེ་ཡང་ཕ་མཐའ་མེད། ཅེས་གསུངས་པས་སོ། །དེ་ལྟར་རྒྱུ་མེད་པས་སེམས་ལ་འཕེལ་བ་མེད་པར་ ཤེས། འཕེལ་བ་མེད་པས་སྐྱེ་བ་མེད་པར་ཤེས། སྐྱེ་བ་མེད་པས་འཆི་བ་མེད་པར་ཤེས། དེ་ཤེས་པས་ལས་ལ་བཟང་བར་མེད་པར་ཤེས་ཏེ། སྡུད་པ་ལས། ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ ཡིན་ཏེ། ཞེས་སོ། །དེ་ལྟར་ཡི་གེ་དོར་བ་ནས་རང་དག་མེད་པར་ཤེས་པས་ན། གནོད་ནས་དག་པས་སེམས་ཅན་སྐྱེ་བར་ག་ལ་འགྱུར། ཅེས་འབྱུང་བ་ཡིན་ནོ། །དེ་ཡང་སེམས་ལ་རྐྱེན་མེད་པ་སྟེ། ཡོད་ | ||
<span | [p. 961] འདས་བྱས་མི་རྟག་པས་སྤར་འཇིག་པས་ལས་ལ་བཟང་ངན་མེད་པར་རིགས་པ་དང་། ལྡོག་པ་མེད་ན་ནི་སེམས་ཅན་གྱི་ཕུང་པོ་དཔག་ཏུ་མེད་པ་འདི་དག་འོང་བར་མི་རིགས་པ་དང་། སེམས་དེ་སྣ་ཚོགས་པ་ཡིན་ན་ནི་ འགྲོ་བ་ལ་རང་གཞན་གྱི་རྟོག་པ་ཐང་ཅིག་ཏུ་འོང་བར་མི་རིགས་པ་དང། ཕུན་ཚུན་འཆོལ་བས། རང་རྒྱལ་བ་དང་། མ་ཤི་བ་དང་། སྡུག་བསྔལ་མེད་པ་དང་། འཁོར་དང་ལོངས་སྤྱོད་ལ་སོགས་པ་ལྡན་ན་དགའ་བ་ དང༑ གཞན་ཕམ་པ་ལ་སོགས་པ་ཀུན་འདུ་ཤེས་མཐུན་པར་འོང་བ་མི་རིགས་པ་དང་། གལ་ཏེ་ཐ་དད་པ་ཡིན་ན་ནི། འགྲོ་བ་མང་པོ་ཡོད་པས། འགའ་ཞིག་ལ་གཞན་དང་མཐུན་པར་རུང་འདམ་པར་དགའ་ བ་ལ་སོགས་པ་འོང་བར་རིགས་པ་དང་། གཅིག་ཁོ་ནར་སེམས་པ་ཡིན་ན་ནི་གཅིག་ཤི་བས་ཀུན་ཤི་བའམ། གཅིག་སྐྱེས་པས་ཀུན་སྐྱེ་བར་རིགས་ཕའམ། དེ་ལྟར་རྣམ་པ་དུ་མའི་སྒོ་ནས་རང་གི་སེམས་ལ་ གཅིག་དང་ཐ་དད་ཀྱི་རྒལ་བས་བརྟགས་ཏེ་བཙལ་བས། གང་ཡང་མ་རྙེད་པ་ནི་ཆོས་ཉིད་ཀ་ནས་དག་པའི་དོན་ཤེས་རབ་ཀྱི་དབང་པོས་རྟོགས་པ་སྟེ། སེམས་ལ་རྒྱུ་མེད་དེ་ལྡོག་མི་སྲིད་པས་ལས་ཀྱི་བསགས་པ་ ལ་མཐའ་མེད་པར་ཡིད་ཆེས་པ་དང་། སེམས་ལ་རྒྱུ་ཡོད་ན་འབྲས་བུ་འོང་དགོས་ཏེ། འབྲས་བུ་འཁོར་བ་ཡིན་ན་མ་དག་པས་གྲོལ་མི་སྲིད། འདས་པ་ཡིན་ན་འཁོར་བ་འོང་བར་མི་རིགས། གཉིས་ཀ་ཡིན་ན། | ||
<span | [p. 962] ༄༅། །ཡིན་ཏེ། །ཁྱོད་ཀྱིས་ཆོས་རྣམས་ཐམས་ཅད་ནི། །སྒྱུ་མ་འབྱུང་བ་བཞིན་དུ་བསྟན། །ཅེས་པ་དང་། རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཅེས་པས་སོ། །ཀུན་བྱེད་ལས་ཀྱང་། རྒྱུ་དང་རྐྱེན་ མེད་ཞི་བ་མཆོག་གི་ལམ། །ཞེས་པ་ལ་སོགས་པ་བཤད་དོ། །དེའི་ཕྱིར་སེམས་ཡོད་ན། དངོས་པོ་གཟུགས་ཅན་དུ་ཡོད་དམ། གཟུགས་མེད་དུ་ཡོད། གཟུགས་ཅན་དུ་མེད་དེ་ཡོད་ན་དབང་པོའི་མངོན་སུམ་ ལ་བལྟར་རུང་བ་ལས་བལྟར་རུང་མ་དམིགས་པའི་མངོན་སུམ་ཚད་མས་གསལ་ལོ། །གཟུགས་མེད་དུ་ཡོད་ན་ཅིས་ཤེས། འགྱུ་བས་ཤེས་སོ་ཞེ་ན། འགྱུ་བ་དེ་ཁ་དོག་དང་ཕྱོགས་ཆ་དང་། འདས་མ་འོངས་ ད་ལྟ་གསུམ་ཕྲད་པ་བརྟགས་པས་མ་གྲུབ་སྟེ། འགྱུ་བ་སྔ་མ་དང་ད་ལྟའི་འགྱུ་བ་ཕྲད་ན་ཕྲད་ཆའི་དྲན་བསམ་སྔ་མ་དེ་ད་ལྟ་མ་འགགས་པར་ཡོད་དགོས་ལ། ཡོད་ན་སྔ་མ་ཡིན་པར་འགལ་ཞིང་། ད་ལྟའི་སྔ་ མ་དང་ཕྲད་ཆ་དེ་འགགས་པར་ཐལ་ཞིང་མ་ཕྲད་ན་ད་ལྟའི་དྲན་བསམ་རྒྱུ་མེད་འགྱུ་བར་མི་རིགས་པར་ཐལ་བས་ཁེགས་སོ། །འགྱུ་བ་ནི་གཅིག་ཡིན་ནམ་ཐ་དད་ཡིན། གཅིག་ན་སྣ་ཚོགས་པར་འགྱུ་བ་ཉམས་ ལ༑ ཐ་དད་ན་འགྱུ་བྱེད་གཅིག་ཡིན་པ་ཉམས་སོ། །དེས་ན་སེམས་ཡོད་པར་མ་གྲུབ་སྟེ། རྩ་བྲལ་ནམ་མཁའ་འདྲ་བར་རྟོགས་པས། སྐྱེ་བ་དང་སྐྱེ་གཞི་མེད་པས་ལྡོག་པའི་ས་མེད་དོ། །ནམ་མེད་ན་དྲན་ | ||
<span | [p. 963] ན་སྣང་བ་སྣ་ཚོགས་སུ་སྣང་བ་བཞིན་དུ་སེམས་ཀྱང་རྐྱེན་གྱིས་ཁ་དོག་ལ་སོགས་པ་སྣ་ཚོགས་སུ་འགྱུར་ལ། སེམས་ཐ་དད་དུ་སོང་བས་དྲན་བསམ་གཅིག་ཏུ་མི་རིགས་ལ། སེམས་ལ་རྐྱེན་ཡོད་ན་གཏན་ འཇལ་པར་འགྱུར་བས། སེམས་ཀྱི་ལས་འབྲས་མེད་པར་ཐལ་བ་དང་། སེམས་ཞིག་ཀྱང་དེའི་ལས་ཡོད་ན། ཧ་ཅང་འགལ་ཏེ། ལུས་ཀྱི་ཁ་འོག་དང་སྐྱེ་མཆེད་ལེགས་ཉེས་ཀུན་ལུས་ཞིག་ཀྱང་གནས་སོ་ ཞེས་བརྗོད་པ་དང་མཚུངས་སོ། །དེས་ན་སྐྱེ་མ་ལྟ་རྩིག་ནས་ཐེ་ཚོམ་གྱིས་གསལ་ལོ། །རྐྱེན་མེད་ན་ད་ལྟ་དྲན་བསམ་སྣ་ཚོགས་པ་འདི་ཅི་ལས་བྱུང་ཞེ་ན། ད་ལྟའི་དྲན་བསམ་འདི་རྐྱེན་ལས་བྱུང་བ་མ་ཡིན་ཏེ། གློ་ བུར་བ་མང་བ་གི་རྨི་ལམ་གྱི་ནོར་བུ་སྙིང་པོ་ལ་དགའ་བ་དང་བདེན་པར་འཛིན་པ་ལས། སེང་དུས་ཅི་ཡང་མེད་པ་ལྟར། ད་ལྟའི་དྲན་བསམ་ཡང་བདེན་པར་བཟུང་ནས་ཞེན་རུང་དེའི་རྗེས་ལ་ཅི་ཡང་མེད་པས་གནས་སྐབས་ ཀྱི་བདེན་བརྫུན་ལྟར་སྣང་བ་ལས་སྦྱང་པ་མེད་དོ། །དཔེར་ན་ནམ་མཁའི་སྤྲིན་སྣ་ཚོགས་གློ་བུར་བུ་འཁྲིགས་པ་དེ་གང་སོང་ཆ་མེད་གློ་བུར་དུ་ཡལ་བ་དང་འདྲ་བས། སྤྲིན་དེ་ནམ་མཁའ་ལ་མེད་ཀྱང་དེའི་ངང་ན་སྣང་ བ་ལྟར། རྐྱེན་དང་རྒྱུ་སེམས་ལ་མེད་ཀྱང་དུས་དང་སྣང་འདྲ་དུས་སུ་རྐྱེན་མེད་དེ་གཅིག་དང་དུ་མ་དང་དུས་གསུམ་གྱི་བརྟགས་པས་མེད་པར་ངེས་ཏེ། རྩ་བ་ཤེས་རབ་ལས། ས་བོན་ཞིག་དང་མ་ཞིག་ལས། །མྱུ་གུ་སྐྱེ་བ་མ་ | ||
<span | [p. 964] ༄༅། །སངས་རྒྱས་མིང་ཙམ་དུ་ཡང་མེད་དེ། འབྲས་བུ་ལ་རེ་བར་འཛིན་པའི་བློ་ལྡོག །དེ་ལོག་པས་ལམ་འབད་རྩོལ་དུ་བྱེད་པའི་ཆོས་མེད་དེ། །དེས་ན་མེད་པའི་ཆོས་ལ་ཅི་ཡང་ མེད་པས་འཁོར་འདས་སུ་བཏགས་པ་མིང་ཙམ་ལས་དོན་ལ་མ་རྙེད་པ་ལ་གྲོལ་བའི་ཚད་ཅེས་བྱའོ། །དེའི་ཕྱིར་ན་སེམས་ཉིད་མེད་པ་ལ་ཅི་ཡང་མེད་པས། སེམས་ལ་རྒྱུ་མཚན་མེད་པས་བལྟར་མེད་ལ། དེ་ལྟར་མེད་པའི་ངོ་སྤྲད་པ་བཞི་སྐོར་ལ། ཆོས་ཚན་བཅུ་དྲུག་ཏུ་རིག་པ་ནི། སེམས་ཀྱི་ཁང་བུ་བཤིག་པ་སྟེ། དཔེར་ན་བྱིས་པའི་ཁང་བུ་བརྩིགས་ཀྱིན་འཇིག་པ་དང་འདྲའོ། །དེ་ཡང་བྱ་བས་བྱ་བ་འཇིག་པ་ ལྕགས་ཀྱིས་ལྕགས་འཇིགས་དང་འདྲ་ལ། མི་རྟག་པས་མི་རྟག་པ་འཇིག་པ་སྒྱུ་མའི་མེས་སྒྱུ་མའི་གྲོང་ཁྱེར་བཅོམ་པ་ལྟ་བུ་དང་། བྱས་པས་མི་རྟག་པ་འཇིག་པ་རྩོལ་རོ་བརྩིགས་པ་ལྟ་བུ་དང་། མི་རྟག་ པས་བྱས་པ་འཇིག་པ་རིག་པར་ལྟར་བས་མ་རིག་པ་སྔ་མ་འཇིག་པ་ལྟ་བུའོ། །དེ་ལྟར་ན་སེམས་ཀྱིས་སེམས་བཤིག་པས་གཉིས་ཀ་རྗེས་མེད་དུ་ཞིག་པ་ཆུ་ལ་ཡི་གེ་བྱས་པ་ལྟ་བུ་དང་། མེད་པས་མེད་པ་ བཙལ་ཡང་མི་རྙེད་པ་དབུལ་པོའི་ཁྱིམ་ན་ཡིད་བཞིན་གྱི་ནོར་བུ་མེད་པར་བཙལ་ཀྱང་རྙེད་པའི་གནས་མེད་པ་དང་འདྲ་བར། སེམས་མེད་པ་ལ་གཞིག་པའི་གནས་མེད་པ་ནི། དཔེར་ན་གྲྭ་རྡབ་པའི་ཚེ་ཆུ་ལ་ | ||
<span | [p. 965] བསམ་སྔ་ཕྱིའི་བར་དུ་ངོ་སྤྲད་པས་དེར་ཡལ་བས་སེམས་ལ་གཞི་མེད་པར་ངོ་ཤེས། དེ་ཤེས་པས་ལྡོགས་མེད་པར་ཡིད་ཆེས། དེ་ཤེས་པས་ཁམས་གསུམ་མིང་མེད་ཆེན་པོར་ཐག་ཆོད། དེ་ཆོད་པས་ ལས་དགེ་སྡིག་གི་ཕན་གནོད་མེད་པར་བློ་བདེ་བའོ། །ཡང་སྣང་ཤེས་སྔ་ཕྱིའི་བར་དུ་ངོ་སྤྲད་བས། སེམས་ལ་རྒྱུ་དང་མཚན་ཉིད་དུ་མ་གྲུབ་པར་ངོ་ཤེས། དེ་ཤེས་བས་སེམས་ཉིད་སྟོང་པ་ལ་ངོས་གཟུང་མེད་ པར་ཡིད་ཆེས། དེ་ཆེས་པས་སེམས་ཞེས་རྒྱུ་རྐྱེན་ལས་མ་བྱུང་བར་ཐག་ཆོད། དེ་ཆོད་ཕས་དྲན་བསམ་གློ་བུར་གྱི་རྟོག་པས་ཕན་གནོད་མེད་པར་བློ་བ་དེ་བའོ། །ཡང་བློ་སྔ་ཕྱིའི་བར་དུ་ངོ་སྤྲད་པ་ལས། སེམས་ལ་རྩ་ བ་མེད་པར་ངོ་ཤེས། དེ་ཞེས་པས་སེམས་ཉིད་གཅིག་གི་ངོ་བོ་ལ་སྤྲོས་པ་ཐ་དད་མེད་པར་ཡིད་ཆེས། དེ་ཆེས་བས་བྱས་པའི་ཆོས་ཀྱིས་སངས་མི་རྒྱ་བར་ཐག་ཆོད། དེ་ཆོད་བས་སེམས་མེད་པའི་དོན་ལས་མ་ རྟོགས་པའི་ཆོས་ལོགས་པ་མེད་པས་བློ་བདེ་བའོ། །ཡང་ཆོས་ཉིད་སླ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་སྐྱེ་བ་མེད་པར་ངོ་ཤེས། དེས་ཤེས་པས་བག་ཆགས་ལུས་ཀྱི་ཀུན་གཞིས་མི་གནོད་པར་ཡིད་ཆེས། དེ་ཆོས་ པས་ད་སེམས་སྐྱེ་མི་སྲིད་པར་ཐག་ཆོད། དེ་ཆོད་པས་དེ་སེམས་ཀྱི་ཁང་བུ་ཞིག་སྟེ་ལྡོག་ཕ་དང་ལྡོག་རྟེན་མེད་པར་བློ་བདེ་བའོ། །དེ་ལྟར་སེམས་ཡས་པའི་དུས་བཞི་པོའི་ཚད་ཟིན་པས། སངས་རྒྱས་མེད་པས་ | ||
<span | [p. 966] ༄༅། །སྣང་བ་དེར་འཛིན་མེད་པས་ཡུལ་སེམས་གཉིས་མེད་ཀྱི་འབྲས་བུ་དང་། ཤེས་པ་གང་འགྱུས་ཀྱི་སྟེང་དུ་བཞག་པས། སེམས་ཀྱི་ཁང་བུ་རང་ཞིག་པས་འགྱུ་བ་རྟོག་སངས་ ཀྱི་འབྲས་བུ་དང་། དེ་ལྟར་བེམས་རིག་གཉིས་མེད་ཟུང་འཇུག་ཡེ་ཤེས་ཀྱི་ཡལ་ས་ངོས་ཟིན་པས་མེད་པའི་འབྲས་བུའོ། །དེ་ལྟར་འབྲས་བུ་གསུམ་གྱི་དུས་ཀྱང་ཡལ་དུས་ངོ་སྤྲད་པའི་གནད་བཞི་ལ། མེད་པའི་ཆོས་བཅུ་དྲུག་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེའང་གསང་ཆེན་ངེས་པ་སྙིང་ཐིག་གི་ཁྲེགས་ད་སེམས་ཡེ་མེད་རང་སངས། འགྱུ་བ་གློ་བུར་ཡེ་གྲོལ་དུ་ཤེས་པ་དང་། མན་ངག་གཞན་ དྲག་སེམས་དོན་དམ་དུ་མེད། ཀུན་རྫོབ་ཏུ་ཡོད་པར་བརླམས་ནས། ལྟ་སྒོམ་སེམས་ལ་ལམ་བྱེད་གཉིས། རང་གྲོལ་རང་ཤར་རང་གཞག་ཙམ་དུ་མིང་མཐུན་ཡང་། དོན་མི་མཐུན་ཏེ། འདིར་ཡེ་མེད་ དུ་བྱེད་པ་དང་། གཞན་དུ་ཡོད་པ་མེད་པར་འདོད་པས་སོ། །ཟུང་འཇུག་ཀྱང་། གཞན་དུ་ཡོད་པ་གཉིས་གཅིག་ལ་གཅིག་འབྲེལ་གྱི་ཟུང་འཇུག་འདོད་པ་དང་། འདིར་ཡེ་མེད་པས་ཟུང་དུ་འཇུག་རྒྱུ་མེད་ ལ༑ མེད་པའི་ངོ་བོ་ལ་ཐ་དད་རིས་སུ་མེད་པ་གཉིས་ཐ་མི་དད་པས་གཉིས་མེད་ཟུང་འཇུག་ཅེས་བྱའོ། །གནད་འདི་ནི་ཐེག་པ་ཀུན་ལས་རྩེ་མོར་གྱུར་པའི་གནད་ཁམ་ཡང་ཆེ་ལ་གལ་ཡང་ཆེ་བ་སྟེ། འདི་ | ||
<span | [p. 967] འཛིན་པའི་གནས་མེད་པ་དང་འདྲའོ། །དེའི་ཕྱིར་ན་སེམས་མེད་པའི་དོན་མ་ཤེས་པར། ལྟ་སྒོམ་སྤྱོད་པ་སེམས་ལ་འཚོལ་བ་ནི། བདེ་ཆེན་ཐར་པའི་བསྟན་པ་རྙེད་དུས་མེད་དེ། གྲུ་རྡིབ་པས་ཆུ་ལ་འཇུས་པ་ལྟར། སེམས མེད་པ་ལ་ཡོད་པར་རྟེན་བཅས་པ་དེ་ཉིད་ཀྱིས་སླུ་ཞིང་འཆིང་བར་ངེས་སོ། །ཀུན་དུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས་ཀྱང་། སྣང་བ་ཆོས་སྐུར་འདོད་པ་ང་ལ་སྒྲིབ་པ་ཡིན། །ཅིར་སྣང་སེམས་སུ་འདོད་པ་ང་ལ་སྒྲིབ་པ་ཡི་ན། རང་བྱུང་གཞན་ནས་འདོད་པ་ང་ལ་སྒྲིབ་པ་ཡིས། །ཅེས་སོ། །འོ་ན་སེམས་ཡལ་ཞེས་ཡོད་པ་དེ་མེད་པར་སོང་བ་མ་ཡིན་ནམ་ཞེ་ན། ཡལ་བ་ནི་སླར་བཞིན་དཔྱད་ན་མ་གྲུབ་པ་དང་། མ་དཔྱད་ནའང་གློ་བུར གྱི་དྲན་བསམ་གྱི་རྟོག་པ་ཡལ་བ་ལས། སེམས་རང་རྒྱུད་པ་ཡོད་ནས་མེད་པར་སོང་བ་མེད་དེ། ཡལ་རྒྱུ་དང་ཡལ་རྐྱེན་གང་དུ་ཡང་མེད་དོ། །འོ་ན་སེམས་ཀྱི་ཁང་བུ་བཤིག་པ་ལ་དགོས་པ་མེད་དེ་བཤིག་རྒྱུ་མེད པའི་ཕྱིར་རོ་ཞེ་ན། སེམས་ཡེ་ནས་མེད་པ་ལ། མེད་པའི་གནས་ལུགས་རྟོགས་པར་བྱེད་པ་ཙམ་ལས། སེམས་ཀྱི་ཁང་བུའི་གཞི་འམ་དངོས་པོ་ཡོད་པ་ནི་མིན་ཏེ། དྲན་ཕའི་ཁུངས་ཆོས་ཉིད་དུ་སོང་བས། མེད པ་གོ་བར་བྱས་པ་ལ། ཁང་བུ་བཤིག་ཅེས་ཐ་སྙད་དུ་བྱས་ཏེ། ཡོད་པ་བཤིག་པ་ནི་གང་ཡང་མེད་དོ། །དེའི་ཕྱིར་ན་ཐ་སྙད་ཀྱི་འབྲས་བུ་ཞེས་སྣང་བ་ཡུལ་གྱི་གནད་གང་སྣང་གི་སྟེང་དུ་བཞག་པས། བེམས་པའི | ||
<span | [p. 968] ༄༅། །ལམ་གྱི་བྱ་བྱེད་དང་སྒྱུ་མའི་བྱ་བྱེད་བཞིན་ནོ། །སྣང་བ་དང་འཆར་བ་དང་། དགེ་བ་དང་མི་དགེ་བ་ལ་སོགས་པ་དེ་ཉིད་གློ་བུར་བ། དེའི་ངོ་བོ་གཞི་མེད་རང་སངས། རིག་པའི་ཡི་ གདངས་ཆལ་ཡོད་པས་ངོས་ཟིན་ན་དགོངས་པ་ཆོས་ཉིད་ཕྱོགས་ཡན་ལས་འཆུགས་ས་མེད་དེ། སྣང་སྲིད་འཁོར་འདས་ཀྱི་ཆོས་སོ་ཅོག་རིག་པའི་ངང་ན་མེད་པ་གསལ་སྣང་གི་སྣང་བ་ཆེན་པོར་རང་ཤར་ རང་སྣང་བ་ནི། འབྱུང་བཞིའི་སྣང་བ་ནམ་མཁའི་ངང་ན་གནས་པའམ། རྨི་ལམ་སྣ་ཚོགས་གཉིད་དང་། གཉིད་རིག་པའི་ངང་ལས་མ་གཡོས་པ་བཞིན་ཏེ། ཐམས་ཅད་རིག་པའི་ངོ་ལ་རང་སྣང་ཡང་། རིག་ པས་འཁྲུལ་སྣང་འཁོར་བ་མ་མཐོང་། དག་སྣང་འདས་པ་མ་མཐོང་། འཁོར་འདས་ཀྱིས་རིག་པ་མ་མཐོང་། ཐམས་ཅད་གཞི་མེད་མཉམ་པ་ཆེན་པོའི་ངང་ལས་གཡོས་པ་མེད་དེ། ངོ་བོར་མ་གྲུབ་པས་མཐོང་བ་ དང་མཐོང་བྱེད་ལས་འདས་ལ། རིག་པའི་ངང་ནས་ཤར་བས་འཁོར་འདས་རིག་པའི་རང་གདངས་ས་མ་རོལ་པ་ཞེས་བཏགས་པ་ཙམ་སྟེ། ཡོད་མེད་མཐའ་གྲོལ་ཆེན་པོ། བཏགས་པ་མི་འགལ། དོན་ལ་མ་ གྲུབ༑ མེད་པ་གསལ་སྣང་ཙམ་དུ་སྣང་སྲིད་འཁོར་འདས་ཀྱི་ཆེས་རྣམས་ཤར་བ་སྟེ། ཀློང་དྲུག་པ་ལས། དྲི་མ་མེད་པའི་སེམས་ཉིད་ལ། །ཡུལ་རྐྱེན་བྲལ་བའི་སྣང་བ་ནི། །རང་དག་ཆེན་པོའི་དགོངས་པ་ | ||
<span | [p. 969] ལས་སྣང་བ་སེམས་སུ་མི་འདོད་པ་དང་། སེམས་ཡོད་མ་མྱོང་གཞི་སངས་ཆེན་པོར་བསྟན་པ་ཡིན་ནོ། །འདི་ལ་བརྟེན་ནས་སྣང་བ་སེམས་སུ་ངོ་སྤྲད་པ་དང་། སེམས་ཉིད་སྟོང་པར་ངོ་སྤྲད་པའི་མན་ངག་སྙིང་ ཏིག་གི་དགོངས་པ་མ་ཡིན་པར་ཤེས་པར་བྱའོ། །མན་ངག་འགའ་ཞིག་ཏུ་དེ་ལྟར་བྱུང་སྲིད་ན་འོག་མ་དྲང་བ་ཙམ་ངེས་དོན་མ་ཡིན་པར་ཐག་བཅད་དོ། །གསུམ་པ་ཡུལ་སྣང་བློའི་མེ་ལོང་དུ་ཤར་བས་ཚོགས་ དྲུག་མཉམ་པ་ཆེན་པོར་ཁྱབ་གདལ་བ་ནི། ཕྱི་སྣང་བ་སྣ་ཚོགས། ནང་དྲན་རྟོག་གློ་བར། དབང་པོ་དྲུག་སྣང་ཡུལ་དང་བཅས་པ་ཐམས་ཅད། མེད་པ་གསལ་སྣང་ཙམ་ལས། དོན་ལ་ཕྱི་ནང་གང་ན་ཡང་ མེད་པ་རབ་རིབ་ཅན་གྱི་སྐྲ་ཤད་དང་། སྒྱུ་མ་དང་། མིག་འཕྲུལ་དང་། སྤྲུལ་པ་ལྟ་བུར་བླ་མ་སྣང་ཡང་། སྣང་དུས་དེ་ཉིད་ནས་ཡོད་མེད་ཀྱི་མཐའ་ལས་འདས་པར་ཤེས་པར་བྱ་སྟེ། སྣང་བའི་ངོས་ནས་ ཇི་ལྟར་བརྟགས་ཀྱང་མི་ལྟག་ལ། ཡིན་དུ་ཆུག །མིན་དུ་ཆུག །ཡོད་དུ་ཆུག །མེད་དུ་ཆུག །སྣང་དུ་ཆུག །སྟེང་དུ་ཆུག །ལ་དུལ་དུ་ཆུག །གྲོལ་དུ་ཆུག །བཟང་དུ་ཆུག །ངན་དུ་ཆུག །སེམས་སུ་ཆུག། གཞན་དུ་ཆུག །གང་ལྟར་བཏགས་ཀྱང་། སྟོང་པའི་ངོས་ནས་ཇི་ལྟར་བཏགས་པ་དེ་ཉིད་ཀྱིས་ཐོག་མར་སྟོང་སྟེ། བཏགས་པ་སེམས་ཡིན། སེམས་མེད་པ་ཡིན། མེད་པ་ལ་འདོགས་མཁན་མེད་པས་མི་ | ||
<span | [p. 970] ༄༅། །ལ་་ཡོད་པ་མ་ཡིན་ཏེ། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །གློ་བུར་རྐྱེན་དང་བཅས་པ་ཉིད། །སྤྲིན་དེ་ནམ་མཁའ་ཉིད་ལས་བྱུང་། །དེ་བཞིན་ནམ་མཁར་ཐིམ་ཤེས་ནས། ། དབྱེར་མེད་གཅིག་གི་ངང་ཞེས་བྱ། །དེ་བཞིན་ཉོན་མོངས་དྲི་མ་ཉིད། །རང་བྱུང་རང་ཞི་ཉིད་ཤེས་ན། །སེམས་ཅན་འཆིང་བར་ག་ལ་འགྱུར། །ཅེས་པ་དང་། སྣང་ཚུལ་མ་གྲུབ་པ་ལྟར། འཛིན་པར་སྣང་ཡང་གང་ དུའང་མ་གྲུབ་པས། གཏད་མེད་ཆེན་པོར་བསྟན་པ་ཡང་། རིན་ཆེན་སྤུངས་པ་ལས། གནས་པ་མེད་པའི་སེམས་ཉིད་འདི། །འགྲོ་ས་མེད་པ་ཡ་རེ་ཆ། །ཀུན་དུ་འཇུག་པའི་ཡིད་དྲུག་ལ། །བརྟེན་པའི་ས་མེད་ ཡ་རེ་ཆ། །ཐམས་ཅད་སྡུད་པའི་ཀུན་གཞི་ལ། །བཞག་པའི་ས་མེད་ཡ་རེ་ཆ། །འཁོར་ཞིང་འཁྲུལ་པའི་མ་རིག་ལ། །འགྱུར་བའི་དབང་མེད་ཡ་རེ་ཆ། །ཐམས་ཅད་ཡུལ་ཞེན་ཉོན་མོངས་ལ། །གཞི་རྩ་ མེད་པ་ཡ་རེ་ཆ། །ཕྲ་དང་རགས་པའི་དྲི་མ་ལ། །འཆགས་ས་མེད་པ་ཡ་རེ་ཆ། །འབྱུང་བ་རགས་པའི་གཟུགས་རྣམས་ལ། །གཏད་པའི་ས་མེད་ཡ་རེ་ཆ། སྐྱེས་བུ་རྟེན་པའི་ཚེ་སྲོག་ལ། །དུས་བཏབ་མེད་ པ་ཡ་རེ་ཆ། །ཚོགས་དྲུག་ཡུལ་གྱི་སྣང་བ་ལ། །རྟག་པ་མེད་པ་ཡ་རེ་ཆ། །སྐྱེས་བུའི་དྲན་བསམ་བྱུང་ཚོར་ལ། །ཟད་པ་མེད་པ་ཡ་རེ་ཆ། ཞེས་པ་དང་། ཡང་། གཞི་རྩ་མེད་པའི་ཆོས་ཉིད་འདི། །མ་ | ||
<span | [p. 971] ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་པ་དང་། ནོར་བུ་འཕྲ་བཀོད་ལས། ཅི་ཡང་མེད་པའི་དངོས་པོ་ནི། །གང་གི་ཕྱོགས་སུ་མ་ལྷུང་བ། །ཅིར་ཡང་འཁྲུལ་པའི་དངོས་པོ་ནི། །མཐུན་སྣང་ཙམ་ དུ་སྣང་བར་ཟད། །འོན་ཀྱང་དེ་ཡི་དོན་མེ་སྐྱེ། །ཆོས་དབྱིངས་རྒྱན་ལྟར་སྣང་བའོ། །ཞེས་པ་དང་། སྟོང་པའི་ཡེ་ཤེས་ཆེན་པོ་ནི། །ཅིར་ཡང་མེད་ལས་ཅིར་ཡང་འཁྲུལ། །ཅེས་པ་དང་། མུ་ཏིག་ཕྲེང་ བ་ལས། དེ་ནི་ང་ཡིན་འགྲོ་བ་ཡིན། །སེམས་ཡིན་སེམས་ལས་བྱུང་བ་ཡིན། །དུ་མ་ཡིན་ལ་ཉག་གཅིག་ཡིན། །འཁོར་བ་མྱང་འདས་ང་རང་ཡིན། །དཀྱིལ་འཁོར་ལ་སོགས་རིམ་འཇུག་ཡིན། ། ཆོས་ཡིན་ཆོས་སུ་སྣང་བ་ཡིན། །གནས་པ་ཡིན་ལ་འགྲོ་བ་ཡིན། །འདུག་དང་ཉི་ལ་དང་འཆག་པ་ཡིན། །སྲོག་ཡིན་གཅོད་པ་ཉིད་ཀྱང་ཡིན། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །མདོར་ན་ཇི་ལྟར་ སྣང་བ་ཡི། །ཆོས་ཀུན་དེ་ལས་བྱུང་བའོ། །སུ་ཆུ་མེ་རླུང་ནམ་མཁའ་ཡི། །འབྱུང་བ་ཆེ་རྣམས་དེ་ལས་བྱུང་། །ཞེས་པ་ནས། དེ་ལྟར་གནས་པའི་ཆོས་ཉིད་ལ། །འཁྲུལ་པ་གདོད་ནས་མེད་པ་སྟེ། །ཆོས་ སྐུ་ནམ་མཁའ་ལྟ་བུ་ལ། །གློ་བུར་སེམས་ཅན་སྤྲིན་གྱིས་བསྒྲིབས། །མ་འཁྲུལ་གནས་པའི་ཆོས་ཉིད་ཀྱང་། །བློ་ལ་འཁྲུལ་པའི་ཚུལ་དུ་སྣང་། །ཞེས་པ་ནས། སེམས་ཅན་ཉོན་མོངས་ལྔ་ཉིད་ནི། །དོན་ | ||
<span | [p. 972] ༄༅། །གསལ་རྗེན་པ། ལྷ་སྒོམ་གྱིས་མ་བསླད་པའི་ཆོས་སྐུ། །རྣམ་རྟོག་གིས་མ་བསྐྱེད་པའི་ཡེ་ཤེས། སྦྲེ་བསླུ་སྔ་མ་བཅོས་པའི་དགོངས་པ། གསལ་བ་ལ་རྟོག་པ་མེད་པ། གནས་པ་ལ་ འཛིན་པ་མེད་པ། ཡངས་པ་ལ་ཕྱལ་བར་མ་ཤོར་བ། མཉམ་པ་ལ་བར་མེད་པ། འཇོག་མཁན་མེད་པའི་རང་དངས་ཆེན་པོ། །ཡེ་ནས་རང་བབས་ཀྱི་དགོངས་པ་ཆེན་པོ། །དངས་ཤིང་ལྟེང་བ་རྒྱ་མཚོ་ལྟ་བུ། གནས་པའི་གནས་པ་ལ་མ་བཅོས་པ་ལ་མ་བཅོས་པ། འདི་ལ་བའི་ཚེ་བདག་སྡེ་པ་ལ་མ་བཅོས་པ་དང་། འདི་ལ་བའི་ཚེ་བདག་སྟེ་པ་ལ་མ་བཅོས་པ་དང། འདི་ལ་བའི་ཚེ་བདག་གིས་མ་བཅོས་པ་ལ་མ་བཅོས། འདི་ལ་བའི་ཚེ་བདག་ནི་མ་བཅོས་པ་ལ་མ་བཅོས པ་ལ་མ་བཅོས་པ་ལ་མ གསལ་ཞིང་དག་པས་ཉི་ཟླ་ལྟ་བུ། ཡོངས་ཤིང་ཕྱི་མ་ཕས་ནམ་མཁའ་ལྟ་བུ། བརྟན་ཞིང་གནས་པས་རི་རྒྱལ་ལྟ་བུའོ། །འདི་ལྟ་བུའི་དོན་དང་སེམས་ཅན་ཐམས་ཅད་སྐད་ཅིག་ཀྱང་འཕྲལ་མ་མྱོང་དུ་ཡེ ནས་རང་ལ་ཡོད་ཀྱང་། ངོ་མ་ཤེས་པས་འཁོར་བར་ཕན་རྟོག་གི་སྤྲོས་པས་འཆོལ་བ་ཡང་། ད་བླ་མའི་གདམས་པས་ངོས་ཟིན་ནས་འཆར་རམ་གནས་ཙམ་གྱིན་འདར་ལྷན་ནེ་བའི་དུས་གང་དུའང་རང་ བབས་ཙོག་གཞག་གི་ངོ་བོ་རང་སྤྲད་པ་བཞིན་དང་མ་ཡེངས་ཙམ་དུ་བྱ་སྟེ། སང་ག་རྞལ་རྫོགས་ལས། ཨེ་མ་སེང་གེ་བགྲོད་མེད་ལམ། །བྱ་རྩོལ་མེད་པའི་སེང་གེ་ཡིས། །བཏང་བཞག་མེད་པའི་ གངས་དཀའ་ལ། །མུན་པས་ངས་པའི་རྩལ་གསུམ་རྫོགས། །བསམ་པ་མེད་པས་ཐའི་སེང་གེ་ངེས། །ཀ་དག་ད་མེད་གངས་འབྲང་ལ། །འབྱུང་བ་སངས་པའི་རྩལ་གསུམ་རྫོགས་། །ཞེས་པ་དང་། | ||
<span | [p. 973] བཙལ་བཞག་པས་ངོ་མཚར་ཆེ། །འགྲོ་དང་འོང་བའི་རིག་པ་ལ། །ཐུག་པ་མེད་པ་ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ཡེ་ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། །ཞེས་པ་དང་། ཐུན་མོང་གི་ཐེག་པ་འཕགས་ པ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང་། ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལ། །གནད་ཅིག་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང་། །བྱང་ནས་ཞིག་སྟེ་སྤྲིན་གྱི་དཀྱིལ་འཁོར་དེ། །ཐོག་མ་གང་ལས་བྱུང་བ་བརྟག་པར་ གྱིས༑ ༑ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཇི་ལྟར་མི་དག་བྲག་རིའི་ཁྲོད་འདུག་སྟེ། །གྲུ་ཆེན་སྒྲ་དང་དགོན་དང་དུ་བ་ལས། །རྐྱེན་ལ་བརྟེན་ཏེ་བྲག་ཆ་འབྱུང་མོད་ཀྱི། །སྒྲ་ལས་དབྱངས་དེ་ནམ་ཡང་ འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་རྒྱ་ཆེར་གསུངས་སོ། །དོན་གཉིས་པ་ཆོས་ཟད་བློ་འདས་ཀྱི་དགོངས་པ་ཟད་ཐལ་རྗེན་པའི་ཡེ་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ་ ལ་གསུམ་སྟེ། ཆོས་ཟད་བློ་འདས་ཀྱི་རིག་པ་ཟད་ཐལ་རྗེན་པར་ངོ་སྤྲད་པ། རང་གསལ་དང་གནས་ཀྱི་དགོངས་པ་ཕྱི་མ་གདལ་ཆེན་པོར་བསྐྱང་བ། གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་ཀློང་ གསལ་ཆེན་པོར་གཞག་པའོ། །དང་པོ་ནི། རང་བབས་ཀྱི་རིག་པ་རང་གསལ་དུ་རྗེན་ན་བཞག་ལ། ཕྱིར་མི་སྤྲོ། ནང་དུ་མི་བསྡུ། བར་དུ་མི་བསམ་པའི་རང་ལོ་ལ་བལྟས་པས། ཕྱི་ནང་བར་མེད། རང་ | ||
<span | [p. 974] ༄༅། །ཅེས་སོ། །གཉིས་པ་དེའི་ངང་ལ་བསྐྱང་བ་ལ་གསུམ་སྟེ། ལྟ་སྒོམ་ཡུལ་འདས་ཆེན་པོར་བསྐྱང་བ། ཏིང་འཛིན་རང་བབས་ཆེན་པོར་བསྐྱང་བ། དགོངས་པ་བློ་འདས་ཆེན་པོར་་་་་ བསྐྱང་བའོ། །དང་པོ་ནི། ངོ་སྤྲད་པའི་ངང་དེ་ལ་བློའི་འཛིན་རྩོལ་དང་ཆེད་དུ་བསྒོམ་པའི་གཉེན་པོ་མ་ཞུགས་པར་རིག་པ་རྒྱ་ཡན་ཡེ་བཞག་དཔལ་མ་སྟོད་ལ་ཕུལ་བ་བར་མ་དང་ང་སངས་སུ་བཞག་པ་སྟེ། ནོར་བུ་འཕྲ་ བཀོད་ལས། ཡངས་སོ་ཆོས་ཉིད་རྣམ་པར་དག །ཆེའོ་ལྟ་བ་རྨད་ལོ་ཆེ། །སྣང་པོ་རང་སྣང་དཀྱིལ་འཁོར་ཉིད། །ཕུལ་དང་ཡུལ་མེད་རྣམ་པར་དག །ཕྱི་དང་ནང་མེད་རྣམ་པར་སྣང་། །སྟོང་དང་མེ་སྟོང་ ཆོ་ག་ལས་འདས། །ཞེས་པ་དང་། སེང་གེ་རྒྱལ་རྫོགས་ལས། རང་པོ་ཞེ་གནས་ས་གང་ཡིན་པར། །ཐ་མ་དེ་ཡི་གནས་སུ་བསྒོ། །དེ་ལྟ་དེ་ཡི་དོན་ལ་གནས། །ཞེས་པ་དང་། ཡང་། འཛིན་རྟོག་མེད་ པའི་ནམ་མཁའ་ལ། །རྣམ་ཤེས་ཡིད་མ་འགྱུས་པ་ནི། །ཡེངས་པ་མེད་པའི་ཏིང་འཛིན་མཆོག །སངས་རྒྱས་ཉག་གཅིག་གནས་ལུགས་ཡིན། །ཅེས་སོ། །གཉིས་པ་ལ་གསུམ་སྟེ། རང་གནས་ ཅོག་གཞག་ནི། ཚོགས་དྲུག་ཡུལ་གྱི་སྣང་བ་ལ་འཛིན་པའི་བཟོ་རྒྱ་མི་བྱེད་པར་ཕྱི་ནང་བར་མེད་ཅང་སངས་སུ་ཕྱལ་ལ་བཞག་ནས། གཉིད་དུ་འགྲོ་བར་ཡང་དེའི་ངང་ལ་ཉལ་བས་ཤེལ་མའི་དགས་ལ་དུ་ | ||
<span | [p. 975] ལུགས་ལས། རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །བླང་དོར་མེད་པའི་སེམས་ཉིད་ལ། །ཕྱོགས་ མེད་རང་ཐོབ་སྣང་བ་ནི། །ཁྱབ་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །བྱིང་རྒོད་མེད་པའི་སེམས་ཉིད་ལ། །བཏང་སྙོམས་ཆེན་པོའི་བསྒོམ་པ་ནི། །ཚོགས་དྲུག་ལྷག་པའི་ དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །ཡང་མེད་པའི་སེམས་ཉིད་ལ། །རེ་དོགས་བྲལ་བའི་སྣང་བ་ནི། །ཡེ་བཞག་བདེ་ལྡན་དགོངས་པ་ཞེས། །ཀུན་དུ་བཟང་པོ་ང་ཡིས་བསྟན། །ཅེས་ པ་དང་། རྩལ་རྫོགས་ལས། འཛིན་ཆགས་མེད་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་མཆོག །སོ་སོར་རྟོག་དང་མཚན་མཆོག་གི་ལམ། །བྱ་རྩོལ་མེད་པའི་ ཆོས་ཉིད་རང་སར་དག །འབུལ་ཆུབ་ཏིང་འཛིན་ཆོས་ཉིད་ཕུལ་ལ་འཇུག །དག་དང་མ་དག་ཐ་སྙད་ཆོས་སུ་མེད། །གཅིག་དང་གཉིས་ལས་འདས་པའི་ཡེ་གནས་དོན། །རང་ལུས་ངང་དུ་ཐིག་ལེ་གཅིག་ཏུ་ ཐུབ༑ ༑དུས་མེད་རྟོགས་པས་ཏིང་འཛིན་མ་ཡེངས་གསལ། །མཐའ་དབུས་མེད་པས་ཆོས་ཉིད་མེ་འདབ་བྲལ། །འགྱུར་བ་མ་ཡིན་དྲང་པོར་ཡེངས་ལ་སྦས། །བྱས་པ་མ་ཡིན་བྱུང་སར་ལྷུན་གྱིས་གྲུབ། ། | ||
<span | [p. 976] ༄༅། །སོ༏ ༏གསུམ་པ་དགོངས་བ་བློ་འདས་སུ་བསྐྱངས་པ་ལ་བཞི་སྟེ། རི་བོ་ཅོག་གཞག་གི་ལྟ་བ། རྒྱ་མཚོ་ཅོག་གཞག་གི་དགོངས་པ། རིག་པ་ཅོག་གཞག་གི་མན་ངག །སྣང་བ་ཅོག་་་་་ གཞག་གི་ཐབས་སོ། །དང་པོ་ནི། རིག་བ་རང་གསལ་འདི་ངོས་གཟུང་ནས་གང་ཤར་ཡང་ལྟ་བ་རི་རྒྱལ་ལྟར་འཕོ་འགྱུར་མེད་པའི་ངང་དུ་འཇོག་པ་སྟེ། ཡི་གེ་མེད་པ་ལས། རི་བོ་ཅོག་བཞག་ལྟ་བ་་་ གསང་བ་ཉིད། །ཐེ་ཚོམ་མ་ཡིན་འགྱུར་བ་ངང་གིས་མེད། །ཅེས་སོ། །གཉིས་པ་ནི། ལུས་སྐྱིལ་ཀྲུང་ལ། མིག་ཧ་རེ་བར་སྣང་ལ་གཏད་དེ། ཤེས་པ་དང་སངས་ཕྱེད་པ་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པ་ ལྟ་བུའི་ངང་ལ་གསལ་སང་ངེ་བཞག་པ་ནི། དེ་ཉིད་ལས། རྒྱ་མཚོ་ཅོག་གཞག་དག་གི་དགོངས་པ་ནི། །སྣང་བ་མ་ཡིན་སྣང་བར་བྱེད་པ་མིན། །སྟོང་བ་མ་ཡིན་སྟོང་པར་ཡོད་མ་ཡིན། །གསལ་བ་མ་ ཡིན་གསལ་བ་ཆེན་པོའི་ཡུལ། །བྱིང་བ་མ་ཡིན་རྒོད་པ་ངང་གིས་མེད། །མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། །མ་བསྐྱོད་མི་བསྐྱོད་བསྐྱོད་པ་ཀུན་ལས་འདས། །བྱིས་པས་མ་བྱུང་བཞག་ཐབས་ཆེན་ པོ་ལྟོས། །སྤྲོ་བསྡུ་མ་བྱེད་ཅོག་གཞག་གཅིག་གི་ངང་། །གནས་པ་མ་ཡིན་དེ་ལས་འདའ་བ་མེད། །གསང་བའི་ཡེ་ཤེས་རྒྱ་མཚོ་ལྟ་བུ་ལ། །ཡེ་ནས་ལྷུན་འབྱམས་མ་བསྐྱོད་དབྱིངས་སུ་ཞོག །གཏིང་ | ||
<span | [p. 977] འཆར་བའོ། །ཐོག་བབས་ཆེན་པོ་ནི། སྒོ་གསུམ་ལྷུག་པར་གློད་ལ་གང་ཤར་ཅར་ཕོག་ཏུ་རང་སངས་ལ་ཕྱལ་ཕྱལ་སོང་བའི་ངང་ངོས་གཟུང་བའོ། །སྣང་བ་རྒྱས་འདེབས་ནི། ལུས་སྐྱིལ་ཀྲུང་དང་མིག་བར་ སྣང་ལ་ཧྲིག་གེ་བལྟས་ཏེ། སེམས་འཕྲོ་འདུ་བཅད་ནས་རིག་པ་དང་སངས་ཕྱེད་པའི་ངང་ངོས་གཟུང་བས་རླུང་ལྔ་དབྱིངས་སུ་འཆིངས་ཏེ། རང་སྣང་དག་པའི་འོད་གསལ་གྱི་དུ་བ་སྨིག་རྒྱུ་འཇའ་འོད་ལ་ སོགས་པ་དང་ནང་ཆོས་ཉིད་སྟོང་གསལ་བར་སྣང་དག་པ་ལྟར་འཆར་ཏེ། ཀློང་དྲུག་པ་ལས། ཏིང་འཛིན་གསུམ་ལ་འདི་ལྟར་བསླབ། །རང་གནས་ཅོག་གཞག་ཏིང་འཛིན་ནི། །དབང་པོའི་སྒོ་རྣམས་མི་ དགག་ཅིང་། །ལུས་ཀྱི་སྤྱོད་པ་སྤྱད་མི་བྱ། །གཉིད་ཀྱང་སྤང་བར་མི་བྱ་སྟེ། །སེམས་ཀྱིས་གུད་དུ་བཅད་པ་མིན། །མདོར་ན་ལུས་ངག་རང་སེལ། །ཡིད་བྱུང་ཆ་རྣམས་ཕྱིར་མ་ཤོར། །དབང་པོའི་ཡུལ་རྣམས་དྲུག་ལ་ ཡང་། །ཤེས་བཞིན་སྤྱོད་པའི་ཡིད་མ་འགྱུས། །རང་སྣང་མི་རྟོག་ཆེན་པོ་ལ། །གསལ་ལ་རྟོག་མེད་ཉམས་སྐྱེས་པའོ། །ཐོག་བབས་ཆེན་པོའི་ཏིང་འཛིན་ལ། །ལུས་ནི་ཐ་མལ་ལྟ་བུ་ལས། །ངག་ནི་སྨྲ་བརྗོད་ ཆིག་དང་བྲལ། །སེམས་ནི་དམ་དུ་མ་བཅིངས་པའོ། །རང་ཤར་ངང་ལ་མ་ཡེངས་པའོ། །སྣང་བ་རྒྱས་འདེབས་ཏིང་འཛིན་ནི། །ལུས་དང་ཡུལ་དང་རིག་པ་ཡིས། །རང་སྣང་དག་པའི་ཚད་རྣམས་བཟུང་། །ཞེས་ | ||
<span | [p. 978] ༄༅། །།གེ་མེད་པ་ལས། སྣང་བ་ཅེར་གཞག་རིག་པའི་ཐབས་ཆེན་ནི། །སྣང་བ་ཆེན་པོ་ཀུན་གྱི་གཞི་མ་ཡིན། །འབྱུང་བ་ལྔ་ཡི་སངས་རྒྱས་ལ་མ་ལྟར་སྣང་། །ཆེན་པོ་ལྔ་ཉིད་མ་ཡི་སྣང་ བར་གསལ། །མ་ཡེངས་ངང་དུ་འཛིན་མེད་ཆེན་པོར་ཞོག །ཅེས་སོ། །གསུམ་པ་གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་ཀློང་གསལ་ཆེན་པོར་བཞག་པ་ལ་གསུམ་སྟེ། ཆོས་ཉིད་འབད་རྩོལ་དང་ བྲལ་བའི་གནད་ཀྱིས་སེམས་ཉིད་བྱ་བྲལ་དུ་གཞག་པའི་གདམས་ངག །ཆོས་ཉིད་རང་ཐོག་ཏུ་སྤྲད་པའི་གནད་ཀྱིས་རྣམ་རྟོག་ཡེ་ཤེས་སུ་འཆར་བའི་མན་ངག །ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ ཀྱིས་སྣང་བ་ལ་དགག་སྒྲུབ་མེད་པའི་གདམས་ངག་གོ །དང་པོ་ནི། གཤིས་བྱ་བ་དང་བྲལ་བ་དེ་བྱས་པས་མི་རྟོགས་མ་བྱས་བཞག་ན་རྟོགས་པས་སྒོ་གསུམ་རང་བབས་ཕྱལ་བར་བཞག་པ་ནི། ཐལ་འགྱུར་ ལས༑ གཞན་ཡང་བྱ་བྲལ་ཆོས་ཉིད་ནི། །བྱ་བ་མེད་པས་གྲོལ་བར་གྲོལ། །ཅེས་པ་དང་། ཁྱུང་ཆེན་མཁའ་ལྡིང་ལས། དེ་ཕྱིར་འཁོར་འདས་བྱ་བྱེད་ཉིད་བྲལ་ན། །རྫོགས་ཆེན་ཉིད་ལས་གཞན་པ་ཅི་བྱར་ ཡོད༑ ༑ཅེས་པ་དང་། དམིགས་དྲུག་ལས། བྱ་བ་དང་བྲལ་བས་གཞིག་ཞག་གོ་ཞེས་སོ། །གཉིས་པ་ནི། སྣང་བ་སེམས་ཀྱི་རོལ་པར་ངོ་སྤྲད། རོལ་པ་གཞི་མེད་གསལ་སྣང་དུ་ངོ་སྤྲད། གསལ་སྣང་ | ||
<span | [p. 979] དཔག་དཀའ་བའི་རྒྱ་མཚོ་ཆེན་པོ་ནས། ནུབ་པ་མེད་པའི་རྒྱལ་མཚན་རྩེ་མོ་ལྟོས། །སྟོང་པའི་སེམས་མེད་མ་བཅོས་ཆེན་པོའི་སྐུ། །བྱས་པ་མེད་པས་བྱེད་པ་ཀུན་ལས་རྒྱལ། །ཡེ་ནས་མ་བྱུང་མ་བཅོས་ཆོག་ གཞག་ཉིད། །སྣང་བས་མ་བསྒྱུར་བློ་ཡིས་མ་བཅོས་པ། །ཆོས་ཉིད་མཁའ་ལ་གནས་ན་དགོངས་པར་བསྟན། །ཆོས་སྐུའི་ཡེ་ཤེས་བསམ་པ་རབ་སྤངས་པས། །འགྱུ་བྱེད་མེད་ན་བསྒོམ་པའི་དགོངས་ པ་ཡིན། །སྣང་ཡུལ་དམིགས་པའི་ཕྱོགས་དག་མི་འཛིན་ན། །རྒྱ་མཚོའི་གཏིང་དུ་གཟའ་སྐར་ཤར་བ་བཞིན། །ཡུལ་ལ་འཛིན་མེད་གསལ་ཆ་མ་འགགས་པས། །རང་བྱུང་དགོངས་པའི་འདུག་ཚུལ་ དེ་བཞིན་ནོ། །ཞེས་སོ། །གསུམ་པ་ནི། རིག་པ་གསལ་སྟོང་གི་ཡེ་ཤེས་རྗེན་པར་བྱེད་པ་དེ་ཕྱི་རར་རང་གསལ་དུ་ངོས་གཟུང་བས་ཏིང་ངེ་འཛིན་སེམས་ཆགས་ཀྱི་གོལ་ས་གཅོད་ཅིང་ཟང་ཐལ་རྗེན་པའི་ ཆོས་སྐུ་ཁོང་ནས་འཆར་ཏེ། སེང་གེ་རྟ་ལ་རྫོགས་ལས། རང་རིག་དུ་མའི་ཡུལ་ལ་ཕར་བལྟས་པས། །ཆོས་སྐུ་རྟོག་མེད་ཆེན་པོ་ནང་དུ་རྙེད། །ཅེས་སོ། །བཞི་པ་ནི། ཕྱི་ཡུལ་ལྔར་སྣང་བ་ལ་ཆ་རེ་བལྟས་ དུས་ནང་རང་གསལ་རྗེན་པ་སངས་སེ་ཁོང་ནས་འཆར་བའི་ངང་དུ་འཇོག་པ་སྟེ། དེ་ཉིད་ལས། རིག་པས་ལ་ཆོས་ཉིད་ཡུལ་ལ་ཕར་བལྟས་པས། །སྣ་ཚོགས་བྲལ་བའི་རིག་པ་ནང་དུ་མཐོང་། །ཞེས་པ་དང་། ཡི་ | ||
<span | [p. 980] ༄༅། །དོན་གཞན་དུ་བདེན་པར་འཛིན་པ་རྣམས་དྲང་བའི་ཕྱིར་དེ་སྐད་གསུངས་ཏེ། རང་ཤར་ལས། ལ་ལར་སྣང་བ་སེམས་སུ་བསྟན། །ཅེས་སོ། །དེའང་སྣང་བ་གཞན་དུ་ མེད་སེམས་འཁྲུལ་བ་ལ་སྣང་བ་ཡིན་པ་ཙམ་ནས་བཏགས་སོ། །དགོས་ཆེད་ནི་ཕྱི་དོན་དུ་ཞེན་པ་སྤང་བ་ཙམ་མོ། །དངོས་ལ་གནོད་བྱེད་ནི། སྣང་བ་སེམས་ཡིན་ན་སེམས་ལ་ཁ་དོག་དང་དབྱིབས་ལ་ སོགས་པར་མིག་སོགས་དབང་པོས་ངེས་པར་ཐལ་ཏེ་སྣང་བ་ལ་གཟུགས་སོགས་དབྱིབས་དང་ཁ་དོག་ཏུ་ངེས་པའི་ཕྱིར་དང་། སྣང་བ་སེམས། སེམས་སྟོང་པ། སྟོང་པ་རིག་པ་ཡིན་ན་དེ་གསུམ་ཕན་ཚུན་འཚོལ་ བས༑ རིག་པ་འཁྲུལ་པར་ཐལ་བ་དང་། སྣང་བ་མིག་ལ་སོགས་པས་མི་མཐོང་བར་ཐལ་བ་དང་། སེམས་མི་འཁྲུལ་བར་ཐལ་བ་སྟེ། དེ་གསུམ་ངོ་བོ་རྫས་གཅིག་ཡིན་པའི་ཕྱིར་རོ། །འདིའི་ཁྱད་སྔར་ཞིབ་ ཏུ་བཤད་ལ། སྣང་བ་སེམས་ཀྱི་རྣལ་འབྱོར་དུ་བྱེད་པ་མི་གྲོལ་བར། རང་ཤར་ལས། སྣང་བ་སེམས་ཀྱི་རྣལ་འཕྱོར་ནི། ཐམས་ཅད་དང་མི་སེམས་ལས་བྱུང་། །སེམས་ཉིད་རྟོགས་ན་ཅི་བྱར་ཡོད། །དེ་ སྐད་ཀུན་དུ་རྗོད་བྱེད་པ། །ང་ཡིས་གྲོལ་བར་མ་བཤད་དོ། །ཞེས་པའི་ལུང་གིས་ཀྱང་གནོད་ལ། །སེམས་མེད་པར་རྟོགས་དུས་སྣང་བ་མེད་པར་ཐལ་ལོ། སེམས་འགགས་དུས་སྣང་བ་དུས་དེར་ | ||
<span | [p. 981] གཟུང་ན་འཁྲུལ་པར་ངོ་སྤྲད། མ་བཟུང་རང་གསལ་མེད་སྣང་དུ་ངོ་སྤྲད་པས་ཕྱི་ཡུལ་སྣང་སེམས་དང་གཞན་དུ་མ་གྲུབ་པར་ཐག་ཆོད་པས་འཁོར་བར་སྐྱེ་བའི་ཡུལ་སྟོངས་པའོ། ། ཡང་སྣང་འཛིན་སེམས་དེ་ གཞི་མེད་དུ་ངོ་སྤྲད། གཞི་མེད་སྟོང་པའི་རང་འགྲོས་སུ་ངོ་སྤྲད། རང་འགྲོས་རྗེས་མེད་ཡེ་སངས་སུ་ངོ་སྤྲད་པས། འཁོར་མཁན་རང་སེམས་གཞི་མེད་དུ་སངས་ནས་ཁམས་གསུམ་མིང་མེད་ཆོས་ཉིད་ དུ་ལ་ཟློས་པ་སྟེ། རྩལ་རྫོགས་ལས། འདུ་ཤེས་ཡུལ་དུ་མེད་པ་ཆོས་ཉིད་བའི་ངང། སྣང་བ་རང་ལ་ཡས་པའི་རང་སྣང་དངོས་མེད་ཉིད། །སྣང་བའི་སེམས་བྲལ་ཆོས་ཉིད་རང་གི་ངོར། །སྤྲོ་བསྡུ་མ་བྱེད་ རང་གི་ཡུལ་ལ་ལྟོས། །ཞེས་སོ། །འདིར་ཁ་ཅིག་སྣང་བ་སེམས་སུ་ངོ་སྤྲོད། སེམས་སྟོང་པར་ངོ་སྤྲོད་ཅིང་། ངོ་སྤྲོད་སྤྲས་པ་ལས། ཨེ་མ་ཧོ་སྣང་བ་སེམས་སུ་ངོ་སྤྲད་པས་སེམས་ལ་བྱན་ཚུད། སེམས་ ཉིད་སྟོང་པར་ངོ་སྤྲད་པས་སྟོང་པ་བདེ་བའི་རྒྱས་གདབ། སྟོང་པ་རིག་པར་ངོ་སྤྲད་པས། རིག་པ་ཉིད་དབྱིངས་དང་གཉིས་སུ་མེད་པ་དེ་ཁོ་ན་ཆོས་སྐུའོ་ཞེས་པའི་ཚིག་ལ་དོན་རང་མཚན་དུ་ཞེན་པར་ སྣང་སྟེ། འདི་ལ་དགོངས་གཞི། དགོས་ཆེད། དངོས་ལ་གནོད་བྱེད་ཀྱི་ཚད་མ་དང་གསུམ་ཡོད་པས་སྙིང་ཏིག་གི་དགོངས་པའི་ཕྱོགས་ལ་མི་ཉེ་བ་ཡིན་ནོ། །དགོངས་གཞི་ནི། ཕྱི་ཡུལ་ལ་ | ||
<span | [p. 982] ༄༅། །བ་སྟེ། ཀློང་དྲུག་ལས། སེམས་ཅན་ཀུན་གྱི་རང་སྣང་ཆེ། །གཞན་ནས་བཙལ་བའི་གནས་མེད་དོ། །རང་གི་མཐུ་ཡིས་རང་རིག་པས། །སྟོད་གསུམ་འཇིག་རྟེན་གང་ནས་ ཀྱང་། །དེ་ཉིད་བཙལ་ཀྱང་རྙེད་གནས་མེད། །འཇིག་རྟེན་ཀུན་གྱི་སྤྱོད་ཡུལ་ནི། །དེ་ཉིད་སྣང་བའི་རང་བཞིན་ལ། །སུས་ཀྱང་མཐོང་བ་མེད་པ་ཡིས། །སྣང་བ་རང་རིག་བདེ་བའི་ཞིང་། །འདི་ལ་གོམས་པའི་རྣལ་ འབྱོར་པས། །ཀུན་དུ་བཟང་པོ་ང་ཡི་སྐུ། །སྐལ་དང་ལྡན་པ་འདི་ཡིས་མཐོང་། །ཞེས་པ་དང་། ཡང་། ཡུལ་ལ་རྐྱེན་རྟོག་རང་ཤར་ཚེ། །འདི་ཀུན་རང་བཞིན་མེད་ཤེས་ན། །སྣང་བ་ཐམས་ཅད་སྒྱུ་མའམ། །རྨི་ ལམ་དང་ནི་གཟུགས་བརྙན་ལྟར། །མི་རྟོག་གཟུགས་བརྙན་ཆེན་པོའི་ཉམས། །སུ་ཡི་རྒྱུད་ལ་ཤར་བ་དེ། ། | ||

= two volumes MW0TTBBC0034 = | = two volumes MW0TTBBC0034 = | ||

OCR of the BDRC scans (I0TTBBC0034_001, I0TTBBC0034_002), gorn05 tibocr 2026: BDRC OCR on 777 pages, Mitra OCR on 504 pages (the model with more recognisable syllables on each page)

OCR of the BDRC scans (I0TTBBC0034_001, I0TTBBC0034_002), gorn05 tibocr 2026: BDRC OCR on 777 pages, Mitra OCR on 504 pages (the model with more recognisable syllables on each page).

<div style="font-family:sans-serif;font-size: |
Volume I0TTBBC0034_002

<span | [p. 141] དེ་ལྟར་ལས་རིམ་ལྟར་ནས། ད་ནི་སྔར་གྱི་ཁྱད་པར་དང་འཕོ་བར་མ་བསྒྲུབས་པ་ བསྒོམས་པར་གྲོལ་བའི་ཐབས་མཆོག་ཏུ་གསང་བ་ཁྲེལ་མོད་ཀྱི་མཛད་པས་བཏན་པ་དང་མཁའ་ལ་འགྲུབ་སྟེ། ངོས་ཐོག་ཏུ་དམ་པས་མ་བཟླ། ཐལ་ཅིག་ཐོབ་དུ་བཅད་པས་ཅི་རིགས་པ་སྔ་མ་གཉིས་དང་སྒྲོལ་ཐོག་ཏུ་བཅད་པས་འཕྲང་བསལ་བའོ། ། དང་པོ་ལ་གསུམ་སྟེ། རང་བཞིན་རྫོགས་པ་ཆེན་པོ་སྤང་བླང་བྱ་རྩ་ལ་ལས་འདས་པའི་བཤིས་ནས་མཁའ་ལྟ་བུར་གཏན་ལ་དམ་པ། ཆོས་ཟད་བློ་འདས་ཀྱི་དགོངས་པ་ཟད་ཐལ་རྗེན་པའི་ཡེ་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ། ལྷུན་མཉམ་ ཡངས་པ་ཆེན་པོའི་ཀློང་དུ་ཐམས་ཅད་ཡེ་ནས་འདས་ཟིན་པས་བཅིངས་གྲོལ་སྤང་བླང་མེད་པའི་ངང་དུ་འཁོར་འདས་མིང་མེད་ཆེན་པོར་ལ་ཟླ་བའོ། དང་པོ་ལ་གསུམ་སྟེ། རང་བཞིན་རྫོགས་པ་ཆེན་པོ་བྱར་མེད་ནམ་མཁའ་ལྟ་བུའི་ངོ་མ་སྐྱེར་བ་ལྟར། | ||
<span | [p. 142] བ། འཆིང་གྲོལ་གཉིས་སུ་མེད་པའི་རང་སེམས་སྟོང་པ་རྩ་བྲལ་ཆེན་པོར་ཐག་བཅད་པ། ཡུལ་སྣང་བློའི་མི་ལོང་ཚོགས་དྲུག་མཉམ་པ་ཆེན་པོར་ཁྱབ་བརྡལ་བའོ། དང་པོ་མི་ཕྱི་སྣང་བ་ནང་རིག་པ་བར་གཟུང་འཛིན་སྣང་རྟགས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ ཐམས་ཅད་དེ་ལྟོང་སོངས་སྟོང་ཆེན་པོ། སྣང་སྟོང་བློས་སྟོང་ཆེ་འོ། དག་སྟོང་གྲོལ་སྟོང་ཆེན་པོ། ཡོང་མ་མྱོང་མེད་མ་མྱོང་། བདེན་མ་མྱོང་། བརྫུན་མ་མྱོང་། འཁྲུལ་མ་མྱོང་གྲོལ་མ་མྱོང་། འཁོར་མ་མྱོང་། འདས་མ་མྱོང་། ཡིན་མ་མྱོང་མིན་མ་མྱོང་། སྣང་མ་ མྱོང་སྟོང་མ་མྱོང་། ཐམས་ཅད་མཉམ་བརྡལ། ཁྱབ་པ་ཕྱམ་བརྡལ། ཡིན་མིན་ཕྱོགས་བརྡལ། ཡོད་མེད་སྣང་བརྡལ། མི་གཡོ་མཉམ་བརྡལ། ལྷུན་མཉམ་ཡེ་བརྡལ། དང་མཉམ་གཞི་བརྡལ། དཔངས་པ། ཕྱམ་པ། སངས་པ། གྲོལ་བ། ཟད་པ། སྟོངས་ པ། ཕྱམ་ཕྱལ་ཧར་སངས། ཁྱབ་བརྡལ་ཡེར་སངས། ལྷུན་མཉམ་དབྱིངས་སངས། དག་བརྡལ་མཉམ་སངས་མིག་གོ། མི་འབུལ། མི་གནས། མི་ལེན། མི་འགྲོ། མི་འོང་། མི་བསམ། མི་རྟོག། མི་དམིགས། མི་མཉམ། མི་འགྱུར་བ་སྟེ། སྔར་འཁྲུལ་ མ་མྱོང་། ང་ལྟུ་འཁྲུལ་ང་ལ་མི་གནས། མཐར་འཁྲུལ་མི་སྲིད། སྔར་གྲོལ་མ་མྱོང་། ད་ལྟ་གྲོལ་བར་མི་འཇུག། མཐར་གྲོལ་མི་སྲིད། སྔར་འདས་པ་མེད། ད་ལྟ་གནས་པ་མེད། མ་འོངས་པ་འབྱུང་དུ་མེད། རིམ་མེད་ཕྱམ་སངས་སྟོང་པ། གནས་ ལུགས་ཀྱི་གཞི་མེད། ཡིན་ལུགས་ཀྱི་ལས་མེད། གྲོལ་ལུགས་ཀྱི་འབྲས་བུ་མེད། ལྟ་བསྒོམ་གྱི་མིང་མེད། ཕྱོགས་རིས་ཀྱི་ཆོས་མེད། ཡོང་མེད་ཀྱི་མཐའ་མེད། ནམ་མཁའི་དབྱིངས་མེད་པ། བྱ་རྩལ་ལས་འདས་པའི་ཡེ་སངས། ལྟ་བསྒོམ་ལས་འདས་ པའི་དང་སངས། དམིགས་པས་མ་ལས་འདས་པའི་གྲོལ་སངས། ཕྱོགས་འབྱམ་མིང་མེད་སངས་པར་ལ་ཟླ་བ། ལྟར་མེད་ལྟས་པ་མེད། ལྟ་བྱེད་མེད། ལྟས་པས་མི་མཐོང་། བསྒོམ་དུ་མེད། བསྒོམས་པ་མེད། བསྒོམ་པ་ལས་འདས། བསྒོམས་ཀྱང་ | ||
<span | [p. 143] ༄༅། །མི་གྲོལ། སྦྱང་དུ་མེད། སྤྱོད་པ་མེད། སྤྱད་མི་དགོས། སྤྱད་ཀྱང་ངལ་བ་དོན་མེད། བསྒྲུབ་མི་དགོས། གྲུབ་ཟིན། བསྒྲུབ་ཏུ་མེད། བསྒྲུབས་ཀྱང་མི་འགྲུབ། བསྒྲུབས་པ་ལ་དགོས་པ་མེད། བྱ་བ་མེད། བྱེད་པ་མེད། བྱས་ཟིན། བྱ་བ་ ལམ་འཕགས། བྱས་ཀྱང་ཚི་ཆད། བྱ་མི་དགོས། ཆོས་ལ་བྱར་མེད། བྱས་པས་ཅོས་མ་ཡིན། མི་བྱ་བ་བསྒྲུབ་ཏུ་མེད། འཁོར་བ་མི་སྤོང། འདས་པ་མི་ལེན། བསྒྲུབ་པ་ཕྱོགས་བཞག། ཡེ་མཉམ་ཕྱམ་བརྡལ། གཉུག་མ་མིང་མེད། གང་སྣང་ས་ནས་གཞི་ ཟེར་ཡེ་སངས་སུ་འདུག་པས་འཆིང་གྲོལ་འབད་རྩོལ་རང་ཞིག། གང་ཤར་ས་ནས་ཡེ་དག་རང་སྟོང་བརྡལ་པས་ཕྱེ་མ་བཞག་རིས་མེད་ཕྱལ་པ། གང་སངས་ས་ནས་རྗེས་མེད་རང་དག་ཡེ་སྟོང་དུ་འདུག་པས་ཕྱམ་མཉམ་བར་མེད་ཕྱལ་བར་འབད་རྩོལ་ ཞིག་པའི་རང་སེམས་བྱ་བ་མེད་པར་ཡོད་པ་ལེབས། རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་སུ་ཆོས་ཐམས་ཅད་ཡེ་ནས་རང་ཤར་རོ་ཞེས་རང་གིས་རྟོགས་པའི་དོན་ལུང་དང་སྦྱར་བ་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། རང་བཞིན་རྫོགས་པ་ཆེ་ པོ་ཡི། །དོན་ཕུན་བློ་ཡི་དཀྱིལ་དུ་ཚུད། །མི་སྣང་ཡུལ་མེད་རྟོག་པ་ཡང། །མ་བཅད་རང་ས་ཉིད་དུ་ཆོད། །འཁྲུལ་མ་མྱོང་པའི་མ་རིག་བརྩད། །མ་བརྟགས་ཡེ་ནས་ཚོང་ནས་འདུག། གོང་དུ་འདི་ཀུན་གྲུབ་མ་ཚོར། །རགས་པའི་འབྱུང་པ་འདི་ཀུན་ བཟང། །ཐོག་མ་ཉིད་ནས་རང་དངས་པར། །འགྲོ་བའི་གནས་མེད་རང་སོང་པས། རང་ལུས་ཡེ་ནས་མེད་པར་ནི། །སྔ་ཕྱི་མེད་པར་འདིར་ཡང་རིག། འདི་ཀུན་དུས་མེད་ཡང་དུས་པས། །གཅིག་དང་གཉིས་དང་དྲུག་གསུམ་གྱིས། །སྣང་མེད་ སྣང་དང་ཡང་ཕྱེད་སྣང། །མི་སྣང་མཛད་པའི་རང་སྒྲར་ཡང། །ས་འཛིན་ས་ལས་འདས་པར་ནི། །ཡེ་ནས་འདུག་པ་སུས་མ་ཚོར། །བསྒྲོད་དུ་ཡེ་ནས་མེད་པ་ཡི། །ལམ་འདི་ཡེ་ནས་ཉེ་བར་ནི། །འདི་ཡང་རང་ལས་ཡེ་འདུག་པ། །སྔར་མ་མཐོ | ||
<span | [p. 144] སྟེ་རང་རིག་བརྟུལ། །མི་གནས་བསམ་གཏན་དགོངས་པ་ནི། །བསྒོམས་པ་མེད་པར་ཡེ་འདུག་པ། །འདི་ཡང་གང་གིས་སྔར་མ་རིག། བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ཉིད་པ། །འདི་ཀུན་རང་གིས་རང་སྣང་བར། ། ཡེ་ནས་སྣང་པ་སྔར་མ་རིག། བདག་རྟོག་བཅིངས་པའི་ཉོན་མོངས་ལྔ། །ཡེ་ནས་རིག་པ་རང་ཤར་བར། །ལྷན་ཅིག་གནས་པ་ཞལ་མ་འཚོ། །ས་ཆུ་མེ་རླུང་འབྱུང་བ་བཞི། །ཡེ་ནས་རང་གི་ལུས་ཡིན་པར། །སུས་ན་མཐོང་བ་མིག་རེ་བརྟུལ། ། ཡང་གསང་འདུས་པའི་མན་ངག་བཅུད། །བར་འཚམས་མེད་པར་རང་གྲག་པ། །གང་གིས་འདི་ཉིད་མ་ཐོས་པ། །རྣ་བའི་དབང་པོ་མེད་དམ་ཅི། །རང་གནས་འདི་ནས་རིག་པ་ཡི། །བྲལ་བའི་སྐབས་མེད་རང་འཁོར་བ། །ཚོར་ མ་མྱོང་པ་སྣ་འགགས་སམ། །བཅུད་གསུམ་མན་ངག་གཅིག་དྲིལ་རོ། །ཡེ་ནས་ལུས་སེམས་བཅུད་ཡིན་པ། །འདི་ཉིད་མ་མྱོང་ལྕེ་ཆད་དམ། །སྣང་བ་རང་དག་ཁེངས་རྒྱན། །རང་གི་ལུས་དང་འབྲལ་མེད་པར། །ལུས་དང་གྲིབ་མ་བཞིན་ དུ་ནི། །ཉིན་དང་མཚན་པོ་མེད་འདུག་པ། །སུས་ཀྱང་མ་རེག་ལུས་བེམ་མམ། །སྡུག་བསྔལ་ཕྱལ་འདེབས་བདེ་བའི་ཆོས། །བརྗེད་པ་མེད་པར་རང་གནས་པ། །སུས་མ་ཤེས་པ་བློ་རེ་བརྟུལ། །འཁོར་བའི་བག་ཆགས་ཡང་བརྩེགས་པ། ། ཡེ་ནས་ཆོས་ཀྱི་སྐུར་འདུག་པ། །གང་གིས་མ་མཐོང་སྙིང་རྗེའི་གནས། །དབང་པོ་བདག་རྟོག་ཡུལ་ཤར་ནས། །དྲན་བསམ་འགྱུ་བ་སྣ་ཚོགས་རྣམས། །ཡེ་ནས་ལོངས་སྐུར་རང་ཤར་བ། །འདི་ཀུན་མ་དྲན་བརྗེད་རེ་བས། །བྱ་བྱེད་སྤྱོད་པ་རྩོལ་ བསྒྱུར་དང་། །སྐྱེ་བོ་འདུས་པའི་ཅ་ཅོ་ཀུན། །ཡེ་ནས་སྤྲུལ་པའི་སྐུ་ཡིན་པར། །སུས་མ་ཤེས་པ་ཡོད་རེ་བརྟུལ། །ཇི་ལྟར་བསམས་དང་དྲན་འགྱུས་པ། །ཆུ་བོའི་རྒྱུན་བཞིན་བར་མེད་པར། །རྟག་ཏུ་རང་གི་ཡིད་འཕྲོག་པ། །རྩོལ་མེད་དང་ | ||
<span | [p. 145] ༄༅། །བཞག་སྒོམ་པར་ནི། །ཉམས་སུ་མ་ཆུང་སེམས་རེ་ཡེངས། །སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང་། །གྲོང་ཁྱེར་རྒྱུན་གཅོད་ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་ པོ་རྣམས་ཀྱི་སྒོ་འགགས་སམ། །ཅེས་པ་དང་། ཐལ་འགྱུར་ལས། སྣང་བ་འཁྲུལ་པའི་རང་བཞིན་འདི། །ཡེ་ཤེས་ཡིན་པར་སྔར་མ་མཐོང་། །རྟག་བཅས་འཁྲུལ་པའི་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་པའི་རང་རྟོག་ རྒྱུན་ཆད་དོ། །དེ་ལྟར་འཁྲུལ་མེད་སྣང་བ་ནི། །ཡེ་ནས་གྲོལ་བའི་གནད་ལས་བྱུང་། །འཕྲོ་བའི་ཕུང་པོ་སངས་རྒྱས་སྐུ། །ཡེ་ནས་ཡིན་པར་ཁུག་མ་རིག། ཕུང་པོ་སངས་རྒྱས་མངའ་བདག་ཏུ། །རྩ་གནག་ཡི་གེར་གྲུབ་པས་བྱུང་། །ཆུ་བུར་ མིག་ལ་ཡེ་ཤེས་ནི། །རང་སྣང་ཡིན་པར་སུས་མ་མཐོང་། །ཅེས་པ་དང་། མུ་ཏིག་ཕྲེང་བ་ལས། རང་བཞིན་སྣང་བའི་ཆོས་རྣམས་ལ། །དྲིས་མེད་པས་བྲ་རགས་ལོག །གཟུང་འཛིན་མེད་པས་འཁྲུལ་པ་ལོག །འགྱུ་བ་མེད་པས་ལས་མྱང་ལོག །ཟང་ཐལ་ ཡིན་པས་དངོས་པོ་ལོག །གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྟོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་བསྒོམ་པ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྐུ་ཚེ་གཅིག་ མེད་པས་ཐ་སྙད་ལོག །ཡོད་མ་མྱོང་བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློས་བརྟགས་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཡོངས་ལ་ཁྱབ་པས་གཞན་བྱུང་བ་ལོག །རང་བར་ཡིན་པས་ མུན་པ་སངས། །སྙིང་པོ་ཡིན་པས་ཆོས་གྱུར་ཁྱབ། །གསལ་བར་སྣང་བས་ཡོངས་སྐུར་རྒྱས། །མ་བུ་ཕྲད་པས་སྤྲུལ་གྱུར་བྱུང་། །རྟོགས་སུ་ཡོད་པས་ཐབས་སུ་བྱུང་། །བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། ། | ||
<span | [p. 146] སྟེ་རང་རིག་བརྟུལ། །མིག་ནས་བསམ་གཏན་དགོངས་པ་ནི། །བསྡམས་པ་མེད་པར་ཡེ་འཇུག་པ། །འདི་ཡང་གང་གིས་སྔར་མ་རིག། བདག་དང་འཛིན་པའི་ཞན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ཉིད་ལ། །འདི་ཀུན་རང་གིས་རང་སྣང་པར། ། ཡེ་ནས་སྣང་བ་སྔར་མ་རིག། བདག་རྟོག་བཅིངས་པའི་ཉོན་མོངས་ལྔ། །ཡེ་ནས་རིག་པ་རང་ཤར་བར། །ལྷན་ཅིག་གནས་པ་ཞལ་མ་འཆོ། །ས་ཆུ་མེ་རླུང་འབྱུང་བ་བཞི། །ཡེ་ནས་རང་གི་ལུས་ཡིན་པར། །སུས་ན་མཐོང་བ་མིག་རེ་བརྟུལ། ། ཡང་གསང་འདུས་པའི་མན་ངག་བཅུད། །བར་འཚམས་མེད་པར་རང་གྲག་པ། །གང་གིས་འདི་ཉིད་མ་ཐོས་པ། །རྣ་བའི་དབང་པོ་མེད་དམ་ཅི། །རང་གནས་དབྱིངས་དང་རིག་པའི་དྲི། །བྲལ་བའི་སྐབས་མེད་རང་འཁོར་བ། །ཚོར་ མ་མྱོང་བ་སྣ་འགགས་སམ། །བཅུད་གསུམ་མན་ངག་གཅིག་དྲིལ་རོ། །ཡེ་ནས་ལུས་སེམས་བཅུད་ཡིན་པ། །འདི་ཉིད་མ་མྱོང་ལྕེ་ཆད་དམ། །སྣང་བ་རང་དག་ཁ་དོག་རྒྱན། །རང་གི་ལུས་དང་འབྲལ་མེད་པར། །ལུས་དང་གྲིབ་མ་བཞིན་ བགྱི། །ཉིན་དང་མཚན་མོ་མེད་འདུག་པ། །སུས་ཀྱང་མ་རེག་ལུས་བེམས་མམ། །སྡུག་བསྔལ་ཕྱལ་འདེབས་བདེ་བའི་ཆོས། །བརྗེད་པ་མེད་པར་རང་གནས་པ། །སུས་མ་ཤེས་པ་བློ་རེ་བརྟུལ། །འཁོར་བའི་བག་ཆགས་ཡང་བརྩེགས་པ། ། ཡེ་ནས་ཆོས་ཀྱི་སྐུར་འདུག་པ། །གང་གིས་མ་མཐོང་སྙིང་རྗེའི་གནས། །དབང་པོ་བདག་རྟོག་ཡུལ་ཤར་ནས། །དྲན་བསམ་འགྱུ་བ་སྣ་ཚོགས་རྣམས། །ཡེ་ནས་ལོངས་སྐུར་རང་ཤར་བ། །འདི་ཀུན་མ་དྲན་བརྗེད་རེ་ངས། །བྱ་བྱང་སྤྱོད་པ་རྩོལ་ བསྒྲུབ་དང་། །སྐྱེ་བོ་འདུས་པའི་ཅ་ཅོ་ཀུར། །ཡེ་ནས་སྤྲུལ་པའི་སྐུ་ཡིན་པར། །སུས་མ་ཤེས་པ་ཡོད་རེ་བརྟུལ། །ཇི་ལྟར་བསམས་དང་དྲན་འགྱུས་པ། །ཆུ་བོའི་རྒྱུན་བཞིན་བར་མེད་པར། །རྟག་ཏུ་རང་གི་ཡིད་འཕྲོག་པ། །རྩོལ་མེད་དང་ | ||
<span | [p. 147] ༄༅། O །བཞག་སྒོམ་པར་ནི། །ཉམས་སུ་མ་ཆུང་སེམས་རེ་ཡེངས། །སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང། །གྲོང་ཁྱེར་རྒྱུན་གཅོད་ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་པ། །དབང་ པོ་རྣམས་ཀྱི་སྒྲོ་འགགས་སམ། ཅེས་པ་དང། ཐལ་འགྱུར་ལས། སྣང་བ་འཁྲུལ་པའི་རང་བཞིན་འདི། །ཡེ་ཤེས་ཡིན་པར་སྔར་མ་མཐོང། །རྟག་བཅས་འཁྲུལ་པའི་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་པའི་རང་རྟོག་ རྒྱུན་ཆད་དོ། དེ་ལྟར་འཁྲུལ་མེད་སྣང་བ་ནི། །ཡེ་ནས་གྲོལ་པའི་གནད་ལས་བྱུང། །འགྲོ་བའི་ཕུང་པོ་སངས་རྒྱས་སྐུ། །ཡེ་ནས་ཡིན་པར་གུས་མ་རིག། ཕུང་པོ་སངས་རྒྱས་མངའ་བདག་ཏུ། །རྩ་གནས་ཡི་གེར་གྲུབ་ཡས་བྱུང། །ཆུ་བུར་ ཚིག་ལ་ཡེ་ཤེས་ནི། །རང་སྣང་ཡིན་པར་གུས་མ་མཐོང། །ཅེས་པ་དང། མུ་ཏིག་ཕྲེང་བ་ལས། རང་བཞིན་སྣང་བའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག། །གཟུང་འཛིན་མེད་པས་འཁྲུལ་པ་ལོག། འགྱུ་བ་མེད་པས་ལས་རླུང་ལོག། །ཟང་ཐལ་ ཡིན་པས་དངོས་པོ་ལོག། གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྟོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་བསྒོམ་པ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྤྲ་ཚིག། མེད་པས་ཐ་སྙད་ལོག །ཡོད་མ་མྱོང་བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློས་བརྟགས་ལོག། ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡིན་པས་ མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ཡོངས་སྐུར་རྒྱས། །མ་བུ་ཕྲད་པས་སྤྲུལ་སྐུར་བྱུང། །རྟོགས་སུ་ཡོད་པས་ཐབས་སུ་བྱུང། །བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། ། | ||
<span | [p. 148] ཅེས་པ་དང་། ཡང་། ས་དང་ཕྱོགས་དང་རིས་ལས་འདས། །ཡོད་དང་མེད་དང་ལྟར་སྣང་མེད། །སྒྲ་ཚད་རྣམས་ཀྱི་སྤྱོད་ཡུལ་མིན། །གཅིག་དང་གཉིས་དང་བསྒྲང་ཡུལ་མེད། །སྟོང་པ་ཆེན་པོར་བབས་ཀྱིས་གྲུབ། །ལུང་དང་རིགས་པའི་སྤྱོད་ཡུལ་མིན། །རྒྱུད་དང་ མན་ངག་གིས་མི་མཚོན། །ལྷ་དང་བསྒོམ་དང་སྤྱོད་པས་ནི། །དེ་ཡི་དོན་རྣམས་ཤེས་མི་འགྱུར། །དེ་དོན་འབྲས་བུར་གྲུབ་པ་མེད། །ཆོས་ཀྱིས་དེ་ཉིད་བསྒྲིབས་པར་འགྱུར། །བསམས་པས་འགྲུབ་པ་མ་ཡིན་ཏེ། །ཤེས་རབ་ཀྱིས་ཀྱང་དཔྱད་དུ་མེད། ། སྦྱིན་དང་ཚུལ་ཁྲིམས་བཟོད་པ་ཡིས། །དེ་ཉིད་གནོད་དང་ཕན་འབྲས་བྲལ། །ཐོས་དང་བསམ་དང་བསྒོམ་པས་ནི། །མཆོག་ཏུ་བརྟགས་ཀྱང་དེ་མི་མཐོང་། །དེ་ལ་དཀྱིལ་འཁོར་ཡོད་པ་མིན། །ལྷ་མེད་བསྐྱེད་པའི་ས་བོན་མེད། །སྔགས་དང་ཕྱག་རྒྱས་ཅི་ ཞིག་བྱ། །མཆོད་པ་ལ་སོགས་སྤྲོ་མི་དགོས། །དབང་དང་དམ་ཚིག་ག་ལ་ཡོད། །བསྙེན་པ་དང་ནི་བསྒྲུབ་པ་མེད། །འཁོར་ལོ་སྤྲོ་བ་ཡོད་པ་མིན། །བསྲུང་བ་མེད་ཅིང་སྲུང་ཡུལ་མེད། །གདོན་དང་གནོད་པའི་ཡུལ་ལས་འདས། །ཅེས་པ་དང་། རང་ཤར་ ལས། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་དང་བསྒོམ་དང་སྤྱོད་པ་མེད། །འོན་ཀྱང་ལེགས་བསྟན་ཡིད་ལ་ཟུང་། །བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །བྱ་བ་དང་ནི་བྱེད་པ་ག་ལ་ཡོད། །སྤྱོད་པ་ མེད་པའི་ཆོས་ཉིད་རང་བྱུང་འདི། །གང་གི་ཕྱོགས་སུ་མ་ལྷུང་ནམ་མཁའ་བཞིན། །ཡོད་པ་མ་ཡིན་སྟོང་པ་གཅིག་པུ་ཉིད། །མེད་པ་མ་ཡིན་ཡང་དག་བདེ་བའི་སྐུ། །བྱས་པ་མ་ཡིན་རང་བྱུང་རྟོག་མེད་ཉིད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ་ བསྒོམ་པའི་ཆོས་ཉིད་ག་ལ་ཡོད། །བཏང་དང་བཞག་པ་མེད་པའི་ཆོས། །བསྒོམས་དང་མ་བསྒོམས་མཐའ་ལས་གྲོལ། །འཛིན་མེད་སེམས་ཀྱི་དྲི་མ་ཅི། །ཡང་དག་རིག་པ་དྲི་མ་མེད། །དྲི་མེད་དག་པའི་ཆོས་སྐུ་ལ། །བསྒོམ་དང་བསྒོམ་པར་བྱ་བ་མེད། ། | ||
<span | [p. 149] ༄༅། །བསྒོམས་པས་ཡང་དག་ཉིད་མི་རྙེད། རྙེད་ན་རང་རིག་མེད་པར་འགྱུར། །ཅི་ཕྱིར་རང་རིག་ཡེ་ཤེས་ལ། །ཡེངས་དང་མ་ཡེངས་མེད་པའི་ཕྱིར། །གང་ལ་འཛིན་པ་ཡོད་པ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །ཅེས་པ་དང་། ཡང་ དེ་ཡང་ཆོས་རྣམས་འདི་ལྟ་སྟེ། །སྐྱེ་བ་མེད་པས་འགག་པ་མེད། །འཛིན་པ་མེད་པས་རང་སར་གྲོལ། །དམིགས་པ་མེད་པས་སྤྲོས་པ་མེད། །བྱས་པས་མ་བྱུང་ཀུན་ལ་ཡོད། །འདུས་མ་བྱས་པས་རྣམ་དག་དབྱིངས། །འཛིན་པའི་ཐ་སྙད་ཆོས་དང་བྲལ། ། རང་བཞིན་མེད་པས་བརྗོད་དང་བྲལ། །ཅེས་པ་དང་། ནོར་བུ་འཕྲ་བ་ཀོད་ལས། ཧ་ཧ། ཆོས་མེད་པ་ལས་ཆོས་ཉིད་འབྱུང་། །ཡུལ་མེད་པ་ལས་ཡུལ་ལྟར་སྣང་། །ཆོས་མེད་ཤེས་རབ་ཁོང་གསལ་བས། །དྲན་མེད་ཡུལ་དུ་མེད་པའོ། །ཅེས་པ་དང་། སེང་གེ་རྩལ་རྫོགས་ལས། འཛིན་ཆགས་མེད་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་མཆོག། །སོ་སོར་རྟོགས་དང་མཚན་མ་ཚིག་གི་ལམ། །བྱ་རྩལ་མེད་པའི་ཆོས་ཉིད་རང་སར་ངག། བུབས་ཆུབ་ཏིང་ འཛིན་ཆོས་ཉིད་ཡུལ་ལ་འཇུག། ངག་དང་མ་དག་ཐ་སྙད་ཆོས་སུ་མེད། །གཅིག་དང་གཉིས་ལས་འདས་པའི་ཡོ་ག་ནས་དོན། །རང་ལུས་དང་དུ་ཐིག་ལེ་གཅིག་གིས་འུབ། །ཅེས་པ་དང་། ཀློང་དྲུག་པ་ལས། མཐའ་མེད་དབུས་སུ་དམིགས་ པ་མེད། །བསམ་པ་མེད་ཅིང་ཡུལ་རྣམས་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཆོས་མེད་བཏགས་པ་ཀུན་ལས་འདས། །དགྲ་མེད་བཤེས་ཀྱང་ཡོད་པ་མིན། །ལུས་མེད་དབང་པོར་སྣང་བ་མེད། །ཆོས་ནི་བསམས་པས་མི་སྣང་སྟེ། ། གང་མེད་གང་དུ་འཛིན་པ་མེད། །དེ་མེད་ང་ཡི་འཁོར་ཀྱང་མེད། །དབྱིངས་མེད་རིག་པའི་སྐུ་ཡང་མེད། །དགེ་མེད་སྡིག་པའི་རྣམ་སྨིན་མེད། །སྲོག་མེད་བཅད་པའི་དམིགས་པ་མེད། །ཚོགས་མེད་བསག་པའི་ཡུལ་ཡང་མེད། །སངས་རྒྱས་ | ||
<span | [p. 150] མེད་ཅིང་སེམས་ཅན་མེད། །གནས་མེད་སྟོང་པ་ཉིད་ཀྱང་མེད། །ཅེས་པ་དང་། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། བྱང་ཆུབ་སྙིང་པོ་ལོལ་སྒྲིབ་མེད་པ་ལ། །གོལ་དང་སྒྲིབ་པར་འཛིན་པ་ག་ལ་ཡོད། །གོལ་མེད་སྒྲིབ་པ་ཐམས་ཅད་མངོས་ཀྱིས་མེད། །ཆོས་ཀྱི་སྐུ་ནི་སྒྲིབ་དང་བྲལ་བ་ལ། །གོལ་སྒྲིབ་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཆོས་སྐུ་མ་སྐྱེས་རང་ལས་བྱུང་བ་ལ། །གཞན་ནས་འོང་དུ་རེ་བ་ཡོང་རེ་འཁྲུལ། །སྐྱེ་མེད་བསམ་དང་བྲལ་བའི་རིག་པ་ལ། །ཚིག་དང་ཡི་གེར་བསྟན་པ་འོ་རེ་རྒྱལ། །ཅེས་པ་དང་། ཡི་གེ་མེད་པ་ལས། བྱས་པ་མ་ཡིན་བྱེད་མཁན་ག་ལ་ཡོད། །བཅོས་པ་མ་ཡིན་བཅོས་པའི་བདག་པོ་མེད། །ལྟ་བ་མ་ཡིན་ལྟ་བྱེད་ཆོས་དང་བྲལ། །མཐོང་བ་མ་ཡིན་མཐོང་བྱེད་རྣམ་པར་གསལ། །སྣང་བྱེད་མ་ཡིན་སྣང་བའི་ཕྱོགས་དང་བྲལ། །བྲི་བ་མ་ཡིན་ཐོགས་མེད་ཕྱོགས་བཅུར་ཁྱབ། །རྩོལ་བ་མ་ཡིན་རྩོལ་བསྡུ་བ་ཆོས་དང་བྲལ། །གཅིག་པུ་མ་ཡིན་དུ་མའི་ཆོས་དང་བྲལ། །ཕྱི་དང་མང་མེད་ཕྱི་ནང་མེད་པར་གསལ། །ཅེས་པ་དང་། ཐུན་མོང་གི་གསང་བ་སྒྱུ་འཕྲུལ་ལས་ཀྱང་། །ཨ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད། །ཨ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་བཟང་ལས་ཐམས་ཅད་གནས། །གནས་ཅི་ཉིད་རྣམ་གནས་བཟང་། །ཨ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མང་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ནས་འགྲོ་འོང་མེད། །ཅེས་པ་དང་། དཀོན་མཆོག་ཏུ་ལ་ལའི་མངོ་ལས་ཀྱང་། །དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མ་འཛིན་པས་ན། །འཇིག་རྟེན་ངག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་པ་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་ཀྱང་། ནམ་ཞིག་ | ||
<span | [p. 151] ༄༅། །འཇིག་རྟེན་ཁམས་འདི་བྱུང་བ་དང་། །བྱུང་ནས་ཞིག་སྟེ་སྟོང་པར་གནས་པ་ན། །ཇི་ལྟར་སྔོན་བཞིན་གྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཅེས་པ་དང་། འཕགས་པ་དཀོན་མཆོག་ བརྩེགས་པའི་མདོ་ལས། མ་རིག་ནམ་མཁའ་ཇི་བཞིན་ཏེ། །ཆོས་རྣམས་ཐ་མས་ཅད་མཚན་ཉིད་མེད། །རྟེན་མེད་གནས་མེད་ལེན་པ་མེད། །སྤྲུལ་འདྲར་ཡོངས་སུ་ཤེས་པར་གྱིས། ཅེས་པ་དང་། གསང་འདུས་ལས། དངོས་པོ་འདི་རྣམས་མ་ སྐྱེས་པ། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུར་བདག་མེད་པའི། །བྱང་ཆུབ་ཆུ་ལ་འདི་བསྟན་པའོ། ཅེས་རྒྱ་ཆེར་གསུངས་སོ།། ༈ །།གཉིས་པ་འཆིང་གྲོལ་གཉིས་སུ་མེད་པའི་རང་སེམས་སྟོང་པ་རྩ་བྲལ་ཆེན་པོར་ཐག་བཅད་ པ་ལ་གཉིས་ཏེ། བྱུང་གནས་འགྲོ་གསུམ་གྱིས་བརྟགས་པས་སྤྱིར་བསྟན་པ་དང་། གཅིག་དང་ཐ་དད་ཡབ་རྟགས་པས་བྱེ་བྲག་ཏུ་ངེས་པར་བྱ་བའོ། །དང་པོ་ནི། བཤིས་མཐའ་གྲོལ་ནམ་མཁའ་ལྟ་བུ་ཡིན་མོད་ཀྱི། རང་གིས་ནང་དུ་མ་བརྟགས་ན་ཡིད་ སྙམ་ཡིད་དཔྱོད་ལ་ལུས་པས་སྟོང་པ་སྒོམ་ཀུན་རྡོ་ལྟར་སོང་ནས། ཟང་ཐལ་རྗེན་པར་མི་རྟོགས་པས་འཁོར་འདས་ཀྱི་ཤམ་ཐད་མི་ཕྱེད་པའི་ཕྱིར། རྟོགས་པ་ངེས་ཤེས་སུ་འཆར་བ་ལ་སོ་སོར་རྟོགས་པའི་ཤེས་རབ་དགོས་ཏེ། ཡི་གེ་མེད་པ་ལས། རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང་། ཆོས་ཀྱི་སྐུ་མན་ངག་ལ་ཐུག། ཅེས་གསུངས་པས། འདིར་བླ་མའི་མན་ངག་གིས་རྟོགས་པར་བྱ་བ་ལ་གསུམ་སྟེ། བྱུང་ས་བྱུང་མཁན་ལ་བརྟག་པ། གནས་ས་གནས་མཁན་ལ་བརྟག་པ། །འགྲོས་འགྲོ་ མཁན་ལ་བརྟག་པའོ།། དང་པོ་ལ་གཉིས་ལས། བྱུང་ས་ཕྱི་སྣ་ཚོགས་ཡུལ་དུ་སྣང་བ་དང་། ནང་ཕུང་པོ་གཟུགས་སུ་སྣང་བ་སྟེ། སེམས་དེ་གཉིས་གང་རུང་མ་འཆར་དུས། ཕྱི་རུ་ཤར་ན་ཕྱིའི་ཡུལ། ནང་དུ་ཤར་ན་ནང་གི་ལུས། ཚལ་བ་ཚལ་བར་ | ||
<span | [p. 152] ཕྱེ་བ་རྡུལ་ཕྲན་ཆ་མེད་དུ་བརྟགས་པས། བྱུང་སའི་སྣང་ཡུལ་མེད་པར་མཐོང་དུས་དེ་ལས་སེམས་ཅན་བྱུང་བར་ངོ་ཤེས་པས་གཟུང་བ་ཡུལ་དུ་འཛིན་པའི་རྟོག་པ་གཞི་མེད་རྩ་བྲལ་ཆེན་པོར་ཐག་ཆོད། བྱུང་མཁན་ཤ་ར་ར་འོ་ཁ་ལའི་སེམས་དང་སེཾས་བྱུང་ཁོར་ལས ཁོ་རང་བྱུང་ན་སྐད་ཅིག་གི་ཤེས་པ་རྫས་གཉིས་སུ་འགྱུར་ལ། ཁོ་རང་ལས་གཞན་ལས་མ་བྱུང་བར་དཔྱད་ཟིན་པས། ད་བྱུངས་དེ་རང་བྱུང་དུ་བྱུང་ངམ་སྙམ་ན། ཁ་དོག་དང། དབྱིབས་དང། རྟགས་དང། མཚན་མ་དང། ཆེ་ཆུང་དང། ཕྱོགས་ཆ་ ལ་སོགས་པ་ཅི་འདུག་བརྟགས་པས་གང་དུའང་ཆི་འདུག་སྟེ། བློས་བརྟགས་པ་ཙམ་གཞི་མེད་ཧར་སངས་ཡེ་དག་དུ་སོང་དུས། ནང་འཛིན་པའི་རྟོག་པ་གཞི་མེ་ནམ་མཁའ་ལྟ་བུར་རང་གིས་རྟོགས་པས། ཆོས་དང་ཆོས་ཉིད་དུ་སྣང་པའི་ གཟུང་འཛིན་ཐམས་ཅད་ཡུལ་མེད་རྟེན་བྲལ་ཆེན་པོར་དུས་དེའི་ཚེ་རྟོགས་པས། སེམས་དང་པོ་སྐྱེ་བ་མེད་པར་ཡེ་ནས་འདུག་པ་ལ་དེ་རིང་རྟོགས་པས་ཆོས་སྐུ་སྤྲོས་བྲལ་ཆེན་པོའི་དོན་ཁོང་དུ་ཆུད་པའོ།། ࿒གཉིས་པ་བར་དུ་གནས་ ས་དང་གནས་མཁན། གསུམ་པ་ཐ་མར་འགྲོས་དང་འགྲོ་མཁན་གཉིས་ཀྱང་དེ་ཁོ་ན་ལྟར་བཤིག་ནས་བརྟགས་པས། ལོངས་སྐུ་རང་གསལ་ཆེན་པོ་དང། སྤྲུལ་སྐུ་རང་གྲོལ་རང་ཤར་གྱི་དགོངས་པ་ལ་རེག་སྟེ། ཕྱི་ནང་ཡུལ་མེད་རིག་པ རྟེན་མེད། གཟུང་འཛིན་གཞི་མེད࿒ དགོངས་པ་བར་མེད་མཉམ་པའི་དོན་ཁོང་དུ་ཆུང་ནས། མ་བསྒོམས་ཆུ་བོ་རྒྱུན་གྱི་བསམ་གཏན་རང་སངས་མཉམ་པ་ཆེན་པོར་ཁོང་ནས་འཆར་བ་ནི། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང་ བར་དུ་གནས་ས་ཐ་མ་འགྲོ། །དེ་ལྟར་གསུམ་ཡ་བརྟགས་དཔྱད་པས། སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། ཅེས་སོ།། དེའི་ཚེ་ཕྱི་ཡུལ་དུ་སྣང་བ་ཐམས་ཅད་མེད་ལ་སྣང་པ་གཞི་མེད་སང་སེང། ནང་སེམས་སུ་རྟོག་པ་ཐམས | ||
<span | [p. 153] ༄༅། །ཅད་ཤར་གྲོལ་རྗེས་མེད། སྣང་སེམས་འབྲེལ་མེད་ཟང་ཐལ་ཆེན་པོར་མཐོང་བས་ཆོས་ཟད་ཀྱི་དགོངས་པ་བློ་ཟད་ལ་ཤར་བ་ཞེས་བྱའོ། འདི་དག་འཕགས་པ་དཀོན་མཆོག་བརྩེགས་པར་གསུངས་ཏེ། འོད་སྲུངས་འདི་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་རྩོམ་པ། སེམས་དེ་ནི་ཕྱི་ན་ཡང་མི་དམིགས། ནང་ན་ཡང་མི་དམིགས། དེ་གཉིས་ཀའི་བར་ན་ཡང་མེད་ཅིང་མི་དམིགས་ཏེ། སྔོན་པོར་མ་ཡིན། སེར་བྲོ་མ་ཡིན་ཅེས་བྱ་བ་ལ་ སོགས་པ་མེད་པ་བརྩོན་འགྲུས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་སེམས་དངོས་སུ་ཚོལ་བའི་བརྩོན་འགྲུས་སོ། ཅེས་པའི་བར་དུ་གསུངས་སོ། གཉིས་པ་གཅིག་དང་ཐ་དད་ལ་བརྟག་པ་མི། སེམས་ཀྱི་ཁང་བུ་བཤིག་པའི་མན་ངག་སྟེ། དེ་ཡང་སེམས་ཞེས་ བྱ་བ་འདི་ཡོད་ན་རྒྱུ་ཅི་ལས་བྱུང་བ་དང་། མེད་ན་འགྱུ་བ་དང་དྲན་ཤེས་ཕྱི་འཁོར་ལོ་འདི་ཅི་ཡིན་པ་དང་། དྲན་ཤེས་ཀྱི་རྣམ་པ་འདི་དག་རྐྱེན་གང་ལ་བརྟེན་ནས་བྱུང་བ་དང་། རྐྱེན་མེད་ན་དྲན་ཤེས་བློ་བུར་བ་འདི་དག་མི་རིགས་པ་དང་། གལ་ཏེ་སེམས་འདི་ ལུས་དང་གཅིག་ཏུ་ཡོད་ན་ལུས་འཇིག་དུས་སེམས་ཀྱང་འཇིག་པར་འགྱུར་བ་དང་། མེད་ན་རྗེས་སུ་འགྲོ་ལྡོག་མ་ངེས་པས་ལུས་ཀྱི་ན་ཚ་སེམས་ཐོག་ཏུ་འོང་བ་དང་། སྐྱེ་བ་སྔ་ཕྱིའི་འཁོར་ལོ་འོང་བར་མི་རིགས་པ་དང་། སེམས་ཞེས་བྱ་བ་ འདིར་གཅིག་ན་ནི་འགྲོ་བ་གཅིག་གི་དབང་པོ་འཕགས་པས་འགྲོ་བ་གཞན་ཡང་འཆི་བར་རིགས་པ་དང་། གཅིག་མིན་ན་འགྲོ་བའི་གཟུགས་ཐ་དད་པ་ལྟར་འགྲོ་བའི་སེམས་དངོས་པོ་ཐ་དད་པར་རིགས་པ་དང་ཐ་དད་ན་ལུས་གཅིག་གི་ནང་ ན་སྲིན་བུ་ལ་སོགས་པའི་སྲོག་ཆགས་དེ་ཀུན། སྐྱེས་བུ་གཅིག་ཆེའི་དུས་བྱས་དུས་འཚོ་བར་རིགས་པ་དང་། གལ་ཏེ་གཅིག་ཡིན་ན་ལུས་གཅིག་ལ་ཕྱི་ནང་གི་སེམས་ཅན་དཔག་ཏུ་མེད་པ་འོང་བ་འདི་ཅི་ཡིན་པ་དང་། གལ་ཏེ་སེམས་འདི་ | ||
<span | [p. 154] ལ་ལྡོག་ས་ཡོད་ན། དང་པོ་རྒྱུ་ཡོད་དགོས་པས། རྒྱུ་ཡོད་ན་འདུས་བྱས་མི་རྟག་པས་སླར་འཇིག་པས་ལས་ལ་བཟང་ངན་མེད་པར་རིགས་པ་དང་། ལྡོག་པ་མེད་ན་ནི་སེམས་ཅན་གྱི་ཕུང་པོ་དཔག་ཏུ་མེད་པ་འདི་དག་འོང་བར་མི་རིགས་པ་དང་ སེམས་དེ་སྣ་ཚོགས་པ་ཡིན་ན་ནི་འགྲོ་བ་ལ་རང་གཞན་གྱི་རྟོག་པ་ཐང་གཅིག་ཏུ་འོང་བར་མི་རིགས་པ་དང༑ ཕན་ཚུན་འཆོལ་བས། རང་རྒྱལ་བ་དང་། མི་ཤི་བ་དང་། སྡུག་བསྔལ་མེད་པ་དང་། འཁོར་དང་ལོངས་སྤྱོད་ལ་སོགས་པ་ལྡན་ན་དགའ་ བ་དང་། གཞན་ཕམ་པ་ལ་སོགས་པ་ཀུན་འདུ་ཤེས་མཐུན་པར་འོང་པ་མི་རིགས་པ་དང་། གལ་ཏེ་ཐ་དད་པ་ཡིན་ན་ནི། འགྲོ་བ་མང་པོ་ཡོད་པས། འགའ་ཞིག་ལ་གཞན་དང་མཐུན་པར་རང་འཕམ་པར་དགའ་བ་ལ་སོགས་པ་འོང་པར་ རིགས་པ་དང་། གཅིག་ཁོ་ནར་སེམས་པ་ཡིན་ན་ནི་གཅིག་ཤི་བས་ཀུན་ཤི་བ་འམ། གཅིག་སྐྱེས་པས་ཀུན་སྐྱེ་བར་རིགས་པ་འམ། དེ་ལྟར་རྣམ་པ་དུ་མའི་སྒོ་ནས་རང་གི་སེམས་ལ་གཅིག་དང་ཐ་དད་ཀྱི་རྒལ་བས་བརྟགས་ཏེ་བཙལ་བས། གང་ ཡང་མ་རྙེད་པ་ནི་ཆོས་ཉིད་ཀ་ནས་དག་པའི་དོན་ཤེས་རབ་ཀྱི་དབང་པོས་རྟོགས་པ་ཏེ། སེམས་ལ་རྒྱུ་མེད་དེ་ལྡོག་མི་སྲིད་པས་ལས་ཀྱི་བསགས་པ་ལ་མཐའ་མེད་པར་ཡིད་ཆེས་པ་དང་། སེམས་ལ་རྒྱུ་ཡོད་ན་འབྲས་བུ་འོང་དགོས་ཏེ། འབྲས་བུ་འཁོར་བ་ ཡིན་ན་མ་དག་པས་གྲོལ་མི་སྲིད། འདྲ་བ་ཡིན་ན་འཁོར་བ་འོང་བར་མི་རིགས། གཉིས་ཀ་ཡིན་ན། འཁོར་འདས་ཐ་དད་པ་ལྟར་སེམས་ཀྱང་ཐ་དད་པར་འགྱུར་ལ། གལ་ཏེ་ཐ་དད་ན། ལུས་སེམས་ཐ་དད་པ་བཞིན་དུ་དྲན་བསམ་གྱི་རིགས་གཅིག་ཏུ་ འདུ་བའི་འདོད་པ་འང་ཐ་དད་དུ་མར་འགྱུར་བ་ལས། རིགས་གཅིག་ཏུ་འདུ་བས་ཤེས་སོ།། ཡང་སེམས་ལ་རྒྱུ་མེད་ན་སེམས་འདི་དག་མི་རིགས་སོ་ཞེ་ན། འདི་དག་ནི་སེམས་ཀྱི་རྒྱུ་ལས་བྱུང་བ་མེད་དེ་བློ་མ་ཡིན་པས། སེམས་ལས་བྱུང་བ་མ་ | ||
<span | [p. 155] ༄༅། །ཡིན་ན་སེམས་འདི་ཉིད་དུ་གནས་པ་ཙམ་ལམ་རྟོགས་པ་མེད་དེ། འདི་དག་ནི་སྐྱེ་བ་དང་། འཆི་བ་དང་། གནས་པ་ལ་སོགས་པ་ཟད་པ་ཡང་མ་ཡིན་ལ། འཕེལ་བ་ཡང་མ་ཡིན་པས་ན། ལུང་ལས། མ་རིག་འཁྲུལ་ འཁོར་འདི་ལ་ཟད་མེད་འཕེལ་བ་མེད། ཅེས་པ་དང་། ཡང་། སེམས་ཅན་ཁམས་ཀྱི་རང་བཞིན་དེ་ཡང་ཕ་མཐའ་མེད། ཅེས་གསུངས་པས་སོ། དེ་ལྟར་རྒྱུ་མེད་པས་སེམས་ལ་འཕེལ་བ་མེད་པར་ཤེས། འཕེལ་བ་མེད་པས་སྐྱེ་བ་མེད་པར་ཤེས། སྐྱེ་བ་མེད་པས་འཆི་བ་མེད་པར་ཤེས། དེ་ཤེས་པས་ལས་ལ་བཟང་ངན་མེད་པར་ཤེས་ཏེ། སྡུད་པ་ལས། ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། ཅེས་སོ། དེ་ལྟར་ཡེ་གདོང་མ་ནས་རང་དག་མེད་པར་ཤེས་པས་ན། བཟོད་ནས་དག་ པས་སེམས་ཅན་སྐྱེ་བར་ག་ལ་འགྱུར། ཅེས་འབྱུང་བ་ཡིན་ནོ། དེ་ཡང་སེམས་ལ་རྐྱེན་མེད་པ་སྟེ། ཡོད་ན་སྣང་བ་སྣ་ཚོགས་སུ་སྣང་བ་བཞིན་དུ་སེམས་ཀྱང་རྐྱེན་གྱིས་ཁ་དོག་ལ་སོགས་པ་སྣ་ཚོགས་སུ་འགྱུར་ལ། སེམས་ཐ་དད་དུ་སོང་བས་ དྲན་བསམ་གཅིག་ཏུ་མི་རིགས་ལ། སེམས་ལ་རྐྱེན་ཡོད་ན་གཏན་འཇིག་པར་འགྱུར་བས། སེམས་ཀྱི་ལས་འབྲས་མེད་པར་ཐལ་བ་དང་། སེམས་ཞིག་ཀྱང་དེའི་ལས་ཡོད་ན། ཧ་ཅང་འགལ་ཏེ། ལུས་ཀྱི་ཁ་དོག་དང་སྐྱེ་མཆེད་ལེགས་ཉེས་ཀུན་ལུས་ ཞིག་ཀྱང་གནས་སོ་ཞེས་བརྗོད་པ་དང་མཚུངས་སོ། དེས་ན་སྒྱུ་མ་ལྟར་གནས་པ་ཙམ་གྱིས་གསལ་ལོ། རྐྱེན་མེད་ན་ད་ལྟ་དྲན་བསམ་སྣ་ཚོགས་པ་འདི་ཅི་ལས་བྱུང་ཞེ་ན། ད་ལྟའི་དྲན་བསམ་འདི་རྐྱེན་ལས་བྱུང་པ་མ་ཡིན་ཏེ། བློ་བུར་བ་མང་ གི་རྨི་ལམ་གྱི་ནོར་བུ་རྙེད་པ་ལ་དགའ་བ་དང་བདེན་པར་འཛིན་པ་ལས། སད་དུས་ཅི་ཡང་མེད་པ་ལྟར། ད་ལྟའི་དྲན་བསམ་ཡང་བདེན་པར་བཟུང་ནས་ཞེན་རུང་དེའི་རྗེས་ལ་ཅི་ཡང་མེད་པས་གནས་སྐབས་ཀྱི་བདེན་པ་རྫུན་ལྟར་སྣང་བ་ལས་གྲུབ་པ་མེད་དོ། | ||
<span | [p. 156] འཕེལ་ན་ནམ་མཁའི་སྤྲིན་སྣ་ཚོགས་བློ་བུར་དུ་འཁྲགས་པར་གང་སེང་ཆ་མེད་བློ་བུར་དུ་ཡལ་བ་དང་འདྲ་བར། སྤྲིན་དེ་ནམ་མཁའ་ལ་མེད་ཀྱང་དེའི་ངང་ན་སྣང་བ་ལྟར། རྐྱེན་དང་རྒྱུ་སེམས་ལ་མེད་ཀྱང་སྣང་སྣང་འདྲ་དུས་རྒྱུ་རྐྱེན་མེད་དེ་གཅིག་དང་དུ་མ་དང་དུས་གསུམ་གྱི་ བརྟགས་པས་མེད་པར་ངེས་ཏེ། རྩ་བ་ཤེས་རབ་ལས། ས་བོན་ཞིག་དང་མ་ཞིག་ལས། །མྱུ་གུ་སྐྱེ་བ་མ་ཡིན་ཏེ། །ཁྱོད་ཀྱིས་ཆོས་རྣམས་ཐམས་ཅད་ནི། །སྒྱུ་མ་འབྱུང་བ་བཞིན་དུ་བསྟན། །ཅེས་པ་དང་། རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཅེས་པས་སོ། ། ཀུན་བྱེད་ལས་ཀྱང་། རྒྱུ་དང་རྐྱེན་མེད་ཞི་བ་མཆོག་གི་ལམ། །ཅེས་པ་ལ་སོགས་པ་བཤད་དོ། །དེའི་ཕྱིར་སེམས་ཡོད་ན། དངོས་པོ་གཟུགས་ཅན་དུ་ཡོད་དམ། གཟུགས་མང་དུ་ཡོད། གཟུགས་ཅན་དུ་མེད་དེ་ཡོད་ཆད་པ་པོའི་མངོན་གསུམ་ལ་ལྟར་རུང་ བ་ལས་ལྟར་རུང་མ་དམིགས་པའི་མངོན་གསུམ་ཚད་མས་གསལ་ལོ། །གཟུགས་མེད་དུ་ཡོད་ན་ཅིས་ཤེས། འགྱུ་བས་ཤེས་སོ་ཅེ་ན། འགྱུ་བ་དེ་ཁ་དོག་དང་ཕྱོགས་ཆ་དང་། འབས་མ་འོངས་ད་ལྟ་གསུམ་ཕྲད་པ་བརྟགས་པས་མ་གྲུབ་སྟེ། འགྱུ་བ་སྔ་མ་དང་ ད་ལྟའི་འགྱུ་བ་ཕྲད་ན་ཕྲད་ཆའི་དྲན་བསམ་སྔ་མ་དེ་ད་ལྟ་མ་འགགས་པར་ཡོད་དགོས་ལ། ཡོད་ན་སྔ་མ་ཡིན་པར་འགལ་ཞིང་། ད་ལྟའི་སྔ་མ་དང་ཕྲད་ཆ་དེ་འགགས་པར་ཐལ་ཞིང་། མ་ཕྲད་ན་ད་ལྟའི་དྲན་པས་མ་རྒྱུ་མེད་འགྱུ་བར་མི་རིགས་པར་ ཐལ་བས་ཁེགས་སོ། །འགྱུ་བ་ནི་གཅིག་ཡིན་ནམ་ཐ་དད་ཡིན། གཅིག་ན་སྣ་ཚོགས་པར་འགྱུ་བ་ཉམས་ལ། ཐ་དད་ན་འགྱུ་བྱེད་གཅིག་ཡིན་པ་ཉམས་སོ། །དེས་ན་སེམས་ཡོད་པར་མ་གྲུབ་སྟེ། རྩ་བྲལ་ནམ་མཁའ་འདྲ་བར་རྟོགས་པས། སྐྱེ་བ་དང་སྐྱེ་གཞི་ མེད་པས་ལྡོག་པའི་ས་མེད་དོ། །ནམ་མེད་ན་དྲན་བསམ་སྔ་ཕྱིའི་བར་དུ་ངོ་སྤྲད་པས་དེར་ཡལ་བས་སེམས་ལ་གཞི་མེད་པར་ངོ་ཤེས། དེ་ཤེས་པས་ལྡོག་ས་མེད་པར་ཡིད་ཆེས། དེ་ཤེས་པས་ཁམས་གསུམ་མིང་མེད་ཆེན་པོར་ཐག་ཆོད། དེ་ཆོད་པས་ལས་དགེ་ | ||
<span | [p. 157] ༄༅། །སྡིག་གི་ཕན་གནོད་མེད་པར་བློ་བདེ་བའོ། ཡང་སྣང་ཤེས་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་རྒྱུ་དང་མཚན་ཉིད་དུ་མ་གྲུབ་པར་ངོ་ཤེས། དེ་ཤེས་པས་སེམས་ཉིད་སྟོང་པ་ལ་ངོས་བཟུང་མེད་པར་ཡིད་ཆེས། དེ་ཆེས་ པས་སེམས་ཞེས་རྒྱུ་རྐྱེན་ལས་འབྱུང་བར་ཐག་ཆོད། དེ་ཆོད་པས་དྲན་པས་མ་བློ་བུར་གྱི་རྟོག་པས་ཕན་གནོད་མེད་པར་བློ་བདེ་བའོ། ཡང་བློ་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་རྩ་བ་མེད་པར་ངོ་ཤེས། དེ་ཤེས་པས་སེམས་ཉིད་གཅིག་ གི་འཁོར་ལོ་ལ་སྤྲོས་པ་ཐ་དད་མེད་པར་ཡིད་ཆེས། དེ་ཆེས་པས་བྱས་པའི་ཆོས་ཀྱིས་སང་མི་རྒྱུ་བར་ཐག་ཆོད། དེ་ཆོད་པས་སེམས་མེད་པའི་དོན་ལས་མ་རྟོགས་པའི་ཆོས་ལོགས་པ་མེད་པས་བློ་བདེ་བའོ། ཡང་ཆོས་ཉིད་སྔ་ཕྱིའི་བར་དུ་ངོ་ སྤྲད་པས། སེམས་ལ་སྐྱེ་བ་མེད་པར་ངོ་ཤེས། དེ་ཤེས་པས་བག་ཆགས་ལུས་ཀྱི་ཀུན་གཞིས་མི་གནོད་པར་ཡིད་ཆེས། དེ་ཆེས་པས་ད་སེམས་སྐྱེ་མི་སྲིད་པར་ཐག་ཆོད། དེ་ཆོད་པས་ད་སེམས་ཀྱི་ཁང་བུ་ཞིག་སྟེ་ལྡོག་པ་དང་ལྡོག་རྟེན་མེད་ པར་བློ་བདེ་བའོ། དེ་ལྟར་སེམས་ལས་པའི་དུས་པའི་པོའི་ཚད་ཟིན་པས། སངས་རྒྱས་མེད་པས་སངས་རྒྱས་མེད་ཙམ་དུ་ཡང་མེད་དེ། འབྲས་བུ་ལ་རེ་བར་འཛིན་པའི་བློ་ལྡོག། དེ་ལོག་པས་ལམ་འབད་རྩོལ་དུ་བྱེད་པའི་ཆོས་མེད་དོ། དེས་ན་མེད་པའི་ཆོས་ལ་ཅི་ཡང་མེད་པས་འཁོར་འདས་སུ་བཏགས་པ་མིང་ཙམ་ལས་དོན་ལ་མ་རྙེད་པ་ལ་གྲོལ་བའི་ཚང་ཞེས་བྱའོ། དེའི་ཕྱིར་ན་སེམས་ཉིད་མེད་པ་ལ་ཅི་ཡང་མེད་པས། སེམས་ལ་རྒྱུ་མཚན་མེད་པས་ལྟར་མེད་ལ། དེ་ལྟར་ མེད་པའི་ངོ་སྤྲད་པ་བཞི་བསྐོར་ལ། ཆོས་ཚན་བཅུ་དྲུག་དུ་རིག་པ་ནི། སེམས་ཀྱི་ཁང་བུ་བཤིག་པ་སྟེ། དཔེར་ན་བྱིས་པའི་ཁང་བུ་བརྩིགས་ཀྱི་ན་འཇིག་པ་དང་འདྲའོ། དེ་ཡང་བྱ་བས་བྱ་བ་འཇིག་པ་ལྕགས་ཀྱིས་ལྕགས་འཇིག་པ་དང་ | ||
<span | [p. 158] དཔེར་ན་ནམ་མཁའ་སྤྲིན་སྣ་ཚངས་བློ་བུར་དུ་འཁྲེགས་པར་གར་སོང་ཆ་མེད་བློ་བུར་དུ་ཕལ་བ་དང་འདྲ་བར། སྤྲིན་དེ་ནས་མཁའ་ལ་མེད་ཀྱང་དེའི་ངང་ན་སྣང་བ་ལྟར། རྐྱེན་དང་རྒྱུ་སེམས་ལ་མེད་ཀྱང་སྣང་སྣང་འདྲ་དུས་རྒྱུ་རྐྱེན་མེད་དེ་གཅིག་དང་དུ་མ་དང་དུས་གསུམ་གྱི་ བརྟགས་པས་མེད་པར་ངེས་ཏེ། རྩ་བ་ཤེས་རབ་ལས། ས་བོན་ཞིག་དང་མ་ཞིག་ཡས། །མྱུ་གུ་སྐྱེ་བ་མ་ཡིན་ཏེ། །ཁྱོད་ཀྱིས་ཆོས་རྣམས་ཐམས་ཅད་ནི། །སྒྱུ་མ་འབྱུང་བ་བཞིན་དུ་བསྟན། །ཅེས་པ་དང་། རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཅེས་པས་སོ། ། ཀུན་བྱེད་ལས་ཀྱང་། རྒྱུ་དང་རྐྱེན་མེད་ཞི་བས་ཆོག་གི་ལམ། །ཅེས་པ་ལ་སོགས་པ་བཤད་དོ། །དེའི་ཕྱིར་སེམས་ཡོད་ན། དངོས་པོ་གཟུགས་ཅན་དུ་ཡོད་དམ། གཟུགས་མེད་དུ་ཡོད། གཟུགས་ཅན་དུ་མེད་དེ་ཡོད་ན་དབང་པོའི་མངོན་གསུམ་ལ་ལྟའི་རུང་ བ་ལས་ལྟར་རུང་མ་དམིགས་པའི་མངོན་གསུམ་ཚད་མས་གསལ་ལོ། །གཟུགས་མེད་དུ་ཡོད་ན་ཅིས་ཤེས། འགྱུ་བས་ཤེས་སོ་ཅེ་ན། འགྱུ་བ་དེ་ཁ་དོག་དང་ཕྱོགས་ཆ་དང་། འདས་མ་འོངས་ད་ལྟ་གསུམ་ཕྲད་པ་བརྟགས་པས་མ་སྒྲུབ་སྟེ། འགྱུ་བ་སྔ་མ་དང་ ད་ལྟའི་འགྱུ་བ་ཕྲད་ན་ཕྲད་ཆའི་དྲན་པས་མ་སྔ་མེད་ད་ལྟ་མ་འགགས་པར་ཡོད་དགོས་ལ། ཡོད་ན་སྔ་མ་ཡིན་པར་འགལ་ཞིང་། ད་ལྟའི་སྔ་མ་དང་ཕྲད་ཆ་དེ་འགགས་པར་ཐལ་ཞིང་། མ་ཕྲད་ན་ད་ལྟའི་དྲན་པས་མ་རྒྱུ་མེད་འགྱུ་བར་མི་རིགས་པར་ ཐལ་བས་ཁེགས་སོ། །འགྱུ་བ་ནི་གཅིག་ཡིན་ནམ་ཐ་དད་ཡིན། གཅིག་ན་སྣ་ཚོགས་པར་འགྱུ་བ་ཉམས་ལ། ཐ་དད་ན་འགྱུ་བྱེད་གཅིག་ཡིན་པ་ཉམས་སོ། །དེས་ན་སེམས་ཡོད་པར་མ་གྲུབ་སྟེ། རྩ་བྲལ་ནམ་མཁའ་འདྲ་བར་རྟོགས་པས། སྐྱེ་བ་དང་སྐྱེ་གཞི་ མེད་པས་ལྡོག་པའི་ས་མེད་དོ། །ནམ་མེད་ན་དྲན་པས་མ་སྔ་ཕྱིའི་བར་དུ་ངོ་སྤྲད་པས་དེར་ཡལ་བས་སེམས་ལ་གཞི་མེད་པར་ངོ་ཤེས། དེ་ཤེས་པས་ལྡོག་ས་མེད་པར་ཡིད་ཆེས། དེ་ཤེས་པས་ཁམས་གསུམ་མིང་མེད་ཆེན་པོར་ཐག་ཆོད། དེ་ཚོད་པས་ལས་དགེ་ | ||
<span | [p. 159] ༄༅། །སྡིག་པ་ཐ་གནོད་མེད་པར་བློ་བདེ་བའོ། ཡང་སྣང་ཤེས་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་རྒྱུ་དང་མཚན་ཉིད་དུ་མ་གྲུབ་པར་ངོ་ཤེས། དེ་ཤེས་པས་སེམས་ཉིད་སྟོང་པ་ལ་ངོས་བཟུང་མེད་པར་ཡིད་ཆེས། དེ་ཆེས་ པས་སེམས་ཞེས་རྒྱུ་རྐྱེན་ལས་འབྱུང་བར་ཐག་ཆོད། དེ་ཆོད་པས་དྲན་པས་མ་བློ་བུར་གྱི་རྟོག་པས་ཕན་གནོད་མེད་པར་བློ་བདེ་བའོ། ཡང་བློ་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་རྩ་བ་མེད་པར་ངོ་ཤེས། དེ་ཤེས་པས་སེམས་ཉིད་གཅིག་ གི་འཁོར་ལོ་ལ་སྨོས་པ་ཐ་དད་མེད་པར་ཡིད་ཆེས། དེ་ཆེས་པས་བྱས་པའི་ཆོས་ཀྱིས་སང་མི་རྒྱུ་བར་ཐག་ཆོད། དེ་ཆོད་པས་སེམས་མེད་པའི་དོན་ལས་མ་རྟོགས་པའི་ཆོས་ལོགས་པ་མེད་པས་བློ་བདེ་བའོ། ཡང་ཆོས་ཉིད་སྔ་ཕྱིའི་བར་དུ་ངོ་ སྤྲད་པས། སེམས་ལ་སྐྱེ་བ་མེད་པར་ངོ་ཤེས། དེ་ཤེས་པས་བག་ཆགས་ལུས་ཀྱི་ཀུན་གཞིས་མི་གནོད་པར་ཡིད་ཆེས། དེ་ཆེས་པས་ང་སེམས་སྐྱེ་མི་སྲིད་པར་ཐག་ཆོད། དེ་ཆོད་པས་ང་སེམས་ཀྱི་ཁང་བུ་ཞིག་སྟེ་ལྡོག་པ་དང་ལྡོག་རྟེན་མེད་ པར་བློ་བདེ་བའོ། དེ་སྔར་སེམས་ཡས་པའི་དུས་པའི་པོའི་ཚད་ཟིན་པས། སངས་རྒྱས་མེད་པས་སངས་རྒྱས་མིང་ཙམ་དུ་ཡང་མེད་དེ། འབྲས་བུ་ལ་རེ་བར་འཛིན་པའི་བློ་ལྡོག། དེ་ལོག་པས་ལམ་འབད་རྩོལ་དུ་བྱེད་པའི་ཆོས་མེད་དོ། དེས་ན་མེད་པའི་ཆོས་ལ་ཅི་ཡང་མེད་པས་འཁོར་འདས་སུ་བཏགས་པ་མིང་ཙམ་ལས་དོན་ལ་མོ་རྙེད་པ་ལ་གྲོལ་བའི་ཚང་ཞེས་བྱའོ། དེའི་ཕྱིར་ན་སེམས་ཉིད་མེད་པ་ལ་ཅི་ཡང་མེད་པས། སེམས་ལ་རྒྱུ་མཚན་མེད་པས་ལྟར་མེད་ལ། དེ་ལྟར་ མེད་པའི་ངོ་སྤྲད་པ་བཞི་བསྐོར་ལ། ཆོས་ཚན་བཅུ་དྲུག་དུ་རིག་པ་ནི། སེམས་ཀྱི་ཁང་བུ་བཤིག་པ་སྟེ། དཔེར་ན་བྱིས་པའི་ཁང་བུ་བརྩིགས་ཀྱིན་འཇིག་པ་དང་འདྲའོ། དེ་ཡང་བྱ་བས་བྱ་བ་འཇིག་པ་ལྕགས་ཀྱིས་ལྕགས་འཇིག་པ་དང་ | ||
<span | [p. 160] འདྲ་ལ། མི་རྟག་པས་མི་རྟག་པ་འཇིག་པ་སྒྱུ་མའི་མིས་སྒྱུ་མའི་གྲོང་ཁྱེར་བཅོམ་པ་ལྟ་བུ་དང་། བྱས་པས་མི་རྟག་པ་འཇིག་པ་རོལ་རོ་བརྩེགས་པ་ལྟ་བུ་དང་། མི་རྟག་པས་བྱས་པ་འཇིག་པ་རིག་པ་ད་ལྟར་བསམ་རིག་པ་སྔ་མ་འཇིག་པ་ལྟ་བུའོ། ། དེ་ལྟར་ན་སེམས་ཀྱིས་སེམས་བཤིག་པས་གཉིས་ཀ་རྗེས་མེད་དུ་ཞིག་པ་ཆུ་ལ་ཡི་གེ་བྲིས་པ་ལྟ་བུ་དང་། མེད་པས་མེད་པ་བཙལ་ཡང་མི་རྙེད་པ་འབུལ་པོའི་ཁྱིམ་ན་ཡིད་བཞིན་གྱི་ནོར་བུ་མེད་པར་བཙལ་ཀྱང་རྙེད་པའི་གནས་མེད་པ་དང་འདྲ་བར། སེམས་མེད་པ་ལ་གཞིག་པའི་གནས་མེད་པ་ནི། དཔེར་ན་གྲུ་སྡིབ་པའི་ཚེ་ཆུ་ལ་འཛིན་པའི་གནས་མེད་པ་དང་འདྲའོ། །དེའི་ཕྱིར་ན་སེམས་མེད་པའི་དོན་མ་ཤེས་པར། ལྟ་བ་སྒོམ་སྤྱོད་པ་སེམས་ལ་འཚོལ་བ་ནི། བདེ་ཆེན་ཐར་པའི་བསྟན་པ་ རྙེད་དུས་མེད་དེ། གྲུ་སྡིབ་པས་ཆུ་ལ་འཇུས་པ་ལྟར། སེམས་མེད་པ་ལ་ཡོད་པར་རྟེན་བཅས་པ་དེ་ཉིད་ཀྱིས་སྐུ་ཞིང་འཆིང་བར་ངེས་སོ། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས་ཀྱང་། སྣང་བ་ཆོས་སྐུར་འདོད་པ་ང་ལ་སྒྲིབ་པ་ཡིན། །ཅིར་སྣང་སེམས་ སུ་འདོད་པ་ང་ལ་སྒྲིབ་པ་ཡིན། །རང་བྱུང་གཞན་ནས་འདོད་པ་ང་ལ་སྒྲིབ་པ་ཡིན། །ཅེས་སོ། །འོ་ན་སེམས་ཡལ་ཞེས་ཡོད་པ་དེ་མེད་པར་སོང་བ་མ་ཡིན་ནམ་ཞེ་ན། ཡལ་བ་ནི་སྔར་བཞིན་དབྱང་ནམ་གྲུབ་པ་དང་། མ་དབྱུང་ནའང་བློ་བུར་གྱི་དྲན་པས་ གྱི་རྟོག་པ་ཡལ་བ་ལས། སེམས་རང་རྒྱུད་པ་ཡོད་ནས་མེད་པར་སོང་བ་མེད་དེ། ཡལ་རྒྱུ་དང་ཡལ་རྐྱེན་གང་དུ་ཡང་མེད་དོ། །འོ་ན་སེམས་ཀྱི་ཁང་བུ་བཤིག་པ་ལ་དགོས་པ་མེད་དེ་བཤིག་རྒྱུ་མེད་པའི་ཕྱིར་རོ་ཞེ་ན། སེམས་ཡེ་ནས་མེད་པ་ལ། མེད་པའི་ གནས་ལུགས་རྟོགས་པར་བྱེད་པ་ཙམ་ལས། སེམས་ཀྱི་ཁང་དུའི་གཞིའམ་དངོས་པོ་ཡོད་པ་ནི་མིན་ཏེ། དྲན་པའི་ཁུངས་ཆོས་ཉིད་དུ་སོང་བས། མེད་པ་གོ་བར་བྱས་པ་ལ། ཁང་བུ་བཤིག་ཅེས་ཐ་སྙད་དུ་བྱས་ཏེ། ཡོད་པ་བཤིག་པ་ནི་གང་ཡང་མེད་དོ། ། | ||
<span | [p. 161] ༄༅། །དེའི་ཕྱིར་ན་ཐ་སྙད་ཀྱི་འབྲས་བུ་ཞེས་སྣང་བ་ཡུལ་གྱི་གནད་གང་སྣང་གི་སྟེང་དུ་བཞག་པས། བེམས་པོའི་སྣང་བ་དེར་འཛིན་མེད་པས་ཡུལ་སེམས་གཉིས་མེད་ཀྱི་འབྲས་བུ་དང་། ཤེས་པ་གང་འགྱུས་ཀྱི་སྟེང་དུ་བཞག་པས། སེམས་ཀྱི་ ཁང་བུ་རང་ཞིག་པས་འགྱུ་བ་རྟོག་སངས་ཀྱི་འབྲས་བུ་དང་། དེ་ལྟར་བེམས་རིག་གཉིས་མེད་ཟུང་འཇུག་ཡེ་ཤེས་ཀྱི་ཡལ་ས་ངོས་ཟིན་པས་མེད་པའི་འབྲས་བུའོ།། དེ་ལྟར་འབྲས་བུ་གསུམ་གྱི་དུས་ཀྱང་ཡལ་དུས་ངོ་སྤྲད་པའི་གནད་བཞི་ལ། མེད་པའི་ ཆོས་བཅུ་དྲུག་སྔ་མ་བཞིན་དུ་ཤེས་པར་བྱའོ། དེ་འང་གསང་ཆེན་ངེས་པ་སྙིང་ཐིག་གི་ཁྲེགས་ཆོད་སེམས་ཡེ་མེད་རང་སངས། འགྱུ་བ་བློ་བུར་ཡེ་གྲོལ་དུ་ཤེས་པ་དང་། མན་ངག་གཞན་དག་སེམས་དོན་དམ་དུ་མེད། ཀུན་རྫོབ་ཏུ་ཡོད་པར་བརློམས་ནས། ལྟ་བསྒོམ་སེམས་ལ་ལམ་བྱེད་གཉིས། རང་གྲོལ་རང་ཤར་རང་བཞག་ཙམ་དུ་མིང་མཐུན་ཡང་། དོན་མི་མཐུན་ཏེ། འདིར་ཡེ་མེད་དུ་བྱེད་པ་དང་། གཞན་དུ་ཡོད་པ་མེད་པར་འདོད་པས་སོ། ཟུང་འཇུག་ཀྱང་། གཞན་དུ་ཡོད་པ་གཉིས་གཅིག་ལ་གཅིག་ འབྲེལ་གྱི་ཟུང་འཇུག་འདོད་པ་དང་། འདིར་ཡེ་མེད་པས་ཟུང་དུ་འཇུག་རྒྱུ་མེད་ལ། མེད་པའི་ངོ་བོ་ལ་ཐ་དད་རིས་སུ་མེད་པ་གཉིས་ཐ་མི་དད་པས་གཉིས་མེད་ཟུང་འཇུག་ཞེས་བྱའོ།། གནད་འདི་ནི་ཐེག་པ་ཀུན་ལས་རྩེ་མོར་གྱུར་པའི་གནད་ཁམ་ཡང་ ཆེ་ལ་གལ་ཡང་ཆེ་བ་སྟེ། འདི་ལས་སྣང་བ་སེམས་སུ་མི་འདོད་པ་དང་། སེམས་ཡོད་མ་མྱོང་གཞི་སངས་ཆེན་པོར་བསྟན་པ་ཡིན་ནོ།། འདི་ལ་བརྟེན་ནས་སྣང་བ་སེམས་སུ་ངོ་སྤྲད་པ་དང་། སེམས་ཉིད་སྟོང་པར་ངོ་སྤྲད་པའི་མན་ངག་སྙིང་ཏིག་གི་དགོངས་ པ་མ་ཡིན་པར་ཤེས་པར་བྱའོ།། མན་ངག་འགའ་ཞིག་ཏུ་དེ་ལྟར་བྱུང་སྲིད་ན་འོག་མ་དྲང་པ་ཙམ་ལས་ངེས་དོན་མ་ཡིན་པར་ཐག་བཅད་དོ། གསུམ་པ་ཡུལ་སྣང་བློའི་མེ་ལོང་དུ་ཤར་བས་ཚོགས་དྲུག་མཉམ་པ་ཆེན་པོར་ཁྱབ་པ་རྡལ་བ་ནི། ཕྱི་སྣང་ | ||
<span | [p. 162] པ་སྣ་ཚོགས། ནང་དྲན་རྟོག་བློ་བུར། དབང་པོ་དྲུག་སྣང་ཡུལ་དང་བཅས་པ་ཐམས་ཅད། མེད་པ་གསལ་སྣང་ཙམ་ལས། དོན་ལ་ཕྱི་ནང་གང་ན་ཡང་མང་བ་རབ་རིབ་ཅན་གྱི་སྐྲ་ཤད་དང་། སྒྱུ་མ་དང་། མིག་འཕྲུལ་དང་། སྤྲུལ་པ་ ལྟ་བུར། བློ་ལ་སྣང་ཡང་སྣང་དུས་དེ་ཉིད་ནས་ཡོད་མེད་ཀྱི་མཐའ་ལས་འདས་པར་ཤེས་པར་བྱ་སྟེ། སྣང་པའི་ངོས་ནས་ཇི་ལྟར་བཏགས་ཀྱང་མི་འགལ། ཡིན་དུ་ཆུག། མིན་དུ་ཆུག། ཡོད་དུ་ཆུག། མེད་དུ་ཆུག། སྣང་དུ་ཆུག། སྟོང་དུ་ཆུག། འཁྲུལ་ དུ་ཆུག། གྲོལ་དུ་ཆུག། བཟང་དུ་ཆུག། ངན་དུ་ཆུག། སེམས་སུ་ཆུག། གཞན་དུ་ཆུག། གང་ལྟར་བཏགས་ཀྱང་། སྟོང་པའི་ངོས་ནས་ཇི་ལྟར་བརྟགས་པ་དེ་ཉིད་ཀྱིས་ཐོག་མར་སྟོང་སྟེ། བཏགས་པ་སེམས་ཡིན། སེམས་མེད་པ་ཡིན། མེད་པ་ལ་ འདོགས་མཁན་མེད་པས་རྨི་ལམ་གྱི་བྱ་བྱེད་དང་སྒྱུ་མའི་བྱ་བྱེད་བཞིན་ནོ།། སྣང་བ་དང་འཆར་བ་དང་། དགེ་བ་དང་མི་དགེ་བ་ལ་སོགས་པ་དེ་ཉིད་བློ་བུར་བ། དེའི་ངོ་བོ་གཞི་མེད་རང་སངས། རིག་པའི་ཡེ་གདངས་ཆ་ལ་ཡོད་པས་ངོས་ཟིན་ན་ དགོངས་པ་ཆོས་ཉིད་ཕྱོགས་ཡན་ལས་འཆུགས་ས་མེད་དེ། སྣང་སྲིད་འཁོར་འདས་ཀྱི་ཆོས་སོ་ཅོག་རིག་པའི་ངང་ན་མེད་པ་གསལ་སྣང་གི་སྣང་བ་ཆེན་པོར་རང་ཤར་རང་སྣང་བ་ནི། འབྱུང་བཞིའི་སྣང་བ་ནམ་མཁའི་ངང་ན་གནས་པ་འམ། རྨི་ལམ་སྣ་ཚོགས་གཉིད་དང་། གཉིད་རིག་པའི་ངང་ལས་མ་གཡོས་པ་བཞིན་ཏེ། ཐམས་ཅད་རིག་པའི་དོ་ལ་རང་སྣང་ཡང་། རིག་པས་འཁྲུལ་སྣང་འཁོར་བ་མ་མཐོང་། དག་སྣང་འདས་པ་མ་མཐོང་། འཁོར་འདས་ཀྱིས་རིག་པ་མ་ མཐོང་། ཐམས་ཅད་གཞི་མེད་མཉམ་པ་ཆེན་པོའི་ངང་ལས་གཡོས་པ་མེད་དེ། ངོ་བོར་མ་གྲུབ་པས་མཐོང་བ་དང་མཐོང་བྱེད་ལས་འདས་ལ། རིག་པའི་ངང་ནས་ཤར་བས་འཁོར་འདས་རིག་པའི་རང་གདངས་སམ་རོལ་བ་ཞེས་བཏགས་པ་ | ||
<span | [p. 163] ༄༅། །ཙམ་སྟེ། ཡོད་མེད་མཐའ་གྲོལ་ཆེན་པོ། བཏགས་པ་མི་འགལ། དོན་ལ་མ་གྲུབ། མེད་པ་གསལ་སྣང་ཙམ་དུ་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཤར་བ་སྟེ། ཀློང་དྲུག་པ་ལས། དྲི་མ་མེད་པའི་སེམས་ཉིད་ལ། །ཡུལ་རྐྱེན་ བྲལ་བའི་སྣང་བ་ནི། །རང་དག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། ཅེས་པ་དང་། ནོར་བུ་འཕྲ་བ་ཀོང་ལ་དག །ཅི་ཡང་མེད་པའི་དངོས་པོ་ནི། །གང་གི་ཕྱོགས་སུ་མ་ལྷུང་བ། །ཅིར་ཡང་འཁྲུལ་པའི་དངོས་པོ་ནི། །འཐུན་སྣང་ ཙམ་དུ་སྣང་བར་ཟད། །འོན་ཀྱང་དེ་ཡི་དོན་མི་སྐྱེ། །ཆོས་དབྱིངས་རྒྱན་ལྟར་སྣང་བའོ། ཅེས་པ་དང་། སྟོང་པའི་ཡེ་ཤེས་ཆེན་པོ་ནི། །ཅིར་ཡང་མེད་ལས་ཅིར་ཡང་འཁྲུལ། ཅེས་པ་དང་། མུ་ཏིག་ཕྲེང་བ་ལས། དེ་ནི་ང་ཡིན་འགྲོ་བ་ཡིན། །སེམས་ ཡིན་སེམས་ལས་བྱུང་བ་ཡིན། །དུ་མ་ཡིན་ལ་ཉག་གཅིག་ཡིན། །འཁོར་བ་མྱང་འདས་ང་རང་ཡིན། །དཀྱིལ་འཁོར་ལ་སོགས་རིམ་འཇུག་ཡིན། །ཆོས་ཡིན་ཆོས་སུ་སྣང་བ་ཡིན། །གནས་པ་ཡིན་ལ་འགྲོ་བ་ཡིན། །འདུག་དང་ཉལ་ དང་འཆག་པ་ཡིན། །སྲོག་ཡིན་གཅོད་པ་ཉིད་ཀྱང་ཡིན། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །མངོན་འཇིག་ལྟར་སྣང་བ་ཡི། །ཆོས་ཀུན་དེ་ལས་བྱུང་པའོ། །ས་ཆུ་མེ་རླུང་ནམ་མཁའ་ཡི། །འབྱུང་བ་ཆེ་རྣམས་དེ་ལས་བྱུང་། །ཅེས་པ་ ནས། དེ་ལྟར་གནས་པའི་ཆོས་ཉིད་ལ། །འཁྲུལ་པ་གདོང་ནས་མེད་པ་སྟེ། །ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །བློ་བུར་སེམས་ཅན་སྤྲིན་གྱིས་བསྒྲིགས། །མ་འཁྲུལ་གནས་པའི་ཆོས་ཉིད་ཀྱང་། །སྤྲོ་ལ་འཁྲུལ་པའི་ཚུལ་དུ་སྣང་། །ཅེས་པ་ ནས། སེམས་ཅན་ཉོན་མོངས་ལྔ་ཉིད་ནི། །དོན་ལ་ཡོད་པ་མ་ཡིན་ཏེ། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །བློ་བུར་རྐྱེན་དང་བཅས་པ་ཉིད། །སྤྲིན་དེ་ནམ་མཁའ་ཉིད་ལས་བྱུང་། །དེ་བཞིན་ནམ་མཁར་ཐིམ་ཤེས་ན། །དབྱེར་མེད་གཅིག་གི་ངང་ | ||
<span | [p. 164] ཞེས་བྱ། །དེ་བཞིན་ཉོན་མོངས་དྲི་མ་ཉིད། །རང་བྱུང་རང་ཞི་ཉིད་ཤེས་ན། །སེམས་ཅན་འཆིང་བར་ག་ལ་འགྱུར། །ཅེས་པ་དང་། སྣང་ཚུལ་མ་གྲུབ་པ་ལྟར། འཛིན་པར་སྣང་ཡང་གང་དུའང་མ་གྲུབ་པས། གཏང་མེད་ཆེན་པོར་བསྟན་པ་ཡང་ རིན་ཆེན་སྤུངས་པ་ལས། གནས་པ་མེད་པའི་སེམས་ཉིད་འདི། །འགྲོས་མེད་པ་ཡ་རེ་ཆ། །ཀུན་ཏུ་འཇུག་པའི་ཡིད་དྲུག་ལ། །རྟེན་པའི་ས་མེད་ཡ་རེ་ཆ། །ཐམས་ཅད་བསྡུད་པའི་ཀུན་གཞི་ལ། །བཞག་པའི་ས་མེད་ཡ་རེ་ཆ། །འཁོར་ཞིང་ འཁྲུལ་པའི་མ་རིག་པ། །འགྱུར་བའི་དབང་མེད་ཡ་རེ་ཆ། །ཐམས་ཅད་ཡུལ་ཞེན་ཉོན་མོངས་ལ། །གཞི་རྩ་མེད་པ་ཡ་རེ་ཆ། །ཕྲ་དང་རགས་པའི་དྲི་མ་ལ། །འཆགས་ས་མེད་པ་ཡ་རེ་ཆ། །འབྱུང་བ་རགས་པའི་གཟུགས་རྣམས་ལ། ། གཏང་བའི་ས་མེད་ཡ་རེ་ཆ། །སྐྱེས་བུ་རྟེན་པའི་ཚེ་སྲོག་ལ། །དུས་བཏབ་མེད་པ་ཡ་རེ་ཆ། །ཚོགས་དྲུག་ཡུལ་གྱི་སྣང་བ་ལ། །རྟག་པ་མེད་པ་ཡ་རེ་ཆ། །སྐྱེས་བུའི་དྲན་པས་མ་བྱུང་ཚོར་ལ། །ཟད་པ་མེད་པ་ཡ་རེ་ཆ། །ཅེས་པ་དང་། ཡང་། གཞི་རྩ་མེད་པའི་ཆོས་ཉིད་འདི། །མ་བཙལ་བཞག་པས་ངོ་མཚར་ཆེ། །འགྲོ་དང་ཡོང་བའི་རིག་པ་ལ། །ཐུག་པ་མེད་པ་ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ཡེ་ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། །ཅེས་པ་དང་། ཐུན་མོང་གི་ཐེག་པ་ འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང་། ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལ། །སྐད་ཅིག་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང་། །བྱུང་ནས་ཞིག་སྟེ་སྤྲིན་གྱི་དཀྱིལ་འཁོར་དེ། །ཐོག་མ་གང་ལས་བྱུང་བ་བརྟག་པར་གྱིས། །ཆོས་རྣམས་ ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཇི་ལྟར་མི་དག་བྲག་རིའི་ཁྲིད་འདུག་སྟེ། །གླུ་ལེན་སྨྲ་དང་རྒོད་དང་དུ་བ་ལས། །རྐྱེན་ལ་བརྟེན་ཏེ་བྲག་ཆ་འབྱུང་མོད་ཀྱི། །སྒྲ་ལས་དབྱངས་དེ་ནམ་ཡང་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ | ||
<span | [p. 165] ༄༅། །ཤེས་པར་གྱིས། ཅེས་རྒྱ་ཆེར་གསུངས་སོ། དོན་གཉིས་པ་ཆོས་ཟང་བློ་འདས་ཀྱི་དགོངས་པ་ཟང་ཐལ་རྗེན་པའི་ཡེ་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ་ལ་གསུམ་སྟེ། ཆོས་ཟང་བློ་འདས་ཀྱི་རིག་པ་ཟང་ཐལ་རྗེན་པར་ ངོ་སྤྲད་པ། རང་གསལ་དང་གནས་ཀྱི་དགོངས་པ་ཕྱམ་པ་རྡལ་ཆེན་པོར་བསྐྱང་པ། གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་ཀློང་གསལ་ཆེན་པོར་བཞག་པའོ། །དང་པོ་ནི། རང་བབས་ཀྱི་རིག་པ་རང་གསལ་དུ་རྗེན་ནེ་བཞག་ལ། ཕྱིར་མི་སྤྲོ། མང་དུ་མི་བསྡུ། བར་དུ་མི་བསམ་པའི་རང་ངོ་ལ་ལྟས་པས། ཕྱི་ནང་པར་མེད། རང་གསལ་རྗེན་པ། ལྟ་བསྒོམ་བྱོས་མ་བསླད་པའི་ཆོས་སྐུ། རྣམ་རྟོག་གིས་མ་བསྐྱོད་པའི་ཡེ་ཤེས། སྤྲོ་བསྡུས་མ་བཟོས་པའི་དགོངས་པ། གསལ་བ་ལ་རྟོག་པ་མེད་པ། གནས་པ་ལ་འཛིན་པ་མེད་པ། ཡངས་པ་ལ་ཕྱལ་པར་མ་ཤོར་བ། མཉམ་པ་ལ་བར་མེད་པ། འཇོག་མཁན་མེད་པའི་རང་དངས་ཆེན་པོ། ཡེ་ནས་རང་བབས་ཀྱི་དགོངས་པ་ཆེན་པོ། དང་ཞིང་ལྟེང་པ་ རྒྱ་མཚོ་ལྟ་བུ། གསལ་ཞིང་དག་པས་ཉི་ཟླ་ལྟ་བུ། ཡངས་ཤིང་ཕུམ་པས་ནམ་མཁའ་ལྟ་བུ། བརྟན་ཞིང་གནས་པས་རི་རྒྱལ་ལྟ་བུའོ།། འདི་ལྟ་བུའི་དོན་དང་སེམས་ཅན་ཐམས་ཅད་སྐད་ཅིག་ཀྱང་འབྲལ་མ་མྱོང་དུ་ཡེ་ནས་རང་ ལ་ཡོད་ཀྱང་། ངོ་མ་ཤེས་པས་འཁོར་བ་རང་ན་རྟོག་གི་སྤྲོས་པས་འཆོལ་པ་ཡང་། ད་བླ་མའི་གདམས་པས་ངོས་ཟིན་ནས་པ་ཆར་རམ་གནས་སམ་གྱིན་དྷར་ལྷན་ནེ་བཞི་དུས་གང་དུའང་རང་བབས་བཅོག་བཞག་གི་ངོ་བོར་ངོ་སྤྲད་པ་ བཞིན་དང་མ་ཡེངས་ཙམ་དུ་བྱ་སྟེ། སེང་གེ་རྩལ་རྫོགས་ཡས། ཨེ་མ་སེང་གེ་བསྒྲོད་མེད་ལམ། །བྱ་རྩལ་མེད་པའི་སེང་གེ་ཡིས། །གཏང་བཞག་མེད་པའི་གདངས་ཀར་ལ། །མུན་པ་སངས་པའི་རྩལ་གསུམ་རྫོགས། །བསམ་མེད་ | ||
<span | [p. 166] དྭངས་པའི་སེང་གེ་ངས། །གང་ག་དྲི་མེད་གངས་བཟང་ལ། །འབྱུང་བ་སངས་པའི་རྩལ་གསུམ་རྫོགས། །ཅེས་པ་དང་། ཀློང་དྲུག་པ་ལས། རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་པ་ནི། །སྤང་བླང་བྲལ་བའི་དགོངས་པ་ ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བྱང་དོར་མེད་པའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱབ་བརྡལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བྱིང་རྒོད་མེད་པའི་སེམས་ཉིད་ལ། །བཏང་ སྙོམས་ཆེན་པོའི་བསྒོས་པ་ནི། །ཚོགས་དྲུག་ལྷུག་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཡང་མེད་པའི་སེམས་ཉིད་ལ། །རེ་དོགས་བྲལ་བའི་སྣང་པ་ནི། །ཡེ་བཞག་གདེང་ལྡན་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་ བསྟན། །ཅེས་པ་དང་། རྩལ་རྫོགས་ལས། འཛིན་ཆགས་མེད་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་མཆོག །སོ་སོར་རྟོག་དང་མཚན་མཆོག་གི་ལམ། །བྱ་རྩལ་མེད་པའི་ཆོས་ཉིད་རང་སར་དགེ། ཡུབ་ཆུབ་ཏིང་འཛིན་ཆོས་ཉིད་ཕུལ་ལ་འཇུག། དེས་དང་མ་དག་ཐ་སྙད་ཆོས་སུ་མེད། །གཅིག་དང་གཉིས་ལས་འདས་པའི་ཡེ་གནས་ངོམ། །རང་ལུས་ངང་དུ་ཐིག་ལེ་གཅིག་ཏུ་འུབ། །དུས་མེད་རྟོགས་པས་ཏིང་འཛིན་མ་ཡེངས་གསལ། །མཐའ་ དབུས་མེད་པས་ཆོས་ཉིད་མིང་དང་བྲལ། །འགྱུར་བ་མ་ཡིན་དྲང་པོར་ཡོངས་ལ་ཁྱབ། །བྱས་པ་མ་ཡིན་བྱུང་སར་སྨན་གྱིས་གྲུབ། །ཅེས་སོ། །གཉིས་པ་དེའི་ངང་ལ་བསྐྱང་པ་ལ་གསུམ་སྟེ། ལྟ་བསྒོམ་ཕུལ་འདས་ཆེན་པོར་བསྐྱང་བ། ཏིང་འཛིན་རང་ དབས་ཆེན་པོར་བསྐྱང་བ། དགོངས་པ་བློ་འདས་ཆེན་པོར་བསྐྱང་བའོ། །དང་པོ་ནི། ངོ་སྤྲད་པའི་ངང་དེ་ལ་བློའི་འཛིན་རྩོལ་དང་ཆེད་དུ་བསྒོམ་པའི་གཉེན་པོ་མ་ཞུགས་པར་རིག་པ་རྒྱ་ཡན་ཡེ་བཞག་དཔངས་བསྟོད་ལ་ཕྱལ་བ་བར་མེད་རང་སངས་སུ་ | ||
<span | [p. 167] ༄༅། །བཞག་པ་སྟེ། ནོར་བུ་འཕྲ་བཀོད་ལས། ཡངས་སོ་ཅོས་ཉིད་རྣམ་པར་དག། ཆེ་བོ་ལྟ་བ་རྨད་པོ་ཆེ། །སྣང་ངོ་རང་སྣང་དཀྱིལ་འཁོར་ཉིད། །ཡུལ་དང་ཡུལ་མེད་རྣམ་པར་དག། །ཕྱི་དང་ནང་མེད་རྣམ་པར་སྣང་། །སྟོང་དང་མི་སྟོང་ ཚིག་ལས་འདས།། ཅེས་པ་དང་། སེང་གེ་རྩལ་རྫོགས་ལས། དང་པོའི་གནས་ས་གང་ཡིན་པར། །ཐ་མ་དེ་ཡི་གནས་སུ་འགྲོ། ད་ལྟ་དེ་ཡི་དོན་ལ་གནས། ཅེས་པ་དང་། ཡང་། འཛིན་རྟོག་མེད་པའི་ནམ་མཁའ་ལ། །རྣམ་ཤེས་ཡིད་མ་འགྱུས་ པ་ནི། །ཡེངས་པ་མེད་པའི་ཏིང་འཛིན་མཆོག། སངས་རྒྱས་ཉག་གཅིག་གནས་ལུགས་ཡིན།། ཅེས་སོ།། གཉིས་པ་ལ་གསུམ་སྟེ། རང་གནས་བཅོག་བཞག་ནི། ཚོགས་དྲུག་ཡུལ་གྱི་སྣང་བ་ལ་འཛིན་པའི་བཟོ་རྒྱ་མི་བྱེད་པར་ཕྱི་ནང་བར་ མེད་ཧར་སངས་སུ་ཕྱལ་ལེ་བཞག་ནས། གཉིད་དུ་འགྲོ་ཁར་ཡང་དེའི་ངང་ལ་ཉལ་བས་རྨི་ལམ་འོད་གསལ་དུ་འཆར་བའོ།། ཐེག་བབས་ཆེན་པོ་ནི། སྒོ་གསུམ་ལྷུག་པར་གློད་ལ་གང་ཤར་ཅར་ཕོག་ཏུ་རང་སངས་ལ་ཕྱལ་བྱ་ལ་སོང་བའི་ངང་ངོས་ བཟུང་བའོ།། སྣང་བ་རྒྱས་འདེབས་ནི། ལུས་སྐྱིལ་དཀྲུང་དང་མིག་བར་སྣང་ལ་ཧྲིག་གེ་ལྟས་ཏེ། སེམས་འཕྲོ་འདུ་བཅད་ནས་རིག་པ་དང་སངས་ཕྱེད་པའི་ངང་ངོས་བཟུང་བས་རླུང་ལྔ་དབྱིངས་སུ་འཆིངས་ཏེ། རང་སྣང་དག་པའི་འོད་གསལ་གྱི་ དུ་བ་མིག་རྒྱུ་འཇའ་འོད་ལ་སོགས་པ་དང་ནང་ཆོས་ཉིད་སྟོང་གསལ་བར་སྣང་དག་པ་ལྟར་འཆར་ཏེ། ཀློང་དྲུག་པ་ལས། ཏིང་འཛིན་གསུམ་ལ་འདི་ལྟར་བསླབ། །རང་གནས་བཅོག་བཞག་ཏིང་འཛིན་ནི། །དབང་པོའི་སྒོ་རྣམས་མི་དགག་ཅིང་། ། ལུས་ཀྱི་སྤྱོད་པ་སྤྱད་མི་བྱ། །གཉིད་ཀྱང་སྤང་བར་མི་བྱ་སྟེ། །སེམས་ཀྱིས་གུད་དུ་བཅད་པ་མིན། །མདོར་ན་ལུས་ངག་རང་སོ་ལ། །ཡིད་བྱུང་ཆ་རྣམས་ཕྱིར་མ་ཤོར། །དབང་པོའི་ཡུལ་རྣམས་དྲུག་ལ་ཡང་། །ཤེས་བཞིན་སྤྱོད་པའི་ཡིད་མ་འགྱུས། ། | ||
<span | [p. 168] དངས་པའི་སེང་གེ་དེས། །གང་ག་དྲི་མེད་གངས་བཟང་ལ། །འབྱུང་བ་སངས་པའི་རྩལ་གསུམ་རྫོགས། །ཅེས་པ་དང་། གླང་དྲུག་པ་ལས། རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྣང་གླང་བྲལ་བའི་དགོངས་པ་ ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བྱུང་དོར་མེད་པའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱབ་པ་རྫས་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བྱིང་རྒོད་མེད་པའི་སེམས་ཉིད་ལ། །བཏང་ སྙོམས་ཆེན་པོའི་བསྒོས་པ་ནི། །ཚོགས་དྲུག་ལྷུག་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཡང་མེད་པའི་སེམས་ཉིད་ལ། །རེ་དོགས་བྲལ་བའི་སྣང་བ་ནི། །ཡེ་བཞག་གདང་ལྡན་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་ བསྟན། །ཅེས་པ་དང་། རྩལ་རྫོགས་ལས། འཛིན་ཆགས་མེད་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་མཆོག །སོ་སོར་རྟོག་དང་མཚན་མཆོག་གི་ལམ། །བྱ་རྩལ་མེད་པའི་ཆོས་ཉིད་རང་སར་དག ། ཡུབ་ཆུབ་ཏིང་འཛིན་ཆོས་ཉིད་ཡུལ་ལ་འཇུག །དག་དང་མ་དག་ཐ་སྙད་ཆོས་སུ་མེད། །གཅིག་དང་གཉིས་ལས་འདས་པའི་ཡེ་གནས་ངོས། །རང་ལུས་ངང་དུ་རིག་ཡེ་གཅིག་ཏུ་ཕུབ། །དུས་མེད་རྟོགས་པས་ཏིང་འཛིན་མ་ཡེངས་གསལ། །མཐའ་ དབུས་མེད་པས་ཆོས་ཉིད་མི་རང་བྲལ། །འགྱུར་བ་མ་ཡིན་དྲང་པོར་ཡོངས་ལ་ཁྱབ། །བྱས་པ་མ་ཡིན་བྱུང་སར་བླན་གྱིས་གྲུབ། །ཅེས་སོ། །གཉིས་པ་དེའི་ངང་ལ་བསྐྱང་པ་ལ་གསུམ་སྟེ། ལྷ་བསྒོམ་ཡུལ་འདས་ཆེན་པོར་བསྐྱང་བ། ཏིང་འཛིན་རང་ བྲལ་ཆེན་པོར་བསྐྱང་བ། དགོངས་པ་བློ་འདས་ཆེན་པོར་བསྐྱང་བའོ། །དང་པོ་ནི། ངོ་སྤྲད་པའི་ངང་དེ་ལ་བློའི་འཛིན་རྩོལ་དང་ཆེད་དུ་བསྒོམ་པའི་གཉེན་པོ་མ་ཞུགས་པར་རིག་པ་རྒྱུ་ཡན་ཡེ་བཞག་དབངས་བསྟོད་ལ་བྱལ་བ་པར་མེད་རང་སངས་སུ་ | ||
<span | [p. 169] ༄༅། །བཞག་པ་སྟེ། ནོར་བུ་འཕྲ་བཀོད་ལས། ཡངས་སོ་ཆོས་ཉིད་རྣམ་པར་དག། ཆེ་བོ་ལྟ་བ་རྨད་པོ་ཆེ། །སྣང་ངོ་རང་སྣང་དཀྱིལ་འཁོར་ཉིད། །ཡུལ་དང་ཡུལ་མེད་རྣམ་པར་དག། །ཕྱི་དང་ནང་མེད་རྣམ་པར་སྣང་། །སྟོང་དང་མི་སྟོང་ ཚིག་ལས་འདས། ཅེས་པ་དང་། སེང་གེ་རྩལ་རྫོགས་ལས། དང་པོའི་གནས་ས་གང་ཡིན་པར། །ཐ་མ་དེ་ཡི་གནས་སུ་འགྲོ། ད་ལྟ་དེ་ཡི་དོན་ལ་གནས། ཅེས་པ་དང་། ཡང་། འཛིན་རྟོག་མེད་པའི་ནམ་མཁའ་ལ། །རྣམ་ཤེས་ཡིད་མ་བརྒྱུས་ པ་ནི། །ཡེངས་པ་མེད་པའི་ཏིང་འཛིན་མཆོག། སངས་རྒྱས་ཉག་གཅིག་གནས་ལུགས་ཡིན།། ཅེས་སོ།། གཉིས་པ་ལ་གསུམ་སྟེ། རང་གནས་བཅོག་པ་ལ་མི། ཆོས་དྲུག་ཡུལ་གྱི་སྣང་བ་ལ་འཛིན་པའི་བཟོ་རྒྱ་མི་བྱེད་པར་ཕྱི་ནང་བར་ མེད་ཧར་སངས་སུ་བྱ་ལ་ལེ་བཞག་ནས། གཉིད་དུ་འགྲོ་བར་ཡང་དེའི་ངང་ལ་ཉལ་བས་རྨི་ལམ་འོད་གསལ་དུ་འཆར་བའོ། ཐེག་པ་པས་ཆེན་པོ་ཆེ། རྫོགས་སུ་བརྒྱུག་པར་གློད་ལ་གང་ཤར་ཅར་འོག་ཏུ་རང་སངས་ལ་བྱལ་བྱ་ལ་སོང་བའི་ངང་ངོས་ བཟུང་བའོ།། སྣང་བ་རྒྱས་འདེབས་ནི། ལུས་སྐྱིལ་དཀྲུང་དང་མིག་པར་སྣང་ལ་ཧྲིག་གེ་ལྟས་ཏེ། སེམས་འཕྲོ་འདུ་བཅད་ནས་རིག་པ་དང་སངས་ཕྱེད་པའི་ངང་ངོས་བཟུང་བས་རླུང་ལྔ་དབྱིངས་སུ་འཆིངས་ཏེ། རང་སྣང་དག་པའི་འོད་གསལ་གྱི་ དུ་བ་མིག་རྒྱུ་འཇའ་འོད་ལ་སོགས་པ་དང་ནང་ཆོས་ཉིད་སྟོང་གསལ་བར་སྣང་དག་པ་ལྟར་འཆར་ཏེ། ཀློང་དྲུག་པ་ལས། ཏིང་འཛིན་གསུམ་ལ་འདི་ལྟར་བསླབ། །རང་གནས་བཅོག་བཞག་ཏིང་འཛིན་ནི། །དབང་པོའི་སྒོ་རྣམས་མི་དགག་ཅིང་། ། ལུས་ཀྱི་སྤྱོད་པ་སྤྱད་མི་བྱ། །གཉིད་ཀྱང་སྤང་བར་མི་བྱ་སྟེ། །སེམས་ཀྱིས་གུད་དུ་བཅད་པ་མིན། །མདོར་ན་ལུས་ངག་རང་སོ་ལ། །ཡིད་བྱུང་ཆ་རྣམས་ཕྱིར་མ་ཤོར། །དབང་པོའི་ཡུལ་རྣམས་དྲུག་པ་ཡང་། །ཤེས་བཞིན་སྤྱོད་པའི་ཡིད་མ་འགྱུར། ། | ||
<span | [p. 170] རང་སྣང་མི་རྟོག་ཆེན་པོ་ལ། །གསལ་ལ་རྟོག་མེད་ཉམས་སྐྱེས་པའོ། །ཐོག་བབས་ཆེན་པོའི་ཏིང་འཛིན་ལ། །ལུས་ནི་ཐ་མལ་ལྟ་བུ་ལས། །ངག་ནི་སྨྲ་བརྗོད་ཚིག་དང་བྲལ། །སེམས་ནི་དམ་དུ་མ་བཅིངས་པའི། །རང་ཤར་ངང་ལ་མ་ཡོངས་པའོ། ། སྣང་པ་རྒྱས་འདེབས་ཏིང་འཛིན་ནི། །ལུས་དང་ཡུལ་དང་རིག་པ་ཡིས། །རང་སྣང་དག་པའི་ཚད་རྣམས་བཟུང་། །ཅེས་སོ། །གསུམ་པ་དགོངས་པ་བློ་འདས་སུ་བསྐྱང་པ་ལ་བཞི་སྟེ། རི་བོ་བཙོག་བཞག་གི་ལྟ་བ། རྒྱ་མཚོ་བཙོག་བཞག་གི་དགོངས་ པ། རིག་པ་བཙོག་བཞག་གི་མན་ངག། སྣང་བ་བཙོག་བཞག་གི་ཐབས་སོ། །དང་པོ་ནི། རིག་པ་རང་གསལ་འདི་ངོས་བཟུང་ནས་གང་ཤར་ཡང་ལྟ་བ་ནི་རྒྱལ་ལྟར་འཕོ་འགྱུར་མེད་པའི་ངང་དུ་འཇོག་པ་སྟེ། ཡི་གེ་མེད་པ་ལས། རི་བོ་བཙོག་བཞག་ ལྟ་བ་གཡང་པ་ཉིད། །ཐེ་ཚོམ་མ་ཡིན་འགྱུར་པ་ངང་གིས་མེད། །ཅེས་སོ། །གཉིས་པ་ནི། ལུས་སྐྱིལ་དཀྲུང་ལ། མིག་ཧ་རེ་བར་སྣང་ལ་གཏད་དེ། ཤེས་པ་དང་སངས་ཕྱེད་པ་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པ་ལྟ་བུའི་ངང་ལ་གསལ་སང་ངེ་བཞག་པ་ནི་ དེ་ཉིད་ལས། རྒྱ་མཚོ་བཙོག་བཞག་དག་གི་དགོངས་པ་ནི། སྣང་བ་མ་ཡིན་སྣང་བར་བྱེད་པ་མིན། །སྟོང་པ་མ་ཡིན་སྟོང་པར་ཡོད་མ་ཡིན། །གསལ་བ་མ་ཡིན་གསལ་བ་ཆེན་པོའི་ཡུལ། །བྱིང་པ་མ་ཡིན་རྒོད་པ་ངང་གིས་མེད། །མ་གཡོས་ མི་གཡོ་གཡོ་བར་མི་འགྱུར་ཏེ། །མ་བསྐྱོད་མི་བསྐྱོད་བསྐྱོད་པ་ཀུན་ལས་འདས། །བྱས་པས་མ་བྱུང་བཞག་ཐབས་ཆེན་པོ་ལྟོས། །སྤྲོ་བསྡུ་མ་བྱེད་བཙོག་བཞག་གཅིག་གི་ངང་། །གནས་པ་མ་ཡིན་དེ་ལས་འདའ་བ་མེད། །གསང་བའི་ཡེ་ཤེས་རྒྱ་ མཚོ་ལྟ་བུ་ལ། །ཡེ་ནས་ལྷུན་འབྱམས་སྐྱོང་དབྱིངས་སུ་ཞོག། གཏིང་དཔག་དཀའ་བའི་རྒྱ་མཚོ་ཆེན་པོ་ནས། །ནུབ་པ་མེད་པའི་རྒྱལ་མཚན་རྩེ་མོ་ལྟོས། །སྟོང་པའི་སེམས་མེད་མ་བཅོས་ཆེན་པོའི་སྐུ། །བྱས་པ་མེད་པས་བྱེད་པ་ཀུན་ལས་རྒྱལ་ | ||
<span | [p. 171] ༄༅། །ཡེ་ནས་མ་བྱུང་མ་བཅོས་བཅོག་བཞག་ཉིད། །སྣང་བསམ་བསྒྱུར་བློ་ཡིས་མ་བཅོས་བ། །ཆོས་ཉིད་མཁའ་ལ་གནས་ན་དགོངས་པར་བསྟན། །ཆོས་སྐུའི་ཡེ་ཤེས་བསམ་པ་རབ་སྤངས་པས། །འགྱུ་བྱེད་མེད་ན་བསྒོམ་པའི་དགོངས་པ་ ཡིན། སྣང་ཡུལ་དམིགས་པའི་ཕྱོགས་དག་མི་འཛིན་ན། །རྒྱ་མཚོའི་གཏིང་དུ་གཟའ་སྐར་ཤར་བ་བཞིན། །ཡུལ་ལ་འཛིན་མེད་གསལ་ཆ་མ་འགགས་པས། །རང་བྱུང་དགོངས་པའི་འདུག་ཚུལ་དེ་བཞིན་ནོ།། ཅེས་སོ།། ༑ གསུམ་པ་ནི། རིག་པ་ གསལ་སྟོང་གི་ཡེ་ཤེས་རྗེན་པར་བུད་པ་དེ་ཆ་རར་རང་གསལ་དུ་ངོས་བཟུང་བས་ཏིང་ངེ་འཛིན་སེམས་ཆགས་ཀྱི་གོལ་ས་གཅོད་ཅིང་ཟང་ཐལ་རྗེན་པའི་ཆོས་སྐུ་ཁོང་ནས་འཆར་ཏེ། སེང་གེ་རྩལ་རྫོགས་ལས། རང་རིག་དུ་མའི་ཡུལ་ལ་ཕར་ལྟས་པས། ། ཆོས་སྐུ་རྟོག་མེད་ཆེན་པོ་ནང་དུ་རྙེད།། ཅེས་སོ།། བཞི་པ་ནི། ཕྱི་ཡུལ་ལྔར་སྣང་བ་ལ་ཆེ་རེ་ལྟས་དུས་ནང་རང་གསལ་རྗེན་པ་སངས་སེ་ཁོང་ནས་འཆར་བའི་ངང་དུ་འཇོག་པ་སྟེ། དེ་ཉིད་ལས། རིག་གསལ་ཆོས་ཉིད་ཡུལ་ལ་ཕར་ལྟས་པས། ། ། སྣ་ཚོགས་བྲལ་བའི་རིག་པ་ནང་དུ་མཐོང་།། ཅེས་པ་དང་། ཡི་གེ་མེད་པ་ལས། སྣང་བ་ཅེར་བཞག་རིག་པའི་ཐབས་ཆེན་ནི། །སྣང་བ་ཆེན་པོ་ཀུན་གྱི་གཞི་མ་ཡིན། །འབྱུང་བ་ལྔ་ཡི་སངས་རྒྱས་ལམ་ལྟར་སྣང་། །ཆེན་པོ་ལྔ་ཉིད་མ་ཡི་སྣང་བར་ གསལ། །མ་ཡེངས་ངང་དུ་འཛིན་མེད་ཆེན་པོར་ཞོག། ཅེས་སོ།། ༑ གསུམ་པ་གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་ཀློང་གསལ་ཆེན་པོར་བཞག་པ་ལ་གསུམ་སྟེ། ཆོས་ཉིད་འབད་རྩོལ་དང་བྲལ་བའི་གནད་ཀྱིས་སེམས་ཉིད་བྱ་བྲལ་ དུ་བཞག་པའི་གདམ་ངག། ཆོས་ཉིད་རང་ཐོག་ཏུ་སྤྲད་པའི་གནད་ཀྱིས་རྣམ་རྟོག་ཡེ་ཤེས་སུ་འཆར་བའི་མན་ངག། ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་སྣང་བ་ལ་དགག་བསྒྲུབ་མེད་པའི་གདམ་ངག་གོ། ༑ དང་པོ་ནི། བཤིས་བྱ་བ་དང་ | ||
<span | [p. 172] བྲལ་བ་དེ་བྱས་པས་མི་རྟོགས་མ་བྱས་གཞག་ན་རྟོགས་པས་སྒོ་གསུམ་རང་བབས་ཕྱལ་བར་བཞག་པ་ནི། ཐལ་འགྱུར་ལས། གཞན་ཡང་བྱ་བྲལ་ཆོས་ཉིད་ནི། །བྱ་བ་མེད་པས་གྲོལ་བར་གྲོལ།། ཅེས་པ་དང་། ཁྱུང་ཆེན་མཁའ་ལྡིང་ལས། དེ་ཕྱིར་འཁོར་འདས་བྱ་བྱེད་ཉིད་བྲལ་ན། །རྫོགས་ཆེན་ཉིད་ལས་གཞན་བ་ཅི་བྱར་ཡོད། ཅེས་པ་དང་། དམིགས་དྲུག་ལས། བྱ་བ་དང་བྲལ་བས་གཞི་བཞག་གོ། ཅེས་སོ། །གཉིས་པ་ནི། སྣང་བ་སེམས་ཀྱི་རོལ་པར་ངོ་སྤྲད། རོལ་པ་གཞི་མེད་ གསལ་སྣང་དུ་ངོ་སྤྲད། གསལ་སྣང་གཟུང་ན་འཁྲུལ་བར་ངོ་སྤྲད། མ་གཟུང་རང་གསལ་མེད་སྣང་དུ་ངོ་སྤྲད་པས་ཕྱི་ཡུལ་སྣང་སེམས་དང་གཞན་དུ་མ་གྲུབ་པར་ཐག་ཆོད་པས་འཁོར་བར་སྐྱེ་བའི་ཡུལ་སྟོངས་པའོ།། ཡང་སྣང་འཛིན་སེམས་དེ་ གཞི་མེད་དུ་ངོ་སྤྲད། གཞི་མེད་སྟོང་པའི་རང་འགྲོས་སུ་ངོ་སྤྲད། རང་འགྲོས་རྗེས་མེད་ཡེ་སངས་སུ་ངོ་སྤྲད་པས། འཁོར་མཁན་རང་སེམས་གཞི་མེད་དུ་སངས་ནས་ཁམས་གསུམ་མིང་མེད་ཆོས་ཉིད་དུ་ང་བཟློས་པ་སྟེ། རྩལ་རྫོགས་ལས། འདུ་ ཤེས་ཡུལ་དུ་མེད་པ་ཆོས་ཉིད་ཞི་བའི་ངང་། །སྣང་བ་རང་ལ་ཡས་པའི་རང་སྣང་དངོས་མེད་ཉིད། །སྣང་བའི་སེམས་བྲལ་ཆོས་ཉིད་རང་གི་དོན། །སྤྲོ་བསྡུ་མ་བྱེད་རང་གི་ཡུལ་ལ་ལྟོས།། ཅེས་སོ།། འདིར་ཁ་ཅིག་སྣང་བ་སེམས་སུ་ངོ་སྤྲོད། སེམས་ སྟོང་པར་ངོ་སྤྲོད་ཅིང་། ངོ་སྤྲོད་སྤྲས་པ་ལས། ཨེ་མ་ཧོ་སྣང་བ་སེམས་སུ་ངོ་སྤྲད་པས་སེམས་ལ་བྱན་ཚུད། སེམས་ཉིད་སྟོང་པར་ངོ་སྤྲད་པས་སྟོང་པ་བདེ་བའི་རྒྱས་གང་བ། སྟོང་པ་རིག་པར་ངོ་སྤྲད་པས། རིག་པ་ཉིད་དབྱིངས་དང་གཉིས་སུ་མེད་ པ་དེ་ཁོ་ན་ཆོས་སྐུའོ་ཞེས་པའི་ཚིག་ལ་དོན་རང་མཚན་དུ་ཞེན་པར་སྣང་སྟེ། འདི་ལ་དགོངས་གཞི། དགོས་ཆེད། དངོས་ལ་གནོད་བྱེད་ཀྱི་ཚད་མ་དང་གསུམ་ཡོད་པས་སྙིང་ཏིག་གི་དགོངས་པའི་ཕྱོགས་ལ་མི་ཉེ་བ་ཡིན་ནོ།། དགོངས་གཞི་ནི། | ||
<span | [p. 173] ༄༅། །ཕྱི་ཡུལ་ལ་དོན་གཞན་དུ་བདེན་པར་འཛིན་པ་རྣམས་དྲང་བའི་ཕྱིར་དེ་སྐད་གསུངས་ཏེ། རང་ཤར་ལས། ལ་ལར་སྣང་བ་སེམས་སུ་བསྟན། ཅེས་སོ། །དེ་འང་སྣང་བ་གཞན་དུ་མེད་སེམས་འཁྲུལ་པ་ལ་སྣང་བ་ཡིན་ པ་ཙམ་ནས་བཏགས་སོ། །དགོས་ཆེད་ནི་ཕྱི་དོན་དུ་ཞེན་པ་སྤོང་པ་ཙམ་མོ། །དངོས་ལ་གནོད་བྱེད་ནི། སྣང་བ་སེམས་ཡིན་ན་སེམས་ལ་ཁ་དོག་དང་དབྱིབས་ལ་སོགས་པར་མིག་སོགས་དབང་པོས་ངེས་པར་ཐལ་ཏེ་སྣང་བ་ལ་གཟུགས་ སོགས་དབྱིབས་དང་ཁ་དོག་ཏུ་ངེས་པའི་ཕྱིར་དང་། སྣང་བ་སེམས། སེམས་སྟོང་པ། སྟོང་པ་རིག་པ་ཡིན་ན་དེ་གསུམ་ཕན་ཚུན་འཆོལ་བས། རིག་པ་འཁྲུལ་པར་ཐལ་བ་དང་། སྣང་བ་མིག་ལ་སོགས་པས་མི་མཐོང་བར་ཐལ་བ་དང་། སེམས་མ་འཁྲུལ་བར་ཐལ་བ་སྟེ། དེ་གསུམ་ངོ་བོ་རྫས་གཅིག་ཡིན་པའི་ཕྱིར་རོ། །འདིའི་ཁྱད་སྔར་ཞིབ་ཏུ་བཤད་ལ། སྣང་བ་སེམས་ཀྱི་རྣལ་འབྱོར་དུ་བྱེད་པ་མི་གྲོལ་བར། རང་ཤར་ལས། སྣང་བ་སེམས་ཀྱི་རྣལ་འབོར་ནི། །ཐམས་ཅད་ ང་ཡི་སེམས་ལས་བྱུང་། སེམས་ཉིད་རྟོགས་ན་ཅི་བྱར་ཡོད། །དེ་སྐད་ཀུན་ཏུ་བརྗོད་བྱེད་པ། །ང་ཡིས་གྲོལ་བར་མ་བཤད་དོ། །ཅེས་པའི་ལུང་གིས་ཀྱང་གནོད་ལ། སེམས་མེད་པར་རྟོགས་དུས་སྣང་བ་མེད་པར་ཐལ་ལ། སེམས་འགགས་ དུས་སྣང་བ་དུས་དེར་འགག་པར་ཐལ་བ་ལས། སེམས་མེད་པའི་སྐབས་སུ་སྣང་བ་འདུག་པས་ཀྱང་གནོད་དོ། །སེམས་མེད་པའི་གནས་སྐབས་ལྔ་ཡོད་དེ། དབུས་མཐའ་ལས། སེམས་མེད་གཉིད་དང་བརྒྱལ་བ་དང་། །སྙོམས་པར་ འཇུག་པ་རྣམ་གཉིས་དང་། །རྟག་ཏུ་འདུ་ཤེས་མེད་པའོ། །ཅེས་སོ། །མདོར་བསྡུ་ན། སྣང་བ་སེམས་སུ་འདོད་པ་འདི་ལོག་རྟོག་གི་མུན་པ་ཆེན་པོ་ཡིན་པས་བསལ་དགོས་སོ། །གསུམ་པ་ཆོས་ཉིད་རང་གནས་གྲོལ་བའི་གནད་ཀྱིས་ | ||
<span | [p. 174] སྣང་བ་ལ་དགག་བསྒྲུབ་མེད་པའི་གདངས་ངག་ནི། ཕྱི་ཡུལ་ལྔ་མེད་སྣང་སྟོང་པ་རང་དག་ཏུའི་ཟླ་བ་འདྲ་བས་སྣང་མི་དགོས། རང་ཡིད་ཀྱི་དྲན་རྟོག་རང་ཡལ་རྗེས་མེད་ཡིན་པས་འབད་རྩོལ་གཉེན་པོས་འཇིག་མི་དགོས། སྣང་སེམས་ཡེ་གྲོལ་ ལྷུག་པ་ལ་སྤང་བླང་གི་སྒྲོ་མི་འདོགས། རིག་པ་ཟང་ཀ་གཅེར་བུ་ལ་སྤྲོས་པའི་གོས་མི་གྱོན་པར་ཤིགས་སེ་དུན་ནེ་ཁྲེས་སེ་རྗེས་མེད་མཉམ་པ་ཆེན་པོར་ཁོང་བློ་ངན་ས། སྒྲོ་ལྔ་རང་བྱུང་ཡེ་གདངས་སུ་འཁྲོལ་དུ་འཇུག་པ་སྟེ། དེ་དང་ནང་རང་གསལ་ གྱི་ངོ་བོ་རིག་པ་རྗེན་ལ་བུད་ནས། དེའི་ངང་ནས་དྲན་བསམ་བཟང་ངན་ཆེ་ཤར་ཡང་རིམ་མེད་རང་བྱུང་ཡེ་ཤེས་ཀྱི་རང་གདངས་སུ་ཤེས་པས་རྗེས་མི་བསྟག་པར། སྣང་སེམས་ཁྲལ་མ་ཁྲོལ། སང་མ་སེང་། འལ་མ་འོལ་གྱི་ཡོ་ལང་དུ་རྒྱ་ཆེམ་ ལ་བཏང་ན་ཀུན་དུ་བཟང་པོའི་དགོངས་པ་གློང་དུ་རང་ཤར་བ་སྟེ། གློང་དྲུག་ལས། སེམས་ཅན་ཀུན་གྱི་རང་སྣང་ཆེ། །གཞན་ནས་བཙལ་བའི་གནས་མེད་དོ། །རང་གི་མཐུ་ཡིས་རང་རིག་པས། །སྟོང་གསུམ་འཇིག་རྟེན་གང་ནས་ཀྱང་། ། དེ་ཉིད་བཙལ་ཀྱང་རྙེད་གནས་མེད། །འཇིག་རྟེན་ཀུན་གྱི་སྤྱོད་ཡུལ་ནི། །དེ་ཉིད་སྣང་བའི་རང་བཞིན་ལ། །ལུས་ཀྱང་མཐོང་བ་མེད་པ་ཡི། །སྣང་བ་རང་རིག་བདེ་བའི་ཞིང་། །འདི་ལ་གོམས་པའི་རྣལ་འབྱོར་པས། །ཀུན་དུ་ བཟང་པོ་ང་ཡི་སྐུ། །སྐལ་དང་ལྡན་པ་འདི་ཡིས་མཐོང་། །ཅེས་པ་དང་། ཡང་། ཡུལ་ལ་རྐྱེན་རྟོག་རང་ཤར་ཚེ། །འདི་ཀུན་རང་བཞིན་མེད་ཤེས་མ། །སྣང་བ་ཐམས་ཅད་སྒྱུ་མ་འམ། །རྨི་ལམ་དང་ནི་གཟུགས་བརྙན་ལྟར། །མི་རྟོག་ གཟུགས་བརྙན་ཆེན་པོའི་ཉམས། །སུ་ཡི་རྒྱུད་ལ་ཤར་བ་དེ། ། | ||

= Critical edition = | = Critical edition = | ||

The corrected base text (W22920 e-text, corrected against the W22920 print and the Adzom edition: 3,065 typing errors, September 2026), with the variants of the other editions under each page (361 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Pe cin 2009 (dpe bsdur ma); K = Karma Lekshey Ling; D = Derge (sde dge par ma); L = Serthang Larung; O = single volume MW2PD19906; S = single volume MW8LS32770; T = two volumes MW0TTBBC0034; U = two volumes MW0TTBBC0007. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 229] དེ་ལྟར་ལམ་དངོས་བསྟན་ནས། ད་ནི་ལམ་གྱི་ཁྱད་པར་དབང་པོ་ཡང་རབ་རྣམས་མ་བསྒོམས་པར་གྲོལ་བའི་ཐབས་མཆོག་ཏུ་གསང་བ་ཁྲེགས་ཆོད་ཀྱི་མན་ངག་གཏན་ལ་དབབ་པ་ལ་གསུམ་སྟེ། ངོ་རང་ཐོག་ཏུ་དབབ་པས་ལ་བཟླ། ཐག་ཚིག་ཐོག་ཏུ་བཅད་པས་ཆིངས་བསྡམ། གདེང་གྲོལ་ཐོག་ཏུ་བཅད་པས་འཕྲང་བསལ་བའོ། །དང་པོ་ལ་གསུམ་སྟེ། རང་བཞིན་རྫོགས་པ་ཆེན་པོ་སྤང་བླང་བྱ་རྩོལ་ལས་འདས་པའི་གཤིས་ནམ་མཁའ་ལྟ་བུར་གཏན་ལ་དབབ་པ། ཆོས་ཟད་བློ་འདས་ཀྱི་དགོངས་པ་ཟང་ཐལ་རྗེན་པའི་ཡེ་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ། ལྷུན་མཉམ་ཡངས་པ་ཆེན་པོའི་ཀློང་དུ་ཐམས་ཅད་ཡེ་ནས་འདས་ཟིན་པས་བཅིངས་གྲོལ་སྤང་བླང་ | |||

ལ་བཟླ་ཐག་ཚིག་ཐོག་ཏུ ] ཆིག A P D L · པ་ཆེན་པོའི་ཀློང་དུ་ཐམས< | |||

འཇུག་པ་སྟེ་དེའང་ནང་རང ] དེ་འང A O · པས་རྗེས་མི་བསྙག་པར་སྣང ] བསྙེག W P K L · བཏང་ན་ཀུན་ཏུ་བཟང་པོའི ] དུ A D O T · པོའི་དགོངས་པ་ཀློང་དུ་རང ] སོང P · ཤར་བ་སྟེ་ཀློང་དྲུག་པ ] སོང P · སྟེ་ཀློང་དྲུག་པ་ལས་སེམས ] om. D O S T · སྣང་བ་རང་རིག་བདེ་བའི ] བཞིན W K · ཞིང་འདི་ལ་གོམས་པའི་རྣལ ] སྒོམས W K · འབྱོར་པས་ཀུན་ཏུ་བཟང་པོ ] དུ A D O S T · འདི་ཡིས་མཐོང་ཞེས་པ་དང ] ཅེས O T · ཐམས་ཅད་སྒྱུ་མའམ་རྨི་ལམ ] མ་འམ O T

= Translation = | = Translation = | ||

'''Machine translation, not yet reviewed by a translator.''' Six AI models translated the text independently; Claude Fable 5.1, as editor, established this version against the Tibetan (September 2026). [p. N] = pages of the base text. Notes on doubtful readings follow the translation. See [[Theg mchog mdzod (Longchenpa)|the contents page]] for how it was made.
<span |

[p. 229] | ||
Having thus taught the actual path (lam), now comes the special feature of the path: the definitive establishment of the pith instructions (man ngag) of cutting through (khregs chod), the supremely secret skillful means (thabs) by which those of the very highest faculties (dbang po yang rab) are liberated without meditating. This has three parts: decisive resolution (la bzla ba) by bringing it down directly upon its own face; binding the framework (chings) by cutting through directly with the decisive word; and clearing away the perilous passages by cutting through directly with the confidence (gdeng) of liberation (grol ba). | Having thus taught the actual path (lam), now comes the special feature of the path: the definitive establishment of the pith instructions (man ngag) of cutting through (khregs chod), the supremely secret skillful means (thabs) by which those of the very highest faculties (dbang po yang rab) are liberated without meditating. This has three parts: decisive resolution (la bzla ba) by bringing it down directly upon its own face; binding the framework (chings) by cutting through directly with the decisive word; and clearing away the perilous passages by cutting through directly with the confidence (gdeng) of liberation (grol ba). | ||
The first has three parts: establishing definitively that the fundamental nature (gshis) of the natural Great Perfection (rang bzhin rdzogs pa chen po), which transcends rejecting and adopting, action and effort, is like space (nam mkha'); introducing (ngo sprod) the enlightened intent (dgongs pa) of the exhaustion of phenomena (chos zad) beyond the intellect (blo) as the unimpeded (zang thal), naked primordial wisdom (ye shes) without transference or change; and, since within the expanse (klong) of the great vastness of spontaneous equality (lhun mnyam) everything has already primordially passed beyond, resolving decisively, within the state in which there is no bondage or liberation, no rejecting or adopting, | The first has three parts: establishing definitively that the fundamental nature (gshis) of the natural Great Perfection (rang bzhin rdzogs pa chen po), which transcends rejecting and adopting, action and effort, is like space (nam mkha'); introducing (ngo sprod) the enlightened intent (dgongs pa) of the exhaustion of phenomena (chos zad) beyond the intellect (blo) as the unimpeded (zang thal), naked primordial wisdom (ye shes) without transference or change; and, since within the expanse (klong) of the great vastness of spontaneous equality (lhun mnyam) everything has already primordially passed beyond, resolving decisively, within the state in which there is no bondage or liberation, no rejecting or adopting, | ||
<span | [p. 230] | ||
that saṃsāra and nirvāṇa ('khor 'das) are the great namelessness. | that saṃsāra and nirvāṇa ('khor 'das) are the great namelessness. | ||
| Line 539: | Line 578: | ||
First: all phenomena (chos) comprised by outer appearances, inner awareness (rig pa), and, in between, the apprehended and apprehender (gzung 'dzin), the appearing signs (rtags), saṃsāra and nirvāṇa, are primordially (ye) empty, the great total emptiness; empty while appearing, the great emptiness empty of intellect; empty in purity, the great emptiness of liberation. They have never existed, never not existed; never been true, never been false; never been deluded, never been liberated; never circled in saṃsāra, never passed into nirvāṇa; never been so, never been not so; never appeared, never been empty. Everything is spread out in equality; pervasive, uniformly spread out; being and nonbeing spread out in every direction; existence and nonexistence spread out as appearance; unmoving, spread out in equality; spontaneously equal, primordially spread out; equal in its own state, spread out as the ground (gzhi). Vast, uniform, cleared, liberated, exhausted, emptied; uniform and open, vividly cleared; pervasively spread out, brightly cleared; spontaneously equal, cleared as basic space (dbyings); spread out in its own state, evenly cleared. It does not move, does not stir, does not abide, does not grasp, does not go, does not come, does not think, does not conceptualize (mi rtog), does not focus (mi dmigs), does not diminish, does not change. Formerly | First: all phenomena (chos) comprised by outer appearances, inner awareness (rig pa), and, in between, the apprehended and apprehender (gzung 'dzin), the appearing signs (rtags), saṃsāra and nirvāṇa, are primordially (ye) empty, the great total emptiness; empty while appearing, the great emptiness empty of intellect; empty in purity, the great emptiness of liberation. They have never existed, never not existed; never been true, never been false; never been deluded, never been liberated; never circled in saṃsāra, never passed into nirvāṇa; never been so, never been not so; never appeared, never been empty. Everything is spread out in equality; pervasive, uniformly spread out; being and nonbeing spread out in every direction; existence and nonexistence spread out as appearance; unmoving, spread out in equality; spontaneously equal, primordially spread out; equal in its own state, spread out as the ground (gzhi). Vast, uniform, cleared, liberated, exhausted, emptied; uniform and open, vividly cleared; pervasively spread out, brightly cleared; spontaneously equal, cleared as basic space (dbyings); spread out in its own state, evenly cleared. It does not move, does not stir, does not abide, does not grasp, does not go, does not come, does not think, does not conceptualize (mi rtog), does not focus (mi dmigs), does not diminish, does not change. Formerly | ||
<span | [p. 231] | ||
it was never deluded ('khrul pa); now it does not abide in delusion; in the end it cannot possibly be deluded. Formerly it was never liberated; now it does not enter into liberation; in the end it cannot possibly be liberated. There is no past that has gone by, no present that abides, no future that will arise. Without partiality, uniformly cleared, empty. There is no ground of an abiding nature (gnas lugs), no path of a mode of being, no fruition ('bras bu) of a mode of liberation; there is no name of view (lta ba) or meditation (sgom pa), no phenomenon of bias or partiality, no extreme of existence or nonexistence—the basic space of the sky, in which there is nothing. Primordially cleared, transcending action and effort; further cleared, transcending view and meditation; | it was never deluded ('khrul pa); now it does not abide in delusion; in the end it cannot possibly be deluded. Formerly it was never liberated; now it does not enter into liberation; in the end it cannot possibly be liberated. There is no past that has gone by, no present that abides, no future that will arise. Without partiality, uniformly cleared, empty. There is no ground of an abiding nature (gnas lugs), no path of a mode of being, no fruition ('bras bu) of a mode of liberation; there is no name of view (lta ba) or meditation (sgom pa), no phenomenon of bias or partiality, no extreme of existence or nonexistence—the basic space of the sky, in which there is nothing. Primordially cleared, transcending action and effort; further cleared, transcending view and meditation; | ||
cleared in liberation, transcending focus and thought (rtog pa): it is resolved decisively as the nameless clearing that spreads beyond all directions. There is nothing to look at, no having looked, no one who looks; by looking it is not seen. There is nothing to meditate on, no having meditated; it is beyond meditation; even if one meditates, one is not liberated. There is nothing to analyze, no analyzing, no need to analyze; even if one analyzes, it is pointless weariness. There is no need to accomplish it; it is already accomplished; there is nothing to accomplish; even if one strives to accomplish it, it is not accomplished; there is no purpose in accomplishing it. There is nothing to do, no doer; it is already done; it is beyond action; even if one acts, one is left spent; there is no need to act. In the Dharma there is nothing to be done; what is done is not the Dharma; and nonaction is not something to be accomplished. Saṃsāra is not rejected; nirvāṇa is not adopted; accomplishment (sgrub pa) is set aside. Primordially equal, uniformly spread out, genuine and nameless. | cleared in liberation, transcending focus and thought (rtog pa): it is resolved decisively as the nameless clearing that spreads beyond all directions. There is nothing to look at, no having looked, no one who looks; by looking it is not seen. There is nothing to meditate on, no having meditated; it is beyond meditation; even if one meditates, one is not liberated. There is nothing to analyze, no analyzing, no need to analyze; even if one analyzes, it is pointless weariness. There is no need to accomplish it; it is already accomplished; there is nothing to accomplish; even if one strives to accomplish it, it is not accomplished; there is no purpose in accomplishing it. There is nothing to do, no doer; it is already done; it is beyond action; even if one acts, one is left spent; there is no need to act. In the Dharma there is nothing to be done; what is done is not the Dharma; and nonaction is not something to be accomplished. Saṃsāra is not rejected; nirvāṇa is not adopted; accomplishment (sgrub pa) is set aside. Primordially equal, uniformly spread out, genuine and nameless. | ||
<span | [p. 232] | ||
Since whatever appears, from the very place of its appearing, abides groundless and primordially cleared, the effort of binding and liberating collapses of itself. Since whatever arises, from the very place of its arising, is primordially pure, empty in itself and spread out, it is evenly settled, without partiality, open (phyal ba). Since whatever clears, from the very place of its clearing, abides traceless, naturally pure and primordially empty, effort collapses into even equality, into absence, into openness, and one's own mind, with nothing to do, is inwardly at ease. Thus one realizes for oneself that within the abiding nature of the natural Great Perfection all phenomena are primordially self-arising (rang shar); to connect the meaning so realized with scripture (lung), the Tantra of the Heaped Jewels (rin po che spungs pa) says: | Since whatever appears, from the very place of its appearing, abides groundless and primordially cleared, the effort of binding and liberating collapses of itself. Since whatever arises, from the very place of its arising, is primordially pure, empty in itself and spread out, it is evenly settled, without partiality, open (phyal ba). Since whatever clears, from the very place of its clearing, abides traceless, naturally pure and primordially empty, effort collapses into even equality, into absence, into openness, and one's own mind, with nothing to do, is inwardly at ease. Thus one realizes for oneself that within the abiding nature of the natural Great Perfection all phenomena are primordially self-arising (rang shar); to connect the meaning so realized with scripture (lung), the Tantra of the Heaped Jewels (rin po che spungs pa) says: | ||
| Line 566: | Line 605: | ||
That it has been so from the very beginning, who did not notice? | That it has been so from the very beginning, who did not notice? | ||
<span | [p. 233] | ||
This path, on which from the very beginning
| This path, on which from the very beginning

There is nothing to traverse, has been near from the very beginning;
| There is nothing to traverse, has been near from the very beginning;

| Line 602: | Line 641: | ||
Suffering | Suffering | ||
<span | [p. 234] | ||
Leveled out into openness—that phenomenon of bliss
| Leveled out into openness—that phenomenon of bliss

Abides of itself without ever being forgotten;
| Abides of itself without ever being forgotten;

| Line 638: | Line 677: | ||
Arise from the key point (gnad) of primordial liberation. | Arise from the key point (gnad) of primordial liberation. | ||
<span | [p. 235] | ||
The aggregates (phung po) of beings are the kāyas (sku) of the buddhas
| The aggregates (phung po) of beings are the kāyas (sku) of the buddhas

From the very beginning—who has not known this?
| From the very beginning—who has not known this?

| Line 675: | Line 714: | ||
And again: | And again: | ||
<span | [p. 236] | ||
It is beyond levels (sa), directions, and divisions.
| It is beyond levels (sa), directions, and divisions.

There is no existence, no nonexistence, and no seeming appearance.
| There is no existence, no nonexistence, and no seeming appearance.

| Line 711: | Line 750: | ||
Free of activity, | Free of activity, | ||
<span | [p. 237] | ||
Spontaneously perfect (lhun rdzogs): that itself is the meaning of what was said before.
| Spontaneously perfect (lhun rdzogs): that itself is the meaning of what was said before.

How could there be action and agent?
| How could there be action and agent?

| Line 749: | Line 788: | ||
Ha ha! From the absence of phenomena, the nature of phenomena arises; | Ha ha! From the absence of phenomena, the nature of phenomena arises; | ||
<span | [p. 238] | ||
From the absence of objects, there is appearance as if objects.
| From the absence of objects, there is appearance as if objects.

Since wisdom devoid of phenomena is clear within,
| Since wisdom devoid of phenomena is clear within,

| Line 783: | Line 822: | ||
There is no abode, and emptiness (stong pa nyid), too, | There is no abode, and emptiness (stong pa nyid), too, | ||
<span | [p. 239] | ||
Does not exist. | Does not exist. | ||
| Line 819: | Line 858: | ||
The secret of all the perfect buddhas! | The secret of all the perfect buddhas! | ||
<span | [p. 240] | ||
From nonabiding, everything abides;
| From nonabiding, everything abides;

In the very abiding, there is no abiding.
| In the very abiding, there is no abiding.

| Line 857: | Line 896: | ||
Thus it is extensively taught. | Thus it is extensively taught. | ||
<span | [p. 241] | ||
Second, deciding that one's own mind, in which bondage and liberation are nondual, is empty, a great rootlessness, has two parts: the general presentation by examining the three—arising, abiding, and going; and the specific ascertainment by examining oneness and difference. | Second, deciding that one's own mind, in which bondage and liberation are nondual, is empty, a great rootlessness, has two parts: the general presentation by examining the three—arising, abiding, and going; and the specific ascertainment by examining oneness and difference. | ||
| Line 871: | Line 910: | ||
When mind arises toward either of these two—if it arises outwardly, the outer object; if it arises inwardly, the inner body—one splits it into fragment after fragment and examines it down to partless subtle particles (rdul phran). When one sees that the appearing object that is the place of arising does not exist, one recognizes that mind did not arise from it, and thereby | When mind arises toward either of these two—if it arises outwardly, the outer object; if it arises inwardly, the inner body—one splits it into fragment after fragment and examines it down to partless subtle particles (rdul phran). When one sees that the appearing object that is the place of arising does not exist, one recognizes that mind did not arise from it, and thereby | ||
<span | [p. 242] | ||
the thought that apprehends the apprehended as an object is decided to be groundless, a great rootlessness. As for that which arises—the vividly stirring, bubbling mind and mental factors (sems byung)—if it arose from itself, a single instant (skad cig) of cognition would become two substances; and since it has already been analyzed that it did not arise from something other than itself, if one now wonders, "Did that place of arising, then, arise as self-arisen?" one examines what color, shape, sign, characteristic, size, directional part, and so forth it has, and it is nowhere at all. When what was a mere imputation by the intellect has become groundless, suddenly cleared, primordially pure, one realizes for oneself that the inner apprehending thought is groundless, like space, and thereby at that time realizes all the apprehended and apprehender that appear as phenomena and the nature of phenomena to be objectless, a great freedom from support; and since mind, which from the very beginning has been without any initial birth, is realized today, one comprehends the meaning of the dharmakāya, the great freedom from elaboration (spros bral). | the thought that apprehends the apprehended as an object is decided to be groundless, a great rootlessness. As for that which arises—the vividly stirring, bubbling mind and mental factors (sems byung)—if it arose from itself, a single instant (skad cig) of cognition would become two substances; and since it has already been analyzed that it did not arise from something other than itself, if one now wonders, "Did that place of arising, then, arise as self-arisen?" one examines what color, shape, sign, characteristic, size, directional part, and so forth it has, and it is nowhere at all. When what was a mere imputation by the intellect has become groundless, suddenly cleared, primordially pure, one realizes for oneself that the inner apprehending thought is groundless, like space, and thereby at that time realizes all the apprehended and apprehender that appear as phenomena and the nature of phenomena to be objectless, a great freedom from support; and since mind, which from the very beginning has been without any initial birth, is realized today, one comprehends the meaning of the dharmakāya, the great freedom from elaboration (spros bral). | ||
Second, the place of abiding in the middle and that which abides, and third, the place of going at the end and that which goes: these two as well are dismantled and examined in just the same way, whereby one touches the enlightened intent of the sambhogakāya, great natural clarity (rang gsal), and of the nirmāṇakāya, self-liberation and self-arising. Having comprehended the meaning of equality, in which outer and inner are without object, awareness is without support, apprehended and apprehender are without ground, and enlightened intent is without interruption, the | Second, the place of abiding in the middle and that which abides, and third, the place of going at the end and that which goes: these two as well are dismantled and examined in just the same way, whereby one touches the enlightened intent of the sambhogakāya, great natural clarity (rang gsal), and of the nirmāṇakāya, self-liberation and self-arising. Having comprehended the meaning of equality, in which outer and inner are without object, awareness is without support, apprehended and apprehender are without ground, and enlightened intent is without interruption, the | ||
<span | [p. 243] | ||
unmeditated meditative concentration of a river's continuous flow dawns from within as self-cleared great equality. As the Reverberation of Sound says: | unmeditated meditative concentration of a river's continuous flow dawns from within as self-cleared great equality. As the Reverberation of Sound says: | ||
| Line 890: | Line 929: | ||
Second, examining oneness and difference is the pith instruction for demolishing the little house of mind. Moreover, if this so-called "mind" exists, from what cause did it arise; and if it does not exist, | Second, examining oneness and difference is the pith instruction for demolishing the little house of mind. Moreover, if this so-called "mind" exists, from what cause did it arise; and if it does not exist, | ||
<span | [p. 244] | ||
what is this wheel of movement and mindful cognition (dran shes); and in dependence on what conditions (rkyen) have these aspects of mindful cognition arisen; and if there are no conditions, these adventitious mindful cognitions are untenable; and if this mind exists as one with the body (lus), then when the body perishes the mind too would perish; and if it is not [one with it], then since their concomitance in presence and absence would be uncertain, it is untenable that the illnesses of the body should come upon the mind, and that the wheel of earlier and later births should come about; and if this so-called mind is one, then since the sense faculties (dbang po) of one being cease, it would follow that other beings die as well; and if it is not one, then just as the forms of beings are distinct, it would follow that the minds of beings are distinct entities; and if they are distinct, then all the living creatures such as worms within a single body ought to go on living when that one person's life comes to an end; and if they are one, what is this [fact] that countless outer and inner sentient beings (sems can) occur in a single body; and if this mind has a point where it ceases, then it must first have a cause, and if it has a cause, then being conditioned ('dus byas) and impermanent it would perish again, so that it would follow that karma (las) has neither good nor bad; | what is this wheel of movement and mindful cognition (dran shes); and in dependence on what conditions (rkyen) have these aspects of mindful cognition arisen; and if there are no conditions, these adventitious mindful cognitions are untenable; and if this mind exists as one with the body (lus), then when the body perishes the mind too would perish; and if it is not [one with it], then since their concomitance in presence and absence would be uncertain, it is untenable that the illnesses of the body should come upon the mind, and that the wheel of earlier and later births should come about; and if this so-called mind is one, then since the sense faculties (dbang po) of one being cease, it would follow that other beings die as well; and if it is not one, then just as the forms of beings are distinct, it would follow that the minds of beings are distinct entities; and if they are distinct, then all the living creatures such as worms within a single body ought to go on living when that one person's life comes to an end; and if they are one, what is this [fact] that countless outer and inner sentient beings (sems can) occur in a single body; and if this mind has a point where it ceases, then it must first have a cause, and if it has a cause, then being conditioned ('dus byas) and impermanent it would perish again, so that it would follow that karma (las) has neither good nor bad; | ||
and if there is no ceasing, it is untenable that these countless aggregates of sentient beings should come about; and if that mind is manifold, it is untenable that in beings | and if there is no ceasing, it is untenable that these countless aggregates of sentient beings should come about; and if that mind is manifold, it is untenable that in beings | ||
<span | [p. 245] | ||
thoughts of self and other should arise at one and the same time, and since they would be confused with one another, it is untenable that all should come to have concordant perceptions ('du shes)—rejoicing when oneself is victorious, has not died, is without suffering, and possesses retinue, enjoyments and the like, and when others are defeated, and so forth; and if they are distinct, then since there are many beings, it would follow that in some, in accord with others, there would arise rejoicing at their own defeat and so forth; and if mind is solely one, then it would follow that when one dies all die, or when one is born all are born. | thoughts of self and other should arise at one and the same time, and since they would be confused with one another, it is untenable that all should come to have concordant perceptions ('du shes)—rejoicing when oneself is victorious, has not died, is without suffering, and possesses retinue, enjoyments and the like, and when others are defeated, and so forth; and if they are distinct, then since there are many beings, it would follow that in some, in accord with others, there would arise rejoicing at their own defeat and so forth; and if mind is solely one, then it would follow that when one dies all die, or when one is born all are born. | ||
When in this way, through many aspects, one has examined and searched one's own mind by way of the objections of oneness and difference, the finding of nothing whatsoever is the realization, by the faculty of wisdom, of the meaning of the nature of phenomena being pure from the very beginning (ka nas dag pa). Since mind has no cause, it cannot cease, and so one gains conviction that the accumulation of karma has no end. And if mind had a cause, a result would have to come about: if the result were saṃsāra ('khor ba), then being impure, liberation would be impossible; if it were nirvāṇa ('das pa), it would be untenable that saṃsāra should come about; if it were both, then just as saṃsāra and nirvāṇa are distinct, mind too would become distinct; and if it were distinct, then just as body and mind are distinct, even the desires, which gather into a single class of recollection and thought, | When in this way, through many aspects, one has examined and searched one's own mind by way of the objections of oneness and difference, the finding of nothing whatsoever is the realization, by the faculty of wisdom, of the meaning of the nature of phenomena being pure from the very beginning (ka nas dag pa). Since mind has no cause, it cannot cease, and so one gains conviction that the accumulation of karma has no end. And if mind had a cause, a result would have to come about: if the result were saṃsāra ('khor ba), then being impure, liberation would be impossible; if it were nirvāṇa ('das pa), it would be untenable that saṃsāra should come about; if it were both, then just as saṃsāra and nirvāṇa are distinct, mind too would become distinct; and if it were distinct, then just as body and mind are distinct, even the desires, which gather into a single class of recollection and thought, | ||
<span | [p. 246] | ||
would become many and distinct—whereas one knows [that this is not so], since they gather into a single class. | would become many and distinct—whereas one knows [that this is not so], since they gather into a single class. | ||
| Line 907: | Line 946: | ||
because there is no increase, one knows that it has no birth; because there is no birth, one knows that it has no death; and by knowing that, one knows that karma has neither good nor bad, as the Condensed Prajñāpāramitā (sdud pa) says: "It is a phenomenon in which these two, existence and nonexistence, do not exist." Thus, since one knows that from the very primordial beginning it is naturally pure (rang dag) and nonexistent, it is said: "Being pure from the very outset, how could sentient beings ever be born?" Moreover, mind has no conditions: if it had, then just as appearances appear in variety, mind too would through conditions become various in color and the like, and since mind would thereby have become distinct, it would be untenable that recollection and thought should be one; | because there is no increase, one knows that it has no birth; because there is no birth, one knows that it has no death; and by knowing that, one knows that karma has neither good nor bad, as the Condensed Prajñāpāramitā (sdud pa) says: "It is a phenomenon in which these two, existence and nonexistence, do not exist." Thus, since one knows that from the very primordial beginning it is naturally pure (rang dag) and nonexistent, it is said: "Being pure from the very outset, how could sentient beings ever be born?" Moreover, mind has no conditions: if it had, then just as appearances appear in variety, mind too would through conditions become various in color and the like, and since mind would thereby have become distinct, it would be untenable that recollection and thought should be one; | ||
<span | [p. 247] | ||
and if mind had conditions, it would be utterly destroyed, so that it would follow that mind has no karma and no result; and if, even though mind had been destroyed, its karma still existed, that would be an extreme contradiction—equivalent to saying that even though the body has been destroyed, the body's color and all the good and bad of its sense sources (skye mched) still remain. Therefore it is clear that it merely abides like an illusion (sgyu ma). | and if mind had conditions, it would be utterly destroyed, so that it would follow that mind has no karma and no result; and if, even though mind had been destroyed, its karma still existed, that would be an extreme contradiction—equivalent to saying that even though the body has been destroyed, the body's color and all the good and bad of its sense sources (skye mched) still remain. Therefore it is clear that it merely abides like an illusion (sgyu ma). | ||
| Line 917: | Line 956: | ||
Are like the arising of an illusion," | Are like the arising of an illusion," | ||
<span | [p. 248] | ||
and: "A fifth condition does not exist." The All-Creating King (kun byed), too, explains: | and: "A fifth condition does not exist." The All-Creating King (kun byed), too, explains: | ||
| Line 928: | Line 967: | ||
Since it never exists, when one is introduced to the interval between former and later recollection and thought, they vanish right there, and so one recognizes that mind has no ground. | Since it never exists, when one is introduced to the interval between former and later recollection and thought, they vanish right there, and so one recognizes that mind has no ground. | ||
<span | [p. 249] | ||
By knowing that, one gains confidence (yid ches) that there is no ground for turning back. By knowing that, one comes to the decisive certainty (thag chod) that the three realms (khams gsum) are the great namelessness (ming med chen po). By that being decided, the intellect is at ease (blo bde ba), since virtuous and sinful karma bring neither benefit nor harm. | By knowing that, one gains confidence (yid ches) that there is no ground for turning back. By knowing that, one comes to the decisive certainty (thag chod) that the three realms (khams gsum) are the great namelessness (ming med chen po). By that being decided, the intellect is at ease (blo bde ba), since virtuous and sinful karma bring neither benefit nor harm. | ||
| Line 941: | Line 980: | ||
Thus, when the measure of these four times of the collapse of mind (sems yas pa) has been reached, since there is no buddha (sangs rgyas), | Thus, when the measure of these four times of the collapse of mind (sems yas pa) has been reached, since there is no buddha (sangs rgyas), | ||
<span | [p. 250] | ||
there is not even a buddha as a mere name, and so the intellect that clings to hope for fruition turns back. Because that has turned back, there is no phenomenon of pursuing the path with effort and striving. Therefore, since in nonexistent phenomena there is nothing whatsoever, what is designated as saṃsāra and nirvāṇa is a mere name, and not finding it in actuality is called "the measure of liberation" (grol ba'i tshad). | there is not even a buddha as a mere name, and so the intellect that clings to hope for fruition turns back. Because that has turned back, there is no phenomenon of pursuing the path with effort and striving. Therefore, since in nonexistent phenomena there is nothing whatsoever, what is designated as saṃsāra and nirvāṇa is a mere name, and not finding it in actuality is called "the measure of liberation" (grol ba'i tshad). | ||
For that reason, since in the nonexistence of mind itself there is nothing whatsoever, and since mind has no grounds, there is nothing to look at. Knowing such nonexistence in the sixteen topics of the four rounds of introduction is the demolition of the little house of mind; it is like, for example, a child's little house that falls apart even as it is being built. Moreover, activity destroying activity is like iron destroying iron; the impermanent destroying the impermanent is like an illusory man destroying an illusory city; the fabricated destroying the impermanent is like corpse heaped upon corpse; and the impermanent destroying the fabricated is like present awareness destroying former ignorance. Thus, when mind demolishes mind, both perish without a trace, like letters written on water; and the nonexistent searching for the nonexistent and not finding it is like a poor man's house in which there is no wish-fulfilling jewel, so that though one searches there is no place where it can be found. Likewise, that in the nonexistence of mind there is no place to be demolished is like, for example, there being no place to hold on to | For that reason, since in the nonexistence of mind itself there is nothing whatsoever, and since mind has no grounds, there is nothing to look at. Knowing such nonexistence in the sixteen topics of the four rounds of introduction is the demolition of the little house of mind; it is like, for example, a child's little house that falls apart even as it is being built. Moreover, activity destroying activity is like iron destroying iron; the impermanent destroying the impermanent is like an illusory man destroying an illusory city; the fabricated destroying the impermanent is like corpse heaped upon corpse; and the impermanent destroying the fabricated is like present awareness destroying former ignorance. Thus, when mind demolishes mind, both perish without a trace, like letters written on water; and the nonexistent searching for the nonexistent and not finding it is like a poor man's house in which there is no wish-fulfilling jewel, so that though one searches there is no place where it can be found. Likewise, that in the nonexistence of mind there is no place to be demolished is like, for example, there being no place to hold on to | ||
<span | [p. 251] | ||
in the water when a boat capsizes. | in the water when a boat capsizes. | ||
| Line 961: | Line 1,000: | ||
Therefore, as for what is called the "conventional fruition": by settling the key point of the object, appearance, | Therefore, as for what is called the "conventional fruition": by settling the key point of the object, appearance, | ||
<span | [p. 252] | ||
upon whatever appears, since there is no apprehending of that appearance of inanimate matter (bems po), there is the fruition of the nonduality (gnyis med) of object and mind; by settling upon whatever movement of cognition (shes pa) occurs, since the little house of mind collapses of itself, there is the fruition of the clearing away of thoughts in their movement; and thus, since the place of vanishing of the primordial wisdom of union (zung 'jug), the nonduality of matter and awareness, has been identified, there is the fruition of nonexistence. Thus, at the time of the three fruitions too, the time of vanishing, the sixteen phenomena of nonexistence within the four key points of introduction should be understood as before. | upon whatever appears, since there is no apprehending of that appearance of inanimate matter (bems po), there is the fruition of the nonduality (gnyis med) of object and mind; by settling upon whatever movement of cognition (shes pa) occurs, since the little house of mind collapses of itself, there is the fruition of the clearing away of thoughts in their movement; and thus, since the place of vanishing of the primordial wisdom of union (zung 'jug), the nonduality of matter and awareness, has been identified, there is the fruition of nonexistence. Thus, at the time of the three fruitions too, the time of vanishing, the sixteen phenomena of nonexistence within the four key points of introduction should be understood as before. | ||
Moreover, the cutting through of the Heart Essence (snying thig), the definitive great secret (gsang chen), which knows mind to be primordially nonexistent and self-cleared and movements to be adventitious and primordially liberated (ye grol), and the other pith instructions, which presume that mind does not exist ultimately (don dam) but exists conventionally (kun rdzob) and so make view and meditation into a path upon mind—these two, though they concur in the mere names "self-liberation," "self-arising," and "natural resting," do not concur in meaning, because here mind is treated as primordially nonexistent, whereas elsewhere something existent is held to become nonexistent. As for union too: elsewhere a union is held in which two existents are connected one with the other, whereas here, since they are primordially nonexistent, there is nothing to be joined as a pair; rather, since within the essence (ngo bo) of nonexistence there are no separate categories and the two are not distinct, it is called "nondual union." This key point is that of what has become the pinnacle among all vehicles (theg pa), | Moreover, the cutting through of the Heart Essence (snying thig), the definitive great secret (gsang chen), which knows mind to be primordially nonexistent and self-cleared and movements to be adventitious and primordially liberated (ye grol), and the other pith instructions, which presume that mind does not exist ultimately (don dam) but exists conventionally (kun rdzob) and so make view and meditation into a path upon mind—these two, though they concur in the mere names "self-liberation," "self-arising," and "natural resting," do not concur in meaning, because here mind is treated as primordially nonexistent, whereas elsewhere something existent is held to become nonexistent. As for union too: elsewhere a union is held in which two existents are connected one with the other, whereas here, since they are primordially nonexistent, there is nothing to be joined as a pair; rather, since within the essence (ngo bo) of nonexistence there are no separate categories and the two are not distinct, it is called "nondual union." This key point is that of what has become the pinnacle among all vehicles (theg pa), | ||
<span | [p. 253] | ||
a key point of great scope and great importance. Herein, appearances are not asserted to be mind, and mind is shown never to have existed—the great clearing at the ground (gzhi sangs chen po). On this basis, one should know that pith instructions which introduce appearances as mind and introduce mind itself as empty are not the enlightened intent of the Heart Essence. Should something of that kind occur in some pith instruction, it is decided that it is merely a leading-on of those of lower capacity and not the definitive meaning (nges don). | a key point of great scope and great importance. Herein, appearances are not asserted to be mind, and mind is shown never to have existed—the great clearing at the ground (gzhi sangs chen po). On this basis, one should know that pith instructions which introduce appearances as mind and introduce mind itself as empty are not the enlightened intent of the Heart Essence. Should something of that kind occur in some pith instruction, it is decided that it is merely a leading-on of those of lower capacity and not the definitive meaning (nges don). | ||
Third, how, since object-appearances arise in the mirror of the intellect, the six collections of consciousness are pervasively spread out as great equality: the manifold outer appearances, the adventitious inner recollections and thoughts, and the six sense faculties together with all their appearing objects are merely the vivid appearance of what does not exist (med pa gsal snang); in reality they exist nowhere, neither outside nor inside; and although they appear to the intellect like the strands of hair seen by someone with cataracts, like an illusion, an optical trick, or an emanation, one should know that from the very moment of their appearing they transcend the extremes of existence and nonexistence. From the side of appearance, however they are designated, there is no contradiction: let them be so, let them not be so; let them exist, let them not exist; let them appear, let them be empty; let them be deluded, let them be liberated; let them be good, let them be bad; let them be mind, let them be something else—however they are designated, from the side of emptiness that very thing, in whatever way it is designated, is empty from the outset. The designation is mind; | Third, how, since object-appearances arise in the mirror of the intellect, the six collections of consciousness are pervasively spread out as great equality: the manifold outer appearances, the adventitious inner recollections and thoughts, and the six sense faculties together with all their appearing objects are merely the vivid appearance of what does not exist (med pa gsal snang); in reality they exist nowhere, neither outside nor inside; and although they appear to the intellect like the strands of hair seen by someone with cataracts, like an illusion, an optical trick, or an emanation, one should know that from the very moment of their appearing they transcend the extremes of existence and nonexistence. From the side of appearance, however they are designated, there is no contradiction: let them be so, let them not be so; let them exist, let them not exist; let them appear, let them be empty; let them be deluded, let them be liberated; let them be good, let them be bad; let them be mind, let them be something else—however they are designated, from the side of emptiness that very thing, in whatever way it is designated, is empty from the outset. The designation is mind; | ||
<span | [p. 254] | ||
mind is nonexistent. Since there is no designator of what does not exist, it is like the actions and agents of a dream and the actions and agents of an illusion. | mind is nonexistent. Since there is no designator of what does not exist, it is like the actions and agents of a dream and the actions and agents of an illusion. | ||
| Line 978: | Line 1,017: | ||
In stainless mind itself, | In stainless mind itself, | ||
<span | [p. 255] | ||
appearances free of objects and conditions
| appearances free of objects and conditions

are "the enlightened intent of great natural purity"—
| are "the enlightened intent of great natural purity"—

| Line 1,022: | Line 1,061: | ||
Even the nature of phenomena that abides undeluded | Even the nature of phenomena that abides undeluded | ||
<span | [p. 256] | ||
itself
| itself

appears to the intellect in the manner of delusion. | appears to the intellect in the manner of delusion. | ||
| Line 1,060: | Line 1,099: | ||
there is no permanence: | there is no permanence: | ||
<span | [p. 257] | ||
how astonishing!
| how astonishing!

For a person's recollections, thoughts, and arising feelings,
| For a person's recollections, thoughts, and arising feelings,

| Line 1,091: | Line 1,130: | ||
The second topic, introducing the enlightened intent of the exhaustion of phenomena beyond the intellect as the unimpeded, naked primordial wisdom without transference or change, has three parts: introducing the awareness of the exhaustion of phenomena beyond the intellect as unimpeded and naked; sustaining the enlightened intent of abiding in the state of natural clarity as the great all-pervading evenness; and settling the wheel of the nature of phenomena of the three key points in the great sky-equal expanse | The second topic, introducing the enlightened intent of the exhaustion of phenomena beyond the intellect as the unimpeded, naked primordial wisdom without transference or change, has three parts: introducing the awareness of the exhaustion of phenomena beyond the intellect as unimpeded and naked; sustaining the enlightened intent of abiding in the state of natural clarity as the great all-pervading evenness; and settling the wheel of the nature of phenomena of the three key points in the great sky-equal expanse | ||
<span | [p. 258] | ||
of clarity. | of clarity. | ||
| Line 1,102: | Line 1,141: | ||
on the white snow mountain free of letting go and holding, | on the white snow mountain free of letting go and holding, | ||
<span | [p. 259] | ||
the three dynamic energies of clearing away darkness are perfected.
| the three dynamic energies of clearing away darkness are perfected.

By me, the lion, limpid and free of thought,
| By me, the lion, limpid and free of thought,

| Line 1,137: | Line 1,176: | ||
The primordially abiding meaning, beyond one and two, | The primordially abiding meaning, beyond one and two, | ||
<span | [p. 260] | ||
is gathered into a single sphere within the state of one's own body.
| is gathered into a single sphere within the state of one's own body.

Through timeless realization, samādhi is clear without distraction.
| Through timeless realization, samādhi is clear without distraction.

| Line 1,167: | Line 1,206: | ||
is the supreme undistracted samādhi, | is the supreme undistracted samādhi, | ||
<span | [p. 261] | ||
the abiding nature of the single buddha. | the abiding nature of the single buddha. | ||
| Line 1,184: | Line 1,223: | ||
Within self-appearance, the great nonconceptuality, | Within self-appearance, the great nonconceptuality, | ||
<span | [p. 262] | ||
an experience (nyams) that is clear and free of thought is born.
| an experience (nyams) that is clear and free of thought is born.

In the samādhi of the great direct descent:
| In the samādhi of the great direct descent:

| Line 1,212: | Line 1,251: | ||
it is not dullness, and agitation | it is not dullness, and agitation | ||
<span | [p. 263] | ||
is naturally absent.
| is naturally absent.

It has not moved, does not move, and will not come to move;
| It has not moved, does not move, and will not come to move;

| Line 1,237: | Line 1,276: | ||
Third: by identifying that primordial wisdom of awareness, clear and empty, which has emerged naked, as vivid natural clarity, one cuts off the point of deviation (gol sa) of a samādhi in which the mind becomes attached, and the unimpeded, naked dharmakāya arises | Third: by identifying that primordial wisdom of awareness, clear and empty, which has emerged naked, as vivid natural clarity, one cuts off the point of deviation (gol sa) of a samādhi in which the mind becomes attached, and the unimpeded, naked dharmakāya arises | ||
<span | [p. 264] | ||
from within. The Lion's Perfect Dynamic Energy says: | from within. The Lion's Perfect Dynamic Energy says: | ||
| Line 1,260: | Line 1,299: | ||
First: since that fundamental nature free of activity is not realized by doing but is realized if one rests without doing, the three doors are left in their natural flow, in openness. The Reverberation of Sound says: | First: since that fundamental nature free of activity is not realized by doing but is realized if one rests without doing, the three doors are left in their natural flow, in openness. The Reverberation of Sound says: | ||
<span | [p. 265] | ||
"Moreover, the nature of phenomena free of activity
| "Moreover, the nature of phenomena free of activity

is liberated into liberation by there being no activity." | is liberated into liberation by there being no activity." | ||
| Line 1,280: | Line 1,319: | ||
Here some introduce appearances as mind and introduce mind as empty, and, citing the Adorned Introduction (ngo sprod spras pa)—"E ma ho! By introducing appearances as mind, mind is | Here some introduce appearances as mind and introduce mind as empty, and, citing the Adorned Introduction (ngo sprod spras pa)—"E ma ho! By introducing appearances as mind, mind is | ||
<span | [p. 266] | ||
mastered (byan tshud); by introducing mind itself as empty, emptiness is sealed with bliss; by introducing emptiness as awareness, awareness itself, nondual with basic space, is precisely the dharmakāya"—they appear to cling to these words as though their meaning were specifically characterized (rang mtshan). Since this statement has all three—a basis of intention (dgongs gzhi), a purpose (dgos ched), and a valid cognition that refutes the literal sense (dngos la gnod byed)—their position does not come close to the intent of the Heart Essence. | mastered (byan tshud); by introducing mind itself as empty, emptiness is sealed with bliss; by introducing emptiness as awareness, awareness itself, nondual with basic space, is precisely the dharmakāya"—they appear to cling to these words as though their meaning were specifically characterized (rang mtshan). Since this statement has all three—a basis of intention (dgongs gzhi), a purpose (dgos ched), and a valid cognition that refutes the literal sense (dngos la gnod byed)—their position does not come close to the intent of the Heart Essence. | ||
The basis of intention: it was spoken thus in order to guide those who grasp outer objects as truly existent as something other; as Self-Arising Awareness says, "For some, appearances are taught to be mind." And this too is designated merely from the fact that appearances do not exist as something other but are appearances to a deluded mind. The purpose is merely to abandon clinging to outer objects. What refutes the literal sense: if appearances were mind, it would follow that color, shape, and so forth would be ascertained in mind by the eye and the other sense faculties, because appearances—forms and so forth—are ascertained as shape and color. And if appearances were mind, mind were emptiness, and emptiness were awareness, then, since those three would be mutually confounded, it would follow that awareness is deluded, that appearances are not seen by the eye and so forth, and that mind is not deluded—because those three would be one in essence and substance. The distinctions here were explained in detail | The basis of intention: it was spoken thus in order to guide those who grasp outer objects as truly existent as something other; as Self-Arising Awareness says, "For some, appearances are taught to be mind." And this too is designated merely from the fact that appearances do not exist as something other but are appearances to a deluded mind. The purpose is merely to abandon clinging to outer objects. What refutes the literal sense: if appearances were mind, it would follow that color, shape, and so forth would be ascertained in mind by the eye and the other sense faculties, because appearances—forms and so forth—are ascertained as shape and color. And if appearances were mind, mind were emptiness, and emptiness were awareness, then, since those three would be mutually confounded, it would follow that awareness is deluded, that appearances are not seen by the eye and so forth, and that mind is not deluded—because those three would be one in essence and substance. The distinctions here were explained in detail | ||
<span | [p. 267] | ||
earlier, and it is also refuted by the scripture from Self-Arising Awareness stating that making appearances into a yoga (rnal 'byor) of mind does not liberate: | earlier, and it is also refuted by the scripture from Self-Arising Awareness stating that making appearances into a yoga (rnal 'byor) of mind does not liberate: | ||
| Line 1,304: | Line 1,343: | ||
Third, the instructions for there being neither negation nor affirmation (dgag sgrub) with regard to appearances, by the key point that the nature of phenomena is liberated in its own place: since the five outer objects are appearances of what does not exist—empty, naturally pure, like the moon in water—they need not be purified. Since the inner recollections and thoughts of the mental faculty vanish by themselves without trace, they need not be destroyed by effortful antidotes. Upon appearances and mind, primordially liberated and loose, one superimposes no abandoning and adopting (spang blang). Without clothing pristine (zang ka), naked awareness in the garments of elaboration, | Third, the instructions for there being neither negation nor affirmation (dgag sgrub) with regard to appearances, by the key point that the nature of phenomena is liberated in its own place: since the five outer objects are appearances of what does not exist—empty, naturally pure, like the moon in water—they need not be purified. Since the inner recollections and thoughts of the mental faculty vanish by themselves without trace, they need not be destroyed by effortful antidotes. Upon appearances and mind, primordially liberated and loose, one superimposes no abandoning and adopting (spang blang). Without clothing pristine (zang ka), naked awareness in the garments of elaboration, | ||
<span | [p. 268] | ||
one relaxes from within—diffuse and open, unburdened, without trace—into great equality, and lets the five doors (sgo lnga) open out freely as self-arisen primordial radiance. That is to say: awareness, the essence of inner natural clarity, is laid bare, and from within that state, whatever good or bad recollections and thoughts arise, one knows them, without any partiality, to be the natural radiance of self-arisen primordial wisdom and does not pursue them. If appearances and mind are let go in vast evenness, in the free sway of being loose yet not loosened, clear yet not cleared, hazy yet not dim, the enlightened intent of Samantabhadra arises of itself in the expanse. From the ''Six Expanses'': | one relaxes from within—diffuse and open, unburdened, without trace—into great equality, and lets the five doors (sgo lnga) open out freely as self-arisen primordial radiance. That is to say: awareness, the essence of inner natural clarity, is laid bare, and from within that state, whatever good or bad recollections and thoughts arise, one knows them, without any partiality, to be the natural radiance of self-arisen primordial wisdom and does not pursue them. If appearances and mind are let go in vast evenness, in the free sway of being loose yet not loosened, clear yet not cleared, hazy yet not dim, the enlightened intent of Samantabhadra arises of itself in the expanse. From the ''Six Expanses'': | ||
| Line 1,331: | Line 1,370: | ||
== Translation notes == | == Translation notes == | ||
* [p. 229] ཐག་ཚིག་ཐོག་ཏུ་བཅད་པས: read thag tshig as "the decisive word" (the decisive statement of the instructions); MITRA "cutting through with words", Grok 4.7 "cutting through directly upon the decisive point", GPT-6 Astra "reaching certainty directly through the words". Chosen to keep both elements (thag "decision", tshig "word"). | |||
* [p. 229] གདེང་གྲོལ: rendered "the | |||
= Bilingual = | = Bilingual = | ||

'''Machine translation, not yet reviewed by a translator.''' Six AI models translated the text independently; Claude Fable 5.1, as editor, established this version against the Tibetan (September 2026). [p. N] = pages of the base text. See [[Theg mchog mdzod (Longchenpa)|the contents page]] for how it was made.

{| class="wikitable" style="width:100%" | {| class="wikitable lcp-bi" style="width:100%" | ||
! Tibetan (critical edition) !! English | ! Tibetan (critical edition) !! English | ||

| style="width:50% | | style="width:50%" | [p. 229]དེ་ལྟར་ལམ་དངོས་བསྟན་ནས། ད་ནི་ལམ་གྱི་ཁྱད་པར་དབང་པོ་ཡང་རབ་རྣམས་མ་བསྒོམས་པར་གྲོལ་བའི་ཐབས་མཆོག་ཏུ་གསང་བ་ཁྲེགས་ཆོད་ཀྱི་མན་ངག་གཏན་ལ་དབབ་པ་ལ་གསུམ་སྟེ། ངོ་རང་ཐོག་ཏུ་དབབ་པས་ལ་བཟླ། ཐག་ཚིག་ཐོག་ཏུ་བཅད་པས་ཆིངས་བསྡམ། གདེང་གྲོལ་ཐོག་ཏུ་བཅད་པས་འཕྲང་བསལ་བའོ། །དང་པོ་ལ་གསུམ་སྟེ། རང་བཞིན་རྫོགས་པ་ཆེན་པོ་སྤང་བླང་བྱ་རྩོལ་ལས་འདས་པའི་གཤིས་ནམ་མཁའ་ལྟ་བུར་གཏན་ལ་དབབ་པ། ཆོས་ཟད་བློ་འདས་ཀྱི་དགོངས་པ་ཟང་ཐལ་རྗེན་པའི་ཡེ་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ། ལྷུན་མཉམ་ཡངས་པ་ཆེན་པོའི་ཀློང་དུ་ཐམས་ཅད་ཡེ་ནས་འདས་ཟིན་པས་བཅིངས་གྲོལ་སྤང་བླང་ | ||

Having thus taught the actual path (lam), now comes the special feature of the path: the definitive establishment of the pith instructions (man ngag) of cutting through (khregs chod), the supremely secret skillful means (thabs) by which those of the very highest faculties (dbang po yang rab) are liberated without meditating. This has three parts: decisive resolution (la bzla ba) by bringing it down directly upon its own face; binding the framework (chings) by cutting through directly with the decisive word; and clearing away the perilous passages by cutting through directly with the confidence (gdeng) of liberation (grol ba). | Having thus taught the actual path (lam), now comes the special feature of the path: the definitive establishment of the pith instructions (man ngag) of cutting through (khregs chod), the supremely secret skillful means (thabs) by which those of the very highest faculties (dbang po yang rab) are liberated without meditating. This has three parts: decisive resolution (la bzla ba) by bringing it down directly upon its own face; binding the framework (chings) by cutting through directly with the decisive word; and clearing away the perilous passages by cutting through directly with the confidence (gdeng) of liberation (grol ba). | ||
The first has three parts: establishing definitively that the fundamental nature (gshis) of the natural Great Perfection (rang bzhin rdzogs pa chen po), which transcends rejecting and adopting, action and effort, is like space (nam mkha'); introducing (ngo sprod) the enlightened intent (dgongs pa) of the exhaustion of phenomena (chos zad) beyond the intellect (blo) as the unimpeded (zang thal), naked primordial wisdom (ye shes) without transference or change; and, since within the expanse (klong) of the great vastness of spontaneous equality (lhun mnyam) everything has already primordially passed beyond, resolving decisively, within the state in which there is no bondage or liberation, no rejecting or adopting, | The first has three parts: establishing definitively that the fundamental nature (gshis) of the natural Great Perfection (rang bzhin rdzogs pa chen po), which transcends rejecting and adopting, action and effort, is like space (nam mkha'); introducing (ngo sprod) the enlightened intent (dgongs pa) of the exhaustion of phenomena (chos zad) beyond the intellect (blo) as the unimpeded (zang thal), naked primordial wisdom (ye shes) without transference or change; and, since within the expanse (klong) of the great vastness of spontaneous equality (lhun mnyam) everything has already primordially passed beyond, resolving decisively, within the state in which there is no bondage or liberation, no rejecting or adopting, | ||

| style="width:50% | | style="width:50%" | [p. 230]མེད་པའི་ངང་དུ་འཁོར་འདས་མིང་མེད་ཆེན་པོར་ལ་བཟླ་བའོ། །དང་པོ་ལ་གསུམ་སྟེ། རང་བཞིན་རྫོགས་པ་ཆེན་པོ་བྱར་མེད་ནམ་མཁའ་ལྟ་བུའི་དོན་སྤྱིར་བསྟན་པ། འཆིང་གྲོལ་གཉིས་སུ་མེད་པའི་རང་སེམས་སྟོང་པ་རྩ་བྲལ་ཆེན་པོར་ཐག་བཅད་པ། ཡུལ་སྣང་བློའི་མེ་ལོང་ཚོགས་དྲུག་མཉམ་པ་ཆེན་པོར་ཁྱབ་གདལ་བའོ། །དང་པོ་ནི། ཕྱི་སྣང་བ་ནང་རིག་པ་བར་གཟུང་འཛིན་སྣང་རྟགས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་སྟོང་ཡོངས་སྟོང་ཆེན་པོ། སྣང་སྟོང་བློས་སྟོང་ཆེན་པོ། དག་སྟོང་གྲོལ་སྟོང་ཆེན་པོ། ཡོད་མ་མྱོང་མེད་མ་མྱོང༌། བདེན་མ་མྱོང༌། བརྫུན་མ་མྱོང༌། འཁྲུལ་མ་མྱོང་གྲོལ་མ་མྱོང༌། འཁོར་མ་མྱོང༌། འདས་མ་མྱོང༌། ཡིན་མ་མྱོང་མིན་མ་མྱོང༌། སྣང་མ་མྱོང་སྟོང་མ་མྱོང༌། ཐམས་ཅད་མཉམ་གདལ། ཁྱབ་པ་ཕྱམ་གདལ། ཡིན་མིན་ཕྱོགས་གདལ། ཡོད་མེད་སྣང་གདལ། མི་གཡོ་མཉམ་གདལ། ལྷུན་མཉམ་ཡེ་གདལ། ངང་མཉམ་གཞི་གདལ། ཡངས་པ། ཕྱམ་པ། སངས་པ། གྲོལ་བ། ཟད་པ། སྟོངས་པ། ཕྱམ་ཕྱལ་ཧར་སངས། ཁྱབ་གདལ་ཡེར་སངས། ལྷུན་མཉམ་དབྱིངས་སངས། ངག་གདལ་མཉམ་སངས་མི་གཡོ། མི་འགུལ། མི་གནས། མི་ལེན། མི་འགྲོ། མི་འོང༌། མི་བསམ། མི་རྟོག མི་དམིགས། མི་མཉམ། མི་འགྱུར་བ་སྟེ། སྔར་ | ||

that saṃsāra and nirvāṇa ('khor 'das) are the great namelessness. | that saṃsāra and nirvāṇa ('khor 'das) are the great namelessness. | ||
| Line 1,474: | Line 1,513: | ||
First: all phenomena (chos) comprised by outer appearances, inner awareness (rig pa), and, in between, the apprehended and apprehender (gzung 'dzin), the appearing signs (rtags), saṃsāra and nirvāṇa, are primordially (ye) empty, the great total emptiness; empty while appearing, the great emptiness empty of intellect; empty in purity, the great emptiness of liberation. They have never existed, never not existed; never been true, never been false; never been deluded, never been liberated; never circled in saṃsāra, never passed into nirvāṇa; never been so, never been not so; never appeared, never been empty. Everything is spread out in equality; pervasive, uniformly spread out; being and nonbeing spread out in every direction; existence and nonexistence spread out as appearance; unmoving, spread out in equality; spontaneously equal, primordially spread out; equal in its own state, spread out as the ground (gzhi). Vast, uniform, cleared, liberated, exhausted, emptied; uniform and open, vividly cleared; pervasively spread out, brightly cleared; spontaneously equal, cleared as basic space (dbyings); spread out in its own state, evenly cleared. It does not move, does not stir, does not abide, does not grasp, does not go, does not come, does not think, does not conceptualize (mi rtog), does not focus (mi dmigs), does not diminish, does not change. Formerly | First: all phenomena (chos) comprised by outer appearances, inner awareness (rig pa), and, in between, the apprehended and apprehender (gzung 'dzin), the appearing signs (rtags), saṃsāra and nirvāṇa, are primordially (ye) empty, the great total emptiness; empty while appearing, the great emptiness empty of intellect; empty in purity, the great emptiness of liberation. They have never existed, never not existed; never been true, never been false; never been deluded, never been liberated; never circled in saṃsāra, never passed into nirvāṇa; never been so, never been not so; never appeared, never been empty. Everything is spread out in equality; pervasive, uniformly spread out; being and nonbeing spread out in every direction; existence and nonexistence spread out as appearance; unmoving, spread out in equality; spontaneously equal, primordially spread out; equal in its own state, spread out as the ground (gzhi). Vast, uniform, cleared, liberated, exhausted, emptied; uniform and open, vividly cleared; pervasively spread out, brightly cleared; spontaneously equal, cleared as basic space (dbyings); spread out in its own state, evenly cleared. It does not move, does not stir, does not abide, does not grasp, does not go, does not come, does not think, does not conceptualize (mi rtog), does not focus (mi dmigs), does not diminish, does not change. Formerly | ||

| style="width:50% | | style="width:50%" | [p. 231]འཁྲུལ་མ་མྱོང༌། ད་ལྟ་འཁྲུལ་པ་ལ་མི་གནས། མཐར་འཁྲུལ་མི་སྲིད། སྔར་གྲོལ་མ་མྱོང༌། ད་ལྟ་གྲོལ་བར་མི་འཇུག །མཐར་གྲོལ་མི་སྲིད། སྔར་འདས་པ་མེད། ད་ལྟ་གནས་པ་མེད། མ་འོངས་པ་འབྱུང་དུ་མེད། རིས་མེད་ཕྱམ་སངས་སྟོང་པ། གནས་ལུགས་ཀྱི་གཞི་མེད། ཡིན་ལུགས་ཀྱི་ལམ་མེད། གྲོལ་ལུགས་ཀྱི་འབྲས་བུ་མེད། ལྟ་སྒོམ་གྱི་མིང་མེད། ཕྱོགས་རིས་ཀྱི་ཆོས་མེད། ཡོད་མེད་ཀྱི་མཐའ་མེད། ནམ་མཁའི་དབྱིངས་མེད་པ། བྱ་རྩོལ་ལས་འདས་པའི་ཡེ་སངས། ལྟ་སྒོམ་ལས་འདས་པའི་ཡང་སངས། དམིགས་བསམ་ལས་འདས་པའི་གྲོལ་སངས། ཕྱོགས་འབྱམས་མིང་མེད་སངས་པར་ལ་བཟླ་བ། །བལྟར་མེད་བལྟས་པ་མེད། ལྟ་བྱེད་མེད། བལྟས་པས་མི་མཐོང༌། བསྒོམ་དུ་མེད། བསྒོམས་པ་མེད། བསྒོམ་པ་ལས་འདས། བསྒོམས་ཀྱང་མི་གྲོལ། དཔྱད་དུ་མེད། དཔྱོད་པ་མེད། དཔྱད་མི་དགོས། དཔྱད་ཀྱང་ངལ་བ་དོན་མེད། བསྒྲུབ་མི་དགོས། གྲུབ་ཟིན། བསྒྲུབ་ཏུ་མེད། བསྒྲུབས་ཀྱང་མི་འགྲུབ། བསྒྲུབས་པ་ལ་དགོས་པ་མེད། བྱ་བ་མེད། བྱེད་པ་མེད། བྱས་ཟིན། བྱ་བ་ལས་འདས། བྱས་ཀྱང་ཚི་ཆད། བྱ་མི་དགོས། ཆོས་ལ་བྱར་མེད། བྱས་པས་ཆོས་མ་ཡིན། མི་བྱ་བ་བསྒྲུབ་ཏུ་མེད། འཁོར་བ་མི་སྤོང༌། འདས་པ་མི་ལེན། བསྒྲུབ་པ་ཕྱོགས་གཞག །ཡེ་མཉམ་ཕྱམ་ | ||

it was never deluded ('khrul pa); now it does not abide in delusion; in the end it cannot possibly be deluded. Formerly it was never liberated; now it does not enter into liberation; in the end it cannot possibly be liberated. There is no past that has gone by, no present that abides, no future that will arise. Without partiality, uniformly cleared, empty. There is no ground of an abiding nature (gnas lugs), no path of a mode of being, no fruition ('bras bu) of a mode of liberation; there is no name of view (lta ba) or meditation (sgom pa), no phenomenon of bias or partiality, no extreme of existence or nonexistence—the basic space of the sky, in which there is nothing. Primordially cleared, transcending action and effort; further cleared, transcending view and meditation; | it was never deluded ('khrul pa); now it does not abide in delusion; in the end it cannot possibly be deluded. Formerly it was never liberated; now it does not enter into liberation; in the end it cannot possibly be liberated. There is no past that has gone by, no present that abides, no future that will arise. Without partiality, uniformly cleared, empty. There is no ground of an abiding nature (gnas lugs), no path of a mode of being, no fruition ('bras bu) of a mode of liberation; there is no name of view (lta ba) or meditation (sgom pa), no phenomenon of bias or partiality, no extreme of existence or nonexistence—the basic space of the sky, in which there is nothing. Primordially cleared, transcending action and effort; further cleared, transcending view and meditation; | ||
cleared in liberation, transcending focus and thought (rtog pa): it is resolved decisively as the nameless clearing that spreads beyond all directions. There is nothing to look at, no having looked, no one who looks; by looking it is not seen. There is nothing to meditate on, no having meditated; it is beyond meditation; even if one meditates, one is not liberated. There is nothing to analyze, no analyzing, no need to analyze; even if one analyzes, it is pointless weariness. There is no need to accomplish it; it is already accomplished; there is nothing to accomplish; even if one strives to accomplish it, it is not accomplished; there is no purpose in accomplishing it. There is nothing to do, no doer; it is already done; it is beyond action; even if one acts, one is left spent; there is no need to act. In the Dharma there is nothing to be done; what is done is not the Dharma; and nonaction is not something to be accomplished. Saṃsāra is not rejected; nirvāṇa is not adopted; accomplishment (sgrub pa) is set aside. Primordially equal, uniformly spread out, genuine and nameless. | cleared in liberation, transcending focus and thought (rtog pa): it is resolved decisively as the nameless clearing that spreads beyond all directions. There is nothing to look at, no having looked, no one who looks; by looking it is not seen. There is nothing to meditate on, no having meditated; it is beyond meditation; even if one meditates, one is not liberated. There is nothing to analyze, no analyzing, no need to analyze; even if one analyzes, it is pointless weariness. There is no need to accomplish it; it is already accomplished; there is nothing to accomplish; even if one strives to accomplish it, it is not accomplished; there is no purpose in accomplishing it. There is nothing to do, no doer; it is already done; it is beyond action; even if one acts, one is left spent; there is no need to act. In the Dharma there is nothing to be done; what is done is not the Dharma; and nonaction is not something to be accomplished. Saṃsāra is not rejected; nirvāṇa is not adopted; accomplishment (sgrub pa) is set aside. Primordially equal, uniformly spread out, genuine and nameless. | ||

| style="width:50% | | style="width:50%" | [p. 232]གདལ་གཉུག་མ་མིང་མེད། གང་སྣང་ས་ནས་གཞི་མེད་ཡེ་སངས་སུ་འདུག་པས་འཆིང་གྲོལ་འབད་རྩོལ་རང་ཞིག གང་ཤར་ས་ནས་ཡེ་དག་རང་སྟོང་གདལ་བས་ཕྱམ་གཞག་རིས་མེད་ཕྱལ་བ། གང་སངས་ས་ནས་རྗེས་མེད་རང་དག་ཡེ་སྟོང་དུ་འདུག་པས་ཕྱམ་མཉམ་པར་མེད་ཕྱལ་བར་འབད་རྩོལ་ཞིག་པའི་རང་སེམས་བྱ་བ་མེད་པར་ཁོང་དལ་བས། རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་སུ་ཆོས་ཐམས་ཅད་ཡེ་ནས་རང་ཤར་རོ་ཞེས་རང་གིས་རྟོགས་པའི་དོན་ལུང་དང་སྦྱར་བ་ནི། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། རང་བཞིན་རྫོགས་པ་ཆེན་པོ་ཡི། །དོན་ཀུན་བློ་ཡི་དཀྱིལ་དུ་ཚུད། །མི་སྣང་ཡུལ་མེད་རྟོག་པ་ཡང༌། །མ་བཅད་རང་ས་ཉིད་དུ་ཆོད། །འཁྲུལ་མ་མྱོང་བའི་མ་རིག་བརྩད། །མ་བརྟགས་ཡེ་ནས་ཆོད་ནས་འདུག །གོང་དུ་འདི་ཀུན་སུས་མ་ཚོར། །རགས་པའི་འབྱུང་བ་འདི་ཀུན་ཡང༌། །ཐོག་མ་ཉིད་ནས་རང་དེངས་པར། །འགྲོ་བའི་གནས་མེད་རང་སོང་བས། །རང་ལུས་ཡེ་ནས་མེད་པར་ནི། །སྔ་ཕྱི་མེད་པར་འདིར་ཡང་རིག །འདི་ཀུན་དུས་མེད་ཡང་དུས་པས། །གཅིག་དང་གཉིས་དང་དྲུག་གསུམ་གྱིས། །སྣང་མེད་སྣང་དང་ཡང་ཕྱེད་སྣང༌། །མི་སྣང་མཛད་པའི་རང་སྒྲར་ཡང༌། །ས་འཛིན་ས་ལས་འདས་པར་ནི། །ཡེ་ནས་འདུག་པ་སུས་མ་ཚོར། ། | ||

Since whatever appears, from the very place of its appearing, abides groundless and primordially cleared, the effort of binding and liberating collapses of itself. Since whatever arises, from the very place of its arising, is primordially pure, empty in itself and spread out, it is evenly settled, without partiality, open (phyal ba). Since whatever clears, from the very place of its clearing, abides traceless, naturally pure and primordially empty, effort collapses into even equality, into absence, into openness, and one's own mind, with nothing to do, is inwardly at ease. Thus one realizes for oneself that within the abiding nature of the natural Great Perfection all phenomena are primordially self-arising (rang shar); to connect the meaning so realized with scripture (lung), the Tantra of the Heaped Jewels (rin po che spungs pa) says: | Since whatever appears, from the very place of its appearing, abides groundless and primordially cleared, the effort of binding and liberating collapses of itself. Since whatever arises, from the very place of its arising, is primordially pure, empty in itself and spread out, it is evenly settled, without partiality, open (phyal ba). Since whatever clears, from the very place of its clearing, abides traceless, naturally pure and primordially empty, effort collapses into even equality, into absence, into openness, and one's own mind, with nothing to do, is inwardly at ease. Thus one realizes for oneself that within the abiding nature of the natural Great Perfection all phenomena are primordially self-arising (rang shar); to connect the meaning so realized with scripture (lung), the Tantra of the Heaped Jewels (rin po che spungs pa) says: | ||
| Line 1,503: | Line 1,542: | ||
That it has been so from the very beginning, who did not notice? | That it has been so from the very beginning, who did not notice? | ||

| style="width:50% | | style="width:50%" | [p. 233]བགྲོད་དུ་ཡེ་ནས་མེད་པ་ཡི། །ལམ་འདི་ཡེ་ནས་ཉེ་བར་ནི། །འདི་ཡང་རང་ལས་ཡེ་འདུག་པ། །སྔར་མ་མཐོང་སྟེ་རང་རིག་རྟུལ། །མི་གནས་བསམ་གཏན་དགོངས་པ་ནི། །བསྒོམས་པ་མེད་པར་ཡེ་འདུག་པ། །འདི་ཡང་གང་གིས་སྔར་མ་རིག །བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ཉིད་ལ། །འདི་ཀུན་རང་གིས་རང་སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག །བདག་རྟོག་བཅིངས་པའི་ཉོན་མོངས་ལྔ། །ཡེ་ནས་རིག་པ་རང་ཤར་བར། །ལྷན་ཅིག་གནས་པ་ཞལ་མ་འཚོ། །ས་ཆུ་མེ་རླུང་འབྱུང་བ་བཞི། །ཡེ་ནས་རང་གི་ལུས་ཡིན་པར། །སུས་མ་མཐོང་བ་མིག་རེ་རྟུལ། །ཡང་གསང་འདུས་པའི་མན་ངག་བཅུད། །བར་མཚམས་མེད་པར་རང་གྲག་པ། །གང་གིས་འདི་ཉིད་མ་ཐོས་པ། །རྣ་བའི་དབང་པོ་མེད་དམ་ཅི། །རང་གནས་དབྱིངས་དང་རིག་པའི་དྲི། །བྲལ་བའི་སྐབས་མེད་རང་འཁོར་བ། །ཚོར་མ་མྱོང་བ་སྣ་འགགས་སམ། །བཅུད་གསུམ་མན་ངག་གཅིག་དྲིལ་རོ། །ཡེ་ནས་ལུས་སེམས་བཅུད་ཡིན་པ། །འདི་ཉིད་མ་མྱོང་ལྕེ་ཆད་དམ། །སྣང་བ་རང་དག་ཁ་དོག་རྒྱན། །རང་གི་ལུས་དང་འབྲལ་མེད་པར། །ལུས་དང་གྲིབ་མ་བཞིན་དུ་ནི། །ཉིན་དང་མཚན་མོ་མེད་འདུག་པ། །སུས་ཀྱང་མ་རེག་ལུས་བེམས་སམ། །སྡུག་བསྔལ་ | ||

This path, on which from the very beginning
| This path, on which from the very beginning

There is nothing to traverse, has been near from the very beginning;
| There is nothing to traverse, has been near from the very beginning;

| Line 1,540: | Line 1,579: | ||
Suffering | Suffering | ||

| style="width:50% | | style="width:50%" | [p. 234]ཕྱལ་འདེབས་བདེ་བའི་ཆོས། །བརྗེད་པ་མེད་པར་རང་གནས་པ། །སུས་མ་ཤེས་པ་བློ་རེ་རྟུལ། །འཁོར་བའི་བག་ཆགས་ཡང་བརྩེགས་པ། །ཡེ་ནས་ཆོས་ཀྱི་སྐུར་འདུག་པ། །གང་གིས་མ་མཐོང་སྙིང་རྗེའི་གནས། །དབང་པོ་བདག་རྟོག་ཡུལ་ཤར་ནས། དྲན་བསམ་འགྱུ་བ་སྣ་ཚོགས་རྣམས། །ཡེ་ནས་ལོངས་སྐུར་རང་ཤར་བ། །འདི་ཀུན་མ་དྲན་བརྗེད་རེ་ངས། །བྱ་བྱེད་སྤྱོད་པ་རྩོལ་སྒྲུབ་དང༌། །སྐྱེ་བོ་འདུས་པའི་ཅ་ཅོ་ཀུན། །ཡེ་ནས་སྤྲུལ་པའི་སྐུ་ཡིན་པར། །སུས་མ་ཤེས་པ་ཡོང་རེ་རྟུལ། །ཇི་ལྟར་བསམས་དང་དྲན་འགྱུས་པ། །ཆུ་བོའི་རྒྱུན་བཞིན་བར་མེད་པར། །རྟག་ཏུ་རང་གི་ཡིད་འཕྲོག་པ། །རྩོལ་མེད་རང་གཞག་སྒོམ་པར་ནི། །ཉམས་སུ་མ་ཆུད་སེམས་རེ་ཡེངས། །སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང༌། །གྲོང་ཁྱེར་རྒྱུན་གཅོད་ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། །ཞེས་པ་དང༌། ཐལ་འགྱུར་ལས། སྣང་བ་འཁྲུལ་པའི་རང་བཞིན་འདི། །ཡེ་ཤེས་ཡིན་པར་སྔར་མ་མཐོང༌། །རྟོག་བཅས་འཁྲུལ་པའི་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་པའི་རང་རྟོག་རྒྱུན་ཆད་དོ། །དེ་ལྟར་འཁྲུལ་མེད་སྣང་བ་ནི། །ཡེ་ནས་གྲོལ་བའི་གནད་ལས་བྱུང༌། ། | ||

Leveled out into openness—that phenomenon of bliss
| Leveled out into openness—that phenomenon of bliss

Abides of itself without ever being forgotten;
| Abides of itself without ever being forgotten;

| Line 1,577: | Line 1,616: | ||
Arise from the key point (gnad) of primordial liberation. | Arise from the key point (gnad) of primordial liberation. | ||

| style="width:50% | | style="width:50%" | [p. 235]འགྲོ་བའི་ཕུང་པོ་སངས་རྒྱས་སྐུ། །ཡེ་ནས་ཡིན་པར་སུས་མ་རིག །ཕུང་པོ་སངས་རྒྱས་མངའ་བདག་ཏུ། །རྩ་གནས་ཡི་གེར་གྲུབ་ལས་བྱུང༌། །ཆུ་བུར་མིག་ལ་ཡེ་ཤེས་ནི། །རང་སྣང་ཡིན་པར་སུས་མ་མཐོང༌། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། རང་བཞིན་སྣང་བའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག །གཟུང་འཛིན་མེད་པས་འཁྲུལ་པ་ལོག །འགྱུ་བ་མེད་པས་ལས་རླུང་ལོག །ཟང་ཐལ་ཡིན་པས་དངོས་པོ་ལོག །གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྟོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་པས་སྤྱོད་པ་ལོག །མ་བཙལ་བཞག་པས་བསྒོམ་པ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་མ་མྱོང་བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློས་བརྟགས་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡིན་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་ཕྲད་པས་སྤྲུལ་སྐུར་བྱུང༌། །རྟོགས་སུ་ཡོད་པས་ཐབས་སུ་བྱུང༌། །བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །ཞེས་པ་དང༌། ཡང༌། | ||

The aggregates (phung po) of beings are the kāyas (sku) of the buddhas
| The aggregates (phung po) of beings are the kāyas (sku) of the buddhas

From the very beginning—who has not known this?
| From the very beginning—who has not known this?

| Line 1,615: | Line 1,654: | ||
And again: | And again: | ||

| style="width:50% | | style="width:50%" | [p. 236]ས་དང་ཕྱོགས་དང་རིས་ལས་འདས། །ཡོད་དང་མེད་དང་ལྟར་སྣང་མེད། །སྒྲ་ཚད་རྣམས་ཀྱི་སྤྱོད་ཡུལ་མིན། །གཅིག་དང་གཉིས་དང་བགྲང་ཡུལ་མེད། །སྟོང་པ་ཆེན་པོར་བབས་ཀྱིས་གྲུབ། །ལུང་དང་རིགས་པའི་སྤྱོད་ཡུལ་མིན། །རྒྱུད་དང་མན་ངག་གིས་མི་མཚོན། །ལྟ་དང་སྒོམ་དང་སྤྱོད་པས་ནི། །དེ་ཡི་དོན་རྣམས་ཤེས་མི་འགྱུར། །དེ་དོན་འབྲས་བུར་གྲུབ་པ་མེད། །ཆོས་ཀྱིས་དེ་ཉིད་བསྒྲིབས་པར་འགྱུར། །བསམས་པས་འགྲུབ་པ་མ་ཡིན་ཏེ། །ཤེས་རབ་ཀྱིས་ཀྱང་དཔྱད་དུ་མེད། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་ཡིས། །དེ་ཉིད་གནོད་དང་ཕན་འབྲས་བྲལ། །ཐོས་དང་བསམ་དང་སྒོམ་པས་ནི། །མཆོག་ཏུ་བརྟགས་ཀྱང་དེ་མི་མཐོང༌། །དེ་ལ་དཀྱིལ་འཁོར་ཡོད་པ་མིན། །ལྷ་མེད་བསྐྱེད་པའི་ས་བོན་མེད། །སྔགས་དང་ཕྱག་རྒྱས་ཅི་ཞིག་བྱ། །མཆོད་པ་ལ་སོགས་སྤྲོ་མི་དགོས། །དབང་དང་དམ་ཚིག་ག་ལ་ཡོད། །བསྙེན་པ་དང་ནི་སྒྲུབ་པ་མེད། །འཁོར་ལོ་སྤྲོ་བ་ཡོད་པ་མིན། །བསྲུང་བ་མེད་ཅིང་བསྲུང་ཡུལ་མེད། །གདོན་དང་གནོད་པའི་ཡུལ་ལས་འདས། །ཞེས་པ་དང༌། རང་ཤར་ལས། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་དང་སྒོམ་དང་སྤྱོད་པ་མེད། །འོན་ཀྱང་ལེགས་བསྟན་ཡིད་ལ་ཟུང༌། །བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། །བྱར་ | ||

It is beyond levels (sa), directions, and divisions.
| It is beyond levels (sa), directions, and divisions.

There is no existence, no nonexistence, and no seeming appearance.
| There is no existence, no nonexistence, and no seeming appearance.

| Line 1,652: | Line 1,691: | ||
Free of activity, | Free of activity, | ||

| style="width:50% | | style="width:50%" | [p. 237]མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །བྱ་བ་དང་ནི་བྱེད་པ་ག་ལ་ཡོད། །སྤྱོད་པ་མེད་པའི་ཆོས་ཉིད་རང་བྱུང་འདི། །གང་གི་ཕྱོགས་སུ་མ་ལྷུང་ནམ་མཁའ་བཞིན། །ཡོད་པ་མ་ཡིན་སྟོང་པ་གཅིག་པུ་ཉིད། །མེད་པ་མ་ཡིན་ཡང་དག་བདེ་བའི་སྐུ། །བྱས་པ་མ་ཡིན་རང་བྱུང་རྟོག་མེད་ཉིད། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །བསྒོམ་པའི་ཆོས་ཉིད་ག་ལ་ཡོད། །བཏང་དང་བཞག་པ་མེད་པའི་ཆོས། །བསྒོམས་དང་མ་བསྒོམས་མཐའ་ལས་གྲོལ། །འཛིན་མེད་སེམས་ཀྱི་དྲི་མ་ཅི། །ཡང་དག་རིག་པ་དྲི་མ་མེད། །དྲི་མེད་དག་པའི་ཆོས་སྐུ་ལ། །བསྒོམ་དང་བསྒོམ་པར་བྱ་བ་མེད། །བསྒོམས་པས་ཡང་དག་ཉིད་མི་རྙེད། །རྙེད་ན་རང་རིག་མེད་པར་འགྱུར། །ཅི་ཕྱིར་རང་རིག་ཡེ་ཤེས་ལ། །ཡེངས་དང་མ་ཡེངས་མེད་པའི་ཕྱིར། །གང་ལ་འཛིན་པ་ཡོད་པ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། ཅེས་པ་དང༌། ཡང༌། དེ་ཡང་ཆོས་རྣམས་འདི་ལྟ་སྟེ། །སྐྱེ་བ་མེད་པས་འགག་པ་མེད། །འཛིན་པ་མེད་པས་རང་སར་གྲོལ། །དམིགས་པ་མེད་པས་སྤྲོས་པ་མེད། །བྱས་པས་མ་བྱུང་ཀུན་ལ་ཡོད། །འདུས་མ་བྱས་པས་རྣམ་དག་དབྱིངས། །འཛིན་པའི་ཐ་སྙད་ཆོས་དང་བྲལ། །རང་བཞིན་མེད་པས་བརྗོད་དང་བྲལ། །ཅེས་པ་དང༌། ནོར་བུ་འཕྲ་བཀོད་ལས། ཧ་ཧ། ཆོས་མེད་པ་ལས་ཆོས་ཉིད་ | ||

Spontaneously perfect (lhun rdzogs): that itself is the meaning of what was said before.
| Spontaneously perfect (lhun rdzogs): that itself is the meaning of what was said before.

How could there be action and agent?
| How could there be action and agent?

| Line 1,691: | Line 1,730: | ||
Ha ha! From the absence of phenomena, the nature of phenomena arises; | Ha ha! From the absence of phenomena, the nature of phenomena arises; | ||

| style="width:50% | | style="width:50%" | [p. 238]འབྱུང༌། །ཡུལ་མེད་པ་ལས་ཡུལ་ལྟར་སྣང༌། །ཆོས་མེད་ཤེས་རབ་ཁོང་གསལ་བས། །དྲན་མེད་ཡུལ་དུ་མེད་པའོ། །ཞེས་པ་དང༌། སེང་གེ་རྩལ་རྫོགས་ལས། འཛིན་ཆགས་མེད་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་མཆོག །སོ་སོར་རྟོག་དང་མཚན་མ་ཚིག་གི་ལམ། །བྱ་རྩོལ་མེད་པའི་ཆོས་ཉིད་རང་སར་དག །འུབ་ཆུབ་ཏིང་འཛིན་ཆོས་ཉིད་ཡུལ་ལ་འཇུག །དག་དང་མ་དག་ཐ་སྙད་ཆོས་སུ་མེད། །གཅིག་དང་གཉིས་ལས་འདས་པའི་ཡེ་གནས་དོན། །རང་ལུས་ངང་དུ་ཐིག་ལེ་གཅིག་གིས་འུབ། །ཅེས་པ་དང༌། ཀློང་དྲུག་པ་ལས། མཐའ་མེད་དབུས་སུ་དམིགས་པ་མེད། །བསམ་པ་མེད་ཅིང་ཡུལ་རྣམས་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཆོས་མེད་བཏགས་པ་ཀུན་ལས་འདས། །དགྲ་མེད་བཤེས་ཀྱང་ཡོད་པ་མིན། །ལུས་མེད་དབང་པོར་སྣང་བ་མེད། །ཆོས་ནི་བསམས་པས་མི་སྣང་སྟེ། །གང་མེད་གང་དུ་འཛིན་པ་མེད། །ང་མེད་ང་ཡི་འཁོར་ཀྱང་མེད། །དབྱིངས་མེད་རིག་པའི་སྐུ་ཡང་མེད། །དགེ་མེད་སྡིག་པའི་རྣམ་སྨིན་མེད། །སྲོག་མེད་བཅད་པའི་དམིགས་པ་མེད། །ཚོགས་མེད་བསག་པའི་ཡུལ་ཡང་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །གནས་མེད་སྟོང་པ་ཉིད་ཀྱང་ | ||

From the absence of objects, there is appearance as if objects.
| From the absence of objects, there is appearance as if objects.

Since wisdom devoid of phenomena is clear within,
| Since wisdom devoid of phenomena is clear within,

| Line 1,726: | Line 1,765: | ||
There is no abode, and emptiness (stong pa nyid), too, | There is no abode, and emptiness (stong pa nyid), too, | ||

| style="width:50% | | style="width:50%" | [p. 239]མེད། །ཅེས་པ་དང༌། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། །བྱ་ཆུབ་སྙིང་པོ་གོལ་སྒྲིབ་མེད་པ་ལ། །གོལ་དང་སྒྲིབ་པར་འཛིན་པར་ག་ལ་ཡོད། །གོལ་མེད་སྒྲིབ་པ་ཐམས་ཅད་ཡོངས་ཀྱིས་མེད། །ཆོས་ཀྱི་སྐུ་ནི་སྒྲིབ་དང་བྲལ་བ་ལ། །གོལ་སྒྲིབ་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཆོས་སྐུ་མ་སྐྱེས་རང་ལས་བྱུང་བ་ལ། །གཞན་ནས་འོང་དུ་རེ་བ་ཡོང་རེ་འཁྲུལ། །སྐྱེ་མེད་བསམ་དང་བྲལ་བའི་རིག་པ་ལ། །ཚིག་དང་ཡི་གེར་བསྟན་པ་འོ་རེ་བརྒྱལ། །ཅེས་པ་དང༌། ཡི་གེ་མེད་པ་ལས། བྱས་པ་མ་ཡིན་བྱེད་མཁན་ག་ལ་ཡོད། །བཅོས་པ་མ་ཡིན་བཅོས་པའི་བདག་པོ་མེད། །ལྟ་བ་མ་ཡིན་ལྟ་བྱེད་ཆོས་དང་བྲལ། །མཐོང་བ་མ་ཡིན་མཐོང་བྱེད་རྣམ་པར་གསལ། སྣང་བྱེད་མ་ཡིན་སྣང་བའི་ཕྱོགས་དང་བྲལ། །བྲི་བ་མ་ཡིན་ཐོགས་མེད་ཕྱོགས་བཅུར་ཁྱབ། །རྩོལ་བ་མ་ཡིན་རྩོལ་སྒྲུབ་ཆོས་དང་བྲལ། །གཅིག་པུ་མ་ཡིན་དུ་མའི་ཆོས་དང་བྲལ། །ཕྱི་དང་ནང་མེད་ཕྱི་ནང་མེད་པར་གསལ། །ཅེས་པ་དང༌། ཐུན་མོང་གི་གསང་བ་སྒྱུ་འཕྲུལ་ལས་ཀྱང༌། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། ། | ||

Does not exist. | Does not exist. | ||
| Line 1,763: | Line 1,802: | ||
The secret of all the perfect buddhas! | The secret of all the perfect buddhas! | ||

| style="width:50% | | style="width:50%" | [p. 240]གནས་པ་མེད་ལས་ཐམས་ཅད་གནས། །གནས་ཙམ་ཉིད་ནས་གནས་པ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །འགྲོ་འོང་མེད་ལས་འགྲོ་དང་འོང༌། །འགྲོ་འོང་ཉིད་ནས་འགྲོ་འོང་མེད། །ཅེས་པ་དང༌། དཀོན་མཆོག་ཏ་ལ་ལའི་མདོ་ལས་ཀྱང༌། །དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ། །མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པས་ན། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་པ་དང༌། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་ཀྱང༌། ནམ་ཞིག་འཇིག་རྟེན་ཁམས་འདི་བྱུང་བ་དང༌། །བྱུང་ནས་ཞིག་སྟེ་སྟོང་པར་གནས་པ་ན། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང༌། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། མ་རིག་ནམ་མཁའ་ཇི་བཞིན་ཏེ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །རྟེན་མེད་གནས་མེད་ལེན་པ་མེད། །སྤྲུལ་འདྲར་ཡོངས་སུ་ཤེས་པར་གྱིས། །ཞེས་པ་དང༌། གསང་འདུས་ལས། དངོས་པོ་འདི་རྣམས་མ་སྐྱེས་པ། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུར་བདག་མེད་པའི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་རྒྱ་ཆེར་གསུངས་ | ||

From nonabiding, everything abides;
| From nonabiding, everything abides;

In the very abiding, there is no abiding.
| In the very abiding, there is no abiding.

| Line 1,802: | Line 1,841: | ||
Thus it is extensively taught. | Thus it is extensively taught. | ||

| style="width:50% | | style="width:50%" | [p. 241]སོ། །གཉིས་པ་འཆིང་གྲོལ་གཉིས་སུ་མེད་པའི་རང་སེམས་སྟོང་པ་རྩ་བྲལ་ཆེན་པོར་ཐག་བཅད་པ་ལ་གཉིས་ཏེ། བྱུང་གནས་འགྲོ་གསུམ་གྱིས་བརྟགས་པས་སྤྱིར་བསྟན་པ་དང༌། གཅིག་དང་ཐ་དད་ལ་བརྟགས་པས་བྱེ་བྲག་ཏུ་ངེས་པར་བྱ་བའོ། །དང་པོ་ནི། གཤིས་མཐའ་གྲོལ་ནམ་མཁའ་ལྟ་བུ་ཡིན་མོད་ཀྱི། རང་གིས་ནང་དུ་མ་བརྟགས་ན་ཡིན་སྙམ་ཡིད་དཔྱོད་ལ་ལུས་པས་སྟོང་བསྒོམ་མུན་རྡོ་ལྟར་སོང་ནས། ཟང་ཐལ་རྗེན་པར་མི་རྟོགས་པས་འཁོར་འདས་ཀྱི་ཤན་ཐང་མི་ཕྱེད་པའི་ཕྱིར། རྟོགས་པ་ངེས་ཤེས་སུ་འཆར་བ་ལ་སོ་སོར་རྟོག་པའི་ཤེས་རབ་དགོས་ཏེ། ཡི་གེ་མེད་པ་ལས། རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང༌། ཆོས་ཀྱི་སྐུ་་མན་ངག་ལ་ཐུག་ཅེས་གསུངས་པས། འདིར་བླ་མའི་མན་ངག་གིས་རྟོགས་པར་བྱ་བ་ལ་གསུམ་སྟེ། བྱུང་ས་བྱུང་མཁན་ལ་བརྟག་པ། གནས་ས་གནས་མཁན་ལ་བརྟག་པ། འགྲོ་ས་འགྲོ་མཁན་ལ་བརྟག་པའོ། །དང་པོ་ལ་གཉིས་ལས། བྱུང་ས་ཕྱི་སྣ་ཚོགས་ཡུལ་དུ་སྣང་བ་དང༌། ནང་ཕུང་པོ་གཟུགས་སུ་སྣང་བ་སྟེ། སེམས་དེ་གཉིས་གང་རུང་ལ་འཆར་དུས། ཕྱི་རུ་ཤར་ན་ཕྱིའི་ཡུལ། ནང་དུ་ཤར་ན་ནང་གི་ལུས། །ཚལ་པ་ཚལ་པར་ཕྱེ་ལ་རྡུལ་ཕྲན་ཆ་མེད་དུ་བརྟགས་པས། བྱུང་སའི་སྣང་ཡུལ་མེད་པར་མཐོང་དུས་དེ་ལས་སེམས་མ་བྱུང་བར་ངོ་ཤེས་པས་ | ||

Second, deciding that one's own mind, in which bondage and liberation are nondual, is empty, a great rootlessness, has two parts: the general presentation by examining the three—arising, abiding, and going; and the specific ascertainment by examining oneness and difference. | Second, deciding that one's own mind, in which bondage and liberation are nondual, is empty, a great rootlessness, has two parts: the general presentation by examining the three—arising, abiding, and going; and the specific ascertainment by examining oneness and difference. | ||
| Line 1,817: | Line 1,856: | ||
When mind arises toward either of these two—if it arises outwardly, the outer object; if it arises inwardly, the inner body—one splits it into fragment after fragment and examines it down to partless subtle particles (rdul phran). When one sees that the appearing object that is the place of arising does not exist, one recognizes that mind did not arise from it, and thereby | When mind arises toward either of these two—if it arises outwardly, the outer object; if it arises inwardly, the inner body—one splits it into fragment after fragment and examines it down to partless subtle particles (rdul phran). When one sees that the appearing object that is the place of arising does not exist, one recognizes that mind did not arise from it, and thereby | ||

| style="width:50% | | style="width:50%" | [p. 242]གཟུང་བ་ཡུལ་དུ་འཛིན་པའི་རྟོག་པ་གཞི་མེད་རྩ་བྲལ་ཆེན་པོར་ཐག་ཆོད། བྱུང་མཁན་ཤ་ར་ར་འོ་ལ་ལའི་སེམས་དང་སེམས་བྱུང་ཁོ་རང་ལས་ཁོ་རང་བྱུང་ན་སྐད་ཅིག་གི་ཤེས་པ་རྫས་གཉིས་སུ་འགྱུར་ལ། ཁོ་རང་ལས་གཞན་ལས་མ་བྱུང་བར་དཔྱད་ཟིན་པས། ད་བྱུང་ས་དེ་རང་བྱུང་དུ་བྱུང་ངམ་སྙམ་ན། ཁ་དོག་དང༌། དབྱིབས་དང༌། རྟགས་དང༌། མཚན་མ་དང༌། ཆེ་ཆུང་དང༌། ཕྱོགས་ཆ་ལ་སོགས་པ་ཅི་འདུག་བརྟགས་པས་གང་དུའང་མི་འདུག་སྟེ། བློས་བརྟགས་པ་ཙམ་གཞི་མེད་ཧར་སངས་ཡེ་དག་ཏུ་སོང་དུས། ནང་འཛིན་པའི་རྟོག་པ་གཞི་མེད་ནམ་མཁའ་ལྟ་བུར་རང་གིས་རྟོགས་པས། ཆོས་དང་ཆོས་ཉིད་དུ་སྣང་བའི་གཟུང་འཛིན་ཐམས་ཅད་ཡུལ་མེད་རྟེན་བྲལ་ཆེན་པོར་དུས་དེའི་ཚེ་རྟོགས་པས། སེམས་དང་པོ་སྐྱེ་བ་མེད་པར་ཡེ་ནས་འདུག་པ་ལ་དེ་རིང་རྟོགས་པས་ཆོས་སྐུ་སྤྲོས་བྲལ་ཆེན་པོའི་དོན་ཁོང་དུ་ཆུད་པའོ། །གཉིས་པ་བར་དུ་གནས་ས་དང་གནས་མཁན། གསུམ་པ་ཐ་མར་འགྲོ་ས་དང་འགྲོ་མཁན་གཉིས་ཀྱང་དེ་ཁོ་ན་ལྟར་བཤིག་ནས་བརྟགས་པས། ལོངས་སྐུ་རང་གསལ་ཆེན་པོ་དང༌། སྤྲུལ་སྐུ་རང་གྲོལ་རང་ཤར་གྱི་དགོངས་པ་ལ་རེག་སྟེ། ཕྱི་ནང་ཡུལ་མེད་རིག་པ་རྟེན་མེད། གཟུང་འཛིན་གཞི་མེད། དགོངས་པ་བར་མེད་མཉམ་པའི་དོན་ཁོང་དུ་ཆུད་ནས། མ་ | ||

the thought that apprehends the apprehended as an object is decided to be groundless, a great rootlessness. As for that which arises—the vividly stirring, bubbling mind and mental factors (sems byung)—if it arose from itself, a single instant (skad cig) of cognition would become two substances; and since it has already been analyzed that it did not arise from something other than itself, if one now wonders, "Did that place of arising, then, arise as self-arisen?" one examines what color, shape, sign, characteristic, size, directional part, and so forth it has, and it is nowhere at all. When what was a mere imputation by the intellect has become groundless, suddenly cleared, primordially pure, one realizes for oneself that the inner apprehending thought is groundless, like space, and thereby at that time realizes all the apprehended and apprehender that appear as phenomena and the nature of phenomena to be objectless, a great freedom from support; and since mind, which from the very beginning has been without any initial birth, is realized today, one comprehends the meaning of the dharmakāya, the great freedom from elaboration (spros bral). | the thought that apprehends the apprehended as an object is decided to be groundless, a great rootlessness. As for that which arises—the vividly stirring, bubbling mind and mental factors (sems byung)—if it arose from itself, a single instant (skad cig) of cognition would become two substances; and since it has already been analyzed that it did not arise from something other than itself, if one now wonders, "Did that place of arising, then, arise as self-arisen?" one examines what color, shape, sign, characteristic, size, directional part, and so forth it has, and it is nowhere at all. When what was a mere imputation by the intellect has become groundless, suddenly cleared, primordially pure, one realizes for oneself that the inner apprehending thought is groundless, like space, and thereby at that time realizes all the apprehended and apprehender that appear as phenomena and the nature of phenomena to be objectless, a great freedom from support; and since mind, which from the very beginning has been without any initial birth, is realized today, one comprehends the meaning of the dharmakāya, the great freedom from elaboration (spros bral). | ||
Second, the place of abiding in the middle and that which abides, and third, the place of going at the end and that which goes: these two as well are dismantled and examined in just the same way, whereby one touches the enlightened intent of the sambhogakāya, great natural clarity (rang gsal), and of the nirmāṇakāya, self-liberation and self-arising. Having comprehended the meaning of equality, in which outer and inner are without object, awareness is without support, apprehended and apprehender are without ground, and enlightened intent is without interruption, the | Second, the place of abiding in the middle and that which abides, and third, the place of going at the end and that which goes: these two as well are dismantled and examined in just the same way, whereby one touches the enlightened intent of the sambhogakāya, great natural clarity (rang gsal), and of the nirmāṇakāya, self-liberation and self-arising. Having comprehended the meaning of equality, in which outer and inner are without object, awareness is without support, apprehended and apprehender are without ground, and enlightened intent is without interruption, the | ||

| style="width:50% | | style="width:50%" | [p. 243]བསྒོམས་ཆུ་བོ་རྒྱུན་གྱི་བསམ་གཏན་རང་སངས་མཉམ་པ་ཆེན་པོར་ཁོང་ནས་འཆར་བ་ནི། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང༌། བར་དུ་གནས་ས་ཐ་མ་འགྲོ། །དེ་ལྟར་གསུམ་ལ་བརྟགས་དཔྱད་པས། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། ཞེས་སོ། །དེའི་ཚེ་ཕྱི་ཡུལ་དུ་སྣང་བ་ཐམས་ཅད་མེད་ལ་སྣང་བ་གཞི་མེད་སང་སེང༌། ནང་སེམས་སུ་རྟོག་པ་ཐམས་ཅད་ཤར་གྲོལ་རྗེས་མེད། སྣང་སེམས་འབྲེལ་མེད་ཟང་ཐལ་ཆེན་པོར་མཐོང་བས་ཆོས་ཟད་ཀྱི་དགོངས་པ་བློ་ཟད་ལ་ཤར་བ་ཞེས་བྱའོ། །འདི་དག་འཕགས་པ་དཀོན་མཆོག་བརྩེགས་པར་གསུངས་ཏེ། འོད་སྲུངས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་རྩོམ་པ། སེམས་དེ་ནི་ཕྱི་ན་ཡང་མི་དམིགས། ནང་ན་ཡང་མི་དམིགས། དེ་གཉིས་ཀའི་བར་ན་ཡང་མེད་ཅིང་མི་དམིགས་ཏེ། སྔོན་པོར་མ་ཡིན། སེར་པོར་མ་ཡིན་ཅེས་བྱ་བ་ལ་སོགས་པ་ནས། དེ་ལ་བརྩོན་འགྲུས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་སོ་ཞེས་པའི་བར་དུ་གསུངས་སོ། །གཉིས་པ་གཅིག་དང་ཐ་དད་པ་བརྟག་པ་ནི། སེམས་ཀྱི་ཁང་བུ་བཤིག་པའི་མན་ངག་སྟེ། དེ་ཡང་སེམས་ཞེས་བྱ་བ་འདི་ཡོད་ན་རྒྱུ་ཅི་ལས་བྱུང་བ་དང༌། མེད་ | ||

unmeditated meditative concentration of a river's continuous flow dawns from within as self-cleared great equality. As the Reverberation of Sound says: | unmeditated meditative concentration of a river's continuous flow dawns from within as self-cleared great equality. As the Reverberation of Sound says: | ||
| Line 1,838: | Line 1,877: | ||
Second, examining oneness and difference is the pith instruction for demolishing the little house of mind. Moreover, if this so-called "mind" exists, from what cause did it arise; and if it does not exist, | Second, examining oneness and difference is the pith instruction for demolishing the little house of mind. Moreover, if this so-called "mind" exists, from what cause did it arise; and if it does not exist, | ||

| style="width:50% | | style="width:50%" | [p. 244]ན་འགྱུ་བ་དང་དྲན་ཤེས་ཀྱི་འཁོར་ལོ་འདི་ཅི་ཡིན་པ་དང༌། དྲན་ཤེས་ཀྱི་རྣམ་པ་འདི་དག་རྐྱེན་གང་ལ་བརྟེན་ནས་བྱུང་བ་དང༌། རྐྱེན་མེད་ན་དྲན་ཤེས་གློ་བུར་བ་འདི་དག་མི་རིགས་པ་དང་ གལ་ཏེ་སེམས་འདི་ལུས་དང་གཅིག་ཏུ་ཡོད་ན་ལུས་འཇིག་དུས་སེམས་ཀྱང་འཇིག་པར་འགྱུར་བ་དང༌། མེད་ན་རྗེས་སུ་འགྲོ་ལྡོག་མ་ངེས་པས་ལུས་ཀྱི་ན་ཚ་སེམས་ཐོག་ཏུ་འོང་བ་དང༌། སྐྱེ་བ་སྔ་ཕྱིའི་འཁོར་ལོ་འོང་བར་མི་རིགས་པ་དང༌། སེམས་ཞེས་བྱ་བ་འདིར་གཅིག་ན་ནི་འགྲོ་བ་གཅིག་གི་དབང་པོ་འགགས་པས་འགྲོ་བ་གཞན་ཡང་འཆི་བར་རིགས་པ་དང༌། གཅིག་མིན་ན་འགྲོ་བའི་གཟུགས་ཐ་དད་པ་ལྟར་འགྲོ་བའི་སེམས་དངོས་པོ་ཐ་དད་པར་རིགས་པ་དང་ཐ་དད་ན་ལུས་གཅིག་གི་ནང་ན་སྲིན་བུ་ལ་སོགས་པའི་སྲོག་ཆགས་དེ་ཀུན། སྐྱེས་བུ་གཅིག་ཚེའི་དུས་བྱས་དུས་འཚོ་བར་རིགས་པ་དང༌། གལ་ཏེ་གཅིག་ཡིན་ན་ལུས་གཅིག་ལ་ཕྱི་ནང་གི་སེམས་ཅན་དཔག་ཏུ་མེད་པ་འོང་བ་འདི་ཅི་ཡིན་པ་དང༌། གལ་ཏེ་སེམས་འདི་ལ་ལྡོག་ས་ཡོད་ན། དང་པོ་རྒྱུ་ཡོད་དགོས་པས། རྒྱུ་ཡོད་ན་འདུས་བྱས་མི་རྟག་པས་སླར་འཇིག་པས་ལས་ལ་བཟང་ངན་མེད་པར་རིགས་པ་དང༌། ལྡོག་པ་མེད་ན་ནི་སེམས་ཅན་གྱི་ཕུང་པོ་དཔག་ཏུ་མེད་པ་འདི་དག་འོང་བར་མི་རིགས་པ་དང༌། སེམས་དེ་སྣ་ཚོགས་པ་ཡིན་ན་ནི་འགྲོ་ | ||

what is this wheel of movement and mindful cognition (dran shes); and in dependence on what conditions (rkyen) have these aspects of mindful cognition arisen; and if there are no conditions, these adventitious mindful cognitions are untenable; and if this mind exists as one with the body (lus), then when the body perishes the mind too would perish; and if it is not [one with it], then since their concomitance in presence and absence would be uncertain, it is untenable that the illnesses of the body should come upon the mind, and that the wheel of earlier and later births should come about; and if this so-called mind is one, then since the sense faculties (dbang po) of one being cease, it would follow that other beings die as well; and if it is not one, then just as the forms of beings are distinct, it would follow that the minds of beings are distinct entities; and if they are distinct, then all the living creatures such as worms within a single body ought to go on living when that one person's life comes to an end; and if they are one, what is this [fact] that countless outer and inner sentient beings (sems can) occur in a single body; and if this mind has a point where it ceases, then it must first have a cause, and if it has a cause, then being conditioned ('dus byas) and impermanent it would perish again, so that it would follow that karma (las) has neither good nor bad; | what is this wheel of movement and mindful cognition (dran shes); and in dependence on what conditions (rkyen) have these aspects of mindful cognition arisen; and if there are no conditions, these adventitious mindful cognitions are untenable; and if this mind exists as one with the body (lus), then when the body perishes the mind too would perish; and if it is not [one with it], then since their concomitance in presence and absence would be uncertain, it is untenable that the illnesses of the body should come upon the mind, and that the wheel of earlier and later births should come about; and if this so-called mind is one, then since the sense faculties (dbang po) of one being cease, it would follow that other beings die as well; and if it is not one, then just as the forms of beings are distinct, it would follow that the minds of beings are distinct entities; and if they are distinct, then all the living creatures such as worms within a single body ought to go on living when that one person's life comes to an end; and if they are one, what is this [fact] that countless outer and inner sentient beings (sems can) occur in a single body; and if this mind has a point where it ceases, then it must first have a cause, and if it has a cause, then being conditioned ('dus byas) and impermanent it would perish again, so that it would follow that karma (las) has neither good nor bad; | ||
and if there is no ceasing, it is untenable that these countless aggregates of sentient beings should come about; and if that mind is manifold, it is untenable that in beings | and if there is no ceasing, it is untenable that these countless aggregates of sentient beings should come about; and if that mind is manifold, it is untenable that in beings | ||

| style="width:50% | | style="width:50%" | [p. 245]བ་ལ་རང་གཞན་གྱི་རྟོག་པ་ཐང་ཅིག་ཏུ་འོང་བར་མི་རིགས་པ་དང༌། ཕན་ཚུན་འཆོལ་བས། རང་རྒྱལ་བ་དང༌། མ་ཤི་བ་དང༌། སྡུག་བསྔལ་མེད་པ་དང༌། འཁོར་དང་ལོངས་སྤྱོད་ལ་སོགས་པ་ལྡན་ན་དགའ་བ་དང༌། གཞན་ཕམ་པ་་ལ་སོགས་པ་ཀུན་འདུ་ཤེས་མཐུན་པར་འོང་བ་མི་རིགས་པ་དང༌། གལ་ཏེ་ཐ་དད་པ་ཡིན་ན་ནི། འགྲོ་བ་མང་པོ་ཡོད་པས། འགའ་ཞིག་ལ་གཞན་དང་མཐུན་པར་རང་འཕམ་པར་དགའ་བ་ལ་སོགས་པ་འོང་བར་རིགས་པ་དང༌། གཅིག་ཁོ་ནར་སེམས་པ་ཡིན་ན་ནི་གཅིག་ཤི་བས་ཀུན་ཤི་བའམ། གཅིག་སྐྱེས་པས་ཀུན་སྐྱེ་བར་རིགས་པའམ། དེ་ལྟར་རྣམ་པ་དུ་མའི་སྒོ་ནས་རང་གི་སེམས་ལ་གཅིག་དང་ཐ་དད་ཀྱི་རྒལ་བས་བརྟགས་ཏེ་བཙལ་བས། གང་ཡང་མ་རྙེད་པ་ནི་ཆོས་ཉིད་ཀ་ནས་དག་པའི་དོན་ཤེས་རབ་ཀྱི་དབང་པོས་རྟོགས་པ་སྟེ། སེམས་ལ་རྒྱུ་མེད་དེ་ལྡོག་མི་སྲིད་པས་ལས་ཀྱི་བསགས་པ་ལ་མཐའ་མེད་པར་ཡིད་ཆེས་པ་དང༌། སེམས་ལ་རྒྱུ་ཡོད་ན་འབྲས་བུ་འོང་དགོས་ཏེ། འབྲས་བུ་འཁོར་བ་ཡིན་ན་མ་དག་པས་གྲོལ་མི་སྲིད། འདས་པ་ཡིན་ན་འཁོར་བ་འོང་བར་མི་རིགས། གཉིས་ཀ་ཡིན་ན། འཁོར་འདས་ཐ་དད་པ་ལྟར་སེམས་ཀྱང་ཐ་དད་པར་འགྱུར་ལ། གལ་ཏེ་ཐ་དད་ན། ལུས་སེམས་ཐ་དད་པ་བཞིན་དུ་དྲན་བསམ་གྱི་རིགས་གཅིག་ཏུ་འདུ་བའི་ | ||

thoughts of self and other should arise at one and the same time, and since they would be confused with one another, it is untenable that all should come to have concordant perceptions ('du shes)—rejoicing when oneself is victorious, has not died, is without suffering, and possesses retinue, enjoyments and the like, and when others are defeated, and so forth; and if they are distinct, then since there are many beings, it would follow that in some, in accord with others, there would arise rejoicing at their own defeat and so forth; and if mind is solely one, then it would follow that when one dies all die, or when one is born all are born. | thoughts of self and other should arise at one and the same time, and since they would be confused with one another, it is untenable that all should come to have concordant perceptions ('du shes)—rejoicing when oneself is victorious, has not died, is without suffering, and possesses retinue, enjoyments and the like, and when others are defeated, and so forth; and if they are distinct, then since there are many beings, it would follow that in some, in accord with others, there would arise rejoicing at their own defeat and so forth; and if mind is solely one, then it would follow that when one dies all die, or when one is born all are born. | ||
When in this way, through many aspects, one has examined and searched one's own mind by way of the objections of oneness and difference, the finding of nothing whatsoever is the realization, by the faculty of wisdom, of the meaning of the nature of phenomena being pure from the very beginning (ka nas dag pa). Since mind has no cause, it cannot cease, and so one gains conviction that the accumulation of karma has no end. And if mind had a cause, a result would have to come about: if the result were saṃsāra ('khor ba), then being impure, liberation would be impossible; if it were nirvāṇa ('das pa), it would be untenable that saṃsāra should come about; if it were both, then just as saṃsāra and nirvāṇa are distinct, mind too would become distinct; and if it were distinct, then just as body and mind are distinct, even the desires, which gather into a single class of recollection and thought, | When in this way, through many aspects, one has examined and searched one's own mind by way of the objections of oneness and difference, the finding of nothing whatsoever is the realization, by the faculty of wisdom, of the meaning of the nature of phenomena being pure from the very beginning (ka nas dag pa). Since mind has no cause, it cannot cease, and so one gains conviction that the accumulation of karma has no end. And if mind had a cause, a result would have to come about: if the result were saṃsāra ('khor ba), then being impure, liberation would be impossible; if it were nirvāṇa ('das pa), it would be untenable that saṃsāra should come about; if it were both, then just as saṃsāra and nirvāṇa are distinct, mind too would become distinct; and if it were distinct, then just as body and mind are distinct, even the desires, which gather into a single class of recollection and thought, | ||

| style="width:50% | | style="width:50%" | [p. 246]འདོད་པའང་ཐ་དད་དུ་མར་འགྱུར་བ་ལས། རིགས་གཅིག་ཏུ་འདུ་བས་ཤེས་སོ། །ཡང་སེམས་ལ་རྒྱུ་མེད་ན་སེམས་འདི་དག་མི་རིགས་སོ་ཞེ་ན། འདི་དག་ནི་སེམས་ཀྱི་རྒྱུ་ལས་བྱུང་བ་མེད་དེ་བློ་མ་ཡིན་པས། སེམས་ལས་བྱུང་བ་་མ་ཡིན་ན་སེམས་འདི་ཉིད་དུ་གནས་པ་ཙམ་ལ་མ་རྟོགས་པ་མེད་དེ། འདི་དག་ནི་སྐྱེ་བ་དང༌། འཆི་བ་དང༌། གནས་པ་ལ་སོགས་པ་ཟད་པ་ཡང་མ་ཡིན་ལ། འཕེལ་བ་ཡང་མ་ཡིན་པས་ན། ལུང་ལས། མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། ཅེས་པ་དང༌། ཡང༌། སེམས་ཅན་ཁམས་ཀྱི་རང་བཞིན་དེ་ཡང་ཕ་མཐའ་མེད། །ཅེས་གསུངས་པས་སོ། །དེ་ལྟར་རྒྱུ་མེད་པས་སེམས་ལ་འཕེལ་བ་མེད་པར་ཤེས། འཕེལ་བ་མེད་པས་སྐྱེ་བ་མེད་པར་ཤེས། སྐྱེ་བ་མེད་པས་འཆི་བ་མེད་པར་ཤེས། དེ་ཤེས་པས་ལས་ལ་བཟང་ངན་མེད་པར་ཤེས་ཏེ། སྡུད་པ་ལས། ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། ཞེས་སོ། །དེ་ལྟར་ཡེ་གདོད་མ་ནས་རང་དག་མེད་པར་ཤེས་པས་ན། གཟོད་ནས་དག་པས་སེམས་ཅན་སྐྱེ་བར་ག་ལ་འགྱུར། ཅེས་འབྱུང་བ་ཡིན་ནོ། །དེ་ཡང་སེམས་ལ་རྐྱེན་མེད་པ་སྟེ། ཡོད་ན་སྣང་བ་སྣ་ཚོགས་སུ་སྣང་བ་བཞིན་དུ་སེམས་ཀྱང་རྐྱེན་གྱིས་ཁ་དོག་ལ་སོགས་པ་སྣ་ཚོགས་སུ་འགྱུར་ལ། སེམས་ཐ་དད་དུ་སོང་བས་དྲན་བསམ་གཅིག་ཏུ་ | ||

would become many and distinct—whereas one knows [that this is not so], since they gather into a single class. | would become many and distinct—whereas one knows [that this is not so], since they gather into a single class. | ||
| Line 1,858: | Line 1,897: | ||
because there is no increase, one knows that it has no birth; because there is no birth, one knows that it has no death; and by knowing that, one knows that karma has neither good nor bad, as the Condensed Prajñāpāramitā (sdud pa) says: "It is a phenomenon in which these two, existence and nonexistence, do not exist." Thus, since one knows that from the very primordial beginning it is naturally pure (rang dag) and nonexistent, it is said: "Being pure from the very outset, how could sentient beings ever be born?" Moreover, mind has no conditions: if it had, then just as appearances appear in variety, mind too would through conditions become various in color and the like, and since mind would thereby have become distinct, it would be untenable that recollection and thought should be one; | because there is no increase, one knows that it has no birth; because there is no birth, one knows that it has no death; and by knowing that, one knows that karma has neither good nor bad, as the Condensed Prajñāpāramitā (sdud pa) says: "It is a phenomenon in which these two, existence and nonexistence, do not exist." Thus, since one knows that from the very primordial beginning it is naturally pure (rang dag) and nonexistent, it is said: "Being pure from the very outset, how could sentient beings ever be born?" Moreover, mind has no conditions: if it had, then just as appearances appear in variety, mind too would through conditions become various in color and the like, and since mind would thereby have become distinct, it would be untenable that recollection and thought should be one; | ||

| style="width:50% | | style="width:50%" | [p. 247]མི་རིགས་ལ། སེམས་ལ་རྐྱེན་ཡོད་ན་གཏན་འཇིག་པར་འགྱུར་བས། སེམས་ཀྱི་ལས་འབྲས་མེད་པར་ཐལ་བ་དང༌། སེམས་ཞིག་ཀྱང་དེའི་ལས་ཡོད་ན། ཧ་ཅང་འགལ་ཏེ། ལུས་ཀྱི་ཁ་དོག་དང་སྐྱེ་མཆེད་ལེགས་ཉེས་ཀུན་ལུས་ཞིག་ཀྱང་གནས་སོ་ཞེས་བརྗོད་པ་དང་མཚུངས་སོ། །དེས་ན་སྒྱུ་མ་ལྟར་གནས་པ་ཙམ་གྱིས་གསལ་ལོ། །རྐྱེན་མེད་ན་ད་ལྟ་དྲན་བསམ་སྣ་ཚོགས་པ་འདི་ཅི་ལས་བྱུང་ཞེ་ན། ད་ལྟའི་དྲན་བསམ་འདི་རྐྱེན་ལས་བྱུང་བ་མ་ཡིན་ཏེ། གློ་བུར་བ་མདང་གི་རྨི་ལམ་གྱི་ནོར་བུ་རྙེད་པ་ལ་དགའ་བ་དང་བདེན་པར་འཛིན་པ་ལས། སད་དུས་ཅི་ཡང་མེད་པ་ལྟར། ད་ལྟའི་དྲན་བསམ་ཡང་བདེན་པར་བཟུང་ནས་ཞེན་རུང་དེའི་རྗེས་ལ་ཅི་ཡང་མེད་པས་གནས་སྐབས་ཀྱི་བདེན་བརྫུན་ལྟར་སྣང་བ་ལས་གྲུབ་པ་མེད་དོ། །དཔེར་ན་ནམ་མཁའི་སྤྲིན་སྣ་ཚོགས་གློ་བུར་དུ་འཁྲིགས་པ་དེ་གར་སོང་ཆ་མེད་གློ་བུར་དུ་ཡལ་བ་དང་འདྲ་བར། སྤྲིན་དེ་ནམ་མཁའ་ལ་མེད་ཀྱང་དེའི་ངང་ན་སྣང་བ་ལྟར། རྐྱེན་དང་རྒྱུ་སེམས་ལ་མེད་ཀྱང་སྣང་སྣང་འདྲ་དུས་རྒྱུ་རྐྱེན་མེད་དེ་གཅིག་དང་དུ་མ་དང་དུས་གསུམ་གྱི་བརྟགས་པས་མེད་པར་ངེས་ཏེ། རྩ་བ་ཤེས་རབ་ལས། ས་བོན་ཞིག་དང་མ་ཞིག་ལས། །མྱུ་གུ་སྐྱེ་བ་མ་ཡིན་ཏེ། །ཁྱོད་ཀྱིས་ཆོས་རྣམས་ཐམས་ཅད་ནི། །སྒྱུ་མ་འབྱུང་བ་བཞིན་དུ་བསྟན། །ཅེས་པ་ | ||

and if mind had conditions, it would be utterly destroyed, so that it would follow that mind has no karma and no result; and if, even though mind had been destroyed, its karma still existed, that would be an extreme contradiction—equivalent to saying that even though the body has been destroyed, the body's color and all the good and bad of its sense sources (skye mched) still remain. Therefore it is clear that it merely abides like an illusion (sgyu ma). | and if mind had conditions, it would be utterly destroyed, so that it would follow that mind has no karma and no result; and if, even though mind had been destroyed, its karma still existed, that would be an extreme contradiction—equivalent to saying that even though the body has been destroyed, the body's color and all the good and bad of its sense sources (skye mched) still remain. Therefore it is clear that it merely abides like an illusion (sgyu ma). | ||
| Line 1,869: | Line 1,908: | ||
Are like the arising of an illusion," | Are like the arising of an illusion," | ||

| style="width:50% | | style="width:50%" | [p. 248]དང༌། རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཅེས་པས་སོ། །ཀུན་བྱེད་ལས་ཀྱང༌། རྒྱུ་དང་རྐྱེན་མེད་ཞི་བ་མཆོག་གི་ལམ། །ཞེས་པ་ལ་སོགས་པ་བཤད་དོ། །དེའི་ཕྱིར་སེམས་ཡོད་ན། །དངོས་པོ་གཟུགས་ཅན་དུ་ཡོད་དམ། གཟུགས་མེད་དུ་ཡོད། གཟུགས་ཅན་དུ་མེད་དེ་ཡོད་ན་དབང་པོའི་མངོན་སུམ་ལ་བལྟར་རུང་བ་ལས་བལྟར་རུང་མ་དམིགས་པའི་མངོན་སུམ་ཚད་མས་གསལ་ལོ། །གཟུགས་མེད་དུ་ཡོད་ན་ཅིས་ཤེས། འགྱུ་བ་ཤེས་སོ་ཞེ་ན། འགྱུ་བ་དེ་ཁ་དོག་དང་ཕྱོགས་ཆ་དང༌། འདས་མ་འོངས་ད་ལྟ་གསུམ་ཕྲད་པ་བརྟགས་པས་མ་གྲུབ་སྟེ། འགྱུ་བ་སྔ་མ་དང་ད་ལྟའི་འགྱུ་བ་ཕྲད་ན་ཕྲད་ཆའི་དྲན་བསམ་སྔ་མ་དེ་ད་ལྟ་མ་འགགས་པར་ཡོད་དགོས་ལ། ཡོད་ན་སྔ་མ་ཡིན་པར་འགལ་ཞིང༌། ད་ལྟའི་སྔ་མ་དང་ཕྲད་ཆ་དེ་འགགས་པར་ཐལ་ཞིང་མ་ཕྲད་ན་ད་ལྟའི་དྲན་བསམ་རྒྱུ་མེད་འགྱུ་བར་མི་རིགས་པར་ཐལ་བས་ཁེགས་སོ། །འགྱུ་བ་ནི་གཅིག་ཡིན་ནམ་ཐ་དད་ཡིན། གཅིག་ན་སྣ་ཚོགས་པར་འགྱུ་བ་ཉམས་ལ། ཐ་དད་ན་འགྱུ་བྱེད་གཅིག་ཡིན་པ་ཉམས་སོ། །དེས་ན་སེམས་ཡོད་པར་མ་གྲུབ་སྟེ། རྩ་བྲལ་ནམ་མཁའ་འདྲ་བར་རྟོགས་པས། སྐྱེ་བ་དང་སྐྱེ་གཞི་མེད་པས་ལྡོག་པའི་ས་མེད་དོ། །ནམ་མེད་ན་དྲན་བསམ་སྔ་ཕྱིའི་བར་དུ་ངོ་སྤྲད་པས་དེར་ཡལ་བས་སེམས་ལ་གཞི་མེད་ | ||

and: "A fifth condition does not exist." The All-Creating King (kun byed), too, explains: | and: "A fifth condition does not exist." The All-Creating King (kun byed), too, explains: | ||
| Line 1,881: | Line 1,920: | ||
Since it never exists, when one is introduced to the interval between former and later recollection and thought, they vanish right there, and so one recognizes that mind has no ground. | Since it never exists, when one is introduced to the interval between former and later recollection and thought, they vanish right there, and so one recognizes that mind has no ground. | ||

| style="width:50% | | style="width:50%" | [p. 249]པར་ངོ་ཤེས། དེ་ཤེས་པས་ལྡོག་ས་མེད་པར་ཡིད་ཆེས། དེ་ཤེས་པས་ཁམས་གསུམ་མིང་མེད་ཆེན་པོར་ཐག་ཆོད། དེ་ཆོད་པས་ལས་དགེ་སྡིག་གི་ཕན་གནོད་མེད་པར་བློ་བདེ་བའོ། །ཡང་སྣང་ཤེས་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་རྒྱུ་དང་མཚན་ཉིད་དུ་མ་གྲུབ་པར་ངོ་ཤེས། དེ་ཤེས་པས་སེམས་ཉིད་སྟོང་པ་ལ་ངོས་གཟུང་མེད་པར་ཡིད་ཆེས། དེ་ཆེས་པས་སེམས་ཞེས་རྒྱུ་རྐྱེན་ལས་མ་བྱུང་བར་ཐག་ཆོད། དེ་ཆོད་པས་དྲན་བསམ་གློ་བུར་གྱི་རྟོག་པས་ཕན་གནོད་མེད་པར་བློ་བདེ་བའོ། །ཡང་བློ་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་རྩ་བ་མེད་པར་ངོ་ཤེས། དེ་ཤེས་པས་སེམས་ཉིད་གཅིག་གི་འཁོར་ལོ་ལ་སྤྲོས་པ་ཐ་དད་མེད་པར་ཡིད་ཆེས། དེ་ཆེས་པས་བྱས་པའི་ཆོས་ཀྱིས་སངས་མི་རྒྱ་བར་ཐག་ཆོད། དེ་ཆོད་པས་སེམས་མེད་པའི་དོན་ལས་མ་རྟོགས་པའི་ཆོས་ལོགས་པ་མེད་པས་བློ་བདེ་བའོ། །ཡང་ཆོས་ཉིད་སྔ་ཕྱིའི་བར་དུ་ངོ་སྤྲད་པས། སེམས་ལ་སྐྱེ་བ་མེད་པར་ངོ་ཤེས། དེ་ཤེས་པས་བག་ཆགས་ལུས་ཀྱི་ཀུན་གཞིས་མི་གནོད་པར་ཡིད་ཆེས། དེ་ཆེས་པས་ད་སེམས་སྐྱེ་མི་སྲིད་པར་ཐག་ཆོད། དེ་ཆོད་པས་དེ་སེམས་ཀྱི་ཁང་བུ་ཞིག་སྟེ་ལྡོག་པ་དང་ལྡོག་རྟེན་མེད་པར་བློ་བདེ་བའོ། །དེ་ལྟར་སེམས་ཡས་པའི་དུས་བཞི་པོའི་ཚད་ཟིན་པས སངས་རྒྱས་མེད་པས་ | ||

By knowing that, one gains confidence (yid ches) that there is no ground for turning back. By knowing that, one comes to the decisive certainty (thag chod) that the three realms (khams gsum) are the great namelessness (ming med chen po). By that being decided, the intellect is at ease (blo bde ba), since virtuous and sinful karma bring neither benefit nor harm. | By knowing that, one gains confidence (yid ches) that there is no ground for turning back. By knowing that, one comes to the decisive certainty (thag chod) that the three realms (khams gsum) are the great namelessness (ming med chen po). By that being decided, the intellect is at ease (blo bde ba), since virtuous and sinful karma bring neither benefit nor harm. | ||
| Line 1,895: | Line 1,934: | ||
Thus, when the measure of these four times of the collapse of mind (sems yas pa) has been reached, since there is no buddha (sangs rgyas), | Thus, when the measure of these four times of the collapse of mind (sems yas pa) has been reached, since there is no buddha (sangs rgyas), | ||

| style="width:50% | | style="width:50%" | [p. 250]སངས་རྒྱས་མིང་ཙམ་དུ་ཡང་མེད་དེ། འབྲས་བུ་ལ་རེ་བར་འཛིན་པའི་བློ་ལྡོག །དེ་ལོག་པས་ལམ་འབད་རྩོལ་དུ་བྱེད་པའི་ཆོས་མེད་དོ། །དེས་ན་མེད་པའི་ཆོས་ལ་ཅི་ཡང་མེད་པས་འཁོར་འདས་སུ་བཏགས་པ་མིང་ཙམ་ལས་དོན་ལ་མ་རྙེད་པ་ལ་གྲོལ་བའི་ཚད་ཅེས་བྱའོ། །དེའི་ཕྱིར་ན་སེམས་ཉིད་མེད་པ་ལ་ཅི་ཡང་མེད་པས། སེམས་ལ་རྒྱུ་མཚན་མེད་པས་བལྟར་མེད་ལ། དེ་ལྟར་མེད་པའི་ངོ་སྤྲད་པ་བཞི་བསྐོར་ལ། ཆོས་ཚན་བཅུ་དྲུག་ཏུ་རིག་པ་ནི། སེམས་ཀྱི་ཁང་བུ་བཤིག་པ་སྟེ། དཔེར་ན་བྱིས་པའི་ཁང་བུ་བརྩིགས་ཀྱིན་འཇིག་པ་དང་འདྲའོ། །དེ་ཡང་བྱ་བས་བྱ་བ་འཇིག་པ་ལྕགས་ཀྱིས་ལྕགས་འཇིག་པ་དང་འདྲ་ལ། མི་རྟག་པས་མི་རྟག་པ་འཇིག་པ་སྒྱུ་མའི་མིས་སྒྱུ་མའི་གྲོང་ཁྱེར་བཅོམ་པ་ལྟ་བུ་དང་ བྱས་པས་མི་རྟག་པ་འཇིག་པ་རོ་ལ་རོ་བརྩེགས་པ་ལྟ་བུ་དང༌། མི་རྟག་པས་བྱས་པ་འཇིག་པ་རིག་པ་ད་ལྟར་བས་མ་རིག་པ་སྔ་མ་འཇིག་པ་ལྟ་བུའོ། །དེ་ལྟར་ན་སེམས་ཀྱིས་སེམས་བཤིག་པས་གཉིས་ག་རྗེས་མེད་དུ་ཞིག་པ་ཆུ་ལ་ཡི་གེ་བྲིས་པ་ལྟ་བུ་དང༌། མེད་པས་མེད་པ་བཙལ་ཡང་མི་རྙེད་པ་དབུལ་པོའི་ཁྱིམ་ན་ཡིད་བཞིན་གྱི་ནོར་བུ་མེད་པར་བཙལ་ཀྱང་རྙེད་པའི་གནས་མེད་པ་དང་འདྲ་བར། སེམས་མེད་པ་ལ་གཞིག་པའི་གནས་མེད་པ་ནི། དཔེར་ན་གྲུ་རྡིབ་པའི་ཚེ་ཆུ་ལ་འཛིན་ | ||

there is not even a buddha as a mere name, and so the intellect that clings to hope for fruition turns back. Because that has turned back, there is no phenomenon of pursuing the path with effort and striving. Therefore, since in nonexistent phenomena there is nothing whatsoever, what is designated as saṃsāra and nirvāṇa is a mere name, and not finding it in actuality is called "the measure of liberation" (grol ba'i tshad). | there is not even a buddha as a mere name, and so the intellect that clings to hope for fruition turns back. Because that has turned back, there is no phenomenon of pursuing the path with effort and striving. Therefore, since in nonexistent phenomena there is nothing whatsoever, what is designated as saṃsāra and nirvāṇa is a mere name, and not finding it in actuality is called "the measure of liberation" (grol ba'i tshad). | ||
For that reason, since in the nonexistence of mind itself there is nothing whatsoever, and since mind has no grounds, there is nothing to look at. Knowing such nonexistence in the sixteen topics of the four rounds of introduction is the demolition of the little house of mind; it is like, for example, a child's little house that falls apart even as it is being built. Moreover, activity destroying activity is like iron destroying iron; the impermanent destroying the impermanent is like an illusory man destroying an illusory city; the fabricated destroying the impermanent is like corpse heaped upon corpse; and the impermanent destroying the fabricated is like present awareness destroying former ignorance. Thus, when mind demolishes mind, both perish without a trace, like letters written on water; and the nonexistent searching for the nonexistent and not finding it is like a poor man's house in which there is no wish-fulfilling jewel, so that though one searches there is no place where it can be found. Likewise, that in the nonexistence of mind there is no place to be demolished is like, for example, there being no place to hold on to | For that reason, since in the nonexistence of mind itself there is nothing whatsoever, and since mind has no grounds, there is nothing to look at. Knowing such nonexistence in the sixteen topics of the four rounds of introduction is the demolition of the little house of mind; it is like, for example, a child's little house that falls apart even as it is being built. Moreover, activity destroying activity is like iron destroying iron; the impermanent destroying the impermanent is like an illusory man destroying an illusory city; the fabricated destroying the impermanent is like corpse heaped upon corpse; and the impermanent destroying the fabricated is like present awareness destroying former ignorance. Thus, when mind demolishes mind, both perish without a trace, like letters written on water; and the nonexistent searching for the nonexistent and not finding it is like a poor man's house in which there is no wish-fulfilling jewel, so that though one searches there is no place where it can be found. Likewise, that in the nonexistence of mind there is no place to be demolished is like, for example, there being no place to hold on to | ||

| style="width:50% | | style="width:50%" | [p. 251]པའི་གནས་མེད་པ་དང་འདྲའོ། །དེའི་ཕྱིར་ན་སེམས་མེད་པའི་དོན་མ་ཤེས་པར། ལྟ་སྒོམ་སྤྱོད་པ་སེམས་ལ་འཚོལ་བ་ནི། བདེ་ཆེན་ཐར་པའི་བསྟན་པ་རྙེད་དུས་མེད་དེ། གྲུ་རྡིབ་པས་ཆུ་ལ་འཇུས་པ་ལྟར། སེམས་མེད་པ་ལ་ཡོད་པར་རྟེན་བཅས་པ་དེ་ཉིད་ཀྱིས་སླུ་ཞིང་འཆིང་བར་ངེས་སོ། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས་ཀྱང༌། །སྣང་བ་ཆོས་སྐུར་འདོད་པ་ང་ལ་སྒྲིབ་པ་ཡིན། །ཅིར་སྣང་སེམས་སུ་འདོད་པ་ང་ལ་སྒྲིབ་པ་ཡིན། རང་བྱུང་གཞན་ནས་འདོད་པ་ང་ལ་སྒྲིབ་པ་ཡིན། །ཅེས་སོ། །འོ་ན་སེམས་ཡལ་ཞེས་ཡོད་པ་དེ་མེད་པར་སོང་བ་མ་ཡིན་ནམ་ཞེ་ན། ཡལ་བ་ནི་སྔར་བཞིན་དཔྱད་ན་མ་གྲུབ་པ་དང༌། མ་དཔྱད་ནའང་གློ་བུར་གྱི་དྲན་བསམ་གྱི་རྟོག་པ་ཡལ་བ་ལས། སེམས་རང་རྒྱུད་པ་ཡོད་ནས་མེད་པར་སོང་བ་མེད་དེ། ཡལ་རྒྱུ་དང་ཡལ་རྐྱེན་གང་དུ་ཡང་མེད་དོ། །འོ་ན་སེམས་ཀྱི་ཁང་བུ་བཤིག་པ་ལ་དགོས་པ་མེད་དེ་བཤིག་རྒྱུ་མེད་པའི་ཕྱིར་རོ་ཞེ་ན། སེམས་ཡེ་ནས་མེད་པ་ལ། མེད་པའི་གནས་ལུགས་རྟོགས་པར་བྱེད་པ་ཙམ་ལས། སེམས་ཀྱི་ཁང་བུའི་གཞིའམ་དངོས་པོ་ཡོད་པ་ནི་མིན་ཏེ། དྲན་པའི་ཁུངས་ཆོས་ཉིད་དུ་སོང་བས། མེད་པ་གོ་བར་བྱས་པ་ལ། ཁང་བུ་བཤིག་ཅེས་ཐ་སྙད་དུ་བྱས་ཏེ། ཡོད་པ་བཤིག་པ་ནི་གང་ཡང་མེད་དོ། །དེའི་ཕྱིར་ན་ཐ་སྙད་ཀྱི་འབྲས་བུ་ཞེས་སྣང་ | ||

in the water when a boat capsizes. | in the water when a boat capsizes. | ||
| Line 1,917: | Line 1,956: | ||
Therefore, as for what is called the "conventional fruition": by settling the key point of the object, appearance, | Therefore, as for what is called the "conventional fruition": by settling the key point of the object, appearance, | ||

| style="width:50% | | style="width:50%" | [p. 252]བ་ཡུལ་གྱི་གནད་གང་སྣང་གི་སྟེང་དུ་བཞག་པས། བེམས་པོའི་སྣང་བ་དེར་འཛིན་མེད་པས་ཡུལ་སེམས་གཉིས་མེད་ཀྱི་འབྲས་བུ་དང༌། ཤེས་པ་གང་འགྱུས་ཀྱི་སྟེང་དུ་བཞག་པས། སེམས་ཀྱི་ཁང་བུ་རང་ཞིག་པས་འགྱུ་བ་རྟོག་སངས་ཀྱི་འབྲས་བུ་དང་ དེ་ལྟར་བེམས་རིག་གཉིས་མེད་ཟུང་འཇུག་ཡེ་ཤེས་ཀྱི་ཡལ་ས་ངོས་ཟིན་པས་མེད་པའི་འབྲས་བུའོ། །དེ་ལྟར་འབྲས་བུ་གསུམ་གྱི་དུས་ཀྱང་ཡལ་དུས་ངོ་སྤྲད་པའི་གནད་བཞི་ལ། མེད་པའི་ཆོས་བཅུ་དྲུག་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེའང་གསང་ཆེན་ངེས་པ་སྙིང་ཐིག་གི་ཁྲེགས་ཆོད་སེམས་ཡེ་མེད་རང་སངས། འགྱུ་བ་གློ་བུར་ཡེ་གྲོལ་དུ་ཤེས་པ་དང༌། མན་ངག་གཞན་དག་སེམས་དོན་དམ་དུ་མེད། ཀུན་རྫོབ་ཏུ་ཡོད་པར་བརླམས་ནས། ལྟ་སྒོམ་སེམས་ལ་ལམ་བྱེད་གཉིས། །རང་གྲོལ་རང་ཤར་རང་གཞག་ཙམ་དུ་མི་མཐུན་ཡང༌། དོ་མི་མཐུན་ཏེ། འདིར་ཡེ་མེད་དུ་བྱེད་པ་དང༌། གཞན་དུ་ཡོད་པ་མེད་པར་འདོད་པས་སོ། །ཟུང་འཇུག་ཀྱང༌། གཞན་དུ་ཡོད་པ་གཉིས་གཅིག་ལ་གཅིག་འབྲེལ་གྱི་ཟུང་འཇུག་འདོད་པ་དང༌། འདིར་ཡེ་མེད་པས་ཟུང་དུ་འཇུག་རྒྱུ་མེད་ལ། མེད་པའི་ངོ་བོ་ལ་ཐ་དད་རིས་སུ་མེད་པ་གཉིས་ཐ་མི་དད་པས་གཉིས་མེད་ཟུང་འཇུག་ཅེས་བྱའོ། །གནད་འདི་ནི་ཐེག་པ་ཀུན་ལས་རྩེ་མོར་གྱུར་པའི་ | ||

upon whatever appears, since there is no apprehending of that appearance of inanimate matter (bems po), there is the fruition of the nonduality (gnyis med) of object and mind; by settling upon whatever movement of cognition (shes pa) occurs, since the little house of mind collapses of itself, there is the fruition of the clearing away of thoughts in their movement; and thus, since the place of vanishing of the primordial wisdom of union (zung 'jug), the nonduality of matter and awareness, has been identified, there is the fruition of nonexistence. Thus, at the time of the three fruitions too, the time of vanishing, the sixteen phenomena of nonexistence within the four key points of introduction should be understood as before. | upon whatever appears, since there is no apprehending of that appearance of inanimate matter (bems po), there is the fruition of the nonduality (gnyis med) of object and mind; by settling upon whatever movement of cognition (shes pa) occurs, since the little house of mind collapses of itself, there is the fruition of the clearing away of thoughts in their movement; and thus, since the place of vanishing of the primordial wisdom of union (zung 'jug), the nonduality of matter and awareness, has been identified, there is the fruition of nonexistence. Thus, at the time of the three fruitions too, the time of vanishing, the sixteen phenomena of nonexistence within the four key points of introduction should be understood as before. | ||
Moreover, the cutting through of the Heart Essence (snying thig), the definitive great secret (gsang chen), which knows mind to be primordially nonexistent and self-cleared and movements to be adventitious and primordially liberated (ye grol), and the other pith instructions, which presume that mind does not exist ultimately (don dam) but exists conventionally (kun rdzob) and so make view and meditation into a path upon mind—these two, though they concur in the mere names "self-liberation," "self-arising," and "natural resting," do not concur in meaning, because here mind is treated as primordially nonexistent, whereas elsewhere something existent is held to become nonexistent. As for union too: elsewhere a union is held in which two existents are connected one with the other, whereas here, since they are primordially nonexistent, there is nothing to be joined as a pair; rather, since within the essence (ngo bo) of nonexistence there are no separate categories and the two are not distinct, it is called "nondual union." This key point is that of what has become the pinnacle among all vehicles (theg pa), | Moreover, the cutting through of the Heart Essence (snying thig), the definitive great secret (gsang chen), which knows mind to be primordially nonexistent and self-cleared and movements to be adventitious and primordially liberated (ye grol), and the other pith instructions, which presume that mind does not exist ultimately (don dam) but exists conventionally (kun rdzob) and so make view and meditation into a path upon mind—these two, though they concur in the mere names "self-liberation," "self-arising," and "natural resting," do not concur in meaning, because here mind is treated as primordially nonexistent, whereas elsewhere something existent is held to become nonexistent. As for union too: elsewhere a union is held in which two existents are connected one with the other, whereas here, since they are primordially nonexistent, there is nothing to be joined as a pair; rather, since within the essence (ngo bo) of nonexistence there are no separate categories and the two are not distinct, it is called "nondual union." This key point is that of what has become the pinnacle among all vehicles (theg pa), | ||

| style="width:50% | | style="width:50%" | [p. 253]གནད་ཁམ་ཡང་ཆེ་ལ་གལ་ཡང་ཆེ་བ་སྟེ། འདི་ལས་སྣང་བ་སེམས་སུ་མི་འདོད་པ་དང༌། སེམས་ཡོད་མ་མྱོང་གཞི་སངས་ཆེན་པོར་བསྟན་པ་ཡིན་ནོ། །འདི་ལ་བརྟེན་ནས་སྣང་བ་སེམས་སུ་ངོ་སྤྲད་པ་དང༌། སེམས་ཉིད་སྟོང་པར་ངོ་སྤྲད་པའི་མན་ངག་སྙིང་ཏིག་གི་དགོངས་པ་མ་ཡིན་པར་ཤེས་པར་བྱའོ། །མན་ངག་འགའ་ཞིག་ཏུ་དེ་ལྟར་བྱུང་སྲིད་ན་འོག་མ་དྲང་བ་ཙམ་ལས་ངེས་དོན་མ་ཡིན་པར་ཐག་བཅད་དོ། །གསུམ་པ་ཡུལ་སྣང་བློའི་མེ་ལོང་དུ་ཤར་བས་ཚོགས་དྲུག་མཉམ་པ་ཆེན་པོར་ཁྱབ་གདལ་བ་ནི། ཕྱི་སྣང་བ་སྣ་ཚོགས། ནང་དྲན་རྟོག་གློ་བུར། དབང་པོ་དྲུག་སྣང་ཡུལ་དང་བཅས་པ་ཐམས་ཅད། མེད་པ་གསལ་སྣང་ཙམ་ལས། དོན་ལ་ཕྱི་ནང་གང་ན་ཡང་མེད་པ་རབ་རིབ་ཅན་གྱི་སྐྲ་ཤད་དང༌། སྒྱུ་མ་དང༌། མིག་འཕྲུལ་དང༌། སྤྲུལ་པ་ལྟ་བུར་བློ་ལ་སྣང་ཡང༌། སྣང་དུས་དེ་ཉིད་ནས་ཡོད་མེད་ཀྱི་མཐའ་ལས་འདས་པར་ཤེས་པར་བྱ་སྟེ། སྣང་བའི་ངོས་ནས་ཇི་ལྟར་བཏགས་ཀྱང་མི་འགལ། ཡིན་དུ་ཆུག མིན་དུ་ཆུག །ཡོད་དུ་ཆུག མེད་དུ་ཆུག སྣང་དུ་ཆུག སྟོང་དུ་ཆུག འཁྲུལ་དུ་ཆུག གྲོལ་དུ་ཆུག བཟང་དུ་ཆུག ངན་དུ་ཆུག སེམས་སུ་ཆུག གཞན་དུ་ཆུག གང་ལྟར་བཏགས་ཀྱང༌། སྟོང་པའི་ངོས་ནས་ཇི་ལྟར་བཏགས་པ་དེ་ཉིད་ཀྱིས་ཐོག་མར་སྟོང་སྟེ། བཏགས་པ་སེམས་ཡིན། | ||

a key point of great scope and great importance. Herein, appearances are not asserted to be mind, and mind is shown never to have existed—the great clearing at the ground (gzhi sangs chen po). On this basis, one should know that pith instructions which introduce appearances as mind and introduce mind itself as empty are not the enlightened intent of the Heart Essence. Should something of that kind occur in some pith instruction, it is decided that it is merely a leading-on of those of lower capacity and not the definitive meaning (nges don). | a key point of great scope and great importance. Herein, appearances are not asserted to be mind, and mind is shown never to have existed—the great clearing at the ground (gzhi sangs chen po). On this basis, one should know that pith instructions which introduce appearances as mind and introduce mind itself as empty are not the enlightened intent of the Heart Essence. Should something of that kind occur in some pith instruction, it is decided that it is merely a leading-on of those of lower capacity and not the definitive meaning (nges don). | ||
Third, how, since object-appearances arise in the mirror of the intellect, the six collections of consciousness are pervasively spread out as great equality: the manifold outer appearances, the adventitious inner recollections and thoughts, and the six sense faculties together with all their appearing objects are merely the vivid appearance of what does not exist (med pa gsal snang); in reality they exist nowhere, neither outside nor inside; and although they appear to the intellect like the strands of hair seen by someone with cataracts, like an illusion, an optical trick, or an emanation, one should know that from the very moment of their appearing they transcend the extremes of existence and nonexistence. From the side of appearance, however they are designated, there is no contradiction: let them be so, let them not be so; let them exist, let them not exist; let them appear, let them be empty; let them be deluded, let them be liberated; let them be good, let them be bad; let them be mind, let them be something else—however they are designated, from the side of emptiness that very thing, in whatever way it is designated, is empty from the outset. The designation is mind; | Third, how, since object-appearances arise in the mirror of the intellect, the six collections of consciousness are pervasively spread out as great equality: the manifold outer appearances, the adventitious inner recollections and thoughts, and the six sense faculties together with all their appearing objects are merely the vivid appearance of what does not exist (med pa gsal snang); in reality they exist nowhere, neither outside nor inside; and although they appear to the intellect like the strands of hair seen by someone with cataracts, like an illusion, an optical trick, or an emanation, one should know that from the very moment of their appearing they transcend the extremes of existence and nonexistence. From the side of appearance, however they are designated, there is no contradiction: let them be so, let them not be so; let them exist, let them not exist; let them appear, let them be empty; let them be deluded, let them be liberated; let them be good, let them be bad; let them be mind, let them be something else—however they are designated, from the side of emptiness that very thing, in whatever way it is designated, is empty from the outset. The designation is mind; | ||

| style="width:50% | | style="width:50%" | [p. 254]སེམས་མེད་པ་ཡིན། མེད་པ་ལ་འདོགས་མཁན་མེད་པས་རྨི་ལམ་གྱི་བྱ་བྱེད་དང་སྒྱུ་མའི་བྱ་བྱེད་བཞིན་ནོ། །སྣང་བ་དང་འཆར་བ་དང༌། དགེ་བ་དང་མི་དགེ་བ་ལ་སོགས་པ་དེ་ཉིད་གློ་བུར་བ། དེའི་ངོ་བོ་གཞི་མེད་རང་སངས། རིག་པའི་ཡེ་གདངས་ཆ་ལ་ཡོད་པས་ངོས་ཟིན་ན་དགོངས་པ་ཆོས་ཉིད་ཕྱོགས་ཡན་ལས་འཆུགས་ས་མེད་དེ། སྣང་སྲིད་འཁོར་འདས་ཀྱི་ཆོས་སོ་ཅོག་རིག་པའི་ངང་ན་མེད་པ་གསལ་སྣང་གི་སྣང་བ་ཆེན་པོར་རང་ཤར་རང་སྣང་བ་ནི། འབྱུང་བཞིའི་སྣང་བ་་ནམ་མཁའི་ངང་ན་གནས་པའམ། རྨི་ལམ་སྣ་ཚོགས་གཉིད་དང༌། གཉིད་རིག་པའི་ངང་ལས་མ་གཡོས་པ་བཞིན་ཏེ། ཐམས་ཅད་རིག་པའི་ངོ་ལ་རང་སྣང་ཡང༌། རིག་པས་འཁྲུལ་སྣང་འཁོར་བ་མ་མཐོང། དག་སྣང་འདས་པ་མ་མཐོང། འཁོར་འདས་ཀྱིས་རིག་པ་མ་མཐོང༌། ཐམས་ཅད་གཞི་མེད་མཉམ་པ་ཆེན་པོའི་ངང་ལས་གཡོས་པ་མེད་དེ། ངོ་བོར་མ་གྲུབ་པས་མཐོང་བ་དང་མཐོང་བྱེད་ལས་འདས་ལ། རིག་པའི་ངང་ནས་ཤར་བས་འཁོར་འདས་རིག་པའི་རང་གདངས་སམ་རོལ་པ་ཞེས་བཏགས་པ་ཙམ་སྟེ། ཡོད་མེད་མཐའ་གྲོལ་ཆེན་པོ། བཏགས་པ་མི་འགལ། དོན་ལ་མ་གྲུབ། མེད་པ་གསལ་སྣང་ཙམ་དུ་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཤར་བ་སྟེ། ཀློང་དྲུག་པ་ལས། དྲི་མ་མེད་པའི་སེམས་ཉིད་ | ||

mind is nonexistent. Since there is no designator of what does not exist, it is like the actions and agents of a dream and the actions and agents of an illusion. | mind is nonexistent. Since there is no designator of what does not exist, it is like the actions and agents of a dream and the actions and agents of an illusion. | ||
| Line 1,937: | Line 1,976: | ||
In stainless mind itself, | In stainless mind itself, | ||

| style="width:50% | | style="width:50%" | [p. 255]ལ། །ཡུལ་རྐྱེན་བྲལ་བའི་སྣང་བ་ནི། །རང་དག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་པ་དང༌། ནོར་བུ་འཕྲ་བཀོད་ལས། ཅི་ཡང་མེད་པའི་དངོས་པོ་ནི། །གང་གི་ཕྱོགས་སུ་མ་ལྷུང་བ། །ཅིར་ཡང་འཁྲུལ་པའི་དངོས་པོ་ནི། །མཐུན་སྣང་ཙམ་དུ་སྣང་བར་ཟད། །འོན་ཀྱང་དེ་ཡི་དོན་མི་སྐྱེ། །ཆོས་དབྱིངས་རྒྱན་ལྟར་སྣང་བའོ། །ཞེས་པ་དང༌། སྟོང་པའི་ཡེ་ཤེས་ཆེན་པོ་ནི། །ཅིར་ཡང་མེད་ལས་ཅིར་ཡང་འཁྲུལ། །ཅེས་པ་དང༌། མུ་ཏིག་ཕྲེང་བ་ལས། དེ་ནི་ང་ཡིན་འགྲོ་བ་ཡིན། །སེམས་ཡིན་སེམས་ལས་བྱུང་བ་ཡིན། །དུ་མ་ཡིན་ལ་ཉག་གཅིག་ཡིན། །འཁོར་བ་མྱང་འདས་ང་རང་ཡིན། །དཀྱིལ་འཁོར་ལ་སོགས་རིམ་འཇུག་ཡིན། །ཆོས་ཡིན་ཆོས་སུ་སྣང་བ་ཡིན། །གནས་པ་ཡིན་ལ་འགྲོ་བ་ཡིན། །འདུག་དང་ཉལ་དང་འཆག་པ་ཡིན། །སྲོག་ཡིན་གཅོད་པ་ཉིད་ཀྱང་ཡིན། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །མདོར་ན་ཇི་ལྟར་སྣང་བ་ཡི། །ཆོས་ཀུན་དེ་ལས་བྱུང་བའོ། །ས་ཆུ་མེ་རླུང་ནམ་མཁའ་ཡི། །འབྱུང་བ་ཆེ་རྣམས་དེ་ལས་བྱུང༌། །ཞེས་པ་ནས། དེ་ལྟར་གནས་པའི་ཆོས་ཉིད་ལ། །འཁྲུལ་པ་གདོད་ནས་མེད་པ་སྟེ། །ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །གློ་བུར་སེམས་ཅན་སྤྲིན་གྱིས་བསྒྲིབས། །མ་འཁྲུལ་གནས་པའི་ཆོས་ | ||

appearances free of objects and conditions
| appearances free of objects and conditions

are "the enlightened intent of great natural purity"—
| are "the enlightened intent of great natural purity"—

| Line 1,982: | Line 2,021: | ||
Even the nature of phenomena that abides undeluded | Even the nature of phenomena that abides undeluded | ||

| style="width:50% | | style="width:50%" | [p. 256]ཉིད་ཀྱང༌། །བློ་ལ་འཁྲུལ་པའི་ཚུལ་དུ་སྣང༌། །ཞེས་པ་ནས། སེམས་ཅན་ཉོན་མོངས་ལྔ་ཉིད་ནི། །དོན་ལ་ཡོད་པ་མ་ཡིན་ཏེ། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །གློ་བུར་རྐྱེན་དང་བཅས་པ་ཉིད། །སྤྲིན་དེ་ནམ་མཁའ་ཉིད་ལས་བྱུང༌། །དེ་བཞིན་ནམ་མཁར་ཐིམ་ཤེས་ནས། །དབྱེར་མེད་གཅིག་གི་ངང་ཞེས་བྱ། །དེ་བཞིན་ཉོན་མོངས་དྲི་མ་ཉིད། །རང་བྱུང་རང་ཞི་ཉིད་ཤེས་ན། །སེམས་ཅན་འཆིང་བར་ག་ལ་འགྱུར། །ཅེས་པ་དང༌། སྣང་ཚུལ་མ་གྲུབ་པ་ལྟར། འཛིན་པར་སྣང་ཡང་གང་དུའང་མ་གྲུབ་པས། གཏད་མེད་ཆེན་པོར་བསྟན་པ་ཡང༌། རིན་ཆེན་སྤུངས་པ་ལས། གནས་པ་མེད་པའི་སེམས་ཉིད་འདི། །འགྲོ་ས་མེད་པ་ཡ་རེ་ཆ། །ཀུན་ཏུ་འཇུག་པའི་ཡིད་དྲུག་ལ། །བརྟེན་པའི་ས་མེད་ཡ་རེ་ཆ། །ཐམས་ཅད་སྡུད་པའི་ཀུན་གཞི་ལ། །བཞག་པའི་ས་མེད་ཡ་རེ་ཆ། །འཁོར་ཞིང་འཁྲུལ་པའི་མ་རིག་ལ། །འགྱུར་བའི་དབང་མེད་ཡ་རེ་ཆ། །ཐམས་ཅད་ཡུལ་ཞེན་ཉོན་མོངས་ལ། །གཞི་རྩ་མེད་པ་ཡ་རེ་ཆ། །ཕྲ་དང་རགས་པའི་དྲི་མ་ལ། །འཆགས་ས་མེད་པ་ཡ་རེ་ཆ། །འབྱུང་བ་རགས་པའི་གཟུགས་རྣམས་ལ། །གཏད་པའི་ས་མེད་ཡ་རེ་ཆ། །སྐྱེས་བུ་རྟེན་པའི་ཚེ་སྲོག་ལ། །དུས་བཏབ་མེད་པ་ཡ་རེ་ཆ། །ཚོགས་དྲུག་ཡུལ་གྱི་སྣང་བ་ལ །རྟག་པ་མེད་པ་ | ||

itself
| itself

appears to the intellect in the manner of delusion. | appears to the intellect in the manner of delusion. | ||
| Line 2,021: | Line 2,060: | ||
there is no permanence: | there is no permanence: | ||

| style="width:50% | | style="width:50%" | [p. 257]ཡ་རེ་ཆ། །སྐྱེས་བུའི་དྲན་བསམ་བྱུང་ཚོར་ལ། །ཟད་པ་མེད་པ་ཡ་རེ་ཆ། །ཞེས་པ་དང༌། ཡང༌། གཞི་རྩ་མེད་པའི་ཆོས་ཉིད་འདི། །མ་བཙལ་བཞག་པས་ངོ་མཚར་ཆེ། །འགྲོ་དང་འོང་བའི་རིག་པ་ལ། །ཐུག་པ་མེད་པ་ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ཡེ་ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། །ཞེས་པ་དང༌། ཐུན་མོང་གི་ཐེག་པ་འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང༌། ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལ། །སྐད་ཅིག་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང། །བྱུང་ནས་ཞིག་སྟེ་སྤྲིན་གྱི་དཀྱིལ་འཁོར་དེ། །ཐོག་མ་གང་ལས་བྱུང་བ་བརྟག་པར་གྱིས། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཇི་ལྟར་མི་དག་བྲག་རིའི་ཁྲོད་འདུག་སྟེ། །གླུ་ལེན་སྨྲ་དང་དགོད་དང་ངུ་བ་ལས། །རྐྱེན་ལ་བརྟེན་ཏེ་བྲག་ཅ་འབྱུང་མོད་ཀྱི། །སྒྲ་ལས་དབྱངས་དེ་ནམ་ཡང་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་རྒྱ་ཆེར་གསུངས་སོ། །དོན་གཉིས་པ་ཆོས་ཟད་བློ་འདས་ཀྱི་དགོངས་པ་ཟང་ཐལ་རྗེན་པའི་ཡེ་་ཤེས་འཕོ་འགྱུར་མེད་པར་ངོ་སྤྲད་པ་ལ་གསུམ་སྟེ། ཆོས་ཟད་བློ་འདས་ཀྱི་རིག་པ་ཟང་ཐལ་རྗེན་པར་ངོ་སྤྲད་པ། རང་གསལ་ངང་གནས་ཀྱི་དགོངས་པ་ཕྱམ་གདལ་ཆེན་པོར་བསྐྱང་བ། གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་ཀློང་ | ||

how astonishing!
| how astonishing!

For a person's recollections, thoughts, and arising feelings,
| For a person's recollections, thoughts, and arising feelings,

| Line 2,053: | Line 2,092: | ||
The second topic, introducing the enlightened intent of the exhaustion of phenomena beyond the intellect as the unimpeded, naked primordial wisdom without transference or change, has three parts: introducing the awareness of the exhaustion of phenomena beyond the intellect as unimpeded and naked; sustaining the enlightened intent of abiding in the state of natural clarity as the great all-pervading evenness; and settling the wheel of the nature of phenomena of the three key points in the great sky-equal expanse | The second topic, introducing the enlightened intent of the exhaustion of phenomena beyond the intellect as the unimpeded, naked primordial wisdom without transference or change, has three parts: introducing the awareness of the exhaustion of phenomena beyond the intellect as unimpeded and naked; sustaining the enlightened intent of abiding in the state of natural clarity as the great all-pervading evenness; and settling the wheel of the nature of phenomena of the three key points in the great sky-equal expanse | ||

| style="width:50% | | style="width:50%" | [p. 258]གསལ་ཆེན་པོར་གཞག་པའོ། །དང་པོ་ནི། རང་བབས་ཀྱི་རིག་པ་རང་གསལ་དུ་རྗེན་ནེ་བཞག་ལ། ཕྱིར་མི་སྤྲོ། ནང་དུ་མི་བསྡུ། བར་དུ་མི་བསམ་པའི་རང་ངོ་ལ་བལྟས་པས། ཕྱི་ནང་བར་མེད། རང་གསལ་རྗེན་པ། ལྟ་སྒོམ་གྱིས་མ་བསླད་པའི་ཆོས་སྐུ། རྣམ་རྟོག་གིས་མ་བསྐྱོད་པའི་ཡེ་ཤེས། སྤྲོ་བསྡུས་མ་བཟོས་པའི་དགོངས་པ། གསལ་བ་ལ་རྟོག་པ་མེད་པ། གནས་པ་ལ་འཛིན་པ་མེད་པ། ཡངས་པ་ལ་ཕྱལ་བར་མ་ཤོར་བ། མཉམ་པ་ལ་བར་མེད་པ། འཇོག་མཁན་མེད་པའི་རང་དངས་ཆེན་པོ། ཡེ་ནས་རང་བབས་ཀྱི་དགོངས་པ་ཆེན་པོ་དངས་ཤིང་ལྟེང་པ་རྒྱ་མཚོ་ལྟ་བུ། གསལ་ཞིང་དག་པས་ཉི་ཟླ་ལྟ་བུ། ཡངས་ཤིང་ཕྱམ་པས་ནམ་མཁའ་ལྟ་བུ། བརྟན་ཞིང་གནས་པས་རི་རྒྱལ་ལྟ་བུའོ། །འདི་ལྟ་བུའི་དོན་དང་སེམས་ཅན་ཐམས་ཅད་སྐད་ཅིག་ཀྱང་འབྲལ་མ་མྱོང་དུ་ཡེ་ནས་རང་ལ་ཡོད་ཀྱང༌། ངོ་མ་ཤེས་པས་འཁོར་བར་ངན་རྟོག་གི་སྤྲོས་པས་འཆོལ་བ་ཡང༌། ད་བླ་མའི་གདམས་པས་ངོས་ཟིན་ནས་འཆར་རམ་གནས་སམ་གྱིན་འདར་ལྷན་ནེ་བའི་དུས་གང་དུའང་རང་བབས་ཅོག་གཞག་གི་ངོ་བོར་ངོ་སྤྲད་པ་བཞིན་ངང་མ་ཡེངས་ཙམ་དུ་བྱ་སྟེ། སེང་གེ་རྩལ་རྫོགས་ལས། ཨེ་མ་སེང་གེ་བགྲོད་མེད་ལམ། །བྱ་རྩོལ་མེད་པའི་སེང་གེ་ཡིས། །བཏང་བཞག་མེད་པའི་གངས་དཀར་ | ||

of clarity. | of clarity. | ||
| Line 2,065: | Line 2,104: | ||
on the white snow mountain free of letting go and holding, | on the white snow mountain free of letting go and holding, | ||

| style="width:50% | | style="width:50%" | [p. 259]ལ། །མུན་པ་སངས་པའི་རྩལ་གསུམ་རྫོགས། །བསམ་མེད་དངས་པའི་སེང་གེ་ངས། །ཀ་དག་དྲི་མེད་གངས་བཟང་ལ། །འབྱུང་བ་སངས་པའི་རྩལ་གསུམ་རྫོགས། །ཞེས་པ་དང༌། ཀློང་དྲུག་པ་ལས། རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བླང་དོར་མེད་པའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱབ་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བྱིང་རྒོད་མེད་པའི་སེམས་ཉིད་ལ། །བཏང་སྙོམས་ཆེན་པོའི་བསྒོམ་པ་ནི། །ཚོགས་དྲུག་ལྷུག་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཡ་ང་མེད་པའི་སེམས་ཉིད་ལ། །རེ་དོགས་བྲལ་བའི་སྣང་བ་ནི། །ཡེ་བཞག་གདེང་ལྡན་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་པ་དང༌། རྩལ་རྫོགས་ལས། འཛིན་ཆགས་མེད་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་མཆོག །སོ་སོར་རྟོག་དང་མཚན་མ་ཚིག་གི་ལམ། །བྱ་རྩོལ་མེད་པའི་ཆོས་ཉིད་རང་སར་དག །འུབ་ཆུབ་ཏིང་འཛིན་ཆོས་ཉིད་ཡུལ་ལ་འཇུག །དག་དང་མ་དག་ཐ་སྙད་ཆོས་སུ་མེད། །གཅིག་དང་གཉིས་ལས་འདས་པའི་ཡེ་ | ||

the three dynamic energies of clearing away darkness are perfected.
| the three dynamic energies of clearing away darkness are perfected.

By me, the lion, limpid and free of thought,
| By me, the lion, limpid and free of thought,

| Line 2,101: | Line 2,140: | ||
The primordially abiding meaning, beyond one and two, | The primordially abiding meaning, beyond one and two, | ||

| style="width:50% | | style="width:50%" | [p. 260]གནས་དོན། །རང་ལུས་ངང་དུ་ཐིག་ལེ་གཅིག་ཏུ་འུབ། །དུས་མེད་རྟོགས་པས་ཏིང་འཛིན་མ་ཡེངས་གསལ། །མཐའ་དབུས་མེད་པས་ཆོས་ཉིད་མིང་དང་བྲལ། །འགྱུར་བ་མ་ཡིན་དྲང་པོར་ཡོངས་ལ་ཁྱབ། །བྱས་པ་མ་ཡིན་བྱུང་སར་ལྷུན་གྱིས་གྲུབ། །ཅེས་སོ། །གཉིས་པ་དེའི་ངང་ལ་བསྐྱང་བ་ལ་གསུམ་སྟེ། ལྟ་སྒོམ་ཡུལ་འདས་ཆེན་པོར་བསྐྱང་བ། ཏིང་འཛིན་རང་བབས་ཆེན་པོར་བསྐྱང་བ། དགོངས་པ་བློ་འདས་ཆེན་པོར་བསྐྱང་བའོ། །དང་པོ་ནི། ངོ་སྤྲད་པའི་ངང་དེ་ལ་བློའི་འཛིན་རྩོལ་དང་ཆེད་དུ་བསྒོམ་པའི་གཉེན་པོ་མ་ཞུགས་པར་རིག་པ་རྒྱ་ཡན་ཡེ་བཞག་དཔངས་བསྟོད་ལ་ཕྱལ་བ་བར་མེད་རང་སངས་སུ་བཞག་པ་སྟེ། ནོར་བུ་འཕྲ་བཀོད་ལས། ཡངས་སོ་ཆོས་ཉིད་རྣམ་པར་དག །ཆེའོ་ལྟ་བ་རྨད་པོ་ཆེ། །སྣང་ངོ་རང་སྣང་དཀྱིལ་འཁོར་ཉིད། །ཡུལ་དང་ཡུལ་མེད་རྣམ་པར་དག །ཕྱི་དང་ནང་མེད་རྣམ་པར་སྣང༌། །སྟོང་དང་མི་སྟོང་ཚིག་ལས་འདས། །ཞེས་པ་དང༌། སེང་གེ་རྩལ་རྫོགས་ལས། །དང་པོའི་གནས་ས་གང་ཡིན་པར། །ཐ་མ་དེ་ཡི་གནས་སུ་འགྲོ། །ད་ལྟ་དེ་ཡི་དོན་ལ་གནས། །ཞེས་པ་དང༌། ཡང༌། འཛིན་རྟོག་མེད་པའི་ནམ་མཁའ་ལ། །རྣམ་ཤེས་ཡིད་མ་འགྱུས་པ་ནི། །ཡེངས་པ་མེད་པའི་ཏིང་འཛིན་མཆོག ། | ||

is gathered into a single sphere within the state of one's own body.
| is gathered into a single sphere within the state of one's own body.

Through timeless realization, samādhi is clear without distraction.
| Through timeless realization, samādhi is clear without distraction.

| Line 2,132: | Line 2,171: | ||
is the supreme undistracted samādhi, | is the supreme undistracted samādhi, | ||

| style="width:50% | | style="width:50%" | [p. 261]སངས་རྒྱས་ཉག་གཅིག་གནས་ལུགས་ཡིན། །ཅེས་སོ། །གཉིས་པ་ལ་གསུམ་སྟེ། རང་གནས་ཅོག་གཞག་ནི། ཚོགས་དྲུག་ཡུལ་གྱི་སྣང་བ་ལ་འཛིན་པའི་བཟོ་རྒྱ་མི་བྱེད་པར་ཕྱི་ནང་བར་མེད་ཧར་སངས་སུ་ཕྱལ་ལེ་བཞག་ནས། གཉིད་དུ་འགྲོ་ཁར་ཡང་དེའི་ངང་ལ་ཉལ་བས་རྨི་ལམ་འོད་གསལ་དུ་འཆར་བའོ། །ཐོག་བབས་ཆེན་པོ་ནི། སྒོ་གསུམ་ལྷུག་པར་གློད་ལ་གང་ཤར་ཅར་ཕོག་ཏུ་རང་སངས་ལ་ཕྱལ་ཕྱལ་སོང་བའི་ངང་ངོས་གཟུང་བའོ། །སྣང་བ་རྒྱས་འདེབས་ནི། ལུས་སྐྱིལ་ཀྲུང་དང་མིག་བར་སྣང་ལ་ཧྲིག་གེ་བལྟས་ཏེ། སེམས་འཕྲོ་འདུ་བཅད་ནས་རིག་པ་དང་སངས་ཕྱེད་པའི་ངང་ངོས་བཟུང་བས་རླུང་ལྔ་དབྱིངས་སུ་འཆིངས་ཏེ། རང་སྣང་དག་པའི་འོད་གསལ་ཕྱི་དུ་བ་སྨིག་རྒྱུ་འཇའ་འོད་ལ་སོགས་པ་དང་ནང་ཆོས་ཉིད་སྟོང་གསལ་བར་སྣང་དག་པ་ལྟར་འཆར་ཏེ། ཀློང་དྲུག་པ་ལས། ཏིང་འཛིན་གསུམ་ལ་འདི་ལྟར་བསླབ། །རང་གནས་ཅོག་གཞག་ཏིང་འཛིན་ནི། །དབང་པོའི་སྒོ་རྣམས་མི་དགག་ཅིང༌། །ལུས་ཀྱི་སྤྱོད་པ་སྤྱད་མི་བྱ། །གཉིད་ཀྱང་སྤང་བར་མི་བྱ་སྟེ། །སེམས་ཀྱིས་གུད་དུ་བཅད་པ་མིན། །མདོར་ན་ལུས་ངག་རང་སོ་ལ། །ཡིད་བྱུང་ཆ་རྣམས་ཕྱིར་མ་ཤོར། །དབང་པོའི་ཡུལ་རྣམས་དྲུག་ལ་ཡང་ །ཤེས་བཞིན་སྤྱོད་པའི་ཡིད་མ་འགྱུས། །རང་སྣང་མི་རྟོག་ཆེན་པོ་ | ||

the abiding nature of the single buddha. | the abiding nature of the single buddha. | ||
| Line 2,150: | Line 2,189: | ||
Within self-appearance, the great nonconceptuality, | Within self-appearance, the great nonconceptuality, | ||

| style="width:50% | | style="width:50%" | [p. 262]ལ། །གསལ་ལ་རྟོག་མེད་ཉམས་སྐྱེས་པའོ། །ཐོག་བབས་ཆེན་པོའི་ཏིང་འཛིན་ལ། །ལུས་ནི་ཐ་མལ་ལྟ་བུ་ལས། །ངག་ནི་སྨྲ་བརྗོད་ཚིག་དང་བྲལ། །སེམས་ནི་དམ་དུ་མ་བཅིངས་པའི། །རང་ཤར་ངང་ལ་མ་ཡེངས་པའོ། །སྣང་བ་རྒྱས་འདེབས་ཏིང་འཛིན་ནི། །ལུས་དང་ཡུལ་དང་རིག་པ་ཡིས། །རང་སྣང་དག་པའི་ཚད་རྣམས་བཟུང༌། །ཞེས་སོ། །གསུམ་པ་དགོངས་པ་བློ་འདས་སུ་བསྐྱང་བ་ལ་བཞི་སྟེ། རི་བོ་ཅོག་གཞག་གི་ལྟ་བ། རྒྱ་མཚོ་ཅོག་གཞག་གི་དགོངས་པ། རིག་པ་ཅོག་གཞག་གི་མན་ངག །སྣང་བ་ཅོག་གཞག་གི་ཐབས་སོ། །དང་པོ་ནི། རིག་པ་རང་གསལ་འདི་ངོས་བཟུང་ནས་གང་ཤར་ཡང་ལྟ་བ་རི་རྒྱལ་ལྟར་འཕོ་འགྱུར་མེད་པའི་ངང་དུ་འཇོག་པ་སྟེ། ཡི་གེ་མེད་པ་ལས། རི་བོ་ཅོག་གཞག་ལྟ་བ་གསང་བ་ཉིད། །ཐེ་ཚོམ་མ་ཡིན་འགྱུར་བ་ངང་གིས་མེད། ཅེས་སོ། །གཉིས་པ་ནི། ལུས་སྐྱིལ་ཀྲུང་ལ། མིག་ཧ་རེ་བར་སྣང་ལ་གཏད་དེ། ཤེས་པ་དང་སངས་ཕྱེད་པ་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པ་ལྟ་བུའི་ངང་ལ་གསལ་སང་ངེ་བཞག་པ་ནི། དེ་ཉིད་ལས། རྒྱ་མཚོ་ཅོག་གཞག་དག་གི་དགོངས་པ་ནི། །སྣང་བ་མ་ཡིན་སྣང་བར་བྱེད་པ་མིན། །སྟོང་པ་མ་ཡིན་སྟོང་པར་ཡོད་མ་ཡིན། །གསལ་བ་མ་ཡིན་གསལ་བ་ཆེན་པོའི་ཡུལ། །བྱིང་བ་མ་ཡིན་རྒོད་ | ||

an experience (nyams) that is clear and free of thought is born.
| an experience (nyams) that is clear and free of thought is born.

In the samādhi of the great direct descent:
| In the samādhi of the great direct descent:

| Line 2,179: | Line 2,218: | ||
it is not dullness, and agitation | it is not dullness, and agitation | ||

| style="width:50% | | style="width:50%" | [p. 263]པ་ངང་གིས་མེད། །མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། མ་བསྐྱོད་མི་བསྐྱོད་བསྐྱོད་པ་ཀུན་ལས་འདས། །བྱས་པས་མ་བྱུང་བཞག་ཐབས་ཆེན་པོ་ལྟོས། །སྤྲོ་བསྡུ་མ་བྱེད་ཅོག་གཞག་གཅིག་གི་ངང༌། །གནས་པ་མ་ཡིན་དེ་ལས་འདའ་བ་མེད། །གསང་བའི་ཡེ་ཤེས་རྒྱ་མཚོ་ལྟ་བུ་ལ། །ཡེ་ནས་ལྷུན་འབྱམས་མ་བསྐྱོད་དབྱིངས་སུ་ཞོག །གཏིང་དཔག་དཀའ་བའི་རྒྱ་མཚོ་ཆེན་པོ་ནས། །ནུབ་པ་མེད་པའི་རྒྱལ་མཚན་རྩེ་མོ་ལྟོས། །སྟོང་པའི་སེམས་མེད་མ་བཅོས་ཆེན་པོའི་སྐུ། །བྱས་པ་མེད་པས་བྱེད་པ་ཀུན་ལས་རྒྱལ། །ཡེ་ནས་མ་བྱུང་མ་བཅོས་ཅོག་གཞག་ཉིད། །སྣང་བས་མ་བསྒྱུར་བློ་ཡིས་མ་བཅོས་པ། །ཆོས་ཉིད་མཁའ་ལ་གནས་ན་དགོངས་པར་བསྟན། །ཆོས་སྐུའི་ཡེ་ཤེས་བསམ་པ་རབ་སྤངས་པས། །འགྱུ་བྱེད་མེད་ན་བསྒོམ་པའི་དགོངས་པ་ཡིན། །སྣང་ཡུལ་དང་དམིགས་པའི་ཕྱོགས་དག་མི་འཛིན་ན། །རྒྱ་མཚོའི་གཏིང་དུ་གཟའ་སྐར་ཤར་བ་བཞིན། །ཡུལ་ལ་འཛིན་མེད་གསལ་ཆ་མ་འགགས་པས། །རང་བྱུང་དགོངས་པའི་འདུག་ཚུལ་དེ་བཞིན་ནོ། །ཞེས་སོ། །གསུམ་པ་ནི། རིག་པ་གསལ་སྟོང་གི་ཡེ་ཤེས་རྗེན་པར་བུད་པ་དེ་ཕྱ་ར་ར་རང་གསལ་དུ་ངོས་བཟུང་བས་ཏིང་ངེ་འཛིན་སེམས་ཆགས་ཀྱི་གོལ་ས་གཅོད་ཅིང་ཟང་ཐལ་རྗེན་པའི་ཆོས་སྐུ་ཁོང་ནས་ | ||

is naturally absent.
| is naturally absent.

It has not moved, does not move, and will not come to move;
| It has not moved, does not move, and will not come to move;

| Line 2,205: | Line 2,244: | ||
Third: by identifying that primordial wisdom of awareness, clear and empty, which has emerged naked, as vivid natural clarity, one cuts off the point of deviation (gol sa) of a samādhi in which the mind becomes attached, and the unimpeded, naked dharmakāya arises | Third: by identifying that primordial wisdom of awareness, clear and empty, which has emerged naked, as vivid natural clarity, one cuts off the point of deviation (gol sa) of a samādhi in which the mind becomes attached, and the unimpeded, naked dharmakāya arises | ||

| style="width:50% | | style="width:50%" | [p. 264]འཆར་ཏེ། སེང་གེ་རྩལ་རྫོགས་ལས་རང་རིག་དུ་མའི་ཡུལ་ལ་ཕར་བལྟས་པས། །ཆོས་སྐུ་རྟོག་མེད་ཆེན་པོ་ནང་དུ་རྙེད། །ཅེས་སོ། །བཞི་པ་ནི། ཕྱི་ཡུལ་ལྔར་སྣང་བ་ལ་ཆེ་རེ་བལྟས་དུས་ནང་རང་གསལ་རྗེན་པ་སངས་སེ་ཁོང་ནས་འཆར་བའི་ངང་དུ་འཇོག་པ་སྟེ། དེ་ཉིད་ལས། རིག་གསལ་ཆོས་ཉིད་ཡུལ་ལ་ཕར་བལྟས་པས། །སྣ་ཚོགས་བྲལ་བའི་རིག་པ་ནང་དུ་མཐོང༌། །ཞེས་པ་དང༌། ཡི་གེ་མེད་པ་ལས། སྣང་བ་ཅེར་གཞག་རིག་པའི་ཐབས་ཆེན་ནི། །སྣང་བ་ཆེན་པོ་ཀུན་གྱི་གཞི་མ་ཡིན། །འབྱུང་བ་ལྔ་ཡི་སངས་རྒྱས་ལམ་ལྟར་སྣང༌། །ཆེན་པོ་ལྔ་ཉིད་མ་ཡི་སྣང་བར་གསལ། །མ་ཡེངས་ངང་དུ་འཛིན་མེད་ཆེན་པོར་ཞོག །ཅེས་སོ། །གསུམ་པ་གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་མཁའ་མཉམ་ཀློང་གསལ་ཆེན་པོར་བཞག་པ་ལ་གསུམ་སྟེ། ཆོས་ཉིད་འབད་རྩོལ་དང་བྲལ་བའི་གནད་ཀྱིས་སེམས་ཉིད་བྱ་བྲལ་དུ་གཞག་པའི་གདམས་ངག ཆོས་ཉིད་རང་ཐོག་ཏུ་སྤྲད་པའི་གནད་ཀྱིས་རྣམ་རྟོག་ཡེ་ཤེས་སུ་འཆར་བའི་མན་ངག ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་སྣང་བ་ལ་དགག་སྒྲུབ་མེད་པའི་གདམས་ངག་གོ །དང་པོ་ནི། གཤིས་བྱ་བ་དང་བྲལ་བ་དེ་བྱས་པས་མི་རྟོགས་མ་བྱས་བཞག་ན་རྟོགས་པས་སྒོ་གསུམ་རང་བབས་ཕྱལ་བར་གཞག་པ་ནི། ཐལ་འགྱུར་ལས། | ||

from within. The Lion's Perfect Dynamic Energy says: | from within. The Lion's Perfect Dynamic Energy says: | ||
| Line 2,229: | Line 2,268: | ||
First: since that fundamental nature free of activity is not realized by doing but is realized if one rests without doing, the three doors are left in their natural flow, in openness. The Reverberation of Sound says: | First: since that fundamental nature free of activity is not realized by doing but is realized if one rests without doing, the three doors are left in their natural flow, in openness. The Reverberation of Sound says: | ||

| style="width:50% | | style="width:50%" | [p. 265]གཞན་ཡང་བྱ་བྲལ་ཆོས་ཉིད་ནི། །བྱ་བ་མེད་པས་གྲོལ་བར་གྲོལ། །ཅེས་པ་དང༌། ཁྱུང་ཆེན་མཁའ་ལྡིང་ལས། །དེ་ཕྱིར་འཁོར་འདས་བྱ་བྱེད་ཉིད་བྲལ་ན། །རྫོགས་ཆེན་ཉིད་ལས་གཞན་པ་ཅི་བྱར་ཡོད། །ཅེས་པ་དང༌། དམིགས་དྲུག་ལས། བྱ་བ་དང་བྲལ་བས་གཞི་གཞག་གོ་ཞེས་སོ། །གཉིས་པ་ནི། སྣང་བ་སེམས་ཀྱི་རོལ་པར་ངོ་སྤྲད། རོལ་པ་གཞི་མེད་གསལ་སྣང་དུ་ངོ་སྤྲད། གསལ་སྣང་བཟུང་ན་འཁྲུལ་པར་ངོ་སྤྲད། མ་བཟུང་རང་གསལ་མེད་སྣང་དུ་ངོ་སྤྲད་པས་ཕྱི་ཡུལ་སྣང་སེམས་དང་གཞན་དུ་མ་གྲུབ་པར་ཐག་ཆོད་པས་འཁོར་བར་སྐྱེ་བའི་ཡུལ་སྟོངས་པའོ། །ཡང་སྣང་འཛིན་སེམས་དེ་གཞི་མེད་དུ་ངོ་སྤྲད། གཞི་མེད་སྟོང་པའི་རང་འགྲོས་སུ་ངོ་སྤྲད། རང་འགྲོས་རྗེས་མེད་ཡེ་སངས་སུ་ངོ་སྤྲད་པས། འཁོར་མཁན་རང་སེམས་གཞི་མེད་དུ་སངས་ནས་ཁམས་གསུམ་མིང་མེད་ཆོས་ཉིད་དུ་ལ་ཟློས་པ་སྟེ། རྩལ་རྫོགས་ལས། འདུ་ཤེས་ཡུལ་དུ་མེད་པ་ཆོས་ཉིད་ཞི་བའི་ངང༌། །སྣང་བ་རང་ལ་ཡས་པའི་རང་སྣང་དངོས་མེད་ཉིད། །སྣང་བའི་སེམས་བྲལ་ཆོས་ཉིད་རང་གི་དོན། །སྤྲོ་བསྡུ་མ་བྱེད་རང་གི་ཡུལ་ལ་ལྟོས། །ཞེས་སོ། །འདིར་ཁ་ཅིག་སྣང་བ་སེམས་སུ་ངོ་སྤྲད། སེམས་སྟོང་པར་ངོ་སྤྲོད་ཅིང༌། ངོ་སྤྲོད་སྤྲས་པ་ལས། ཨེ་མ་ཧོ་སྣང་བ་སེམས་སུ་ངོ་སྤྲད་པས་སེམས་ལ་ | ||

"Moreover, the nature of phenomena free of activity
| "Moreover, the nature of phenomena free of activity

is liberated into liberation by there being no activity." | is liberated into liberation by there being no activity." | ||
| Line 2,250: | Line 2,289: | ||
Here some introduce appearances as mind and introduce mind as empty, and, citing the Adorned Introduction (ngo sprod spras pa)—"E ma ho! By introducing appearances as mind, mind is | Here some introduce appearances as mind and introduce mind as empty, and, citing the Adorned Introduction (ngo sprod spras pa)—"E ma ho! By introducing appearances as mind, mind is | ||

| style="width:50% | | style="width:50%" | [p. 266]བྱན་ཚུད། སེམས་ཉིད་སྟོང་པར་ངོ་སྤྲད་པས་སྟོང་པ་བདེ་བའི་རྒྱས་གདབ། སྟོང་པ་རིག་པར་ངོ་སྤྲད་པས། རིག་པ་ཉིད་དབྱིངས་དང་གཉིས་སུ་མེད་པ་དེ་ཁོ་ན་ཆོས་སྐུའོ་ཞེས་པའི་ཚིག་ལ་དོན་རང་མཚན་དུ་ཞེན་པར་སྣང་སྟེ། འདི་ལ་དགོངས་གཞི། དགོས་ཆེད། དངོས་ལ་གནོད་བྱེད་ཀྱི་ཚད་མ་དང་གསུམ་ཡོད་པས་སྙིང་ཏིག་གི་དགོངས་པའི་ཕྱོགས་ལ་མི་ཉེ་བ་ཡིན་ནོ། །དགོངས་གཞི་ནི། ཕྱི་ཡུལ་ལ་དོན་གཞན་དུ་བདེན་པར་འཛིན་པ་རྣམས་དྲང་བའི་ཕྱིར་དེ་སྐད་གསུངས་ཏེ། རང་ཤར་ལས། ལ་ལར་སྣང་བ་སེམས་སུ་བསྟན། །ཅེས་སོ། །དེའང་སྣང་བ་གཞན་དུ་མེད་སེམས་འཁྲུལ་པ་ལ་སྣང་བ་ཡིན་པ་ཙམ་ནས་བཏགས་སོ། །དགོས་ཆེད་ནི་ཕྱི་དོན་དུ་ཞེན་པ་སྤང་བ་ཙམ་མོ། །དངོས་ལ་གནོད་བྱེད་ནི། སྣང་བ་སེམས་ཡིན་ན་སེམས་ལ་ཁ་དོག་དང་དབྱིབས་ལ་སོགས་པར་མིག་སོགས་དབང་པོས་ངེས་པར་ཐལ་ཏེ་སྣང་བ་ལ་གཟུགས་སོགས་དབྱིབས་དང་ཁ་དོག་ཏུ་ངེས་པའི་ཕྱིར་དང༌། སྣང་བ་སེམས། སེམས་སྟོང་པ། སྟོང་པ་རིག་པ་ཡིན་ན་དེ་གསུམ་ཕན་ཚུན་འཆོལ་བས། རིག་པ་འཁྲུལ་པར་ཐལ་བ་དང༌། སྣང་བ་མིག་ལ་སོགས་པས་མི་མཐོང་བར་ཐལ་བ་དང༌། སེམས་མ་འཁྲུལ་པར་ཐལ་བ་སྟེ། དེ་གསུམ་ངོ་བོ་རྫས་གཅིག་ཡིན་པའི་ཕྱིར་རོ། །འདིའི་ཁྱད་སྔར་ཞིབ་ཏུ་ | ||

mastered (byan tshud); by introducing mind itself as empty, emptiness is sealed with bliss; by introducing emptiness as awareness, awareness itself, nondual with basic space, is precisely the dharmakāya"—they appear to cling to these words as though their meaning were specifically characterized (rang mtshan). Since this statement has all three—a basis of intention (dgongs gzhi), a purpose (dgos ched), and a valid cognition that refutes the literal sense (dngos la gnod byed)—their position does not come close to the intent of the Heart Essence. | mastered (byan tshud); by introducing mind itself as empty, emptiness is sealed with bliss; by introducing emptiness as awareness, awareness itself, nondual with basic space, is precisely the dharmakāya"—they appear to cling to these words as though their meaning were specifically characterized (rang mtshan). Since this statement has all three—a basis of intention (dgongs gzhi), a purpose (dgos ched), and a valid cognition that refutes the literal sense (dngos la gnod byed)—their position does not come close to the intent of the Heart Essence. | ||
The basis of intention: it was spoken thus in order to guide those who grasp outer objects as truly existent as something other; as Self-Arising Awareness says, "For some, appearances are taught to be mind." And this too is designated merely from the fact that appearances do not exist as something other but are appearances to a deluded mind. The purpose is merely to abandon clinging to outer objects. What refutes the literal sense: if appearances were mind, it would follow that color, shape, and so forth would be ascertained in mind by the eye and the other sense faculties, because appearances—forms and so forth—are ascertained as shape and color. And if appearances were mind, mind were emptiness, and emptiness were awareness, then, since those three would be mutually confounded, it would follow that awareness is deluded, that appearances are not seen by the eye and so forth, and that mind is not deluded—because those three would be one in essence and substance. The distinctions here were explained in detail | The basis of intention: it was spoken thus in order to guide those who grasp outer objects as truly existent as something other; as Self-Arising Awareness says, "For some, appearances are taught to be mind." And this too is designated merely from the fact that appearances do not exist as something other but are appearances to a deluded mind. The purpose is merely to abandon clinging to outer objects. What refutes the literal sense: if appearances were mind, it would follow that color, shape, and so forth would be ascertained in mind by the eye and the other sense faculties, because appearances—forms and so forth—are ascertained as shape and color. And if appearances were mind, mind were emptiness, and emptiness were awareness, then, since those three would be mutually confounded, it would follow that awareness is deluded, that appearances are not seen by the eye and so forth, and that mind is not deluded—because those three would be one in essence and substance. The distinctions here were explained in detail | ||

| style="width:50% | | style="width:50%" | [p. 267]བཤད་ལ། སྣང་བ་སེམས་ཀྱི་རྣལ་འབྱོར་དུ་བྱེད་པ་མི་གྲོལ་བར། རང་ཤར་ལས། སྣང་བ་སེམས་ཀྱི་རྣལ་འབྱོར་ནི། །ཐམས་ཅད་ང་ཡི་སེམས་ལས་བྱུང༌། །སེམས་ཉིད་རྟོགས་ན་ཅི་བྱར་ཡོད། །དེ་སྐད་ཀུན་ཏུ་རྗོད་བྱེད་པ། །ང་ཡིས་གྲོལ་བར་མ་བཤད་དོ། །ཞེས་པའི་ལུང་གིས་ཀྱང་གནོད་ལ། སེམས་མེད་པར་རྟོགས་དུས་སྣང་བ་མེད་པར་ཐལ་ལ། སེམས་འགགས་དུས་སྣང་བ་དུས་དེར་འགག་པར་ཐལ་བ་ལས། སེམས་མེད་པའི་སྐབས་སུ་སྣང་བ་འདུག་པས་ཀྱང་གནོད་དོ། །སེམས་མེད་པ་ལ་གནས་སྐབས་ལྔ་ཡོད་དེ། དབུས་མཐའ་ལས། སེམས་མེད་གཉིད་དང་བརྒྱལ་བ་དང༌། །སྙོམས་པར་འཇུག་པ་རྣམ་གཉིས་དང༌། །རྟག་ཏུ་འདུ་ཤེས་མེད་པའོ། །ཞེས་སོ། །མདོར་བསྡུ་ན། སྣང་བ་སེམས་སུ་འདོད་པ་འདི་ལོག་རྟོག་གི་མུན་པ་ཆེན་པོ་ཡིན་པས་བསལ་དགོས་སོ། །གསུམ་པ་ཆོས་ཉིད་རང་ས་ནས་གྲོལ་བའི་གནད་ཀྱིས་སྣང་བ་ལ་དགག་སྒྲུབ་མེད་པའི་གདམས་ངག་ནི། ཕྱི་ཡུལ་ལྔ་མེད་སྣང་སྟོང་པ་རང་དག་ཆུའི་ཟླ་བ་་འདྲ་བས་སྦྱང་མི་དགོས། ནང་ཡིད་ཀྱི་དྲན་རྟོག་རང་ཡལ་རྗེས་མེད་ཡིན་པས་འབད་རྩོལ་གཉེན་པོས་འཇིག་མི་དགོས། སྣང་སེམས་ཡེ་གྲོལ་ལྷུག་པ་ལ་སྤང་བླང་གི་སྒྲོ་མི་འདོགས། རིག་པ་ཟང་ཀ་གཅེར་བུ་ལ་སྤྲོས་པའི་གོས་མི་བསྐོན་པར་ཤིགས་ | ||

earlier, and it is also refuted by the scripture from Self-Arising Awareness stating that making appearances into a yoga (rnal 'byor) of mind does not liberate: | earlier, and it is also refuted by the scripture from Self-Arising Awareness stating that making appearances into a yoga (rnal 'byor) of mind does not liberate: | ||
| Line 2,276: | Line 2,315: | ||
Third, the instructions for there being neither negation nor affirmation (dgag sgrub) with regard to appearances, by the key point that the nature of phenomena is liberated in its own place: since the five outer objects are appearances of what does not exist—empty, naturally pure, like the moon in water—they need not be purified. Since the inner recollections and thoughts of the mental faculty vanish by themselves without trace, they need not be destroyed by effortful antidotes. Upon appearances and mind, primordially liberated and loose, one superimposes no abandoning and adopting (spang blang). Without clothing pristine (zang ka), naked awareness in the garments of elaboration, | Third, the instructions for there being neither negation nor affirmation (dgag sgrub) with regard to appearances, by the key point that the nature of phenomena is liberated in its own place: since the five outer objects are appearances of what does not exist—empty, naturally pure, like the moon in water—they need not be purified. Since the inner recollections and thoughts of the mental faculty vanish by themselves without trace, they need not be destroyed by effortful antidotes. Upon appearances and mind, primordially liberated and loose, one superimposes no abandoning and adopting (spang blang). Without clothing pristine (zang ka), naked awareness in the garments of elaboration, | ||

| style="width:50% | | style="width:50%" | [p. 268]སེ་བུན་ནེ་ཁྲེས་སེ་རྗེས་མེད་མཉམ་པ་ཆེན་པོར་ཁོང་གློད་ནས། སྒོ་ལྔ་རང་བྱུང་ཡེ་གདངས་སུ་འཁྲོལ་དུ་འཇུག་པ་སྟེ། དེའང་ནང་རང་གསལ་གྱི་ངོ་བོ་རིག་པ་རྗེན་ལ་བུད་ནས། དེའི་ངང་ནས་དྲན་བསམ་བཟང་ངན་ཅི་ཤར་ཡང་རིས་མེད་རང་བྱུང་ཡེ་ཤེས་ཀྱི་རང་གདངས་སུ་ཤེས་པས་རྗེས་མི་བསྙག་པར། སྣང་སེམས་ཁྲལ་མ་ཁྲོལ། སང་མ་སེང༌། འལ་མ་འོལ་གྱི་ཡོ་ལང་དུ་རྒྱ་ཕྱམ་ལ་བཏང་ན་ཀུན་ཏུ་བཟང་པོའི་དགོངས་པ་ཀློང་དུ་རང་ཤར་བ་སྟེ། ཀློང་དྲུག་པ་ལས། སེམས་ཅན་ཀུན་གྱི་རང་སྣང་ཆེ། །གཞན་ནས་བཙལ་བའི་གནས་མེད་དོ། །རང་གི་མཐུ་ཡིས་རང་རིག་པས། །སྟོང་གསུམ་འཇིག་རྟེན་གང་ནས་ཀྱང༌། །དེ་ཉིད་བཙལ་ཀྱང་རྙེད་གནས་མེད། །འཇིག་རྟེན་ཀུན་གྱི་སྤྱོད་ཡུལ་ནི། །དེ་ཉིད་སྣང་བའི་རང་བཞིན་ལ། །སུས་ཀྱང་མཐོང་བ་མེད་པ་ཡི། །སྣང་བ་རང་རིག་བདེ་བའི་ཞིང༌། །འདི་ལ་གོམས་པའི་རྣལ་འབྱོར་པས། །ཀུན་ཏུ་བཟང་པོ་ང་ཡི་སྐུ། །སྐལ་དང་ལྡན་པ་འདི་ཡིས་མཐོང༌། །ཞེས་པ་དང༌། ཡང༌། ཡུལ་ལ་རྐྱེན་རྟོག་རང་ཤར་ཚེ། །འདི་ཀུན་རང་བཞིན་མེད་ཤེས་ན། །སྣང་བ་ཐམས་ཅད་སྒྱུ་མའམ། །རྨི་ལམ་དང་ནི་གཟུགས་བརྙན་ལྟར། །མི་རྟོག་གཟུགས་བརྙན་ཆེན་པོའི་ཉམས། །སུ་ཡི་རྒྱུད་ལ་ཤར་བ་དེ། །སྣང་བ་རྣམས་ནི་ཐོག་བབས་ | ||

one relaxes from within—diffuse and open, unburdened, without trace—into great equality, and lets the five doors (sgo lnga) open out freely as self-arisen primordial radiance. That is to say: awareness, the essence of inner natural clarity, is laid bare, and from within that state, whatever good or bad recollections and thoughts arise, one knows them, without any partiality, to be the natural radiance of self-arisen primordial wisdom and does not pursue them. If appearances and mind are let go in vast evenness, in the free sway of being loose yet not loosened, clear yet not cleared, hazy yet not dim, the enlightened intent of Samantabhadra arises of itself in the expanse. From the ''Six Expanses'': | one relaxes from within—diffuse and open, unburdened, without trace—into great equality, and lets the five doors (sgo lnga) open out freely as self-arisen primordial radiance. That is to say: awareness, the essence of inner natural clarity, is laid bare, and from within that state, whatever good or bad recollections and thoughts arise, one knows them, without any partiality, to be the natural radiance of self-arisen primordial wisdom and does not pursue them. If appearances and mind are let go in vast evenness, in the free sway of being loose yet not loosened, clear yet not cleared, hazy yet not dim, the enlightened intent of Samantabhadra arises of itself in the expanse. From the ''Six Expanses'': | ||
Revision as of 22:28, 21 November 2026
Theg pa'i mchog rin po che'i mdzod, chapter 19: yang rab rtogs pas grol ba'i man ngag gi chings bstan pa · ཡང་རབ་རྟོགས་པས་གྲོལ་བའི་མན་ངག་གི་ཆིངས་བསྟན་པ
Pages 229–268 of volume 2 of the corrected base text (part 1 of 2 of Ch. 19).
Not in this part's tabs (the edition does not contain it): two volumes MW0TTBBC0007.