LONGCHENPA-PECIN-09-TA-004: Difference between revisions
LONGCHENPA-PECIN-09-TA-004
Longchenpa Project: generated page (21 November 2026) |
Longchenpa Project: Tibetan in the wiki's TibetanMachineUni font; «…» notes in small print (22 November 2026) |

| Line 26: | Line 26: | ||

= Tibetan Text = | = Tibetan Text = | ||
<div class=" |

༄༅། །བླ་མ་ཡང་ཏིག་གི་གསོལ་འདེབས་བདུད་རྩིའི་« »སྤྲིན་ཚོགས་བཞུགས་སོ། ། | |||
«ཨཱོཾ་ཨཱཿཧཱུཾ། གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །རང་བྱུང་སེམས་ཉིད་འོད་གསལ་སྙིང་པོའི་དོན། །ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །ལྷུན་གྲུབ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །རང་གསལ་ཡེ་ཤེས་སྒྲོན་མེ་འོད་པོ་ཆེ། །ད་ལྟ་ཉིད་དུ་མཐོང་བར་བྱིན་གྱིས་རློབས། །བདེ་ཆེན་རྒྱལ་པོ་རྡོ་རྗེ་འཆང་ཆེན་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འཁོར་འདས་གཞི་གྲོལ་སེམས་ཉིད་ཆོས་སྐུའི་དོན། །ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །ཡེ་ཤེས་སྒྱུ་མ་རྡོ་རྗེ་སེམས་དཔའ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། ། མི་འགྱུར་ལྷུན་གྲུབ་བདེ་ཆེན་འོག་མིན་དུ། །ད་ལྟ་ཉིད་དུ་བགྲོད་པར་བྱིན་གྱིས་རློབས། །དཀྱིལ་འཁོར་མངའ་བདག་ཕྱག་ན་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསང་སྔགས་རྒྱལ་པོ་ཚེ་གཅིག་སངས་རྒྱས་ལམ། །ད་ལྟ་ཉིད་དུ་བགྲོད་པར་བྱིན་གྱིས་རློབས། །རྒྱལ་བའི་རྣམ་འཕྲུལ་དགའ་རབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་ གཟིགས། །རྡོས་བཅས་ཕུང་པོ་ཡེ་ཤེས་འོད་ལུས་སུ། །ད་ལྟ་ཉིད་དུ་གྲོལ་བར་བྱིན་གྱིས་བརློབས། །མཁྱེན་རབ་སྤྲུལ་པ་འཇམ་དཔལ་བཤེས་གཉེན་ལ། ། གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ལས་དང་ཉོན་མོངས་སྡུག་བསྔལ་རྒྱ་མཚོ་ལས། །ད་ལྟ་ཉིད་དུ་སྒྲོལ་བར་བྱིན་གྱིས་རློབས། །བློ་མཆོག་མངའ་བ་ཤྲཱྀ་སིདྷ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཆོས་ཚུལ་རྒྱ་མཚོ་གསུང་རབ་ནོར་བུའི་གླིང༌། །ད་ལྟ་ཉིད་དུ་བགྲོད་པར་བྱིན་གྱིས་རློབས། །དངོས་གྲུབ་མཆོག་བརྙེས་ཛྙཱ་ན་སཱུ་ཏྲ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །མཆོག་དང་ཐུན་མོང་དངོས་གྲུབ་ཡིད་བཞིན་སྦྱིན། །ད་ལྟ་ཉིད་དུ་འགྲུབ་པར་བྱིན་གྱིས་རློབས། །མཁས་གྲུབ་ཆེན་པོ་བི་མ་མི་ཏྲ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་ གཟིགས། །མངོན་གསུམ་འོད་གསལ་སྣང་བ་རྣམ་པ་བཞི། །ད་ལྟ་ཉིད་དུ་འབྱོངས་པར་བྱིན་གྱིས་རློབས། །རང་བྱུང་ཆེན་པོ་པདྨ་འབྱུང་གནས་ལ། ། གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བགེགས་དང་ལོག་འདྲེན་བར་ཆད་མ་ལུས་པ། །ད་ལྟ་ཉིད་དུ་ཞི་བར་བྱིན་གྱིས་བརློབས། །སེམས་ཉིད་དབང་ཐོབ་ཏིང་འཛིན་བཟང་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཉིན་མཚན་གཉིས་མེད་འོད་གསལ་ཆེན་པོའི་ངང༌། །ད་ལྟ་ཉིད་དུ་འབྱོངས་པར་བྱིན་གྱིས་རློབས། །ཚོགས་ཆེན་གཉིས་རྫོགས་ཆོས་རྒྱལ་ཁྲི་སྲོང་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱྀས་གཟིགས། ། འཕགས་པའི་ནོར་བདུན་ཡོན་ཏན་རྒྱལ་སྲིད་མཆོག» «།ད་ལྟ་ཉིད་དུ་ཐོབ་པར་བྱིན་གྱིས་རློབས། །ཐར་གླིང་སྣང་བྱེད་ལྡང་མ་ལྷུན་རྒྱལ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འགྲོ་ཀུན་ཕྱམ་ཅིག་བྱང་ཆུབ་སྙིང་པོའི་སར། །ད་ལྟ་ཉིད་དུ་བགྲོད་པར་བྱིན་གྱིས་རློབས། །འོད་གསལ་ལུས་གྲུབ་སེང་གེ་དབང་ཕྱུག་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འཁྲུལ་སྣང་རང་ཟད་གདོད་མའི་གཞི་དབྱིངས་སུ། །ད་ལྟ་ཉིད་དུ་འཇུག་པར་བྱིན་གྱིས་རློབས། །ལྷུན་གྲུབ་རྒྱལ་པོ་རྒྱལ་བ་ཞང་སྟོང་ལ། ། གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན། །ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །གསུང་རབ་མཛོད་བརྙེས་མཁས་པ་ཉི་འབུམ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཡེ་ཤེས་ཉི་མས་མ་རིག་མུན་པའི་ཚོགས། །ད་ལྟ་ཉིད་དུ་སངས་པར་བྱིན་གྱིས་རློབས། །དམ་ཆོས་རྒྱས་མཛད་གུ་རུ་ཇོ་འབེར་ལ། ། གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གཞན་དོན་རྫོགས་པའི་ཕྲིན་ལས་རླབས་པོ་ཆེ། །ད་ལྟ་ཉིད་དུ་འགྲུབ་པར་བྱིན་གྱིས་རློབས། ། གཟུང་འཛིན་འཁྲུལ་ཞིག་སེང་གེ་རྒྱབ་པ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འཁོར་བའི་འཁྲུལ་སྣང་ཚེ་འདིའི་ཞེན་པ་ཀུན། །ད་ལྟ་ཉིད་དུ་ཟད་པར་བྱིན་གྱིས་རློབས། །དངོས་གྲུབ་མཆོག་བརྙེས་གྲུབ་ཆེན་མེ་ལོང་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །དོན་གཉིས་ལྷུན་གྲུབ་འོད་གསལ་ཆོས་ཉིད་ངང༌། །ད་ལྟ་ཉིད་དུ་ཕྱིན་པར་བྱིན་གྱིས་ རློབས། །རིག་འཛིན་ཆེན་པོ་ཀུ་མ་རཱ་ཛ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །རྟོགས་པའི་འོད་འབར་ཐུགས་རྗེའི་སྤྲིན་ཕུང་ མཆོག །ད་ལྟ་ཉིད་དུ་འཆར་བར་བྱིན་གྱིས་རློབས། །འོད་གསལ་སྒྱུ་མ་སྣ་ཚོགས་རང་གྲོལ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་ གཟིགས། །སྣང་སྲིད་སྣོད་བཅུད་རྨི་ལམ་སྒྱུ་མ་རུ། །ད་ལྟ་ཉིད་དུ་འབྱོངས་པར་བྱིན་གྱིས་རློབས། «བརྒྱུད་པའི་ཁ་བསྐང་ནི། «མཁས་གྲུབ་ཆེན་པོའི་བདེ་ལེགས་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱྀས་གཟིགས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་མཆོག་འདི། །ད་ལྟ་ཉིད་དུ་འབྱོངས་པར་བྱིན་གྱིས་ རློབས། །མཁའ་འགྲོའི་དབང་ཕྱུག་བྱ་བྲལ་ཆོས་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་འདི། ། ད་ལྟ་ཉིད་དུ་རྒྱས་པར་བྱིན་གྱིས་རློབས། །བྱ་བཏང་ཆེན་པོ་སངས་རྒྱས་བཀྲ་ཤིས་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྙིང་པོ་མེད་པ་ཚེ་འདིའི་བྱ་བ་ཀུན། །ད་ལྟ་ཉིད་དུ་ཐོང་བར་བྱིན་གྱིས་རློབས། །ཀུན་སྤངས་ཆེན་པོ་གུ་ཎ་ཤྲཱི་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འཁོར་འདས་ཆོས་ཀུན་ཐིག་ལེ་ཉག་གཅིག་ཏུ། །ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །འགྲོ་བའི་མགོན་པོ་སངས་རྒྱས་རྒྱལ་མཚན་ ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །དབྱིངས་རིག་དབྱེར་མེད་འོད་གསལ་ཆོས་སྐུའི་དོན། །ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས།» «འདི་ཡན་ཆད་པདྨ་ནོར་བུའི་ཕྱག་དཔེ་ལ་འདུག་པས་བྲིས་སོ། །« བི་མའི་རྣམ་སྤྲུལ་སངས་རྒྱས་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཆོས་ཀུན་མཉམ་ཉིད་འོད་གསལ་ཀློང་ཡངས་སུ། །ད་ལྟ་ཉིད་དུ་གྲོལ་བར་བྱིན་གྱིས་རློབས། །རིག་འཛིན་ཆེན་པོ་ཀུན་དགའ་དཔལ་བཟང་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གཟུང་འཛིན་འཁྲུལ་རྟོག་གདོད་མའི་མཁའ་དབྱིངས་སུ། །ད་ལྟ་ཉིད་དུ་དག་པར་བྱིན་གྱིས་རློབས། །རྒྱལ་བ་ཀུན་འདུས་རྗེ་བཙུན་རཏྣ་ལ། ། གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྣང་བཞི་མཐར་ཕྱིན་ཡེ་ཤེས་འོད་ཀྱི་ལུས། །ད་ལྟ་ཉིད་དུ་འགྲུབ་པར་བྱིན་གྱིས་རློབས། །སྐུ་གསུམ་མངོན་གྱུར་པྲཉྫཱའི་མཚན་ཅན་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །དོན་དམ་གཤིས་ལུགས་དཔྱིད་ཀྱི་ཡོན་ཏན་དེ། །ད་ལྟ་ཉིད་དུ་ཐོབ་པར་བྱིན་གྱིས་རློབས། །«བརྒྱུད་པའི་ཁྱད་པར་གཅིག་ནི། «རྗེ་བཙུན་ཆེན་པོ་བྱ་བྲལ་ཆོས་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྒོ་གསུམ་བྱ་བྲལ་ཀ་དག་ཕོ་བྲང་དུ། །ད་ལྟ་ཉིད་དུ་ཕྱིན་པར་བྱིན་གྱིས་རློབས། ། འགྲོ་བ་སྐྱོབ་མཛད་གཞན་ཕན་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འགྲོ་དྲུག་འཁོར་བའི་གཡང་ས་ཆེན་པོ་ལས། །ད་ལྟ་ཉིད་དུ་ཐར་བར་བྱིན་གྱིས་རློབས། །མཐུ་སྟོབས་མངའ་བདག་ནམ་མཁའ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ལས་ཉོན་གཟུང་འཛིན་འཁོར་བའི་འཁྲུལ་སྣང་ཀུན། །ད་ལྟ་ཉིད་དུ་ཞིག་པར་བྱིན་གྱིས་རློབས། །ཆོས་ཉིད་མངོན་གྱུར་འོད་གསལ་ཀློང་ཡངས་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གཉིས་སུ་འཛིན་པའི་བག་ཆགས་ཡུལ་སྣང་ལས། །ད་ལྟ་ཉིད་དུ་གྲོལ་བར་བྱིན་གྱིས་རློབས། །རྫོགས་ཆེན་རྣལ་འབྱོར་བསོད་ནམས་རིན་ཆེན་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བློ་དང་ཆོས་ཟད་རྫོགས་པ་ཆེན་པོ་ལ། །ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །བྱ་ཁྱུང་ངག་དབང་པདྨ་རྣམ་རྒྱལ་ལ། ། གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཀུན་ཏུ་བཟང་པོ་མ་བཅོས་དགོངས་པའི་ཀློང༌། །ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། ། ཐུགས་རྗེའི་མངའ་བདག་བསོད་ནམས་དབང་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྨིན་གྲོལ་རྣམ་གཉིས་མཐར་ཕྱིན་དགོངས་པ་མཆོག །ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །བི་མའི་རྣམ་འཕྲུལ་ནམ་མཁའ་འཇིགས་མེད་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འོད་གསལ་ཐེག་མཆོག་རྡོ་རྗེ་སྙིང་པོའི་ཀློང༌། །ད་ལྟ་ཉིད་དུ་རྡོལ་བར་བྱིན་གྱིས་རློབས། །མཁས་གྲུབ་མཐར་ཕྱིན་ཀློང་རྫོགས་མཐའ་བྲལ་ ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཆོས་ཉིད་ཀློང་གིས་ཕྲིན་ལས་རབ་འབྱམས་ཀུན། །ད་ལྟ་ཉིད་དུ་འགྲུབ་པར་བྱིན་གྱིས་ རློབས། །གྲུབ་ཐོབ་ཆེན་པོ་པདྨ་རིག་འཛིན་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འོད་གསལ་ལྷུན་གྲུབ་གདོད་མའི་གཞི་དབྱིངས་ སུ། །ད་ལྟ་ཉིད་དུ་ཕྱིན་པར་བྱིན་གྱིས་རློབས། །«འདི་ཡན་ཆད་ཉི་མ་གྲགས་པས་མཛད། །« བསམ་གཏན་མཁན་པོ་ནམ་མཁའ་འོད་གསལ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བག་ཆགས་བཅས་པའི་སྒྲིབ་གཉིས་མུན་པའི་ཚོགས། །ད་ལྟ་ཉིད་དུ་སངས་པར་བྱིན་གྱྀས་རློབས། །མཁས་གྲུབ་ཆེན་པོ་པདྨ་རྣམ་རྒྱལ་ལ། །གསོལ་བ་འདེགས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། ། སྡེ་གསུམ་ཀློང་དགུ་མན་ངག་སྙིང་པོའི་དོན། །ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །བཤེས་གཉེན་དམ་པ་སྐལ་བཟང་མཚན་ཅན་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འགྲོ་ཀུན་ཡང་དག་ཐར་པའི་གླིང་མཆོག་དེར། །ད་ལྟ་ཉིད་དུ་འདྲེན་པར་བྱིན་གྱིས་རློབས། །རྡོ་རྗེ་འཛིན་པ་བསྟན་པའི་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འཆིང་གྲོལ་མེད་པ་ཆོས་ཉིད་ཟབ་མོའི་དོན། །ད་ལྟ་ཉིད་དུ་འབྱོར་བར་བྱིན་གྱིས་རློབས། །«ཚིགས་བཅད་གསུམ་ཉི་སྤྲུལ་རིན་པོ་ཆེས་མཛད། « རྒྱལ་ཀུན་སྤྱི་གཟུགས་ངེས་དོན་བསྟན་འཛིན་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཟབ་གསལ་གཉིས་མེད་མཁའ་ཁྱབ་ཡེ་ཤེས་དབྱིངས། །ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །རིགས་བརྒྱའི་ཁྱབ་བདག་ཀུན་བཟང་གཞན་ཕན་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གཞོམ་གཞིག་དང་བྲལ་འཇའ་ལུས་འཕོ་བ་ཆེ། །ད་ལྟ་ཉིད་དུ་འགྲུབ་པར་བྱིན་གྱིས་རློབས། །«ཤླཽ་ཀ་གཉིས་ངག་དབང་བློ་གྲོས་ཀྱིས་ཁ་སྐོང་བགྱིས་པ་ཡིན། «གཞན་ཡང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས། །ཉན་ཐོས་རང་རྒྱལ་འཕགས་པའི་ཚོགས་རྣམས་དང༌། །ཆོས་མཛད་ཡོངས་ལ་གུས་པས་གསོལ་བ་ འདེབས། །ཐུགས་རྗེས་གཟིགས་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཀྱེ་མ་ཀྱི་ཧུད་ཉམ་ཐག་བདག་ལྟ་བུ། །ལས་དང་ཉོན་མོངས་བཟོད་དཀས་ཡུན་རིང་མནར། །འདི་ལ་ཁྱེད་ཀྱིས་ཐུགས་རྗེའི་ཕྱག་རྐྱོང་ལ། །ད་ལྟ་ཉིད་དུ་དྲང་བར་མཛད་དུ་གསོལ། །ངང་ཉིད་ཡེ་ནས་སངས་རྒྱས་ཡིན་མོད་ཀྱང༌། །མ་རིག་དབང་གིས་སྲིད་པ་འདིར་འཁྱམས་ཏེ། །རྨི་ལམ་ལྟ་བུའི་འཁྲུལ་འཁོར་ཉམ་རེ་ཐག» «།འདི་ལ་སྐྱབས་དང་སྐྱོབ་པ་མཛད་དུ་གསོལ། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །འཁོར་བའི་རྒྱ་མཚོ་མཐའ་མེད་བརྒལ་དཀའ་བར། །ཡེ་ཤེས་གྲུ་ཆེན་བླ་ན་མེད་པ་ཡིས། །སྡུག་བསྔལ་ཆུ་བ»ོ«་སྒྲོལ་བར་མཛད་དུ་གསོལ།» །«ཡུན་རིང་དུས་ནས་གོམས་པའི་བག་ཆགས་གཟུགས། །འཁྲུལ་སྣང་གཟུང་འཛིན་རི་རྒྱལ་ལྷུན་མཐོ་བ། །རྣམ་གྲོལ་མཆོག་གི་ཡེ་ཤེས་རྡོ་རྗེ་ཡིས། །ད་ལྟ་ཉིད་དུ་གཞིག་པར་མཛད་དུ་གསོལ། །མ་རིག་མུན་པ་ཤིན་ཏུ་འཐིབས་པོ་ཆེ། །རྒྱུན་རིང་བརྟག་དཀའ་ཕ་མཐའ་མི་མངོན་ཞིང༌། །འོད་གསལ་སྙིང་པོའི་སྒྲིབ་པ་རླབས་ཆེན་འདི། །ཡེ་ཤེས་ཟེར་གྱིས་བསལ་བར་མཛད་དུ་གསོལ། །ཇི་ཙམ་འབད་ཀྱང་ཉོན་མོངས་སྡུག་བསྔལ་རྒྱུ། །སྙིང་པོ་མེད་པའི་འཇིག་རྟེན་བྱ་བ་ལས། །བདག་གི་ཡིད་འདི་རབ་ཏུ་བཟློག་ནས་ཀྱང༌། །ཉིན་མཚན་ཆོས་ཀྱིས་འདའ་བར་མཛད་དུ་གསོལ། །ཚུལ་མིན་ཡིད་བྱེད་ཆུ་རླབས་གཉེར་འདྲ་ཞིང༌། །ཀུན་རྟོག་སྣ་ཚོགས་ཡུལ་ལྔའི་རྗེས་སུ་འབྲང༌། །ཚོགས་བརྒྱད་བག་ཆགས་ཀུན་གཞི་བཅས་པ་ཀུན། །ཆོས་ཀྱི་དབྱིངས་སུ་ཞི་བར་མཛད་དུ་གསོལ། །རྟོག་བཅས་བག་ཆགས་འདོད་པའི་སེམས་ཉོན་མོངས། །གསལ་བ་གཟུགས་དང་མི་རྟོག་གཟུགས་མེད་ཀྱི། །སྲིད་པའི་སེམས་གང་བག་ཆགས་རྗེས་འབྲངས་པ། །དེ་དག་ཐམས་ཅད་དག་པར་མཛད་དུ་གསོལ། །རང་དོན་སྒོམས་པ་ལྷུར་ལེན་དམན་པའི་བློ། །གཅིག་པུར་ཞི་བ་གཉེར་ལས་ལྡོག་ནས་ཀྱང༌། །ཕྱི་ནང་གསང་བའི་ཆོས་མཆོག་ལམ་ཞུགས་ཏེ། །རླབས་ཆེན་གཞན་དོན་འགྲུབ་པར་མཛད་དུ་གསོལ། །ལམ་གོལ་ལམ་ལོག་དམན་པའི་འགྲོ་ཀུན་གྱི། །ལས་དང་ཉོན་མོངས་བག་ཆགས་རབ་སྦྱངས་ཏེ། །སེམས་ཉིད་ཡིད་བཞིན་ཐར་པའི་གྲོང་ཁྱེར་དུ། །མ་ལུས་ཕྱམ་ཅིག་བགྲོད་པར་མཛད་དུ་གསོལ། །སྒྲིབ་པའི་རྒྱ་མཚོ་ཤིན་ཏུ་རྙོག་པ་ཅན། །དུས་རིང་ཐོག་མཐའ་མེད་ནས་ཉེར་གནས་ཀྱང༌། །བདག་ཅག་མཐུ་ཡིས་ཐར་པའི་སྐབས་མེད་པས། །བརྩེ་ཆེན་ཁྱེད་ཀྱིས་དྲང་བར་མཛད་དུ་གསོལ། །ཤུགས་དྲག་བཟོད་པར་དཀའ་བའི་སེམས་ཉོན་མོངས། །སྡུག་བསྔལ་མང་ལྡན་སྲིད་པའི་ཟུག་རྔུ་ལྡང༌། །བག་མེད་གཞན་དབང་ལེ་ལོའི་འཇིགས་པ་ལས། །དེ་རིང་ཉིད་ནས་ངེས་པར་བསྐྱབ་ཏུ་གསོལ། །སྙིང་ནས་སྙིང་པོ་མེད་པའི་ཆོས་རྣམས་ལ། །མི་རྟག་མི་བརྟན་སྒྱུ་མའི་བསླུ་བྲིད་དུ། །ངེས་པར་རྟོགས་ནས་ངེས་འབྱུང་སྐྱོ་ཤས་ཀྱིས། །ཉིན་མཚན་ཀུན་ཏུ་འདའ་བར་མཛད་དུ་གསོལ། །འཕགས་པའི་རི་ངོགས་དབེན་ཞིང་ཉམས་དགའ་བར། །རིག་དང་མངོན་ཤེས་ཏིང་འཛིན་འགྲུབ་གྱུར་ནས། །དོན་གཉིས་ལྷུན་གྲུབ་བདེ་ཆེན་མཁའ་དབྱིངས་སུ། ། ཚེ་འདི་ཉིད་ལ་ཕྱིན་པར་མཛད་དུ་གསོལ། །གཅིག་པུར་བསྲན་ཚུགས་སྒྲུབ་ལ་བརྩོན་པ་དང༌། །ཚེ་འདིའི་ཕྱོགས་སུ་སྐད་ཅིག་མི་ཡེངས་ཤིང༌། །གོང་མའི་རྗེས་སྙོགས་དངོས་གྲུབ་མཐར་ཕྱིན་ནས། །རྟག་ཏུ་བླ་མ་མཉེས་པར་མཛད་དུ་གསོལ། །དམ་ཚིག་སྡོམ་པ་ཉམས་ཆག་མེད་པ་དང༌། །ལྟ་སྒོམ་སྤྱོད་འབྲས་མ་ནོར་དོན་རྟོགས་ནས། །ཉིན་མཚན་འོད་གསལ་ངང་ལས་མི་གཡོ་ཞིང༌། །རང་གཞན་དོན་གཉིས་འགྲུབ་པར་མཛད་དུ་གསོལ། །སྣང་སྲིད་རྣམ་དག་བསྐྱེད་རྫོགས་མཐར་ཕྱིན་ནས། །མཁའ་འགྲོ་དམ་ཅན་སྤྲིན་བཞིན་འཐིབས་ནས་ཀྱང༌། །དངོས་གྲུབ་རྣམ་གཉིས་ཆར་བཞིན་འབབ་པ་དང༌། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛད་དུ་གསོལ། །དག་སྣང་མོས་གུས་ཕྱོགས་མེད་འཆར་བ་དང༌། །བྱམས་དང་སྙིང་རྗེ་རྒྱུན་ཆད་མེད་པ་དང༌། །ལྟ་སྒོམ་ཉམས་རྟོགས་ཡོན་ཏན་འབར་བ་དང༌། །འགྲོ་དོན་ཕྱོགས་མེད་འགྲུབ་པར་མཛད་དུ་གསོལ། ། བདག་གིས་མོས་དགེ་ཕུན་ཚོགས་འདི་ཡིས་ནི། །འགྲོ་ཀུན་མ་ལུས་ཕྱམ་ཅིག་ཡོངས་གྲོལ་ནས། །བདེ་ཆེན་ལྷུན་གྲུབ་ཀུན་ཏུ་བཟང་པོའི་ཞིང༌། །ཚེ་འདི་ཉིད་ལ་ཕྱིན་པར་མཛད་དུ་གསོལ། །ཚུལ་འདི་བླ་མ་དམ་པ་རྣམས་ལ་མི་ཕྱེད་པའི་དད་པ་ཐོབ་ཅིང་མང་དུ་ཐོས་པའི་ནོར་གྱིས་ཕྱུག་པའི་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས།» «རང་བྱུང་པདྨའི་བཞུགས་གནས་ལྷ་རིང་བྲག་ཏུ་སྦྱར་ནས་གསོལ་བ་བཏབ་པའོ། །ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་བཀྲ་ཤིས་པར་གྱུར་ཅིག» «།དགེའོ། །དགེའོ། །དགེའོ།། །། | |||

= Source = | = Source = | ||
This page is a cleaned copy of the following rywikitexts page, which stay unchanged: | This page is a cleaned copy of the following rywikitexts page, which stay unchanged: | ||
* [[Klong chen rab byams gsung 'bum/volume 009 282]] (revision 10667, 2020-03-22) | * [[Klong chen rab byams gsung 'bum/volume 009 282]] (revision 10667, 2020-03-22) | ||
Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept | Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden. | ||
Part of the [[Longchenpa Collected Works]] ([[Longchenpa Collected Works/About|about this project]]). | Part of the [[Longchenpa Collected Works]] ([[Longchenpa Collected Works/About|about this project]]). | ||
<headertabs/> | <headertabs/> | ||
Revision as of 21:16, 21 November 2026
བླ་མ་ཡང་ཏིག་གི་བརྒྱུད་པའི་ཕྱག་འཚལ་བྱིན་བརླབས་སྤྲིན་ཚོགས klong chen rab 'byams kyi gsung 'bum (pe cin 2009)· Volume 9(TA) མཎྜལ་འབུལ་བའི་ཆོ་ག་ཚོགས་གཉིས་སྤྲིན་ཚོགས
| Title | བླ་མ་ཡང་ཏིག་གི་གསོལ་འདེབས་བདུད་རྩིའི་སྤྲིན་ཚོགས |

| Wylie | bla ma yang tig gi gsol 'debs bdud rtsi'i sprin tshogs |
| Catalogue title | bla yang tig gi gsol 'debs bdud rtsi'i sprin tshogs (BDRC outline) |
| Author | Longchenpa ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར། |
| Location | klong chen rab 'byams kyi gsung 'bum (pe cin 2009), volume 9(TA), text 4, pages 77–86 (BDRC scan pages) |
| Section | snying thig ya bzhi › bla ma yang tig

| Tibetan text | E-text from the typeset Pe cin edition (input 2020 on rywikitexts), cleaned 21 November 2026; not proofread against the print. |
| BDRC | MW1KG4884, outline 1.4.1.06 |
| Citation | Klong chen rab 'byams pa. bla yang tig gi gsol 'debs bdud rtsi'i sprin tshogs. In Kun mkhyen klong chen rab 'byams kyi gsung 'bum, vol. 9, pp. 77–86. Pe cin: Krung go'i bod rig pa dpe skrun khang, 2009. BDRC MW1KG4884. |
| Notes | Title from the first line of the e-text; text boundaries and page numbers from the BDRC outline of MW1KG4884. |