LONGCHENPA-PECIN-12-NA-004: Difference between revisions

From Rangjung Yeshe Wiki Texts
LONGCHENPA-PECIN-12-NA-004
Jump to navigation Jump to search
Longchenpa Project: generated page (21 November 2026)

Longchenpa Project: Tibetan in the wiki's TibetanMachineUni font; «…» notes in small print (22 November 2026)

Line 25: Line 25:

= Tibetan Text =
= Tibetan Text =

༄༅། །སྙན་བརྒྱུད་ཐུགས་ཀྱི་མེ་ལོང་བཞུགས་སོ། །

«སྙན་བརྒྱུད་ཐུགས་ཀྱི་མེ་ལོང་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་སྲས་བཅས་མ་ལུས་དང༌། རིག་འཛིན་བླ་མ་སྙན་བརྒྱུད་མཁའ་འགྲོར་བཅས། །དམ་ཅན་སྲུང་མའི་ཚོགས་ལ་ཕྱག་འཚལ་ལོ། །ཐིག་ལེ་སྙན་བརྒྱུད་ཐུགས་ཀྱི་མེ་ལོང་བྲི། །དེ་ལ་རང་བཞིན་རྫོགས་པ་ཆེན་པོ། བཀའ་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོ། ཐིག་ལེ་ཕྱི་ནང་གསང་བ་གསུམ་གྱི་ཡང་ཞུན། ཡེ་ཤེས་མིག་གཅིག་དྲི་མ་མེད་པ་བསྟན་པ་ལ་གསུམ་སྟེ། ངོ་མཚར་བརྒྱུད་པའི་ལོ་རྒྱུས། གདམས་པ་ངོ་སྤྲོད་ཀྱིས་མཚོན་ཚུལ། གཙིགས་ཆེ་བ་བཀའ་རྒྱའི་རིམ་པའོ། །དང་པོ་ནི་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། རྡོ་རྗེ་སེམས་དཔའ་ལ་དགོངས་པ་རང་བཞིན་བྱིན་གྱིས་བརླབས་གྱིས་བཤད། རྡོ་རྗེ་སེམས་དཔས་དགའ་རབ་རྡོ་རྗེ་ལ་ཚིག་སྡེབ་ལེགས་པའི་སྒོ་ནས་གསུངས། དེས་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་གསུངས། དེས་སློབ་དཔོན་ཤྲཱི་སིང་ཧ་ལ་གསུངས། དེས་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་ལ་གསུངས། གང་ཟག་སྙན་བརྒྱུད་ནི། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ལོ་ཙཱ་བ་རྨ་རིན་ཆེན་མཆོག» །«སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན་གསུམ་ལ་གསེར་ཕྱེ་མང་པོ་བསྐུར་ཏེ་གདན་འདྲེན་དུ་བཏང་བས་བྱོན་ཏེ། ཕྱི་ནང་གི་ཆོས་མང་པོ་གསུང་དུས། སྙན་རྒྱུད་འདིའི་སྣོད་བརྟགས་པའི་ཕྱིར། ཧས་པོ་རིའི་རྩེར་ཕྱིན་ཏེ་གཉགས་ལ་གཟིགས་པས་སྣོད་དུ་མ་གྱུར། ཉང་ལ་སྤྱྀར་ངེད་ལྷོ་བལ་གསེར་ལ་བརྩི། སྒོས་ང་རྒྱ་གར་ལ་འགྲོ་བས་གསེར་ལ་བརྩི། ཁྱེད་ཀྱིས་ཡུལ་གཞིས་མ་ལུས་པ་བཙོངས་ནས། ང་ལ་གསེར་སྟེར་ནུས་སམ་གསུངས་པས། ཉང་གི་བསམ་པ་ལ། རྒྱལ་པོ་དང་གཉགས་ལ་སོགས་པ་ལ་མི་འདོད་པར། ང་ལ་འདོད་པ་ཚོགས་རེ་བསགས་འབུལ་དགོས་སྙམ་པ་དེ་མཁྱེན་ནས། ཡང་ང་ལ་གསེར་དགོས་པ་མེད། སྣོད་བརྟགས་པ་ཡིན་པས་ཁྱེད་སྣོད་ལྡན་དུ་འདུག་གསུངས་ནས། དུས་དེར་སྙན་བརྒྱུད་ཉང་ལ་གསུངས། དེས་སྦས་བློ་གྲོས་དབང་ཕྱུག་ལ་གསུངས། དེས་འབྲོམ་སྟོན་རིན་ཆེན་འབར་ལ་གསུངས། དེས་གནས་བརྟན་ལྡང་མ་ལྷུན་གྱི་རྒྱལ་མཚན་ལ་གསུངས། དེས་ལྕེ་བཙུན་སེང་གེ་དབང་ཕྱུག་ལ། དེས་གུ་རུ་ཤངས་པ་རས་པ་ལ། དེས་བླ་མ་ཟབ་སྟོན་ཆོས་འབར་ལ། དེས་ཙཱ་རི་དམ་པ་དགྱཻར་ཞིག་ལ། དེས་གཉེན་སྟོན་ཤེས་རབ་རྩེ་མོ་ལ། དེས་མཉམ་མེད་སྤྲུལ་སྐུ་མཆེད་གཉིས་ལ། དེས་བླ་མ་ནམ་མཁའ་རྡོ་རྗེ་ལ། དེས་རིག་འཛིན་ཀུ་མ་རཱ་ཛ་ལ། དེས་མཁས་པ་སྣ་ཚོགས་རང་གྲོལ་ལ་གསུངས་སོ། །གཉིས་པ་གདམས་པ་ངོ་སྤྲོད་ཀྱི་མཚོན་ཚུལ་ལ་བཞི་སྟེ། གཞི་གནས་ཀྱི་གནས་ལུགས་ལ་གཞིའི་གདར་ཤ་གཅད་པ། ལམ་འཁྲུལ་པའི་འཁྲུལ་ལུགས་ལ་འཁྲུལ་པའི་གདར་ཤ་གཅད་པ། འཁྲུལ་པ་བཟློག་པའི་བཟློག་ཚུལ་དབང་པོ་རབ་འབྲིང་གི་གདམས་པའི་གདར་ཤ་གཅད་པ་འབྲས་བུ་གྲོལ་བའི་གྲོལ་ལུགས་ལ་བར་དོ་དྲུག་གི་གདར་ཤ་གཅད་པའོ། །དང་པོ་ལ་གཉིས་ཏེ། ཡེ་ཐོག་གཞིའི་གནས་ལུགས་དང༌། ཀུན་ཏུ་བཟང་པོའི་གྲོལ་གཞིའོ། །དང་པོ་ནི་འཁོར་འདས་གང་དུ་ཡང་མ་གྲུབ་པའི་སྔོན་རོལ་ན། རིག་པ་རང་བྱུང་གི་ཡེ་ཤེས་དེ་མཚན་ཉིད་ལྔ་ལྡན་དུ་གནས་ཏེ། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་འགགས་པ་མེད་པ། ཡོན་ཏན་འགྱུར་བ་མེད་པ་འཕྲིན་ལས་ཐོགས་པ་མེད་པ་རྣམས་སོ་སོ་མ་ཡིན་ཐ་མི་དད་པ་གདོད་མའི་དབྱིངས་གཅིག་ཏུ་བཞུགས་སོ། །གཉིས་པ་ནི་ངོ་བོ་སྟོང་པའི་ངང་ལས། རང་བཞིན་གསལ་བའི་གདངས་ཕྱིར་ཤར་དུས། ཐུགས་རྗེ་རིག་པ་ཡེ་ཤེས་ཀྱི་རང་སྣང་དུ་ངོ་ཤེས་པས། ཡོན་ཏན་སྐུ་དང་ཡེ་ཤེས་སུ་ཤར་བའི་གཞི་སྣང་ཕྲིན་ལས་ཐོགས་པ་མེད་པར། ནང་དབྱིངས་ངོ་བོ་ཀ་དག་ཏུ་གྲོལ་ནས། གཞི་ཐོགས་ལས་མ་གཡོས་པར་སངས་རྒྱས་པའོ། །དེ་ཡང་ཀུན་ཏུ་བཟང་པོ་ནི། ཐོག་མར་གཞི་དོན་ལ་མཁས་པས་ངོ་བོ་འཕོ་འགྱུར་མེད་པར་རྟོགས། བར་དུ་རྒྱུ་དང་རྐྱེན་ལ་མཁས་པས་གཞི་སྣང་འོད་ལྔ་རང་གདངས་སུ་རྟོགས། ཐ་མ་རང་ཤར་རང་གྲོལ་ལ་མཁས་པས། རང་དངས་གཞི་གྲོལ་རང་ས་ཟིན་པའི་ཚུལ་གྱིས་ཐོག་མའི་མགོན་པོར་བྱུང་བ་ནི། མཁས་པ་ཆེན་པོ་བཅོམ་ལྡན་འདས། །ཞེས་སོ། །ལམ་འཁྲུལ་པའི་གདར་ཤ་གཅད་པ་ནི། གཞི་ལས་གཞིར་སྣང་ཤར་བ་དེ་ངོ་མ་ཤེས་པས་འཛིན་རྟོག་སྐྱེས་པས་འཁོར་བར་འཁྱམས་ཏེ། གཞི་མཚན་ཉིད་ལྔ་ལྡན་གྱི་རང་གདངས་འོད་ལྔ་རང་གདངས་སུ་མ་ཤེས་པར། ཡུལ་དང་ཡུལ་ཅན་གཟུང་འཛིན་གྱིས་རྣམ་པར་སྤྱད་པས། རང་སྣང་འཁོར་བའི་འཁྲུལ་སྣང་དུ་གྲུབ་པ་ ནི། ངོ་བོ་སྟོང་པར་མ་ཤེས་པས་རིག་པ་གཞི་ལས་མ་འཕགས། རང་བཞིན་གསལ་བར་མ་ཤེས་པས་ལུས་དང་ཡུལ་དུ་འཁྲུལ། ཐུགས་རྗེ་འགག་མེད་མ་ཤེས་པས་རྟོགས་ཚོགས་སེམས་སུ་ཤར། ཡོན་ཏན་འགྱུར་མེད་མ་ཤེས་པས»་« རང་རྩལ་སྐྱོན་གྱི་རྣམ་པར་སྣང༌། །ཕྲིན་ལས་ཐོགས་མེད་མ་ཤེས་པས»་«འཁོར་བ་མཐོ་དམན་དུ་བརྒྱུད་ཅིང་འཁོར་ནས། སྐྱེ་བ་བཞི་སོ་སོའི་ལུས་དང༌། གནས་དང༌། བདེ་སྡུག་གི་འཁྲུལ་སྣང་དུ་མ་ལ་རྨི་ལམ་ལྟར་སྤྱོད་པའོ། །འཁྲུལ་པ་བཟློག་ཚུལ་ནི། དབང་པོ་གསུམ་ལ་གདམས་ཚུལ་བཞིའི་ཤེས་པར་བྱ་བ་ལས། དབང་པོ་རབ་ཀྱིས་ཆོས་ལྔ་ནི། སྣང་བ་སེམས་སུ་གཏན་ལ་དབབ། སེམས་ཉིད་སྟོང་པར་གཏན་ལ་དབབ། སྣང་སྟོང་དབྱེར་མེད་དུ་གཏན་ལ་དབབ། དུ་མ་རོ་གཅིག་ཏུ་གཏན་ལ་དབབ། ཡེ་ཤེས་རྒྱུན་ཆགས་སུ་གཏན་ལ་དབབ་པའོ། །འབྲིང་ལ་དཔེ་ལྔས་གཏན་ལ་དབབ་པ་ནི། གཉིད་དང་རྨི་ལམ་དཔེས་མཚོན་ནས། །སྣང་བ་སེམས་སུ་གཏན་ལ་དབབ། »།«ནམ་མཁའ་སྟོང་པའི་དཔེས་མཚོན་ནས། །སེམས་ཉིད་སྟོང་པར་གཏན་ལ་དབབ། «དཔེ་དོན་གཅིག་ཆད་སོང་མཆན༌། «ཆབ་དང་ཆབ་རོམ་གྱི་དཔེས་མཚོན་ནས། »།«དུ་མ་རོ་གཅིག་ཏུ་གཏན་ལ་དབབ། »།«ཆུ་བོ་རྒྱུན་ཆགས་ཀྱི་དཔེས་མཚོན་ནས། »།«ཡེ་ཤེས་རྒྱུན་ཆད་མེད་པར་གཏན་ལ་དབབ་པའོ། །གང་ཟག་གཅིག་གི་ཆ་རྐྱེན་ལ། །སྣང་བ་དང་སྲིད་པའི་ཆོས་ཐམས་ཅད་བསྡུ་ན། བཀའ་རྫོགས་པ་ཆེན་པོར་འདུས། དེ་ཡང་ལྟ་བ་སྒོམ་པ་སྤྱོད་པ་འབྲས་བུ་བཞིར་འདུས་ཏེ། ལྟ་བ་རིག་པ་སྟོང་པ། སྒོམ་པ་རང་གདངས་རང་གསལ་བ། སྤྱོད་པ་ཆགས་སྡང་རང་གྲོལ། འབྲས་བུ་བྲི་མེད་ཟང་ཐལ་ལོ། །དབང་པོ་འབྲིང་ལ་རྒྱན་བཞི་གདགས་པ་ནི། ལྟ་བ་སྟོང་པ་ལ་ཡེ་ཤེས་ཀྱི་རྒྱན་གདགས། སྒོམ་པ་རང་གསལ་ལ་འཛིན་མེད་ཀྱི་རྒྱན་གདགས། སྤྱོད་པ་རང་གྲོལ་ལ་རང་རྒྱུད་ཞི་བའི་རྒྱན་གདགས། འབྲས་བུ་དྲི་མེད་ཟང་ཐལ་རིག་པ་གཅེར་བུའི་རྒྱན་གདགས་སོ། །ཡང་གང་ཟག་གཅིག་གི་ཆ་རྐྱེན་ལ། ལྟ་སྒོམ་སྤྱོད་ཐབས་དང་བཞིར་འདུས་ཏེ། འབྲས་བུ་ཤུགས་ལ་འཆར་རོ། །དེ་ཡང་ལྟ་བ་མ་བཅོས་པ། སྒོམ་པ་མི་རྟོག་པ། སྤྱོད་པ་མ་ཞེན་པ། ཐབས་མ་ཡེངས་པའོ། །ངོ་སྤྲོད་བཞི་ལ། ལྟ་བ་མ་བཅོས་པ་གཉུག་མའི་ཤེས་རབ་ངོ་སྤྲད། སྒོམ་པ་མ་བཅོས་པ་ཐ་མལ་གྱི་ཤེས་པར་ངོ་སྤྲད། སྤྱོད་པ་མ་ཞེན་པ་ཚོགས་དྲུག་ལྷུག་པར་ངོ་སྤྲད། ཐབས་མ་ཡེངས་པ་དྲན་པ་རྒྱུན་ཆགས་སུ་ངོ་སྤྲད་དོ། །གང་ཟག་དབང་པོ་རབ་འབྲིང་ཐ་མ་གསུམ་གྱི་ཆ་རྐྱེན་ལ། སྡེ་སྐོར་ཉི་ཤུ་རྩ་གཅིག་གིས་མ་ཚང་བ་མེད་པར་བསྟན་པ་ལས། དབང་པོ་རབ་ལ་ཡིན་ལུགས་ཤེས་པ། ངང་ལ་གནས་པ། ཐད་ཀར་ཆོད་པ། སེམས་ལ་ཕན་པ། དྲན་པ་ཟིན་པ། རྣམ་རྟོག་མི་སྐྱེ་བ། མངོན་དུ་གྱུར་པ་དང་བདུན་ནོ། །གཞག་ཐབས་གསུམ་ནི། ནམ་མཁའི་སྤྲིན་ལྟར་གཞག་པ། ཆུ་ཆད་པའི་རང་འཐག་ལྟར་གཞག་པ། ལས་ཟིན་པའི་སྐྱེས་བུ་ལྟར་གཞག་པའོ། །དབང་པོའི་འབྲིང་ལ། ཡིན་ལུགས་མ་ཤེས་ན་གོལ་སྒྲིབ་ཀྱི་གདར་ཤ་མི་ཆོད། ངང་ལ་མ་གནས་ན་ཤེས་པ་རྐྱེན་ཁར་འཆོར། ཐད་ཀར་མ་ཆོད་ན་ཡུལ་གྱི་རྗེས་ཕྱིར་འབྲང༌། སེམས་ལ་མ་ཕན་ན་སྐྱེ་བོ་ཐ་མལ་པ་དང་འདྲ། དྲན་པས་མ་ཟིན་ན་དུག་ལྔ་དུག་གསུམ་དུ་འཆོར། རྟོག་མེད་མ་བྱུང་ན་ཉོན་མོངས་པ་རང་ཁར་འཆོར། མངོན་དུ་མ་གྱུར་ན་འཁོར་བའི་ས་བོན་བྱེད་པས་གདར་ཤ་གཅད་ཐབས་དང་བདུན་ནོ། །བཙའ་ཐབས་གསུམ་ནི། རྟ་དམུ་རྒོད་ལྟ་བུར་བཙའ་བ། རྒྱལ་པོའི་བཙུན་མོ་ལྟ་བུར་བཙའ་བ། ཡིད་བཞིན་གྱི་ནོར་བུར་ལྟ་བུར་བཙའ་བའོ། ། དབང་པོ་ཐ་མ་ཡིན་ལུགས་ཤེས་པ་ལ། གདེང་དང་ལྡན་ནམ་མི་ལྡན་བརྟག» «། ངང་ལ་གནས་པ་ལ་ཕན་གནོད་འདུག་གམ་མི་འདུག་བརྟག» «།ཐད་ཀར་ཆོད་པ་ལ་དུག་ལྔར་འཆོར་རམ་མི་འཆོར་བརྟག །སེམས་ལ་ཕན་པ་ལ་གཞི་རྩ་ཆོད་དམ་མི་ཆོད་བརྟག» «།དྲན་པས་ཟིན་པ་ལ་རང་སར་གྲོལ་ལམ་མི་གྲོལ་བརྟག» «། རྟོག་མེད་བྱུང་བ་ལ་གསལ་ཆ་ཐོན་ནམ་མ་ཐོན་བརྟག» «།མངོན་དུ་གྱུར་པ་ལ་མཁན་པོ་འདུག་གམ་མི་འདུག་བརྟག་པ་དང་བདུན་ནོ། །ངོ་སྤྲོད་རྣམ་པ་གསུམ་ནི། མིག་གི་ཡུལ་དུ་གཟུགས་སྡུག་མི་སྡུག་གཉིས་ལས། སྣང་བ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུར་ངོ་སྤྲད་དོ། །རྣ་བའི་ཡུལ་དུ་སྒྲ་སྙན་མི་སྙན་གཉིས་ལས། ལུང་སྟོང་གི་བྲག་ཆ་ལྟ་བུར་ངོ་སྤྲད་དོ། །ཡིད་ཀྱི་ཡུལ་དུ་དྲན་རྟོག་དགག་སྒྲུབ་ཀྱི་འཕྲོ་འདུ་ཐམས་ཅད་ཁང་སྟོང་སྤྲེའུ་ལྟ་བུར་ངོ་སྤྲད་ དོ། །དེ་ལྟར་སྡེ་སྐོར་ཉི་ཤུ་རྩ་གཅིག་ཐབས་དགུ་སྟེ་སུམ་ཅུས་དབང་པོ་གསུམ་གྱི་ཉམས་ལེན་བསྟན་པའོ། །གང་ཟག་གཅིག་གི་ཆ་རྐྱེན་ལ། ལྟ་བའི་ངོ་བོ་སྟོང་པ་འགྱུར་མེད། སྒོམ་པའི་ངོ་བོ་རང་གསལ་འཛིན་མེད། སྤྱོད་པའི་ངོ་བོར་རང་ཤར་རིས་མེད། གདམས་ངག་གི་ངོ་བོ་ཡིན་ལུགས་བསླད་མེད། འབྲས་བུའི་ངོ་བོ་རྣམ་དག་དྲི་མེད་དོ། །ཡང་གང་ཟག་གཅིག་གི་ཆ་རྐྱེན་ལ། ལྟ་སྒོམ་སྤྱོད་འབྲས་ཀྱི་ལས་བཞི་བསྟན་པ་ནི། ལྟ་བའི་ལས་སུ་གཟུང་འཛིན་སྤང༌། ། སྒོམ་པའི་ལས་སུ་ཉོན་མོངས་སྤང༌། །སྤྱོད་པའི་ལས་སུ་ཕྱོགས་རིས་སྤངས། ། འབྲས་བུའི་ལས་སུ་རེ་དོགས་སྤང་ངོ༌། །བླ་མ་དམ་པའི་གདམས་ངག་གིས་འཇིག་རྟེན་གྱི་བྱ་བ་གཏང༌། བྱ་བ་མ་ཐེངས་ན་སྐྱེ་བོ་ཐ་མལ། ཐེངས་ན་དོན་གྱི་སྐྱེས་བུ། འགྱུར་མེད་སྟོང་པའི་ལྟ་བས་ཕྱི་ནང་གི་གཟུང་འཛིན་སྤང༌། གཟུང་འཛིན་མ་སྤངས་ན་ཁ་ལྟ་གོག་པོ། སྤངས་ན་དོན་གྱི་རྣལ་འབྱོར། རང་གསལ་འཛིན་མེད་སྒོམས་པས་དུག་ལྔ་རང་རྒྱུད་ཀྱི་ཉོན་མོངས་སྤང༌། ཉོན་མོངས་མ་སྤངས་ན་མིང་གི་སྒོམ་ཆེན། སྤངས་ན་དོན་གྱི་རྒྱས་སྲས། རང་ཤར་རིས་མེད་ཀྱི་སྤྱོད་པས་བཟང་ངན་བླང་དོར་གྱི་ཕྱོགས་རིས་སྤང༌། ཕྱོགས་རིས་མ་སྤངས་ན་སྤྱོད་པ་ཚུལ་འཆོས། སྤངས་ན་དོན་གྱི་འཁྲུལ་ཞིག» «།རྣམ་དག་དྲི་མེད་ཀྱི་འབྲས་བུ་གཉིས་འཛིན་རེ་དོགས་ཀྱི་འཁྲིས་སྤང༌། རེ་དོགས་མ་སྤངས་ན་ཕྱི་དུས་ཀྱི་ཡིད་སྨོན། སྤངས་ན་དོན་གྱི་སངས་རྒྱས་སོ། །ཚད་བཞི་བསྟན་པ་ནི། གཟུང་འཛིན་གཉིས་སུ་མེད་ན་ལྟ་བ་ཚད་དུ་སྐྱོལ། བྱིང་རྒོད་གཡེང་བ་མེད་ན་སྒོམ་པ་ཚད་དུ་སྐྱོལ། ཞེན་ཆགས་མཁའ་ལྟར་དག་ན་སྤྱོད་པ་ཚད་དུ་སྐྱོལ། སེམས་ལ་དྲི་མ་མེད་ན་ཉམས་མྱོང་ཚད་དུ་སྐྱོལ། འཁོར་འདས་དབྱེ་བསལ་མེད་ན་འབྲས་བུ་ཚད་དུ་སྐྱོལ། དཔེ་ལྔ་ནི། སྣང་བ་རང་དངས་ཀྱི་གདམས་ངག་དཔེ་ཆར་པ་ལྟ་བུ། མཉམ་གཞག་གི་རིག་པ་དཔེ་གསེར་ལྟ་བུ། རྗེས་ཐོབ་གཉུག་མར་གནས་པ་དཔེ་བུ་ཆུང་ལྟ་བུ། དུས་གསུམ་རྒྱུན་དུ་གསན་པ་དཔེ་ཆུ་བོ་ལྟ་བུ། བརྗོད་བྱ་ལས་འདས་པ་དཔེ་ནམ་མཁའ་ལྟ་བུའོ། །ཡང་གང་ཟག་གཅིག་གི་ཆ་རྐྱེན་ལ། འཁོར་འདས་འཁྲུགས་པར་བྱེད་པས་གོ་བཞི་བགོ» «། ཆིངས་བཞི་བཅིངས། མཚོན་བཞྀ་ཐོགས་དགྲ་བཞི་གསད་པའོ། །གོ་བཞི་ལ། དད་པའི་གོ་བསྐོན་ལ་དཀའ་བ་བཟོད་པར་བྱ། ཐོས་པའི་གོ་བསྐོན་ལ་ཕྱི་ནང་གི་སྒྲོ་འདོགས་གཅད། བརྩོན་འགྲུས་ཀྱི་གོ་བསྐོན་ལ་སྒྲུབ་པ་ཉམས་སུ་བླང༌། དམན་པའི་གོ་བསྐོན་ལ་གྲགས་པའི་ས་མི་གཟུང་བའོ། །ཆིངས་བཞི་ལ། བཀའ་གཉིས་ལ་མི་འགོད་པའི་ཆིངས། གདམས་ངག་ལ་ཐེ་ཚོམ་མི་ཟ་བའི་ཆིངས། ཉམས་ལེན་ལ་ཡལ་བར་མི་གཏོང་བའི་ཆིངས། དངོས་པོ་རང་རྒྱུད་པར་མི་འཛིན་པའི་ཆིངས་སོ། །མཚོན་བཞི་ལ། ལྟ་བའི་མཚོན་ཐོགས་ལ»་« ཕྱོགས་རིས་ཀྱི་དགྲ་གསད། སྒོམ་པའི་མཚོན་ཐོགས་ལ་བྱིང་རྒོད་ཀྱི་དགྲ་གསད། སྤྱོད་པའི་མཚོན་ཐོགས་ལ་ཚུལ་འཆོས་ཀྱི་དགྲ་གསད། འབྲས་བུའི་མཚོན་ཐོགས་ལ་རེ་དོགས་ཀྱི་དགྲ་གསད་དོ། །དགྲ་བཞི་གསད་པ་ལ། ཕྱིའི་དགྲ་འཇིག་རྟེན་གྱི་ཆོས་བརྒྱད་གསད། ནང་གི་དགྲ་དུག་ལྔ་དུག་གསུམ་གསད། གསང་བའི་དགྲ་ང་དང་བདག་འཛིན་གསད། དེ་ཁོ་ན་ཉིད་ཀྱི་དགྲ་མ་རིག་པ་གསད་དོ། །དེ་ལྟར་ཉམས་སུ་བླངས་པའི་རྣལ་འབྱོར་པ་དེ་ཉིད། རྒྱ་བཞིའི་སྒོ་ནས་སངས་རྒྱས་བ་ནི། སེང་གེ་མངལ་རྒྱའི་ཚུལ་དུ་སངས་རྒྱ་བ། ཁྱུང་སྒོང་རྒྱའི་ཚུལ་དུ་སངས་རྒྱ་བ། ཉི་ཟླ་གའུ་ཁ་སྦྱོར་གྱི་ཚུལ་དུ་སངས་རྒྱ་བ། རྣལ་འབྱོར་པ་ལུས་རྒྱའི་ཚུལ་དུ་སངས་རྒྱ་བར་བསྟན་པའོ། །འབྲས་བུ་གྲོལ་བའི་གྲོལ་ལུགས་བར་དོ་དྲུག་གི་གདར་ཤ་གཅད་པ་ལ་གསུམ་སྟེ། བར་དོའི་ངོ་བོ། །ངེས་ཚིག» «།དབྱེ་བའོ། ། ངོ་བོ་ནི་དབྱིངས་ལས་གཞི་སྣང་བསྐྱོད་ནས། དབྱིངས་སུ་མ་གྲོལ་གྱི་བར་གྱི་རང་སྣང་བཟང་ངན་ཀུན་ཡིན་ཏེ། དག་པ་མྱང་འདས་ཀྱི་སྣང་བ་ཆོས་ཉིད་འོད་གསལ་སྐུ་དང་ཡེ་ཤེས་སུ་སྣང་བ་དང༌། མ་དག་པ་འཁོར་བའི་འཁྲུལ་སྣང་ཚེ་སྔ་ཕྱི་བར་དོ་རྨི་ལམ་དང་བཅས་པ་དང༌། ལམ་པ་ཏིང་ངེ་འཛིན་གྱི་ཉམས་སྣང་རྩལ་འཕང་དང་བཅས་པ་སྟེ། རིག་པ་ལས་ཕྱི་ནང་དུ་ཤར་བ་ཐམས་ཅད་དོ། །ངེས་ཚིག་ནི། རིག་པ་རང་མལ་དུ་གནས་པ་དང༌། རང་ས་ཟིན་པའི་བར་གྱི་ཆོས་ཡིན་པས། བར་ཞེས་བྱ། གཞི་སྣང་ཡིན་པས་མ་ཞེས་བྱ། འཁོར་འདས་གཉིས་འབྲེལ་གྱི་སྣང་བ་ཡིན་པས་དོ་ཞེས་བྱའོ། །དབྱེ་ན་དྲུག་སྟེ། རང་བཞིན། ཏིང་ངེ་འཛིན། རྨི་ལམ། འཆི་ཁ། ཆོས་ཉིད། སྲིད་པའི་བར་དོའོ། དང་པོ་ནི། སྐྱེས་ནས་འཆི་རྐྱེན་གྱི་ནད་ཀྱིས་མ་བཏབ་པའི་བར་གྱི་ཚོགས་དྲུག་ཡུལ་སྣང་ལ་སྤྱོད་པའི་རང་དུས་ཐམས་ཅད་སྟེ། རིག་པ་ཆོས་ཉིད་ཀྱི་དོན་ལ་ཐོས་བསམ་གྱི་སྒྲོ་འདོགས་གཅོད་པ། ཐི་བྱ་ཚང་དུ་འཇུག་པ་ལྟ་བུས་དོན་ཉམས་སུ་བླང་ཤིང་ཐམས་ཅད་རང་སྣང་དུ་ཐག་གཅོད་པ་ནི། ལྷ་རྒྱུད་ལས། ཕར་བལྟས་པས་ནི་ཚུར་གསལ་བ། །མེ་ལོང་བྱད་ཀྱི་དཔེ་བཞིན་ནོ། །ཞེས་སོ། །གཉིས་པ་རིག་པ་སྟོང་གསལ་གྱི་ངང་ལ། གདངས་མ་འགགས་པར་སལ་ལེ་སིང་དེ་ཝལ་ལེ་བཞག་པས། ནམ་མཁའི་ཡུལ་དུ་འཇའ་ཚོན་ཤར་བ་ལྟ་བུ་ཉམས་སུ་བླང་སྟེ། སེམས་ལུང་ལས། གསལ་ལ་ཡུལ་མེད་མི་གཡོ་ བར། །རྣལ་འབྱོར་དག་པའི་དགོངས་པ་བསྟན། །ཞེས་སོ། །གསུམ་པ་ནི། གཉིད་འཇུག་པ་ནས་མ་སད་ཀྱི་བར་སྒོ་ལྔའི་ཡུལ་འཛིན་ནང་དུ་བསྡུས་ནས། ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ་ཡིད་ཤེས་གཅིག་ཏུ་ལངས་པའི་སྐབས་ཐམས་ཅད་དོ། །འདིར་ཉམས་སུ་བླང་བ་ལ་གཉིད་དུ་འགྲོ་ཁར། གསལ་ལ་རྟོག་པ་མེད་པའི་དོན་ངོས་བཟུང་ལ་མ་ཡེངས་པར། དེའི་ངང་ལ་ཏིང་ངེ་འཛིན་འཕྲོ་འཐུད་པས། རྨི་ལམ་གྱི་འཁྲུལ་པ་འགགས་པ་ཆུ་བོའི་གཞུང་ལྟ་བུ་སྟེ། ཀྱཻ་རྡོ་རྗེ་ལས། ཆུ་བོའི་རྒྱུན་ནི་རང་བབ་ཅིང༌། །མར་མེའི་རྩེ་ནི་རབ་གསལ་བས། །ཉིན་མཚན་རྟག་ཏུ་རྣལ་འབྱོར་པས། །འདི་ཉིད་འབར་ཞིག་སྤྱད་པར་རིགས། །ཞེས་སོ། །བཞི་པ་ནི། འཆི་རྐྱེན་གྱིས་ཟིན་ནས་འབྱུང་བཞི་སོ་སོའི་ཆ་ལ་ཐིམ་པའི་ཚེ། །ཤེས་པ་ཟ་ཟི་ཕྱད་ཕྱོད་ཆད་ཆོད་བན་བུན་དུ་གྱུར་ཏེ། སྔར་བསྒོམས་པའི་དོན་དང་བར་དོའི་གདམས་ངག་ལ་རྩེ་གཅིག་མ་ཡེངས་པར་བྱ་བ། ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟ་བུ་སྟེ། སེམས་ལུང་ལས། འཆི་ཁ་བར་དོའི་དེ་ཉིད་དུ། ། མ་ཡེངས་དྲན་པས་ངོས་བཟུང་བ། ཁབ་མིག་སྐུད་པ་ཇི་བཞིན་ནོ། །ཞེས་སོ། ལྔ་པ་ནི། ནམ་མཁའ་འོད་གསལ་ལ་ཐིམ་པས། ཕྱི་ས་རྡོ་རི་བྲག་གི་སྣང་བ་འགགས་ཏེ། སྣང་བ་ཡེ་ཤེས་ལྔའི་ཞིང་ཁམས་སུ་རང་སྣང༌། ནང་སེམས་དང་སེམས་བྱུང་གི་འཁྲུལ་རྟོགས་འགགས་ཏེ། རང་བཞིན་གྱི་ཏིང་ངེ་འཛིན་ལ་རང་གནས། སྣང་སྲིད་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་ཞིང་ཁམས་སུ་རང་ཤར་ཏེ། ལོངས་སྤྱོད་རྫོགས་པ་སྐུའི་དཀྱིལ་འཁོར་དུ་གསལ་བའི་ཚེ། རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་པ་དྲན་པར་བྱས་པས། གཞི་སྣང་དབྱིངས་སུ་ཐིམ་ནས་སངས་རྒྱས་ཏེ། སྐད་ཅིག་གཅིག་གིས་བྱེ་བྲག་ ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་སོ། །དེའི་ཚེ་ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་དག་པས་འཁོར་བར་སྐྱེ་བའི་རྒྱུ་མེད། འོད་ལྔ་ཀ་དག་གི་དབྱིངས་སུ་ཐིམས་པས་ཡུལ་གྱི་འཁྲུལ་གཞི་རང་ལོག །རང་རིག་གདོད་མའི་ངང་དུ་གྲོལ་བས་ང་བདག་གི་འཛིན་པ་སྟོང༌། སྒོ་གསུམ་སྐུ་གསུམ་ཐུགས་སུ་གྲོལ་བས། ཁམས་གསུམ་འཁྲུལ་པའི་བྱུང་ཁུངས་ཟད། ཕྱི་གཟུང་བའི་ཡུལ་མེད་པས་སྐྱེ་བའི་གནས་མེད། ནང་འཛིན་པའི་སེམས་མེད་པས་སྐྱེ་མཁན་གྱི་སེམས་ཅན་མེད། འཁོར་འདས་དང་པོའི་གཞིར་གྲོལ་བས། གནས་ལུགས་ཆོས་སྐུ་ཉག་ཅིག་གི་ཀློང་དུ་སངས་རྒྱས་སོ། །དེའི་ཚེ་སྐུ་ལས་འདས་པའི་ཡེ་ཤེས་གཏིང་གསལ་གྱི་ཀློང་དུ་སངས་རྒྱས་པས། ཡུལ་ལས་འདས་པ་ཆོས་སྐུ་མཁའ་ཁྱབ་དག་པའི་ཀློང་དུ་སངས་རྒྱས། གཉིས་མེད་ལས་འདས་པ་སངས་རྒྱས་ཀྱི་དགོངས་པ་ཐུགས་ཡང་དག་པའི་ཀློང་དུ་སངས་རྒྱས། ཆོས་ལས་འདས་པ་ལྷུན་གྲུབ་ཡེ་ཤེས་ལྔའི་ཀློང་དུ་སངས་རྒྱས། གཞི་ལས་འདས་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཀློང་དུ་སངས་རྒྱས་པའོ། དེ་ཡང་གཞིའི་དུས་སུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད། རང་ངོ་ཤེས་པས་གྲོལ་དུས་འབྲས་བུར་དག་པས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱ་ལ། དེ་ཉིད་ཀྱང་ནང་གསལ་ཐམས་ཅད་མཁྱེན་པ་དང༌། ཕྱི་གསལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་སྣང་བས་དོན་གཉིས་ལྷུན་གྱིས་གྲུབ་སྟེ། གདོད་མའི་དབྱིངས་ལས་འཕོ་འགྱུར་མེད་པར་བཞུགས་སོ། །དྲུག་པ་སྲིད་པའི་བར་དོ་ནི། ཆོས་ཉིད་ཀྱི་བར་དོ་ངོ་མ་ཤེས་པས། རང་ཡལ་བའི་རྗེས་ལ་སྐྱེ་བ་འདིའི་ལུས་ནི་བྲལ། ཕྱི་མའི་ལུས་ནི་མ་ལོན་པའི་བར་དེར། རྨི་ལམ་གྱི་ལུས་དང་སྣང་བ་ལྟར་ཤེས་པ་ད་ལྟ་བས་བདུན་འགྱུར་གྱིས་གསལ་བ། དབང་པོ་ཀུན་ཚང་བ། མའི་མངལ་དང་རྡོ་རྗེ་གདན་མ་གཏོགས་གང་ལའང་ཐོགས་པ་མེད་པར་འགྲོ་བ། ལས་ཀྱི་རྫུ་འཕྲུལ་དང་ལྡན་པ། ཕར་ལ་ཐམས་ཅད་མཐོང་བ། ཚུར་ལ་རང་གི་རིགས་དང་ལྷའི་མིག་ཅན་ལས་གཞན་གྱིས་མི་མཐོང་ལ། ཤེས་པ་རྟེན་དང་བྲལ་བས་རང་བཞིན་གྱིས་ཉམ་ང་ཞིང་བག་གྲང་བ་ལ། ཕྱད་ཕྱོད་བན་བུན་ཙམ་དུ་གནས་པས་ལུས་འཚོལ་བ་ལ་རྒྱུག་པའོ། །དེའི་ཚེ་ཡུར་བ་རྐང་ཆད་ལ་ཝ་འཛུག་པ་ལྟ་བུའི་གདམས་ངག་དྲན་པར་བྱ་བ་ནི། རབ་ཀྱིས་བདེན་མེད་དུ་ཤེས་པས་འཛིན་མེད་དུ་གྲོལ་ལོ། །འབྲིང་གིས་སྒྱུ་མར་ཤེས་པས་རང་བྱུང་གི་བསྐྱེད་རྫོགས་སུ་གྲོལ་ལོ། །ཐམས་ཞིང་དག་པའི་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དང༌། སྨོན་ལམ་འདུན་པས་ཕ་མ་དད་པ་ཅན་གྱི་བུ་ཚར་དལ་འབྱོར་གྱི་ལུས་སུ་སྐྱེས་ནས་ཟབ་མོ་གནད་ཀྱི་མན་ངག་སྲིད་པ་ཐ་མའི་ཆོས་དང་འཕྲད་དེ། སྐྱེ་བ་དེ་ཉིད་དམ། བར་དོར་མངོན་པར་རྫོགས་པར་སངས་རྒྱས་པའོ། །དེ་དག་ནི་བར་དོ་དྲུག་གི་གདར་ཤ་གཅད་པའོ། །དོན་གསུམ་པ་གཙིགས་ཆེ་བ་བཀའ་རྒྱའི་རིམ་པ་ནི། ཐུན་བཞིར་ཉམས་ལེན་ལ་འབུངས། རྟག་ཏུ་བླ་མ་དྲན་པར་བྱ། གསང་བའི་མན་ངག་སྣོད་མིན་ལ་མི་བཤད། ལས་རྒྱུ་འབྲས་ལ་མི་གཤེ། དག་སྣང་དང་མོས་གུས་ཆེར་བྱ། ཁྱད་པར་དུ་ཆོས་འདི་མཁའ་འགྲོས་བདག་བྱས་པས་རབ་ཏུ་གསང་ལ་ཉམས་སུ་བླང་བར་བྱའོ། །རྩ་བ་དམ་ཚིག་ཡིན་པས་བླ་མ་དང་མཆེད་ལྕམ་ལ་སྒོ་གསུམ་གྱི་འཁྲུལ་པ་སྡོམ་ཞིང་མོས་གུས་དང་སྲི་ཞུ་བྱའོ། །རབ་ཟབ་བླ་མའི་མན་ངག་སྙིང་པོ་ལས། »།«མཆོག་ཏུ་ཡང་ཟབ་རྡོ་རྗེ་སྙིང་པོའི་རྩཻ། །ཕྱི་རབས་དོན་དུ་ཡི་གེར་བཀོད་པ་ཡིས། །མ་ལུས་འགྲོ་ཀུན་མངོན་པར་བྱང་ཆུབ་ཤོག» «། བདག་དང་བདག་གིར་འཛིན་པས་རབ་འཁྲུལ་ཏེ། །སྐྱེ་བར་སྐྱེ་ཤིའི་རྒྱ་མཚོ་འཁོར་དུས་འདིར། །རང་སྣང་རང་རིག་སྙིང་པོའི་དོན་བསྒོམས་ནས། །མི་གནས་མི་དམིགས་མྱ་ངན་འདས་ཐོབ་ཤོག» «།ཚུལ་འདི་དྲི་མེད་ཆོས་དབྱིངས་ནམ་མཁའ་ལ། །བློ་གྲོས་འོད་ཟེར་སྟོང་ཕྲག་རབ་འཕྲོ་བས། »།«རང་གཞན་ཡིད་མཁའི་མུན་པ་སེལ་བ་དེས། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་བཀོད། །སྙན་བརྒྱུད་ཐུགས་ཀྱི་མེ་ལོང་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས། གངས་རི་ཐོད་དཀར་གྱི་མགུལ་དུ་སྦྱར་བ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ།། །།

= Source =
= Source =
This page is a cleaned copy of the following rywikitexts page, which stay unchanged:

* [[Klong chen rab byams gsung 'bum/volume 012 388]] (revision 10856, 2020-03-22)

Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept: in this e-text they enclose the small-print notes of the print.
Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden.

Part of the [[Longchenpa Collected Works]] ([[Longchenpa Collected Works/About|about this project]]).

<headertabs/>
<headertabs/>

Latest revision as of 21:16, 21 November 2026

ཡེ་གྲོལ་སོར་བཞག klong chen rab 'byams kyi gsung 'bum (pe cin 2009)· Volume 12(NA) སྙན་བརྒྱུད་དོན་གྱི་མེ་ལོང

Title སྙན་བརྒྱུད་ཐུགས་ཀྱི་མེ་ལོང
Wylie snyan brgyud thugs kyi me long

Author Longchenpa ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
Location klong chen rab 'byams kyi gsung 'bum (pe cin 2009), volume 12(NA), text 4, pages 48–59 (BDRC scan pages)
Section snying thig ya bzhi › zab mo yang tig

Tibetan text E-text from the typeset Pe cin edition (input 2020 on rywikitexts), cleaned 21 November 2026; not proofread against the print.
BDRC MW1KG4884, outline 1.5.2.06
Citation Klong chen rab 'byams pa. snyan brgyud thugs kyi me long. In Kun mkhyen klong chen rab 'byams kyi gsung 'bum, vol. 12, pp. 48–59. Pe cin: Krung go'i bod rig pa dpe skrun khang, 2009. BDRC MW1KG4884.
Notes Title from the first line of the e-text; text boundaries and page numbers from the BDRC outline of MW1KG4884.
[edit]

Part of the Longchenpa Collected Works (about this project).