LONGCHENPA-PECIN-06-CHA-025: Difference between revisions

From Rangjung Yeshe Wiki Texts
LONGCHENPA-PECIN-06-CHA-025
Jump to navigation Jump to search
Longchenpa Project: generated page (21 November 2026)
 
Longchenpa Project: Tibetan in the wiki's TibetanMachineUni font; «…» notes in small print (22 November 2026)
 
Line 25: Line 25:
}}
}}
= Tibetan Text =
= Tibetan Text =
<div class="TibUni18" lang="bo" style="line-height:2.1;">
<div class="TibetanMachineUni16 lcp-etext" lang="bo">
༄༅། །གཡུང་གི་ལོ་རྒྱུས་བཞུགས་སོ།« །
༄༅། །གཡུང་གི་ལོ་རྒྱུས་བཞུགས་སོ།<span class="lcp-mark">«</span> །

ཨེ་མ་ཧོ། །རབ་དཀར་ལས་དང་སྨོན་ལམ་བཟང་པོས་འཕངས། །ཀུན་མཁྱེན་རྗེ་ཡིས་མ་ནོར་ལམ་བསྟན་པའི། །ཟབ་ལམ་སྙིང་པོ་འདི་ལ་བསྒྲོད་ཚུལ་ནི། །བླ་མེད་བླ་མ་མཆོག་ལ་རབ་གུས་ཏེ། །བདག་གཞན་ཐར་ལམ་ཆེན་པོར་འདུན་པ་འཕངས། །སྤྱི་མཐུན་གྲུབ་པའི་ལམ་དུ་མངོན་སུམ་ནས། །སྣང་ཞིང་སྲིད་པར་འཛིན་པ་འཁོར་བའི་ཆོས། །མ་སྤངས་གནས་སུ་དག་པ་རུ་ཤན་ཕྱེད། །སྟོང་ཉིད་ཕུ་ཐག་ཆོད་པ་རྩ་བྲལ་གཤིས། །ཇི་བཞིན་མངོན་དུ་གྱུར་པར་རྣལ་དུ་དབབ། རིག་པ་གཅེར་བུ་ལྷིངས་ལ་རྟེན་མེད་དུ། །གཟོ་མེད་ཞེན་བྲལ་གསལ་སྟོང་རང་སོར་བཞག །གང་ཤར་གཟོ་མེད་རང་གྲོལ་ཁྲེགས་ཆོད་ཀྱི། ། དོན་ཁྲིད་མཉམ་ཉིད་རོ་གཅིག་དེ་ལྟར་བསྐྱངས། །རང་རིག་གསལ་སྟོང་མངོན་སུམ་རྗེན་པ་ལ། །ཡེངས་མེད་བློ་བྲལ་ཐོག་རྒལ་དོན་ཁྲིད་བསྐྱངས། །སྐྱེ་མེད་སྟོང་པ་གཤིས་ཀྱི་ཕུ་ཐག་ཆོད། །རང་རིག་གསལ་སྟོང་མངོན་སུམ་ཐིལ་དུ་ཕེབས། །གང་ཤར་སྤྲོས་བྲལ་རྗེན་པའི་རང་ཞལ་བལྟས། །འབྲལ་མེད་ཆོས་ཉིད་རོལ་པར་དྲན་པས་མཆོག །གཟུང་འཛིན་རྩིས་གདབ་ཞེན་ཡུལ་མཐའ་དང་བྲལ། །བར་སྣང་ནང་དུ་ནམ་མཁའ་བསྒོམ་པ་ལ། །ཡང་དག་དྲན་པས་རང་སོར་སོ་མར་བཞག །ཨྠིྀ། ༄༅། །རྡོ་རྗེ་ཐེག་པའི་དགོངས་པ་ཡིས། །རིན་ཆེན་སེམས་ཉིད་མངོན་དུ་བསྟན། །ཡང་དག་ཡེ་ཤེས་བདེ་བའི་མཆོག །ལྷུན་གྲུབ་ངང་དུ་གུས་པས་འདུད། །མཁའ་དབྱིངས་ཕྱོགས་མེད་མཐའ་བྲལ་དུ། །འགྲོ་བ་རང་རྩལ་འགག་མེད་པ། །སྙིང་པོ་རྣམས་ལ་མངོན་གྱུར་ནི། །ཐིག་ལེ་སྤྲོས་མེད་ངང་དུ་རྟོགས། །དེའི་ལུང་བླ་མ་དམ་པ་ལས། །བདག་ཅག་སྤྲང་པོ་རི་པ་ཡིས། ། དབེན་གནས་བྲག་ནག་ཕོ་བྲང་དུ། །ལྕགས་བྱི་ཟླ་བ་གསུམ་པ་སྟེ། །གཏེར་ནས་བྱོན་ལོ་ཞེ་བརྒྱད་ལ། །དབང་ཁྲིད་ལུང་དཔེ་མན་ངག་རྫོགས། །བཏགས་སྒོམ་དྲན་པས་གྲོལ་བའི་ཆོས། །ཡོངས་རྫོགས་ཞུས་ནས་རང་གཞན་དོན། ། གཉིས་ཀ་གྱིས་ཀྱི་རྗེས་གནང་ཐོབ། །གཞན་ཡང་གནས་མཆོག་ཙཱ་རི་ཡི། ། ཡོན་བདག་རྒྱལ་པོ་སྨོན་ལམ་གྱིས། །སྔར་འདས་ལོ་ནི་བཅོ་ལྔའི་གོང༌། ། གཏེར་སྟོན་ཞལ་སློབ་ཤོ་བན་གྱི། །ཕྱག་དཔེ་དད་པའི་ཤུགས་ཀྱིས་ཕུལ། །ཨོ་རྒྱན་རྗེ་དང་གདམས་པ་ལ། །སྔོན་གྱི་ལས་འབྲེལ་བཟང་པོ་ཡི། །ནུས་པ་ཡོད་ངེས་སྙམ་པ་ཡིས། །དགའ་དང་སྤྲོ་བ་ཚད་མེད་སྐྱེས། །དེང་སང་བདག་པོར་ངེས་པ་ན། །དད་བརྩོན་འདུན་པ་ཆེར་བསྐྱེད་དེ། །ཀ་དག་ལྷུན་གྲུབ་འདུས་མ་བྱས། །རང་བཞིན་སྟོང་གསལ་འགག་པ་མེད། །ཀུན་ཁྱབ་དབྱེ་བ་མེད་པའི་དོན། །རྩོལ་བྲལ་ཐེག་མཆོག་རྫོགས་ཆེན་དང༌། ཁྲེགས་ཆོད་ཐོད་རྒལ་ཟུང་འཇུག་དང༌། །བཏགས་གྲོལ་ཐབས་ཆ་ལ་སོགས་པས། །འདི་ཕྱི་འཆི་ཁ་བར་དོ་རུ། །རང་བློ་ནུས་པའི་རིམ་སྟོབས་ཀྱིས། །འཕྱུགས་མེད་སྐུ་གསུམ་རང་ཆས་སུ། །ཐོབ་པ་ལུང་རིག་མྱོང་བ་གསལ། །ཨེ་མ་དེ་ཡང་རྗེ་ཡི་དྲིན། །དྲིན་ལན་བསབ་པའི་མཆོད་པ་འབུལ། །ཕུལ་བའི་འབྲས་བུ་འགྲོ་རྣམས་སེམས། ། སེམས་ཉིད་རྣལ་མ་བློ་བྲལ་དོན། །དོན་དམ་ཇི་བཞིན་རྟོགས་པ་ལ། །ལ་བཟླ་བ་འདི་འདའ་བ་མེད། །ཤེས་བྱའི་གནས་ལུགས་ཇི་བཞིན་སྣང་བ་ལ། །འགག་མེད་རང་གྲོལ་རྟོགས་པ་རྗེ་ཡི་དྲིན། །སྟོན་འཁོར་གཅིག་ཏུ་འདྲེས་པའི་ཡུལ་ལས་འདས། མ་བཅོས་ལྷུན་གྱིས་གྲུབ་པ་གཉུག་མའི་ངང༌། རྩོལ་བྲལ་བྱ་བྱེད་མེད་པ་སོ་མའི་དོན། ཅིས་ཀྱང་ཆོག་པ་འདུག་པས་བློ་རེ་བདེའོ། །དཔལ་ལྡན་བླ་མ་དམ་པ་ཤེས་རབ་ཚུལ་ཁྲིམས་དེ་ཉིད་ལ་དབེན་གནས་བྲག་ནག་ཏུ་དམ་པ་ཆོས་ཉིད་ཤེས་རབ་ཀྱིས་དབང་དང་ཆོས་སྐོར་ཐམས་ཅད་ཡོངས་སུ་རྫོགས་པར་ཐུགས་ཉམས་སུ་བཞེས་ཤིང་ཁྱད་པར་ཁྲིད་ཀྱི་དོམ་ཁྲེགས་ཆོད་ཀྱིས་ཡིན་ལུགས་མངོན་དུ་གྱུར་པར་མཛད་ནས། ཐོད་རྒལ་གྱིས་འཕྱུགས་མེད་གནད་ཀྱིས་མངོན་སུམ་རང་ཐོག་ཏུ་གཏན་ལ་ཕབ་ནས་དུས་དེ་ཉིད་དུ་ཀུན་ཏུ་བཟང་པོའི་དགོངས་པ་མངོན་དུ་མཛད་པའོ། །དམ་པ་པྲ་ཛྙཱ་ཤྲཱི་དེ་ཉིད་ལས་དབེན་གནས་བྲག་ནག་གི་ཕོ་བྲང་དུ་བདག་ནམ་མཁའ་གྲགས་ཀྱིས་དབང་དང་ལུང་རྣམས་ཡོངས་སུ་རྫོགས་པར་ཞུས་ཀྱང༌། ཁྲིད་ཀྱི་ངེས་པ་མ་རྙེད་པ་ལ། དུས་ཕྱིས་སྤྲུལ་སྐུ་རིག་འཛིན་རྒོད་གྱི་ལྡེམ་འཕྲུ་ཅན་དང་མཇལ་དུས་ཆོས་ཀྱི་ཆེ་བ་དང༌། ཁྲིད་ཀྱི་ཟབ་པའི་གནད་ལུང་བསྟན་པའི་བཀའ་དྲིན་ལ་བརྟེན་ནས། དཔལ་ལྡན་བླ་མ་ཆོས་ཉིད་མཚན་ཅན་དེ་ཉིད་དབེན་གནས་བྲག་ནག་ཕོ་བྲང་དུ་སྤྱན་དྲངས་ཤིང་ཤིང་མོ་བྱ་ལོའི་སྟོན་ཟླ་འབྲིང་པོ་དང་ར་བ་གཉིས་ལ་དབང་ལྔ་ཡོངས་སུ་རྫོགས་པ་ལུང་རྣམས་དང་བཅས་པ་བསྐྱངས་ནས་ཞུས་ཏེ། ཁྱད་པར་ཁྲིད་ཀྱི་སྐོར་ཁྲེགས་ཆོད་ཐོད་རྒལ་རྣམས་ཉམས་ཁྲིད་ལག་ཁྲིད་དུ་རྫོགས་པར་ཞུས་ཤིང༌། ཉམས་གོང་འཕེལ་གྱི་སྣང་བ་ཅུང་ཟད་སྐྱེད་པ་དང༌། སྣང་བཞིའི་འཆར་ཚུལ་རྣམས་གོ་ཡུལ་དུ་གསལ་ཞིང༌། ཟབ་མོའི་ཆོས་ལ་ངེས་པའི་ཤེས་པ་དང༌། བརྒྱུད་པ་གསུམ་གྱི་བླ་མ་ལ་མི་ཕྱེད་པའི་དད་པ་ཐོབ་དུས། དབང་རྫོགས། བཀའ་རྫོགས་དཔེ་རྫོགས་ལུང་རྣམས་ཡོངས་སུ་རྫོགས་པར་གནང་སྟེ་རང་གཞན་གྱི་དོན་གཉིས་ཀ་གྱིས་ཤིག་པའི་རྗེས་སུ་གནང་བ་ཐོབ་སྟེ་ས་དང་པོའི་དགའ་བ་ལྟ་བུར་གྱུར་ཏོ།། །།

Line 33: Line 33:
This page is a cleaned copy of the following rywikitexts page, which stay unchanged:

* [[Klong chen rab byams gsung 'bum/volume 006 163]] (revision 10548, 2020-03-22)

Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept: in this e-text they enclose the small-print notes of the print.
Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden.

Part of the [[Longchenpa Collected Works]] ([[Longchenpa Collected Works/About|about this project]]).

<headertabs/>
<headertabs/>

Latest revision as of 21:16, 21 November 2026

གཡུང་སྟོན་པས་གསུངས་པའི་ཕྱག་འཚལ klong chen rab 'byams kyi gsung 'bum (pe cin 2009)· Volume 6(CHA) འཕོ་བ

Title གཡུང་གི་ལོ་རྒྱུས
Wylie g.yung gi lo rgyus

Author Longchenpa ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
Location klong chen rab 'byams kyi gsung 'bum (pe cin 2009), volume 6(CHA), text 25, pages 183–186 (BDRC scan pages)
Section snying thig ya bzhi › mkha' 'gro snying thig

Tibetan text E-text from the typeset Pe cin edition (input 2020 on rywikitexts), cleaned 21 November 2026; not proofread against the print.
BDRC MW1KG4884, outline 1.2.2.27
Citation Klong chen rab 'byams pa. g.yung gi lo rgyus. In Kun mkhyen klong chen rab 'byams kyi gsung 'bum, vol. 6, pp. 183–186. Pe cin: Krung go'i bod rig pa dpe skrun khang, 2009. BDRC MW1KG4884.
Notes Title from the first line of the e-text; text boundaries and page numbers from the BDRC outline of MW1KG4884.
[edit]

༄༅། །གཡུང་གི་ལོ་རྒྱུས་བཞུགས་སོ།« །

ཨེ་མ་ཧོ། །རབ་དཀར་ལས་དང་སྨོན་ལམ་བཟང་པོས་འཕངས། །ཀུན་མཁྱེན་རྗེ་ཡིས་མ་ནོར་ལམ་བསྟན་པའི། །ཟབ་ལམ་སྙིང་པོ་འདི་ལ་བསྒྲོད་ཚུལ་ནི། །བླ་མེད་བླ་མ་མཆོག་ལ་རབ་གུས་ཏེ། །བདག་གཞན་ཐར་ལམ་ཆེན་པོར་འདུན་པ་འཕངས། །སྤྱི་མཐུན་གྲུབ་པའི་ལམ་དུ་མངོན་སུམ་ནས། །སྣང་ཞིང་སྲིད་པར་འཛིན་པ་འཁོར་བའི་ཆོས། །མ་སྤངས་གནས་སུ་དག་པ་རུ་ཤན་ཕྱེད། །སྟོང་ཉིད་ཕུ་ཐག་ཆོད་པ་རྩ་བྲལ་གཤིས། །ཇི་བཞིན་མངོན་དུ་གྱུར་པར་རྣལ་དུ་དབབ། རིག་པ་གཅེར་བུ་ལྷིངས་ལ་རྟེན་མེད་དུ། །གཟོ་མེད་ཞེན་བྲལ་གསལ་སྟོང་རང་སོར་བཞག །གང་ཤར་གཟོ་མེད་རང་གྲོལ་ཁྲེགས་ཆོད་ཀྱི། ། དོན་ཁྲིད་མཉམ་ཉིད་རོ་གཅིག་དེ་ལྟར་བསྐྱངས། །རང་རིག་གསལ་སྟོང་མངོན་སུམ་རྗེན་པ་ལ། །ཡེངས་མེད་བློ་བྲལ་ཐོག་རྒལ་དོན་ཁྲིད་བསྐྱངས། །སྐྱེ་མེད་སྟོང་པ་གཤིས་ཀྱི་ཕུ་ཐག་ཆོད། །རང་རིག་གསལ་སྟོང་མངོན་སུམ་ཐིལ་དུ་ཕེབས། །གང་ཤར་སྤྲོས་བྲལ་རྗེན་པའི་རང་ཞལ་བལྟས། །འབྲལ་མེད་ཆོས་ཉིད་རོལ་པར་དྲན་པས་མཆོག །གཟུང་འཛིན་རྩིས་གདབ་ཞེན་ཡུལ་མཐའ་དང་བྲལ། །བར་སྣང་ནང་དུ་ནམ་མཁའ་བསྒོམ་པ་ལ། །ཡང་དག་དྲན་པས་རང་སོར་སོ་མར་བཞག །ཨྠིྀ། ༄༅། །རྡོ་རྗེ་ཐེག་པའི་དགོངས་པ་ཡིས། །རིན་ཆེན་སེམས་ཉིད་མངོན་དུ་བསྟན། །ཡང་དག་ཡེ་ཤེས་བདེ་བའི་མཆོག །ལྷུན་གྲུབ་ངང་དུ་གུས་པས་འདུད། །མཁའ་དབྱིངས་ཕྱོགས་མེད་མཐའ་བྲལ་དུ། །འགྲོ་བ་རང་རྩལ་འགག་མེད་པ། །སྙིང་པོ་རྣམས་ལ་མངོན་གྱུར་ནི། །ཐིག་ལེ་སྤྲོས་མེད་ངང་དུ་རྟོགས། །དེའི་ལུང་བླ་མ་དམ་པ་ལས། །བདག་ཅག་སྤྲང་པོ་རི་པ་ཡིས། ། དབེན་གནས་བྲག་ནག་ཕོ་བྲང་དུ། །ལྕགས་བྱི་ཟླ་བ་གསུམ་པ་སྟེ། །གཏེར་ནས་བྱོན་ལོ་ཞེ་བརྒྱད་ལ། །དབང་ཁྲིད་ལུང་དཔེ་མན་ངག་རྫོགས། །བཏགས་སྒོམ་དྲན་པས་གྲོལ་བའི་ཆོས། །ཡོངས་རྫོགས་ཞུས་ནས་རང་གཞན་དོན། ། གཉིས་ཀ་གྱིས་ཀྱི་རྗེས་གནང་ཐོབ། །གཞན་ཡང་གནས་མཆོག་ཙཱ་རི་ཡི། ། ཡོན་བདག་རྒྱལ་པོ་སྨོན་ལམ་གྱིས། །སྔར་འདས་ལོ་ནི་བཅོ་ལྔའི་གོང༌། ། གཏེར་སྟོན་ཞལ་སློབ་ཤོ་བན་གྱི། །ཕྱག་དཔེ་དད་པའི་ཤུགས་ཀྱིས་ཕུལ། །ཨོ་རྒྱན་རྗེ་དང་གདམས་པ་ལ། །སྔོན་གྱི་ལས་འབྲེལ་བཟང་པོ་ཡི། །ནུས་པ་ཡོད་ངེས་སྙམ་པ་ཡིས། །དགའ་དང་སྤྲོ་བ་ཚད་མེད་སྐྱེས། །དེང་སང་བདག་པོར་ངེས་པ་ན། །དད་བརྩོན་འདུན་པ་ཆེར་བསྐྱེད་དེ། །ཀ་དག་ལྷུན་གྲུབ་འདུས་མ་བྱས། །རང་བཞིན་སྟོང་གསལ་འགག་པ་མེད། །ཀུན་ཁྱབ་དབྱེ་བ་མེད་པའི་དོན། །རྩོལ་བྲལ་ཐེག་མཆོག་རྫོགས་ཆེན་དང༌། ཁྲེགས་ཆོད་ཐོད་རྒལ་ཟུང་འཇུག་དང༌། །བཏགས་གྲོལ་ཐབས་ཆ་ལ་སོགས་པས། །འདི་ཕྱི་འཆི་ཁ་བར་དོ་རུ། །རང་བློ་ནུས་པའི་རིམ་སྟོབས་ཀྱིས། །འཕྱུགས་མེད་སྐུ་གསུམ་རང་ཆས་སུ། །ཐོབ་པ་ལུང་རིག་མྱོང་བ་གསལ། །ཨེ་མ་དེ་ཡང་རྗེ་ཡི་དྲིན། །དྲིན་ལན་བསབ་པའི་མཆོད་པ་འབུལ། །ཕུལ་བའི་འབྲས་བུ་འགྲོ་རྣམས་སེམས། ། སེམས་ཉིད་རྣལ་མ་བློ་བྲལ་དོན། །དོན་དམ་ཇི་བཞིན་རྟོགས་པ་ལ། །ལ་བཟླ་བ་འདི་འདའ་བ་མེད། །ཤེས་བྱའི་གནས་ལུགས་ཇི་བཞིན་སྣང་བ་ལ། །འགག་མེད་རང་གྲོལ་རྟོགས་པ་རྗེ་ཡི་དྲིན། །སྟོན་འཁོར་གཅིག་ཏུ་འདྲེས་པའི་ཡུལ་ལས་འདས། མ་བཅོས་ལྷུན་གྱིས་གྲུབ་པ་གཉུག་མའི་ངང༌། རྩོལ་བྲལ་བྱ་བྱེད་མེད་པ་སོ་མའི་དོན། ཅིས་ཀྱང་ཆོག་པ་འདུག་པས་བློ་རེ་བདེའོ། །དཔལ་ལྡན་བླ་མ་དམ་པ་ཤེས་རབ་ཚུལ་ཁྲིམས་དེ་ཉིད་ལ་དབེན་གནས་བྲག་ནག་ཏུ་དམ་པ་ཆོས་ཉིད་ཤེས་རབ་ཀྱིས་དབང་དང་ཆོས་སྐོར་ཐམས་ཅད་ཡོངས་སུ་རྫོགས་པར་ཐུགས་ཉམས་སུ་བཞེས་ཤིང་ཁྱད་པར་ཁྲིད་ཀྱི་དོམ་ཁྲེགས་ཆོད་ཀྱིས་ཡིན་ལུགས་མངོན་དུ་གྱུར་པར་མཛད་ནས། ཐོད་རྒལ་གྱིས་འཕྱུགས་མེད་གནད་ཀྱིས་མངོན་སུམ་རང་ཐོག་ཏུ་གཏན་ལ་ཕབ་ནས་དུས་དེ་ཉིད་དུ་ཀུན་ཏུ་བཟང་པོའི་དགོངས་པ་མངོན་དུ་མཛད་པའོ། །དམ་པ་པྲ་ཛྙཱ་ཤྲཱི་དེ་ཉིད་ལས་དབེན་གནས་བྲག་ནག་གི་ཕོ་བྲང་དུ་བདག་ནམ་མཁའ་གྲགས་ཀྱིས་དབང་དང་ལུང་རྣམས་ཡོངས་སུ་རྫོགས་པར་ཞུས་ཀྱང༌། ཁྲིད་ཀྱི་ངེས་པ་མ་རྙེད་པ་ལ། དུས་ཕྱིས་སྤྲུལ་སྐུ་རིག་འཛིན་རྒོད་གྱི་ལྡེམ་འཕྲུ་ཅན་དང་མཇལ་དུས་ཆོས་ཀྱི་ཆེ་བ་དང༌། ཁྲིད་ཀྱི་ཟབ་པའི་གནད་ལུང་བསྟན་པའི་བཀའ་དྲིན་ལ་བརྟེན་ནས། དཔལ་ལྡན་བླ་མ་ཆོས་ཉིད་མཚན་ཅན་དེ་ཉིད་དབེན་གནས་བྲག་ནག་ཕོ་བྲང་དུ་སྤྱན་དྲངས་ཤིང་ཤིང་མོ་བྱ་ལོའི་སྟོན་ཟླ་འབྲིང་པོ་དང་ར་བ་གཉིས་ལ་དབང་ལྔ་ཡོངས་སུ་རྫོགས་པ་ལུང་རྣམས་དང་བཅས་པ་བསྐྱངས་ནས་ཞུས་ཏེ། ཁྱད་པར་ཁྲིད་ཀྱི་སྐོར་ཁྲེགས་ཆོད་ཐོད་རྒལ་རྣམས་ཉམས་ཁྲིད་ལག་ཁྲིད་དུ་རྫོགས་པར་ཞུས་ཤིང༌། ཉམས་གོང་འཕེལ་གྱི་སྣང་བ་ཅུང་ཟད་སྐྱེད་པ་དང༌། སྣང་བཞིའི་འཆར་ཚུལ་རྣམས་གོ་ཡུལ་དུ་གསལ་ཞིང༌། ཟབ་མོའི་ཆོས་ལ་ངེས་པའི་ཤེས་པ་དང༌། བརྒྱུད་པ་གསུམ་གྱི་བླ་མ་ལ་མི་ཕྱེད་པའི་དད་པ་ཐོབ་དུས། དབང་རྫོགས། བཀའ་རྫོགས་དཔེ་རྫོགས་ལུང་རྣམས་ཡོངས་སུ་རྫོགས་པར་གནང་སྟེ་རང་གཞན་གྱི་དོན་གཉིས་ཀ་གྱིས་ཤིག་པའི་རྗེས་སུ་གནང་བ་ཐོབ་སྟེ་ས་དང་པོའི་དགའ་བ་ལྟ་བུར་གྱུར་ཏོ།། །།

[edit]

This page is a cleaned copy of the following rywikitexts page, which stay unchanged:

Cleaning (21 November 2026): removed 1 running heads, 3 Word page fields. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden.

Part of the Longchenpa Collected Works (about this project).