LONGCHENPA-PECIN-06-CHA-034: Difference between revisions
LONGCHENPA-PECIN-06-CHA-034
Longchenpa Project: generated page (21 November 2026) |
Longchenpa Project: Tibetan in the wiki's TibetanMachineUni font; «…» notes in small print (22 November 2026) |

| Line 25: | Line 25: | ||

= Tibetan Text = | = Tibetan Text = | ||
<div class=" |

༄༅། །མཁའ་འགྲོ་སྙིང་ཐིག་གི་ལོ་རྒྱུས་རིན་པོ་ཆེའི་ཕྲེང་བ་བཞུགས་སོ། ། | ༄༅། །མཁའ་འགྲོ་སྙིང་ཐིག་གི་ལོ་རྒྱུས་རིན་པོ་ཆེའི་ཕྲེང་བ་བཞུགས་སོ། ། | ||
« མཁའ་འགྲོ་སྙིང་ཐིག་གི་ལོ་རྒྱུས་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཆོས་སྐུའི་མཁའ་ལ་ལོངས་སྐུའི་དཀྱིལ་འཁོར་རྒྱས། །སྤྲུལ་སྐུའི་ཟེར་གྱིས་འགྲོ་བློའི་མུན་པ་སེལ། | « མཁའ་འགྲོ་སྙིང་ཐིག་གི་ལོ་རྒྱུས་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཆོས་སྐུའི་མཁའ་ལ་ལོངས་སྐུའི་དཀྱིལ་འཁོར་རྒྱས། །སྤྲུལ་སྐུའི་ཟེར་གྱིས་འགྲོ་བློའི་མུན་པ་སེལ། »།«རིམ་གསུམ་བླ་མའི་ཞབས་ལ་ཕྱག་འཚལ་ཏེ། །ལོ་རྒྱུས་རིན་ཆེན་ཕྲེང་བ་འབྲི་བར་བྱ། ། འདིར་བཀའ་ཐམས་ཅད་ཀྱི་རྒྱལ་པོ། མན་ངག་ཐམས་ཅད་ཀྱི་སྙིང་པོ། ལུང་ཐམས་ཅད་ཀྱི་ཕྱི་མོ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། འོད་གསལ་རྡོ་རྗེ་སྙིངཔོ། མཁའ་འགྲོ་སྙིང་ཐིག་གི་ལོ་རྒྱུས་ལ་གསུམ་སྟེ། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུང་དུ་བརྒྱུད་པའོ། །དང་པོ་ནི་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་གཞི་གདོད་མའི་གནས་ལུགས་སུ་མངོན་པར་བྱང་ཆུབ་སྟེ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ལས་མི་གཡོ་བར་བཞུགས་པའི་ཚུལ་ལ། ནང་འོད་གསལ་ཆོས་ཀྱི་སྐུའི་གནས་སྐབས་ནི། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གནས་པས་རྣམ་པ་ཡུལ་ལ་མི་སྤྱོད་པའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ངང་གིས་འོད་གསལ་བའོ»། །«དེའི་ཚེ་གནས་ཕུན་སུམ་ཚོགས་པ་ཆོས་ཀྱི་སྐུ་ཞིང་ན། སྟོན་པ་ཕུན་སུམ་ཚོགས་པ་དཔལ་ཀུན་ཏུ་བཟང་པོ། འཁོར་ཕུན་སུམ་ཚོགས་པ་ཡེ་ཤེས་རྒྱ་མཚོའི་ཚོགས་ལ། དུས་ཕུན་སུམ་ཚོགས་པ་ཆོས་ཉིད་འཕོ་འགྱུར་མེད་པའི་ཚེ། ཆོས་ཕུན་སུམ་ཚོགས་པ་རང་བཞིན་རྫོགས་པ་ཆེན་པོ་རང་ཆས་ལྷུན་གྱིས་གྲུབ་པའི་ངང་དུ་འོད་གསལ་བའོ། །དེ་ནས་དེ་ཉིད་ཀྱི་ངང་ལས་མ་གཡོས་བཞིན་དུ་རང་སྣང་ལོངས་སྤྱོད་རྫོགས་པའི་སྐུ་རང་བྱུང་བ་ནི། རང་བཞིན་གྱི་སྣང་ཆ་ལས་རྣམ་དག་སྟུག་པོ་བཀོད་པ་བདེ་བའི་ཞིང་ཐམས་ཅད་ཀྱང་ཡེ་ཤེས་ལྔའི་རང་མདངས་ལས་བྱུང་བ། སྟེང་དང་འོག་དང་ཕྱོགས་མཚམས་མ་ཡིན་ཞིང་འོད་ཁྱིམ་རིན་པོ་ཆེའི་ཁང་བུ་བཀོད་ལེགས་པ་ན། རིགས་ལྔའི་སངས་རྒྱས་སོ་སོའི་དཀྱིལ་འཁོར་གྱི་ཚོམ་བུ་འབུམ་ཕྲག་བརྗོད་ལས་འདས་པས་བསྐོར་བ་རྣམས་ཀྱང༌། གདུལ་བྱ་དང་འདུལ་བྱེད་མ་ཡིན་ཞིང་རང་སྣང་ལྷུན་གྱིས་གྲུབ་པའི་མངའ་དབང་དུ་རང་བྱུང་བའོ། །དེ་ཉིད་ཀྱི་སྣང་ཆ་ལས་རིགས་ལྔའི་སངས་རྒྱས་གྲངས་མེད་བསམ་གྱིས་མི་ཁྱབ་པ་འཕྲོ་ཞིང་སྣང་བ་ཐམས་ཅད་ཀྱང༌། ཟ་འོག་གི་བེར་ཁྱིམ་བཀྲམ་པ་ལྟར་བཀོད་ལེགས་ཤིང་ཁ་དོག་ལྔར་འོད་འབར་བ་ནི། ཞལ་དང་ལྗགས་ཀྱི་དཀྱིལ་འཁོར་ལས་ཡི་གེ་དྲུག་གི་འོད་ཟེར་མུ་མེད་པ་འཕྲོས་པ་ལས་རང་བྱུང་བའོ། །དེའི་ཚེ་གནས་ཕུན་སུམ་ཚོགས་པ་རང་སྣང་སྟུག་པོ་བཀོད་པར། སྟོན་པ་ཕུན་སུམ་ཚོགས་པ་རིགས་ལྔའི་སངས་རྒྱས། འཁོར་ཕུན་སུམ་ཚོགས་པ་སངས་རྒྱས་ཀྱི་དཀྱིལ་འཁོར་ཚད་མེད་པས་བསྐོར་བ་ལ། ཆོས་ཕུན་སུམ་ཚོགས་པ་ཡེ་ཤེས་འོད་གསལ་བའི་དགོངས་པ། དུས་ཕུན་སུམ་ཚོགས་པ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཚེ་རང་ཆས་སུ་རང་གིས་འོད་གསལ་བའི་དགོངས་པ་བརྗོད་པ་མེད་པར་སྟོན་ཏོ། །དེ་ཉིད་ཀྱི་ངང་ལས་སྤྲུལ་པ་མངོན་པར་འཕྲོ་བ་ནི། གདུལ་བྱའི་དབང་ལས་རང་སྣང་བ་ཆུའི་ཟླ་བ་ལྟ་བུས་ཏེ། འདིའི་དུས་སུ་སྟེང་འོག་ཕྱོགས་མཚམས་ཀྱི་འགྲོ་བ་རིགས་དྲུག་སོ་སོའི་འཁྲུལ་པའི་དབང་གིས་རང་རང་གི་གནས་དང་བདེ་སྡུག་གི་སྣང་བ་དུ་མ་ལ་སྤྱོད་པའི་སེམས་ཀྱི་འཁྲུལ་པ་ལ་ཞེན་པའི་ཚེ། ས་དང་པོ་ནས་བཅུ་པའི་བར་གྱི་སེམས་དཔའ་རྣམས་ལ་ཕྱོགས་བཅུའི་ཞིང་དུ། རང་བཞིན་སྤྲུལ་པའི་རིགས་ལྔ་སོ་སོར་སྣང་བས་དོན་མཛད་ཅིང་འགྲོ་བ་དྲུག་གི་གནས་སུ་ཐུབ་པ་བཅོམ་ལྡན་འདས་གྲངས་མེད་པས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་དོན་མཛད་པ་ལས། རེ་ཞིག་མི་མཇེད་འདིར་སྤྲུལ་པའི་འཕྲོ་ཚུལ་ནི། དེ་ལྟར་རང་སྣང་སྟུག་པོ་བཀོད་པའི་ཞིང་ནས་སྤྲུལ་པ་ཆེན་པོ་གཉིས་སྣང་བ་ལས། བྱིན་རླབས་མཆོག་གི་སྤྲུལ་པ་ནི་གསུམ་སྟེ། རིན་པོ་ཆེ་བརྒྱ་རྩ་གཅིག་གི་རྒྱུ་ལས་བྱུང་བར་རང་སྣང་བའི་སྐུ་གཟུགས་འགྲོ་བ་གང་གི་ཚེ་ལོའི་ལུས་བོངས་དང་མཉམ་པ་ལས། ཆོ་འཕྲུལ་དུ་མ་འབྱུང་བས་འགྲོ་བ་གྲོལ་བར་བྱེད་པ་དང༌། རིན་པོ་ཆེ་ལས་རང་བྱུང་བར་སྣང་བའི་ཡི་གེ་ཆེན་པོ་བསྟན་པ་བུ་གཅིག་ལས་ཆོས་ཀྱི་རྣམ་གྲངས་བརྗོད་དུ་མེད་པ་རང་སྒྲོགས་པས་དོན་བྱེད་པ་དང༌། ཆོས་ཉིད་རྡོ་རྗེ་ཚེ་ལོ་དེ་པའི་མི་རྣམས་ཀྱི་ཆག་གང་བ་ལས་གང་ལ་གང་འདོད་ཀྱི་ཆོས་དང་ཡོ་བྱད་ཀྱི་ཆར་འབབ་ཉིད་གྲོལ་བར་བྱེད་པ་གསུམ་སྟེ། ཡི་གེ་ཡང་སྐད་རིགས་མི་གཅིག་པ་གང་གི་སྒྲ་སྐད་དེར་གྲགས་པའོ། །དེ་དག་གི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཀུན་ཏུ་འོད་ཟེར་འགྱེད་ཅིང་འགྲོ་བ་དཔག་ཏུ་མེད་པ་རང་བཞིན་གྱིས་འབད་པ་མེད་པར་གྲོལ་བའི་ཕྲིན་ལས་མཛད་དེ། སྐུ་གསུང་ཐུགས་ལས་རང་བྱུང་བའི་སྤྲུལ་པ་ཆེན་པོ་ཞེས་བྱའོ། །ཡེ་ཤེས་དམ་པའི་སྤྲུལ་པ་ནི་འགྲོ་བ་གང་དང་གང་གི་གཙོ་བོ་ལ་སོགས་པར་སྣང་བས་དོན་མཛད་པ་སྟེ། དེ་ཡང་རང་སྣང་ལྷུན་གྲུབ་«སྟུ«ག་པོ་བཀོད་པའི་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལས་རང་བྱུང་བ། སྤྲུལ་པའི་སྐུ་རྡོ་རྗེ་འཆང་ཆེན་པོས་ལོངས་སྤྱོད་རྫོགས་པའི་ཆ་བྱད་དུ་ཞིང་འདིའི་བསྐལ་པ་དང་པོ་དགའ་ལྡན་བརྩེགས་པ་ཞེས་བྱ་བར་པདྨའི་སྟེང་དུ་རང་བྱོན་ནས་རྡོ་རྗེ་སེམས་དཔའ་དང་ཕྱག་ན་རྡོ་རྗེ་ལ་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཚིག་དང་ཡི་གེ་ལས་འདས་པ་དགོངས་པས་རང་སྣང་དུ་གོ་བར་མཛད་དོ། །དེའི་ཚེ་རྡོ་རྗེ་འཆང་ཉིད་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་སྟོན་པ་ཕུན་སུམ་ཚོགས་པར་རང་བྱོན་ནས་འཁོར་ཕུན་སུམ་ཚོགས་པ་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་ལ། ཆོས་ཕུན་སུམ་ཚོགས་པ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལ་སོགས་པ་ཡང་གསང་འོད་གསལ་གྱི་རྒྱུད་བཅུ་བདུན། ཀློང་གསལ་ཉི་མའི་རྒྱུད་དང་བཅོ་བརྒྱད། དུས་ཕུན་སུམ་ཚོགས་པ་ཡེ་ཤེས་རང་སྣང་བའི་ཚེ་རང་ཤར་དུ་གསུངས་སོ། །དེའང་སྟོན་པ་དང༌། འཁོར་ཐ་དད་མེད་ཀྱང་འགྲོ་བ་འདུལ་བ་ལ་དགོངས་ནས་སོ་སོར་སྣང་བའོ། །ཇི་ལྟར་ཞེ་ན། བསྐལ་པ་འདི་ལ་སངས་རྒྱས་ཀྱི་མཚན་ཐ་དད། དུས་ཐ་དད། ཆོས་ཐ་དད་པས་འདུལ་བར་དགོངས་ནས་རིམ་པ་དང་ཐ་དད་པར་བྱོན་པའོ། །སྐབས་འདིར་རྡོ་རྗེ་འཆང་གིས་རྡོ་རྗེ་སེམས་དཔའ་དང་ཕྱག་ན་རྡོ་རྗེ་ལ་གསུངས་པ་ནས་བརྒྱུད་པར་བགྲང་ངོ༌། །དེ་ནས་སྤྲུལ་སྐུ་མཆེད་ཚུལ་བསྐལ་པ་དང་པོར་དགའ་ལྡན་བརྩེགས་པར་སྟ»ོ«ན་པ་ཁྱེའུ་སྣང་བ་དམ་པ་བྱོན་པའི་འོག་ཏུ་གནས་འཇིག་རྟེན་མི་མཇེད་དུ་སྟོན་པ་ཁྱེའུ་འོད་མི་འཁྲུགས་པ་བྱོན་ནོ། །དེ་ནས་གནས་འོད་ཀྱི་ཕུང་པོར་སྟོན་པ་འཇིགས་པ་སྐྱོབ་པ་དང༌། གནས་ཆགས་འབྱུང་མངལ་དུ་སྣང་བར་སྟོན་པ་གཞོན་ནུ་རོལ་པས་རྣམ་པར་རྩེ་བ་དང༌། གནས་རི་རབ་ཀྱི་ལྷོ་ཕྱོགས་འཚོ་བྱེད་གཞོན་ནུའི་ལྡུམ་རར་སྟོན་པ་རྡོ་རྗེ་འཆང་དང༌། གསང་ཆེན་རོལ་པའི་དུར་ཁྲོད་དུ་སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་དང༌། གནས་སྲིན་པོ་རུ་ལུའི་སྒྲ་དང་ལྡན་པར་སྟོན་པ་དྲང་སྲོང་ཁྲོས་པའི་རྒྱལ་པོ་དང༌། «བྱ«་རྒོད་ཕུང་པོ་ལ་སྟོན་པ་གསེར་འོད་དམ་པ་དང༌། སོག་པོ་གཡུའི་སྨིན་མ་ཅན་གྱི་གནས་སུ་སྟོན་པ་བརྩེ་བས་རོལ་པའི་བློ་གྲོས་དང༌། བྱ་རྒོད་ཕུང་པོར་སྟོན་པ་འོད་སྲུང་བགྲ»ེ«ས་པོ་དང༌། རྡོ་རྗེ་གདན་དུ་སྟོན་པ་མངོན་རྫོགས་རྒྱལ་པོ་དང༌། སེར་སྐྱའི་གནས་སུ་སྟོན་པ་ཤཱཀྱ་ཐུབ་པའི་བར་དུ་བྱོན་ཏེ། ཚེ་ལོ་དཔག་ཏུ་མེད་པ་ནས་བརྒྱ་པའི་བར་དུ་འགྲོ་བ་རྣམས་ཀྱི་དེད་དཔོན་དམ་པར་བྱོན་པའོ། །དེ་བཞིན་དུ་མ་འོངས་པ་ན་བྱམས་པ་འབྱུང་བ་ནས་བཟུང་སྟེ། ཐ་མ་སངས་རྒྱས་མོས་པའི་བར་དུ་འགྲོ་བ་རྣམས་ཀྱི་ཁ་ལོ་སྒྱུར་བ་རིམ་པར་འབྱུང་བ་ཡིན་ནོ། །དེ་ལྟར་བྱོན་པའི་རྒྱལ་བ་རྣམས་ཀྱང་ཀུན་ཏུ་བཟང་པོ་གཅིག་གི་ངོ་བོ་ལས། དུས་དེ་དང་དེ་དག་ཏུ་རང་འབྱུང་བའི་ཕྱིར་དགོངས་པ་ཆོས་ཉིད་ལས་མི་གཡོ་བར་རིམ་པར་བྱུང་བ་ལྟར་སྣང་བས་རྒྱལ་བ་དགོངས་པའི་བརྒྱུད་པ་ཞེས་བྱའོ།། །། ༈ དོན་གཉིས་པ་རིག་འཛིན་བརྡའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་རི་རབ་ཀྱི་བྱང་ཕྱོགས་དུར་ཁྲོད་མེ་རི་འབར་བའི་གནས་ན། མཁའ་འགྲོ་མ་དང་གྲུབ་པ་དང༌། རིག་པ་འཛིན་པ་རྣམས་ལ་ཆོས་སྟོན་པ་ན། རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཨོ་རྒྱན་ཐོར་ཅོག་ཅན་གྱི་ཡུལ་ན་རྒྱལ་པོ་ཨུ་པ་རཱ་ཙ་དང༌། བཙུན་མོ་སྣང་བ་གསལ་བའི་འོད་ལྡན་མ་གཉིས་ཀྱི་སྲས་མོ་སུ་དྷརྨཱ་ཞེས་བྱ་བའི་དགེ་སློང་མ་ཞིག་རྒྱ་མཚོའི་གླིང་དུ་དཀའ་ཐུབ་ལ་བཞུགས་པའི་རྨི་ལམ་དུ་ཤེལ་གྱི་མི་དཀར་པོ་ཞིག་གིས་རིན་པོ་ཆེའི་བུམ་པ་སྤྱི་བོར་བཞག་པ་རྨིས་ཏེ། ཟླ་བ་བཅུ་ནས་ཁྱེའུ་ཞིག་བཙས་པ་ལས་ཡུམ་བྲེད་དེ། ཕ་མེད་བུ་འདི་འཇིག་རྟེན་འདྲེ་ལས་གཞན་པ་སུ། །གལ་ཏེ་ལྷ་དང་ལྷ་མིན་སྣ་ཚོགས་གཟུགས། ། འདི་ལྟར་བྱུང་བའི་དཔེ་ནི་སུས་མཐོང་མེད། །འདི་ནི་ལོག་སྲེད་འགྲོ་བས་དཔྱས་གྱུར་སྡིག་རེ་ཆེ། །ཞེས་སྨྲས་ཏེ་ཐལ་བའི་ཁུང་དུ་སྦས་པ་དང༌། མཁའ་འགྲོ་མ་དང༌། ལྷ་དང་ཀླུ་ཐམས་ཅད་ཀྱིས་མཆོད་པ་བྱེད་པར་མཐོང་སྟེ་སླར་བཟོད་པར་གསོལ་ནས་རོ་ལངས་བདེ་བ་ཞེས་མཚན་གསོལ་པ་ལས། ལོ་བདུན་ནས་སངས་རྒྱས་ཀྱི་ཆོས་མང་པོ་ཐུགས་ལ་རང་ཤར་ཏེ་ཡུམ་ལ་ཞུས་ནས། ཨུ་རྒྱན་གྱི་ཡུལ་དུ་རྒྱལ་པོའི་མཆོད་གནས་པཎྜི་ཏ་ལྔ་བརྒྱ་དང་རྩོད་པ་ལས། སློབ་དཔོན་རྒྱལ་ནས་པད་ཉ་བྷ་བར་མཚན་གསོལ་དུས། རྒྱལ་པོ་དགྱེས་ནས་དགའ་རབ་རྡོ་རྗེ་ཞེས་མཚན་གསོལ། མཁའ་འགྲོ་མ་རྣམས་ཀྱིས་རོ་ལངས་ཐལ་མདོག་ཅེས་མཚན་གསོལ་ལོ། །དེ་ནས་རི་བོ་ཉི་མ་སྣང་བྱེད་ལ་སྐུ་མཉམ་པར་བཞག་ནས། སླར་ཡང་དུར་ཁྲོད་མེ་རི་འབར་བར་ཕྱག་ན་རྡོ་རྗེ་ལས་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཐམས་ཅད་གསན་ནས་མ་ལ་ཡ་བསྟན་པའི་ལས་རྒྱས་པའི་རྩེར་བྱོན་ཏེ། རྒྱུད་ལུང་རྣམས་གླེགས་བམ་དུ་བཀོད་ནས་མཁའ་འགྲོ་མ་རྣམས་ལ་གཏད་ནས། སློབ་དཔོན་ཉིད་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་བཞུགས་སོ།། །། ༈ དེའི་ཚེ་རྒྱ་ནག་པོའི་ཡུལ་གྲོང་ཁྱེར་ཤོ་འཁྱམས་ནག་པོ་ཞེས་བྱ་བ་ན། ཁྱིམ་བདག་དགེ་བ་དང་ལྡན་པའི་ཡིད་ཅན་དང༌། ཡུམ་སྣང་བ་རབ་ཏུ་མཁྱེན་ལྡན་མ་ཞེས་བྱ་བའི་སྲས། སློབ་དཔོན་ཆེན་པོ་ཤྲཱི་སིང་ཧ་ཞེས་བྱ་བ་སྦྱངས་པའི་ཡོན་ཏན་དུ་མ་དང་ལྡན་པ་ཞིག་གྲོང་ཁྱེར་དེ་ནས་ནུབ་ཕྱོགས་ཀྱི་གྲོང་ཁྱེར་གསེར་གླིང་ཞེས་བྱ་བར་འགྲོ་བའི་བར་གྱི་ཐང་སྟོང་ཞིག་གི་ནམ་མཁའ་ལས། འཕགས་པ་སྤྱན་རས་གཟིགས་དབང་པོས་ལུང་བསྟན་པ། ཀྱེ་སྐལ་ལྡན་འབྲས་བུ་ཚེ་གཅིག་གིས་ངེས་པར་ཐོབ་པར་འདོད་ན། རྒྱ་གར་གྱི་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ན་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཞེས་བྱ་བ་ཡོད་ཀྱི་དེར་སོང་ཞིག་ཅེས་པ་དང༌། རི་བོ་རྩེ་ལྔའི་ཤར་ཕྱོགས་ཀྱི་ཁྲུས་ཀྱི་རྫིང་བུའི་ནང་དུའང་དེ་ཁོ་ན་བཞིན་དུ་ལུང་བསྟན་པ་ལ་བརྟེན་ནས། རྐང་མགྱོགས་ཀྱི་རྫུ་འཕྲུལ་བསྒྲུབས་ནས་བྱོན་པ་ཞག་དགུ་ན་དུར་ཁྲོད་བསིལ་ཚལ་དུ་ཕྱིན་ཏེ། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་དང་ཞལ་མཇལ་ནས་རྗེས་སུ་གཟུང་བར་ཞུས་པས་གནང་སྟེ། གསང་བ་བླ་ན་མེད་པ་མཁའ་འགྲོ་སྙིང་ཏིག་གི་དབང་ཁྲིད་རྒྱུད་མན་ངག་དང་བཅས་པ་རྫོགས་པར་གནང་ཞིང་སྒྲུབ་པ་མཛད་པས། འོད་གསལ་ཆུའི་ཟླ་བ་ལྟ་བུའི་ལུས་ཐོབ་ནས་མཆོག་ཐུན་མོང་གི་དངོས་གྲུབ་བརྙེས་སོ། །དེའི་ཚེ་མ་མོ་དང་མཁའ་འགྲོ་རྣམས་ཀྱིས་རང་རང་གི་སྙིང་པོ་ཕུལ་ཞིང་བསྟན་པ་སྐྱོང་བར་ཁས་བླངས་ཏེ་མཆོད་པའི་སྤྲིན་ཕུང་ཆེན་པོ་གཏིབས་སོ། །དེ་ནས་སློབ་དཔོན་ཆེན་པོ་ཤྲཱི་སིང་ཧ་ཉིད། དུར་ཁྲོད་དེ་ལས་དཔག་ཚད་གསུམ་འདས་པ་ན། དུར་ཁྲོད་ཆེན་པོ་རྩུབ་འགྱུར་ཚལ་ཞེས་བྱ་བ། ཉིན་བཞིན་དུ་རླུང་འཚུབས་ཤིང༌། མཚན་བཞན་དུ་མེ་འབར་བ་ན། མ་མོ་དང༌། མཁའ་འགྲོ་མ་མང་པོ་རྒྱུ་བ། དག་བྱེད་ཀྱི་མཚོ་དང༌། བདེ་བྱེད་ཀྱི་མཆོད་རྟེན་དང༌། འཇིག་རྟེན་པའི་ལྷ་དགའ་བྱེད་དབང་ཕྱུག་གནས་པར་བྱོན་ཏེ། བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་ཅིང་མ་མོ་མཁའ་འགྲོ་མ་རྣམས་ལ་ཆོས་སྟོན་པའི་ཕྱིར་བཞུགས་སོ། །དེའི་ཚེ་དཔལ་ཨུ་རྒྱན་གྱི་ཡུལ་དུ། རིན་པོ་ཆེ་འབར་བའི་གྲོང་ཁྱེར་ན། བཻ་ཌཱུརྱའི་ཕོ་བྲང་ཕྱི་ནང་ཐམས་ཅད་ཤིན་ཏུ་རྣམ་པར་དག་པ་ནོར་བུ་སྒྲོན་མེའི་སྣང་བས་ཁྱབ་པ་ན་རྒྱལ་པོ་ཨིནྡྲ་བྷུ་དྷི་བཙུན་མ་བརྒྱ་རྩ་བརྒྱད་དང་ལྷན་ཅིག་ཕྱི་ནང་གི་བློན་པོས་བསྐོར་ནས་བཞུགས་པ་ལས། སྲས་རྒྱལ་བུ་མི་མངའ་ནས། དབྱར་ཟླ་ར་བའི་ཚེས་བཅོ་ལྔ་ནས་དཀོན་མཆོག་མཆོད་དེ། ཆོས་ཀྱི་སྤྲིན་ཞེས་བྱ་བའི་མདོ་སྡེ་བཏོན་ནས། སྦྱིན་གཏོང་གི་ཁང་པ་ཆེན་པོ་བརྩེགས་ཏེ་སྐྱེ་དགུ་མང་པོ་ལ་སྦྱིན་པ་རླབས་པོ་ཆེ་བཏང་ནས་ལོ་མང་ཞིག་སོང་བ་ན། དཀོར་མཛོད་ཐམས་ཅད་ཟད་ཅིང་སྟོངས་སུ་ཉེ་ཡང་སློང་མོ་བའི་འཕྲོ་མ་ཆད་ནས། ལས་སུ་བསྐོས་པའི་མིས་ད་ནི་བང་མཛོད་ཐམས་ཅད་ཟད་ཅིང་སྟོང་པས་ཁྱེད་ཅག་ལ་སྦྱིན་རྒྱུ་མེད་དོ་སྨྲས་པ་དང༌། གློ་བུར་དུ་ལྷག་པ་ཁ་ཅིག་ན་རེ། བདག་ཅག་ལ་མ་བྱིན་ན་སྔར་སྦྱིན་པ་ཐམས་ཅད་དོན་མེད་དོ། ། ཞེས་སྨྲས་པ་གསན་ནས། རྒྱལ་པོས་ལོངས་སྤྱོད་ཟད་མི་ཤེས་པའི་ཐབས་དྲིས་པས། རྒྱ་མཚོའི་གླིང་ན་ཀླུ་ཡི་བུ་མོ་མཛེས་ལྡན་མའི་ལག་ན་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་ཡོད་དེ། བྱང་ཆུབ་སེམས་དཔའ་སེམས་ཅན་ལ་སྙིང་རྗེས་ལྷགས་པས་བསླད་ན་སྟེར་བར་འགྱུར་རོ། །ཞེས་གསོལ་བས། རྒྱ་མཚོའི་གླིང་ལས་ནོར་བུ་ལན་མང་དུ་བླངས་པའི་དེད་དཔོན་ཞིག་ཡོད་པ་ལ་བཀའ་བསྒོ་བ། ཁོ་བོ་ནི་རྒྱ་མཚོའི་གླིང་ལས་ནོར་བུ་ལེན་པར་འདོད་ཀྱི་ཁྱེད་ཀྱིས་ལམ་བསྟན་པར་རིགས་སོ། །ཞེས་གསུངས་པས། དེས་ཀྱང་དེ་ལྟར་བགྱིའོ་ལེགས་སོ་ཞེས་གསོལ་ནས་རྒྱ་མཚོར་དགོས་པའི་ཡོ་བྱད་རྣམས་སྟ་གོན་དུ་བྱས་སོ། །དེའི་ཚེ་བློན་པོ་རྣམས་ཀྱིས་མི་བཞུད་པར་གསོལ་ཀྱང་མ་གནང་སྟེ། ལེགས་པར་གྲུབ་པའི་ཉི་མ་ལ། གཟིངས་ཀྱི་ནང་དུ་ཚོང་པ་ལྔ་བརྒྱའི་འཁོར་དང་ལྷན་ཅིག་གཤེགས་སོ། །དེ་ནས་གཟིངས་ཀྱི་ཕྱོགས་བཞིར་དར་པོ་ཆེ་བཞི་ཕྱར་ཏེ་མཐུན་པའི་རླུང་གི་ཚེ་འགྲོ་བ་དང༌། མཚམས་བཞིར་ཞ་ནེའི་ཕ་ཝང་ཆེན་པོ་བཞི་འཕྱང་དུ་བཅུག་སྟེ་མི་མཐུན་པའི་རླུང་གི་ཚེ་སྡོད་པ་དང༌། བྱ་རོག་དང་དུང་དང་ཕུག་རོན་རྣམས་ནི། རི་དང་ཆུ་སྲིན་བརྟགས་ནས་བསད་པ་དང༌། རང་གི་ཡུལ་ཕྱོགས་ངོས་བཟུང་བའི་ཕྱིར་ཁྱེར་ཏེ། མཐུན་པའི་རླུང་དང་སྦྱར་ནས་གཟིངས་ཀྱི་ཉལ་ཐག་བཅད་དེ། ངང་པའི་རྒྱལ་པོ་ནམ་མཁའ་ལ་འགྲོ་བ་བཞིན་དུ་སོང་སོང་བ་ལས། ཉིན་ཞག་མང་ཞིག་ན། རིན་པོ་ཆེའི་གླིང་ནོར་བུ་སྣ་ཚོགས་ཀྱི་བྱེ་མ་བརྡལ་བ་ཞིག་ཏུ་ཕྱིན་པ་དང༌། འཁོར་རྣམས་དེ་ཉིད་དུ་བཞག་ནས། རྒྱལ་པོ་དང་དེད་དཔོན་གཉིས་གྲུ་ཆུང་ངུ་ཞིག་ཏུ་ཞུགས་ཏེ་དེ་ལས་ཀྱང་འདས་ཏེ་སོང་བ་ན། ཉིན་ཞག་འགའ་ཞིག་ན་རི་དཀར་པོ་ཞིག་མཐོང་ནས་རྒྱལ་པོས་དྲིས་པས་དངུལ་གྱི་རི་ཡིན་ཟེར་རོ། །ཡང་དེ་ལས་ཀྱང་འདས་ཏེ་སོང་བ་ན། རི་སྔོན་པོ་ཞིག་མཐོང་ནས་དྲིས་པས་བཻ་ཌཱུརྱའི་རི་ཡིན་ཟེར་རོ། །ཡང་དེ་ལས་ཀྱང་ལས་ཏེ་སོང་བ་ན། རི་སེར་པོ་ཞིག་མཐོང་ནས་དྲིས་པས་གསེར་གྱི་རི་ཡིན་ཏེ་བདག་ཅག་དེང་བའི་གནས་ལགས་སོ་ཞེས་སྨྲས་ཏེ་སོང་བ་ན། རི་དེའི་འདབས་གསེར་གྱི་བྱེ་མ་བརྡལ་བའི་ས་གཞིའི་མཚམས་སུ་སླེབས་པ་དང༌། དེད་དཔོན་གྱིས་རྒྱལ་པོ་ལ་བསྒོ་བ། རི་འདིའི་སྟེང་ན་རིན་པོ་ཆེ་སྣ་ཚོགས་ཀྱི་ཁང་བུ་ཞིག་ཡོད་དེ། དེའི་མདུན་ན་རྡོ་རྗེའི་གཏུན་བུ་ཞིག་ཡོད་ཀྱི་དེས་སྒོ་རྡུངས་ལ་སེམས་ཅན་ལ་ཕན་པའི་དོན་དུ་ནོར་བུ་རིན་པོ་ཆེ་འདོད་དོ་ཞེས་བརྡ་སྦྱོར་ལ་ཅི་ཡང་མ་སྨྲ་བར་བཞུགས་ཤིག་དང༌། ཀླུའི་བུ་མོ་མང་པོས་ནོར་བུ་འབུལ་དུ་འོང་གི་དེ་དག་ལ་ཅི་ཡང་མ་སྨྲ་ཞིག །དེར་ཀླུའི་བུ་མོ་མཛེས་ལྡན་མས་ནོར་བུ་རིན་པོ་ཆེ་འབུལ་དུ་ཡོང་གི་མྱུར་དུ་ལོངས་ལ་གོས་ཀྱིས་གྲིལ་སྤྱི་བོར་བསྣམས་ལ་བྱོན་ཅིག་ཅེས་ལེགས་པར་གདམས་པ་བཞིན། རིན་པོ་ཆེའི་ཁང་བུའི་སྒོ་བརྡུངས་པས་ཐོག་མར་ཀླུའི་བུ་མོ་བརྒྱས་ནོར་བུ་ཕུལ་ཡང་མ་བླངས་པར་ད་དུང་སྒོ་བརྡུངས་པས། རྟིང་ལ་ཀླུའི་བུ་མོ་མཛེས་ལྡན་མ་སྔོན་མོ་ཤིན་ཏུ་མཛེས་ཤིང་ལྟ་བས་མི་ངོམས་པ་ཞིག་ཕྱིར་བྱུང་ནས་སྤྱི་གཙུག་གི་ནོར་བུ་ཕུལ་བ་དང༌། མྱུར་བར་ལོགས་ཏེ་དེད་དཔོན་དང་ལྷན་ཅིག་རང་གི་འཁོར་རྣམས་གནས་པའི་གླིང་དེར་ནོར་བུའི་བྱིན་རླབས་ཀྱིས་ནམ་མཁའ་ལས་བྱོན་པ་ན། ཐམས་ཅད་ཡ་མཚན་སྐྱེས་ཏེ་ཕྱག་བྱས་སོ། །དེ་ནས་དེད་དཔོན་གྱིས་ལེགས་པར་བརྟགས་པས་རིན་པོ་ཆེ་སྣ་བདུན་གཟིངས་སུ་ཡང་ལྗི་རན་པར་བརྫོང་སྟེ། གཟིངས་ཀྱི་ཁ་ལོ་སྒྱུར་ནས་འོངས་པ་ན། རྒྱ་མཚོའི་གླིང་གཅིག་ན། པདྨའི་སྡོང་པོ་ཤིན་ཏུ་མཛེས་པའི་སྟེང་ན། ཁྱེའུ་ལོ་བརྒྱད་ལོན་པའི་ན་ཚོད་ཅན། ཤིན་ཏུ་མཛེས་ཤིང་ལྟ་བས་མི་ངོམས་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཞིག་མཐོང་ནས། དེའི་དྲུང་དུ་སོང་སྟེ་རྒྱལ་པོས་སྨྲས་པ། ཁྱེའུ་ཁྱོད་ཀྱི་ཕ་ནི་གང༌། མ་ནི་གང༌། རིགས་ནི་གང༌། མིང་ནི་གང༌། ཡུལ་ནི་གང༌། ཟས་ནི་གང༌། འདིར་དོན་ཅི་བྱེད་དྲིས་པས། ཁྱེའུས་གསུངས་པ། ཕ་ནི་རང་རིག་ཀུན་ཏུ་བཟང༌། །མ་ནི་ཆོས་དབྱིངས་ཀུན་བཟང་མོ། །རིགས་ནི་དབྱིངས་རིག་གཉིས་སུ་མེད། །མིང་ནི་པདྨ་འབྱུང་གནས་དཔལ། །ཡུལ་ནི་ཆོས་དབྱིངས་སྐྱེ་བ་མེད། །ཟས་ནི་གཉིས་སྣང་རྟོག་པ་ཟ། །དུས་གསུམ་རྒྱལ་བའི་སྤྱོད་པ་བྱེད། །ཅེས་གསུངས་པས་རྒྱལ་པོ་ངོ་མཚར་སྐྱེས་ཏེ། སྤྲུལ་པའི་སྐུ་ཞིག་འཁྲུངས་འདུག་པས་བདག་གི་བུར་གསོལ་བ་གདབ་སྙམ་ནས་སྨྲས་པ། བདག་གི་མཆོད་གནས་དང་སྲས་སུ་གཤེགས་པར་ཅི་གནང་ཞེས་ཞུས་པས། དེ་ལྟར་བགྱིའོ་གསུངས་ནས་གནང་བ་དང༌། པདྨའི་སྡོང་པོ་བཅད་དེ། ཁྱེའུ་དེ་ཉིད་དང་ནོར་བུ་དང་བཅས་པ་རང་གི་འཁོར་རྣམས་ཀྱིས་བསྐོར་ཏེ། ཨུ་རྒྱན་གྱི་ཡུལ་ཏུ་ཕྱིན་པ་ན། ཕོ་བྲང་འཁོར་གྱི་མི་ཐམས་ཅད་ཀྱིས་བསུ་བ་ཆེན་པོ་བྱས་ཏེ། བཻ་ཌཱུརྱའི་ཕོ་བྲང་དུ་གཤེགས་པ་ལས། རྒྱལ་པོས་སྨོན་པ། ངས་རྙེད་པའི་ནོར་བུ་འདི་ཡང་དག་པ་ཡིན་ན། ཁྱེའུ་འདི་བཞུགས་པའི་རིན་པོ་ཆེའི་ཁྲི་དང་གདུགས་རང་བྱུང་བར་གྱུར་ཅིག་ཅེས་བརྗོད་མ་ཐག་ཏུ་བྱུང་ངོ༌། །དེ་ལ་ཁྱེའུ་བཞུགས་ཏེ་རྒྱལ་སྲིད་ལ་མངའ་གསོལ་ནས་མཚན་པདྨ་རྒྱལ་པོ་ཞེས་གྲགས་སོ། །ཡང་རྒྱལ་པོས་སྨོན་པ། ངའི་ཕོ་བྲང་འཁོར་དུ་ཞག་བདུན་དུ་རིན་པོ་ཆེའི་ཆར་བབ་ཅིང་བང་མཛོད་སྟོངས་པ་རྣམས་སྔོན་པས་གང་བར་གྱུར་ཅིག ། ཅེས་བརྗོད་མ་ཐག་ཏུ་དེ་བཞིན་དུ་བྱུང་ངོ༌། །དེའི་ཚེ་རྔ་བོ་ཆེ་བརྡུངས་ནས་ཕྱོགས་ཐམས་ཅད་དུ་བསྒྲགས་པ། རྒྱལ་པོ་ཨིནྡྲ་བྷོ་དྷིའི་ཡིད་བཞིན་གྱི་ནོར་བུ་ལས་དགོས་འདོད་ཀྱི་ཆར་འབེབས་པས་སུ་ཅི་འདོད་པ་གང་ལ་གང་འདོད་པ་ལོངས་ཤིག་ཅེས་བརྗོད་ནས། ནོར་བུ་རིན་པོ་ཆེ་རྒྱལ་མཚན་གྱི་རྩེ་མོར་བཏགས་ཤིང་མཆོད་ནས་ཁྲུས་ཆབ་གསོལ་ཏེ། རྒྱལ་པོས་སྨོན་ལམ་བཏབ་པ། ངས་རྙེད་པའི་ནོར་བུ་རིན་པོ་ཆེ་འདི་ཡང་དག་པ་ཡིན་ངེས་ན། སེམས་ཅན་ཐམས་ཅད་ལ་ཅི་འདོད་པའི་ཆར་ཕོབ་ཅིག་ཅེས་བརྗོད་མ་ཐག་ཁ་ཟས་དང༌། གོས་དང་ལོངས་སྤྱོད་ཀྱི་ཆར་ཆེན་པོ་བབ་ཅིང༌། རྒྱལ་འབངས་ཐམས་ཅད་དབུལ་ཕོངས་དང་བྲལ་བར་བྱས་སོ། །དེ་ནས་རྒྱལ་པོས་བཀའ་བསྒོ་བ། ད་ནི་ཁྱེད་ཐམས་ཅད་ཐེག་པ་ཆེན་པོའི་ཆོས་ལ་སྤྱོད་ཅིག་ཅེས་གསུངས་ཏེ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དུ་བཅུག་པས། །ཐམས་ཅད་ཀྱིས་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་བོ། །དེ་ནས་སློབ་དཔོན་ཆེན་པོ་ཉིད་རྒྱལ་སྲིད་ནི་ཆོས་དང་མི་མཐུན་ཞིང་སེམས་ཅན་གྱི་དོན་ཡང་མི་འོང་བར་དགོངས་ནས། རྒྱལ་པོ་དང་བློན་པོ་རྣམས་སུན་འབྱུང་བའི་ཕྱིར། བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་དེ། སྐུ་གཅེར་བུ་ལ་རུས་པའི་རྒྱན་གསོལ། ཁ་ཊྭཱྃ་ག་ཕྱག་ན་བསྣམས་ཏེ་གར་མཛད་པས། ཕོ་བྲང་གི་རྩེར་གར་ལ་ལྟ་བའི་མི་མང་པོ་ཚོགས་པ་ལས། ཁ་ཊྭཱྃ་ག་ཕྱག་ནས་ཤོར་བ་ལྟར་མཛད་དེ། བློན་པོ་དབང་པོ་ཆེ་ཀ་མ་ཏའི་བུའི་མགོ་ལ་བསྣུན་ནས་ཤིའོ། །རྒྱལ་ཁྲིམས་ལ་གང་གིས་འདས་ཀྱང་ཆད་པའི་ལས་གཅོད་པས། བློན་པོ་ཀུན་ཚོགས་ཏེ། རྒྱལ་པོ་ལ་ཞུས་པས། རྒྱལ་བུར་མངའ་གསོལ་ཡང་ཚུལ་མ་ཡིན་པ་སྤྱོད་པས། བློན་པོའི་བུ་ཉེས་པ་མེད་པར་བསད་པས། ད་ནི་གསལ་ཤིང་གི་རྩེ་ལ་བསྐྱོན་ནས་ཆད་པ་གཅད་འཚལ་ཞེས་ཞུས་པས། རྒྱལ་པོས་གལ་གྱིས་གཅུས་ཀྱང་མ་ཉན་པར། འོ་ན་སྤྱུགས་པར་བྱའོ། །ཞེས་གསུངས་པས་ལེགས་སོ་ཞེས་བརྗོད་དེ། དེ་ནས་རྒྱལ་པོ་ཐུགས་མ་བདེ་བཞིན་དུ་སློབ་དཔོན་ལ་གསུངས་པ། རིན་ཆེན་མཚོ་དཀྱིལ་པདྨའི་སྡོང་པོ་ལས། ཁྱེའུ་ཕ་དང་མ་མེད་སྤྲུལ་པའི་སྐུ། །བརྟུལ་ཞུགས་སྤྱོད་པས་བློན་པོའི་ཕྲུག་གུ་བཀུམས། །བློན་པ་རྣམས་ཀྱིས་རྒྱལ་ཁྲིམས་ཆད་པ་གཅོད། །གསོད་ལས་སྤྱུགས་པར་སྣང་བས་གང་དགར་བཞུད། །ཅེས་སྨྲས་པ་དང༌། སློབ་དཔོན་གྱིས་གསུངས་པ། འཇིག་རྟེན་འདི་ན་ཕ་དང་མ་དཀོན་ ཡང༌། །ཡབ་དང་ཡུམ་དུ་བགྱིས་ནས་རྒྱལ་སར་ཕྱུང༌། །ལས་ཀྱི་ལན་ཆགས་བློན་པོའི་ཕྲུག་གུ་བསད། །ཡུལ་ལ་ཞེན་པ་མེད་པས་སྤྱུགས་ཀྱང་འཇིགས་པ་མེད། །སྐྱེ་འཆི་གཉིས་སུ་མེད་པས་བསད་ཀྱང་འཇིགས་པ་མེད། །རྒྱལ་ཁྲིམས་གཉན་པས་སྤྱུགས་པ་ཤིན་ཏུ་ལེགས། །ཡབ་ཡུམ་དག་ཀྱང་ཡུན་དུ་བདེ་བར་བཞུགས། །ལས་ཀྱི་འབྲེལ་པས་ཕྱི་ནས་མཇལ་བར་ངེས། །ཞེས་གསུངས་ཏེ་ཕྱག་མཛད་ནས་བྱོན་པ་ན། བློན་པོ་རྣམས་ཀྱིས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཞེས་བྱ་བ་ཤིན་ཏུ་འཇིགས་ཤིང་སྐྱི་བུང་བའི་གནས་སུ་བསྐྱལ་ལོ། །དེར་རོ་ཟས་དང་རོ་གོས་ལ་ལོངས་སྤྱོད་ཅིང་བཞུགས་པས་མཁའ་འགྲོ་མ་ཐམས་ཅད་དབང་དུ་འདུས་ཏེ་མཚན་ཡང་པདྨ་ཐོད་ཕྲེང་རྩལ་ཞེས་གྲགས་སོ། །དེ་ནས་དུར་ཁྲོད་ཆེན་པོ་དགའ་བ་ཚལ་དང༌། སོ་ས་གླིང་དང༌། རྒྱ་མཚོའི་གླིང་ལ་སོགས་པ་རྣམས་སུ་བྱོན་ཏེ། བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པས། གསང་ཆེན་རྡོ་རྗེ་ཕག་མོ་ལ་སོགས་ཡེ་ཤེས་ཀྱི་མཁའ་འགྲོ་མ་མང་པོས་དབང་བསྐུར་ཞིང་མངོན་པར་བསྟོད་དོ། །གཞན་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་དཔག་ཏུ་མེད་པ་གྲུབ་ཅིང༌། དབང་དུ་འདུས་པས་མཚན་མཚོ་སྐྱེས་རྡོ་རྗེ་དྲག་པོ་རྩལ་ཞེས་གྲགས་ཤིང༌། མཆོག་ཐུན་མོང་གི་དངོས་གྲུབ་རྙེད་དོ། །དེ་ལྟར་ཆོས་ཐམས་ཅད་ལ་མངའ་བརྙེས་ཤིང་རང་བཞིན་སྤྲུལ་པའི་སྐུ་ཆེན་པོར་བཞུགས་ཀྱང་འགྲོ་བའི་ཁམས་དང་མོས་པ་སྣ་ཚོགས་པས་དེ་དག་གི་མི་དད་པ་བཟློག་པའི་ཕྱིར། རྒྱ་གར་གྱི་བླ་མ་མཁས་གྲུབ་རྣམས་ལས་ཐོས་བསམ་མཛད་དེ། སློབ་དཔོན་པྲ་བྷ་ཧསྟིའི་དྲུང་དུ་རབ་ཏུ་བྱུང་ནས་ཤཱཀྱ་སེང་གེ་ཞེས་མཚན་གསོལ། སློབ་དཔོན་ཀླུ་སྒྲུབ་སྙིང་པོ་དང༌། འཇམ་དཔལ་བཤེས་གཉེན་དང༌། དགེ་སློང་མ་ཀུན་དགའ་མོ་ལ་སོགས་པ་ལས། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང༌། འབྲས་བུ་རྡོ་རྗེ་ཐེག་པ་མཐའ་དག་གསན་ནས་མཁྱེན་པར་མཛད་ཅིང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་དཔག་ཏུ་མེད་པས་ཞལ་གཟིགས་ སོ། །མུ་སྟེགས་པ་དང་རྩོད་པ་མཛད་པས་མུ་སྟེགས་ཕམ་པར་བྱས་ནས། སངས་རྒྱས་ཀྱི་བསྟན་པ་ལ་བཙུད་པས་མཚན་སེང་གེ་སྒྲ་སྒྲོག་ཅེས་གྲགས་ སོ། །དེ་ནས་སློབ་དཔོན་ཆེན་པོ་ཤྲཱི་སེང་ཧའི་དྲུང་དུ། ནམ་མཁའ་དང་མཉམ་པའི་རྒྱུད་ལ་སོགས་པ་རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་གི་སྐོར་རྣམས་རྫོགས་པར་ཞུས་ཤིང༌། ཁྱད་པར་དུ་ཐིག་ལེ་ཕྱི་ནང་གསང་བའི་སྐོར་རྣམས་གསན་དུས། ཡང་ཞུས་པ། སློབ་དཔོན་ཆེན་པོ་ལགས། ཚེ་འདི་ཉིད་ལ་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ཁམས་མཐོང་ཞིང༌། ཆོས་ཀྱི་སྐུའི་ཞིང་དུ་སངས་རྒྱ་བའི་གདམས་པ་ཞིག་གནང་འཚལ་ཞེས་ཞུས་པས། སློབ་དཔོན་ཆེན་པོ་ཤྲཱི་སིང་ཧའི་གསུང་གིས། རིགས་ཀྱི་བུ་ཁྱོད་ཀྱིས་ཞུས་པ་དེ་ཤིན་ཏུ་ལེགས་ཀྱི། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། ལྟ་བ་ཐམས་ཅད་ཀྱི་ཞེ་ཕུགས། མཁའ་འགྲོ་ཐམས་ཅད་ཀྱི་སྙིང་ཐིག །གསང་བ་བས་ཀྱང་ཆེས་ཤིན་ཏུ་གསང་བའི་དོན། ཚེ་འདི་ཉིད་ལ་གདོས་བཅས་ཤ་ཁྲག་གི་ཕུང་པོ་འོད་གསལ་ལོངས་སྤྱོད་རྫོགས་པའི་སྐུར་གྲོལ་ནས་མྱུར་དུ་སངས་རྒྱས་ཀྱི་བྱང་ཆུབ་འགྲུབ་པའི་གདམས་པ་ཞིག་ཡོད་ཀྱི་བསྟན་པར་བྱའོ་གསུངས་ནས། གསང་བ་མཁའ་འགྲོ་སྙིང་ཏིག་གི་དབང་ཁྲིད་མན་ངག་དང་བཅས་པ་གནང་ནས་ལོ་གསུམ་བསྒྲུབས་པས། སྐྱེ་ཤི་གཉིས་སྤངས་རྡོ་རྗེའི་སྐུ་ཐོབ་སྟེ་སྤྲུལ་པས་ཡུལ་སྣ་ཚོགས་སུ་མི་དང་མི་མ་ཡིན་པ་མང་པོ་ལ་ཕན་པ་མཛད་ཅིང༌། ཁྱད་པར་དུ་རྒྱ་གར་གྱི་རྒྱལ་པོ་དྷརྨཱ་པ་ལའི་མཆོད་གནས་སུ་ཉིན་པར་བཞུགས་ཤིང༌། མཚན་མོ་དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པར། མཁའ་འགྲོ་འབར་བའི་སྤྲིན་ཕུང་དང་ལྷན་ཅིག་གསང་སྔགས་ཀྱི་ཀུན་ཏུ་སྤྱོད་པས་གནས་པར་མཛད་དོ། །དེའི་ཚེ་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བསམ་ཡས་ཀྱི་ས་གཞི་འདུལ་བའི་དོན་དུ་སྤྱན་དྲོང་པས། སྔོན་གྱི་སྨོན་ལམ་དང་ཐུགས་རྗེའི་དབང་གིས་བོད་ཀྱི་ཡུལ་དུ་བྱོན་ཏེ། ས་གཞི་བཏུལ་ཞིང་ལྷ་སྲིན་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས་ནས། གཙུག་ལག་ཁང་བཞེངས་སུ་གསོལ་བས། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་ཉི་འོག་གི་རྒྱལ་ཁམས་ནས་འགྲན་ཟླ་དང་བྲལ་བར་གྲུབ་ཅིང༌། རབ་ཏུ་གནས་པ། དགའ་སྟོན་ཆེན་པོ་དང་བཅས་པ་མཛད་དོ། །དེ་ནས་སློབ་དཔོན་ཆེན་པོ་ཕོ་བྲང་རིམ་ཁང་དུ་སྤྱན་དྲངས་ཏེ་གསོལ་ཟས་སྣ་ཚོགས་ཀྱྀ་ཚོགས་ཀྱི་འཁོར་ལོས་མཆོད་དེ། འཇིག་རྟེན་གྱི་སྤྱན་གཟིགས་མང་པོ་དང༌། དགྱེས་པའི་བཙུན་མོ་ཕུལ་ནས་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་བསྒྱུར་བར་ཞུས་པས་གནང་སྟེ། སྒྲ་བསྒྱུར་རྒྱ་གར་གྱི་གླིང་དུ་སློབ་དཔོན་ཉིད་དང༌། སྤྲུལ་པའི་ལོ་ཙཱ་བ་བཻ་རོ་ཙ་ན་དང༌། གཉགས་ཀུ་མ་ར་ལ་སོགས་པས་རྒྱུད་དཔག་ཏུ་མེད་པ་བསྒྱུར་ཞིང༌། དེ་དག་གི་སྒྲུབ་ཐབས་ཀྱི་རིམ་པ་མཛད་དེ། སོ་སོར་བསྒྲུབས་པས། གྲུབ་ཐོབ་ཉི་ཤུ་རྩ་ལྔ་ལ་སོགས་པ་གྲུབ་པ་ཐོབ་པ་མང་དུ་བྱུང་ཞིང༌། བོད་འབངས་ཐམས་ཅད་བདེ་བ་ལ་བཀོད་དོ། །དེ་ནས་སློབ་དཔོན་གྱིས་ཕྱི་རབས་ཀྱི་འགྲོ་བ་ལ་ཕན་གདགས་པའི་ཕྱིར། རྒྱུད་ལུང་མན་ངག་རྣམས་ཡི་གེར་བྲིས་ཏེ་སོ་སོར་སྨོན་ལམ་གྱི་རྒྱ་དང་བཅས་ནས་གཏེར་དུ་སྦས་སོ། །དེ་ལྟར་འགྲོ་བ་མི་རྣམས་ཀྱི་དོན་མཛད་ཚེ། བོད་དང་ལྷོ་མོན་གྱི་མི་མ་ཡིན་རྣམས་ཀྱིས་བདག་ཅག་རྣམས་ལ་ཡང་དབང་བསྐུར་ཞིང་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ཞུས་པས་གནང་སྟེ། དེ་དག་གིས་སྤྱན་དྲངས་བྱིན་གྱིས་བརླབས་པའི་གནས་ནི། པ་གྲོ་སྟག་ཚང་སེང་གེ་ཕུག །ལྷོ་བྲག་མཁར་ཆུ། ཁ་རག་རིན་ཆེན་ཕུག །ཤངས་ཀྱི་ཟབ་བུ་ལུང༌། ཏི་སྒྲོ་བྲག་དཀར། ཙཱ་རི་ཙཱ་ཁང༌། རྔམས་པ་སྒྲ་སྒྲོག་ལ་སོགས་པ་རྣམས་སོ། །གཞན་ཡང་ལོ་དང༌། ཟླ་བ་དང༌། ཞག་དང༌། དྲོས་སྐད་རེ་ཙམ་བཞུགས་པའི་གནས་ནི་བསམ་གྱིས་མི་ཁྱབ་བོ།། །། ༈ དེའི་ཚེ་ཅོག་རོ་འབྲིང་མཚམས་ཀྱི་ཡུལ་ན། མང་རྗེ་ཐོག་དཀར་ལེགས་དང༌། རུ་བཟའི་རྒྱལ་མོ་མཚོ་འདུས་ཏེ་ཁྱིམ་འཛིན་པ་ལས། རྒྱལ་མོ་མཚོའི་རྨི་ལམ་ན། ནམ་མཁའི་དཀྱྀལ་ནས་བུད་མེད་སྔོན་མོ་ཞ»ི«ག་གིས་འོད་ཀྱི་སྐར་མ་ཞིག་འཕངས་པ་ཁོང་པའི་ནང་དུ་སོང་བ་རྨིས་ནས། ཟླ་བ་དགུ་ངོ་བཅུ་ན། བུ་མོ་ཤིན་ཏུ་མཛེས་པ། དཔྲལ་བ་ལ་རྡོ་རྗེ་རྒྱ་གྲམ་གྱི་རི་མོ་ཡོད་པ་ཨུདྤལའི་དྲི་དང་ལྡན་པ་ཞིག་བཙས་པ་ལས། མཚོ་རྒྱལ་ཞེས་བཏགས་ཏེ་ཆེར་སྐྱེས་པ་ལས། རྒྱལ་པོའི་བཙུན་མོར་བླངས་པ་ན། སློབ་དཔོན་ལ་ཤིན་ཏུ་དད་ཅིང༌། འཁོར་བའི་ཆོས་ལ་ཤིན་ཏུ་སྐྱོ་ནས། རྒྱལ་པོ་ལ་ཆོས་བྱེད་པར་ཞུས་པས། གནང་སྟེ་སློབ་དཔོན་ལ་ཕུལ་ལོ། །དེ་ནས་སློབ་དཔོན་གྱིས་ལས་རྒྱ་བགྱིས་ཏེ་གང་དུ་བྱོན་པ་ཐམས་ཅད་དུ་བྱོན་ནས། བསྙེན་བཀུར་དང་ཞབས་ཏོག་མཛད་ཅིང་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་གྲུབ་པ་ཐོབ་སྟེ་མཆོག་ཐུན་མོང་གི་དངོས་གྲུབ་བརྙེས་སོ། །དེ་ནས་སློབ་དཔོན་ཡབ་ཡུམ་གཞོ་སྟོད་ཏི་སྒྲོ་བྲག་ལ་སྒྲུབ་པ་མཛད་པའི་དུས་སུ། ཡེ་ཤེས་ཀྱི་མཁའ་འགྲོ་མ་མང་པོས་ཇོ་མོ་ལ་བསྐུལ་བ། སློབ་དཔོན་སྤྲུལ་པའི་སྐུའི་ཐུགས་ལ་ཚེ་འདི་ཉིད་ལ་གདོས་བཅས་ཀྱི་ཕུང་པོ་དག་ནས་སངས་རྒྱ་བའི་གདམས་པ། མངོན་སུམ་སྙིང་ཏིག་གི་མན་ངག་ཟབ་མོ་བཞུགས་པས་གསོལ་བ་ཐོབ་ཅིག་ཅེས་བསྐུལ་བ་དང༌། དེའི་ཚེ་ཇོ་མོས་ཚོགས་ཀྱི་འཁོར་ལོས་མཆོད་ཅིང་ཕྱག་དང་བསྐོར་བ་བྱས་ཏེ་ཞུས་པ། སློབ་དཔོན་ཆེན་པོ་ལགས། ཚེ་འདི་ཉིད་ལ་གདོས་བཅས་ཀྱི་ཕུང་པོ་དག་ནས་སངས་རྒྱ་བའི་གདམས་པ་མངོན་སུམ་སྙིང་ཐིག་གི་མན་ངག་གནང་འཚལ། ཞེས་ཞུས་པས། སློབ་དཔོན་ཆེན་པོའི་ཞལ་ནས། མཚོ་རྒྱལ་ཁྱོད་ཀྱིས་ཞུས་པ་དེ་ཤིན་ཏུ་ལེགས་ཤིང༌། ཚེ་འདི་ཉིད་ལ་གདོས་བཅས་ཤ་ཁྲག་གི་ཕུང་པོ་འོད་གསལ་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་སུ་དག་ནས། ཆོས་སྐུ་ལྷུན་གྲུབ་ཏུ་རིན་པོ་ཆེའི་སྦུབས་སུ་གཏན་སྲིད་ཟིན་པར་བྱེད་པའི་གདམས་པ་ཟབ་མོ་ཞིག་ཡོད་ཀྱི་བསྟན་པར་བྱའོ། །གསུངས་ནས། ཚོགས་ཁང་ཆེན་མོར་ཞི་ཁྲོ་དོན་གྱི་དཀྱིལ་འཁོར་ཞལ་ཕྱེས་ནས། ཇོ་མོ་མཁར་ཆེ་བཟས་ཐོག་དྲངས་ཡེ་ཤེས་ཀྱི་མཁའ་འགྲོ་མ་འབུམ་ཕྲག་གཅིག་ལ་དབང་བསྐུར་ནས་ཁྲིད་དུ་མཛད་དེ། རྒྱུ་བཅུ་བདུན། ཀློང་གསལ་དང་བཅོ་བརྒྱད། དེ་དག་གི་མན་ངག་ཡི་གེ་རབ་ཏུ་མང་པོ་དང་བཅས་པ་རྣམས་གསུངས་སོ། །དེ་ནས་དེ་རྣམས་ལས་རྒྱུད་རབ་ཏུ་རྒྱས་པའི་མན་ངག་རྣམས་ཕྱོགས་གཅིག་ཏུ་ཕྱེས། སློབ་དཔོན་ཉིད་ཀྱིས་མཛད་པའི་ཟབ་འདུས་ཀུ་སུ་ལུའི་སྐོར་རྣམས་ཕྱོགས་གཅིག་ཏུ་ཕྱེས་ཏེ། སློབ་དཔོན་དང་མཚོ་རྒྱལ་གྱིས་སོ་སོའི་ཡི་གེ་བྲིས་ཏེ་དཀར་ཆག་ལ་མནན་ནོ། །དེའི་ཚེ་རྒྱལ་པོས་གདན་དྲངས་ཏེ། འཆིམས་ཕུར་སློབ་དཔོན་དང༌། རྒྱལ་པོ་ཡབ་སྲས་གཤེགས་ཏེ་ཚོགས་ཀྱི་འཁོར་ལོ་བརྒྱ་རྩ་མཛད་པ་ལས། བཙུན་མོ་དམ་པ་འབྲོམ་བཟའ་བྱང་ཆུབ་སྨན་ལས་འཁྲུངས་པའི་སྲས་མོ་ལྷ་ལྕམ་པད་མ་གསལ་ཞེས་བྱ་བ་དགུང་ལོ་བརྒྱད་ལོན་པ་ཅིག་ཤི་བས། ལྷ་སྲས་བུ་མོའི་རོ་ལ་གཟིགས་ཤིང་བཤུམས་ཏེ་མྱ་ངན་མཛད་པས། སློབ་དཔོན་ཆེན་པོས་བཀའ་སྩལ་པ། ཀྱེ་མངའ་བདག་རྗེ། སྤྱིར་འཇིག་རྟེན་གྱི་སྣང་བ་རྨི་ལམ་དང་འདྲ། འདུས་བྱས་ཀྱི་མཚན་ཉིད་སྒྱུ་མ་ཡིན། རྒྱལ་སྲིད་མདང་གི་རྨི་ལམ་དང་འདྲ། ཚེ་མི་རྟག་ཆུའི་ལྦུ་བ་དང་འདྲ། འདུས་པ་ཐམས་ཅད་བྲལ་བ་ཡིན། །འདུས་བྱས་ཐམས་ཅད་འདི་དང་འདྲ། །མི་རྟག་རྟག་པར་མ་འཛིན་པར། །སྐྱེ་མེད་ཆོས་སྐུའི་དོན་ལ་སྦྱོངས། །ཞེས་གསུངས་ཤིང༌། ཡང་རྒྱལ་པོས་ཞུས་པའི་དོན་དུ། གཙུག་ལག་ཁང་དང་བསྟན་པའི་དར་གུད་འབྱུང་ཚུལ། ལྷ་ལྕམ་གྱི་སྐྱེས་རབས་དང་བཅས་པ་རྒྱས་པར་གསུངས་ནས། མ་འོངས་པའི་དུས་སུ་ཟངས་མདོག་དཔལ་རིར་རྒྱལ་པོ་དང༌། །མཚོ་རྒྱལ་ལྷ་ལྕམ་པད་མ་གསལ་དང་འོ་སྐོལ་ཞལ་མཇལ་ལོ་གསུངས་པས། རྒྱལ་པོ་དགྱེས་པས་ཕྱག་དང་བསྐོར་བ་མང་དུ་མཛད་དོ། །དེ་ནས་ལྷ་ལྕམ་གྱི་རོའི་སྙིང་ཁར་ཤེས་རབ་མཚལ་གྱི་ཡི་གེ་ནྲྀ་གཅིག་བྲིས་ཏེ་རྣམ་ཤེས་བཀུག་པས་དབུགས་བྱུང་སྟེ་སྨྲ་ཤེས་པ་བྱུང་ངོ༌། ། དེའི་ཚེ་གསང་བ་མཁའ་འགྲོ་སྙིང་ཏིག་གི་དབང་བསྐུར་ནས་གསང་མཚན་པདྨ་ལས་འབྲེལ་རྩལ་དུ་བཏགས་ཤིང༌། བུ་མོའི་སྤྱི་བོར་དཔེ་སྒྲོམ་བཞག་ནས། མ་འོངས་པའི་དུས་སུ་ཆོས་འདི་དང་འཕྲད་ནས་སེམས་ཅན་ལ་ཕན་ཐོག་པར་ཤོག་ཅིག» «།ཅེས་སྨོན་ལམ་བཏབ་བོ། །དེ་ནས་སླར་རྣམ་ཤེས་དོན་པ་དང༌། རོ་དེ་ཉིད་སྲེག་པའི་ཚུལ་བསྟན་ཞིང་མོའི་སྒྲིབ་པ་སྦྱོང་བའི་དོན་དུ། སློབ་དཔོན་གྱིས་རྫུ་འཕྲུལ་མཛད་དེ་སྐད་ཅིག་ལ་ཨུ་རྒྱན་དུ་ཚོགས་ཀྱི་འཁོར་ལོ་མཛད་ དོ། །ཡང་སློབ་དཔོན་གྱིས་གསུངས་པ། ཇི་ལྟར་བྱུང་བ་འདི་དག་ཡི་གེར་ཐོབ་ཅིག» «།ལྷ་ལྕམ་མོ་རང་གི་སྐྱེ་བ་དང་འཕྲད་པའི་དུས་སུ་ཡིད་ཆེས་པའི་དགོས་པ་ཡོད་དོ། །ཞེས་གསུང་ཡི་གེར་བཏབ་བོ། །དེ་ནས་ཇོ་མོས་ཞུས་པ། སྙིང་ཐིག་ཟབ་མོའི་གདམས་པ་སྤེལ་ལམ་སྦ་བར་བྱ། ཞེས་ཞུས་པས། སློབ་དཔོན་ཆེན་པོས་གསུངས་པ། འདི་ད་ལྟ་སྤེལ་བའི་དུས་ལ་མ་བབ་པས་གཏེར་དུ་སྦེད་དགོས། ལྷ་ལྕམ་གྱིས་སྨོན་ལམ་བཏབ་པས་མོའི་ཆོས་སྐལ་ཡིན་ཞིང༌། མ་འོངས་པའི་དུས་སུ་སྙིང་ཏིག་སྔ་འགྱུར་འཆལ་ཏེ་ཅུང་ཟད་ནུབ་ཏུ་ཉེ་བ་ན། ཆོས་འདིས་ཕན་ཐོགས་པར་འགྱུར་བས་གཏེར་དུ་སྦེད་དགོས་གསུངས་ནས། རྒྱུད་རབ་ཏུ་རྒྱས་པའི་མན་ངག་དང་བཅས་པ་རྣམས་བུམ་ཐང་སྨད་ཀྱི་བྲག་སེང་གེ་འདྲ་བ་ལ་གཏེར་དུ་སྦས་ཤིང༌། ཟབ་འདུས་ཀུ་སུ་ལུའི་སྐོར་རྣམས་དགས་པོ་དང་ལུང་ཁྲ་མོ་བྲག་ལ་གཏེར་དུ་སྦས་ནས། གཟའ་དང་མ་མོ་དང་གཏེར་བདག་གི་མཁའ་འགྲོ་མང་པོ་ལ་གཉེར་དུ་གཏད་ནས། མ་འོངས་པའི་དུས་སུ་སྐལ་ལྡན་ལས་ཅན་དེ་ལ་གཏོད་ཅིག་ཅེས་བཀའ་བསྒོ་བར་མཛད་དོ། ། གཞན་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་གཏེར་ཁ་མང་དུ་སྦས་སོ། །དེ་ལྟར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས། དཔལ་བསམ་ཡས་ཀྱི་གཙུག་ལག་ཁང་ཆེན་པོ་བཞེངས། སློབ་དཔོན་ཆེན་པོ་པད་མ་འབྱུང་གནས་ལ་སོགས་པ་པཎྜི་ཏ་མང་པོ་སྤྱན་དྲངས། དམ་པའི་ཆོས་མང་པོ་བསྒྱུར་ནས་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་མཛད་དོ། །དེ་ནས་དྲུག་ཅུ་རྩ་གཅིག་གླང་གི་ལོ་ལ་རྒྱལ་པོ་དགུང་ལ་གཤེགས་ཏེ། སློབ་དཔོན་ཉིད་ཀྱང་དངོས་ཀྱི་གདུལ་བྱ་དེ་ལས་མེད་པར་དགོངས་ནས་ལྷ་སྲས་མུ་ནེ་བཙན་པོས་བཞུགས་པར་ཞུས་ཀྱང་མ་གནང་སྟེ་གཤེགས་པའི་ཚེ། མང་ཡུལ་བྱེ་མའི་ལ་སོ་ལ་ཐུག་པར་བསྐྱལ་ནས། ཕྱག་དབུ་ཐོད་བུད་བུད་དུ་འཚལ་ཞིང་བསྐོར་བ་མཛད་དེ། ངེད་བོད་ལ་ཐུགས་རྗེས་གཟིགས་པར་ཞུ་གསུངས་ནས་སྤྱན་ཆབ་མང་པོ་བཏོན་པས། སློབ་དཔོན་ཆེན་པོའི་ཞལ་ནས། ལྷ་སྲས་བཙན་པོ། འཇིག་རྟེན་གྱི་སྣང་བ་སྒྱུ་མ་དང་འདྲ་བས་སྐྱེ་མེད་ཆོས་སྐུའི་རྩལ་སྦྱོང་མཛོད་ཅིག» «།འདུས་བྱས་ཆུའི་ལྦུ་བ་དང་འདྲ་བས་འཇིག་མེད་ཐར་པའི་ལམ་སྣ་ཟུང་ཞིག» «།མི་རྟག་རྩྭ་ཁའི་ཟིལ་པ་དང་འདྲ་བས་སེམས་ཉིད་གཉུག་མའི་གཏན་སྲིད་ཟུང་ཞིག་འདུས་པ་ཚོང་ཁང་གི་མགྲོན་པོ་དང་འདྲ་བས་འབྲལ་མེད་བདེ་ཆེན་གྱི་གྲོགས་དང་འགྲོགས་ ཤིག» «།འདི་ཕྱིར་ཕན་པ་དམ་པའི་ཆོས་ལས་མེད་པས་རྗེ་འབངས་ཐམས་ཅད་དམ་པའི་ལྷ་ཆོས་མཛོད་ཅིག» «།སྤྲེའུ་ལོ་སྤྲེའུ་ཟླ་བའི་ཚེས་བཅུ་ལ་ང་ཡང་བོད་ཀྱི་ཡུལ་དུ་ལན་རེ་འོང་ཞིང༌། ལས་ཅན་རྣམས་ལ་རྒྱུན་དུ་སྣང་བས་ཐུགས་ངལ་མི་མཛད་པར་ཅི་བདེར་བཞུགས་འཚལ་ལོ། །ཞེས་གསུང་ནས། སློབ་དཔོན་པད་མ་འབྱུང་གནས་དང༌། ཇོ་མོ་མཁར་ཆེ་མཚོ་རྒྱལ་གཉིས། ནམ་མཁའི་དབྱིངས་ན་ཕར་འོད་ཟེར་གྱི་ཕུང་པོ་དང་བཅས་ཏེ་ལྷོ་ནུབ་རྔ་ཡབ་ཀྱི་གླིང་དུ་བུན་གྱིས་གཤེགས་སོ། །དེ་ལྟར་རིམ་གྱིས་བྱོན་པའི་བླ་མ་བཞི་པོ་དེ་ཡང༌། ཀུན་ཏུ་བཟང་པོ་ཡབ་ཡུམ་དང༌། རྡོ་རྗེ་སེམས་དཔའ་ཉིད་ཀྱི་རྣམ་པར་འཕྲུལ་པ་ལས། འགྲོ་བ་རང་རྒྱུད་པ་འགས་བསྒྲུབས་པས་གྲུབ་པ་ཐོབ་པ་ནི་མ་ཡིན་ནོ། །དེའི་ཕྱིར་གདུལ་བྱའི་སྣང་བ་དང་བསྟུན་ནས་དེ་ལྟར་བྱོན་པའོ།། །། ༈ དོན་གསུམ་པ་གང་ཟག་སྙན་ཁུང་དུ་བརྒྱུད་པ་ནི། དེ་ལྟར་ཨུ་རྒྱན་ཆེན་པོས་ལུང་བསྟན་པ་བཞིན། ལྷ་ལྕམ་པད་མ་གསལ་སྐྱེ་བ་རིམ་གྱིས་བརྒྱུད་པ་ལས། ཚེ་ལོ་ལྔ་བཅུ་ཁ་རལ་གྱི་ཚེ། གསལ་རྗེ་གོང་གི་ཤར་ཕྱོགས་འབྲི་ཐང་ཞེས་བྱ་བའི་ས་ཆར་སྐུ་འཁྲུངས་ཏེ། ཆུང་ངུའི་དུས་ན་ཆོས་ལ་མོས་པས་རབ་ཏུ་བྱུང་སྟེ་མཚན་ཚུལ་ཁྲིམས་རྡོ་རྗེ་ཞེས་གྲགས་སོ། །དེའི་ཚེ་གཏེར་གྱི་ཁ་བྱང་དང་ལྡེ་མིག་ཕྱག་ཏུ་བྱུང་ཞིང༌། གཏེར་བདག་གི་མཁའ་འགྲོ་རྣམས་ཀྱིས་ཡང་ཡང་བསྐུལ་བ་ལ་བརྟེན་ནས་དགུང་ལོ་ཉི་ཤུ་རྩ་གསུམ་གྱི་སྟེང་དུ། ཟབ་མོ་མཁའ་འགྲོ་སྙིང་ཏིག་གི་གཏེར་ཁ་དྭགས་པོ་དང་ལུང་ཁྲ་མོ་བྲག་ནས་གདན་དྲངས་ནས་ཅུང་ཟད་སྤེལ་བར་མཛད་ཅིང་ཁྱད་པར་དུ་ལས་ཅན་གྱི་སློབ་མ་སྤྲུལ་སྐུ་ལེགས་ལྡན་ལ་བཀའ་ལུང་ཤོག་སེར་དང་བཅས་པ་གཏད་ནས་འཛིན་ཞེན་མེད་པའི་སྤྱོད་པས་གནས་ངེས་མེད་དུ་འབྱོན་པ་ལས། བྱར་སྨད་ཕྱིང་དཀར་ཞེས་བྱ་བའི་ས་ཆར་སྐུ་གཤེགས་ཏེ་པུར་སྦྱངས་པ་ལས། གདུང་རུས་ལ་རྡོ་རྗེ་ཕག་མོ་ཚོན་གང་བའི་སྐུ་དང༌། རིང་བསྲེལ་མང་དུ་བྱོན་ཅིང་ཞག་བདུན་དུ་ལུང་པ་འཇའ་འོད་ཀྱིས་གང་བས་འགྲོ་བ་རྣམས་ངོ་མཚར་གྱི་ས་ལ་བཀོད་དོ། ། དེ་ལྟ་བུའི་བླ་མ་ཟབ་གཏེར་གྱི་བདག་པོ་དེ་ཉིད་ལས། སྤྲུལ་སྐུ་ལེགས་ལྡན་པས་བཀའ་ལུང་མན་ངག་རྫོགས་པར་ཞུས་ཏེ། དེའང་དཔལ་ལྡན་བླ་མ་དམ་པ་སྤྲུལ་སྐུ་ལེགས་ལྡན་གྱི་འཁྲུངས་ཡུལ་ནི། དམྱལ་སྨད་ཆོས་གྲོ་སེ་བ་ལུང་ཞེས་བྱ་བའི་གནས་སུ། སྔགས་བརྒྱུད་ཁྱད་པར་ཅན་གྱི་རིགས་སློབ་དཔོན་དབང་ཕྱུག་རྒྱལ་དང༌། གྲུ་མོ་རྡོ་རྗེ་དགོས་གཉིས་ཀྱི་སྲས་སུ་འཁྲུངས་ཏེ། སྐུ་ཆུང་ངུའི་དུས་ནས་སྔོན་གྱི་སྐྱེ་བ་མང་པོ་དྲན་པ་དང་ཡི་གེ་འབྲི་ཀློག་བསླབ་མ་དགོས་པར་མཁྱེན་པ་དང༌། ཐུགས་རབ་ཆེན་པོ་མངའ་འོ། །གྲུབ་ཐོབ་ཨུ་རྒྱན་པ་དང་རྟོགས་ལྡན་མགོན་པོ་ཡེ་ཤེས་ཀྱིས་ཀྱང་སེམས་ཅན་ལ་ཕན་ཐོགས་པའི་སྐྱེས་བུ་ཞིག་འོང་བར་འདུག་གསུངས་ནས་ལུང་བསྟན། དགུང་ལོ་བརྒྱད་ལོན་དུས་ཡེ་ཤེས་ཀྱི་མཁའ་འགྲོ་མས་དངོས་སུ་ལུང་བསྟན་ཞིང་ཡབ་མེས་ཀྱི་ཟབ་ཆོས་རྣམས་ཀྱི་བདག་པོར་བྱིན་གྱིས་བརླབས་སོ། །དེ་ནས་གསུང་རབ་ཀྱི་གནས་ལ་ཐོས་བསམ་མཛད་པའི་ཚུལ་ནི། ཡབ་ལས་རིག་པ་བཀླག་པ་སྒྲའི་བསྟན་བཅོས། རྣམ་གཞག་ཞིབ་མོ་གངྒའི་ཆུ་རྒྱུན། སྐྱེ་བོ་གསོ་བའི་ཐིག་པ་རྩ་འགྲེལ་དང་བཅས་པ་དང༌། རྟ་མགྲིན་དང་ཐུགས་རྗེ་ཆེན་པོ་དང༌། སྒྲོལ་མའི་རྒྱུད་སྒྲུབ་ཐབས་དང་བཅས་པ་དང༌། མ་མགོན་གྱི་རྒྱུད་མན་ངག་དང་བཅས་པ་རྣམས་གསན་ནས་མཁྱེན་པར་མཛད་ཅིང༌། བླ་མ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ལས། ཞི་བྱེད་བརྒྱུད་པ་ཕྱི་མའི་དབང་དང་གདམས་པ་རྣམས་གསན་ནོ། ཁུ་བོ་བླ་མ་རྒྱལ་སྲས་བརྩོན་དབང་པའི་དྲུང་དུ་སློབ་གཉེར་ལ་བྱོན་དུས་བླ་མའི་གསུང་གི་རྨིས་ལྟས་ཤིན་ཏུ་བཟང་སེམས་ཅན་ལ་ཕན་ལེགས་པར་ཐོགས་པ་ཅིག་འོང་བར་འདུག་པས། ཁྱེད་ཀྱི་མིང་རྒྱལ་སྲས་ལེགས་ལྡན་ཐོགས་ཤིག་གསུངས་སོ། །དེའི་ཚེ་དཔལ་གསང་བ་སྙིང་པོའི་རྒྱུད་དང༌། བརྟག་གཉིས་གསན་ནས་ནན་ཆགས་མཛད་དེ། བཤད་པ་མཛད་ཅིང༌། གཞན་ཡང་འཇམ་དཔལ་ཁ་ཐུན་གྱི་རྒྱུད་དང༌། འཇམ་དཔལ་ཚེ་བདག་ཁྲོ་བོ་འདུས་པའི་སྐོར་དང༌། བདེ་མཆོག་མན་ངག་དང་བཅས་པ་དང༌། ཁྲོ་ཕུའི་ལོ་ཙཱ་ནས་བརྒྱུད་པའི་ཆོས་སྐོར་རྣམས་དང༌། འཇིག་རྟེན་མགོན་པོ་ཆོས་རྗེ་འབྲི་གུང་པའི་ཆོས་སྐོར་ལ་སོགས་པ་གདམས་པ་མང་དུ་ཞུས་སོ། སློབ་དཔོན་སངས་རྒྱས་དབོན་གཞོན་ལས། རོ་སྙོམས་སྐོར་དྲུག་ལ་སོགས་པ་འབྲུག་པའི་ཆོས་སྐོར་རྣམས་གསན་ཞིང༌། བླ་མ་ཆོས་རྒྱལ་རྫ་མ་པ་ལས། ཕར་ཕྱིན་ཤེས་རབ་སྒྲོན་མེ་དང༌། དཔལ་གསང་བ་འདུས་པ་དང༌། དགྱེས་རྡོར་རྔོག་ལུགས་དང༌། སངས་རྒྱས་ཐོད་པ་དང༌། ཕག་མོ་དཔྱལ་གྱི་ཆོས་དྲུག་ལ་སོགས་པ་ཞུས་སོ། །བོན་སྒོམ་སྣང་བ་རྒྱལ་ཡན་ལས། དོ་ཧ་སྐོར་གསུམ་འགྲེལ་པ་བལ་ལུགས་པར་ལུགས་དང་བཅས་པ་ཞུས་ཤིང༌། སློབ་དཔོན་གླན་ལས་མངའ་བདག་ཉང་རལ་གྱི་གཏེར་ཁ་བདེ་གཤེགས་འདུས་པའི་བཀའ་ལུང༌། རྟ་མགྲིན་གྱི་རྒྱུད་ལྔ་སྒྲུབ་ཐབས་དང་བཅས་པ་དང༌། ཐུགས་རྗེ་ཆེན་པོ་འགྲོ་འདུལ་གྱི་ཆོས་སྐོར་དང༌། མཁའ་འགྲོ་ཡིད་བཞིན་ནོར་བུའི་སྒྲུབ་སྐོར་ལ་སོགས་པ་ཞུས་སོ། །གུ་རུའི་བརྒྱུད་འཛིན་ཉི་མ་འོད་ཟེར་ལས། བླ་མ་གསང་འདུས་སངས་རྒྱས་མཉམ་སྦྱོར། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་ལ་སོགས་པ་ཞུས་ཤིང་རི་ཁྲོད་རས་པ་ལས། གཟེར་ལྔ་དང་ལམ་མཆོག་མཐར་ཐུག་ལ་སོགས་པ་ཞང་ཚལ་བའི་གདམས་སྐོར་རྣམས་གསན་ནོ། །ཞིག་པོའི་འཇིགས་མེད་སྦས་པ་ལས། བི་མ་ལའི་སྙིང་ཏིག་གི་དབང་ཁྲིད་ཟབ་པ་པོད་བཞི། རྒྱུད་བཅུ་བདུན་དང་བཅས་པ་ཞུས་ཤིང༌། རྣལ་འབྱོར་པ་ཨཱ་ཧཱུྃ་རྡོ་རྗེ་ལས་སྒྲགས་ཡང་རྫོང་མའི་གཏེར་ཁའི་ཆོསསྐོར་རྣམས་གསན་ནོ། །འཇམ་དབྱངས་ཤེས་རབ་རིན་ཆེན་ལས་ལྔ་བསྡུས་ཀྱི་རྩིས་དང༌། གསོ་བ་སྨན་དཔྱད་ཀྱི་སྐོར་དང་ཕན་བྱེད་ཀྱི་ལས་ཚོགས་མང་དུ་ཞུས་ཏེ་མཁྱེན་པར་མཛད་དོ། ཁྱད་པར་དུ་གཏེར་སྟོན་པདྨ་མ་ལས་འབྲེལ་རྩལ་ལས་ཟབ་མོ་མཁའ་འགྲོ་སྙིང་ཏིག་གི་དབང་ཁྲིད་གདམས་པ་དང་བཅས་པ་རྫོགས་པར་ཞུ་དུས། བླ་མའི་གསུང་གིས་ཆོས་འདིའི་བདག་པོ་ཁྱོད་ཡིན་པར་ལུང་བསྟན་ན་འདུག་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད་ཅིག» «། གསུངས་ནས་ཤོག་སེར་རྣམས་ཀྱང་ཕྱག་ཏུ་གཏད་དོ། །དེ་ནས་ཟབ་གཏེར་འདི་ཉིད་ལོ་བཅུ་གཉིས་ཀྱི་བར་དུ་གང་ལ་ཡང་མ་སྤེལ་བར་སྒྲུབ་པ་རྩེ་གཅིག་ཏུ་མཛད་པའི་ཚེ་མནལ་ལམ་དུ། ཟངས་མདོག་དཔལ་རིར་ཨུ་རྒྱན་པད་མ་དང་ཞལ་འཇལ་བ་དང༌། གནུབས་ནམ་མཁའི་སྙིང་པོས་སིང་ལྡིང་གི་རྔ་གཏད་ནས་ལས་ཅན་གྱི་སློབ་མར་ལུང་བསྟན་པ་ལ་སོགས་མཚན་ལྟས་བཟང་པོ་མང་དུ་བྱུང་ཞིང༌། ཉམས་རྟོགས་ཀྱི་ནུས་པ་ཕུན་སུམ་ཚོགས་པ་མངའ་བས་སྨིན་གྲོལ་གྱི་ནུས་པ་དང་ལྡན་པར་བཞུགས་པ་ལས། ཆོས་རྗེ་ཀརྨ་པ་རང་བྱུང་རྡོ་རྗེས་ཀོང་པོར་གདན་དྲངས་ཏེ་ཟབ་གཏེར་མཁའ་འགྲོ་སྙིང་ཏིག་གི་ཁྲིད་གདམས་པ་དང་བཅས་པ་རྫོགས་པར་གསན་ཏེ། དགྱེས་ཚོར་ཆེན་པོ་མཛད་ཅིང་ཆོས་བཀའ་བཀྲོལ་ནས་རྒྱ་ཆེར་སྤེལ་བར་མཛད་དོ། །དེའི་ཚེ་ཆོས་རྗེ་པ་ལས་ཀྱང༌། དུས་འཁོར་གྱི་རྒྱུད་འགྲེལ་པ་དྲི་མེད་འོད་དང༌། མདོ་སྡེ་སྐྱེས་རབས་ཀྱི་ལུང་དང༌། སྦྱོར་དྲུག་ཆོས་དྲུག །ཡང་དགོན་པའི་རི་ཆོས་སྐོར་གསུམ་ལ་སོགས་པ་གདམས་པ་མང་དུ་གསན་ནོ། །དེ་ལྟར་ངོ་མཚར་མཆོག་གིས་བརྒྱན་པའི་བླ་མ་དམ་པ་དེ་ཉིད་ནི། ཨོ་རྒྱན་ཆེན་པོས་ཟབ་གཏེར་འདི་ཉིད་ཚུལ་དང་མཐུན་པར་སྤེལ་བའི་ལས་ཅན་གྱི་སློབ་མར་ལུང་བསྟན་ཞིང༌། ཞི་རྒྱས་དབང་དྲག་གི་ནུས་པ་ཆེན་པོ་མངའ་བ་དང༌། གཏེར་ཡིག་ནས་ལུང་བསྟན་པ་ལྟར་སྐུ་ཚེ་མཐར་ཕྱིན་ཞིང་གདུལ་བྱ་ཕྲིན་ལས་རྣམས་སྨིན་གྲོལ་ལ་བཀོད་དེ། །དགུང་ལོ་བདུན་ཅུ་རྩ་བརྒྱད་ཀྱི་བར་དུ་བཞུགས་ནས། སྦྲུལ་ལོ་རྒྱལ་གྱི་ཟླ་བའི་ཚེས་བཅུ་ལ་འགྲོ་བ་རྣམས་ངོ་མཚར་གྱི་ས་ལ་བཀོད་ནས། གཤེགས་པའི་ཚུལ་བསྟན་པའི་ཚེ་ལྷ་སྐུ་རིང་བསྲེལ་ལ་སོགས་མང་དུ་བྱོན་ཞིང༌། ལུང་པ་འཇའ་ཡིས་ཁེངས་པ་ལ་སོགས་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་དང་བཅས་ཏེ་འདའ་ཚུལ་བསྟན་ནོ། །བླ་མ་དམ་པ་དེ་ཉིད་ལས། བདག་གིས་ཟབ་གཏེར་གྱི་གདམས་པ་ལེགས་པར་ཞུས་ཏེ། དེའང་བདག་ཅག་གི་ཕ་ཡུལ་ཁམས་ཀྱི་ས་ཆ་ལ་གོང་ཞེས་བྱ་བ་ཡིན་ཅིང༌། ལྡོང་ཀླུ་འཕེལ་ཞེས་བྱ་བ་དང༌། མར་ཚ་བཟའ་ཨ་འདོ་གཉིས་ཀྱི་བུར་སྐྱེས་ཏེ། བྱིས་པ་ལོ་བདུན་བརྒྱད་ཀྱི་དུས་ནས། ཆོས་ཀྱི་བག་ཆགས་དུམ་པ་ཡོད་པ་འདྲ་བས། ཆོས་བྱེད་པར་མོས་པ་དང༌། བླ་མ་དགེ་འདུན་གྱི་རིགས་དང༌། ལྷ་རྟེན་གསུང་རབ་ལ་སོགས་མཐོང་དུས་དགའ་ཚོར་ཆེན་པོ་སྐྱེ་བ་ཞིག་ཡོད་ལ། སྤྲང་པོ་ལ་སོགས་མ་ནུས་པ་མཐོང་དུས། རང་གི་གོས་རྙིང་དང༌། བཟའ་བཏུང་ཅུང་ཟད་སྟེར་པར་ནུས་པ་དང༌། བྱམས་པ་ཞིག་ཡོད་ཅིང་ལོ་བཅོ་ལྔ་ལོན་དུས་འབྲི་གུང་དུ་སྤྱན་སྔ་བཛྲ་རཱ་ཙ་བཞུགས་དུས་དགེ་ཚུལ་བྱས་ནས་ཡིག་བརྒྱའི་ཁྲིད་ལྔ་ལྡན་གྱི་ངོ་སྤྲོད་ཐོབ་ཅིང༌། དེ་ནས་ནང་སོར་ལོ་ཤས་བསྡད་དུས་ཀྱང༌། སྡིག་པ་ཆེར་མ་འབགས་ཤིང༌། སྤྲང་ལོང་ལ་བྱམས་པས་བཟའ་བཏུང་སྟེར་བ་དང་མ་ཎི་བསྐུལ། རང་ཡང་མ་ཎི་མང་པོ་འདྲེན་པ་ལས། ལོ་ཉི་ཤུ་རྩ་གཅིག་ལོན་པའི་སྐབས་སུ། མཚན་གཅིག་གི་རྨི་ལམ་ན། བུད་མེད་རྒྱན་མང་པོས་བརྒྱན་པ་འཁོར་མང་རབས་ཀྱིས་བསྐོར་བ་ཅིག་ཕྱོགས་གཞན་ཞིག་ཏུ་འགྲོ་བའི་ལམ་ཞོར་ལ་བདག་ལ་འདི་སྐད་ཟེར་ཏེ་ཁྱོད་ཆོས་མ་བྱས་ན་ལོ་ཉི་ཤུ་རྩ་ལྔའི་སྟེང་དུ་འཆི་བས་ཆོས་རང་གྱིས་ཤིག་ཐོས་སོ། །དེ་ནས་བཟུང་སྟེ། མྱུར་དུ་འཆི་དོགས་པའི་སྡུག་བསྔལ་དང༌། འཇིག་རྟེན་གྱི་བྱ་བ་ལ་དགོས་པ་ཅི་ཡང་མི་འདུག །འདི་ལྟར་མི་ཐམས་ཅད་ཚེ་ཡུད་ཙམ་འདི་ལ་ཆགས་སྡང་རྨོངས་གསུམ་སྡིག་པ་མི་བྱེད་ཐང་པ་ལ། ད་ནི་གང་གིས་ཀྱང་དགོས་པ་མི་གདའ་ཆོས་རང་བསམ་པའི་སྐྱོ་ཤས་དང་མི་རྟག་པ་གཞན་བསྐུལ་མ་དགོས་པ་དུང་དུང་འབྱུང་བ་ལ། ཡང་ལོ་ཤས་དགེ་སྦྱོར་ལ་མ་ཚུད། དེ་ནས་ལོ་ཉི་ཤུ་རྩ་ལྔའི་སྟེང་དུ་བསྙེན་རྫོགས་བྱས་ཏེ། དཔལ་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པ་དྲིན་ཆེན་རིན་པོ་ཆེ་རྒྱལ་སྲས་དྲི་མེད་འོད་ཟེར་གྱི་དྲུང་དུ་མཇལ་བས་ཐུགས་རྗེས་བཟུང་སྟེ། གསང་བ་སྙིང་ཏིག་དབང་ཁྲིད། ཟབ་པ་པོད་བཞི་རྒྱབ་ཡིག་དང་བཅས་པ། མན་ངག་སྐོར་མང་རབས་དང༌། རྒྱུད་བཅུ་བདུན། དེའི་དོན་འགྲེལ་ཐེག་མཆོག་མཛོད། ཟབ་མོ་ཡང་ཏིག» «།ངལ་གསོ་སྐོར་གསུམ་གྱི་རྩ་འགྲེལ། ཡིད་བཞིན་རིན་པོ་ཆེའི་མཛོད་ལ་སོགས་པ་དང༌། མཁའ་འགྲོ་སྙིང་ཏིག་གི་ཁྲིད། ཡང་ཏིག་དང་བཅས་པ་དང༌། གསང་སྐོར་གྱི་དབང་ཁྲིད་རྒྱུད་མན་ངག་དང་བཅས་པ་དང༌། ཀུན་བྱེད་རྒྱལ་པོ་བང་མཛོད་འཕྲུལ་གྱི་ལྡེ་མིག» «།བཻ་རོ་ཙ་ནའི་འདྲ་འབག་ལ་སོགས་པ་དང༌། གུ་རུ་ཞི་དྲག་གི་སྒྲུབ་སྐོར་དབང་བྱིན་རླབས་དང་བཅས་པ་དང༌། མཁའ་འགྲོ་ཡིད་བཞིན་ནོར་བུའི་སྒྲུབ་སྐོར་དང་བཅས་པ་ཞུས་ཤིང་ཤིན་ཏུ་ཐུགས་མཉེས་པར་མཛད་དོ། །གཙུག་གི་རྒྱན་གཅིག་མཛད་པས་བཀའ་དྲིན་ཆེ་བར་བདོག་གོ །གཞན་ཡང་བླ་མ་བློ་བཟང་བ་ལས། སེམས་བསྐྱེད་དབུ་མ་ལུགས་དང་ཕྱག་རྒྱ་ཆེན་པོ་ཐོག་བབ་དང༌། ཡི་གེ་བཞི་པའི་ངོ་སྤྲོད་དང་སྒྲོལ་མ་དཀར་སྔོན་གྱི་རྗེས་གནང་སྒྲུབ་ཐབས་ལ་སོགས་པ་ཞུས་སོ། །བླ་མ་རྒྱལ་རོང་བ་ལས་ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་པ་ལ་སོགས་ཞུས་ཤིང༌། བླ་མ་ཙཱ་རི་བ་ལས་ཐུགས་རྗེ་ཆེན་པོའི་དམར་ཁྲིད་དང་མལ་གཅ»ོ«ད་ལ་སོགས་ཞུས་སོ། ། བླ་མ་ཡོན་ཏན་རྒྱ་མཚོ་ལས་སྦྱོར་དྲུག་གི་ཁྲིད་དང་རོ་སྙོམས་སྒང་དྲིལ་ལ་སོགས་གདམས་ཕྲན་མང་དུ་ཞུས་སོ། །ཆོས་རྗེ་ཀུན་མཁྱེན་པ་ལས། སྦྱོར་དྲུག་གི་ངོ་སྤྲོད། ཁོང་རང་གིས་མཛད་པའི་མན་ངག་ངོ་སྤྲོད་དང་འཕོ་བ་ཁྱད་འཕགས་ལ་སོགས་པ་དང༌། འཇམ་དཔལ་ཕན་ཡོན་དང་བཅས་པའི་ལུང་ཞུས་སོ། །ཆོས་རྗེ་པཎ་ཆེན་པ་ལས། དུས་འཁོར་གྱི་རྒྱུད་འགྲེལ་པ་དྲི་མེད་འོད་དང༌། མདོ་སྡེ་སྐྱེས་རབས་བརྒྱ་རྩ་དང༌། དོ་ཧ་སྐོར་གསུམ་པར་བུའི་འགྲེལ་པ་དང་བཅས་པ་ལ་སོགས་གདམས་པ་མང་དུ་ཞུས་སོ། །བླ་མ་ལྷ་ཁང་པ་ལས་དབང་རྡོར་ཕྲེང་དང་སྒྲུབ་ཐབས་ཀྱི་སྐོར་འགའ་རེ་ཞུས་ཤིང༌། ཆོས་རྒྱལ་རིན་ཆེན་གླིང་པ་ལས། མཁའ་འགྲོ་སྙིང་ཏིག་གི་དབང་ཁྲིད་དང༌། རྫོགས་ཆེན་ཆིག་ཆོད་ཀུན་གྲོལ། ཕྱག་རྒྱན་ཆེན་པོ་མ་རིག་མུན་སེལ། བླ་མ་ཡིད་བཞིན་ནོར་བུའི་སྐོར། གུ་རུ་ཞི་དྲག» «།ཚེ་དཔག་མེད་ལ་སོགས་གདམས་པ་མང་དུ་ཞུས། ཁྱད་པར་དུ་ཙཱ་རིར་ལོ་གཅིག་གཉིས་སྒྲུབ་པ་བྱེད་པའི་ཞར་ལ། བླ་མ་དམ་པ་སྤྲུལ་སྐུ་ལེགས་ལྡན་པ་བྱར་གྱི་ལུང་ཆུང་ཙཱ་རི་ནས་ཉིན་གཅིག་སླེབས་པའི་རྩ་ནས་གྲོ་ས་དགོན་པ་ཞེས་བྱ་བར་བཞུགས་པ་ལ་མཇལ་ཏེ། གསང་བ་བླ་ན་མེད་པ་མཁའ་འགྲོ་སྙིང་ཏིག་གི་དབང་ཁྲིད་གདམས་པ་དང་བཅས་པ་ལན་གསུམ་གྱི་བར་ལ་ཞུས་ཏེ་ཞུན་ཐར་བཅད་ཅིང༌། གཞན་ཡང་ཁྲོ་ཕུ་ལོ་ཙཱའི་ཆོས་སྐོར་དང༌། པཎ་ཆེན་ཤཱཀྱ་ཤྲཱིའི་གདམས་པ་དང་ཆོས་རྗེ་འབྲི་གུང་པའི་ཟབ་ཆོས་ལ་སོགས་པ་གདམས་པ་མང་དུ་གནང་ཞིང༌། ཐུགས་དགྱེས་པ་ཆེན་པོ་དང་བཅས་པས་གཞན་དོན་གྱིས་ཤིག་པའི་རྗེས་གནང་དང་བཅས་པ་མཛད་ དོ། །དེ་ལྟར་བླ་མ་དམ་པ་མཚན་ཉིད་དང་ལྡན་པ་རྣམས་ལས་ཟབ་མོའི་གདམས་པ་མང་དུ་ཐོས་པ་དང༌། ཁྱད་པར་དུ་སྙིང་ཏིག་ཟབ་མོའི་གདམས་པ་ཉིད་ལ། ཡིད་ཆེས་དང་ལྡན་པས་སྒྲུབ་པ་ཅི་ནུས་སུ་བྱེད་པས་བླ་མ་ལ་གསོལ་བ་འདེབས་ཤིང་བསམ་པ་བཟང་པོས་སྣོད་ལྡན་རེ་རེ་གཉིས་གཉིས་ལ་ཟབ་མོའི་གདམས་པ་ཅུང་ཟད་སྤེལ་བར་བྱེད་པ་ལགས་སོ། །བདག་མ་གཏོགས་པའི་བླ་མ་གོང་མ་རྣམས་ནི་འཕགས་པའི་བླ་མ་ངོ་མཚར་ཅན་ཤ་སྟག་བྱོན་ཞིང༌། དེང་སང་གི་བར་དུ་དམ་ཚིག་ཤིན་ཏུ་གཙང་བས། དབང་གི་ཆུ་བོ་ཡི་ཟམ་མ་ཆད། བྱིན་རླབས་ཀྱི་ན་བུན་དྲོད་མ་ཡལ། བཤད་པའི་སྒྲོན་མེའི་འོད་མ་ནུབ་པའི་ཚུལ་དུ་ཡོད་པས། ཕྱི་རབས་རྗེས་འཇུག་འདི་ནས་བརྒྱུད་པ་རྣམས་ཀྱང་ཆོས་དང་མཐུན་ཞིང་དམ་ཚིག་གཙང་བས་ཚེ་འདིའི་རྣམ་གཡེང་བསྐྱུངས་ཏེ་རང་གཞན་གྱི་དོན་ཕུན་སུམ་ཚོགས་པར་མཛོད་ཅིག །དེ་ལྟར་ངོ་མཚར་མཆོག་ཚོགས་བླ་མ་ཡི། ལོ་རྒྱུས་གསལ་བར་བཀོད་པའི་དགེ་བ་ དེས། །ནམ་མཁའི་མཐའ་ཀླས་གྱུར་པའི་འགྲོ་བ་ཀུན། །ཀུན་བཟང་ཆོས་རྗེ་བླ་མའི་ས་ཐོབ་ཤོག» «།མཁའ་འགྲོ་སྙིང་ཏིག་གི་བླ་མ་བརྒྱུད་པའི་ལོ་རྒྱུས། རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བྱ་བྲལ་བ་བཟོད་པས། དད་ལྡན་སློབ་མས་བསྐུལ་བའི་ངོར། ཉུང་བསྡུས་ཡི་གེར་བཀོད་པ་རྫོགས་སོ། །མངྒ་ལཾ། བྷ་ཝནྟུ།། །། | ||

= Source = | = Source = | ||
This page is a cleaned copy of the following rywikitexts page, which stay unchanged: | This page is a cleaned copy of the following rywikitexts page, which stay unchanged: | ||
* [[Klong chen rab byams gsung 'bum/volume 006 173]] (revision 10558, 2020-03-22) | * [[Klong chen rab byams gsung 'bum/volume 006 173]] (revision 10558, 2020-03-22) | ||
Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept | Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden. | ||
Part of the [[Longchenpa Collected Works]] ([[Longchenpa Collected Works/About|about this project]]). | Part of the [[Longchenpa Collected Works]] ([[Longchenpa Collected Works/About|about this project]]). | ||
<headertabs/> | <headertabs/> | ||
Latest revision as of 21:16, 21 November 2026
མཁའ་འགྲོ་ཡང་ཏིག་གི་དབང་བསྐུར་བའི་ལག་ལེན། མཁའ་འགྲོ་སྙིང་ཐིག་གི་དཀྱིལ་འཁོར་བྲི་ཚུལ་རྣམས klong chen rab 'byams kyi gsung 'bum (pe cin 2009)· Volume 6(CHA) རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཏིག་གི་ཁྲིད་ཡིག་ཟབ་ལམ་གསལ་བྱེད་ཅེས་བྱ་བ
| Title | མཁའ་འགྲོ་སྙིང་ཐིག་གི་ལོ་རྒྱུས་རིན་པོ་ཆེའི་ཕྲེང་བ |

| Wylie | mkha' 'gro snying thig gi lo rgyus rin po che'i phreng ba

| Author | Longchenpa ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར། |
| Location | klong chen rab 'byams kyi gsung 'bum (pe cin 2009), volume 6(CHA), text 34, pages 214–240 (BDRC scan pages) |
| Section | snying thig ya bzhi › mkha' 'gro snying thig

| Tibetan text | E-text from the typeset Pe cin edition (input 2020 on rywikitexts), cleaned 21 November 2026; not proofread against the print. |
| BDRC | MW1KG4884, outline 1.2.2.36 |
| Citation | Klong chen rab 'byams pa. mkha' 'gro snying thig gi lo rgyus rin po che'i phreng ba. In Kun mkhyen klong chen rab 'byams kyi gsung 'bum, vol. 6, pp. 214–240. Pe cin: Krung go'i bod rig pa dpe skrun khang, 2009. BDRC MW1KG4884. |
| Notes | Title from the first line of the e-text; text boundaries and page numbers from the BDRC outline of MW1KG4884. |