Theg mchog mdzod (Longchenpa): Ch. 18 (2)

From Rangjung Yeshe Wiki Texts
Theg mchog mdzod (Longchenpa)Theg mchog mdzod (Longchenpa): Ch. 18 (2)
< Theg mchog mdzod (Longchenpa)
Theg mchog mdzod (Longchenpa)/Ch. 18 (2)
Jump to navigation Jump to search
Theg mchog mdzod study edition: Tibetan sizes relative to the English, apparatus under each page, link to the Adzom edition (22 November 2026)
Theg mchog mdzod study edition: the Tibetan text blocks at the size of the Tibetan beside the English (class lcp-etext) (22 November 2026)
Line 4: Line 4:
= Adzom Chögar (standard edition) =
= Adzom Chögar (standard edition) =
<div style="font-size:90%;color:#54595d">The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD86, I1PD87, I1PD88), gorn05 tibocr 2026: BDRC OCR on 860 pages, Mitra OCR on 457 pages (the model with more recognisable syllables on each page). The whole edition on this wiki: [[mdzod bdun (a 'dzom par ma)]].</div>

<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<div style="font-family:sans-serif;font-size:13px;color:#72777d">Volume I1PD87</div>

Line 65: Line 65:
= W22920 (BDRC e-text) =
= W22920 (BDRC e-text) =
<div style="font-size:90%;color:#54595d">BDRC typed e-text UT22920_005 (the base text was made from it).</div>
<div style="font-size:90%;color:#54595d">BDRC typed e-text UT22920_005 (the base text was made from it).</div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
སྨྲ་བ་ཇེ་ཉུང་ཐ་མལ་གྱི་གཏམ་སྨྲ་བ་བཅད་པ་ལ་ཐུན་ཆུང་ངུ་བསླབ། །དེ་ནས་རིང་དུ་བསླབ། སྐབས་སུ་སྨྲ་རྒྱུ་མེད་ཀྱང་གཅིག་པུ་སྨྲའོ། །གནས་པ་ནི་སྔགས་དང་བརྗོད་པ་ལ་སོགས་པ་དགེ་བའི་བརྗོད་པ་མི་དགག །གཞན་དང་ཚིག་འབྲུ་གཅིག་ཀྱང་མི་འདྲེའོ། །འདིའི་དུས་ན་ལུས་ཀྱི་བརྡས་དོན་གོ་བར་བྱེད་པའོ། །ལ་བཟླ་བ་ནི་སྔགས་ལ་སོགས་པ་བརྗོད་པ་ཐམས་ཅད་མི་བྱའོ། །བརྟན་པ་ནི་ཅི་ཡང་མི་བརྗོད་པའི་ངང་ལས་མི་འདའ་བར་བྱེད་པ་སྟེ། ལུས་ཀྱི་བརྡ་ཙམ་ཡང་མི་བྱ་བ་ཡིན་ནོ། །ས་བོན་གྱི་རྒྱུད་ལས། ངག་ནི་ཇི་ལྟར་ལྐུག་པ་བཞིན། །སུ་དང་བརྡ་ཙམ་ཉིད་མི་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །སེམས་ཀྱི་འཕྲོ་འདུ་རང་ཆོད་དོ། །ཞེས་སོ། །ངག་གི་སྨྲ་བ་བཅད་པས་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་སྟེ། འགྲོ་བ་གཞན་དང་ངག་མ་འདྲེས་པས་ལུས་འབྱོངས་པའི་དགོས་པ་ཡོད། ལུས་འབྱོངས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། མཁའ་སྤྱོད་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་བརླབས་ནས་ལུས་སྒྱུ་མའི་སྐུར་གྲོལ་བའོ། །དེ་ནས་བརྗོད་བྱ་བཀག་པས་ངག་འབྱོངས་ཏེ་རྟགས་སུ་མི་མ་ཡིན་པ་རྣམས་དང་བརྡ་ཕྲད་ཅིང་གཏམ་ཟེར་བ་དག་འོང༌། ངག་གི་བརྗོད་པ་བཀག་པས་ཡིད་འབྱོངས་ཏེ། དེའི་རྟགས་སུ་སྔོན་དུ་མི་མ་ཡིན་གྱི་གཟུགས་མཐོང་བ་དང༌། དེ་ནས་མངོན་པར་ཤེས་པ་དུམ་བུ་པ་འཆར་རོ། །དེ་ལྟར་ངག་གི་གནད་ཀྱིས་ལུས་སེམས་ཀྱི་འབྲེལ་གཅོད་པའི་གནད་ཀྱི་གདམས་པའོ། །སེམས་ཀྱི་གནད་དུ་ནམ་མཁའི་མཐོངས་སུ་མིག་ལྟ་བ་ལས་རྟོག་པ་ཅི་ཡང་མ་བསམ་སྟེ། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་སོ། །དེ་ལྟར་གཙོ་བོ་ལུས་ངག་གཉིས་གཅུན་པས་སེམས་ཞོར་ལ་འཆུན་ནས་དབྱིངས་རིག་འཆར་ཞིང་ཁམས་སུ་གྱི་འཆིང་བ་གཅོད་དེ། ས་བོན་གྱི་རྒྱུད་ལས། འདི་ལྟར་ལུས་ངག་གསུམ་གཅུན་པ། །ཆོས་ཀྱི་དབྱིངས་ཀྱི་སྣང་བ་ལ། །འདི་ཡིས་གོམས་པར་འགྱུར་བ་ཡིན། །ཅེས་པ་དང༌། ལུས་དང་ངག་དང་ཡིད་ཀྱི་གནད། །ཤེས་ཤིང་བསྟུན་པས་འཁོར་ལས་གྲོལ། །ཅེས་སོ། །དོན་གཉིས་པ་གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་ལ་གསུམ་སྟེ། གནད་གསུམ་རྡོ་རྗེའི་ཆིངས་སུ་བསྡམས་པ། མངོན་སུམ་རིག་པའི་རང་ངོ་སྤྲད་པ། དེ་ལས་སྣང་བའི་འཆར་ཚུལ་བསྟན་པའོ། །དང་པོ་ལ་གཉིས་ཏེ། གནད་གསུམ་སྤྱིའི་ཆིངས་བསྟན་པ་དང༌། བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པའོ། །དང་པོ་ནི་སྒོ་དང་ཡུལ་དང་རླུང་རིག་གི་གནད་གསུམ་སྟེ། ཐལ་འགྱུར་ལས། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང༌། །རླུང་དང་རིག་པའི་གནད་ཉིད་གཏེམ། །ཞེས་པས། དཔེར་ན་གནད་ལ་ཟིན་པའི་མཚོན་དང་འདྲ་སྟེ། ལུས་ཀྱི་རྩ་རྒྱུས་སམ་དོན་སྙིང་ལ་སོགས་པའི་གནད་ལ་ཕོག་ན་ཅི་བྱས་ཀྱང་མི་འཚོར་བར་འཆི་བ་དང་འདྲ་བར། གནད་གསུམ་གྱིས་ཀྱང་ཆོས་ཉིད་ལ་འགྱུར་བའི་ས་མེད་དེ། སྒོའི་གནད་ཀྱིས་མཐོང་བར་བྱེད། །ཡུལ་གྱི་གནད་ཀྱིས་མི་འགྱུར་བར་བྱེད། རླུང་རིག་གི་གནད་ཀྱིས་རྟགས་ཚད་ལ་འབེབས་པའོ། །དེ་ཡང་སྒོའི་གནད་སོ་པ་དང་འདྲ། །ཡུལ་གྱི་གནད་འགྲོན་པོ་དང་འདྲ། རླུང་རིག་གི་གནད་ཇག་པ་དང་འདྲའོ། །སོས་ཐེབས་པས་འདོད་པའི་མི་འགྱུར་དབང་མེད་པར་ཟིན་ལ། དགྲས་འོངས་པས་ཇག་པའི་ལག་ཏུ་མི་ཚུད་མི་སྲིད་པ་བཞིན་དུ། ཆོས་ཉིད་མངོན་སུམ་གྱི་གནད་ལ་མི་ཐེབ་མི་སྲིད་དོ། །དེ་ཡང་ཡུལ་མེད་ན་རྟེན་སའི་གཞི་མེད་ལ། སྒོ་མེད་ན་འགྲོ་བའི་ལམ་སྟོར། རླུང་རིག་གི་གནད་མེད་ན་ཤེས་རིག་ནང་དུ་མི་ཆོད་པས་གནད་གསུམ་དུ་ངེས་ལ། དེ་ལས་མང་ན་མཐའ་ཡས་པས་གནད་སྟོར་ལ། ཉུང་ན་དོན་མི་འགྲུབ་པས་གསུམ་དུ་ངེས་པའོ། །གཉིས་པ་བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པ་ལ། གནད་གསུམ་སྤྱིའི་རིམ་པ་ངེས་པ་དང༌། སོ་སོའི་གནད་ལ་ཐོག་ཏུ་དབབ་པའོ། །དང་པོ་ནི་ལུས་ངག་སེམས་གསུམ་མི་འགུལ་ཞིང་སྒོ་དང་ཡུལ་དང་རླུང་རིག་གཅུན་པ་སྟེ། མཐོང་བ་རྒྱུད་པའི་ལུང་གིས་ཕྱེ་བ་ནི། རང་བྱུང་རིག་པའི་ཏནྟྲ་ལས། དེ་ལྟར་ལུས་ལ་སོགས་པ་ཡི། །གནད་ཀུན་རབ་ཏུ་གཟིར་བ་ཡིས། །རིག་པ་ཉིད་དང་མངོན་སུམ་དུ། །བླ་མའི་ལུང་ལས་ཤེས་པ་ཡིན། །ཅེས་པ་དང༌། ཐལ་འགྱུར་ལས། དངོས་གཞི་རང་གི་རྒྱུད་བསྟེན་ན། །ལུས་ཀྱི་གནད་དང་ངག་དང་ཡང༌། །སེམས་ཀྱི་གནད་ལ་བརྟེན་པ་ཡིས། །རླུང་ནི་ཅི་ནས་དལ་བྱས་ཏེ། །རབ་ཏུ་འཕང་པ་ལས་བྱུང་བ། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང༌། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཡུལ་ནི་སྒྲིབ་བྱེད་བྲལ་བའོ། །རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །གཉིས་པ་ལ་སྒོ་དང༌། ཡུལ་དང༌། རླུང་རིག་གི་གནད་གསུམ་ལས། དང་པོ་ནི། ཐ་མལ་པའི་ལྟ་ལུགས་ཀྱིས་ཡེ་ཤེས་མི་འཆར་བས། སྐུ་གསུམ་གྱི་གཟིགས་སྟང་གསུམ་ལ་བསླབ་སྟེ། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་ཀྱི་སྐུ་ཡི་གཟིགས་སྟངས་ཀྱིས། །ཁམས་གསུམ་འཁོར་བ་སྤྱིབས་ན་འདོན། །ལོངས་སྐུས་སྲིད་པའི་གཞི་མ་འཇིག །སྤྲུལ་སྐུས་སངས་རྒྱས་ཞིང་དུ་སྒྲོལ། །ཅེས་པ་དང༌། ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་ཁམས་སུ་བརྟག །ཅེས་པ་དང༌། གསང་བ་སྒྲ་རྒྱུད་ལས། ཕབ་དང་ཟློག་དང་ཟུར་གྱིས་ནི། །གཟིགས་སྟངས་རྣམ་པ་གསུམ་དུ་གྲགས། །ཞེས་སོ། །དེའང་སྤྲུལ་སྐུ་ཕབ་ནས་སངས་རྒྱ་བ་ནི་གདུལ་བྱ་ལ་གཟིགས་ལ། ལོངས་སྐུ་ལ་ཟུར་གཟིགས་ནས་སངས་རྒྱ་བ་ནི་ཞིང་ཁམས་ལ་གཟིགས་པ་དང༌། ཆོས་སྐུ་བཟློག་ནས་སངས་རྒྱ་བ་ནི་གཞི་ལ་གཟིགས་པའོ། །རྣལ་འབྱོར་པ་མིག་ཤས་ངན་པས་སྤྲུལ་སྐུའི་གཟིགས་སྟངས་བསྟུན་ན་མིག་མི་འགྲིབ་པའི་དགོས་པ་ཡོད། མིག་ལ་སྐྱོན་ཆགས་པས་ལོངས་སྐུ་དང་བསྟུན་ན་མིག་གསལ་བའི་དགོས་པ་ཡོད། མིག་ཤས་བཟང་བས་ཆོས་སྐུའི་ངང་བསྟུན་ན་མྱུར་དུ་སྣང་བ་ཚད་ལ་ཕེབས་པའི་དགོས་པ་ཡོད་དོ། །དེ་དག་ལས་མ་གཡོས་ན་སྤྱན་གསུམ་ཁོང་དུ་ཆུད་པར་ངེས་ཏེ། ཆོས་སྐུ་ལ་ཆོས་ཉིད་ཀྱི་སྤྱན་ཡོད་པས་གསུང་ལ། དེའི་བྱིན་རླབས་ཀྱིས་ཡེ་ཤེས་དངོས་སུ་མཐོང་བས་འདི་ཉིད་ལ་ཐག་ཆོད། ལོངས་སྐུ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་པས་སྐུ་ལ། དེའི་བྱིན་རླབས་ཀྱིས་རང་གསལ་དུ་མཐོང་བས་མཁྱེན་པ་རྒྱས། སྤྲུལ་སྐུ་ལ་ཤེས་རབ་ཀྱི་སྤྱན་ཡོད་པས་ཐུགས་ལ། དེའི་བྱིན་རླབས་ཀྱིས་སྒྲ་ཚིག་དང་བྲལ་བར་མཐོང་བས་ཐོས་བསམ་སྒོམ་པ་ལ་རག་མ་ལུས་པར་ཆོས་ཉིད་ཀྱི་དོན་ཁོང་ནས་འཆར་རོ། །དེ་ཡང་སྤྱན་གསུམ་དུ་ལྟ་བ་ནི་ཆོས་ཉིད་ཀྱི་སྤྱན་གྱེན་ལ་བཟློག་པས་བག་ཆགས་ཐུར་ལ་སེལ་བའི་གནད། ཡེ་ཤེས་ཀྱི་ཟུར་ལ་མཉམ་པོར་བལྟས་པས་འཁོར་འདས་རོ་མཉམ་དུ་བསྲེ་བའི་གནད། ཤེས་རབ་ཀྱིས་ཕབ་ནས་བལྟས་པས་ཡེ་ཤེས་ཀྱི་སྣང་བ་དངོས་སུ་འབེབས་པའི་གནད་དོ། །གཟིགས་སྟངས་གསུམ་དུ་ངེས་པ་ཅི་ཡིན་ཞེ་ན། ལེ་ལོ་ཅན་ལ་ལོངས་སྐུ། བརྩོན་འགྲུས་ཅན་ལ་སྤྲུལ་སྐུ། བཏང་སྙོམས་ཅན་ལ་ཆོས་སྐུའི་གཟིགས་སྟངས་ཤིས་པས་ན་གསུམ་དུ་ངེས་སོ། །ངེས་ཚིག་ནི་གཟིགས་པས་ཆོས་ཉིད་ལ་གཟིགས་པས་རྣམ་དག་སྒྲིབ་པ་ཟད་པའོ། །སྟངས་ཀྱིས་འཁོར་བ་ལས་གྲོལ་བར་བྱེད་པའོ། །གཉིས་པ་ཡུལ་གྱི་གནད་ནི་ཕྱིའི་དབྱིངས་ཀྱི་ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་ཡིན་ནོ། །ནང་གི་དབྱིངས་ཀྱི་ཡུལ་སྨིན་མཚམས་ཀྱི་མཛོད་སྤུ་ལ་གཏད་པས་དབྱིངས་སྣང་མཐིང་ག་དང་དེ་ལས་མཆེད་པ་རྣམ་ལྔའི་རང་གདངས་ཏེ། ཐལ་འགྱུར་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །བག་རྡུལ་ཆར་གྱིས་དེངས་དུས་སུ། །མཁས་པ་མངོན་གསུམ་གནད་གཟིར་དང༌། །ནང་གི་སྒྲོན་མ་ལམ་དུ་བྱའོ། །ཞེས་སོ། །དེ་ཡང་ཕྱི་རིག་པ་འཆར་བའི་ཡུལ་ཡིན་ལ། ནང་ཉམས་འཕེལ་བའི་ཡུལ་ཏེ། རིག་པ་དང་ཉམས་གཉིས་སུ་མེད་པ་ལས་འཁོར་འདས་འདྲེས་པ་ཞེས་བྱའོ། །དེའང་ས་ཆུ་མེ་རླུང་གི་དངོས་པོ་རགས་པ་ལ་ཡུལ་དུ་གཏད་པས་མི་གྲོལ་ཏེ། དང་པོ་སྣང་བ་འཆར་དུ་མི་འདོད། ཕྱིས་ཤར་དུས་གཏན་ཀྱང་དངོས་པོ་རགས་པ་ལྟར་ཤེས་པའང་དེ་དང་མཐུན་པ་སྐྱེ་བས་སྟོང་ཉིད་བསམ་དུ་མེད་པའི་ཉམས་ནང་ནས་མི་འཆར་ལ། ནམ་མཁའ་སྟོང་པ་ལ་རིག་པ་སྟོང་པ་གཏད་པས། ཡུལ་ནམ་མཁའ་དང་མཐུན་པའི་ཉམས་སྟོང་གསལ་འཕྲོ་འདུ་དང་བྲལ་བ་ཕྱལ་ཡས་པ་ཅིག་འཆར་བས། དངོས་པོ་མཚན་དང་བྲལ་བའི་དགོས་པ་ཡོད་དེ། སེམས་སྡེ་ལས། རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། ཞེས་པ་དང༌། སྡུད་པ་ལས། དོན་དེ་གང་ཡིན་མན་མཁའ་དག་ལ་བརྟག་པར་གྱིས། །ཞེས་པ་དང༌། ཡུམ་བར་མ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི། ནམ་མཁའ་རྣལ་འབྱོར་དུ་བྱེད་པའོ་ཞེས་པ་ལ་སོགས་པ་ལུང་དཔག་ཏུ་མེད་དོ། །དེའང་ཡུལ་ཕྱི་ནང་འདྲེས་པ་ལས་མཉམ་པ་རིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་གཉིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་འདྲེས་པས་འཁོར་འདས་རོ་མཉམ་ཀྱི་ལྟ་བ་ཞེས་བྱའོ། །འདི་ཉིད་བསྟན་བུ་ལས་ཀྱང༌། དབྱིངས་དང་རིག་པའི་ལྟ་སྟངས་ནི། །སྒྲིབ་བྱེད་བྲལ་བའི་ནམ་མཁའ་ལྟར། །ཅེས་གསུངས་སོ། །གསུམ་པ་རླུང་རིག་གི་གནད་ནི། ཡུལ་དང་སྒོ་གཉིས་འཛོམ་དུས་རླུང་དལ་བ་བསྟེན་པས་རིག་པ་བཙོན་དུ་གཟུང་བ་ཞེས་བྱ་སྟེ། དེའང་རླུང་ཅི་ནས་ཀྱང་དལ་བ་ལ་ཕྱིར་རྒྱང་རིང་པོ་འཕེན་ཞིང་ཕྱིར་བཟུང་ལ་གཞག་པ་གནད་ཡིན་ནོ། །དེ་ཡང་རླུང་དང་དལ་བས། ཕྱིར་རྣལ་འབྱོར་པའི་ཚེ་རྒྱས་པའི་གྲོགས་སུ་འགྲོ་ལ། ནང་དུ་རྣམ་པར་རྟོག་པ་ནུབ་པའི་རྐྱེན་བྱེད་ཅིང༌། གསང་བར་རིག་པ་མངོན་སུམ་དུ་མཐོང་བའི་ལས་བྱེད། ཁོ་ན་ཉིད་དུ་ཟག་བཅས་མི་སྣང་བར་སངས་རྒྱ་བར་བྱེད་པའོ། །དེ་སྐད་དུའང་ཐལ་འགྱུར་ལས། རླུང་ནི་ཅི་ནས་དལ་བྱ་སྟེ། །རབ་ཏུ་འཕང་བ་ལས་བྱུང་བས། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང༌། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །རབ་ཏུ་འཕང་བ་ལས་བྱུང་བས། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང༌། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །རིག་པའི་གནད་ལུ་གུ་རྒྱུད་དབྱིངས་ཀྱི་ར་བར་བཞག་ནས་མི་འགུལ་བར་བྱེད་པ་སྟེ། དེ་ཉིད་ལས། རང་ངོ་རིག་པ་ལུ་གུ་རྒྱུད། །འགྲོ་འོང་བྲལ་བས་མཁའ་ལ་བཟུང༌། །ཞེས་པ་དང༌། བསྟན་བུ་ལས། དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །རྣམ་པར་གཞག་ཅིང་འབྲལ་མི་བྱ། །ཞེས་སོ། །དེའང་རླུང་དལ་བ་བསྟེན་པས་བྱ་བ་དང་བྲལ་བའི་དོན་རྒྱུད་ལ་སྐྱེ། རིག་པ་ལུ་གུ་རྒྱུད་ཨར་ལ་གཏད་པས་རྣམ་པར་རྟོག་པའི་ཁུངས་ཟད་ནས། འཁྲུལ་པ་གཞི་ལ་ལོག་སྟེ་ཡེ་ཤེས་མ་བུ་ཕྲད་པའོ། །རིག་པ་རླུང་དང་བྲལ་ནས་འགྲོ་འོང་དུ་མེད་པ་ནི་རིག་པ་ལ་རང་བྱན་ཚུད་པའོ། །དེ་ཡང་ཁྲིད་དུ་བྱེད་ན་ལུས་ཀྱི་གནད་བསྟུན་པ་ལ་ཉི་མ་ལྔ་དྲུག་ཏུ་བྱའོ། །དེ་ནས་སྒོ་སྤྱད་པ་ལ་དེ་ཙམ་ཅིག་ཏུ་བྱའོ། །དེ་ནས་ཡུལ་བཙལ་བ་ལ་ཉི་མ་དྲུག་ནས་བདུན་བྱས་ལ། དེ་ནས་མངོན་སུམ་རང་ཐོག་ཏུ་ཕབ་ནས་ཉམས་སུ་ལེན་པའོ། །དེས་ནི་ཤིན་ཏུ་འབྱོངས་ཤིང་སྒོམ་ཤེས་པ་འབྱུང་ངོ༌། །གཞན་དུ་འལ་མ་འོལ་བྱས་པས་སྣང་བ་ར་རི་ཅིག་མཐོང་ནས། ཡིད་ཆེས་མེད་པར་ཁྲིད་ཐོན་དུས་ཅི་ལ་ཟེར་ཆ་མེད་པར་པྲ་ཡས་པ་དག་འབྱུང་ཉེ་བས་དེ་ལྟ་མ་སོང་བ་དག་ཏུ་བྱའོ། །དེ་ལ་སྤྱིར་གྱིས་ཁྲིད་མོ་ཆེ་འདི་འདེབས་དུས་སྔོན་འགྲོ་ཚད་ལ་ཕེབས་པ་བརྩོན་འགྲུས་དང་བཅས་པས་སྦྱངས་པས་དངོས་གཞི་ལ་ཡིད་ཆེས་ཐུན་མོང་མ་ཡིན་པ་སྐྱེའོ། །དངོས་གཞི་ཐེབས་པར་བཏབ་པས་མངོན་སུམ་ལ་སྤྲོ་དགའ་ཁྱད་པར་ཅན་འབྱུང་ངོ༌། །རྗེས་རྒྱབ་ཆོས་མཐའ་ཆོད་པར་བཤད་པས་ཉམས་ལེན་བསྐྱང་ཐུབ་པ་ཤེས་ནས་ཐེ་ཚོམ་དང་རྟོག་མཐའ་ཆོད་དེ་ཆོས་གཞན་ལ་ཡིད་མི་སྨོན་པའི་དགོས་པ་ཡོད་དོ། །གཉིས་པ་མངོན་སུམ་རིག་པའི་རང་ངོ་སྤྲད་པ་ནི། རིག་པ་རྡོ་རྗེའི་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ནམ་མཁའ་ལ་ལྡིང་བ་ལྟ་བུ་དབྱིངས་འོད་གསལ་གྱི་སྣང་བ་དང་བཅས་པ་འདི་མ་འཁྲུལ་པའི་སངས་རྒྱས་ཀ་དག་ལྷུན་གྲུབ་ཀྱི་རང་གདངས་ཏེ། ངང་ལ་བལྟས་པས་རྟོག་བྱེད་ཐམས་ཅད་དག་ནས་སྤྲོས་བྲལ་ནམ་མཁའ་འདྲ་བའི་གདངས་ནང་དུ་ཤར་བས། དབྱིངས་རིག་གཉིས་སུ་མེད་པའི་དགོངས་པ་ཤེས་རབ་བྱུང་གི་ཡེ་ཤེས་དང་ཞལ་མཇལ། ཐོག་མའི་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ། འདི་ལ་གོམས་པ་ཚད་དུ་ཕྱིན་ན་རྡོས་བཅས་འོད་དུ་འགྲོལ་བ། མ་ཕྱིན་ཡང་བར་དོའམ་རང་བཞིན་སྤྲུལ་པའི་ཞིང་བགྲོད། འགྲོ་དྲུག་འཁྲུལ་པའི་གཡང་ས་ཆོད་པའོ། །ཞེས་ངོ་སྤྲད་དེ། རང་བྱུང་བསྟན་པའི་བཙས་ལས། འདི་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང༌། །སྐལ་བ་ཉིད་ནི་མཉམ་པའོ། །ཞེས་པ་དང༌། ཐལ་འགྱུར་ལས། ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ཡི་སངས་རྒྱས་སོ། །ཞེས་སོ། །གསུམ་པ་དེ་ལས་སྣང་བའི་འཆར་ཚུལ་བསྟན་པ་ནི། །དབྱིངས་འོད་ལྔའི་རང་གདངས་ལང་ལིང་དུ་སྣང་བ་དང༌། ལུ་གུ་རྒྱུད་ལ་ཐིག་ལེ་ཕྲ་མོས་འབྲེལ་བ་དང༌། ཐོག་མར་དཀར་ཟང་ཟིང་སྐར་མ་འཕྲོ་བ་ལྟ་བུ་ལས། ཐིག་ལེ་ཁ་དོག་ལྔ་ལྡན་དང༌། །རེ་རེ་བ་དང༌། སུམ་སྦྲེལ་གྱི་བར་གྱི་སྣང་བ་ཚུན་ཆད་དེ། སྔ་མ་ལས། དེ་ནས་ཐིག་ལེ་མཐོང་བ་ཡིན་ནོ། །ཅེས་སོ། །དེའང་ཕྱིའི་འོད་གསལ་ལ་བལྟས་པས་ནང་རྣམ་རྟོག་བྲལ་ཏེ་རིས་མེད་མཉམ་པར་གྲོལ་བ་ནི ཀ་དག་གི་རིག་གདངས་དང༌། ལྷུན་གྲུབ་ཀྱི་འོད་གདངས་གཉིས་ཕྱི་ནང་ཟུང་དུ་འབྲེལ་བས། དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་ཞེས་བྱའོ། །གསུམ་པ་སྣང་བ་བཞི་འཆར་བའི་རིམ་པ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ་དང༌། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། སྣང་བ་བཞི་ཀའི་དུས་སུ་ལུས་བཞུགས་སྟངས་ལ་གནས་པ། མིག་གཟིགས་སྟངས་ལ་ལྟ་བ། རླུང་རིག་ངང་གིས་དལ་བ་གསུམ་གནད་མཐུན་ལ། ཁྱད་པར་སྣང་བ་དང་པོ་གཉིས་སུ་སྦྱངས་པས་ཕྱི་མ་གཉིས་སུ་རྩོལ་བ་ལ་མ་ལྟོས་པར་ངང་གིས་འབྱོངས་ནས། འོད་གསལ་དུ་གྲོལ་བ་ཡིན་པས་ན་དབྱིངས་རིག་གཉིས་སུ་མེད་པ་ཞེས་བྱའོ། །འདི་དག་གི་གནད་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་མི་འབྲལ་བར་བྱ་བ་ནི་གནད་དུ་བྱུང་ལ། དེའི་དོན་བཤད་ན། རིག་པ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མི་ཕྱེད་པ་གཞི་གནས་དང་དེའི་གདངས་འོད་རྩ་དངས་པའི་སྣང་བ་ལས་གསེར་གྱི་སྐུད་པ་ལྟ་བུ་བྲེང་ཆགས་ལ་འཁྱོག་མཚམས་ཐིག་ལེས་སྦྲེལ་བ་ལ་བྱའོ། །རྡོ་རྗེ་ནི་སངས་རྒྱས་སེམས་ཅན་ཀུན་ལ་ངོ་བོ་བཟང་ངན་མེད་པར་མཉམ་ཞིང་མི་འགྱུར་བ་གནས་པའི་ཆ་ནས་བཞག་ལ། ལུ་ནི་དཔེར་ན་ཆུའི་ལུ་མ་བཟང་པོ་ལས་ཆུ་འཕེལ་འགྲིབ་མེད་པར་འབྱུང་བ་དང་འདྲ་བར། སྐུ་དང་ཡེ་ཤེས་ཀྱི་འཕེལ་སྒོ་སྣ་ཚོགས་སུ་ལམ་སྣང་མ་རྫོགས་ཀྱི་བར་ལ་དེ་ལས་འཆར་བར་བྱེད་པའོ། །གུ་ནི་དེ་ཉིད་ཀྱི་ནང་དུ་ཆོས་ཉིད་ཕྱིན་ཅི་མ་ལོག་པའི་ལྟ་བ་དང་སྒོམ་པ་འགུགས་པར་བྱེད་ལ། རྒྱུད་ནི་འཁོར་འདས་ལ་ཁྱབ་ཅིང་སྣང་བ་དེའི་ཚོགས་རྣམས་ལས། སྐུ་དང༌། ཐིག་ལེ་འཕྲོ་བ་དང༌། མཆེད་པ་དང༌། འདུ་བ་ལ་སོགས་པ་གསལ་བར་བྱེད་པའོ། །ཐལ་འགྱུར་ལས། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །དེ་ལས་སྣང་བ་བཞིར་འགྱུར་ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་བསྣུབས། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད། །ཅེས་སོ། །དེའང་སྣང་བ་བཞིར་གྲངས་ངེས་པ་ནི་ཕྱིར་ནམ་ཟླ་དུས་བཞིའི་འཕེལ་ཟད་པ་དང༌། ནང་དུ་ལུས་ངག་ཡིད་སེམས་བཞིའི་བཅིངས་པ་ལས་དགྲོལ་བ་དང༌། གསང་བར་དབང་བཞིའི་ངེས་པ་སྟོན་པ་དང༌། དེ་ཁོ་ན་ཉིད་དུ་སྒྲོན་མ་བཞིའི་སྣང་བ་ངེས་པ་ལ་ལྟོས་ནས་བཞིར་ངེས་སོ། །གོ་རིམས་ངེས་པ་ནི། དང་པོའི་གཞི་ཆོས་ཉིད་མངོན་སུམ་མ་མཐོང་ན་ལྷག་མ་གསུམ་གྱི་འཆར་གཞི་མེད་པས་རྟེན་དང་བརྟེན་པའི་གཞིར་དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་འཆར་བའོ། །དེ་ཉིད་ཤར་བས་ཆོས་ཐམས་ཅད་ཀྱི་དོན་མཐོང་བས་རང་བྱུང་གི་ཡེ་ཤེས་རང་ལས་རྙེད་པ་ཞེས་བྱའོ། །དེ་ནས་མངོན་པ་དེ་ཉམས་སུ་མ་མྱོང་ན་ཚིག་ཙམ་ལ་འབྲས་བུ་མི་འབྱུང་བ་ལས། དོན་ཉམས་སུ་མྱོང་བས་དེའི་ཉམས་གོང་འཕེལ་དུ་བྱུང་བའོ། །དེ་ལྟར་ཉམས་སྐྱེས་པའི་ཚད་བརྟན་པར་བྱེད་དགོས་ཏེ། མ་བརྟན་ན་ཉམས་ལ་ཐུག་པ་མེད་པས་ཆོས་ལ་ཟིན་པ་མེད་ཅིང༌། སངས་ལ་རྒྱ་རྒྱུ་མི་འབྱུང་བ་ལས། ཉམས་བརྟན་པའི་ཚད་ལ་ཕེབས་པས། རིག་པ་ཚད་ཕེབས་ཀྱི་སྣང་བ་བྱུང་བའོ། །རིག་པའི་སྣང་བ་ཚད་ལ་ཕེབས་ཀྱང་དེ་ལས་གཞན་དུ་མི་འགྱུར་ན་སྐུ་གསུམ་འབྲས་བུར་འདོད་པ་དང་ཁྱད་མེད་ལ། དངོས་སྣང་མཚན་མའི་ཆོས་ལ་དོན་གྱི་འབྲས་བུ་རེ་བ་ཐུན་མོང་བ་རྣམས་དང་ཁྱད་མེད་པ་ལས། སྣང་ཉམས་གཞི་ལ་ཐིམ་སྟེ། ཕྲ་རགས་ཀྱི་སྣང་འཛིན་ནུབ་ནས། ཀ་དག་ཆོས་ཟད་ལ་སྤྱོད་པས་ཆོས་ཉིད་ཟད་པའི་སྣང་བ་བྱུང་བའོ། །དེ་དག་ཀྱང་དང་པོ་གཉིས་སྤྲུལ་སྐུ། ཚད་ཕེབས་ལོངས་སྐུ། ཟད་པ་ཆོས་སྐུའི་སྣང་བ་ལམ་དུ་བྱས་པས་སྐུ་གསུམ་ལམ་སྣང་དུ་ཤར་བས་འབྲས་བུ་ཆོས་ཟད་ཀ་དག་གི་དབྱིངས་ལ་ཐུག་པའི་ཕྱིར། རང་སྣང་གི་རྩལ་སྐུ་གསུམ་རིག་པའི་ངང་དུ་ཐིམ་པས། རིག་པ་ཀ་དག་གི་འབྲས་བུ། རིག་པའི་དབྱིངས་ནས་གདོད་ཀྱིས་རང་རྩལ་སྐུ་གསུམ་ཤར་བས་དོན་བྱེད་པ་ཞེས་བྱ་སྟེ། ཐེག་་པ་གཞན་ནས་མིང་ཡང་མི་གྲག་པའི་སྙིང་པོ། ཐེག་པ་རྒྱལ་པོའི་དགོངས་པ་ཞེས་བྱའོ། །གནད་འདི་རྟོགས་དཀའ་བ་ཅིག་ཡིན་ནོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་བཞི་སྟེ། ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་ཕེབས། ཆོས་ཉིད་ཟད་པའི་སྣང་བ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། མངོན་སུམ་སྤྱིའི་འབྲེལ་དགོད་པ་དང༌། རང་གི་མཚན་ཉིད་ངོས་གཟུང་བའོ། །དང་པོ་ནི་སྤྱིར་མངོན་སུམ་ལ་ཀུན་རྫོབ་ཐ་སྙད་ལ་གྲགས་པའི་མངོན་སུམ་དང༌། དོན་དམ་དབྱིངས་ལ་མཇལ་བའི་མངོན་སུམ་གཉིས་ལས། དང་པོ་ལ་དབང་པོའི་མངོན་སུམ་གཟུགས་སོགས་ཡུལ་ལྔ་སྣང་བའི་རང་བཞིན་དང༌། ཡིད་ཀྱི་མངོན་སུམ་ཡུལ་ཉེ་བར་སྤྱོད་པ་རྒྱུ་མཚན་ངེས་པའི་རྟོག་ཡུལ་ན་སྣང་བ་དང༌། རང་རིག་པའི་མངོན་སུམ་ནང་དུ་བདེ་སྡུག་ལ་སོགས་མྱོང་བ་ཅེས་པའི་སྣང་བ་དང༌། རྣལ་འབྱོར་གྱི་མངོན་སུམ་ཉིད་ཀྱི་དོན་ཉེ་བར་མཇལ་བ་དེ་ཁོ་ན་ཉིད་ཀྱི་ཕྱོགས་ལ་ཞུགས་པའི་སོ་སོ་ཡང་དག་པའི་རིག་པ་དང་དེའི་སྣང་ཡུལ་གཉིས་སུ་མེད་པའི་ངང་ན་གཟུང་འཛིན་དང་བྲལ་བར་མྱོང་བའི་ངེས་པ་སྟེ། རྣམ་འགྲེལ་ལས། ཐམས་ཅད་ལས་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །གནས་ནའང་མིག་གིས་གཟུགས་དག་ནི། །མཐོང་བའི་བློ་དེ་དབང་སྐྱེས་ཡིན། །ཅེས་བཤད་པ་བཞིན་ནོ། །དོན་དམ་དབྱིངས་ལ་འཇལ་བའི་མངོན་སུམ་ནི་རིག་པའི་ངོ་བོ་ཆོས་ཉིད་སྙིང་ག་ན་ཡོད་པར་ངེས་ཏེ། དེའི་རང་གདངས་སྙིང་ནས་མིག་ཏུ་འབྲེལ་བའི་ཕྱིར་ཉི་མ་དང་འོད་ཟེར་བཞིན་རྒྱུ་འབྲས་ངེས་པ་གཏན་ཚིགས་ཀྱིས་ཡིད་ཆེས་པར་མཇལ་བའོ། །དེའི་ཕྱིར་འཇིག་རྟེན་པ་དང་འདས་པ་གཉིས་ལས་འདི་ནི་འདས་པའི་མངོན་སུམ་མོ། །འདས་པ་ལ་བརྗོད་བྱ་ཤེས་པ་གཙོ་བ་སེམས་ཀྱི་རྒྱུ་མཚན་ངེས་པ་དང༌། གནད་གཏེམས་པ་མཐོང་བ་གཙོ་བ་རིག་པའི་མངོན་སུམ་གཉིས་ལས། འདི་རིག་པའི་མངོན་སུམ་ཞེས་བྱ་བ་ཡིན་ནོ། །གཉིས་པ་རང་གི་མཚན་ཉིད་ངོས་གཟུང་བ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་པ་ལ། ཆོས་ཉིད་ཀྱི་སྒྲ་ཉེ་བར་སྦྱར་བ་ལ་བཞི་ལས། འཁོར་བ་ལ་ཆོས། མྱང་འདས་ཆོས་ཉིད་ཅེས་པའི་འདི་ཆོས་ཉིད་དོ། །སྣང་བ་ལ་ཆོས། སྟོང་པ་ལ་ཆོས་ཉིད་དུ་བརྗོད་པའི་འདི་ཆོས་ཉིད་དོ། །གནད་མེད་པས་མི་གྲོལ་བ་ལ་ཆོས། ཡོད་པས་གྲོལ་ངེས་པས་ཆོས་ཉིད་དུ་གྲགས་པའི་འདི་ཆོས་ཉིད་དོ། །དབྱིངས་ལ་ཆོས། རིག་པ་ལ་ཆོས་ཉིད་དུ་གྲགས་པའི་གཉིས་ཀ་དབྱེར་མེད་དུ་འདོད་པའོ། །མངོན་པ་ནི་དབང་པོའི་སྤྱོད་ཡུལ་ལ་དངོས་སུ་བལྟར་ཡོད་པའོ། །དེའང་ཡིད་དཔྱོད་ལ་མ་ལྟོས་པ་སྟེ། ཡིད་དཔྱོད་ཀྱི་ཤེས་རབ་ཀྱིས་གང་དུ་བཙལ་ཡང་རྙེད་པའི་དུས་མེད་དོ། །ཚོལ་མཁན་མིག་ཅན་མ་ཡིན། འོད་གསལ་གཟུགས་ཅན་མ་ཡིན་པའི་ཕྱིར་ཏེ། སྡུད་པ་ལས། ཤེས་རབ་ཀྱིས་ནི་བརྟགས་ན་ཕུང་པོའི་གཏིང་མི་རྙེད། །ཅེས་སོ། །འོད་གསལ་གྱི་སྣང་བ་འདི་ཐ་སྙད་ལ་གྲགས་པའི་གཟུགས་ཅན་མ་ཡིན་ཏེ། ཕྲ་བ་རྡུལ་ཕྲན་དང་རགས་པ་དངོས་པོ་རང་མཚན་དུ་འདི་མེད་པའི་ཕྱིར་འབྱུང་བཞིའི་གནོད་པས་གཞིག་ཅིང་གཞོམ་དུ་མི་རུང་བའི་ཕྱིར་རོ། །གཟུགས་ཅན་ནི་གཞིག་ཅིང་གཞོམ་རུང་དུ་ཡོད་དེ་གཟུགས་ཀྱི་མཚན་ཉིད་དེ་ཡིན་པའི་ཕྱིར་རོ། །གསུམ་ནི་རྣམ་གྲངས་ཏེ་ཕྱིར་ལུས་ངག་ཡི་གསུམ་གྱི་གནད་གསུམ་གྱིས་གཞི་བཅའ་བ། ནང་དུ་ཆོས་ཉིད་ཡུལ་གྱི་གནད། །འཆར་བྱེད་སྒོའི་གནད། རླུང་གི་གནས་པའི་གནད་གསུམ་གྱིས་ལམ་བསལ་བ་དང༌། གསང་བར་གོམས་པ་ཚད་ཀྱི་རིམ་པ། སྨིན་པ་རྟགས་ཀྱི་རིམ་པ། མཐར་ཐུག་ཟད་པའི་རིམ་པ་དང་གསུམ་གྱིས་ཚད་གཟུང་བ་དང༌། བླ་ན་མེད་པར་སྣང་བའོ། །སྨིན་པ་ཐིག་ལེ། །རྫོགས་པ་སྐུ་དང་གསུམ་གྱིས་འབྲས་བུ་རྫོགས་པའི་ཕྱིར། གསུམ་ཚན་བཞིར་ངེས་པས་གསུམ་ཞེས་བྱའོ། །ཡང་ན་ཆོས་ཉིད་ལ་སྐུ་གསུམ་ལྷུན་གྲུབ་ཏུ་ཡོད་པའི་རང་གདངས་སྣང་བ་གསུམ་ཕྱིར་ཤར་བའི་གྲངས། ཆོས་སྐུའི་རང་གདངས་ནང་མྱོང་བ་རིག་སྟོང༌། ལོངས་སྐུའི་རང་གདངས་འོད་ལྔ་ཕྱིར་གསལ་བ་ཡེ་ཤེས་རང་གསལ། སྤྲུལ་སྐུའི་རང་གདངས་ཤར་གྲོལ་རིས་མེད་ཤེས་རབ་ཀྱི་རྩལ་དང་བཅས་པ་གསུམ་ལ་ལྟོས་ནས་གསུམ་ཞེས་བྱའོ། །དེའང་གཞི་གསུམ་གྱིས་གཞི་བཅས་པས་དངོས་པོ་ལ་ཐ་དད་མེད་པའི་གནད་དང༌། ལམ་གསུམ་གྱིས་གེགས་བསལ་བས་འགྲོ་ལམ་ལ་ཉེ་རིང་མེད་པ་དང༌། ཚད་གསུམ་གྱིས་ཚད་ལ་ཕབ་པས་འདྲ་མིན་དང་ཆལ་ཆོལ་མེད་པ་དང༌། འབྲས་བུ་གསུམ་གྱིས་ཟད་སར་བསྐྱལ་བས་ཡིན་མིན་དང་ཐེ་ཚོམ་མེད་པས་ན་མངོན་སུམ་ཞེས་བྱ་སྟེ། ཐ་མལ་པའི་དུས་ན་དགའ་མི་དགའ་བཏང་སྙོམ་གསུམ་མཐོང་བས་བདེ་སྡུག་བར་མ་གསུམ་འཆར་བ། བླ་མའི་གདམས་པ་ཉམས་སུ་བླང་བའི་དུས་ན་དབྱིངས་རིག་ཆོས་གསུམ་མངོན་པར་མཐོང་བས་སོ། །ཆོས་ཉིད་མངོན་སུམ་ལ་ཡིད་དཔྱོད་ཚིག་གི་སྒྲོ་གདགས་སུ་མེད་པའི་གནད། གོམས་པའི་དུས་ན་འོད་ཐིག་ལེ་སྐུ་གསུམ་མཐོང་བས་འཁྲུལ་བའི་སྣང་བ་རང་འགགས་པའི་གནད། ཚད་དུ་ཕྱིན་པས་དུས་ན་གསལ་བ་སྟོང་པ་བདེ་བ་གསུམ་མངོན་པར་མཐོང་བས། ཆོས་ཉིད་རང་ཟད་པའི་གནད་དོ། །དེ་ལྟར་ན་གསུམ་ཞེས་གྲངས་ཀྱི་གནས་གཞན་ལ་བརྟེན་ནས་འབྲས་བུ་ཅིག་ཅར་དུ་གྲོལ་བར་ངེས་པའོ། །སྣང་བ་ནི་གང་སྣང་ཆོས་ཉིད་སྣང་ལ། ཡུལ་གང་ལ་སྣང་ན་དབྱིངས་ལ་སྣང༌། ཚུལ་ཇི་ལྟར་སྣང་ན་འོད་དང་འོད་ཁྱིམ་རིག་པ་ལུ་གུ་རྒྱུད་དང་བཅས་པ་སྣང༌། །སྣང་བ་དེ་ཉམས་སུ་བླངས་པ་ལས་འབྲས་བུ་རྡོས་བཅས་མི་སྣང་བར་སངས་རྒྱ་བའོ། །དེ་ལྟར་ཆོས་ཉིད་མངོན་སུམ་གྱི་སྣང་བའི་ངོ་བོ་དབྱིངས་རིག་འོད་གསལ་སྣང་བ་སྟེ། ཡི་གེ་མེད་པ་ལས། སྐྱེ་བ་མེད་པའི་མངོན་སུམ་སངས་རྒྱས་ཀྱིས། །ཡུལ་མེད་རྣམ་པར་དག་པའི་སྣང་བ་མཐོང༌། །ཞེས་པ་དང༌། སྒྱུ་འཕྲུལ་ལས། ནོར་བུ་རིན་ཆེན་འདོད་ཆགས་དཔལ། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཞེས་སོ། །ངེས་ཚིག་ནི་སྐུ་གསུམ་གྱི་སྣང་བ་མཐོང་བ་སྟེ། རིན་པོ་ཆེ་རྣམ་པར་བརྩེགས་པའི་རྒྱུད་ལས། མངོན་ཞེས་བྱ་བ་མཐོང་བ་ལ། །གསུམ་ཞེས་བྱ་བ་སྐུ་གསུམ་གྱི། །ཞིང་ཁམས་གཏན་ལ་ཕེབས་པའོ། །ཞེས་སོ། །དགོས་པ་ནི་གནད་འདིས་གོལ་སྒྲིབ་མེད་པར་གྲོལ་ཏེ། དེ་ཉིད་ལས། ཆོས་ཉིད་མངོན་སུམ་གནད་མེད་ན། །མིག་མེད་གཡང་ཁར་ཕྱིན་པ་འདྲ། །ཞེས་སོ། །གནད་ནི་ཐལ་གྱུར་ལས། རྒྱང་ཞགས་འགུལ་བ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཅེས་པ་དང༌། ཡི་གེ་མེད་པ་ལས། མིག་ནི་རབ་ཏུ་གནན་བྱ་སྟེ། །མིག་ཟུར་ཉིད་ལས་དབྱིངས་འབྱུང་བས། །མིག་ནི་ནམ་མཁའི་ཁམས་སུ་བརྟག །ཅེས་སོ། །སྣང་བ་ནི། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ལས་ངེས་འཐོན་ཏེ། །སྤྲིན་མེད་པ་ཡི་མཁའ་ལ་གསལ། །ཅེས་པ་དང༌། གཞན་ཡང་རྩ་དང་འཁྲུལ་འཁོར་གྱིས། །རང་བཞིན་གནས་པའི་ཡེ་ཤེས་ལྔ། །ཆུ་བུར་མིག་གིས་མཐོང་བའོ། །ཞེས་པ་དང༌། རང་ཤར་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འགྲོ་དང་འོང་བ་དང༌། །འགུལ་བ་དང་ནི་འཕྲིག་པའོ། །ཞེས་པ་དང༌། སེང་གེ་རྩལ་རྫོགས་ལས། །རང་སྣང་རིག་པའི་དངོས་པོ་དེ། །ཡེ་ཤེས་གུ་ལུ་རྒྱུད་དུ་གནས། །ཞེས་པ་དང༌། ནོར་བུ་འཕྲ་བཀོད་ལས། རྒྱང་ཞག་ཆུའི་སྒྲོན་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ཡོངས་སུ་གསལ་ལོ་ཞེས་སོ། །ཉམས་སུ་བླང་ལུགས་ནི་དང་པོ་ཐུན་ཆུང་ལ་གྲངས་མང་དུ་བྱ། གཉིས་པ་ལ་ཐུན་བསྐྱེད་ཅིང་ཡུན་བསྲིང༌། །གསུམ་པ་ལ་ཉིན་མཚན་མེད་པར་ཉམས་སུ་བླངས་ཞིང༌། དབྱིངས་ཀྱི་ར་བར་རིག་པ་བཅུག་པ་ལས་མི་འགུལ་བར་བྱེད་དེ། སྒྲོན་མ་འབར་བ་ལས། དབྱིངས་ཀྱིས་རིག་པའི་རང་ཡུལ་བྱེད། །རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད། །འདི་ཉིད་ནང་དུ་གཞག་པར་བྱ། །ཞེས་སོ། །འབྲས་བུ་ནི། །ཕྱིའི་དབྱིངས་སྣང་ལ་མིག་མི་འགུལ་བའི་རང་དུས་ན། ནང་དུ་རིག་པ་གཞི་ལ་གནས་པས་གདངས་རང་ཐིམ་ལ་འཁོར་ནས། གློ་བའི་རླུང་གི་རྟ་དང་བྲལ་བས། ཡེ་ཤེས་ཀྱི་ནམ་མཁའ་དབྱིངས་ཀྱི་ནམ་མཁའ་ལ་ཐིམ་ནས་ངོ་མཉམ་རིས་མེད་དུ་གྲོལ་བས། ཀ་དག་གི་རིག་པ་དབྱིངས་ལ་མ་གཡོས་པར་སྙིང་ག་ན་ངང་གིས་འོད་གསལ་བའི་དགོངས་པ་ལ་རང་བཞིན་གྱིས་གནས་ཏེ། རྣལ་འབྱོར་པ་དེ་ཆོས་ཉིད་གདོད་མའི་འོད་གསལ་ཟིན་པ་ཞེས་བྱ་བས་འཁོར་བ་མིང་མེད་དུ་སྟོངས་ནས་སྲིད་གསུམ་གདར་ཤ་ཆོད་པ་ཡིན་ཏེ། ཐལ་འགྱུར་ལས། དེས་ནི་ཆོས་ཉིད་མངོན་སུམ་གནད། །མཐོང་བ་ཙམ་གྱིས་ཤེས་པ་དང༌། །དེ་ཤེས་པ་ཡིས་རྟོགས་པ་དང༌། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །གྲོལ་ཞེས་བཀྲོལ་བ་མ་ཡིན་ཏེ། །ནམ་མཁའ་དག་ནི་ནམ་མཁའ་ལ། །ཐིམ་ནས་རང་བཞིན་དམིགས་མེད་པས། །རིས་མེད་ཆ་ཤས་ཡོད་མ་ཡིན། །མངོན་སུམ་རྙེད་པའི་སྐལ་ལྡན་པ། །ཁམས་གསུམ་འཁོར་བ་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །ཞེས་སོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ལ་གཉིས་ལས། །མདོར་བསྟན་པ་ནི། དབྱིངས་རིག་ལ་གོང་ནས་གོང་དུ་སྦྱངས་པས། ཕྱིར་དབྱིངས་སྣང་དུ་རིག་པ་ལུ་གུ་རྒྱུད་དབྱེར་མེད་དུ་གནས་པ་བཞིན། ནང་དུ་ཀ་དག་གི་སྟོང་དབྱིངས་ལ་རང་གདངས་ཀྱི་རིག་དབྱིངས་གཉིས་མེད་དུ་གནས་པས་འོད་གསལ་མ་བུ་འདྲེས་ཏེ། སྣང་ཉམས་སྣ་ཚོགས་སུ་འཕེལ་བ་ནི། ཐལ་འགྱུར་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་ཕྱིར་བྱུང་ནས། །གྱེན་འགྲེང་བ་དང་རྩིབས་ཤར་དང༌། །ཐིག་ལེ་སྣ་ཚོགས་སྐུ་ཉིད་དུ། །རགས་པར་སྣང་བའི་ཡུལ་ལ་གསལ། །ཅེས་སོ། །རྒྱས་པར་བཤད་པ་ནི། ཉམས་གོང་འཕེལ་ཅེས་པའི་ཉམས་ལ་གཉིས་ཏེ་ཤེས་པའི་ཉམས་དང༌། སྣང་བའི་ཉམས་སོ། །ཤེས་ཉམས་ལ་འཇིག་རྟེན་པའི་ཤེས་ཉམས་ཏིང་ངེ་འཛིན་གྱིས་ཐོབ་པའི་དགའ་བདེ་སེམས་ཆགས་པ་གླུ་གར་ལ་སོགས་པ་བྱེད་སྙིང་འདོད་པ་རྣམས་དང༌། འདས་པའི་ཤེས་ཉམས་སྟོང་གསལ་མཐའ་བྲལ་གྱི་རྟོགས་ཚད་ཤེས་རབ་ཀྱི་རྩལ་དང་བཅས་པ་རྣམས་ཏེ། འདི་ཉིད་ཐོག་མ་བར་དང་མཐར་གོམས་པ་ལས། ཤེས་པ་དགའ་བདེའི་ཉམས་དང༌། མཐར་འགྱུར་གྱི་ཉམས་དང༌། སྣང་བའི་ཉམས་དང་གསུམ་འབྱུང་བ་ལས། དང་པོ་ནི། ལུས་ངག་གནད་དུ་གཅུན་པས་རླུང་སེམས་བག་ལ་ཞ་ནས། ནང་ཏིང་ངེ་འཛིན་འོད་གསལ་སྟོང་པའི་ངང་ལ་འབྱམས་པ་དང༌། ཤེས་པ་བག་ཡངས་གཟུང་འཛིན་མེད་པའི་དགའ་བདེ་ཡངས་པ་ཁྲོལ་ཆགས་སུ་སྐྱེས་ཀྱང་ཞེན་འཛིན་སྤུ་ཉག་ཙམ་ཡང་མེད་པ་ནི་རང་བཞིན་གྱི་བསམ་གཏན་གནད་དུ་ཕེབས་པ་ལས་བྱུང་བའོ། །བཅོས་མའི་བསྒོམས་པ་ལས་དགའ་བདེ་བྱུང་བ་ནི་ཉམས་འགྱུར་བ་ཤས་ཆེ་ལ་རགས་པ་འཁྲབ་པའམ་གླུ་གར་བྱེད་འདོད་པ་འབྱུང་བས་ཆགས་ཞེན་དུ་སོང་ལ། འདི་ནི་དགའ་བདེར་ཤར་ཡང་རང་དབང་ཐོབ་པའི་དགའ་བདེ་ཞེན་མེད་དུ་ཤེས་པའི་ཁྱད་ཡོད་པ་ནི་བཅོས་ནས་བསྒོམས་པ་དང༌། རང་བཞིན་གྱིས་རླུང་དུ་ཕེབས་པའི་བསམ་གཏན་གྱི་ཁྱད་དུ་ཤེས་པར་བྱའོ། །མཐར་འགྱུར་གྱི་ཉམས་ནི་རླུང་ཉམས་ཀྱི་སྣང་ཆ་སྟེ། སྲིན་བུ་མེ་ཁྱེར་ལྟ་བུ་དང༌། སྤྲིན་ལྟ་བུ་དང༌། དུ་བ་ལྟ་བུ་དང༌། སྨུག་ཟིལ་ལྟ་བུ་དང༌། ཟླ་བ་ཤར་བ་ལྟ་བུ་དང༌། སྐར་མ་ཤར་བ་ལྟ་བུ་དང༌། ནམ་སྲོས་པ་ལྟ་བུ་ལ་མཐིང་གའི་སྣང་བ་ཡོད་པ་ལྟ་བུ་དང༌། ཉི་མ་ཤར་བ་ལྟར་ཕྱི་ནང་ཟང་ཐལ་བར་སྣང་བ་ལྟ་བུ་དང་བརྒྱད་དེ། འཆར་ནུབ་དང་གསལ་འགྲིབ་ཏུ་བྱུང་བས། མི་བརྟན་ཚུགས་མི་ཐུབ་འགྱུར་འགྲོ་བས་མཐར་འགྱུར་གྱི་ཉམས་ཞེས་བྱ་སྟེ། རླུང་གཡོ་བའི་ཉམས་ཡིན་པའི་ཕྱིར་རོ། །འདི་དག་བྱར་ཡོད་དེ་རླུང་སེམས་དག་དགོས་པའི་ཕྱིར་རོ། །སྣང་བའི་ཉམས་ནི། རིག་པའི་རང་གདངས་འོད་གསལ་ཆེན་པོ་སྟེ། གནས་སྐབས་སུ་ཕྱིར་སྣང་འཕེལ་ཞིང་ཚད་ལ་ཕེབས་ནས། རང་གདངས་གཞི་ཐིམ་ལ་ནང་དུ་བཟློག་པས་ཕྱིར་གསལ་དུ་ཟད་དགོས་ཏེ། ལྷུན་གྲུབ་ཀ་དག་གི་དབྱིངས་སུ་ཐིམ་དགོས་པའི་ཕྱིར་རོ། །ནང་གསལ་དུ་རང་འོད་ཀྱི་ཀློང་ན་རིག་པ་སྐུ་དང་ཡེ་ཤེས་ཀྱི་ཕོ་བྲང་ལ་ཡེ་བཞུགས་ལྷུན་གྲུབ་ཆེན་པོར་འཕོ་འགྱུར་མེད་པའོ། །དེས་ན་འདིར་སྣང་བའི་ཉམས་གཙོ་བ་སྟེ། ཤེས་ཉམས་ནི་བློ་ཡིན་པས་འགྱུར་ཞིང་ཚད་མི་ཐུབ་སྟེ་ཀུན་བརྟགས་ཀུན་རྫོབ་ཀྱི་རྣམ་པ་ཅན་དྲན་བྱེད་ཐ་དད་པ་ཚུ་རོལ་གྱི་རྟོག་པས་བསྡུས་པའི་ཕྱིར། འདི་ལ་ཚོད་བྱེད་ན་སྤྲིན་ལ་ཚོད་བཙུགས་ནས་སྦས་སྐུངས་བྱེད་པའི་བྱ་དང་འདྲ་སྟེ། དོན་རྟོག་པའི་དུས་མེད་དེ་མཐོང་བ་རང་ཐོག་ཏུ་མི་ཕེབས་སོ། །འདི་ནི་སྣང་བའི་ཉམས་ཏེ་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་མཐོང་བས་འཁོར་བའི་ལས་ཀྱི་མཐའ་ཕྱེད་གཟུང་བ་ཡུལ་དུ་སྣང་བ་ལས་འདས་ལ། དབྱིངས་ཀྱི་སྣང་བ་མཐོང་བས་དེའི་སྟེང་དུ་འཛིན་པ་རྟོག་པའི་ཆའི་ཕྱེད་མེད་པ་སྟོང་ཆད་དུ་འཛིན་པ་ལོག་པས་འཁོར་བའི་ཆའི་སུམ་གཉིས་ལས་འདས་ལ། ཀུན་རྟོག་གཞི་གྲོ་རང་སངས་སུ་དག་པས་འཛིན་ཆའི་ཕྱེད་པ་སྣང་བ་རང་མཚན་དུ་འཛིན་པ་ལོག་པས། གཟུང་འཛིན་གང་ཟག་དང་ཆོས་ཀྱི་བདག་མེད་རྟོག་པ་ཞེས་བྱའོ། །མདོར་ན་སྣང་ཉམས་རྣམས་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང༌། དབྱིངས་ཀྱི་སྣང་བ་གཉིས་སུ་འདུས་པའོ། །གོང་འཕེལ་ནི། སྣང་བ་དེ་དག་ཇེ་བཀྲ་ཇེ་ལེགས་ཇེ་མང་ལ་སོང་བ་སྟེ། འདི་ལ་དག་ཚུལ་གྱིས་སྤྱིར་བསྟན་པ་དང༌། སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ལས། དང་པོ་ནི། འཁོར་བའི་བཅིངས་པ་ལས་གྲོལ་ཚུལ་དང་སྦྱར་ན། སྣང་བ་དེ་ཡང་གྱེན་འགྲེང་དང༌། རྩིབས་ཤར་དང༌། གྲུ་ཆད་དང༌། དུམ་བུ་དང༌། སྣམ་བུའི་སྣང་བ་དང་ལྔ་རྫོགས་པས་ཡེ་ཤེས་ལྔའི་ཁ་དོག་ལ་དབང་ཐོབ་ནས། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། ཕྲག་དོང་ལྔ་མངོན་དུ་རྒྱུ་བའི་བཅིངས་པ་ལས་གྲོལ་ཏེ། བག་ལ་ཉལ་ཙམ་ལས་མ་གཏོགས་པ་མེད་པས་འཁོར་བའི་ཕྱེད་ལས་འདས་པ་ཉིད་དོ། །དེ་ནས་དྲ་བའི་རྣམ་པ་དང༌། དྲ་བ་ཕྱེད་པ་དང༌། མིག་མངས་རིས་དང༌། མིག་ཚགས་ཀྱི་རྣམ་པ་ལྟ་བུ་དང༌། ཟ་འོག་གུར་ཁྱིམ་ལྟ་བུ་མཐོང་བས། གཟུགས་ལ་སོགས་པ་ཕུང་པོ་ལྔའི་ཚོགས་པས་བདག་ཏུ་བྱས་པ་ལས་འདས་པས། འཇིག་རྟེན་གྱི་བདག་སུམ་གཉིས་ལས་འདས་པས། ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་བྱིན་རླབས་སོ། །དེ་ནས་ཡེ་ཤེས་དངོས་པོ་དག་པའི་དབྱིབས་ཀྱི་སྣང་བ། ཡེ་ཤེས་མཁར་ཐབ་ཀྱི་རྣམ་པ་འདྲ་བ་དང༌། ཉི་ཟླ་ཟུང་སྦྲེལ་གྱི་རྣམ་པ་འདྲ་བ་དང༌། པདྨ་བརྩེགས་པའི་རྣམ་པ་འདྲ་བ་དང༌། མཆོད་རྟེན་བརྩེགས་པའི་རྣམ་པ་འདྲ་བ་དང༌། པདྨ་སྟོང་ལྡན་གྱི་རྣམ་པ་དང་འདྲ་བ་མཐོང་བས། འབྱུང་བ་ལྔའི་འཆིང་བྱེད་ལས་འདས་པའོ། །དེ་དག་ཀྱང་གཅིག་སྐྱེས་གཅིག་འགགས་པས་ཉམས་ཞེས་བྱའོ། །དེ་ཡང་སྔ་མ་བས་ཁྱད་པར་དུ་འགྱུར་བས་གོང་འཕེལ་ཞེས་བྱའོ། །དེ་ལྟར་རིག་པས་བྱུང་བ་ནི་སྔར་དབང་རིམ་པས་བསྟེན་པ་ལས་བྱུང་བའོ། །གཉིས་པ་སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་ལ། ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང༌། དབྱིབས་ཀྱི་སྣང་བ་གཉིས་ལས། དང་པོ་ནི། རྡོ་རྗེའི་རིགས་རྣམ་པར་དག་པས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་འོད་ཁ་དོག་དཀར་པོའི་རྣམ་པར་འཆར་བ་དང༌། དེ་ཉིད་རྡོ་རྗེ་མི་བསྐྱོད་པའི་གདངས་དཀར་བ་ལ་འཚེར་བར་འཆར་བའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པའི་རིགས་རྣམ་པར་དག་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁ་དོག་མཐིང་གའི་རྣམ་པར་འཆར་བ་དང༌། རྣམ་པར་སྣང་མཛད་ཀྱི་གདངས་མཐིང་ལ་གནག་པར་འཆར་རོ། །རིན་པོ་ཆེའི་རིགས་རྣམ་པར་དག་པ་ལས། མཉམ་པ་ཉིད་ཀྱི་ཁ་དོག་སེར་པོའི་སྣམ་བུ་དང༌། རིན་པོ་ཆེ་འབྱུང་ལྡན་གྱི་གདངས་རབ་ཏུ་འཚེར་བ་གསེར་ཞུན་སྦྱངས་པ་ལྟ་བུར་འཆར་རོ། །པདྨའི་རིགས་རྣམ་པར་དག་པ་ལས། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཁ་དོག་དམར་པོའི་སྣམ་བུ་དང༌། སྣང་བ་མཐའ་ཡས་ཀྱི་གདངས་དམར་བ་ལ་རབ་ཏུ་དམར་བ་བྱི་རུའི་མདོག་ལྟ་བུར་འཆར་རོ། །ལས་ཀྱི་རིགས་རྣམ་པར་དག་པ་ལས། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཁ་དོག་ལྗང་གུའི་སྣམ་བུར་འཆར་བ་དང༌། དོན་ཡོད་གྲུབ་པའི་གདངས་རབ་་ལྗང་ཨིནྡྲ་ནཱི་ལའི་རྣམ་པ་ལྟར་འཆར་བའོ། །དེ་དག་གི་ཕྱི་རིམ་མཐིང་ག་རྡོ་རྗེའི་ར་བས་ཀུན་ནས་བསྐོར་བ་ནི། ཡེ་ཤེས་དེ་དག་ཐ་དད་པ་མ་ཡིན་པར་མཚོན་པའོ། །དེ་ལས་སྣང་བའི་འཕེལ་ནི་འོད་ལྔ་སོ་སོས་གཙོ་བྱས་པའི་ཁ་དོག་ལྔ་ལྔར་གསལ་བ་ནི། རིགས་དང་རིགས་ཀྱི་ཁྱད་པར་ལས་བྱུང་བའོ། །དེ་ནས་ཡེ་ཤེས་ཀྱི་རླུང་རྣམ་པར་དག་པ་ལས་མེ་ལོང་ལྟ་བུའི་རྐྱེན་འགྲེང་དུ་སྣང་བ་ནི། དེ་ལ་བརྟེན་ནས་ཉམས་ཀྱི་འཕེལ་འབྱུང་བའོ། །མཉམ་པ་ཉིད་ཀྱི་རྩིབས་ཤར་དུ་སྣང་བ་ནི། འཁྲུལ་པའི་སྣང་བ་ཟད་དུ་ཉེ་བའི་ཉིད་དོ། །དེ་ནས་སོ་སོར་རྟོག་པའི་གྲུ་ཆད་དུ་སྣང་བ་ནི། འབྱུང་བའི་ཕྲ་བ་འགག་པའི་དུས་སོ། །བྱ་བ་གྲུབ་པའི་རེ་ལྡེའི་རྣམ་པ་ཙམ་དུ་སྣང་བ་ནི། ཡེ་ཤེས་ཀྱི་རང་གདངས་སོ་སོར་གསལ་བ་ལས་བྱུང་བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡུལ་གྲུ་ཙམ་དུ་སྣང་བ་ནི་རྟོག་པ་རགས་པ་རྣམས་འགགས་པ་ལས་བྱུང་བའོ། །དེ་དག་གི་ལམ་སྐྱེ་བའི་རིམ་པ་ནི། །བརྩོན་འགྲུས་རབ་རྣམས་ལ་བར་དུ་ཞག་ལྔ་ལྔའོ། །འབྲིང་རྣམས་ལ་ཞག་བདུན་བདུན། ཐ་མ་རྣམས་ཞག་ཉེར་གཅིག་ཉེར་གཅིག་ན་གོང་མའི་སྣང་བ་འགགས་ནས། ཡང་འོག་མའི་སྣང་བ་དེ་དག་ཏུ་རྣམ་པར་སྣང་བའོ། །ཁ་དོག་དང་དབྱིབས་ཀྱི་བར་འདིར་ནི་ཐང་ཅིག་ཏུ་གནས་པ་དག་འབྱུང་ངོ༌། །དེ་ནས་དེ་དག་ནུབ་ནས་ཀྱང་ཡེ་ཤེས་ལྔའི་དབྱིབས་ཀྱི་རྣམ་པ་འཆར་ཏེ། མེ་ལོང་ལྟ་བུའི་དབྱིབས་མིག་ཚགས་ཀྱི་རྣམ་པ་དང་འདྲ་བར་འགྱུར་རོ། །དེ་ནི་ཁ་དོག་རབ་ཏུ་སྤེལ་ལེགས་པ་ལས་བྱུང་བའོ། །དེ་ལ་གོམས་པ་ལས་མིག་མངས་རིས་སུ་འཆར་ཏེ། འདི་ནི་སྔོན་དུ་འགྲོ་བ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །དེ་ནས་མཉམ་པ་ཉིད་དྲ་བ་ཕྱེད་པར་འཆར་ཏེ། དེ་ནི་རླུང་གི་སྦྱངས་པ་དག་པ་ལས་བྱུང་བའོ། །དེ་ལས་དྲ་བར་སྣང་བ་ནི་སྔོན་འགྲོ་དག་ཅིང་ཚར་ཆོད་པ་ལས་བྱུང་བའོ། །དེ་ནས་སོ་སོར་རྟོག་པའི་མེ་ཏོག་གི་ཚོམ་བུར་འཆར་བ་ནི། གཟིགས་སྟངས་ལས་འགྲུས་པ་ལས་བྱུང་བའོ། །དེ་ལས་པདྨ་སྟོང་ལྡན་དུ་འཆར་བ་ནི་སྔོན་འགྲོ་འབྱོངས་པ་ལས་བྱུང་བའོ། །དེ་ནས་བྱ་བ་གྲུབ་པའི་མཚོན་ཆ་ལྟ་བུར་འཆར་བ་ནི། རང་བཞིན་མ་བཅོས་པ་ལས་བྱུང་བའོ། །དེ་ལས་འཁོར་ལོ་ལ་སོགས་པའི་རྣམ་པ་སྣ་ཚོགས་སུ་སྣང་བ་ནི་སྔོན་འགྲོ་མཐར་ཕྱིན་པ་ལས་བྱུང་བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཁར་ཐབ་ཏུ་འཆར་བ་ནི། རིག་པ་མིག་ནས་དྲངས་པ་ལས་བྱུང་བའོ། །དེ་ལས་ཟ་འོག་གུར་ཁྱིམ་ལྟ་བུ་ནི་སྔོན་འགྲོ་དག་པར་བྱས་པ་ལས་བྱུང་བའོ། །དེ་དག་ཀྱང་བརྩོན་འགྲུས་ཀྱི་ཁྱད་ཀྱིས་ཞག་གསུམ་དང༌། བདུན་དང༌། བཅུ་བཞི་ན་གཅིག་སྐྱེ་གཅིག་འགག་པའོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། འདི་དག་ནི་སེམས་ཀྱི་སྔོན་འགྲོའི་དུས་ན། རྟོག་པ་ཐ་དད་པར་བསླང་བ་དེ་འགགས་པའི་རྟགས་ཡིན་ནོ། །དེ་ནས་རིག་པ་རང་གི་ངོ་བོའི་སྣང་བ་འཆར་ཏེ། འོད་དེ་དག་ཐིག་ལེར་འཆར་བ་ནི་ལུ་གུ་རྒྱུད་གཅིག་ཏུ་འདུས་པ་ལས་བྱུང་བའོ། །དེ་ནས་ཐིག་ལེ་གཉིས་འབྲེལ་དུ་སྣང་བ་ནི་ཐབས་དང་ཤེས་རབ་རྣམ་པར་དག་པ་ལས་བྱུང་བའོ། །དེ་ནས་ཐིག་ལེ་ལྔ་སྦྲེལ་དུ་སྣང་བ་ནི་ཡེ་ཤེས་ལྔ་ལ་བྱན་ཚུད་པ་ལས་བྱུང་བའོ། །མངོན་སུམ་གྱི་ཐིག་ལེ་དང་འབྲེལ་ལུགས་མི་འདྲ་སྟེ་ཆུང་ཡོད་པའི་ཕྱིར་རོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། ཐལ་འགྱུར་བས། ཁ་དོག་ལྔ་ཡི་འོད་ཀྱི་ཀྱང༌། །རེ་ལྡེ་ཙམ་ལས་གྲུ་ཆད་སྣང༌། །ཡུལ་གྲུ་ཙམ་ལས་མཐོང་ཚད་དོ། །ཞེས་པ་དང༌། རང་བྱུང་གི་རྒྱུད་ལས། རང་ངོ་མཐོང་བས་འདི་ལྟར་རོ། །ཡར་མཚམས་ལས་ནི་སོར་བཞི་ལས། །བྲལ་བའི་སྐྱེས་བུ་སྐལ་བཟང་བ། །འཁོར་བར་འཇུག་པ་ག་ལ་སྲིད། །གྲུ་ཆད་རྣམ་པར་གང་སྣང་བ། །སྤྲུལ་པའི་ཡོན་ཏན་འདིས་འགྲུབ་བོ། །མཐོང་བའི་ཡུལ་ཙམ་གང་སྣང་བ། །ཚོམ་བུ་ལ་ནི་དེ་བཞིན་ནོ། །ཕྱིར་སྣང་འགགས་པ་གང་ཡིན་པ། །སྐད་ཅིག་མ་ནི་བཅུ་དྲུག་ལ། །འདི་ཡང་དེ་ལྟར་འགྱུར་བའོ། །ཞེས་སོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ལ་སྣང་ཚུལ་སྤྱིར་བསྟན་པ་དང༌། རང་བཞིན་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་ཐིག་ལེ་རེ་རེའི་ནང་དུ་སྐུ་ཕྱེད་མ་རེ་རེ་སྣང་བ་ནི་སྤྲུལ་པ་སྐུའི་སྦྱང་བ་རྣམ་པར་དག་པ་ལས་བྱུང་བའོ། །དེ་ནས་སྐུ་རང་རྐྱང་རེ་རེ་སྣང་བ་ནི་སྤྲུལ་སྐུའི་སྣང་བ་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལས་བྱུང་བའོ། །དེ་ནས་སྐུ་དེ་དག་ཡབ་ཡུམ་ལྔ་ལྔར་གྱུར་པ་ནི་ལོངས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པ་ཉིད་དོ། །དེ་ནས་སོ་སོའི་ཚོམ་བུའི་དཀྱིལ་འཁོར་དང་བཅས་པར་སྣང་བ་ལ། དེ་ཉིད་མུ་ཁྱུད་ཀྱི་ར་བ་དང་སོ་སོའི་གཙོ་འཁོར་དུ་སྣང་བ་ནི། ཆོས་སྐུའི་སྦྱང་བ་རྣམ་པར་དག་པ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །འདི་ནི་རིག་པ་ཚད་ཕེབས་ཀྱི་སྣང་བ་སྟེ། སྔོན་འགྲོའི་དུས་ན་ལུས་ཀྱི་བྱ་བ་དང༌། བྱེད་པ་དེ་དག་གི་འབྲེལ་ཚད་དེ་ཕྱིས་མི་སྐྱེ་བའི་རྟགས་སོ། །དེའང་དག་བྱ་དྲི་མ་རེ་སྦྱོང་བའི་གཉེན་་པོ་སྔོན་འགྲོ་ལ་སོགས་པ་གནད་དུ་ཕྱིན་པ་ལས་སྣང་བ་དེ་དག་ཤར་བར་བཏགས་ཀྱང་བྲལ་འབྲས་དང་དག་བྱ་དག་བྱེད་ཀྱི་རྒྱུ་འབྲས་བཏགས་པ་པ་ཡིན་གྱི། དེས་བསྐྱེད་ནས་བྱུང་བ་མ་ཡིན་ཏེ། ཡེ་ཤེས་རང་ཡོད་ཀྱི་གདངས་དྲི་མའི་སྒྲིབ་པ་དག་སྟོབས་ཀྱིས་སྣང་བའི་ཕྱིར་རོ། །ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ནི། །ལོངས་སྐུའི་མཚན་དཔེ་གསལ་བར་ནི། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ལྔ་ཡབ་དང་ཡུམ་དུ་སྣང༌། །ཞེས་པ་དང༌། བསྟན་བུ་ལས། དེ་བཞིན་སྐུ་ལ་ཐུག་གི་བར། །དྲུག་དང་བཅུ་དང་ལྔ་གསུམ་ལ། །གདོན་མི་ཟ་སྟེ་ལོངས་སྐུའོ། །ཞེས་སོ། །གཉིས་པ་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ ཚད་ཕེབས་ཀྱི་ངེས་ཚིག་སྤྱིར་བསྟན་པ་དང༌། ཚད་གསུམ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི་རིག་པ་ཚད་ཕེབས་ཞེས་པས། རིག་པ་ནི་གཞི་གནས་ཀྱི་རིག་པ་མངོན་དུ་གྱུར་ཏེ། ལམ་སྲོལ་དུ་ཚུད་པ་ལས། གཞི་སྣང་གི་རང་གདངས་ལྷུན་གྲུབ་ཀྱི་འཆར་སྒོ་སྐུར་སྣང་བས། ལམ་སྣང་ཟད་དུ་ཉེ་བ་ལས། དཀྱིལ་འཁོར་རྫོགས་པ་རྣམས་སོ། །ཚད་ནི་དང་པོ་ཕྱེད་སྐུ་ནས་སྐུའི་དཀྱིལ་འཁོར་རྫོགས་པའི་བར་རོ། །ཕེབས་པ་ནི་དེ་ལས་འདས་ས་མེད་པས་རྣམ་པར་སྣང་བའོ། །དེ་དག་ནི་ཟླ་བ་ཉ་གང་བའི་རྣམ་པ་དང་འདྲ་སྟེ། ཡར་གྱི་འཕེལ་ཟད་པས་དཀྱིལ་འཁོར་རྫོགས་ཏེ་རང་ངོ་ལ་བཅོས་སུ་མེད་པའོ། །གཉིས་པ་ཚད་གསུམ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ཕྱི་སྣང་བའོ། །ནང་ལུས་ཀྱི་ཚད། གསང་བ་རིག་པའི་ཚད་དོ། །དང་པོ་ནི། སྣང་བ་ལ་དབང་བསྒྱུར་ཞིང་ཞིང་ཁམས་འོད་གསལ་དུ་རྫོགས་པ་སྟེ། ཐལ་འགྱུར་ལས། དེ་ལྟར་ཕེབས་ནས་རྫོགས་པའི་ཚད། །ཐད་ཀའི་དངོས་སྣང་འགགས་པ་དང༌། །ས་རྡོའི་སྣང་བ་བཞུ་བ་དང༌། །རང་ཤེས་ཅི་ལའང་ཚུད་པ་དང༌། །དེ་བཙུད་བེམས་པོ་འགུལ་བ་དང༌། །རླུང་གི་འགྱུ་བའི་ཚད་ཟིན་དང༌། །ལུས་ཀྱི་རྡུལ་ཕྲན་མཐོང་བ་འབྱུང༌། །ཅིར་སྣང་གཟུགས་སྐུར་རྫོགས་པ་དང༌། །དེ་ལས་ཡབ་ཡུམ་འཁྲིལ་བ་དང༌། །ལྔ་ལྔ་ཡབ་དང་ཡུམ་སྦྱོར་དང༌། །ཀུན་ཀྱང་མུ་ཁྱུད་ཟླུམ་པོ་ལ། །རྣལ་འབྱོར་ལུས་ཀྱང་འོད་གསལ་ཞིང༌། །འགྲོ་དང་འོང་དང་འདུག་པར་སྣང༌། །ཐམས་ཅད་རིག་པ་ཚད་ཕེབས་སོ། །ཞེས་སོ། །གཉིས་པ་ནི། ལུས་ཀྱི་རྡོས་པ་དག་ནས་སྙིང་དབུས་སུ་ཨ་དཀར་པོ་ལས་འོད་ཟེར་ལྔ་སྒྲིལ་མཐོངས་ཁུང་གི་ཉི་ཞུར་ལྟར་བར་སྣང་ལ་འོད་ཀྱི་སྐར་ཁུང་གི་ནང་ཤར་བར་ཟུག་ཅིང༌། ཐོར་ཚུགས་ན་ཡེ་ཤེས་ཀྱི་རླུང་གནས་པས་རང་བཞིན་གྱིས་འདེགས་པར་སྣང་ལ། མཛོད་སྤུ་ནས་འོད་ཟེར་སྣང་ལྔ་འདོམ་གང་དུ་གསལ་ཞིང༌། ལག་པའི་སོར་མོ་ལྔ་ལ་འོད་ལྔ་ཕྲེང་བས་འཁྲིགས་ཤིང༌། །ལུས་ཀྱི་བ་སྤུའི་སྒོ་ལ་སོགས་པ་ཕྱི་ནང་གི་ཆ་རྡུལ་ཕྲན་གྱི་ཁྱོན་ལས་ཆུང་བ་རེའི་གོ་ན་ཞིང་ཁམས་གྲངས་མེད་ན་སངས་རྒྱས་དང་སེམས་ཅན་ཚད་མེད་པ་སྣང་བ་ནི་ལྷུན་གྲུབ་ཀྱི་སྒོ་བརྒྱད་ཤར་བའི་སྣང་བ་ཀུན་འདིར་ལྷག་ཆད་མེད་པར་རང་སྣང་ལ་སྣང་བ་ཡིན་ལ།

</div>
</div>
= Pe cin 2009 (dpe bsdur ma) =
= Pe cin 2009 (dpe bsdur ma) =
<div style="font-size:90%;color:#54595d">rywikitexts e-text (input 2020; converted from a legacy font encoding on 22 November 2026).</div>
<div style="font-size:90%;color:#54595d">rywikitexts e-text (input 2020; converted from a legacy font encoding on 22 November 2026).</div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
སྨྲ་བ་ཇེ་ཉུང་ཐ་མལ་གྱི་གཏམ་སྨྲ་བ་བཅད་པ་ལ་ཐུན་ཆུང་ངུ་བསླབ། དེ་ནས་རིང་དུ་བསླབ། སྐབས་སུ་སྨྲ་རྒྱུ་མེད་ཀྱང་གཅིག་པུ་སྨྲའོ། ། གནས་པ་ནི་སྔགས་དང་«༼༡༽»བརྗོད་པ་ལ་སོགས་པ་དགེ་བའི་བརྗོད་པ་མི་དགག གཞན་དང་ཚིག་འབྲུ་གཅིག་ཀྱང་མི་འདྲེའོ། །འདིའི་དུས་ན་ལུས་ཀྱི་བརྡས་དོན་གོ་བར་བྱེད་པའོ། །ལ་བཟླ་བ་ནི་སྔགས་ལ་སོགས་པ་བརྗོད་པ་ཐམས་ཅད་མི་བྱའོ། །བརྟན་པ་ནི་ཅི་ཡང་མི་བརྗོད་པའི་ངང་ལས་མི་འདའ་བར་བྱེད་པ་སྟེ། ལུས་ཀྱི་བརྡ་ཙམ་ཡང་མི་བྱ་བ་ཡིན་ནོ། །ས་བོན་གྱི་རྒྱུད་ལས། ངག་ནི་ཇི་ལྟར་ལྐུགས་པ་བཞིན། །སུ་དང་བརྡ་ཙམ་ཉིད་མི་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །སེམས་ཀྱི་འཕྲོ་འདུ་རང་ཆོད་དོ། །ཞེས་སོ། །ངག་གི་སྨྲ་བ་བཅད་པས་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་སྟེ། འགྲོ་བ་གཞན་དང་ངག་མ་འདྲེས་པས་ལུས་འབྱོངས་པའི་དགོས་པ་ཡོད། ལུས་འབྱོངས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། མཁའ་སྤྱོད་ཀྱི་མཁའ་འགྲོ་མ་རྣམས་ཀྱི་བྱིན་གྱིས་བརླབས་ནས་ལུས་སྒྱུ་མའི་སྐུར་གྲོལ་བའོ། །དེ་ནས་བརྗོད་བྱ་བཀག་པས་ངག་འབྱོངས་ཏེ་རྟགས་སུ་མི་མ་ཡིན་པ་རྣམས་དང་བརྡ་ཕྲད་ཅིང་གཏམ་ཟེར་བ་དག་འོང་། ངག་གི་བརྗོད་པ་བཀག་པས་ཡིད་འབྱོངས་ཏེ། དེའི་རྟགས་སུ་སྔོན་དུ་མི་མ་ཡིན་གྱི་གཟུགས་མཐོང་བ་དང་། དེ་ནས་མངོན་པར་ཤེས་པ་དུམ་བུ་བ་འཆར་རོ། །དེ་ལྟར་ངག་གི་གནད་ཀྱིས་ལུས་སེམས་ཀྱི་མཚམས་ཀྱི་འབྲེལ་གཅོད་པའི་གནད་ཀྱི་གདམས་པའོ། །སེམས་ཀྱི་གནད་དུ་ནམ་མཁའི་མཐོངས་སུ་མིག་ལྟ་བ་ལས་རྟོག་པ་ཅི་ཡང་མ་«༼༡༽»བསམ་སྟེ། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་སོ། །དེ་ལྟར་གཙོ་བོ་ལུས་ངག་གཉིས་གཅུན་པས་སེམས་ཞོར་ལ་འཆུན་ནས་དབྱིངས་རིག་འཆར་ཞིང་ཁམས་གསུམ་གྱི་འཆིང་བ་གཅོད་དེ། ས་བོན་གྱི་རྒྱུད་ལས། འདི་ལྟར་ལུས་ངག་སུས་གཅུན་པ། །ཆོས་ཀྱི་དབྱིངས་ཀྱི་སྣང་བ་ལ། །འདི་ཡིས་གོམས་པར་འགྱུར་བ་ཡིན། །ཅེས་པ་དང་། རྡོ་རྗེ་བཀོད་པ་ལས། ལུས་དང་ངག་དང་ཡིད་ཀྱི་གནད། །ཤེས་ཤིང་བསྟུན་པས་འཁོར་ལས་གྲོལ། །ཅེས་སོ། །དོན་གཉིས་པ་གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་ལ་གསུམ་སྟེ། གནད་གསུམ་རྡོ་རྗེའི་ཆིངས་སུ་བསྡམ་པ། མངོན་སུམ་རིག་པའི་རང་ངོ་སྤྲོད་པ། དེ་ལས་སྣང་བའི་འཆར་ཚུལ་བསྟན་པའོ། །དང་པོ་ལ་གཉིས་ཏེ། གནད་གསུམ་སྤྱིའི་ཆིངས་བསྟན་པ་དང་ ། བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པའོ། །དང་པོ་ནི་སྒོ་དང་ཡུལ་དང་རླུང་རིག་གི་གནད་གསུམ་སྟེ། ཐལ་འགྱུར་ལས། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང་། །རླུང་དང་རིག་པའི་གནད་ཉིད་གཏེམ། །ཞེས་པས། དཔེར་ན་གནད་ལ་ཟིན་པའི་མཚོན་དང་འདྲ་སྟེ། ལུས་ཀྱི་རྩ་རྒྱུས་སམ་དོན་སྙིང་ལ་སོགས་པའི་གནད་ལ་ཕོག་ན་ཅི་བྱས་ཀྱང་མི་འཚོ་བར་འཆི་བ་དང་འདྲ་བར། གནད་གསུམ་གྱིས་ཀྱང་ཆོས་ཉིད་ལ་འགྱུར་བའི་ས་མེད་དེ། སྒོའི་གནད་ཀྱིས་མཐོང་བར་བྱེད། ཡུལ་གྱི་གནད་ཀྱིས་མི་འགྱུར་བར་བྱེད། རླུང་རིག་གི་གནད་ཀྱིས་རྟགས་ཚད་ལ་འབེབས་པ འོ། །དེ་ཡང་སྒོའི་གནད་སོ་པ་དང་འདྲ། ཡུལ་གྱི་གནད་འགྲོན་པོ་དང་འདྲ། རླུང་རིག་གི་གནད་ཇག་པ་དང་འདྲའོ། །སོས་ཐེབས་པས་འདོད་པའི་མི་འགྱུར་དབང་མེད་པར་ཟིན་ལ། དགྲས་འོངས་པས་ཇག་པའི་ལག་ཏུ་མི་ཚུད་མི་སྲིད་པ་བཞིན་དུ། ཆོས་ཉིད་མངོན་སུམ་གྱི་གནད་ལ་མི་ཐེབས་མི་སྲིད་དོ། །དེ་ཡང་ཡུལ་མེད་ན་རྟེན་སའི་གཞི་མེད་ལ། སྒོ་མེད་ན་འགྲོ་བའི་ལམ་སྟོར། རླུང་རིག་གི་གནད་མེད་ན་ཤེས་རིག་ནང་དུ་མི་ཆོད་པས་གནད་གསུམ་དུ་ངེས་ལ། དེ་ལས་མང་ན་མཐའ་ཡས་པས་གནད་སྟོར་ལ། ཉུང་ན་དོན་མི་འགྲུབ་པས་གསུམ་དུ་ངེས་པའོ། །གཉིས་པ་བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པ་ལ།གནད་གསུམ་སྤྱིའི་རིམ་པ་ངེས་པ་དང་། སོ་སོའི་གནད་ལ་ཐོག་ཏུ་དབབ་པའོ། །དང་པོ་ནི་ལུས་ངག་སེམས་གསུམ་མི་འགུལ་ཞིང་སྒོ་དང་ཡུལ་དང་རླུང་རིག་གཅུན ་པ་སྟེ། མཐོང་བ་བ རྒྱུད་པའི་ལུང་གིས་ཕྱེ་བ་ནི། རང་བྱུང་རིག་པའི་ཏནྟྲ་ལས། དེ་ལྟར་ལུས་ལ་སོགས་པ་ཡི། །གནད་ཀུན་རབ་ཏུ་གཟིར་བ་ཡིས། །རིག་པ་ཉིད་དང་མངོན་སུམ་དུ། །བླ་མའི་ལུང་ལས་ཤེས་པ་ཡིན། །ཅེས་པ་དང་། ཐལ་འགྱུར་ལས། དངོས་གཞི་རང་གི་རྒྱུད་བསྟེན་ན། །ལུས་ཀྱི་གནད་དང་ངག་དང་ཡང་། །སེམས་ཀྱི་གནད་ལ་བརྟེན་པ་ཡིས། །རླུང་ནི་ཅི་ནས་དལ་བྱས་ཏེ། །རབ་ཏུ་འཕང་བ་ལས་བྱུང་བ། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང་། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཡུལ་ནི་སྒྲིབ་བྱེད་བྲལ་བའོ། །རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །གཉིས་པ་ལ་སྒོ་དང་། ཡུལ་དང་། རླུང་རིག་གི་གནད་གསུམ་ལས། དང་པོ་ནི། ཐ་མལ་པའི་ལྟ་ལུགས་ཀྱིས་ཡེ་ཤེས་མི་འཆར་བས། སྐུ་གསུམ་གྱི་གཟིགས་སྟངས་གསུམ་ལ་བསླབ་སྟེ། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་ཀྱི་སྐུ་ཡི་གཟིགས་སྟངས་ཀྱིས། །ཁམས་གསུམ་འཁོར་བ་སྤྱིབས་ནས་འདོན། །ལོངས་སྐུས་སྲིད་པའི་གཞི་མ་འཇིག «།སྤྲུ»ལ་སྐུས་སངས་རྒྱས་ཞིང་དུ་སྒྲོལ། །ཅེས་པ་དང་། ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་ཁམས་སུ་བརྟག «།»ཅེས་པ་དང་། གསང་བ་སྒྲ་རྒྱུད་ལས། ཕབ་དང་ཟློག་དང་ཟུར་གྱིས་ནི། །གཟིགས་སྟངས་རྣམ་པ་གསུམ་དུ་གྲགས། །ཞེས་སོ། །དེའང་སྤྲུལ་སྐུ་ཕབ་ནས་སངས་རྒྱ་བ་ནི་གདུལ་བྱ་ལ་གཟིགས་ལ། ལོངས་སྐུ་ཟུར་ལ་གཟིགས་ནས་སངས་རྒྱ་བ་ནི་ཞིང་ཁམས་ལ་གཟིགས་པ་དང་། ཆོས་སྐུ་བཟློག་ནས་སངས་རྒྱ་བ་ནི་གཞི་ལ་གཟིགས་པའོ། །རྣལ་འབྱོར་པ་མིག་ཤས་ངན་པས་སྤྲུལ་སྐུའི་གཟིགས་སྟངས་བསྟུན་ན་མིག་མི་འགྲིབ་པའི་དགོས་པ་ཡོད། མིག་ལ་སྐྱོན་ཆགས་པས་ལོངས་སྐུ་དང་བསྟུན་ན་མིག་གསལ་བའི་དགོས་པ་ཡོད། མིག་ཤས་བཟང་བས་ཆོས་སྐུའི་ངང་བསྟུན་ན་མྱུར་དུ་སྣང་བ་ཚད་ལ་ཕེབས་པའི་དགོས་པ་ཡོད་དོ། །དེ་དག་ལས་མ་གཡོས་ན་སྤྱན་གསུམ་ཁོང་དུ་ཆུད་པར་ངེས་ཏེ། ཆོས་སྐུ་ལ་ཆོས་ཉིད་ཀྱི་སྤྱན་ཡོད་པས་གསུང་ལ། དེའི་བྱིན་རླབས་ཀྱིས་ཡེ་ཤེས་དངོས་སུ་མཐོང་བས་འདི་ཉིད་ལ་ཐག་ཆོད། ལོངས་སྐུ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་པས་སྐུ་ལ། དེའི་བྱིན་རླབས་ཀྱིས་རང་གསལ་དུ་མཐོང་བས་མཁྱེན་པ་རྒྱས། སྤྲུལ་སྐུ་ལ་ཤེས་རབ་ཀྱི་སྤྱན་ཡོད་པས་ཐུགས་ལ། དེའི་བྱིན་རླབས་ཀྱིས་སྒྲ་ཚིག་དང་བྲལ་བར་མཐོང་བས་ཐོས་བསམ་སྒོམ་པ་ལ་རག་མ་ལས་པར་ཆོས་ཉིད་ཀྱི་དོན་ཁོང་ནས་འཆར་རོ། །དེ་ཡང་སྤྱན་གསུམ་དུ་ལྟ་བ་ནི་ཆོས་ཉིད་ཀྱི་སྤྱན་གྱེན་ལ་བཟློག་པས་བག་ཆགས་ཐུར་ལ་སེལ་བའི་གནད། ཡེ་ཤེས་ཀྱི་ཟུར་ལ་མཉམ་པོར་བལྟས་པས་འཁོར་འདས་རོ་མཉམ་དུ་བསྲེ་བའི་གནད། ཤེས་རབ་ཀྱིས་ཕབ་ནས་བལྟས་པས་ཡེ་ཤེས་ཀྱི་སྣང་བ་དངོས་སུ་འབེབས་པའི་གནད་དོ། །གཟིགས་སྟངས་གསུམ་དུ་ངེས་པ་ཅི་ཡིན་ཞེ་ན། ལེ་ལོ་ཅན་ལ་ལོངས་སྐུ། བརྩོན་འགྲུས་ཅན་ལ་སྤྲུལ་སྐུ། བཏང་སྙོམས་ཅན་ལ་ཆོས་སྐུའི་གཟིགས་སྟངས་ཤིས་པས་ན་གསུམ་དུ་ངེས་སོ། །ངེས་ཚིག་ནི་གཟིགས་པ་ཆོས་ཉིད་ལ་གཟིགས་པས་རྣམ་དག་སྒྲིབ་པ་ཟད་པའོ། །སྟངས་ཀྱིས་འཁོར་བ་ལས་གྲོལ་བར་བྱེད་པའོ། །གཉིས་པ་ཡུལ་གྱི་གནད་ནི་ཕྱིའི་དབྱིངས་ཀྱི་ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་ཡིན་ལ། ནང་གི་དབྱིངས་ཀྱི་ཡུལ་སྨིན་མཚམས་ཀྱི་མཛོད་སྤུ་ལ་གཏད་པས་དབྱིངས་སྣང་མཐིང་ག་དང་དེ་ལས་མཆེད་པ་རྣམ་ལྔའི་རང་གདངས་ཏེ། ཐལ་འགྱུར་ལ ས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །བག་རྡུལ་ཆར་གྱིས་དེངས་དུས་སུ། །མཁས་པས་མངོན་སུམ་གནད་གཟིར་དང་། །ནང་གི་སྒྲོན་མ་ལམ་དུ་བྱའོ། །ཞེས་སོ། །དེ་ཡང་ཕྱི་རིག་པ་འཆར་བའི་ཡུལ་ཡིན་ལ། ནང་ཉམས་འཕེལ་བའི་ཡུལ་ཏེ། རིག་པ་དང་ཉམས་གཉིས་སུ་མེད་པ་ལས་འཁོར་འདས་འདྲེས་པ་ཞེས་བྱའོ། །དེའང་ས་ཆུ་མེ་རླུང་གི་དངོས་པོ་རགས་པ་ལ་ཡུལ་དུ་གཏད་པས་མི་གྲོལ་ཏེ། དང་པོ་སྣང་བ་འཆར་དུ་མི་འདོད། ཕྱིས་ཤར་དུས་གཏད་ཀྱང་དངོས་པོ་རགས་པ་ལྟར་ཤེས་པའང་དེ་དང་མཐུན་པ་སྐྱེ་བས་སྟོང་ཉིད་བསམ་དུ་མེད་པའི་ཉམས་ནང་ནས་མི་འཆར་ལ། ནམ་མཁའ་སྟོང་པ་ལ་རིག་པ་སྟོང་པ་གཏད་པས། ཡུལ་ནམ་མཁའ་དང་མཐུན་པའི་ཉམས་སྟོང་གསལ་འཕྲོ་འདུ་དང་བྲལ་བ་ཕྱལ་ཡས་པ་ཅིག་འཆར་བས། དངོས་པོ་མཚན་མ་དང་བྲལ་བའི་དགོས་པ་ཡོད་དེ། སེམས་སྡེ་ལས། རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །ཞེས་པ་དང་། སྡུད་པ་ལས། དོན་དེ་གང་ཡིན་ནམ་མཁའ་དག་ལ་བརྟག་པར་གྱིས། །ཞེས་པ་དང་། ཡུམ་བར་མ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི། ནམ་མཁའ་རྣལ་འབྱོར་དུ་བྱེད་པའོ་ཞེས་པ་ལ་སོགས་པ་ལུང་དཔག་ཏུ་མེད་དོ། །དེའང་ཡུལ་ཕྱི་ནང་འདྲེས་པ་ལས་མཉམ་པ་རིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་གཉིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་འདྲེས་པས་འཁོར་འདས་རོ་མཉམ་གྱི་ལྟ་བ་ཞེས་བྱའོ། །འདི་ཉིད་བསྟན་བུ་ལས་ཀྱང་། དབྱིངས་དང་རིག་པའི་ལྟ་སྟངས་ནི། ། «སྒྲི»བ་བྱེད་བྲལ་བའི་ནམ་མཁའ་ལྟར། །ཅེས་གསུངས་སོ། །གསུམ་པ་རླུང་རིག་གི་གནད་ནི། ཡུལ་དང་སྒོ་གཉིས་འཛོམ་དུས་རླུང་དལ་བ་བསྟེན་པས་རིག་པ་བཙོན་དུ་གཟུང་བ་ཞེས་བྱ་སྟེ། དེའང་རླུང་ཅི་ནས་ཀྱང་དལ་བ་ལ་ཕྱིར་རྒྱང་རིང་པོ་འཕེན་ཞིང་ཕྱིར་བཟུང་ལ་གཞག་པ་གནད་ཡིན་ནོ། །དེ་ཡང་རླུང་དལ་བས།ཕྱིར་རྣལ་འབྱོར་པའི་ཚེ་རྒྱས་པའི་གྲོགས་སུ་འགྲོ་ལ། ནང་དུ་རྣམ་པར་རྟོགས་པ་ནུབ་པའི་རྐྱེན་བྱེད་ཅིང་། གསང་བར་རིག་པ་མངོན་སུམ་དུ་མཐོང་བའི་ལས་བྱེད«༼༡༽«། »ཁོ་ན་ཉིད་དུ་ཟག་བཅས་མི་སྣང་བར་སངས་རྒྱ་བར་བྱེད་པའོ། །དེ་སྐད་དུའང་ཐལ་འགྱུར་ལས། རླུང་ནི་ཅི་ནས་དལ་བྱ་སྟེ། །རབ་ཏུ་འཕང་བ་ལས་བྱུང་བས། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང་། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །རིག་པའི་གནད་ལུ་གུ་རྒྱུད་དབྱིངས་ཀྱི་ར་བར་བཞག་ནས་མི་འགུལ་བར་བྱེད་པ་སྟེ། དེ་ཉིད་ལས། རང་ངོ་རིག་པ་ལུ་གུ་རྒྱུད། །འགྲོ་འོང་བྲལ་བས་མཁའ་ལ་བཟུང་། །ཞེས་པ་དང་། བསྟན་བུ་ལས། དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །རྣམ་པར་གཞག་ཅིང་འབྲལ་མི་བྱ། །ཞེས་སོ། །དེའང་རླུང་དལ་བ་བསྟེན་པས་བྱ་བ་དང་བྲལ་བའི་དོན་རྒྱུད་ལ་སྐྱེ། རིག་པ་ལུ་གུ་རྒྱུད་ཨར་ལ་གཏད་པས་རྣམ་པར་རྟོག་པའི་ཁུངས་ཟད་ནས། འཁྲུལ་པ་གཞི་ལ་ལོག་སྟེ་ཡེ་ཤེས་མ་བུ་ཕྲད་པའོ། །རིག་པ་རླུང་དང་བྲལ་ནས་འགྲོ་འོང་དུ་མེད་པ་ནི་རིག་པ་ལ་རང་བྱན་ཚུད་པའོ། །དེ་ཡང་ཁྲིད་དུ་བྱེད་ན་ལུས་ཀྱི་གནད་བསྟུན་པ་ལ་ཉི་མ་ལྔ་དྲུག་ཏུ་བྱའོ། །དེ་ནས་སྒོ་སྤྱད་པ་ལ་དེ་ཙམ་ཅིག་ཏུ་བྱའོ། དེ་ནས་ཡུལ་བཙལ་བ་ལ་ཉི་མ་དྲུག་ནས་བདུན་བྱས་ལ། དེ་ནས་མངོན་སུམ་རང་ཐོག་ཏུ་ཕབ་ནས་ཉམས་སུ་ལེན་པའོ། །དེས་ནི་ཤིན་ཏུ་འབྱོངས་ཤིང་སྒཽམ་ཤེས་པ་འབྱུང་ངོ་། །གཞན་དུ་འལ་མ་འོལ་བྱས་པས་སྣང་བ་ར་རི་ཅིག་མཐོང་ནས། ཡིད་ཆེས་མེད་པར་ཁྲིད་ཐོན་དུས་ཅི་ལ་ཟེར་ཆ་མེད་པར་པྲ་ཡས་པ་དག་འབྱུང་ཉེ་བས་དེ་ལྟར་མ་སོང་བ་དག་ཏུ་བྱའོ། །དེ་ལ་སྤྱིར་གྱིས་ཁྲིད་མོ་ཆེ་འདི་འདེབས་དུས་སྔོན་འགྲོ་ཚད་ལ་ཕེབས་པ་བརྩོན་འགྲུས་དང་བཅས་པས་སྦྱངས་པས་དངོས་གཞི་ལ་ཡིད་ཆེས་ཐུན་མོང་མ་ཡིན་པ་སྐྱེའོ། །དངོས་གཞི་ཐེབས་པར་བཏབ་པས་མངོན་སུམ་ལ་སྤྲོ་དགའ་ཁྱད་པར་ཅན་འབྱུང་ངོ་། །རྗེས་རྒྱ བ་ཆོས་མཐའ་ཆོད་པར་བཤད་པས་ཉམས་ལེན་བསྐྱང་ཐུབ་པ་ཤེས་ནས་ཐེ་ཚོམ་དང་རྟོག་མཐའ་ཆོད་དེ་ཆོས་གཞན་ལ་ཡིད་མི་སྨོན ་པའི་དགོས་པ་ཡོད་དོ། །གཉིས་པ་མངོན་སུམ་རིག་པའི་རང་ངོ་སྤྲད་པ་ནི། རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ནམ་མཁའ་ལ་ལྡིང་བ་ལྟ་བུ་དབྱིངས་འོད་གསལ་གྱི་སྣང་བ་དང་བཅས་པ་འདི་མ་འཁྲུལ་པའི་སངས་རྒྱས་ཀ་དག་ལྷུན་གྲུབ་ཀྱི་རང་གདངས་ཏེ། ངང་ལ་བལྟས་པས་རྟོག་བྱེད་ཐམས་ཅད་དག་ནས་སྤྲོས་བྲལ་ནམ་མཁའ་འདྲ་བའི་གདངས་ནང་དུ་ཤར་བས། དབྱིངས་རིག་གཉིས་སུ་མེད་པའི་དགོངས་པ་ཤེས་རབ་རང་བྱུང་གི་ཡེ་ཤེས་དང་ཞལ་མཇལ། ཐོག་མའི་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ། འདི་ལ་གོམས་པ་ཚད་དུ་ཕྱིན་ན་རྡོས་བཅས་འོད་དུ་འགྲོ ་ལ། མ་ཕྱིན་ཡང་བར་དོའམ་རང་བཞིན་སྤྲུལ་པའི་ཞིང་བགྲོད། འགྲོ་དྲུག་འཁྲུལ་པའི་གཡང་ས་ཆོད་པའོ། །ཞེས་ངོ་སྤྲད་དེ། རང་བྱུང་བསྟན་པའི་བཙས་ལས། འདི་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་བ་ཉིད་ནི་མཉམ་པའོ། །ཞེས་པ་དང་ །ཐལ་འགྱུར་ལས། ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ཡི་སངས་རྒྱས་སོ། །ཞེས་སོ། །གསུམ་པ་དེ་ལས་སྣང་བའི་འཆར་ཚུལ་བསྟན་པ་ནི། དབྱིངས་འོད་ལྔའི་རང་གདངས་ལང་ལིང་དུ་སྣང་བ་དང་། ལུ་གུ་རྒྱུད་ལ་ཐིག་ལེ་ཕྲ་མོས་འབྲེལ་བ་དང་། ཐོག་མར་དཀར་ཟང་ཟིང་སྐར་མ་འཕྲོ་བ་ལྟ་བུ་ལས། ཐིག་ལེ་ཁ་དོག་ལྔ་ལྡན་དང་། རེ་རེ་བ་དང་། སུམ་སྦྲེལ་གྱི་བར་གྱི་སྣང་བ་ཚུན་ཆད་དེ། སྔ་མ་ལས། དེ་ནས་ཐིག་ལེ་མཐོང་བ་ཡིན། །ཅེས་སོ། །དེའང་ཕྱི་འོད་གསལ་ལ་བལྟས་པས་ནང་རྣམ་རྟོག་བྲལ་ཏེ་རིས་མེད་མཉམ་པར་གྲོལ་བ་ནི། ཀ་དག་གི་རིག་གདངས་དང་། ལྷུན་གྲུབ་ཀྱི་འོད་གདངས་གཉིས་ཕྱི་ནང་ཟུང་དུ་འབྲེལ་བས། དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་ཞེས་བྱའོ། །གསུམ་པ་སྣང་བ་བཞི་འཆར་བའི་རིམ་པ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ་དང་ །རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། སྣང་བ་བཞི་ཀའི་དུས་སུ་ལུས་བཞུགས་སྟངས་ལ་གནས་པ། མིག་གཟིགས་སྟངས་ལ་ལྟ་བ། རླུང་རིག་ངང་གིས་དལ་བ་གསུམ་གནད་མཐུན་ལ། ཁྱད་པར་སྣང་བ་དང་པོ་གཉིས་སུ་སྦྱངས་པས་ཕྱི་མ་གཉིས་སུ་རྩོལ་བ་ལ་མ་ལྟོས་པར་ངང་གིས་འབྱོངས་ནས། འོད་གསལ་དུ་གྲོལ་བ་ཡིན་པས་ན་དབྱིངས་རིག་གཉིས་སུ་མེད་པ་ཞེས་བྱའོ། །འདི་དག་གི་གནད་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་མི་འབྲལ་བར་བྱ་བ་ནི་གནད་དུ་བྱུང་ལ། དེའི་དོན་བཤད་ན། རིག་པ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མི་ཕྱེད་པ་གཞི་གནས་དང་དེའི་གདངས་འོད་རྩ་དྭངས་པའི་སྣང་བ་ལས་གསེར་གྱི་སྐུད་པ་ལྟ་བུ་བྲེང་ཆགས་ལ་འཁྱོག་མཚམས་ཐིག་ལེས་སྦྲེལ་བ་ལ་བྱའོ། །རྡོ་རྗེ་ནི་སངས་རྒྱས་སེམས་ཅན་ཀུན་ལ་ངོ་བོ་བཟང་ངན་མེད་པར་མཉམ་ཞིང་མི་འགྱུར་བར་གནས་པའི་ཆ་ནས་བཞག་ལ། ལུ་ནི་དཔེར་ན་ཆུའི་ལུ་མ་བཟང་པོ་ལས་ཆུ་འཕེལ་འགྲིབ་མེད་པར་འབྱུང་བ་དང་འདྲ་བར། སྐུ་དང་ཡེ་ཤེས་ཀྱི་འཕེལ་སྒོ་སྣ་ཚོགས་སུ་ལམ་སྣང་མ་རྫོགས་ཀྱི་བར་ལ་དེ་ལས་འཆར་བར་བྱེད་པའོ། །གུ་ནི་དེ་ཉིད་ཀྱི་ནང་དུ་ཆོས་ཉིད་ཕྱིན་ཅི་མ་ལོག་པའི་ལྟ་བ་དང་སྒོམ་པ་འགུགས་པར་བྱེད་ལ། རྒྱུད་ནི་འཁོར་འདས་ལ་ཁྱབ་ཅིང་སྣང་བ་དེའི་ཚོགས་རྣམས་ལས། སྐུ་དང་། ཐིག་ལེ་འཕྲོ་བ་དང་། མཆེད་པ་དང་། འདུ་བ་ལ་སོགས་པ་གསལ་བར་བྱེད་པའོ། །ཐལ་འགྱུར་ལས། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །དེ་ལས་སྣང་བ་བཞིར་འགྱུར་«༼༡༽» ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་བསྣུབས། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད། །ཅེས་སོ། །དེའང་སྣང་བ་བཞིར་གྲངས་ངེས་པ་ནི་ཕྱིར་ནམ་ཟླ་དུས་བཞིའི་འཕེལ་ཟད་པ་དང་། ནང་དུ་ལུས་ངག་ཡིད་སེམས་བཞིའི་བཅིངས་པ་ལས་དགྲོལ་བ་དང་། གསང་བར་དབང་བཞིའི་ངེས་པ་སྟོན་པ་དང་། དེ་ཁོ་ན་ཉིད་དུ་སྒྲོན་མ་བཞིའི་སྣང་བ་ངེས་པ་ལ་ལྟོས་ནས་བཞིར་ངེས་སོ། །གོ་རིམ་ངེས་པ་ནི། དང་པོའི་གཞི་ཆོས་ཉིད་མངོན་སུམ་མ་མཐོང་ན་ལྷག་མ་གསུམ་གྱི་འཆར་གཞི་མེད་པས་རྟེན་དང་བརྟེན་པའི་གཞིར་དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་འཆར་བའོ། །དེ་ཉིད་ཤར་བས་ཆོས་ཐམས་ཅད་ཀྱི་དོན་མཐོང་བས་རང་བྱུང་གི་ཡེ་ཤེས་རང་ལས་རྙེད་པ་ཞེས་བྱའོ། །དེ་ནས་མངོན་པ་དེ་ཉམས་སུ་མ་མྱོང་ན་ཚིག་ཙམ་ལ་འབྲས་བུ་མི་འབྱུང་བ་ལས། དོན་ཉམས་སུ་མྱོང་བས་དེའི་ཉམས་གོང་འཕེལ་དུ་བྱུང་བའོ། །དེ་ལྟར་ཉམས་སྐྱེས་པའི་ཚད་བརྟན་པར་བྱེད་དགོས་ཏེ། མ་བརྟན་ན་ཉམས་ལ་ཐུག་པ་མེད་པས་ཆོས་ལ་ཟིན་པ་མེད་ཅིང་། སངས་ལ་རྒྱ་རྒྱུ་མི་འབྱུང་བ་ལས། ཉམས་བརྟན་པའི་ཚད་ལ་ཕེབས་པས། རིག་པ་ཚད་ཕེབས་ཀྱི་སྣང་བ་བྱུང་བའོ། །རིག་པའི་སྣང་བ་ཚད་ལ་ཕེབས་ཀྱང་དེ་ལས་གཞན་དུ་མི་འགྱུར་ན་སྐུ་གསུམ་འབྲས་བུར་འདོད་པ་དང་ཁྱད་མེད་ལ། དངོས་སྣང་མཚན་མའི་ཆོས་ལ་དོན་གྱི་འབྲས་བུ་རེ་བ་ཐུན་མོང་བ ་རྣམས་དང་ཁྱད་མེད་པ་ལས། སྣང་ཉམས་གཞི་ལ་ཐིམ་སྟེ། ཕྲ་རགས་ཀྱི་སྣང་འཛིན་ནུབ་ནས། ཀ་དག་ཆོས་ཟད་ལ་སྤྱོད་པས་ཆོས་ཉིད་ཟད་པའི་སྣང་བ་བྱུང་བའོ། །དེ་དག་ཀྱང་དང་པོ་གཉིས་སྤྲུལ་སྐུ། ཚད་ཕེབས་ལོངས་སྐུ། ཟད་པ་ཆོས་སྐུའི་སྣང་བ་ལམ་དུ་བྱས་པས་སྐུ་གསུམ་ལམ་སྣང་དུ་ཤར་བས་འབྲས་བུ་ཆོས་ཟད་ཀ་དག་གི་དབྱིངས་ལ་ཐུག་པའི་ཕྱིར། རང་སྣང་གི་རྩལ་སྐུ་གསུམ་རིག་པའི་ངང་དུ་ཐིམ་པས། རིག་པ་ཀ་དག་གི་འབྲས་བུ། རིག་པའི་དབྱིངས་ནས་གདོད་ཀྱིས་རང་རྩལ་སྐུ་གསུམ་ཤར་བས་དོན་བྱེད་པ་ཞེས་བྱ་སྟེ། ཐེག་པ་གཞན་ནས་མིང་ཡང་མི་གྲག་པའི་སྙིང་པོ། ཐེག་པ་རྒྱལ་པོའི་དགོངས་པ་ཞེས་བྱའོ། །གནད་འདི་རྟོགས་དཀའ་བ་ཅིག་ཡིན་ནོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་བཞི་སྟེ། ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་ཕེབས། ཆོས་ཉིད་ཟད་པའི་སྣང་བ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། མངོན་སུམ་སྤྱིའི་འབྲེལ་དགོད་པ་དང་། རང་གི་མཚན་ཉིད་ངོས་གཟུང་བའོ། །དང་པོ་ནི་སྤྱིར་མངོན་སུམ་ལ་ཀུན་རྫོབ་ཐ་སྙད་ལ་གྲགས་པའི་མངོན་སུམ་དང་། དོན་དམ་དབྱིངས་ལ་མཇལ་བའི་མངོན་སུམ་གཉིས་ལས། དང་པོ་ལ་དབང་པོའི་མངོན་སུམ་གཟུགས་སོགས་ཡུལ་ལྔ་སྣང་བའི་རང་བཞིན་དང་། ཡིད་ཀྱི་མངོན་སུམ་ཡུལ་ཉེ་བར་སྤྱོད་པ་རྒྱུ་མཚན་ངེས་པའི་རྟོག་ཡུལ་ན་སྣང་བ་དང་། རང་རིག་པའི་མངོན་སུམ་ནང་དུ་བདེ་སྡུག་ལ་སོགས་མྱོང་བ་ངེས་པའི་སྣང་བ་དང་། རྣལ་འབྱོར་གྱི་མངོན་སུམ་ཆོས་ཉིད་ཀྱི་དོན་ཉེ་བར་མཇལ་བ་དེ་ཁོ ་ན་ཉིད་ཀྱི་ཕྱོགས་ལ་ཞུགས་པའི་སོ་སོ་ཡང་དག་པའི་རིག་པ་དང་དེའི་སྣང་ཡུལ་གཉིས་སུ་མེད་པའི་ངང་ན་གཟུང་འཛིན་དང་བྲལ་བར་མྱོང་བའི་ངེས་པ་སྟེ། རྣམ་འགྲེལ་ལས། ཐམས་ཅད་ལས་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །གནས་ནའང་མིག་གིས་གཟུགས་དག་ནི། །མཐོང་བའི་བློ་དེ་དབང་སྐྱེས་ཡིན། །ཅེས་བཤད་པ་བཞིན་ནོ། །དོན་དམ་དབྱིངས་ལ་མཇལ་བའི་མངོན་སུམ་ནི་རིག་པའི་ངོ་བོ་ཆོས་ཉིད་སྙིང་ག་ན་ཡོད་པར་ངེས་ཏེ། དེའི་རང་གདངས་སྙིང་ནས་མིག་ཏུ་འབྲེལ་བའི་ཕྱིར་ཉི་མ་དང་འོད་ཟེར་བཞིན་རྒྱུ་འབྲས་ངེས་པའི་གཏན་ཚིགས་ཀྱིས་ཡིད་ཆེས་པར་མཇལ་བའོ། །དེའི་ཕྱིར་འཇིག་རྟེན་པ་དང་འདས་པ་གཉིས་ལས་འདི་ནི་འདས་པའི་མངོན་སུམ་མོ། །འདས་པ་ལ་བརྗོད་བྱ་ཤེས་པ་གཙོ་བ་སེམས་ཀྱི་རྒྱུ་མཚན་ངེས་པ་དང་། གནད་གཏེམས་པ་མཐོང་བ་གཙོ་བ་རིག་པའི་མངོན་སུམ་གཉིས་ལས། འདི་རིག་པའི་མངོན་སུམ་ཞེས་བྱ་བ་ཡིན་ནོ། །གཉིས་པ་རང་གི་མཚན་ཉིད་ངོས་གཟུང་བ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་པ་ལ། ཆོས་ཉིད་ཀྱི་སྒྲ་ཉེ་བར་སྦྱར་བ་ལ་བཞི་ལས། འཁོར་བ་ལ་ཆོས། མྱང་འདས་ལ་ཆོས་ཉིད་ཅེས་པའི་འདི་ཆོས་ཉིད་དོ། །སྣང་བ་ལ་ཆོས། སྟོང་པ་ལ་ཆོས་ཉིད་དུ་བརྗོད་པའི་འདི་ཆོས་ཉིད་དོ། །གནད་མེད་པས་མི་གྲོལ་བ་ལ་ཆོས། ཡོད་པས་གྲོལ་ངེས་པ་ལ་ཆོས་ཉིད་དུ་གྲགས་པའི་འདི་ཆོས་ཉིད་དོ། །དབྱིངས་ལ་ཆོས། རིག་པ་ལ་ཆོས་ཉིད་དུ་གྲགས་པའི་འདི་གཉིས་ཀ་དབྱེར་མེད་དུ་འདོད་པའོ། །མངོན་པ་ནི་དབང་པོའི་སྤྱོད་ཡུལ་པ་དངོས་སུ་བལྟར་ཡོད་པའོ། །དེའང་ཡིད་དཔྱོད་ལ་མ་ལྟོས་པ་སྟེ། ཡིད་དཔྱོད་ཀྱི་ཤེས་རབ་ཀྱིས་གང་དུ་བཙལ་ཡང་རྙེད་པའི་དུས་མེད་དོ། །ཚོལ་མཁན་མིག་ཅན་མ་ཡིན། འོད་གསལ་གཟུགས་ཅན་མ་ཡིན་པའི་ཕྱིར་ཏེ། སྡུད་པ་ལས། ཤེས་རབ་ཀྱིས་ནི་བརྟགས་ན་ཕུང་པོའི་གཏིང་མི་རྙེད། །ཅེས་སོ། །འོད་གསལ་གྱི་སྣང་བ་འདི་ཐ་སྙད་ལ་གྲགས་པའི་གཟུགས་ཅན་མ་ཡིན་ཏཻ། ཕྲ་བ་རྡུལ་ཕྲན་དང་རགས་པ་དངོས་པོ་རང་མཚན་དུ་འདི་མེད་པའི་ཕྱིར་འབྱུང་བཞིའི་གནོད་པས་གཞིག་ཅིང་གཞོམ་དུ་མི་རུང་བ འི་ཕྱིར་རོ། །གཟུགས་ཅན་ནི་གཞིག་ཅིང་གཞོམ་རུང་དུ་ཡོད་དེ་གཟུགས་ཀྱི་མཚན་ཉིད་དེ་ཡིན་པའི་ཕྱིར་རོ། །གསུམ་ནི་རྣམ་གྲངས་ཏེ་ཕྱིར་ལུས་ངག་ཡིད་གསུམ་གྱི་གནད་གསུམ་གྱིས་གཞི་བཅའ་བ། ནང་དུ་ཆོས་ཉིད་ཡུལ་གྱི་གནད། འཆར་བྱེད་སྒོའི་གནད། རླུང་རིག་གནས་པའི་གནད་གསུམ་གྱིས་ལམ་བསལ་བ་དང་། གསང་བར་གོམས་པ་ཚད་ཀྱི་རིམ་པ། སྨིན་པ་རྟགས་ཀྱི་རིམ་པ། མཐར་ཐུག་ཟད་པའི་རིམ་པ་དང་གསུམ་གྱིས་ཚད་གཟུང་བ་དང་། བླ་ན་མེད་པར་སྣང་བ་འོད། སྨིན་པ་ཐིག་ལེ། རྫོགས་པ་སྐུ་དང་གསུམ་གྱིས་འབྲས་བུ་རྫོགས་པའི་ཕྱིར། གསུམ་ཚན་བཞིར་ངེས་པས་གསུམ་ཞེས་བྱའོ། །ཡང་ན་ཆོས་ཉིད་ལ་སྐུ་གསུམ་ལྷུན་གྲུབ་ཏུ་ཡོད་པའི་རང་གདངས་སྣང་བ་གསུམ་ཕྱིར་ཤར་བའི་གྲངས། ཆོས་སྐུའི་རང་གདངས་ནང་མྱོང་བ་རིག་སྟོང་། ལོངས་སྐུའི་རང་གདངས་འོད་ལྔ་ཕྱིར་གསལ་བ་ཡེ་ཤེས་རང་གསལ། སྤྲུལ་སྐུའི་རང་གདངས་ཤར་གྲོལ་རིས་མེད་ཤེས་རབ་ཀྱི་རྩལ་དང་བཅས་པ་གསུམ་ལ་ལྟོས་ནས་གསུམ་ཞེས་བྱའོ། །དེའང་གཞི་གསུམ་གྱིས་གཞི་བཅས་པས་དངོས་པོ་ལ་ཐ་དད་མེད་པའི་གནད་དང་། ལམ་གསུམ་གྱིས་གེགས་བསལ་བས་འགྲོ་ལམ་ལ་ཉེ་རིང་མེད་པ་དང་། ཚད་གསུམ་གྱིས་ཚད་ལ་ཕབ་པས་འདྲ་མིན་དང་ཆལ་ཆོལ་མེད་པ་དང་། འབྲས་བུ་གསུམ་གྱིས་ཟད་སར་བསྐྱལ་བས་ཡིན་མིན་དང་ཐེ་ཚོམ་མེད་པས་ན་མངོན་སུམ་ཞེས་བྱ་སྟེ། ཐ་མལ་པའི་དུས་ན་དགའ་མི་དགའ་བཏང་སྙོམས་གསུམ་མཐོང་བས་བདེ་སྡུག་བར་མ་གསུམ་འཆར་བ། བླ་མའི་གདམས་པ་ཉམས་སུ་བླང་བའི་དུས་ན་དབྱིངས་རིག་ཆོས་གསུམ་མངོན་པར་མཐོང་བས་སོ། །ཆོས་ཉིད་མངོན་སུམ་ལ་ཡིད་དཔྱོད་ཚིག་གིས་སྒྲོ་གདགས་སུ་མེད་པའི་གནད། གོམས་པའི་དུས་ན་འོད་ཐིག་ལེ་སྐུ་གསུམ་མཐོང་བས་འཁྲུལ་པའི་སྣང་བ་རང་འགགས་པའི་གནད། ཚད་དུ་ཕྱིན་པའི་དུས་ན་གསལ་བ་སྟོང་པ་བདེ་བ་གསུམ་མངོན་པར་མཐོང་བས། ཆོས་ཉིད་རང་ཟད་པའི་གནད་དོ། །དེ་ལྟར་ན་གསུམ་ཞེས་གྲངས་ཀྱི་གནས་གཞན་ལ་བརྟེན་ནས་འབྲས་བུ་ཅིག་ཅར་དུ་གྲོལ་བར་ངེས་པའོ། །སྣང་བ་ནི་གང་སྣང་ན་ཆོས་ཉིད་སྣང་ལ། ཡུལ་གང་ལ་སྣང་ན་དབྱིངས་ལ་སྣང་། ཚུལ་ཇི་ལྟར་སྣང་ན་འོད་དང་འོད་ཁྱིམ་རིག་པ་ལུ་གུ་རྒྱུད་དང་བཅས་པ་སྣང་། སྣང་བ་དེ་ཉམས་སུ་བླངས་པ་ལས་འབྲས་བུ་རྡོས་བཅས་མི་སྣང་བར་སངས་རྒྱ་བའོ། །དེ་ལྟར་ཆོས་ཉིད་མངོན་སུམ་གྱི་སྣང་བའི་ངོ་བོ་དབྱིངས་རིག་འོད་གསལ་དུ་སྣང་བ་སྟེ། ཡི་གེ་མེད་པ་ལས། སྐྱེ་བ་མེད་པའི་མངོན་སུམ་སངས་རྒྱས་ཀྱིས། །ཡུལ་མེད་རྣམ་པར་དག་པའི་སྣང་བ་མཐོང་། །ཞེས་པ་དང་། སྒྱུ་འཕྲུལ་ལས། ནོར་བུ་རིན་ཆེན་འོད་ཆགས་དཔལ། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཞེས་སོ། །ངེས་ཚིག་ནི་སྐུ་གསུམ་གྱི་སྣང་བ་མཐོང་བ་སྟེ། རིན་པོ་ཆེ་རྣམ་པར་བརྩེགས་པའི་རྒྱུད་ལས། མངོན་ཞེས་བྱ་བ་མཐོང་བ་ལ། །གསུམ་ཞེས་བྱ་བ་སྐུ་གསུམ་གྱི། །ཞིང་ཁམས་གཏན་ལ་ཕེབས་པའོ། །ཞེས་སོ། །དགོས་པ་ནི་གནད་འདིས་གོལ་སྒྲིབ་མེད་པར་གྲོལ་ཏེ། དེ་ཉིད་ལས།ཆོས་ཉིད་མངོན་སུམ་གནད་མེད་ན། །མིག་མེད་གཡང་ཁར་ཕྱིན་པ་འདྲ། །ཞེས་སོ། །གནད་ནི་ཐལ་འགྱུར་ལས། རྒྱང་ཞགས་འགུལ་བ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཞེས་པ་དང་། ཡི་གེ་མེད་པ་ལས། མིག་ནི་རབ་ཏུ་གནན་བྱ་སྟེ། །མིག་ཟུར་ཉིད་ལས་དབྱིངས་འབྱུང་བས། །མིག་ནི་ནམ་མཁའི་ཁམས་སུ་བརྟག «།»ཅེས་སོ། །སྣང་བ་ནི། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ལས་ངེས་འཐོན་ཏེ། །སྤྲིན་མེད་པ་ཡི་མཁའ་ལ་གསལ། །ཅེས་པ་དང་། གཞན་ཡང་རྩ་དང་འཕྲུལ་འཁོར་གྱིས། །རང་བཞིན་གནས་པའི་ཡེ་ཤེས་ལྔ། །ཆུ་བུར ་མིག་གིས་མཐོང་བའོ། །ཞེས་པ་དང་། རང་ཤར་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འགྲོ་དང་འོང་བ་དང་། །འགུལ་བ་དང་ནི་འཕྲིག་པའོ། །ཞེས་པ་དང་། སེང་གེ་རྩལ་རྫོགས་ལས། རང་སྣང་རིག་པའི་དངོས་པོ་དེ། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །ཞེས་པ་དང་། ནོར་བུ་འཕྲ་བཀོད་ལས། རྒྱང་ཞགས་ཆུའི་སྒྲོན་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ཡོངས་སུ་གསལ་ལོ་ཞེས་སོ། །ཉམས་སུ་བླང་ལུགས་ནི་དང་པོ་ཐུན་ཆུང་ལ་གྲངས་མང་དུ་བྱ། གཉིས་པ་ལ་ཐུན་བསྐྱེད་ཅིང་ཡུན་བསྲིང་། གསུམ་པ་ལ་ཉིན་མཚན་མེད་པར་ཉམས་སུ་བླང་ཞིང་། དབྱིངས་ཀྱི་ར་བར་རིག་པ་བཅུག་པ་ལས་མི་འགུལ་བར་བྱེད་དེ། སྒྲོན་མ་འབར་བ་ལས། དབྱིངས་ཀྱིས་རིག་པའི་རང་ཡུལ་བྱེད། །རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད། །འདི་ཉིད་ནང་དུ་གཞག་པར་བྱ། །ཞེས་སོ། །འབྲས་བུ་ནི། ཕྱིའི་དབྱིངས་སྣང་ལ་མིག་མི་འགུལ་བའི་རང་དུས་ན།ནང་དུ་རིག་པ་གཞི་ལ་གནས་པས་གདངས་རང་ཐིམ་ལ་འཁོར་ནས། གློ་བའི་རླུང་གི་རྟ་དང་བྲལ་བས། ཡེ་ཤེས་ཀྱི་ནམ་མཁའ་དབྱིངས་ཀྱི་ནམ་མཁའ་ལ་ཐིམ་ནས་ངོ་མཉམ་རིས་མེད་དུ་གྲོལ་བས། ཀ་དག་གི་རིག་པ་དབྱིངས་ལས་མ་གཡོས་པར་སྙིང་ག་ན་ངང་གིས་འོད་གསལ་བའི་དགོངས་པ་ལ་རང་བཞིན་གྱིས་གནས་ཏེ།རྣལ་འབྱོར་པ་དེ་ཆོས་ཉིད་གདོད་མའི་འོད་གསལ་ཟིན་པ་ཞེས་བྱ་བས་འཁོར་བ་མིང་མེད་དུ་སྟོངས་ནས་སྲིད་གསུམ་གདར་ཤ་ཆོད་པ་ཡིན་ཏེ། ཐལ་འགྱུར་ལས།དེས་ནི་ཆོས་ཉིད་མངོན་སུམ་གནད། །མཐོང་བ་ཙམ་གྱིས་ཤེས་པ་དང་། །དེ་ཤེས་པ་ཡིས་རྟོགས་པ་དང་། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །གྲོལ་ཞེས་བཀྲོལ་བ་མ་ཡིན་ཏེ། །ནམ་མཁའ་དག་ནི་ནམ་མཁའ་ལ། །ཐིམ་ནས་རང་བཞིན་དམིགས་མེད་པས། །རིས་མེད་ཆ་ཤས་ཡོད་མ་ཡིན། །མངོན་སུམ་རྙེད་པའི་སྐལ་ལྡན་ལ། །ཁམས་གསུམ་འཁོར་བ་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །ཞེས་སོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ལ་གཉིས་ལས། མདོར་བསྟན་པ་ནི། དབྱིངས་རིག་ལ་གོང་ནས་གོང་དུ་སྦྱངས་པས། ཕྱིར་དབྱིངས་སྣང་དུ་རིག་པ་ལུ་གུ་རྒྱུད་དབྱེར་མེད་དུ་གནས་པ་བཞིན། ནང་དུ་ཀ་དག་གི་སྟོང་དབྱིངས་ལ་རང་གདངས་ཀྱི་རིག་དབྱིངས་གཉིས་མེད་དུ་གནས་པས་འོད་གསལ་མ་བུ་འདྲེས་ཏེ། སྣང་ཉམས་སྣ་ཚོགས་སུ་འཕེལ་བ་ནི། ཐལ་འགྱུར་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་ཕྱིར་བྱུང་ནས། །གྱེན་འགྲེང་བ་དང་རྩིབས་ཤར་དང་། །ཐིག་ལེ་སྣ་ཚོགས་སྐུ་ཉིད་དུ། །རགས་པར་སྣང་བའི་ཡུལ་ལ་གསལ། །ཅེས་སོ། །རྒྱས་པར་བཤད་པ་ནི། ཉམས་གོང་འཕེལ་ཅེས་པའི་ཉམས་ལ་གཉིས་ཏེ་ཤེས་པའི་ཉམས་དང་། སྣང་བའི་ཉམས་སོ། །ཤེས་ཉམས་ལ་འཇིག་རྟེན་པའི་ཤེས་ཉམས་ཏིང་ངེ་འཛིན་གྱིས་ཐོབ་པའི་དགའ་བདེ་སེམས་ཆགས་པ་གླུ་གར་ལ་སོགས་པ་བྱེད་སྙིང་འདོད་པ་རྣམས་དང་། འདས་པའི་ཤེས་ཉམས་སྟོང་གསལ་མཐའ་བྲལ་གྱི་རྟོགས་ཚད་ཤེས་རབ་ཀྱི་རྩལ་དང་བཅས་པ་རྣམས་ཏེ། འདི་ཉིད་ཐོག་མ་བར་དང་མཐར་གོམས་པ་ལས། ཤེས་པ་དགའ་བདེའི་ཉམས་དང་། མཐར་འགྱུར་གྱི་ཉམས་དང་། སྣང་བའི་ཉམས་དང་གསུམ་འབྱུང་བ་ལས། དང་པོ་ནི། ལུས་ངག་གནད་དུ་གཅུན་པས་རླུང་སེམས་བག་ལ་ཞ་ནས། ནང་ཏིང་ངེ་འཛིན་འོད་གསལ་སྟོང་པའི་ངང་ལ་འབྱམས་པ་དང་། ཤེས་པ་བག་ཡངས་གཟུང་འཛིན་མེད་པའི་དགའ་བདེ་ཡངས་པ་ཁྲོལ་ཆགས་སུ་སྐྱེས་ཀྱང་ཞེན་འཛིན་སྤུ་ཉག་ཙམ་ཡང་མེད་པ་ནི་རང་བཞིན་གྱི་བསམ་གཏན་གནད་དུ་ཕེབས་པ་ལས་བྱུང་བའོ། །བཅོས་མའི་བསྒོམས་པ་ལས་དགའ་བདེ་བྱུང་བ་ནི་ཉམས་འགྱུར་བ་ཤས་ཆེ་ལ་རགས་པ་འཁྲབ་པའམ་གླུ་གར་བྱེད་འདོད་པ་འབྱུང་བས་ཆགས་ཞེན་དུ་སོང་ལ། འདི་ནི་དགའ་བདེར་ཤར་ཡང་རང་དབང་ཐོབ་པའི་དགའ་བདེ་ཞེན་མེད་དུ་ཤེས་«༼༡༽»པའི་ཁྱད་ཡོད་པ་ནི་བཅོས་ནས་བསྒོམས་པ་དང་། རང་བཞིན་གྱིས་རླུང་དུ་ཕེབས་པའི་བསམ་གཏན་གྱི་ཁྱད་དུ་ཤེས་པར་བྱའོ། །མཐར་འགྱུར་གྱི་ཉམས་ནི་རླུང་ཉམས་ཀྱི་སྣང་ཆ་སྟེ། སྲིན་བུ་མེ་ཁྱེར་ལྟ་བུ་དང་། སྤྲིན་ལྟ་བུ་དང་། དུ་བ་ལྟ་བུ་དང་། སྨུག་ཟིལ་ལྟ་བུ་དང་། ཟླ་བ་ཤར་བ་ལྟ་བུ་དང་། སྐར་མ་ཤར་བ་ལྟ་བུ་དང་། ནམ་སྲོས་པ་ལྟ་བུ་ལ་མཐིང་གའི་སྣང་བ་ཡོད་པ་ལྟ་བུ་དང་། ཉི་མ་ཤར་བ་ལྟར་ཕྱི་ནང་ཟང་ཐལ་བར་སྣང་བ་ལྟ་བུ་དང་བརྒྱད་དེ། འཆར་ནུབ་དང་གསལ་འགྲིབ་ཏུ་བྱུང་བས།མི་བརྟན་ཚུགས་མི་ཐུབ་འགྱུར་འགྲོ་བས་མཐར་འགྱུར་གྱི་ཉམས་ཞེས་བྱ་སྟེ། རླུང་གཡོ་བའི་ཉམས་ཡིན་པའི་ཕྱིར་རོ། །འདི་དག་བྱར་ཡོད་དེ་རླུང་སེམས་དག་དགོས་པའི་ཕྱིར་རོ། །སྣང་བའི་ཉམས་ནི། རིག་པའི་རང་གདངས་འོད་གསལ་ཆེན་པོ་སྟེ། གནས་སྐབས་སུ་ཕྱིར་སྣང་འཕེལ་ཞིང་ཚད་ལ་ཕེབས་ནས། རང་གདངས་གཞི་ཐིམ་ལ་ནང་དུ་བཟློག་པས་ཕྱིར་གསལ་དུ་ཟད་དགོས་ཏེ། ལྷུན་གྲུབ་ཀ་དག་གི་དབྱིངས་སུ་ཐིམ་དགོས་པའི་ཕྱིར་རོ། །ནང་གསལ་དུ་རང་འོད་ཀྱི་སོང་ན་རིག་པ་སྐུ་དང་ཡེ་ཤེས་ཀྱི་ཕོ་བྲང་ལ་ཡེ་བཞུགས་ལྷུན་གྲུབ་ཆེན་པོར་འཕོ་འགྱུར་མེད་པའོ། །དེས་ན་འདིར་སྣང་བའི་ཉམས་གཙོ་«༼༡༽» བ་སྟེ། ཤེས་ཉམས་ནི་བློ་ཡིན་པས་འགྱུར་ཞིང་ཚད་མི་ཐུབ་སྟེ་ཀུན་བརྟགས་ཀུན་རྫོབ་ཀྱི་རྣམ་པ་ཅན་དྲན་བྱེད་ཐ་དད་པ་ཚུ་རོལ་གྱི་རྟོག་པས་བསྡུས་པའི་ཕྱིར། འདི་ལ་ཚད་བྱེད་ན་སྤྲིན་ལ་ཚོད་བཙུགས་ནས་སྦས་སྐུངས་བྱེད་པའི་བྱ་དང་འདྲ་སྟེ། དོན་རྟོགས་པའི་དུས་མེད་དེ་མཐོང་བ་རང་ཐོག་ཏུ་མི་ཕེབས་སོ། །འདི་ནི་སྣང་བའི་ཉམས་ཏེ་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་མཐོང་བས་འཁོར་བའི་ལས་ཀྱི་མཐའ་ཕྱེད་གཟུང་བ་ཡུལ་དུ་སྣང་བ་ལས་འདས་ལ།དབྱིངས་ཀྱི་སྣང་བ་མཐོང་བས་དེའི་སྟེང་དུ་འཛིན་པ་རྟོག་པའི་ཆའི་ཕྱེད་མེད་པ་སྟོང་ཆད་དུ་འཛིན་པ་ལོག་པས་འཁོར་བའི་ཆའི་སུམ་གཉིས་ལས་འདས་ལ། ཀུན་རྟོག་གཞི་གྲོལ་རང་སངས་སུ་དག་པས་འཛིན་ཆའི་ཕྱེད་སྣང་བ་རང་མཚན་དུ་འཛིན་པ་ལོག་པས། གཟུང་འཛིན་གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པ་ཞེས་བྱའོ། ། མདོར་ན་སྣང་ཉམས་རྣམས་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང་ །དབྱིངས་ཀྱི་སྣང་བ་གཉིས་སུ་འདུས་པའོ། །གོང་འཕེལ་ནི། སྣང་བ་དེ་དག་ཇེ་བཀྲ་ཇེ་ལེགས་ཇེ་མང་ལ་སོང་བ་སྟེ། འདི་ལ་དག་ཚུལ་གྱིས་སྤྱིར་བསྟན་པ་དང་། སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་གཉིས་ལས།དང་པོ་ནི། འཁོར་བའི་བཅིངས་པ་ལས་གྲོལ་ཚུལ་དང་སྦྱར་ན། སྣང་བ་དེ་ཡང་གྱེན་འགྲེང་དང་། རྩིབས་ཤར་དང་། གྲུ་ཆད་དང་། དུམ་བུ་དང་། སྣམ་བུའི་སྣང་བ་དང་ལྔ་རྫོགས་པས་ཡེ་ཤེས་ལྔའི་ཁ་དོག་ལ་དབང་ཐོབ་ནས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་ལྔ་མངོན་དུ་རྒྱུ་བའི་བཅིངས་པ་ལས་གྲོལ་ཏེ། བག་ལ་ཉལ་ཙམ་ལས་མ་གཏོགས་པ་མེད་པས་འཁོར་བའི་ཕྱེད་ལས་འདས་པ་ཉིད་དོ། །དེ་ནས་དྲ་བའི་རྣམ་པ་དང་། དྲ་བ་ཕྱེད་པ་དང་ །མིག་མངས་རིས་དང་། མིག་ཚགས་ཀྱི་རྣམ་པ་ལྟ་བུ་དང་། ཟ་འོག་གུར་ཁྱིམ་ལྟ་བུ་མཐོང་བས། གཟུགས་ལ་སོགས་པ་ཕུང་པོ་ལྔའི་ཚོགས་པས་བདག་ཏུ་བྱས་པ་ལས་འདས་པས། འཇིག་རྟེན་གྱི་བདག་སུམ་གཉིས་ལས་འདས་པས། ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་བྱིན་རླབས་སོ། །དེ་ནས་ཡེ་ཤེས་དངོས་པོ་དག་པའི་དབྱིབས་ཀྱི་སྣང་བ། ཡེ་ཤེས་མཁར་ཐབ་ཀྱི་རྣམ་པ་འདྲ་བ་དང་། ཉི་ཟླ་ཟུང་སྦྲེལ་གྱི་རྣམ་པ་འདྲ་བ་དང་། པདྨ་བརྩེགས་པའི་རྣམ་པ་འདྲ་བ་དང་། མཆོད་རྟེན་བརྩེགས་པའི་རྣམ་པ་འདྲ་བ་དང་། པདྨ་སྟོང་ལྡན་གྱི་རྣམ་པ་དང་འདྲ་བ་མཐོང་བས།འབྱུང་བ་ལྔའི་འཆིང་བྱེད་ལས་འདས་པའོ། །དེ་དག་ཀྱང་གཅིག་སྐྱེས་«༼༡༽»གཅིག་འགགས་པས་ཉམས་ཞེས་བྱའོ། །དེ་ཡང་སྔ་མ་བས་ཁྱད་པར་དུ་འགྱུར་བས་གོང་འཕེལ་ཞེས་བྱའོ། །དེ་ལྟར་རིམ་པས་བྱུང་བ་ནི་སྔར་དབང་རིམ་པས་བསྟེན་པ་ལས་བྱུང་བའོ། །གཉིས་པ་སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་ལ། ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང་། དབྱིབས་ཀྱི་སྣང་བ་གཉིས་ལས། དང་པོ་ནི། རྡོ་རྗེའི་རིགས་རྣམ་པར་དག་པས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་འོད་ཁ་དོག་དཀར་པོའི་རྣམ་པར་འཆར་བ་དང་། དེ་ཉིད་རྡོ་རྗེ་མི་བསྐྱོད་པའི་གདངས་དཀར་བ་ལ་འཚེར་བར་འཆར་བའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པའི་རིགས་རྣམ་པར་དག་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁ་དོག་མཐིང་གའི་རྣམ་པར་འཆར་བ་དང་། རྣམ་པར་སྣང་མཛད་ཀྱི་གདངས་མཐིང་ལ་གནག་པར་འཆར་རོ། །རིན་པོ་ཆེའི་རིགས་རྣམ་པར་དག་པ་ལས། མཉམ་པ་ཉིད་ཀྱི་ཁ་དོག་སེར་པོའི་སྣམ་བུ་དང་། རིན་པོ་ཆེ་འབྱུང་ལྡན་གྱི་གདངས་རབ་ཏུ་འཚེར་བ་གསེར་ཞུན་སྦྱངས་པ་ལྟ་བུར་འཆར་རོ། །པདྨའི་རིགས་རྣམ་པར་དག་པ་ལས། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཁ་དོག་དམར་པོའི་སྣམ་བུ་དང་། སྣང་བ་མཐས་ཡས་ཀྱི་གདངས་དམར་བ་ལ་རབ་ཏུ་དམར་«༼༡༽» བ་བྱེ་རུའི་མདོག་ལྟ་བུར་འཆར་རོ། །ལས་ཀྱི་རིགས་རྣམ་པར་དག་པ་ལས། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཁ་དོག་ཡང་གུའི་སྣམ་བུར་འཆར་བ་དང་། དོན་ཡོད་གྲུབ་པའི་གདངས་རབ་ཏུ་ཡང་བ་ཨིནྡྲ་ནཱི་ལའི་རྣམ་པ་ལྟར་འཆར་བའོ། །དེ་དག་གི་ཕྱི་རིམ་མཐིང་ག་རྡོ་རྗེའི་ར་བས་ཀུན་ནས་བསྐོར་བ་ནི། ཡེ་ཤེས་དེ་དག་ཐ་དད་པ་མ་ཡིན་པར་མཚོན་པའོ། །དེ་ལས་སྣང་བའི་འཕེལ་ནི་འོད་ལྔ་སོ་སོས་གཙོ་བྱས་པའི་ཁ་དོག་ལྔ་ལྔར་གསལ་བ་ནི། རིགས་དང་རིགས་ཀྱི་ཁྱད་པར་ལས་བྱུང་བའོ། །དེ་ནས་ཡེ་ཤེས་ཀྱི་རླུང་རྣམ་པར་དག་པ་ལས་མེ་ལོང་ལྟ་བུ་གྱེན་འགྲེང་དུ་སྣང་བ་ནི། དེ་ལ་བརྟེན་ནས་ཉམས་ཀྱི་འཕེལ་འབྱུང་བའོ། །མཉམ་པ་ཉིད་ཀྱི་རྩིབས་ཤར་དུ་སྣང་བ་ནི། འཁྲུལ་པའི་སྣང་བ་ཟད་དུ་ཉེ་བ་ཉིད་དོ། །དེ་ནས་སོ་སོར་རྟོག་པའི་གྲུ་ཆད་དུ་སྣང་བ་ནི། འབྱུང་བའི་ཕྲ་བ་འགག་པའི་དུས་སོ། །བྱ་བ་གྲུབ་པའི་རེ་ལྡེའི་རྣམ་པ་ཙམ་དུ་སྣང་བ་ནི། ཡེ་ཤེས་ཀྱི་རང་གདངས་སོ་སོར་གསལ་བ་ལས་བྱུང་བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡུལ་གྲུ་ཙམ་དུ་སྣང་བ་ནི་རྟོག་པ་རགས་པ་རྣམས་འགགས་པ་ལས་བྱུང་བའོ། །དེ་དག་གི་ལམ་སྐྱེ་བའི་རིམ་པ་ནི། བརྩོན་འགྲུས་རབ་རྣམས་ལ་བར་དུ་ཞག་ལྔ་ལྔའོ། ། འབྲིང་རྣམས་ལ་ཞག་བདུན་བདུན། ཐ་མ་རྣམས་ཞག་ཉེར་གཅིག་ཉེར་གཅིག་ན་གོང་མའི་སྣང་བ་འགགས་ནས། ཡང་འོག་མའི་སྣང་བ་དེ་དག་ཏུ་རྣམ་པར་སྣང་བའོ། །ཁ་དོག་དང་དབྱིབས་ཀྱི་བར་འདིར་ནི་ཐང་ཅིག་ཏུ་གནས་པ་དག་འབྱུང་ངོ་། །དེ་ནས་དེ་དག་ནུབ་ནས་ཀྱང་ཡེ་ཤེས་ལྔའི་དབྱིབས་ཀྱི་རྣམ་པ་འཆར་ཏེ།མེ་ལོང་ལྟ་བུའི་དབྱིབས་མིག་ཚགས་ཀྱི་རྣམ་པ་དང་འདྲ་བར་འགྱུར་རོ། །དེ་ནི་ཁ་དོག་རབ་ཏུ་སྤེལ་ལེགས་པ་ལས་བྱུང་བའོ། །དེ་ལ་གོམས་པ་ལས་མིག་མངས་རིས་སུ་འཆར་ཏེ། འདི་ནི་སྔོན་དུ་འགྲོ་བ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །དེ་ནས་མཉམ་པ་ཉིད་དྲ་བ་ཕྱེད་པར་འཆར་ཏེ། དེ་ནི་རླུང་གི་སྦྱངས་པ་དག་པ་ལས་བྱུང་བའོ། །དེ་ལས་དྲ་བར་སྣང་བ་ནི་སྔོན་འགྲོ་དག་ཅིང་ཚར་ཆོད་པ་ལས་བྱུང་བའོ། །དེ་ནས་སོ་སོར་རྟོག་པའི་མེ་ཏོག་གི་ཚོམ་བུར་འཆར་བ་ནི། གཟིགས་སྟངས་ལས་«༼༡༽» འགྲུས་པ་ལས་བྱུང་བའོ། །དེ་ལས་པདྨ་སྟོང་ལྡན་དུ་འཆར་བ་ནི་སྔོན་འགྲོ་འབྱོངས་པ་ལས་བྱུང་བའོ། །དེ་ནས་བྱ་བ་གྲུབ་པའི་མཚོན་ཆ་ལྟ་བུར་འཆར་བ་ནི། རང་བཞིན་བཅོས་པ་ལས་བྱུང་བའོ། །དེ་ལས་འཁོར་ལོ་ལ་སོགས་པའི་རྣམ་པ་སྣ་ཚོགས་སུ་སྣང་བ་ནི་སྔོན་འགྲོ་མཐར་ཕྱིན་པ་ལས་བྱུང་བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཁར་ཐབ་ཏུ་འཆར་བ་ནི། རིག་པ་མིག་ནས་དྲངས་པ་ལས་བྱུང་བའོ། །དེ་ལས་ཟ་འོག་གུར་ཁྱིམ་ལྟ་བུ་ནི་སྔོན་འགྲོ་དག་པར་བྱས་པ་ལས་བྱུང་བའོ། །དེ་དག་ཀྱང་བརྩོན་འགྲུས་ཀྱི་ཁྱད་ཀྱིས་ཞག་གསུམ་དང་། བདུན་དང་། བཅུ་བཞི་ན་གཅིག་སྐྱེ་གཅིག་འགག་པའོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། འདི་དག་ནི་སེམས་ཀྱི་སྔོན་འགྲོའི་དུས་ན། རྟོག་པ་ཐ་དད་པར་བསླང་བ་དེ་འགགས་པའི་རྟགས་ཡིན་ནོ། །དེ་ནས་རིག་པ་རང་གི་ངོ་བོའི་སྣང་བ་འཆར་ཏེ། འོད་དེ་དག་ཐིག་ལེར་འཆར་བ་ནི་ལུ་གུ་རྒྱུད་གཅིག་ཏུ་འདུས་པ་ལས་བྱུང་བའོ། །དེ་ནས་ཐིག་ལེ་གཉིས་འབྲེལ་དུ་སྣང་བ་ནི་ཐབས་དང་ཤེས་རབ་རྣམ་པར་དག་པ་ལས་བྱུང་བའོ། །དེ་ནས་ཐིག་ལེ་ལྔ་སྦྲེལ་དུ་སྣང་བ་ནི་ཡེ་ཤེས་ལྔ་ལ་བྱན་ཚུད་པ་ལས་བྱུང་བའོ། །མངོན་སུམ་གྱི་ཐིག་ལེ་དང་འབྲེལ་ལུགས་མི་འདྲ་སྟེ་ཆེ་ཆུང་ཡོད་པའི་ཕྱིར་རོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། ཐལ་འགྱུར་ལས། ཁ་དོག་ལྔ་ཡི་འོད་ཀྱིས་ཀྱང་། །རེ་ལྡེ་ཙམ་ལས་གྲུ་ཆད་སྣང་། །ཡུལ་གྲུ་ཙམ་ལས་མཐོང་ཚད་དོ། །ཞེས་པ་དང་། རང་བྱུང་གི་རྒྱུད་ལས། རང་ངོ་མཐོང་ལས་འདི་ལྟར་རོ། །ཡར་མཚམས་ལས་ནི་སོར་བཞི་ལས། །བྲལ་བའི་སྐྱེས་བུ་སྐལ་བཟང་བ། །འཁོར་བར་འཇུག་པ་ག་ལ་སྲིད། །གྲུ་ཆད་རྣམ་པར་གང་སྣང་བ། །སྤྲུལ་པའི་ཡོན་ཏན་འདིས་འགྲུབ་བོ། ། མཐོང་བའི་ཡུལ་ཙམ་གང་སྣང་བ། །ཚོམ་བུ་ལ་ནི་དེ་བཞིན་ནོ། །ཕྱིར་སྣང་འགགས་པ་གང་ཡིན་པ། །སྐད་ཅིག་མ་ནི་བཅུ་དྲུག་ལ། །འདི་ཡང་དེ་ལྟར་འགྱུར་བའོ། །ཞེས་སོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ལ་སྣང་ཚུལ་སྤྱིར་བསྟན་པ་དང་། རང་བཞིན་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་ཐིག་ལེ་རེ་རེའི་ནང་དུ་སྐུ་ཕྱེད་མ་རེ་རེ་སྣང་བ་ནི་སྤྲུལ་པ་སྐུའི་སྦྱང་བ་རྣམ་པར་དག་པ་ལས་བྱུང་བའོ། །དེ་ནས་སྐུ་རང་རྐྱང་རེ་རེ་སྣང་བ་ནི་སྤྲུལ་སྐུའི་སྣང་བ་ཆོས་ཉིད་མངོན་སུམ་དུ་མ ཐོང་བ་ལས་བྱུང་བའོ། །དེ་ནས་སྐུ་དེ་དག་ཡབ་ཡུམ་ལྔ་ལྔར་གྱུར་པ་ནི་ལོངས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པ་ཉིད་དོ། །དེ་ནས་སོ་སོའི་ཚོམ་བུའི་དཀྱིལ་འཁོར་དང་བཅས་པར་སྣང་བ་ལ། དེ་ཉིད་མུ་ཁྱུད་ཀྱི་ར་བ་དང་སོ་སོའི་གཙོ་འཁོར་དུ་སྣང་བ་ནི། ཆོས་སྐུའི་སྦྱང་བ་རྣམ་པར་དག་པ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །འདི་ནི་རིག་པ་ཚད་ཕེབས་ཀྱི་སྣང་བ་སྟེ། སྔོན་འགྲོའི་དུས་ན་ལུས་ཀྱི་བྱ་བ་དང་ །བྱེད་པ་དེ་དག་གི་འབྲེལ་ཆད་དེ་ཕྱིས་མི་སྐྱེ་བའི་རྟགས་སོ། །དེའང་དག་བྱ་དྲི་མ་རེ་སྦྱོང་བའི་གཉེན་པོ་སྔོན་འགྲོ་ལ་སོགས་པ་གནད་དུ་ཕྱིན་པ་ལས་སྣང་བ་དེ་དག་ཤར་བར་«༼༡༽»བརྟགས་ཀྱང་བྲལ་འབྲས་དང་དག་བྱ་དག་བྱེད་ཀྱི་རྒྱུ་འབྲས་བཏགས་པ་བ་ཡིན་གྱི། དེས་བསྐྱེད་ནས་བྱུང་བ་མ་ཡིན་ཏེ། ཡེ་ཤེས་རང་ཡོད་ཀྱི་གདངས་དྲི་མའི་སྒྲིབ་པ་དག་སྟོབས་ཀྱིས་སྣང་བའི་ཕྱིར་རོ། །ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ནི། །ལོངས་སྐུའི་མཚན་དཔེ་གསལ་བར་ནི། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ལྔ་ཡབ་དང་ཡུམ་དུ་སྣང་། །ཞེས་པ་དང་། བསྟན་བུ་ལས། དེ་བཞིན་སྐུ་ལ་ཐུག་གི་བར། །དྲུག་དང་བཅུ་དང་ལྔ་གསུམ་ལ། །གདོན་མི་ཟ་སྟེ་ལོངས་སྐུའོ། །ཞེས་སོ། །གཉིས་པ་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ། ཚད་ཕེབས་ཀྱི་ངེས་ཚིག་སྤྱིར་བསྟན་པ་དང་། ཚད་གསུམ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི་རིག་པ་ཚད་ཕེབས་ཞེས་པས། རིག་པ་ནི་གཞི་གནས་ཀྱི་རིག་པ་མངོན་དུ་གྱུར་ཏེ། ལམ་སྲོལ་དུ་ཚུད་པ་ལས། གཞི་སྣང་གི་རང་གདངས་ལྷུན་གྲུབ་ཀྱི་འཆར་སྒོ་སྐུར་སྣང་བས། ལམ་སྣང་ཟད་དུ་ཉེ་བ་ལས། དཀྱིལ་འཁོར་རྫོགས་པ་རྣམས་སོ། །ཚད་ནི་དང་པོ་ཕྱེད་སྐུ་ནས་སྐུའི་དཀྱིལ་འཁོར་རྫོགས་པའི་བར་རོ། །ཕེབས་པ་ནི་དེ་ལས་འདའ་ས་མེད་པས་རྣམ་པར་སྣང་བའོ། །དེ་དག་ནི་ཟླ་བ་ཉ་གང་བའི་རྣམ་པ་དང་འདྲ་སྟེ། ཡར་གྱི་འཕེལ་ཟད་པས་དཀྱིལ་འཁོར་རྫོགས་ཏེ་རང་ངོ་ལ་བཅོས་སུ་མེད་པའོ། །གཉིས་པ་ཚད་གསུམ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ཕྱི་སྣང་བའི་ཚད། ནང་ལུས་ཀྱི་ཚད། གསང་བ་རིག་པའི་ཚད་དོ། །དང་པོ་ནི། སྣང་བ་ལ་དབང་བསྒྱུར་ཞིང་ཞིང་ཁམས་འོད་གསལ་དུ་རྫོགས་པ་སྟེ། ཐལ་འགྱུར་ལས། དེ་ལྟར་ཕེབས་ནས་རྫོགས་པའི་ཚད། །ཐད་ཀའི་དངོས་སྣང་འགགས་པ་དང་། །ས་རྡོའི་སྣང་བ་བཞུ་བ་དང་། །རང་ཤེས་ཅི་ལའང་ཚུད་པ་དང་། །དེ་བཙུད་བེམ་པོ་འགུལ་བ་དང་། །རླུང་གི་འགྱུ་བའི་ཚད་ཟིན་དང་། །ལུས་ཀྱི་རྡུལ་ཕྲན་མཐོང་བ་འབྱུང་། །ཅིར་སྣང་གཟུགས་སྐུར་རྫོགས་པ་དང་། །དེ་ལས་ཡབ་ཡུམ་འཁྲིལ་བ་དང་། །ལྔ་ལྔ་ཡབ་དང་ཡུམ་སྦྱོར་དང་། །ཀུན་ཀྱང་མུ་ཁྱུད་ཟླུམ་པོ་ལ། །རྣལ་འབྱོར་ལུས་ཀྱང་འོད་གསལ་ཞིང་། །འགྲོ་དང་འོང་དང་འདུག་པར་སྣང་། ། ཐམས་ཅད་རིག་པ་ཚད་ཕེབས་སོ། །ཞེས་སོ། །གཉིས་པ་ནི། ལུས་ཀྱི་རྡོས་པ་དག་ནས་སྙིང་དབུས་སུ་ཨ་དཀར་པོ་ལས་འོད་ཟེར་ལྔ་སྒྲིལ་མཐོངས་ཁུང་གི་ཉི་ཞུར་ལྟར་བར་སྣང་ལ་འོད་ཀྱི་སྐར་ཁུང་གི་ནང་ཤར་བར་ཟུག་ཅིང་། ཐོར་ཚུགས་ན་ཡེ་ཤེས་ཀྱི་རླུང་གནས་པས་རང་བཞིན་གྱིས་འདེགས་པར་སྣང་ལ། མཛོད་སྤུ་ནས་འོད་ཟེར་སྣ་ལྔ་འདོམ་གང་དུ་གསལ་ཞིང་། ལག་པའི་སོར་མོ་ལྔ་ལ་འོད་ལྔའི་ཕྲེང་བས་འཁྲིགས་ཤིང་། ལུས་ཀྱི་བ་སྤུའི་སྒོ་ལ་སོགས་པ་ཕྱི་ནང་གི་ཆ་རྡུལ་ཕྲན་གྱི་ཁྱོན་ལས་ཆུང་བ་རེའི་གོ་ན་ཞིང་ཁམས་གྲངས་མེད་ན་སངས་རྒྱས་དང་སེམས་ཅན་ཚད་མེད་པ་སྣང་བ་ནི་ལྷུན་གྲུབ་ཀྱི་སྒོ་བརྒྱད་ཤར་བའི་སྣང་བ་ཀུན་འདིར་ལྷག་ཆད་མེད་པར་རང་སྣང་ལ་སྣང་བ་ཡིན་ལ།

= Karma Lekshey Ling =
= Karma Lekshey Ling =
<div style="font-size:90%;color:#54595d">rywikitexts e-text input by Karma Lekshey Ling.</div>

= Derge (sde dge par ma) =
= Derge (sde dge par ma) =
<div style="font-size:90%;color:#54595d">OCR of the BDRC scans (I1CZ5002), gorn05 tibocr 2026: BDRC OCR on 869 pages, Mitra OCR on 389 pages (the model with more recognisable syllables on each page).</div>
<div style="font-size:90%;color:#54595d">OCR of the BDRC scans (I1CZ5002), gorn05 tibocr 2026: BDRC OCR on 869 pages, Mitra OCR on 389 pages (the model with more recognisable syllables on each page).</div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<div style="font-family:sans-serif;font-size:13px;color:#72777d">Volume I1CZ5002</div>

Line 127: Line 127:
= Serthang Larung =
= Serthang Larung =
<div style="font-size:90%;color:#54595d">OCR of the BDRC scans (I3CN4265), gorn05 tibocr 2026: BDRC OCR on 160 pages, Mitra OCR on 364 pages (the model with more recognisable syllables on each page).</div>
<div style="font-size:90%;color:#54595d">OCR of the BDRC scans (I3CN4265), gorn05 tibocr 2026: BDRC OCR on 160 pages, Mitra OCR on 364 pages (the model with more recognisable syllables on each page).</div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<div style="font-family:sans-serif;font-size:13px;color:#72777d">Volume I3CN4265</div>

Line 180: Line 180:
= single volume MW2PD19906 =
= single volume MW2PD19906 =
<div style="font-size:90%;color:#54595d">OCR of the BDRC scans (I2PD19908), gorn05 tibocr 2026: BDRC OCR on 94 pages, Mitra OCR on 434 pages (the model with more recognisable syllables on each page).</div>
<div style="font-size:90%;color:#54595d">OCR of the BDRC scans (I2PD19908), gorn05 tibocr 2026: BDRC OCR on 94 pages, Mitra OCR on 434 pages (the model with more recognisable syllables on each page).</div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<div style="font-family:sans-serif;font-size:13px;color:#72777d">Volume I2PD19908</div>

Line 207: Line 207:
= single volume MW8LS32770 =
= single volume MW8LS32770 =
<div style="font-size:90%;color:#54595d">OCR of the BDRC scans (I8LS32893), gorn05 tibocr 2026: BDRC OCR on 849 pages, Mitra OCR on 523 pages (the model with more recognisable syllables on each page).</div>
<div style="font-size:90%;color:#54595d">OCR of the BDRC scans (I8LS32893), gorn05 tibocr 2026: BDRC OCR on 849 pages, Mitra OCR on 523 pages (the model with more recognisable syllables on each page).</div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<div style="font-family:sans-serif;font-size:13px;color:#72777d">Volume I8LS32893</div>

Line 278: Line 278:
= two volumes MW0TTBBC0034 =
= two volumes MW0TTBBC0034 =
<div style="font-size:90%;color:#54595d">OCR of the BDRC scans (I0TTBBC0034_001, I0TTBBC0034_002), gorn05 tibocr 2026: BDRC OCR on 777 pages, Mitra OCR on 504 pages (the model with more recognisable syllables on each page).</div>
<div style="font-size:90%;color:#54595d">OCR of the BDRC scans (I0TTBBC0034_001, I0TTBBC0034_002), gorn05 tibocr 2026: BDRC OCR on 777 pages, Mitra OCR on 504 pages (the model with more recognisable syllables on each page).</div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<div style="font-family:sans-serif;font-size:13px;color:#72777d">Volume I0TTBBC0034_002</div>

Line 327: Line 327:
= Critical edition =
= Critical edition =
<div style="font-size:90%;color:#54595d">The corrected base text (W22920 e-text, corrected against the W22920 print and the Adzom edition: 3,065 typing errors, September 2026), with the variants of the other editions under each page (289 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Pe cin 2009 (dpe bsdur ma); K = Karma Lekshey Ling; D = Derge (sde dge par ma); L = Serthang Larung; O = single volume MW2PD19906; S = single volume MW8LS32770; T = two volumes MW0TTBBC0034; U = two volumes MW0TTBBC0007. Readings found in only one OCR edition are not listed (OCR noise). ⁁ = addition.</div>
<div style="font-size:90%;color:#54595d">The corrected base text (W22920 e-text, corrected against the W22920 print and the Adzom edition: 3,065 typing errors, September 2026), with the variants of the other editions under each page (289 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Pe cin 2009 (dpe bsdur ma); K = Karma Lekshey Ling; D = Derge (sde dge par ma); L = Serthang Larung; O = single volume MW2PD19906; S = single volume MW8LS32770; T = two volumes MW0TTBBC0034; U = two volumes MW0TTBBC0007. Readings found in only one OCR edition are not listed (OCR noise). ⁁ = addition.</div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<span class="lcp-pg">[p.&nbsp;169]</span> སྨྲ་བ་ཇེ་ཉུང་ཐ་མལ་གྱི་གཏམ་སྨྲ་བ་བཅད་པ་ལ་ཐུན་ཆུང་ངུ་བསླབ། །དེ་ནས་རིང་དུ་བསླབ། སྐབས་སུ་སྨྲ་རྒྱུ་མེད་ཀྱང་གཅིག་པུ་སྨྲའོ། །གནས་པ་ནི་སྔགས་དང་བརྗོད་པ་ལ་སོགས་པ་དགེ་བའི་བརྗོད་པ་མི་དགག །གཞན་དང་ཚིག་འབྲུ་གཅིག་ཀྱང་མི་འདྲེའོ། །འདིའི་དུས་ན་ལུས་ཀྱི་བརྡས་དོན་གོ་བར་བྱེད་པའོ། །ལ་བཟླ་བ་ནི་སྔགས་ལ་སོགས་པ་བརྗོད་པ་ཐམས་ཅད་མི་བྱའོ། །བརྟན་པ་ནི་ཅི་ཡང་མི་བརྗོད་པའི་ངང་ལས་མི་འདའ་བར་བྱེད་པ་སྟེ། ལུས་ཀྱི་བརྡ་ཙམ་ཡང་མི་བྱ་བ་ཡིན་ནོ། །ས་བོན་གྱི་རྒྱུད་ལས། ངག་ནི་ཇི་ལྟར་ལྐུགས་པ་བཞིན། །སུ་དང་བརྡ་ཙམ་ཉིད་མི་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །སེམས་ཀྱི་འཕྲོ་འདུ་རང་ཆོད་དོ། །ཞེས་སོ། །ངག་གི་སྨྲ་བ་བཅད་པས་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་སྟེ། འགྲོ་བ་གཞན་དང་ངག་མ་འདྲེས་པས་ལུས་འབྱོངས་པའི་དགོས་པ་ཡོད། ལུས་འབྱོངས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། མཁའ་སྤྱོད་ཀྱི་མཁའ་འགྲོ་མ་རྣམས་ཀྱི་བྱིན་གྱིས་བརླབས་ནས་ལུས་སྒྱུ་མའི་སྐུར་གྲོལ་བའོ། །དེ་ནས་བརྗོད་བྱ་བཀག་པས་ངག་འབྱོངས་ཏེ་རྟགས་སུ་མི་མ་ཡིན་པ་རྣམས་དང་བརྡ་ཕྲད་ཅིང་གཏམ་ཟེར་བ་དག་འོང༌། ངག་གི་བརྗོད་པ་བཀག་པས་ཡིད་འབྱོངས་ཏེ། དེའི་རྟགས་སུ་སྔོན་དུ་མི་མ་ཡིན་གྱི་གཟུགས་

<div class="lcp-app"><span class="lcp-bo" lang="bo">ལ་ཐུན་ཆུང་<b>ངུ</b>་བསླབ་དེ</span> ] <span class="lcp-bo" lang="bo">དུ</span> <span style="font-family:sans-serif;font-size:90%;color:#54595d">A D T</span> · <span class="lcp-bo" lang="bo">ནི་ཇི་ལྟར་<b>ལྐུགས</b>་པ་བཞིན</span> ] <span class="lcp-bo" lang="bo">ལྐུག</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">རང་ཆོད་དོ་<b>ཞེས</b>་སོ་ངག</span> ] <span class="lcp-bo" lang="bo">ཅེས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">འགྲོ་མ་རྣམས་<b>ཀྱི</b>་བྱིན་གྱིས</span> ] <span class="lcp-bo" lang="bo">ཀྱིས</span> <span style="font-family:sans-serif;font-size:90%;color:#54595d">W K O T</span></div>
<div class="lcp-app"><span class="lcp-bo" lang="bo">ལ་ཐུན་ཆུང་<b>ངུ</b>་བསླབ་དེ</span> ] <span class="lcp-bo" lang="bo">དུ</span> <span style="font-family:sans-serif;font-size:90%;color:#54595d">A D T</span> · <span class="lcp-bo" lang="bo">ནི་ཇི་ལྟར་<b>ལྐུགས</b>་པ་བཞིན</span> ] <span class="lcp-bo" lang="bo">ལྐུག</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">རང་ཆོད་དོ་<b>ཞེས</b>་སོ་ངག</span> ] <span class="lcp-bo" lang="bo">ཅེས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">འགྲོ་མ་རྣམས་<b>ཀྱི</b>་བྱིན་གྱིས</span> ] <span class="lcp-bo" lang="bo">ཀྱིས</span> <span style="font-family:sans-serif;font-size:90%;color:#54595d">W K O T</span></div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<span class="lcp-pg">[p.&nbsp;170]</span> མཐོང་བ་དང༌། དེ་ནས་མངོན་པར་ཤེས་པ་དུམ་བུ་པ་འཆར་རོ། །དེ་ལྟར་ངག་གི་གནད་ཀྱིས་ལུས་སེམས་ཀྱི་མཚམས་ཀྱི་འབྲེལ་གཅོད་པའི་གནད་ཀྱི་གདམས་པའོ། །སེམས་ཀྱི་གནད་དུ་ནམ་མཁའི་མཐོངས་སུ་མིག་ལྟ་བ་ལས་རྟོག་པ་ཅི་ཡང་མ་བསམ་སྟེ། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་སོ། །དེ་ལྟར་གཙོ་བོ་ལུས་ངག་གཉིས་གཅུན་པས་སེམས་ཞོར་ལ་འཆུན་ནས་དབྱིངས་རིག་འཆར་ཞིང་ཁམས་གསུམ་གྱི་འཆིང་བ་གཅོད་དེ། ས་བོན་གྱི་རྒྱུད་ལས། འདི་ལྟར་ལུས་ངག་སུས་གཅུན་པ། །ཆོས་ཀྱི་དབྱིངས་ཀྱི་སྣང་བ་ལ། །འདི་ཡིས་གོམས་པར་འགྱུར་བ་ཡིན། །ཅེས་པ་དང་རྡོ་རྗེ་བཀོད་པ་ལས༌། ལུས་དང་ངག་དང་ཡིད་ཀྱི་གནད། །ཤེས་ཤིང་བསྟུན་པས་འཁོར་ལས་གྲོལ། །ཅེས་སོ། །དོན་གཉིས་པ་གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་ལ་གསུམ་སྟེ། གནད་གསུམ་རྡོ་རྗེའི་ཆིངས་སུ་བསྡམ་པ། མངོན་སུམ་རིག་པའི་རང་ངོ་སྤྲད་པ། དེ་ལས་སྣང་བའི་འཆར་ཚུལ་བསྟན་པའོ། །དང་པོ་ལ་གཉིས་ཏེ། གནད་གསུམ་སྤྱིའི་ཆིངས་བསྟན་པ་དང༌། བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པའོ། །དང་པོ་ནི་སྒོ་དང་ཡུལ་དང་རླུང་རིག་གི་གནད་གསུམ་སྟེ། ཐལ་འགྱུར་ལས། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་

<div class="lcp-app"><span class="lcp-bo" lang="bo">པ་དུམ་བུ་<b>པ</b>་འཆར་རོ</span> ] <span class="lcp-bo" lang="bo">བ</span> <span style="font-family:sans-serif;font-size:90%;color:#54595d">A P D L O T</span> · <span class="lcp-bo" lang="bo">ངག་གི་གནད་<b>ཀྱིས</b>་ལུས་སེམས</span> ] <span class="lcp-bo" lang="bo">ཀྱི</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ལུས་སེམས་ཀྱི་<b>མཚམས</b>་ཀྱི་འབྲེལ</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">པ་ཅི་ཡང་<b>མ</b>་བསམ་སྟེ</span> ] <span class="lcp-bo" lang="bo">མི</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">འཆར་ཞིང་ཁམས་<b>གསུམ</b>་གྱི་འཆིང</span> ] <span class="lcp-bo" lang="bo">སུ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ལྟར་ལུས་ངག་<b>སུས</b>་གཅུན་པ</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ཅེས་པ་དང་<b>རྡོ་རྗེ་བཀོད་པ་ལས</b>་ལུས་དང</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">བརྟེན་ནས་མངོན་<b>སུམ</b>་རང་ཐོག</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">པ་ལ་གསུམ་<b>སྟེ</b>་གནད་གསུམ</span> ] <span class="lcp-bo" lang="bo">ཏེ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">རྗེའི་ཆིངས་སུ་<b>བསྡམ</b>་པ་མངོན</span> ] <span class="lcp-bo" lang="bo">བསྡམས</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">བསྡམ་པ་མངོན་<b>སུམ</b>་རིག་པའི</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">པའི་རང་ངོ་<b>སྤྲད</b>་པ་དེ</span> ] <span class="lcp-bo" lang="bo">སྤྲོད</span> <span style="font-family:sans-serif;font-size:90%;color:#54595d">A P L</span></div>

<span class="lcp-pg">[p.&nbsp;171]</span> དང༌། །རླུང་དང་རིག་པའི་གནད་ཉིད་གཏེམ། །ཞེས་པས། དཔེར་ན་གནད་ལ་ཟིན་པའི་མཚོན་དང་འདྲ་སྟེ། ལུས་ཀྱི་རྩ་རྒྱུས་སམ་དོན་སྙིང་ལ་སོགས་པའི་གནད་ལ་ཕོག་ན་ཅི་བྱས་ཀྱང་མི་འཚོ་བར་འཆི་བ་དང་འདྲ་བར། གནད་གསུམ་གྱིས་ཀྱང་ཆོས་ཉིད་ལ་འགྱུར་བའི་ས་མེད་དེ། སྒོའི་གནད་ཀྱིས་མཐོང་བར་བྱེད། །ཡུལ་གྱི་གནད་ཀྱིས་མི་འགྱུར་བར་བྱེད། རླུང་རིག་གི་གནད་ཀྱིས་རྟགས་ཚད་ལ་འབེབས་པའོ། །དེ་ཡང་སྒོའི་གནད་སོ་པ་དང་འདྲ། །ཡུལ་གྱི་གནད་འགྲོན་པོ་དང་འདྲ། རླུང་རིག་གི་གནད་ཇག་པ་དང་འདྲའོ། །སོས་ཐེབས་པས་འདོད་པའི་མི་འགྱུར་དབང་མེད་པར་ཟིན་ལ། དགྲས་འོངས་པས་ཇག་པའི་ལག་ཏུ་མི་ཚུད་མི་སྲིད་པ་བཞིན་དུ། ཆོས་ཉིད་མངོན་སུམ་གྱི་གནད་ལ་མི་ཐེབས་མི་སྲིད་དོ། །དེ་ཡང་ཡུལ་མེད་ན་རྟེན་སའི་གཞི་མེད་ལ། སྒོ་མེད་ན་འགྲོ་བའི་ལམ་སྟོར། རླུང་རིག་གི་གནད་མེད་ན་ཤེས་རིག་ནང་དུ་མི་ཆོད་པས་གནད་གསུམ་དུ་ངེས་ལ། དེ་ལས་མང་ན་མཐའ་ཡས་པས་གནད་སྟོར་ལ། ཉུང་ན་དོན་མི་འགྲུབ་པས་གསུམ་དུ་ངེས་པའོ། །གཉིས་པ་བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པ་ལ། གནད་གསུམ་སྤྱིའི་རིམ་པ་ངེས་པ་དང༌། སོ་སོའི་གནད་ལ་ཐོག་ཏུ་དབབ་པའོ། །དང་པོ་ནི་ལུས་ངག་སེམས་གསུམ་མི་འགུལ་ཞིང་སྒོ་དང་ཡུལ་དང་

<div class="lcp-app"><span class="lcp-bo" lang="bo">བྱས་ཀྱང་མི་<b>འཚོ</b>་བར་འཆི</span> ] <span class="lcp-bo" lang="bo">འཚོར</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ཚད་ལ་འབེབས་<b>པའོ</b>་དེ་ཡང</span> ] <span class="lcp-bo" lang="bo">པ་འོ</span> <span style="font-family:sans-serif;font-size:90%;color:#54595d">P</span> · <span class="lcp-bo" lang="bo">སྒོའི་གནད་སོ་<b>པ</b>་དང་འདྲ</span> ] <span class="lcp-bo" lang="bo">བ</span> <span style="font-family:sans-serif;font-size:90%;color:#54595d">A S</span> · <span class="lcp-bo" lang="bo">རིག་གི་གནད་<b>ཇག</b>་པ་དང</span> ] <span class="lcp-bo" lang="bo">ཟག</span> <span style="font-family:sans-serif;font-size:90%;color:#54595d">D O</span> · <span class="lcp-bo" lang="bo">ཆོས་ཉིད་མངོན་<b>སུམ</b>་གྱི་གནད</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">གནད་ལ་མི་<b>ཐེབས</b>་མི་སྲིད</span> ] <span class="lcp-bo" lang="bo">ཐེབ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ལ་དེ་ལས་<b>མང</b>་ན་མཐའ</span> ] <span class="lcp-bo" lang="bo">མངས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">གནད་སྟོར་ལ་<b>ཉུང</b>་ན་དོན</span> ] <span class="lcp-bo" lang="bo">ཉུངས</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>

<span class="lcp-pg">[p.&nbsp;172]</span> རླུང་རིག་གཅུན་པ་སྟེ། མཐོང་བ་བརྒྱུད་པའི་ལུང་གིས་ཕྱེ་བ་ནི། རང་བྱུང་རིག་པའི་ཏནྟྲ་ལས། དེ་ལྟར་ལུས་ལ་སོགས་པ་ཡི། །གནད་ཀུན་རབ་ཏུ་གཟིར་བ་ཡིས། །རིག་པ་ཉིད་དང་མངོན་སུམ་དུ། །བླ་མའི་ལུང་ལས་ཤེས་པ་ཡིན། །ཅེས་པ་དང༌། ཐལ་འགྱུར་ལས། དངོས་གཞི་རང་གི་རྒྱུད་བསྟེན་ན། །ལུས་ཀྱི་གནད་དང་ངག་དང་ཡང༌། །སེམས་ཀྱི་གནད་ལ་བརྟེན་པ་ཡིས། །རླུང་ནི་ཅི་ནས་དལ་བྱས་ཏེ། །རབ་ཏུ་འཕང་བ་ལས་བྱུང་བ། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང༌། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཡུལ་ནི་སྒྲིབ་བྱེད་བྲལ་བའོ། །རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །གཉིས་པ་ལ་སྒོ་དང༌། ཡུལ་དང༌། རླུང་རིག་གི་གནད་གསུམ་ལས། དང་པོ་ནི། ཐ་མལ་པའི་ལྟ་ལུགས་ཀྱིས་ཡེ་ཤེས་མི་འཆར་བས། སྐུ་གསུམ་གྱི་གཟིགས་སྟངས་གསུམ་ལ་བསླབ་སྟེ། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་ཀྱི་སྐུ་ཡི་གཟིགས་སྟངས་ཀྱིས། །ཁམས་གསུམ་འཁོར་བ་སྤྱིབས་ནས་འདོན། །ལོངས་སྐུས་སྲིད་པའི་གཞི་མ་འཇིག །སྤྲུལ་སྐུས་སངས་རྒྱས་ཞིང་དུ་སྒྲོལ། །ཅེས་པ་དང༌། ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་ཁམས་སུ་བརྟག །ཅེས་པ་དང༌། གསང་བ་སྒྲ་རྒྱུད་ལས། ཕབ་

<div class="lcp-app"><span class="lcp-bo" lang="bo">སྟེ་མཐོང་བ་<b>བརྒྱུད</b>་པའི་ལུང</span> ] <span class="lcp-bo" lang="bo">བ་རྒྱུད</span> <span style="font-family:sans-serif;font-size:90%;color:#54595d">P</span> · <span class="lcp-bo" lang="bo">སྟེ་མཐོང་བ་<b>བརྒྱུད</b>་པའི་ལུང</span> ] <span class="lcp-bo" lang="bo">རྒྱུད</span> <span style="font-family:sans-serif;font-size:90%;color:#54595d">W K T</span> · <span class="lcp-bo" lang="bo">ཉིད་དང་མངོན་<b>སུམ</b>་དུ་བླ</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཀྱི་གནད་ལ་<b>བརྟེན</b>་པ་ཡིས</span> ] <span class="lcp-bo" lang="bo">རྟེན</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">རབ་ཏུ་འཕང་<b>བ</b>་ལས་བྱུང</span> ] <span class="lcp-bo" lang="bo">པ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">གསུམ་དུ་ཡང་<b>ཟློག</b>་པ་མིན</span> ] <span class="lcp-bo" lang="bo">བཟློག</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">གསུམ་མིག་གིས་<b>བལྟ</b>་ཡུལ་ནི</span> ] <span class="lcp-bo" lang="bo">ལྟ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">བའོ་རླུང་རིག་<b>དལ</b>་བས་ཡེ</span> ] <span class="lcp-bo" lang="bo">ངལ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">གསུམ་གྱི་གཟིགས་<b>སྟངས</b>་གསུམ་ལ</span> ] <span class="lcp-bo" lang="bo">སྟང</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">གསུམ་འཁོར་བ་<b>སྤྱིབས</b>་ནས་འདོན</span> ] <span class="lcp-bo" lang="bo">སྤྱི་བས</span> <span style="font-family:sans-serif;font-size:90%;color:#54595d">A D</span> · <span class="lcp-bo" lang="bo">འཁོར་བ་སྤྱིབས་<b>ནས</b>་འདོན་ལོངས</span> ] <span class="lcp-bo" lang="bo">ན</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">གཞི་མ་འཇིག་<b>སྤྲུལ</b>་སྐུས་སངས</span> ] <span class="lcp-bo" lang="bo">སྤྲུ་ལ</span> <span style="font-family:sans-serif;font-size:90%;color:#54595d">P</span> · <span class="lcp-bo" lang="bo">རྒྱས་ཞིང་དུ་<b>སྒྲོལ</b>་ཅེས་པ</span> ] <span class="lcp-bo" lang="bo">བསྒྲོལ</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>

<span class="lcp-pg">[p.&nbsp;173]</span> དང་ཟློག་དང་ཟུར་གྱིས་ནི། །གཟིགས་སྟངས་རྣམ་པ་གསུམ་དུ་གྲགས། །ཞེས་སོ། །དེའང་སྤྲུལ་སྐུ་ཕབ་ནས་སངས་རྒྱ་བ་ནི་གདུལ་བྱ་ལ་གཟིགས་ལ། ལོངས་སྐུ་ཟུར་ལ་གཟིགས་ནས་སངས་རྒྱ་བ་ནི་ཞིང་ཁམས་ལ་གཟིགས་པ་དང༌། ཆོས་སྐུ་བཟློག་ནས་སངས་རྒྱ་བ་ནི་གཞི་ལ་གཟིགས་པའོ། །རྣལ་འབྱོར་པ་མིག་ཤས་ངན་པས་སྤྲུལ་སྐུའི་གཟིགས་སྟངས་བསྟུན་ན་མིག་མི་འགྲིབ་པའི་དགོས་པ་ཡོད། མིག་ལ་སྐྱོན་ཆགས་པས་ལོངས་སྐུ་དང་བསྟུན་ན་མིག་གསལ་བའི་དགོས་པ་ཡོད། མིག་ཤས་བཟང་བས་ཆོས་སྐུའི་ངང་བསྟུན་ན་མྱུར་དུ་སྣང་བ་ཚད་ལ་ཕེབས་པའི་དགོས་པ་ཡོད་དོ། །དེ་དག་ལས་མ་གཡོས་ན་སྤྱན་གསུམ་ཁོང་དུ་ཆུད་པར་ངེས་ཏེ། ཆོས་སྐུ་ལ་ཆོས་ཉིད་ཀྱི་སྤྱན་ཡོད་པས་གསུང་ལ། དེའི་བྱིན་རླབས་ཀྱིས་ཡེ་ཤེས་དངོས་སུ་མཐོང་བས་འདི་ཉིད་ལ་ཐག་ཆོད། ལོངས་སྐུ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་པས་སྐུ་ལ། དེའི་བྱིན་རླབས་ཀྱིས་རང་གསལ་དུ་མཐོང་བས་མཁྱེན་པ་རྒྱས། སྤྲུལ་སྐུ་ལ་ཤེས་རབ་ཀྱི་སྤྱན་ཡོད་པས་ཐུགས་ལ། དེའི་བྱིན་རླབས་ཀྱིས་སྒྲ་ཚིག་དང་བྲལ་བར་མཐོང་བས་ཐོས་བསམ་སྒོམ་པ་ལ་རག་མ་ལུས་པར་ཆོས་ཉིད་ཀྱི་དོན་ཁོང་ནས་འཆར་རོ། །དེ་ཡང་སྤྱན་གསུམ་དུ་ལྟ་བ་ནི་ཆོས་ཉིད་ཀྱི་སྤྱན་གྱེན་ལ་བཟློག་པས་བག་ཆགས་ཐུར་ལ་སེལ་བའི་གནད། ཡེ་

<div class="lcp-app"><span class="lcp-bo" lang="bo">གསུམ་དུ་གྲགས་<b>ཞེས</b>་སོ་དེའང</span> ] <span class="lcp-bo" lang="bo">ཅེས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">སྐུ་ཕབ་ནས་<b>སངས</b>་རྒྱ་བ</span> ] <span class="lcp-bo" lang="bo">སང</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ལ་ལོངས་སྐུ་<b>⁁</b>་ཟུར་ལ</span> ] <span class="lcp-bo" lang="bo">ལ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ལོངས་སྐུ་ཟུར་<b>ལ</b>་གཟིགས་ནས</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ལ་གཟིགས་ནས་<b>སངས</b>་རྒྱ་བ</span> ] <span class="lcp-bo" lang="bo">སང</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">སྐུ་བཟློག་ནས་<b>སངས</b>་རྒྱ་བ</span> ] <span class="lcp-bo" lang="bo">སང</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">སྤྲུལ་སྐུའི་གཟིགས་<b>སྟངས</b>་བསྟུན་ན</span> ] <span class="lcp-bo" lang="bo">བསྟངས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">མིག་ཤས་བཟང་<b>བས</b>་ཆོས་སྐུའི</span> ] <span class="lcp-bo" lang="bo">པས</span> <span style="font-family:sans-serif;font-size:90%;color:#54595d">A O T</span> · <span class="lcp-bo" lang="bo">བས་ཆོས་སྐུའི་<b>ངང</b>་བསྟུན་ན</span> ] <span class="lcp-bo" lang="bo">དང</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ལ་དེའི་བྱིན་<b>རླབས</b>་ཀྱིས་ཡེ</span> ] <span class="lcp-bo" lang="bo">བརླབས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ལ་དེའི་བྱིན་<b>རླབས</b>་ཀྱིས་རང</span> ] <span class="lcp-bo" lang="bo">བརླབས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">བས་ཐོས་བསམ་<b>སྒོམ</b>་པ་ལ</span> ] <span class="lcp-bo" lang="bo">བསྒོམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ལ་རག་མ་<b>ལུས</b>་པར་ཆོས</span> ] <span class="lcp-bo" lang="bo">ལས</span> <span style="font-family:sans-serif;font-size:90%;color:#54595d">P L</span> · <span class="lcp-bo" lang="bo">པས་བག་ཆགས་<b>ཐུར</b>་ལ་སེལ</span> ] <span class="lcp-bo" lang="bo">མཐུར</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>

<span class="lcp-pg">[p.&nbsp;174]</span> ཤེས་ཀྱི་ཟུར་ལ་མཉམ་པོར་བལྟས་པས་འཁོར་འདས་རོ་མཉམ་དུ་བསྲེ་བའི་གནད། ཤེས་རབ་ཀྱིས་ཕབ་ནས་བལྟས་པས་ཡེ་ཤེས་ཀྱི་སྣང་བ་དངོས་སུ་འབེབས་པའི་གནད་དོ། །གཟིགས་སྟངས་གསུམ་དུ་ངེས་པ་ཅི་ཡིན་ཞེ་ན། ལེ་ལོ་ཅན་ལ་ལོངས་སྐུ། བརྩོན་འགྲུས་ཅན་ལ་སྤྲུལ་སྐུ། བཏང་སྙོམས་ཅན་ལ་ཆོས་སྐུའི་གཟིགས་སྟངས་ཤིས་པས་ན་གསུམ་དུ་ངེས་སོ། །ངེས་ཚིག་ནི་གཟིགས་པ་ཆོས་ཉིད་ལ་གཟིགས་པས་རྣམ་དག་སྒྲིབ་པ་ཟད་པའོ། །སྟངས་ཀྱིས་འཁོར་བ་ལས་གྲོལ་བར་བྱེད་པའོ། །གཉིས་པ་ཡུལ་གྱི་གནད་ནི་ཕྱིའི་དབྱིངས་ཀྱི་ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་ཡིན་ལ། །ནང་གི་དབྱིངས་ཀྱི་ཡུལ་སྨིན་མཚམས་ཀྱི་མཛོད་སྤུ་ལ་གཏད་པས་དབྱིངས་སྣང་མཐིང་ག་དང་དེ་ལས་མཆེད་པ་རྣམ་ལྔའི་རང་གདངས་ཏེ། ཐལ་འགྱུར་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །བག་རྡུལ་ཆར་གྱིས་དེངས་དུས་སུ། །མཁས་པས་མངོན་སུམ་གནད་གཟིར་དང༌། །ནང་གི་སྒྲོན་མ་ལམ་དུ་བྱའོ། །ཞེས་སོ། །དེ་ཡང་ཕྱི་རིག་པ་འཆར་བའི་ཡུལ་ཡིན་ལ། ནང་ཉམས་འཕེལ་བའི་ཡུལ་ཏེ། རིག་པ་དང་ཉམས་གཉིས་སུ་མེད་པ་ལས་འཁོར་འདས་འདྲེས་པ་ཞེས་བྱའོ། །དེའང་ས་ཆུ་མེ་རླུང་གི་དངོས་པོ་རགས་པ་ལ་ཡུལ་དུ་གཏད་

<div class="lcp-app"><span class="lcp-bo" lang="bo">ལ་མཉམ་པོར་<b>བལྟས</b>་པས་འཁོར</span> ] <span class="lcp-bo" lang="bo">ལྟས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">རོ་མཉམ་དུ་<b>བསྲེ</b>་བའི་གནད</span> ] <span class="lcp-bo" lang="bo">སྲེ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཀྱིས་ཕབ་ནས་<b>བལྟས</b>་པས་ཡེ</span> ] <span class="lcp-bo" lang="bo">ལྟས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དུ་ངེས་སོ་<b>ངེས</b>་ཚིག་ནི</span> ] <span class="lcp-bo" lang="bo">དེས</span> <span style="font-family:sans-serif;font-size:90%;color:#54595d">O S</span> · <span class="lcp-bo" lang="bo">ཚིག་ནི་གཟིགས་<b>པ</b>་ཆོས་ཉིད</span> ] <span class="lcp-bo" lang="bo">པས</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">བྲལ་བ་ཡིན་<b>ལ</b>་ནང་གི</span> ] <span class="lcp-bo" lang="bo">ནོ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ཀྱི་ཡུལ་སྨིན་<b>མཚམས</b>་ཀྱི་མཛོད</span> ] <span class="lcp-bo" lang="bo">འཚམས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དབྱིངས་སྣང་མཐིང་<b>ག</b>་དང་དེ</span> ] <span class="lcp-bo" lang="bo">ཁ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཏེ་ཐལ་འགྱུར་<b>ལས</b>་དབྱིངས་ནི</span> ] <span class="lcp-bo" lang="bo">ལ་ས</span> <span style="font-family:sans-serif;font-size:90%;color:#54595d">P</span> · <span class="lcp-bo" lang="bo">དུས་སུ་མཁས་<b>པས</b>་མངོན་སུམ</span> ] <span class="lcp-bo" lang="bo">པ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">མཁས་པས་མངོན་<b>སུམ</b>་གནད་གཟིར</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">W K T</span> · <span class="lcp-bo" lang="bo">ལམ་དུ་བྱའོ་<b>ཞེས</b>་སོ་དེ</span> ] <span class="lcp-bo" lang="bo">ཅེས</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>

<span class="lcp-pg">[p.&nbsp;175]</span> པས་མི་གྲོལ་ཏེ། དང་པོ་སྣང་བ་འཆར་དུ་མི་འདོད། ཕྱིས་ཤར་དུས་གཏད་ཀྱང་དངོས་པོ་རགས་པ་ལྟར་ཤེས་པའང་དེ་དང་མཐུན་པ་སྐྱེ་བས་སྟོང་ཉིད་བསམ་དུ་མེད་པའི་ཉམས་ནང་ནས་མི་འཆར་ལ། ནམ་མཁའ་སྟོང་པ་ལ་རིག་པ་སྟོང་པ་གཏད་པས། ཡུལ་ནམ་མཁའ་དང་མཐུན་པའི་ཉམས་སྟོང་གསལ་འཕྲོ་འདུ་དང་བྲལ་བ་ཕྱལ་ཡས་པ་ཅིག་འཆར་བས། དངོས་པོ་མཚན་མ་དང་བྲལ་བའི་དགོས་པ་ཡོད་དེ། སེམས་སྡེ་ལས། རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། ཞེས་པ་དང༌། སྡུད་པ་ལས། དོན་དེ་གང་ཡིན་ནམ་མཁའ་དག་ལ་བརྟག་པར་གྱིས། །ཞེས་པ་དང༌། ཡུམ་བར་མ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི། ནམ་མཁའ་རྣལ་འབྱོར་དུ་བྱེད་པའོ་ཞེས་པ་ལ་སོགས་པ་ལུང་དཔག་ཏུ་མེད་དོ། །དེའང་ཡུལ་ཕྱི་ནང་འདྲེས་པ་ལས་མཉམ་པ་རིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་གཉིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་འདྲེས་པས་འཁོར་འདས་རོ་མཉམ་གྱི་ལྟ་བ་ཞེས་བྱའོ། །འདི་ཉིད་བསྟན་བུ་ལས་ཀྱང༌། དབྱིངས་དང་རིག་པའི་ལྟ་སྟངས་ནི། །སྒྲིབ་བྱེད་བྲལ་བའི་ནམ་མཁའ་ལྟར། །ཅེས་གསུངས་སོ། །གསུམ་པ་རླུང་རིག་གི་གནད་ནི། ཡུལ་དང་སྒོ་གཉིས་འཛོམ་དུས་རླུང་དལ་བ་བསྟེན་པས་རིག་པ་བཙོན་དུ་གཟུང་བ་ཞེས་བྱ་སྟེ། དེའང་རླུང་

<div class="lcp-app"><span class="lcp-bo" lang="bo">ཕྱིས་ཤར་དུས་<b>གཏད</b>་ཀྱང་དངོས</span> ] <span class="lcp-bo" lang="bo">གཏན</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">དངོས་པོ་མཚན་<b>མ</b>་དང་བྲལ</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">བྱ་ལམ་གནས་<b>ཞེས</b>་པ་དང</span> ] <span class="lcp-bo" lang="bo">ཅེས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཞེས་པ་དང་<b>སྡུད</b>་པ་ལས</span> ] <span class="lcp-bo" lang="bo">བསྡུད</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དེ་གང་ཡིན་<b>ནམ</b>་མཁའ་དག</span> ] <span class="lcp-bo" lang="bo">མན</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">བརྟག་པར་གྱིས་<b>ཞེས</b>་པ་དང</span> ] <span class="lcp-bo" lang="bo">ཅེས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དུ་བྱེད་པའོ་<b>ཞེས</b>་པ་ལ</span> ] <span class="lcp-bo" lang="bo">ཅེས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཏུ་མེད་དོ་<b>དེའང</b>་ཡུལ་ཕྱི</span> ] <span class="lcp-bo" lang="bo">དེ་འང</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">པས་འཁོར་འདས་<b>རོ</b>་མཉམ་གྱི</span> ] <span class="lcp-bo" lang="bo">ངོ</span> <span style="font-family:sans-serif;font-size:90%;color:#54595d">D O T</span> · <span class="lcp-bo" lang="bo">འདས་རོ་མཉམ་<b>གྱི</b>་ལྟ་བ</span> ] <span class="lcp-bo" lang="bo">ཀྱི</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ལྟ་སྟངས་ནི་<b>སྒྲིབ</b>་བྱེད་བྲལ</span> ] <span class="lcp-bo" lang="bo">སྒྲི་བ</span> <span style="font-family:sans-serif;font-size:90%;color:#54595d">P</span> · <span class="lcp-bo" lang="bo">བྲལ་བའི་ནམ་<b>མཁའ</b>་ལྟར་ཅེས</span> ] <span class="lcp-bo" lang="bo">མཁར</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">འཛོམ་དུས་རླུང་<b>དལ</b>་བ་བསྟེན</span> ] <span class="lcp-bo" lang="bo">ངལ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">པ་བཙོན་དུ་<b>གཟུང</b>་བ་ཞེས</span> ] <span class="lcp-bo" lang="bo">བཟུང</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>

<span class="lcp-pg">[p.&nbsp;176]</span> ཅི་ནས་ཀྱང་དལ་བ་ལ་ཕྱིར་རྒྱང་རིང་པོ་འཕེན་ཞིང་ཕྱིར་བཟུང་ལ་གཞག་པ་གནད་ཡིན་ནོ། །དེ་ཡང་རླུང་དལ་བས། ཕྱིར་རྣལ་འབྱོར་པའི་ཚེ་རྒྱས་པའི་གྲོགས་སུ་འགྲོ་ལ། ནང་དུ་རྣམ་པར་རྟོག་པ་ནུབ་པའི་རྐྱེན་བྱེད་ཅིང༌། གསང་བར་རིག་པ་མངོན་སུམ་དུ་མཐོང་བའི་ལས་བྱེད། ཁོ་ན་ཉིད་དུ་ཟག་བཅས་མི་སྣང་བར་སངས་རྒྱ་བར་བྱེད་པའོ། །དེ་སྐད་དུའང་ཐལ་འགྱུར་ལས། རླུང་ནི་ཅི་ནས་དལ་བྱ་སྟེ། །རབ་ཏུ་འཕང་བ་ལས་བྱུང་བས། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང༌། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །རིག་པའི་གནད་ལུ་གུ་རྒྱུད་དབྱིངས་ཀྱི་ར་བར་བཞག་ནས་མི་འགུལ་བར་བྱེད་པ་སྟེ། དེ་ཉིད་ལས། རང་ངོ་རིག་པ་ལུ་གུ་རྒྱུད། །འགྲོ་འོང་བྲལ་བས་མཁའ་ལ་བཟུང༌། །ཞེས་པ་དང༌། བསྟན་བུ་ལས། དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །རྣམ་པར་གཞག་ཅིང་འབྲལ་མི་བྱ། །ཞེས་སོ། །དེའང་རླུང་དལ་བ་བསྟེན་པས་བྱ་བ་དང་བྲལ་བའི་དོན་རྒྱུད་ལ་སྐྱེ། རིག་པ་ལུ་གུ་རྒྱུད་ཨར་ལ་གཏད་པས་རྣམ་པར་རྟོག་པའི་ཁུངས་ཟད་ནས།

<div class="lcp-app"><span class="lcp-bo" lang="bo">ཅི་ནས་ཀྱང་<b>དལ</b>་བ་ལ</span> ] <span class="lcp-bo" lang="bo">ངལ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">འཕེན་ཞིང་ཕྱིར་<b>བཟུང</b>་ལ་གཞག</span> ] <span class="lcp-bo" lang="bo">གཟུང</span> <span style="font-family:sans-serif;font-size:90%;color:#54595d">A O T</span> · <span class="lcp-bo" lang="bo">ཕྱིར་བཟུང་ལ་<b>གཞག</b>་པ་གནད</span> ] <span class="lcp-bo" lang="bo">བཞག</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དེ་ཡང་རླུང་<b>⁁</b>་དལ་བས</span> ] <span class="lcp-bo" lang="bo">དང</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">དེ་ཡང་རླུང་<b>དལ</b>་བས་ཕྱིར</span> ] <span class="lcp-bo" lang="bo">ངལ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དུ་རྣམ་པར་<b>རྟོག</b>་པ་ནུབ</span> ] <span class="lcp-bo" lang="bo">རྟོགས</span> <span style="font-family:sans-serif;font-size:90%;color:#54595d">P L</span> · <span class="lcp-bo" lang="bo">བྱེད་ཅིང་གསང་<b>བར</b>་རིག་པ</span> ] <span class="lcp-bo" lang="bo">པར</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">རིག་པ་མངོན་<b>སུམ</b>་དུ་མཐོང</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">མི་སྣང་བར་<b>སངས</b>་རྒྱ་བར</span> ] <span class="lcp-bo" lang="bo">སང</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">གསུམ་དུ་ཡང་<b>ཟློག</b>་པ་མིན</span> ] <span class="lcp-bo" lang="bo">བཟློག</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">མཁའ་ལ་བཟུང་<b>ཞེས</b>་པ་དང</span> ] <span class="lcp-bo" lang="bo">ཅེས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">རྒྱུད་རྣམ་པར་<b>གཞག</b>་ཅིང་འབྲལ</span> ] <span class="lcp-bo" lang="bo">བཞག</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">འབྲལ་མི་བྱ་<b>ཞེས</b>་སོ་དེའང</span> ] <span class="lcp-bo" lang="bo">ཅེས</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>

<span class="lcp-pg">[p.&nbsp;177]</span> འཁྲུལ་པ་གཞི་ལ་ལོག་སྟེ་ཡེ་ཤེས་མ་བུ་ཕྲད་པའོ། །རིག་པ་རླུང་དང་བྲལ་ནས་འགྲོ་འོང་དུ་མེད་པ་ནི་རིག་པ་ལ་རང་བྱན་ཚུད་པའོ། །དེ་ཡང་ཁྲིད་དུ་བྱེད་ན་ལུས་ཀྱི་གནད་བསྟུན་པ་ལ་ཉི་མ་ལྔ་དྲུག་ཏུ་བྱའོ། །དེ་ནས་སྒོ་སྤྱད་པ་ལ་དེ་ཙམ་ཅིག་ཏུ་བྱའོ། །དེ་ནས་ཡུལ་བཙལ་བ་ལ་ཉི་མ་དྲུག་ནས་བདུན་བྱས་ལ། དེ་ནས་མངོན་སུམ་རང་ཐོག་ཏུ་ཕབ་ནས་ཉམས་སུ་ལེན་པའོ། །དེས་ནི་ཤིན་ཏུ་འབྱོངས་ཤིང་སྒོམ་ཤེས་པ་འབྱུང་ངོ༌། །གཞན་དུ་འལ་མ་འོལ་བྱས་པས་སྣང་བ་ར་རི་ཅིག་མཐོང་ནས། ཡིད་ཆེས་མེད་པར་ཁྲིད་ཐོན་དུས་ཅི་ལ་ཟེར་ཆ་མེད་པར་པྲ་ཡས་པ་དག་འབྱུང་ཉེ་བས་དེ་ལྟར་མ་སོང་བ་དག་ཏུ་བྱའོ། །དེ་ལ་སྤྱིར་གྱིས་ཁྲིད་མོ་ཆེ་འདི་འདེབས་དུས་སྔོན་འགྲོ་ཚད་ལ་ཕེབས་པ་བརྩོན་འགྲུས་དང་བཅས་པས་སྦྱངས་པས་དངོས་གཞི་ལ་ཡིད་ཆེས་ཐུན་མོང་མ་ཡིན་པ་སྐྱེའོ། །དངོས་གཞི་ཐེབས་པར་བཏབ་པས་མངོན་སུམ་ལ་སྤྲོ་དགའ་ཁྱད་པར་ཅན་འབྱུང་ངོ༌། །རྗེས་རྒྱབ་ཆོས་མཐའ་ཆོད་པར་བཤད་པས་ཉམས་ལེན་བསྐྱང་ཐུབ་པ་ཤེས་ནས་ཐེ་ཚོམ་དང་རྟོག་མཐའ་ཆོད་དེ་ཆོས་གཞན་ལ་ཡིད་མི་སྨོན་པའི་དགོས་པ་ཡོད་དོ། །གཉིས་པ་མངོན་སུམ་རིག་པའི་རང་ངོ་སྤྲད་པ་ནི། རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ནམ་མཁའ་ལ་ལྡིང་བ་ལྟ་བུ་དབྱིངས་འོད་གསལ་གྱི་སྣང་བ་དང་

<div class="lcp-app"><span class="lcp-bo" lang="bo">ལ་རང་བྱན་<b>ཚུད</b>་པའོ་དེ</span> ] <span class="lcp-bo" lang="bo">ཆུད</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">མ་ལྔ་དྲུག་<b>ཏུ</b>་བྱའོ་དེ</span> ] <span class="lcp-bo" lang="bo">དུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དེ་ནས་མངོན་<b>སུམ</b>་རང་ཐོག</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཏུ་འབྱོངས་ཤིང་<b>སྒོམ</b>་ཤེས་པ</span> ] <span class="lcp-bo" lang="bo">བསྒོམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཏུ་འབྱོངས་ཤིང་<b>སྒོམ</b>་ཤེས་པ</span> ] <span class="lcp-bo" lang="bo">སྒཽམ</span> <span style="font-family:sans-serif;font-size:90%;color:#54595d">P</span> · <span class="lcp-bo" lang="bo">བྱས་པས་སྣང་<b>བ་ར</b>་རི་ཅིག</span> ] <span class="lcp-bo" lang="bo">བར</span> <span style="font-family:sans-serif;font-size:90%;color:#54595d">A D T</span> · <span class="lcp-bo" lang="bo">ཉེ་བས་དེ་<b>ལྟར</b>་མ་སོང</span> ] <span class="lcp-bo" lang="bo">ལྟ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">བཏབ་པས་མངོན་<b>སུམ</b>་ལ་སྤྲོ</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">འབྱུང་ངོ་རྗེས་<b>རྒྱབ</b>་ཆོས་མཐའ</span> ] <span class="lcp-bo" lang="bo">རྒྱ་བ</span> <span style="font-family:sans-serif;font-size:90%;color:#54595d">P</span> · <span class="lcp-bo" lang="bo">ཐུབ་པ་ཤེས་<b>ནས</b>་ཐེ་ཚོམ</span> ] <span class="lcp-bo" lang="bo">ན</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">གཉིས་པ་མངོན་<b>སུམ</b>་རིག་པའི</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">རིག་པ་རྡོ་<b>རྗེ</b>་ལུ་གུ</span> ] <span class="lcp-bo" lang="bo">རྗེའི</span> <span style="font-family:sans-serif;font-size:90%;color:#54595d">W K</span></div>

<span class="lcp-pg">[p.&nbsp;178]</span> བཅས་པ་འདི་མ་འཁྲུལ་པའི་སངས་རྒྱས་ཀ་དག་ལྷུན་གྲུབ་ཀྱི་རང་གདངས་ཏེ། ངང་ལ་བལྟས་པས་རྟོག་བྱེད་ཐམས་ཅད་དག་ནས་སྤྲོས་བྲལ་ནམ་མཁའ་འདྲ་བའི་གདངས་ནང་དུ་ཤར་བས། དབྱིངས་རིག་གཉིས་སུ་མེད་པའི་དགོངས་པ་ཤེས་རབ་རང་བྱུང་གི་ཡེ་ཤེས་དང་ཞལ་མཇལ། ཐོག་མའི་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ། འདི་ལ་གོམས་པ་ཚད་དུ་ཕྱིན་ན་རྡོས་བཅས་འོད་དུ་འགྲོ་ལ། མ་ཕྱིན་ཡང་བར་དོའམ་རང་བཞིན་སྤྲུལ་པའི་ཞིང་བགྲོད། འགྲོ་དྲུག་འཁྲུལ་པའི་གཡང་ས་ཆོད་པའོ། །ཞེས་ངོ་སྤྲད་དེ། རང་བྱུང་བསྟན་པའི་བཙས་ལས། འདི་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང༌། །སྐལ་བ་ཉིད་ནི་མཉམ་པའོ། །ཞེས་པ་དང༌། ཐལ་འགྱུར་ལས། ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ཡི་སངས་རྒྱས་སོ། །ཞེས་སོ། །གསུམ་པ་དེ་ལས་སྣང་བའི་འཆར་ཚུལ་བསྟན་པ་ནི། །དབྱིངས་འོད་ལྔའི་རང་གདངས་ལང་ལིང་དུ་སྣང་བ་དང༌། ལུ་གུ་རྒྱུད་ལ་ཐིག་ལེ་ཕྲ་མོས་འབྲེལ་བ་དང༌། ཐོག་མར་དཀར་ཟང་ཟིང་སྐར་མ་འཕྲོ་བ་ལྟ་བུ་ལས། ཐིག་ལེ་ཁ་དོག་ལྔ་ལྡན་དང༌། །རེ་རེ་བ་དང༌། སུམ་སྦྲེལ་གྱི་བར་གྱི་སྣང་བ་ཚུན་ཆད་དེ། སྔ་མ་ལས། དེ་ནས་ཐིག་ལེ་མཐོང་བ་ཡིན། །ཅེས་སོ། །དེའང་ཕྱི་འོད་གསལ་

<div class="lcp-app"><span class="lcp-bo" lang="bo">འདི་མ་འཁྲུལ་<b>པའི</b>་སངས་རྒྱས</span> ] <span class="lcp-bo" lang="bo">བའི</span> <span style="font-family:sans-serif;font-size:90%;color:#54595d">D O T</span> · <span class="lcp-bo" lang="bo">ཏེ་ངང་ལ་<b>བལྟས</b>་པས་རྟོག</span> ] <span class="lcp-bo" lang="bo">ལྟས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">པ་ཤེས་རབ་<b>རང</b>་བྱུང་གི</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">པོ་དང་སྐལ་<b>བ</b>་མཉམ་འདི</span> ] <span class="lcp-bo" lang="bo">པ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">བཅས་འོད་དུ་<b>འགྲོ་ལ</b>་མ་ཕྱིན</span> ] <span class="lcp-bo" lang="bo">འགྲོལ་བ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ཕྱིན་ཡང་བར་<b>དོའམ</b>་རང་བཞིན</span> ] <span class="lcp-bo" lang="bo">དོ་འམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">སྤྲུལ་པའི་ཞིང་<b>བགྲོད</b>་འགྲོ་དྲུག</span> ] <span class="lcp-bo" lang="bo">བསྒྲོད</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">སུ་ཡིས་མཐོང་<b>བའི</b>་མི་ཐོག</span> ] <span class="lcp-bo" lang="bo">པའི</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཐོག་མའི་ཀུན་<b>ཏུ</b>་བཟང་པོ</span> ] <span class="lcp-bo" lang="bo">དུ</span> <span style="font-family:sans-serif;font-size:90%;color:#54595d">D O T</span> · <span class="lcp-bo" lang="bo">ནི་མཉམ་པའོ་<b>ཞེས</b>་པ་དང</span> ] <span class="lcp-bo" lang="bo">ཅེས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">སངས་རྒྱས་སོ་<b>ཞེས</b>་སོ་གསུམ</span> ] <span class="lcp-bo" lang="bo">ཅེས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ལིང་དུ་སྣང་<b>བ</b>་དང་ལུ</span> ] <span class="lcp-bo" lang="bo">པ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཕྲ་མོས་འབྲེལ་<b>བ</b>་དང་ཐོག</span> ] <span class="lcp-bo" lang="bo">པ</span> <span style="font-family:sans-serif;font-size:90%;color:#54595d">D O</span> · <span class="lcp-bo" lang="bo">མཐོང་བ་ཡིན་<b>⁁</b>་ཅེས་སོ</span> ] <span class="lcp-bo" lang="bo">ནོ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ཅེས་སོ་དེའང་<b>ཕྱི</b>་འོད་གསལ</span> ] <span class="lcp-bo" lang="bo">ཕྱིའི</span> <span style="font-family:sans-serif;font-size:90%;color:#54595d">W K</span></div>

<span class="lcp-pg">[p.&nbsp;179]</span> ལ་བལྟས་པས་ནང་རྣམ་རྟོག་བྲལ་ཏེ་རིས་མེད་མཉམ་པར་གྲོལ་བ་ནི ཀ་དག་གི་རིག་གདངས་དང༌། ལྷུན་གྲུབ་ཀྱི་འོད་གདངས་གཉིས་ཕྱི་ནང་ཟུང་དུ་འབྲེལ་བས། དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་ཞེས་བྱའོ། །གསུམ་པ་སྣང་བ་བཞི་འཆར་བའི་རིམ་པ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ་དང༌། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། སྣང་བ་བཞི་ཀའི་དུས་སུ་ལུས་བཞུགས་སྟངས་ལ་གནས་པ། མིག་གཟིགས་སྟངས་ལ་ལྟ་བ། རླུང་རིག་ངང་གིས་དལ་བ་གསུམ་གནད་མཐུན་ལ། ཁྱད་པར་སྣང་བ་དང་པོ་གཉིས་སུ་སྦྱངས་པས་ཕྱི་མ་གཉིས་སུ་རྩོལ་བ་ལ་མ་ལྟོས་པར་ངང་གིས་འབྱོངས་ནས། འོད་གསལ་དུ་གྲོལ་བ་ཡིན་པས་ན་དབྱིངས་རིག་གཉིས་སུ་མེད་པ་ཞེས་བྱའོ། །འདི་དག་གི་གནད་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་མི་འབྲལ་བར་བྱ་བ་ནི་གནད་དུ་བྱུང་ལ། དེའི་དོན་བཤད་ན། རིག་པ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མི་ཕྱེད་པ་གཞི་གནས་དང་དེའི་གདངས་འོད་རྩ་དངས་པའི་སྣང་བ་ལས་གསེར་གྱི་སྐུད་པ་ལྟ་བུ་བྲེང་ཆགས་ལ་འཁྱོག་མཚམས་ཐིག་ལེས་སྦྲེལ་བ་ལ་བྱའོ། །རྡོ་རྗེ་ནི་སངས་རྒྱས་སེམས་ཅན་ཀུན་ལ་ངོ་བོ་བཟང་ངན་མེད་པར་མཉམ་ཞིང་མི་འགྱུར་བར་གནས་པའི་ཆ་ནས་བཞག་ལ། ལུ་ནི་དཔེར་ན་ཆུའི་ལུ་མ་བཟང་པོ་ལས་ཆུ་འཕེལ་

<div class="lcp-app"><span class="lcp-bo" lang="bo">འོད་གསལ་ལ་<b>བལྟས</b>་པས་ནང</span> ] <span class="lcp-bo" lang="bo">ལྟས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">བ་རླུང་རིག་<b>ངང</b>་གིས་དལ</span> ] <span class="lcp-bo" lang="bo">དང</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">གདངས་འོད་རྩ་<b>དངས</b>་པའི་སྣང</span> ] <span class="lcp-bo" lang="bo">དྭངས</span> <span style="font-family:sans-serif;font-size:90%;color:#54595d">A P L</span> · <span class="lcp-bo" lang="bo">ཆགས་ལ་འཁྱོག་<b>མཚམས</b>་ཐིག་ལེས</span> ] <span class="lcp-bo" lang="bo">འཚམས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཞིང་མི་འགྱུར་<b>བར</b>་གནས་པའི</span> ] <span class="lcp-bo" lang="bo">བ</span> <span style="font-family:sans-serif;font-size:90%;color:#54595d">W K</span></div>

<span class="lcp-pg">[p.&nbsp;180]</span> འགྲིབ་མེད་པར་འབྱུང་བ་དང་འདྲ་བར། སྐུ་དང་ཡེ་ཤེས་ཀྱི་འཕེལ་སྒོ་སྣ་ཚོགས་སུ་ལམ་སྣང་མ་རྫོགས་ཀྱི་བར་ལ་དེ་ལས་འཆར་བར་བྱེད་པའོ། །གུ་ནི་དེ་ཉིད་ཀྱི་ནང་དུ་ཆོས་ཉིད་ཕྱིན་ཅི་མ་ལོག་པའི་ལྟ་བ་དང་སྒོམ་པ་འགུགས་པར་བྱེད་ལ། རྒྱུད་ནི་འཁོར་འདས་ལ་ཁྱབ་ཅིང་སྣང་བ་དེའི་ཚོགས་རྣམས་ལས། སྐུ་དང༌། ཐིག་ལེ་འཕྲོ་བ་དང༌། མཆེད་པ་དང༌། འདུ་བ་ལ་སོགས་པ་གསལ་བར་བྱེད་པའོ། །ཐལ་འགྱུར་ལས། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །དེ་ལས་སྣང་བ་བཞིར་འགྱུར་ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་བསྣུབས། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད། །ཅེས་སོ། །དེའང་སྣང་བ་བཞིར་གྲངས་ངེས་པ་ནི་ཕྱིར་ནམ་ཟླ་དུས་བཞིའི་འཕེལ་ཟད་པ་དང༌། ནང་དུ་ལུས་ངག་ཡིད་སེམས་བཞིའི་བཅིངས་པ་ལས་དགྲོལ་བ་དང༌། གསང་བར་དབང་བཞིའི་ངེས་པ་སྟོན་པ་དང༌། དེ་ཁོ་ན་ཉིད་དུ་སྒྲོན་མ་བཞིའི་སྣང་བ་ངེས་པ་ལ་ལྟོས་ནས་བཞིར་ངེས་སོ། །གོ་རིམས་ངེས་པ་ནི། དང་པོའི་གཞི་ཆོས་ཉིད་མངོན་སུམ་མ་མཐོང་ན་ལྷག་མ་

<div class="lcp-app"><span class="lcp-bo" lang="bo">ལྟ་བ་དང་<b>སྒོམ</b>་པ་འགུགས</span> ] <span class="lcp-bo" lang="bo">བསྒོམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཆོས་ཉིད་མངོན་<b>སུམ</b>་སྣང་བ</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ངེས་སོ་གོ་<b>རིམས</b>་ངེས་པ</span> ] <span class="lcp-bo" lang="bo">རིམ</span> <span style="font-family:sans-serif;font-size:90%;color:#54595d">P L</span> · <span class="lcp-bo" lang="bo">ཆོས་ཉིད་མངོན་<b>སུམ</b>་མ་མཐོང</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>
<div class="lcp-app"><span class="lcp-bo" lang="bo">ལྟ་བ་དང་<b>སྒོམ</b>་པ་འགུགས</span> ] <span class="lcp-bo" lang="bo">བསྒོམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཆོས་ཉིད་མངོན་<b>སུམ</b>་སྣང་བ</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ངེས་སོ་གོ་<b>རིམས</b>་ངེས་པ</span> ] <span class="lcp-bo" lang="bo">རིམ</span> <span style="font-family:sans-serif;font-size:90%;color:#54595d">P L</span> · <span class="lcp-bo" lang="bo">ཆོས་ཉིད་མངོན་<b>སུམ</b>་མ་མཐོང</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<span class="lcp-pg">[p.&nbsp;181]</span> གསུམ་གྱི་འཆར་གཞི་མེད་པས་རྟེན་དང་བརྟེན་པའི་གཞིར་དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་འཆར་བའོ། །དེ་ཉིད་ཤར་བས་ཆོས་ཐམས་ཅད་ཀྱི་དོན་མཐོང་བས་རང་བྱུང་གི་ཡེ་ཤེས་རང་ལས་རྙེད་པ་ཞེས་བྱའོ། །དེ་ནས་མངོན་པ་དེ་ཉམས་སུ་མ་མྱོང་ན་ཚིག་ཙམ་ལ་འབྲས་བུ་མི་འབྱུང་བ་ལས། དོན་ཉམས་སུ་མྱོང་བས་དེའི་ཉམས་གོང་འཕེལ་དུ་བྱུང་བའོ། །དེ་ལྟར་ཉམས་སྐྱེས་པའི་ཚད་བརྟན་པར་བྱེད་དགོས་ཏེ། མ་བརྟན་ན་ཉམས་ལ་ཐུག་པ་མེད་པས་ཆོས་ལ་ཟིན་པ་མེད་ཅིང༌། སངས་ལ་རྒྱ་རྒྱུ་མི་འབྱུང་བ་ལས། ཉམས་བརྟན་པའི་ཚད་ལ་ཕེབས་པས། རིག་པ་ཚད་ཕེབས་ཀྱི་སྣང་བ་བྱུང་བའོ། །རིག་པའི་སྣང་བ་ཚད་ལ་ཕེབས་ཀྱང་དེ་ལས་གཞན་དུ་མི་འགྱུར་ན་སྐུ་གསུམ་འབྲས་བུར་འདོད་པ་དང་ཁྱད་མེད་ལ། དངོས་སྣང་མཚན་མའི་ཆོས་ལ་དོན་གྱི་འབྲས་བུ་རེ་བ་ཐུན་མོང་བ་རྣམས་དང་ཁྱད་མེད་པ་ལས། སྣང་ཉམས་གཞི་ལ་ཐིམ་སྟེ། ཕྲ་རགས་ཀྱི་སྣང་འཛིན་ནུབ་ནས། ཀ་དག་ཆོས་ཟད་ལ་སྤྱོད་པས་ཆོས་ཉིད་ཟད་པའི་སྣང་བ་བྱུང་བའོ། །དེ་དག་ཀྱང་དང་པོ་གཉིས་སྤྲུལ་སྐུ། ཚད་ཕེབས་ལོངས་སྐུ། ཟད་པ་ཆོས་སྐུའི་སྣང་བ་ལམ་དུ་བྱས་པས་སྐུ་གསུམ་ལམ་སྣང་དུ་ཤར་བས་འབྲས་བུ་ཆོས་ཟད་ཀ་དག་གི་དབྱིངས་ལ་ཐུག་པའི་ཕྱིར། རང་སྣང་གི་རྩལ་སྐུ་གསུམ་རིག་པའི་ངང་

<div class="lcp-app"><span class="lcp-bo" lang="bo">ཆོས་ཉིད་མངོན་<b>སུམ</b>་གྱི་སྣང</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">པ་མེད་ཅིང་<b>སངས</b>་ལ་རྒྱ</span> ] <span class="lcp-bo" lang="bo">སང</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">སྣང་བ་བྱུང་<b>བའོ</b>་རིག་པའི</span> ] <span class="lcp-bo" lang="bo">པའོ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">བ་ཐུན་མོང་<b>བ</b>་རྣམས་དང</span> ] <span class="lcp-bo" lang="bo">པ</span> <span style="font-family:sans-serif;font-size:90%;color:#54595d">A O</span></div>
<div class="lcp-app"><span class="lcp-bo" lang="bo">ཆོས་ཉིད་མངོན་<b>སུམ</b>་གྱི་སྣང</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">པ་མེད་ཅིང་<b>སངས</b>་ལ་རྒྱ</span> ] <span class="lcp-bo" lang="bo">སང</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">སྣང་བ་བྱུང་<b>བའོ</b>་རིག་པའི</span> ] <span class="lcp-bo" lang="bo">པའོ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">བ་ཐུན་མོང་<b>བ</b>་རྣམས་དང</span> ] <span class="lcp-bo" lang="bo">པ</span> <span style="font-family:sans-serif;font-size:90%;color:#54595d">A O</span></div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<span class="lcp-pg">[p.&nbsp;182]</span> དུ་ཐིམ་པས། རིག་པ་ཀ་དག་གི་འབྲས་བུ། རིག་པའི་དབྱིངས་ནས་གདོད་ཀྱིས་རང་རྩལ་སྐུ་གསུམ་ཤར་བས་དོན་བྱེད་པ་ཞེས་བྱ་སྟེ། ཐེག་་པ་གཞན་ནས་མིང་ཡང་མི་གྲག་པའི་སྙིང་པོ། ཐེག་པ་རྒྱལ་པོའི་དགོངས་པ་ཞེས་བྱའོ། །གནད་འདི་རྟོགས་དཀའ་བ་ཅིག་ཡིན་ནོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་བཞི་སྟེ། ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་ཕེབས། ཆོས་ཉིད་ཟད་པའི་སྣང་བ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། མངོན་སུམ་སྤྱིའི་འབྲེལ་དགོད་པ་དང༌། རང་གི་མཚན་ཉིད་ངོས་གཟུང་བའོ། །དང་པོ་ནི་སྤྱིར་མངོན་སུམ་ལ་ཀུན་རྫོབ་ཐ་སྙད་ལ་གྲགས་པའི་མངོན་སུམ་དང༌། དོན་དམ་དབྱིངས་ལ་མཇལ་བའི་མངོན་སུམ་གཉིས་ལས། དང་པོ་ལ་དབང་པོའི་མངོན་སུམ་གཟུགས་སོགས་ཡུལ་ལྔ་སྣང་བའི་རང་བཞིན་དང༌། ཡིད་ཀྱི་མངོན་སུམ་ཡུལ་ཉེ་བར་སྤྱོད་པ་རྒྱུ་མཚན་ངེས་པའི་རྟོག་ཡུལ་ན་སྣང་བ་དང༌། རང་རིག་པའི་མངོན་སུམ་ནང་དུ་བདེ་སྡུག་ལ་སོགས་མྱོང་བ་ངེས་པའི་སྣང་བ་དང༌། རྣལ་འབྱོར་གྱི་མངོན་སུམ་ཆོས་ཉིད་ཀྱི་དོན་ཉེ་བར་མཇལ་བ་དེ་ཁོ་ན་ཉིད་ཀྱི་ཕྱོགས་ལ་ཞུགས་པའི་སོ་སོ་ཡང་དག་པའི་རིག་པ་དང་དེའི་སྣང་ཡུལ་གཉིས་སུ་མེད་པའི་ངང་ན་གཟུང་འཛིན་དང་བྲལ་བར་མྱོང་བའི་ངེས་པ་སྟེ། རྣམ་འགྲེལ་ལས།

<div class="lcp-app"><span class="lcp-bo" lang="bo">པ་ཞེས་བྱའོ་<b>གནད</b>་འདི་རྟོགས</span> ] <span class="lcp-bo" lang="bo">གནང</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཆོས་ཉིད་མངོན་<b>སུམ</b>་ཉམས་གོང</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">གཉིས་ཏེ་མངོན་<b>སུམ</b>་སྤྱིའི་འབྲེལ</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">མཚན་ཉིད་ངོས་<b>གཟུང</b>་བའོ་དང</span> ] <span class="lcp-bo" lang="bo">བཟུང</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ནི་སྤྱིར་མངོན་<b>སུམ</b>་ལ་ཀུན</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">གྲགས་པའི་མངོན་<b>སུམ</b>་དང་དོན</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དམ་དབྱིངས་ལ་<b>མཇལ</b>་བའི་མངོན</span> ] <span class="lcp-bo" lang="bo">འཇལ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">མཇལ་བའི་མངོན་<b>སུམ</b>་གཉིས་ལས</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དབང་པོའི་མངོན་<b>སུམ</b>་གཟུགས་སོགས</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཡིད་ཀྱི་མངོན་<b>སུམ</b>་ཡུལ་ཉེ</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">རིག་པའི་མངོན་<b>སུམ</b>་ནང་དུ</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ལ་སོགས་མྱོང་<b>བ</b>་ངེས་པའི</span> ] <span class="lcp-bo" lang="bo">པ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">སོགས་མྱོང་བ་<b>ངེས</b>་པའི་སྣང</span> ] <span class="lcp-bo" lang="bo">ཅེས</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">འབྱོར་གྱི་མངོན་<b>སུམ</b>་ཆོས་ཉིད</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">གྱི་མངོན་སུམ་<b>ཆོས</b>་ཉིད་ཀྱི</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">དོན་ཉེ་བར་<b>མཇལ</b>་བ་དེ</span> ] <span class="lcp-bo" lang="bo">འཇལ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ལ་ཞུགས་པའི་<b>སོ་སོ</b>་ཡང་དག</span> ] <span class="lcp-bo" lang="bo">སོས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">བྲལ་བར་མྱོང་<b>བའི</b>་ངེས་པ</span> ] <span class="lcp-bo" lang="bo">པའི</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>

<span class="lcp-pg">[p.&nbsp;183]</span> ཐམས་ཅད་ལས་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །གནས་ནའང་མིག་གིས་གཟུགས་དག་ནི། །མཐོང་བའི་བློ་དེ་དབང་སྐྱེས་ཡིན། །ཅེས་བཤད་པ་བཞིན་ནོ། །དོན་དམ་དབྱིངས་ལ་མཇལ་བའི་མངོན་སུམ་ནི་རིག་པའི་ངོ་བོ་ཆོས་ཉིད་སྙིང་ག་ན་ཡོད་པར་ངེས་ཏེ། དེའི་རང་གདངས་སྙིང་ནས་མིག་ཏུ་འབྲེལ་བའི་ཕྱིར་ཉི་མ་དང་འོད་ཟེར་བཞིན་རྒྱུ་འབྲས་ངེས་པའི་གཏན་ཚིགས་ཀྱིས་ཡིད་ཆེས་པར་མཇལ་བའོ། །དེའི་ཕྱིར་འཇིག་རྟེན་པ་དང་འདས་པ་གཉིས་ལས་འདི་ནི་འདས་པའི་མངོན་སུམ་མོ། །འདས་པ་ལ་བརྗོད་བྱ་ཤེས་པ་གཙོ་བ་སེམས་ཀྱི་རྒྱུ་མཚན་ངེས་པ་དང༌། གནད་གཏེམས་པ་མཐོང་བ་གཙོ་བ་རིག་པའི་མངོན་སུམ་གཉིས་ལས། འདི་རིག་པའི་མངོན་སུམ་ཞེས་བྱ་བ་ཡིན་ནོ། །གཉིས་པ་རང་གི་མཚན་ཉིད་ངོས་གཟུང་བ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་པ་ལ། ཆོས་ཉིད་ཀྱི་སྒྲ་ཉེ་བར་སྦྱར་བ་ལ་བཞི་ལས། འཁོར་བ་ལ་ཆོས། མྱང་འདས་ལ་ཆོས་ཉིད་ཅེས་པའི་འདི་ཆོས་ཉིད་དོ། །སྣང་བ་ལ་ཆོས། སྟོང་པ་ལ་ཆོས་ཉིད་དུ་བརྗོད་པའི་འདི་ཆོས་ཉིད་དོ། །གནད་མེད་པས་མི་གྲོལ་བ་ལ་ཆོས། ཡོད་པས་གྲོལ་ངེས་པ་ལ་ཆོས་ཉིད་དུ་གྲགས་པའི་འདི་ཆོས་ཉིད་དོ། །དབྱིངས་ལ་ཆོས། རིག་པ་ལ་ཆོས་ཉིད་དུ་གྲགས་པའི་གཉིས་ཀ་དབྱེར་མེད་དུ་

<div class="lcp-app"><span class="lcp-bo" lang="bo">དམ་དབྱིངས་ལ་<b>མཇལ</b>་བའི་མངོན</span> ] <span class="lcp-bo" lang="bo">འཇལ</span> <span style="font-family:sans-serif;font-size:90%;color:#54595d">W K O T</span> · <span class="lcp-bo" lang="bo">མཇལ་བའི་མངོན་<b>སུམ</b>་ནི་རིག</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཆོས་ཉིད་སྙིང་<b>ག</b>་ན་ཡོད</span> ] <span class="lcp-bo" lang="bo">ཁ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">སྙིང་ནས་མིག་<b>ཏུ</b>་འབྲེལ་བའི</span> ] <span class="lcp-bo" lang="bo">དུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">རྒྱུ་འབྲས་ངེས་<b>པའི</b>་གཏན་ཚིགས</span> ] <span class="lcp-bo" lang="bo">པ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ཡིད་ཆེས་པར་<b>མཇལ</b>་བའོ་དེའི</span> ] <span class="lcp-bo" lang="bo">འཇལ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">འདས་པའི་མངོན་<b>སུམ</b>་མོ་འདས</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">རིག་པའི་མངོན་<b>སུམ</b>་གཉིས་ལས</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">རིག་པའི་མངོན་<b>སུམ</b>་ཞེས་བྱ</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">མཚན་ཉིད་ངོས་<b>གཟུང</b>་བ་ནི</span> ] <span class="lcp-bo" lang="bo">བཟུང</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཆོས་ཉིད་མངོན་<b>སུམ</b>་གྱི་སྣང</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཆོས་མྱང་འདས་<b>ལ</b>་ཆོས་ཉིད</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">པས་གྲོལ་ངེས་<b>པ་ལ</b>་ཆོས་ཉིད</span> ] <span class="lcp-bo" lang="bo">པས</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">དུ་གྲགས་པའི་<b>⁁</b>་གཉིས་ཀ</span> ] <span class="lcp-bo" lang="bo">འདི</span> <span style="font-family:sans-serif;font-size:90%;color:#54595d">A P D L O</span></div>

<span class="lcp-pg">[p.&nbsp;184]</span> འདོད་པའོ། །མངོན་པ་ནི་དབང་པོའི་སྤྱོད་ཡུལ་ལ་དངོས་སུ་བལྟར་ཡོད་པའོ། །དེའང་ཡིད་དཔྱོད་ལ་མ་ལྟོས་པ་སྟེ། ཡིད་དཔྱོད་ཀྱི་ཤེས་རབ་ཀྱིས་གང་དུ་བཙལ་ཡང་རྙེད་པའི་དུས་མེད་དོ། །ཚོལ་མཁན་མིག་ཅན་མ་ཡིན། འོད་གསལ་གཟུགས་ཅན་མ་ཡིན་པའི་ཕྱིར་ཏེ། སྡུད་པ་ལས། ཤེས་རབ་ཀྱིས་ནི་བརྟགས་ན་ཕུང་པོའི་གཏིང་མི་རྙེད། །ཅེས་སོ། །འོད་གསལ་གྱི་སྣང་བ་འདི་ཐ་སྙད་ལ་གྲགས་པའི་གཟུགས་ཅན་མ་ཡིན་ཏེ། ཕྲ་བ་རྡུལ་ཕྲན་དང་རགས་པ་དངོས་པོ་རང་མཚན་དུ་འདི་མེད་པའི་ཕྱིར་འབྱུང་བཞིའི་གནོད་པས་གཞིག་ཅིང་གཞོམ་དུ་མི་རུང་བའི་ཕྱིར་རོ། །གཟུགས་ཅན་ནི་གཞིག་ཅིང་གཞོམ་རུང་དུ་ཡོད་དེ་གཟུགས་ཀྱི་མཚན་ཉིད་དེ་ཡིན་པའི་ཕྱིར་རོ། །གསུམ་ནི་རྣམ་གྲངས་ཏེ་ཕྱིར་ལུས་ངག་ཡིད་གསུམ་གྱི་གནད་གསུམ་གྱིས་གཞི་བཅའ་བ། ནང་དུ་ཆོས་ཉིད་ཡུལ་གྱི་གནད། །འཆར་བྱེད་སྒོའི་གནད། རླུང་རིག་གནས་པའི་གནད་གསུམ་གྱིས་ལམ་བསལ་བ་དང༌། གསང་བར་གོམས་པ་ཚད་ཀྱི་རིམ་པ། སྨིན་པ་རྟགས་ཀྱི་རིམ་པ། མཐར་ཐུག་ཟད་པའི་རིམ་པ་དང་གསུམ་གྱིས་ཚད་གཟུང་བ་དང༌། བླ་ན་མེད་པར་སྣང་བ་འོད། །སྨིན་པ་ཐིག་ལེ། །རྫོགས་པ་སྐུ་དང་གསུམ་གྱིས་འབྲས་བུ་རྫོགས་པའི་ཕྱིར། གསུམ་ཚན་བཞིར་ངེས་པས་གསུམ་ཞེས་བྱའོ། །ཡང་ན་

<div class="lcp-app"><span class="lcp-bo" lang="bo">པོའི་སྤྱོད་ཡུལ་<b>ལ</b>་དངོས་སུ</span> ] <span class="lcp-bo" lang="bo">པ</span> <span style="font-family:sans-serif;font-size:90%;color:#54595d">A P D L</span> · <span class="lcp-bo" lang="bo">ལ་དངོས་སུ་<b>བལྟར</b>་ཡོད་པའོ</span> ] <span class="lcp-bo" lang="bo">ལྟར</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">བལྟར་ཡོད་པའོ་<b>དེའང</b>་ཡིད་དཔྱོད</span> ] <span class="lcp-bo" lang="bo">དེ་འང</span> <span style="font-family:sans-serif;font-size:90%;color:#54595d">A T</span> · <span class="lcp-bo" lang="bo">པའི་ཕྱིར་ཏེ་<b>སྡུད</b>་པ་ལས</span> ] <span class="lcp-bo" lang="bo">བསྡུད</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཅན་མ་ཡིན་<b>ཏེ</b>་ཕྲ་བ</span> ] <span class="lcp-bo" lang="bo">ཏཻ</span> <span style="font-family:sans-serif;font-size:90%;color:#54595d">P</span> · <span class="lcp-bo" lang="bo">དུ་མི་རུང་<b>བའི</b>་ཕྱིར་རོ</span> ] <span class="lcp-bo" lang="bo">བ་འི</span> <span style="font-family:sans-serif;font-size:90%;color:#54595d">P</span> · <span class="lcp-bo" lang="bo">ཕྱིར་ལུས་ངག་<b>ཡིད</b>་གསུམ་གྱི</span> ] <span class="lcp-bo" lang="bo">ཡི</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">སྒོའི་གནད་རླུང་<b>རིག</b>་གནས་པའི</span> ] <span class="lcp-bo" lang="bo">གི</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">གསུམ་གྱིས་ཚད་<b>གཟུང</b>་བ་དང</span> ] <span class="lcp-bo" lang="bo">བཟུང</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">མེད་པར་སྣང་<b>བ་འོད</b>་སྨིན་པ</span> ] <span class="lcp-bo" lang="bo">བའོ</span> <span style="font-family:sans-serif;font-size:90%;color:#54595d">W K</span></div>

<span class="lcp-pg">[p.&nbsp;185]</span> ཆོས་ཉིད་ལ་སྐུ་གསུམ་ལྷུན་གྲུབ་ཏུ་ཡོད་པའི་རང་གདངས་སྣང་བ་གསུམ་ཕྱིར་ཤར་བའི་གྲངས། ཆོས་སྐུའི་རང་གདངས་ནང་མྱོང་བ་རིག་སྟོང༌། ལོངས་སྐུའི་རང་གདངས་འོད་ལྔ་ཕྱིར་གསལ་བ་ཡེ་ཤེས་རང་གསལ། སྤྲུལ་སྐུའི་རང་གདངས་ཤར་གྲོལ་རིས་མེད་ཤེས་རབ་ཀྱི་རྩལ་དང་བཅས་པ་གསུམ་ལ་ལྟོས་ནས་གསུམ་ཞེས་བྱའོ། །དེའང་གཞི་གསུམ་གྱིས་གཞི་བཅས་པས་དངོས་པོ་ལ་ཐ་དད་མེད་པའི་གནད་དང༌། ལམ་གསུམ་གྱིས་གེགས་བསལ་བས་འགྲོ་ལམ་ལ་ཉེ་རིང་མེད་པ་དང༌། ཚད་གསུམ་གྱིས་ཚད་ལ་ཕབ་པས་འདྲ་མིན་དང་ཆལ་ཆོལ་མེད་པ་དང༌། འབྲས་བུ་གསུམ་གྱིས་ཟད་སར་བསྐྱལ་བས་ཡིན་མིན་དང་ཐེ་ཚོམ་མེད་པས་ན་མངོན་སུམ་ཞེས་བྱ་སྟེ། ཐ་མལ་པའི་དུས་ན་དགའ་མི་དགའ་བཏང་སྙོམ་གསུམ་མཐོང་བས་བདེ་སྡུག་བར་མ་གསུམ་འཆར་བ། བླ་མའི་གདམས་པ་ཉམས་སུ་བླང་བའི་དུས་ན་དབྱིངས་རིག་ཆོས་གསུམ་མངོན་པར་མཐོང་བས་སོ། །ཆོས་ཉིད་མངོན་སུམ་ལ་ཡིད་དཔྱོད་ཚིག་གིས་སྒྲོ་གདགས་སུ་མེད་པའི་གནད། གོམས་པའི་དུས་ན་འོད་ཐིག་ལེ་སྐུ་གསུམ་མཐོང་བས་འཁྲུལ་བའི་སྣང་བ་རང་འགགས་པའི་གནད། ཚད་དུ་ཕྱིན་པའི་དུས་ན་གསལ་བ་སྟོང་པ་བདེ་བ་གསུམ་མངོན་པར་མཐོང་བས། ཆོས་ཉིད་རང་ཟད་པའི་གནད་དོ། །དེ་ལྟར་

<div class="lcp-app"><span class="lcp-bo" lang="bo">ལམ་གསུམ་གྱིས་<b>གེགས</b>་བསལ་བས</span> ] <span class="lcp-bo" lang="bo">གགས</span> <span style="font-family:sans-serif;font-size:90%;color:#54595d">A D T</span> · <span class="lcp-bo" lang="bo">མིན་དང་ཆལ་<b>ཆོལ</b>་མེད་པ</span> ] <span class="lcp-bo" lang="bo">ཚོལ</span> <span style="font-family:sans-serif;font-size:90%;color:#54595d">A O</span> · <span class="lcp-bo" lang="bo">གྱིས་ཟད་སར་<b>བསྐྱལ</b>་བས་ཡིན</span> ] <span class="lcp-bo" lang="bo">སྐྱལ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">པས་ན་མངོན་<b>སུམ</b>་ཞེས་བྱ</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">མི་དགའ་བཏང་<b>སྙོམ</b>་གསུམ་མཐོང</span> ] <span class="lcp-bo" lang="bo">སྙོམས</span> <span style="font-family:sans-serif;font-size:90%;color:#54595d">A P D L O T</span> · <span class="lcp-bo" lang="bo">མངོན་པར་མཐོང་<b>བས་སོ</b>་ཆོས་ཉིད</span> ] <span class="lcp-bo" lang="bo">པས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཆོས་ཉིད་མངོན་<b>སུམ</b>་ལ་ཡིད</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཡིད་དཔྱོད་ཚིག་<b>གིས</b>་སྒྲོ་གདགས</span> ] <span class="lcp-bo" lang="bo">གི</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">མཐོང་བས་འཁྲུལ་<b>བའི</b>་སྣང་བ</span> ] <span class="lcp-bo" lang="bo">པའི</span> <span style="font-family:sans-serif;font-size:90%;color:#54595d">A P D L O S T</span> · <span class="lcp-bo" lang="bo">ཚད་དུ་ཕྱིན་<b>པའི</b>་དུས་ན</span> ] <span class="lcp-bo" lang="bo">པས</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">མངོན་པར་མཐོང་<b>བས</b>་ཆོས་ཉིད</span> ] <span class="lcp-bo" lang="bo">པས</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>

<span class="lcp-pg">[p.&nbsp;186]</span> ན་གསུམ་ཞེས་གྲངས་ཀྱི་གནས་གཞན་ལ་བརྟེན་ནས་འབྲས་བུ་ཅིག་ཅར་དུ་གྲོལ་བར་ངེས་པའོ། །སྣང་བ་ནི་གང་སྣང་ན་ཆོས་ཉིད་སྣང་ལ། ཡུལ་གང་ལ་སྣང་ན་དབྱིངས་ལ་སྣང༌། ཚུལ་ཇི་ལྟར་སྣང་ན་འོད་དང་འོད་ཁྱིམ་རིག་པ་ལུ་གུ་རྒྱུད་དང་བཅས་པ་སྣང༌། །སྣང་བ་དེ་ཉམས་སུ་བླངས་པ་ལས་འབྲས་བུ་རྡོས་བཅས་མི་སྣང་བར་སངས་རྒྱ་བའོ། །དེ་ལྟར་ཆོས་ཉིད་མངོན་སུམ་གྱི་སྣང་བའི་ངོ་བོ་དབྱིངས་རིག་འོད་གསལ་དུ་སྣང་བ་སྟེ། ཡི་གེ་མེད་པ་ལས། སྐྱེ་བ་མེད་པའི་མངོན་སུམ་སངས་རྒྱས་ཀྱིས། །ཡུལ་མེད་རྣམ་པར་དག་པའི་སྣང་བ་མཐོང༌། །ཞེས་པ་དང༌། སྒྱུ་འཕྲུལ་ལས། ནོར་བུ་རིན་ཆེན་འདོད་ཆགས་དཔལ། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཞེས་སོ། །ངེས་ཚིག་ནི་སྐུ་གསུམ་གྱི་སྣང་བ་མཐོང་བ་སྟེ། རིན་པོ་ཆེ་རྣམ་པར་བརྩེགས་པའི་རྒྱུད་ལས། མངོན་ཞེས་བྱ་བ་མཐོང་བ་ལ། །གསུམ་ཞེས་བྱ་བ་སྐུ་གསུམ་གྱི། །ཞིང་ཁམས་གཏན་ལ་ཕེབས་པའོ། །ཞེས་སོ། །དགོས་པ་ནི་གནད་འདིས་གོལ་སྒྲིབ་མེད་པར་གྲོལ་ཏེ། དེ་ཉིད་ལས། ཆོས་ཉིད་མངོན་སུམ་གནད་མེད་ན། །མིག་མེད་གཡང་ཁར་ཕྱིན་པ་འདྲ། །ཞེས་སོ། །གནད་ནི་ཐལ་འགྱུར་ལས། རྒྱང་ཞགས་འགུལ་བ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཅེས་པ་དང༌། ཡི་གེ་མེད་

<div class="lcp-app"><span class="lcp-bo" lang="bo">གནས་གཞན་ལ་<b>བརྟེན</b>་ནས་འབྲས</span> ] <span class="lcp-bo" lang="bo">རྟེན</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ནས་འབྲས་བུ་<b>ཅིག་ཅར</b>་དུ་གྲོལ</span> ] <span class="lcp-bo" lang="bo">གཅིག་ཆར</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ནི་གང་སྣང་<b>ན</b>་ཆོས་ཉིད</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">སངས་རྒྱ་བའོ་<b>དེ</b>་ལྟར་ཆོས</span> ] <span class="lcp-bo" lang="bo">ད</span> <span style="font-family:sans-serif;font-size:90%;color:#54595d">D S</span> · <span class="lcp-bo" lang="bo">ཆོས་ཉིད་མངོན་<b>སུམ</b>་གྱི་སྣང</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">རིག་འོད་གསལ་<b>དུ</b>་སྣང་བ</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">མེད་པའི་མངོན་<b>སུམ</b>་སངས་རྒྱས</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">སྣང་བ་མཐོང་<b>ཞེས</b>་པ་དང</span> ] <span class="lcp-bo" lang="bo">ཅེས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">བུ་རིན་ཆེན་<b>འདོད</b>་ཆགས་དཔལ</span> ] <span class="lcp-bo" lang="bo">འོད</span> <span style="font-family:sans-serif;font-size:90%;color:#54595d">P L O S T</span> · <span class="lcp-bo" lang="bo">ཀུན་གྱི་མངོན་<b>སུམ</b>་པ་ཞེས</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">མངོན་སུམ་པ་<b>ཞེས</b>་སོ་ངེས</span> ] <span class="lcp-bo" lang="bo">ཅེས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">པ་ཞེས་སོ་<b>ངེས</b>་ཚིག་ནི</span> ] <span class="lcp-bo" lang="bo">དེས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ལ་ཕེབས་པའོ་<b>ཞེས</b>་སོ་དགོས</span> ] <span class="lcp-bo" lang="bo">ཅེས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཆོས་ཉིད་མངོན་<b>སུམ</b>་གནད་མེད</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཕྱིན་པ་འདྲ་<b>ཞེས</b>་སོ་གནད</span> ] <span class="lcp-bo" lang="bo">ཅེས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">གནད་ནི་ཐལ་<b>འགྱུར</b>་ལས་རྒྱང</span> ] <span class="lcp-bo" lang="bo">གྱུར</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">གསུམ་དང་སྦྱར་<b>ཅེས</b>་པ་དང</span> ] <span class="lcp-bo" lang="bo">ཞེས</span> <span style="font-family:sans-serif;font-size:90%;color:#54595d">P L</span></div>

<span class="lcp-pg">[p.&nbsp;187]</span> པ་ལས། མིག་ནི་རབ་ཏུ་གནན་བྱ་སྟེ། །མིག་ཟུར་ཉིད་ལས་དབྱིངས་འབྱུང་བས། །མིག་ནི་ནམ་མཁའི་ཁམས་སུ་བརྟག །ཅེས་སོ། །སྣང་བ་ནི། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ལས་ངེས་འཐོན་ཏེ། །སྤྲིན་མེད་པ་ཡི་མཁའ་ལ་གསལ། །ཅེས་པ་དང༌། གཞན་ཡང་རྩ་དང་འཁྲུལ་འཁོར་གྱིས། །རང་བཞིན་གནས་པའི་ཡེ་ཤེས་ལྔ། །ཆུ་བུར་མིག་གིས་མཐོང་བའོ། །ཞེས་པ་དང༌། རང་ཤར་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འགྲོ་དང་འོང་བ་དང༌། །འགུལ་བ་དང་ནི་འཕྲིག་པའོ། །ཞེས་པ་དང༌། སེང་གེ་རྩལ་རྫོགས་ལས། །རང་སྣང་རིག་པའི་དངོས་པོ་དེ། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །ཞེས་པ་དང༌། ནོར་བུ་འཕྲ་བཀོད་ལས། རྒྱང་ཞགས་ཆུའི་སྒྲོན་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ཡོངས་སུ་གསལ་ལོ་ཞེས་སོ། །ཉམས་སུ་བླང་ལུགས་ནི་དང་པོ་ཐུན་ཆུང་ལ་གྲངས་མང་དུ་བྱ། གཉིས་པ་ལ་ཐུན་བསྐྱེད་ཅིང་ཡུན་བསྲིང༌། །གསུམ་པ་ལ་ཉིན་མཚན་མེད་པར་ཉམས་སུ་བླང་ཞིང༌། དབྱིངས་ཀྱི་ར་བར་རིག་པ་བཅུག་པ་ལས་མི་འགུལ་བར་བྱེད་དེ། སྒྲོན་མ་འབར་བ་ལས། དབྱིངས་ཀྱིས་རིག་པའི་རང་ཡུལ་བྱེད། །རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད། །འདི་ཉིད་ནང་དུ་གཞག་

<div class="lcp-app"><span class="lcp-bo" lang="bo">ནི་རབ་ཏུ་<b>གནན</b>་བྱ་སྟེ</span> ] <span class="lcp-bo" lang="bo">མནན</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཆོས་ཉིད་མངོན་<b>སུམ</b>་སྣང་བ</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཡང་རྩ་དང་<b>འཁྲུལ</b>་འཁོར་གྱིས</span> ] <span class="lcp-bo" lang="bo">འཕྲུལ</span> <span style="font-family:sans-serif;font-size:90%;color:#54595d">P L</span> · <span class="lcp-bo" lang="bo">གིས་མཐོང་བའོ་<b>ཞེས</b>་པ་དང</span> ] <span class="lcp-bo" lang="bo">ཅེས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ནི་འཕྲིག་པའོ་<b>ཞེས</b>་པ་དང</span> ] <span class="lcp-bo" lang="bo">ཅེས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དེ་ཡེ་ཤེས་<b>⁁</b>་ལུ་གུ</span> ] <span class="lcp-bo" lang="bo">གུ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ཡེ་ཤེས་ལུ་<b>གུ</b>་རྒྱུད་དུ</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">རྒྱུད་དུ་གནས་<b>ཞེས</b>་པ་དང</span> ] <span class="lcp-bo" lang="bo">ཅེས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">བཀོད་ལས་རྒྱང་<b>ཞགས</b>་ཆུའི་སྒྲོན</span> ] <span class="lcp-bo" lang="bo">ཞག</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">སུ་གསལ་ལོ་<b>ཞེས</b>་སོ་ཉམས</span> ] <span class="lcp-bo" lang="bo">ཅེས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">པར་ཉམས་སུ་<b>བླང</b>་ཞིང་དབྱིངས</span> ] <span class="lcp-bo" lang="bo">བླངས</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ཉིད་ནང་དུ་<b>གཞག</b>་པར་བྱ</span> ] <span class="lcp-bo" lang="bo">བཞག</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>

<span class="lcp-pg">[p.&nbsp;188]</span> པར་བྱ། །ཞེས་སོ། །འབྲས་བུ་ནི། །ཕྱིའི་དབྱིངས་སྣང་ལ་མིག་མི་འགུལ་བའི་རང་དུས་ན། ནང་དུ་རིག་པ་གཞི་ལ་གནས་པས་གདངས་རང་ཐིམ་ལ་འཁོར་ནས། གློ་བའི་རླུང་གི་རྟ་དང་བྲལ་བས། ཡེ་ཤེས་ཀྱི་ནམ་མཁའ་དབྱིངས་ཀྱི་ནམ་མཁའ་ལ་ཐིམ་ནས་ངོ་མཉམ་རིས་མེད་དུ་གྲོལ་བས། ཀ་དག་གི་རིག་པ་དབྱིངས་ལས་མ་གཡོས་པར་སྙིང་ག་ན་ངང་གིས་འོད་གསལ་བའི་དགོངས་པ་ལ་རང་བཞིན་གྱིས་གནས་ཏེ། རྣལ་འབྱོར་པ་དེ་ཆོས་ཉིད་གདོད་མའི་འོད་གསལ་ཟིན་པ་ཞེས་བྱ་བས་འཁོར་བ་མིང་མེད་དུ་སྟོངས་ནས་སྲིད་གསུམ་གདར་ཤ་ཆོད་པ་ཡིན་ཏེ། ཐལ་འགྱུར་ལས། དེས་ནི་ཆོས་ཉིད་མངོན་སུམ་གནད། །མཐོང་བ་ཙམ་གྱིས་ཤེས་པ་དང༌། །དེ་ཤེས་པ་ཡིས་རྟོགས་པ་དང༌། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །གྲོལ་ཞེས་བཀྲོལ་བ་མ་ཡིན་ཏེ། །ནམ་མཁའ་དག་ནི་ནམ་མཁའ་ལ། །ཐིམ་ནས་རང་བཞིན་དམིགས་མེད་པས། །རིས་མེད་ཆ་ཤས་ཡོད་མ་ཡིན། །མངོན་སུམ་རྙེད་པའི་སྐལ་ལྡན་ལ། །ཁམས་གསུམ་འཁོར་བ་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །ཞེས་སོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ལ་གཉིས་ལས། །མདོར་བསྟན་པ་ནི། དབྱིངས་རིག་ལ་གོང་ནས་གོང་དུ་སྦྱངས་པས། ཕྱིར་དབྱིངས་སྣང་དུ་རིག་པ་ལུ་གུ་

<div class="lcp-app"><span class="lcp-bo" lang="bo">གཞག་པར་བྱ་<b>ཞེས</b>་སོ་འབྲས</span> ] <span class="lcp-bo" lang="bo">ཅེས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">རིག་པ་དབྱིངས་<b>ལས</b>་མ་གཡོས</span> ] <span class="lcp-bo" lang="bo">ལ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">གཡོས་པར་སྙིང་<b>ག</b>་ན་ངང</span> ] <span class="lcp-bo" lang="bo">ཁ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">སྙིང་ག་ན་<b>ངང</b>་གིས་འོད</span> ] <span class="lcp-bo" lang="bo">རང</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དེ་ཆོས་ཉིད་<b>གདོད</b>་མའི་འོད</span> ] <span class="lcp-bo" lang="bo">གདོང</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཆོས་ཉིད་མངོན་<b>སུམ</b>་གནད་མཐོང</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">མ་ཡིན་མངོན་<b>སུམ</b>་རྙེད་པའི</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">པའི་སྐལ་ལྡན་<b>ལ</b>་ཁམས་གསུམ</span> ] <span class="lcp-bo" lang="bo">པ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ཤ་ཆོད་པའོ་<b>ཞེས</b>་སོ་གཉིས</span> ] <span class="lcp-bo" lang="bo">ཅེས</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>

<span class="lcp-pg">[p.&nbsp;189]</span> རྒྱུད་དབྱེར་མེད་དུ་གནས་པ་བཞིན། ནང་དུ་ཀ་དག་གི་སྟོང་དབྱིངས་ལ་རང་གདངས་ཀྱི་རིག་དབྱིངས་གཉིས་མེད་དུ་གནས་པས་འོད་གསལ་མ་བུ་འདྲེས་ཏེ། སྣང་ཉམས་སྣ་ཚོགས་སུ་འཕེལ་བ་ནི། ཐལ་འགྱུར་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་ཕྱིར་བྱུང་ནས། །གྱེན་འགྲེང་བ་དང་རྩིབས་ཤར་དང༌། །ཐིག་ལེ་སྣ་ཚོགས་སྐུ་ཉིད་དུ། །རགས་པར་སྣང་བའི་ཡུལ་ལ་གསལ། །ཅེས་སོ། །རྒྱས་པར་བཤད་པ་ནི། ཉམས་གོང་འཕེལ་ཅེས་པའི་ཉམས་ལ་གཉིས་ཏེ་ཤེས་པའི་ཉམས་དང༌། སྣང་བའི་ཉམས་སོ། །ཤེས་ཉམས་ལ་འཇིག་རྟེན་པའི་ཤེས་ཉམས་ཏིང་ངེ་འཛིན་གྱིས་ཐོབ་པའི་དགའ་བདེ་སེམས་ཆགས་པ་གླུ་གར་ལ་སོགས་པ་བྱེད་སྙིང་འདོད་པ་རྣམས་དང༌། འདས་པའི་ཤེས་ཉམས་སྟོང་གསལ་མཐའ་བྲལ་གྱི་རྟོགས་ཚད་ཤེས་རབ་ཀྱི་རྩལ་དང་བཅས་པ་རྣམས་ཏེ། འདི་ཉིད་ཐོག་མ་བར་དང་མཐར་གོམས་པ་ལས། ཤེས་པ་དགའ་བདེའི་ཉམས་དང༌། མཐར་འགྱུར་གྱི་ཉམས་དང༌། སྣང་བའི་ཉམས་དང་གསུམ་འབྱུང་བ་ལས། དང་པོ་ནི། ལུས་ངག་གནད་དུ་གཅུན་པས་རླུང་སེམས་བག་ལ་ཞ་ནས། ནང་ཏིང་ངེ་འཛིན་འོད་གསལ་སྟོང་པའི་ངང་ལ་འབྱམས་པ་དང༌། ཤེས་པ་བག་ཡངས་གཟུང་འཛིན་མེད་པའི་དགའ་བདེ་ཡངས་པ་ཁྲོལ་ཆགས་སུ་སྐྱེས་ཀྱང་ཞེན་

<div class="lcp-app"><span class="lcp-bo" lang="bo">བཤད་པ་ནི་<b>ཉམས</b>་གོང་འཕེལ</span> ] <span class="lcp-bo" lang="bo">ཉཾས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དང་སྣང་བའི་<b>ཉམས</b>་དང་གསུམ</span> ] <span class="lcp-bo" lang="bo">ཉི་མས</span> <span style="font-family:sans-serif;font-size:90%;color:#54595d">A D S</span></div>
<div class="lcp-app"><span class="lcp-bo" lang="bo">བཤད་པ་ནི་<b>ཉམས</b>་གོང་འཕེལ</span> ] <span class="lcp-bo" lang="bo">ཉཾས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དང་སྣང་བའི་<b>ཉམས</b>་དང་གསུམ</span> ] <span class="lcp-bo" lang="bo">ཉི་མས</span> <span style="font-family:sans-serif;font-size:90%;color:#54595d">A D S</span></div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<span class="lcp-pg">[p.&nbsp;190]</span> འཛིན་སྤུ་ཉག་ཙམ་ཡང་མེད་པ་ནི་རང་བཞིན་གྱི་བསམ་གཏན་གནད་དུ་ཕེབས་པ་ལས་བྱུང་བའོ། །བཅོས་མའི་བསྒོམས་པ་ལས་དགའ་བདེ་བྱུང་བ་ནི་ཉམས་འགྱུར་བ་ཤས་ཆེ་ལ་རགས་པ་འཁྲབ་པའམ་གླུ་གར་བྱེད་འདོད་པ་འབྱུང་བས་ཆགས་ཞེན་དུ་སོང་ལ། འདི་ནི་དགའ་བདེར་ཤར་ཡང་རང་དབང་ཐོབ་པའི་དགའ་བདེ་ཞེན་མེད་དུ་ཤེས་པའི་ཁྱད་ཡོད་པ་ནི་བཅོས་ནས་བསྒོམས་པ་དང༌། རང་བཞིན་གྱིས་རླུང་དུ་ཕེབས་པའི་བསམ་གཏན་གྱི་ཁྱད་དུ་ཤེས་པར་བྱའོ། །མཐར་འགྱུར་གྱི་ཉམས་ནི་རླུང་ཉམས་ཀྱི་སྣང་ཆ་སྟེ། སྲིན་བུ་མེ་ཁྱེར་ལྟ་བུ་དང༌། སྤྲིན་ལྟ་བུ་དང༌། དུ་བ་ལྟ་བུ་དང༌། སྨུག་ཟིལ་ལྟ་བུ་དང༌། ཟླ་བ་ཤར་བ་ལྟ་བུ་དང༌། སྐར་མ་ཤར་བ་ལྟ་བུ་དང༌། ནམ་སྲོས་པ་ལྟ་བུ་ལ་མཐིང་གའི་སྣང་བ་ཡོད་པ་ལྟ་བུ་དང༌། ཉི་མ་ཤར་བ་ལྟར་ཕྱི་ནང་ཟང་ཐལ་བར་སྣང་བ་ལྟ་བུ་དང་བརྒྱད་དེ། འཆར་ནུབ་དང་གསལ་འགྲིབ་ཏུ་བྱུང་བས། མི་བརྟན་ཚུགས་མི་ཐུབ་འགྱུར་འགྲོ་བས་མཐར་འགྱུར་གྱི་ཉམས་ཞེས་བྱ་སྟེ། རླུང་གཡོ་བའི་ཉམས་ཡིན་པའི་ཕྱིར་རོ། །འདི་དག་བྱར་ཡོད་དེ་རླུང་སེམས་དག་དགོས་པའི་ཕྱིར་རོ། །སྣང་བའི་ཉམས་ནི། རིག་པའི་རང་གདངས་འོད་གསལ་ཆེན་པོ་སྟེ། གནས་སྐབས་སུ་ཕྱིར་སྣང་འཕེལ་ཞིང་ཚད་ལ་ཕེབས་ནས། རང་གདངས་གཞི་ཐིམ་ལ་ནང་དུ་བཟློག་པས་

<div class="lcp-app"><span class="lcp-bo" lang="bo">བའོ་བཅོས་མའི་<b>བསྒོམས</b>་པ་ལས</span> ] <span class="lcp-bo" lang="bo">བསྒོམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">རགས་པ་འཁྲབ་<b>པའམ</b>་གླུ་གར</span> ] <span class="lcp-bo" lang="bo">པ་འམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">རང་བཞིན་གྱིས་<b>རླུང་དུ</b>་ཕེབས་པའི</span> ] <span class="lcp-bo" lang="bo">རླུངས་སུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">བུ་ལ་མཐིང་<b>གའི</b>་སྣང་བ</span> ] <span class="lcp-bo" lang="bo">ཁའི</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>
<div class="lcp-app"><span class="lcp-bo" lang="bo">བའོ་བཅོས་མའི་<b>བསྒོམས</b>་པ་ལས</span> ] <span class="lcp-bo" lang="bo">བསྒོམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">རགས་པ་འཁྲབ་<b>པའམ</b>་གླུ་གར</span> ] <span class="lcp-bo" lang="bo">པ་འམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">རང་བཞིན་གྱིས་<b>རླུང་དུ</b>་ཕེབས་པའི</span> ] <span class="lcp-bo" lang="bo">རླུངས་སུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">བུ་ལ་མཐིང་<b>གའི</b>་སྣང་བ</span> ] <span class="lcp-bo" lang="bo">ཁའི</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<span class="lcp-pg">[p.&nbsp;191]</span> ཕྱིར་གསལ་དུ་ཟད་དགོས་ཏེ། ལྷུན་གྲུབ་ཀ་དག་གི་དབྱིངས་སུ་ཐིམ་དགོས་པའི་ཕྱིར་རོ། །ནང་གསལ་དུ་རང་འོད་ཀྱི་ཀློང་ན་རིག་པ་སྐུ་དང་ཡེ་ཤེས་ཀྱི་ཕོ་བྲང་ལ་ཡེ་བཞུགས་ལྷུན་གྲུབ་ཆེན་པོར་འཕོ་འགྱུར་མེད་པའོ། །དེས་ན་འདིར་སྣང་བའི་ཉམས་གཙོ་བ་སྟེ། ཤེས་ཉམས་ནི་བློ་ཡིན་པས་འགྱུར་ཞིང་ཚད་མི་ཐུབ་སྟེ་ཀུན་བརྟགས་ཀུན་རྫོབ་ཀྱི་རྣམ་པ་ཅན་དྲན་བྱེད་ཐ་དད་པ་ཚུ་རོལ་གྱི་རྟོག་པས་བསྡུས་པའི་ཕྱིར། འདི་ལ་ཚོད་བྱེད་ན་སྤྲིན་ལ་ཚོད་བཙུགས་ནས་སྦས་སྐུངས་བྱེད་པའི་བྱ་དང་འདྲ་སྟེ། དོན་རྟོགས་པའི་དུས་མེད་དེ་མཐོང་བ་རང་ཐོག་ཏུ་མི་ཕེབས་སོ། །འདི་ནི་སྣང་བའི་ཉམས་ཏེ་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་མཐོང་བས་འཁོར་བའི་ལས་ཀྱི་མཐའ་ཕྱེད་གཟུང་བ་ཡུལ་དུ་སྣང་བ་ལས་འདས་ལ། དབྱིངས་ཀྱི་སྣང་བ་མཐོང་བས་དེའི་སྟེང་དུ་འཛིན་པ་རྟོག་པའི་ཆའི་ཕྱེད་མེད་པ་སྟོང་ཆད་དུ་འཛིན་པ་ལོག་པས་འཁོར་བའི་ཆའི་སུམ་གཉིས་ལས་འདས་ལ། ཀུན་རྟོག་གཞི་གྲོལ་རང་སངས་སུ་དག་པས་འཛིན་ཆའི་ཕྱེད་སྣང་བ་རང་མཚན་དུ་འཛིན་པ་ལོག་པས། གཟུང་འཛིན་གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པ་ཞེས་བྱའོ། །མདོར་ན་སྣང་ཉམས་རྣམས་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང༌། དབྱིངས་ཀྱི་སྣང་བ་གཉིས་སུ་འདུས་པའོ། །གོང་འཕེལ་ནི། སྣང་བ་དེ་དག་ཇེ་བཀྲ་ཇེ་

<div class="lcp-app"><span class="lcp-bo" lang="bo">རང་འོད་ཀྱི་<b>ཀློང</b>་ན་རིག</span> ] <span class="lcp-bo" lang="bo">སོང</span> <span style="font-family:sans-serif;font-size:90%;color:#54595d">P</span> · <span class="lcp-bo" lang="bo">ཕྱིར་འདི་ལ་<b>ཚོད</b>་བྱེད་ན</span> ] <span class="lcp-bo" lang="bo">ཚད</span> <span style="font-family:sans-serif;font-size:90%;color:#54595d">A P D L O T</span> · <span class="lcp-bo" lang="bo">འདྲ་སྟེ་དོན་<b>རྟོགས</b>་པའི་དུས</span> ] <span class="lcp-bo" lang="bo">རྟོག</span> <span style="font-family:sans-serif;font-size:90%;color:#54595d">W K O</span> · <span class="lcp-bo" lang="bo">ཀུན་རྟོག་གཞི་<b>གྲོལ</b>་རང་སངས</span> ] <span class="lcp-bo" lang="bo">གྲོ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">འཛིན་ཆའི་ཕྱེད་<b>⁁</b>་སྣང་བ</span> ] <span class="lcp-bo" lang="bo">པ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ཀྱི་བདག་མེད་<b>རྟོགས</b>་པ་ཞེས</span> ] <span class="lcp-bo" lang="bo">རྟོག</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ཁ་དོག་གི་<b>སྣང་བ</b>་དང་དབྱིངས</span> ] <span class="lcp-bo" lang="bo">སྣད་པ</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>

<span class="lcp-pg">[p.&nbsp;192]</span> ལེགས་ཇེ་མང་ལ་སོང་བ་སྟེ། འདི་ལ་དག་ཚུལ་གྱིས་སྤྱིར་བསྟན་པ་དང༌། སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། འཁོར་བའི་བཅིངས་པ་ལས་གྲོལ་ཚུལ་དང་སྦྱར་ན། སྣང་བ་དེ་ཡང་གྱེན་འགྲེང་དང༌། རྩིབས་ཤར་དང༌། གྲུ་ཆད་དང༌། དུམ་བུ་དང༌། སྣམ་བུའི་སྣང་བ་དང་ལྔ་རྫོགས་པས་ཡེ་ཤེས་ལྔའི་ཁ་དོག་ལ་དབང་ཐོབ་ནས། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། ཕྲག་དོག་ལྔ་མངོན་དུ་རྒྱུ་བའི་བཅིངས་པ་ལས་གྲོལ་ཏེ། བག་ལ་ཉལ་ཙམ་ལས་མ་གཏོགས་པ་མེད་པས་འཁོར་བའི་ཕྱེད་ལས་འདས་པ་ཉིད་དོ། །དེ་ནས་དྲ་བའི་རྣམ་པ་དང༌། དྲ་བ་ཕྱེད་པ་དང༌། མིག་མངས་རིས་དང༌། མིག་ཚགས་ཀྱི་རྣམ་པ་ལྟ་བུ་དང༌། ཟ་འོག་གུར་ཁྱིམ་ལྟ་བུ་མཐོང་བས། གཟུགས་ལ་སོགས་པ་ཕུང་པོ་ལྔའི་ཚོགས་པས་བདག་ཏུ་བྱས་པ་ལས་འདས་པས། འཇིག་རྟེན་གྱི་བདག་སུམ་གཉིས་ལས་འདས་པས། ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་བྱིན་རླབས་སོ། །དེ་ནས་ཡེ་ཤེས་དངོས་པོ་དག་པའི་དབྱིབས་ཀྱི་སྣང་བ། ཡེ་ཤེས་མཁར་ཐབ་ཀྱི་རྣམ་པ་འདྲ་བ་དང༌། ཉི་ཟླ་ཟུང་སྦྲེལ་གྱི་རྣམ་པ་འདྲ་བ་དང༌། པདྨ་བརྩེགས་པའི་རྣམ་པ་འདྲ་བ་དང༌། མཆོད་རྟེན་བརྩེགས་པའི་རྣམ་པ་འདྲ་བ་དང༌། པདྨ་སྟོང་ལྡན་གྱི་རྣམ་པ་དང་འདྲ་བ་མཐོང་

<div class="lcp-app"><span class="lcp-bo" lang="bo">ཏུ་བཤད་པ་<b>⁁</b>་གཉིས་ལས</span> ] <span class="lcp-bo" lang="bo">ལ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">རྒྱལ་དང་ཕྲག་<b>དོག</b>་ལྔ་མངོན</span> ] <span class="lcp-bo" lang="bo">དོང</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">མངས་རིས་དང་<b>མིག</b>་ཚགས་ཀྱི</span> ] <span class="lcp-bo" lang="bo">དམིག</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དག་པའི་བྱིན་<b>རླབས</b>་སོ་དེ</span> ] <span class="lcp-bo" lang="bo">བརླབས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཉི་ཟླ་ཟུང་<b>སྦྲེལ</b>་གྱི་རྣམ</span> ] <span class="lcp-bo" lang="bo">སྤྲེལ</span> <span style="font-family:sans-serif;font-size:90%;color:#54595d">A O</span> · <span class="lcp-bo" lang="bo">འདྲ་བ་དང་<b>པདྨ</b>་བརྩེགས་པའི</span> ] <span class="lcp-bo" lang="bo">པད་མ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">འདྲ་བ་དང་<b>པདྨ</b>་སྟོང་ལྡན</span> ] <span class="lcp-bo" lang="bo">པད་མ</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>

<span class="lcp-pg">[p.&nbsp;193]</span> བས། འབྱུང་བ་ལྔའི་འཆིང་བྱེད་ལས་འདས་པའོ། །དེ་དག་ཀྱང་གཅིག་སྐྱེས་གཅིག་འགགས་པས་ཉམས་ཞེས་བྱའོ། །དེ་ཡང་སྔ་མ་བས་ཁྱད་པར་དུ་འགྱུར་བས་གོང་འཕེལ་ཞེས་བྱའོ། །དེ་ལྟར་རིམ་པས་བྱུང་བ་ནི་སྔར་དབང་རིམ་པས་བསྟེན་པ་ལས་བྱུང་བའོ། །གཉིས་པ་སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་ལ། ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང༌། དབྱིབས་ཀྱི་སྣང་བ་གཉིས་ལས། དང་པོ་ནི། རྡོ་རྗེའི་རིགས་རྣམ་པར་དག་པས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་འོད་ཁ་དོག་དཀར་པོའི་རྣམ་པར་འཆར་བ་དང༌། དེ་ཉིད་རྡོ་རྗེ་མི་བསྐྱོད་པའི་གདངས་དཀར་བ་ལ་འཚེར་བར་འཆར་བའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པའི་རིགས་རྣམ་པར་དག་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁ་དོག་མཐིང་གའི་རྣམ་པར་འཆར་བ་དང༌། རྣམ་པར་སྣང་མཛད་ཀྱི་གདངས་མཐིང་ལ་གནག་པར་འཆར་རོ། །རིན་པོ་ཆེའི་རིགས་རྣམ་པར་དག་པ་ལས། མཉམ་པ་ཉིད་ཀྱི་ཁ་དོག་སེར་པོའི་སྣམ་བུ་དང༌། རིན་པོ་ཆེ་འབྱུང་ལྡན་གྱི་གདངས་རབ་ཏུ་འཚེར་བ་གསེར་ཞུན་སྦྱངས་པ་ལྟ་བུར་འཆར་རོ། །པདྨའི་རིགས་རྣམ་པར་དག་པ་ལས། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཁ་དོག་དམར་པོའི་སྣམ་བུ་དང༌། སྣང་བ་མཐའ་ཡས་ཀྱི་གདངས་དམར་བ་ལ་རབ་ཏུ་དམར་བ་བྱི་རུའི་མདོག་ལྟ་བུར་འཆར་རོ། །ལས་ཀྱི་

<div class="lcp-app"><span class="lcp-bo" lang="bo">བྱའོ་དེ་ལྟར་<b>རིམ</b>་པས་བྱུང</span> ] <span class="lcp-bo" lang="bo">རིག</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ལས་སོ་སོར་<b>རྟོག</b>་པའི་ཡེ</span> ] <span class="lcp-bo" lang="bo">རྟོགས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དང་སྣང་བ་<b>མཐའ</b>་ཡས་ཀྱི</span> ] <span class="lcp-bo" lang="bo">མཐས</span> <span style="font-family:sans-serif;font-size:90%;color:#54595d">P L</span> · <span class="lcp-bo" lang="bo">ཏུ་དམར་བ་<b>བྱི</b>་རུའི་མདོག</span> ] <span class="lcp-bo" lang="bo">བྱེ</span> <span style="font-family:sans-serif;font-size:90%;color:#54595d">A P L O T</span></div>
<div class="lcp-app"><span class="lcp-bo" lang="bo">བྱའོ་དེ་ལྟར་<b>རིམ</b>་པས་བྱུང</span> ] <span class="lcp-bo" lang="bo">རིག</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ལས་སོ་སོར་<b>རྟོག</b>་པའི་ཡེ</span> ] <span class="lcp-bo" lang="bo">རྟོགས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དང་སྣང་བ་<b>མཐའ</b>་ཡས་ཀྱི</span> ] <span class="lcp-bo" lang="bo">མཐས</span> <span style="font-family:sans-serif;font-size:90%;color:#54595d">P L</span> · <span class="lcp-bo" lang="bo">ཏུ་དམར་བ་<b>བྱི</b>་རུའི་མདོག</span> ] <span class="lcp-bo" lang="bo">བྱེ</span> <span style="font-family:sans-serif;font-size:90%;color:#54595d">A P L O T</span></div>
<div class="TibetanMachineUni16" lang="bo">
<div class="TibetanMachineUni16 lcp-etext" lang="bo">
<span class="lcp-pg">[p.&nbsp;194]</span> རིགས་རྣམ་པར་དག་པ་ལས། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཁ་དོག་ལྗང་གུའི་སྣམ་བུར་འཆར་བ་དང༌། དོན་ཡོད་གྲུབ་པའི་གདངས་རབ་་ཏུ་ལྗང་བ་ཨིནྡྲ་ནཱི་ལའི་རྣམ་པ་ལྟར་འཆར་བའོ། །དེ་དག་གི་ཕྱི་རིམ་མཐིང་ག་རྡོ་རྗེའི་ར་བས་ཀུན་ནས་བསྐོར་བ་ནི། ཡེ་ཤེས་དེ་དག་ཐ་དད་པ་མ་ཡིན་པར་མཚོན་པའོ། །དེ་ལས་སྣང་བའི་འཕེལ་ནི་འོད་ལྔ་སོ་སོས་གཙོ་བྱས་པའི་ཁ་དོག་ལྔ་ལྔར་གསལ་བ་ནི། རིགས་དང་རིགས་ཀྱི་ཁྱད་པར་ལས་བྱུང་བའོ། །དེ་ནས་ཡེ་ཤེས་ཀྱི་རླུང་རྣམ་པར་དག་པ་ལས་མེ་ལོང་ལྟ་བུའི་རྐྱེན་འགྲེང་དུ་སྣང་བ་ནི། དེ་ལ་བརྟེན་ནས་ཉམས་ཀྱི་འཕེལ་འབྱུང་བའོ། །མཉམ་པ་ཉིད་ཀྱི་རྩིབས་ཤར་དུ་སྣང་བ་ནི། འཁྲུལ་པའི་སྣང་བ་ཟད་དུ་ཉེ་བ་ཉིད་དོ། །དེ་ནས་སོ་སོར་རྟོག་པའི་གྲུ་ཆད་དུ་སྣང་བ་ནི། འབྱུང་བའི་ཕྲ་བ་འགག་པའི་དུས་སོ། །བྱ་བ་གྲུབ་པའི་རེ་ལྡེའི་རྣམ་པ་ཙམ་དུ་སྣང་བ་ནི། ཡེ་ཤེས་ཀྱི་རང་གདངས་སོ་སོར་གསལ་བ་ལས་བྱུང་བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡུལ་གྲུ་ཙམ་དུ་སྣང་བ་ནི་རྟོག་པ་རགས་པ་རྣམས་འགགས་པ་ལས་བྱུང་བའོ། །དེ་དག་གི་ལམ་སྐྱེ་བའི་རིམ་པ་ནི། །བརྩོན་འགྲུས་རབ་རྣམས་ལ་བར་དུ་ཞག་ལྔ་ལྔའོ། །འབྲིང་རྣམས་ལ་ཞག་བདུན་བདུན། ཐ་མ་རྣམས་ཞག་ཉེར་གཅིག་ཉེར་གཅིག་ན་གོང་མའི་སྣང་བ་འགགས་ནས། ཡང་འོག་

<div class="lcp-app"><span class="lcp-bo" lang="bo">ཀྱི་ཁ་དོག་<b>ལྗང</b>་གུའི་སྣམ</span> ] <span class="lcp-bo" lang="bo">ཡང</span> <span style="font-family:sans-serif;font-size:90%;color:#54595d">P</span> · <span class="lcp-bo" lang="bo">ཁ་དོག་ལྗང་<b>གུའི</b>་སྣམ་བུར</span> ] <span class="lcp-bo" lang="bo">ཁུའི</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">པའི་གདངས་རབ་<b>ཏུ</b>་ལྗང་བ</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">གདངས་རབ་ཏུ་<b>ལྗང</b>་བ་ཨིནྡྲ</span> ] <span class="lcp-bo" lang="bo">ཡང</span> <span style="font-family:sans-serif;font-size:90%;color:#54595d">P</span> · <span class="lcp-bo" lang="bo">རབ་ཏུ་ལྗང་<b>བ</b>་ཨིནྡྲ་ནཱི</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ཕྱི་རིམ་མཐིང་<b>ག</b>་རྡོ་རྗེའི</span> ] <span class="lcp-bo" lang="bo">ཁ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">མེ་ལོང་ལྟ་<b>བུའི་རྐྱེན</b>་འགྲེང་དུ</span> ] <span class="lcp-bo" lang="bo">བུ་གྱེན</span> <span style="font-family:sans-serif;font-size:90%;color:#54595d">A P D L T</span> · <span class="lcp-bo" lang="bo">ཟད་དུ་ཉེ་<b>བ</b>་ཉིད་དོ</span> ] <span class="lcp-bo" lang="bo">བའི</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">ནས་སོ་སོར་<b>རྟོག</b>་པའི་གྲུ</span> ] <span class="lcp-bo" lang="bo">རྟོགས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ནི་འབྱུང་བའི་<b>ཕྲ</b>་བ་འགག</span> ] <span class="lcp-bo" lang="bo">འཕྲ</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>

<span class="lcp-pg">[p.&nbsp;195]</span> མའི་སྣང་བ་དེ་དག་ཏུ་རྣམ་པར་སྣང་བའོ། །ཁ་དོག་དང་དབྱིབས་ཀྱི་བར་འདིར་ནི་ཐང་ཅིག་ཏུ་གནས་པ་དག་འབྱུང་ངོ༌། །དེ་ནས་དེ་དག་ནུབ་ནས་ཀྱང་ཡེ་ཤེས་ལྔའི་དབྱིབས་ཀྱི་རྣམ་པ་འཆར་ཏེ། མེ་ལོང་ལྟ་བུའི་དབྱིབས་མིག་ཚགས་ཀྱི་རྣམ་པ་དང་འདྲ་བར་འགྱུར་རོ། །དེ་ནི་ཁ་དོག་རབ་ཏུ་སྤེལ་ལེགས་པ་ལས་བྱུང་བའོ། །དེ་ལ་གོམས་པ་ལས་མིག་མངས་རིས་སུ་འཆར་ཏེ། འདི་ནི་སྔོན་དུ་འགྲོ་བ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །དེ་ནས་མཉམ་པ་ཉིད་དྲ་བ་ཕྱེད་པར་འཆར་ཏེ། དེ་ནི་རླུང་གི་སྦྱངས་པ་དག་པ་ལས་བྱུང་བའོ། །དེ་ལས་དྲ་བར་སྣང་བ་ནི་སྔོན་འགྲོ་དག་ཅིང་ཚར་ཆོད་པ་ལས་བྱུང་བའོ། །དེ་ནས་སོ་སོར་རྟོག་པའི་མེ་ཏོག་གི་ཚོམ་བུར་འཆར་བ་ནི། གཟིགས་སྟངས་ལས་འགྲུས་པ་ལས་བྱུང་བའོ། །དེ་ལས་པདྨ་སྟོང་ལྡན་དུ་འཆར་བ་ནི་སྔོན་འགྲོ་འབྱོངས་པ་ལས་བྱུང་བའོ། །དེ་ནས་བྱ་བ་གྲུབ་པའི་མཚོན་ཆ་ལྟ་བུར་འཆར་བ་ནི། རང་བཞིན་མ་བཅོས་པ་ལས་བྱུང་བའོ། །དེ་ལས་འཁོར་ལོ་ལ་སོགས་པའི་རྣམ་པ་སྣ་ཚོགས་སུ་སྣང་བ་ནི་སྔོན་འགྲོ་མཐར་ཕྱིན་པ་ལས་བྱུང་བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཁར་ཐབ་ཏུ་འཆར་བ་ནི། རིག་པ་མིག་ནས་དྲངས་པ་ལས་བྱུང་བའོ། །དེ་ལས་ཟ་འོག་གུར་ཁྱིམ་ལྟ་བུ་ནི་སྔོན་འགྲོ་དག་པར་བྱས་པ་ལས་བྱུང་བའོ། །དེ་དག་

<div class="lcp-app"><span class="lcp-bo" lang="bo">ནས་ཡང་འོག་<b>མའི</b>་སྣང་བ</span> ] <span class="lcp-bo" lang="bo">པའི</span> <span style="font-family:sans-serif;font-size:90%;color:#54595d">D O</span> · <span class="lcp-bo" lang="bo">འདིར་ནི་ཐང་<b>ཅིག་ཏུ</b>་གནས་པ</span> ] <span class="lcp-bo" lang="bo">གཅིག་དུ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">དག་ནུབ་ནས་<b>ཀྱང</b>་ཡེ་ཤེས</span> ] <span class="lcp-bo" lang="bo">ཡང</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">བྱུང་བའོ་དེ་<b>ནས</b>་སོ་སོར</span> ] <span class="lcp-bo" lang="bo">ན</span> <span style="font-family:sans-serif;font-size:90%;color:#54595d">A O</span> · <span class="lcp-bo" lang="bo">ནི་གཟིགས་སྟངས་<b>ལས</b>་འགྲུས་པ</span> ] <span class="lcp-bo" lang="bo">ལ</span> <span style="font-family:sans-serif;font-size:90%;color:#54595d">D O S T</span> · <span class="lcp-bo" lang="bo">ནི་རང་བཞིན་<b>མ</b>་བཅོས་པ</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">P</span> · <span class="lcp-bo" lang="bo">དེ་ལས་ཟ་<b>འོག</b>་གུར་ཁྱིམ</span> ] <span class="lcp-bo" lang="bo">འུག</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>

<span class="lcp-pg">[p.&nbsp;196]</span> ཀྱང་བརྩོན་འགྲུས་ཀྱི་ཁྱད་ཀྱིས་ཞག་གསུམ་དང༌། བདུན་དང༌། བཅུ་བཞི་ན་གཅིག་སྐྱེ་གཅིག་འགག་པའོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། འདི་དག་ནི་སེམས་ཀྱི་སྔོན་འགྲོའི་དུས་ན། རྟོག་པ་ཐ་དད་པར་བསླང་བ་དེ་འགགས་པའི་རྟགས་ཡིན་ནོ། །དེ་ནས་རིག་པ་རང་གི་ངོ་བོའི་སྣང་བ་འཆར་ཏེ། འོད་དེ་དག་ཐིག་ལེར་འཆར་བ་ནི་ལུ་གུ་རྒྱུད་གཅིག་ཏུ་འདུས་པ་ལས་བྱུང་བའོ། །དེ་ནས་ཐིག་ལེ་གཉིས་འབྲེལ་དུ་སྣང་བ་ནི་ཐབས་དང་ཤེས་རབ་རྣམ་པར་དག་པ་ལས་བྱུང་བའོ། །དེ་ནས་ཐིག་ལེ་ལྔ་སྦྲེལ་དུ་སྣང་བ་ནི་ཡེ་ཤེས་ལྔ་ལ་བྱན་ཚུད་པ་ལས་བྱུང་བའོ། །མངོན་སུམ་གྱི་ཐིག་ལེ་དང་འབྲེལ་ལུགས་མི་འདྲ་སྟེ་ཆེ་ཆུང་ཡོད་པའི་ཕྱིར་རོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། ཐལ་འགྱུར་བས། ཁ་དོག་ལྔ་ཡི་འོད་ཀྱིས་ཀྱང༌། །རེ་ལྡེ་ཙམ་ལས་གྲུ་ཆད་སྣང༌། །ཡུལ་གྲུ་ཙམ་ལས་མཐོང་ཚད་དོ། །ཞེས་པ་དང༌། རང་བྱུང་གི་རྒྱུད་ལས། རང་ངོ་མཐོང་ལས་འདི་ལྟར་རོ། །ཡར་མཚམས་ལས་ནི་སོར་བཞི་ལས། །བྲལ་བའི་སྐྱེས་བུ་སྐལ་བཟང་བ། །འཁོར་བར་འཇུག་པ་ག་ལ་སྲིད། །གྲུ་ཆད་རྣམ་པར་གང་སྣང་བ། །སྤྲུལ་པའི་ཡོན་ཏན་འདིས་འགྲུབ་བོ། །མཐོང་བའི་ཡུལ་ཙམ་གང་སྣང་བ། །ཚོམ་བུ་ལ་ནི་དེ་བཞིན་ནོ། །ཕྱིར་སྣང་འགགས་པ་གང་

<div class="lcp-app"><span class="lcp-bo" lang="bo">བདུན་དང་བཅུ་<b>བཞི་ན</b>་གཅིག་སྐྱེ</span> ] <span class="lcp-bo" lang="bo">བཞིན</span> <span style="font-family:sans-serif;font-size:90%;color:#54595d">A O</span> · <span class="lcp-bo" lang="bo">ཐིག་ལེ་ལྔ་<b>སྦྲེལ</b>་དུ་སྣང</span> ] <span class="lcp-bo" lang="bo">སྤྲེལ</span> <span style="font-family:sans-serif;font-size:90%;color:#54595d">L T</span> · <span class="lcp-bo" lang="bo">མི་འདྲ་སྟེ་<b>ཆེ</b>་ཆུང་ཡོད</span> ] <i>om.</i> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">སྟེ་ཐལ་འགྱུར་<b>བས</b>་ཁ་དོག</span> ] <span class="lcp-bo" lang="bo">ལས</span> <span style="font-family:sans-serif;font-size:90%;color:#54595d">A P L T</span> · <span class="lcp-bo" lang="bo">ལྔ་ཡི་འོད་<b>ཀྱིས</b>་ཀྱང་རེ</span> ] <span class="lcp-bo" lang="bo">ཀྱི</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">རང་ངོ་མཐོང་<b>ལས</b>་འདི་ལྟར</span> ] <span class="lcp-bo" lang="bo">བས</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">བུ་སྐལ་བཟང་<b>བ</b>་འཁོར་བར</span> ] <span class="lcp-bo" lang="bo">པ</span> <span style="font-family:sans-serif;font-size:90%;color:#54595d">A T</span></div>

<span class="lcp-pg">[p.&nbsp;197]</span> ཡིན་པ། །སྐད་ཅིག་མ་ནི་བཅུ་དྲུག་ལ། །འདི་ཡང་དེ་ལྟར་འགྱུར་བའོ། །ཞེས་སོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ལ་སྣང་ཚུལ་སྤྱིར་བསྟན་པ་དང༌། རང་བཞིན་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་ཐིག་ལེ་རེ་རེའི་ནང་དུ་སྐུ་ཕྱེད་མ་རེ་རེ་སྣང་བ་ནི་སྤྲུལ་པ་སྐུའི་སྦྱང་བ་རྣམ་པར་དག་པ་ལས་བྱུང་བའོ། །དེ་ནས་སྐུ་རང་རྐྱང་རེ་རེ་སྣང་བ་ནི་སྤྲུལ་སྐུའི་སྣང་བ་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལས་བྱུང་བའོ། །དེ་ནས་སྐུ་དེ་དག་ཡབ་ཡུམ་ལྔ་ལྔར་གྱུར་པ་ནི་ལོངས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པ་ཉིད་དོ། །དེ་ནས་སོ་སོའི་ཚོམ་བུའི་དཀྱིལ་འཁོར་དང་བཅས་པར་སྣང་བ་ལ། དེ་ཉིད་མུ་ཁྱུད་ཀྱི་ར་བ་དང་སོ་སོའི་གཙོ་འཁོར་དུ་སྣང་བ་ནི། ཆོས་སྐུའི་སྦྱང་བ་རྣམ་པར་དག་པ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །འདི་ནི་རིག་པ་ཚད་ཕེབས་ཀྱི་སྣང་བ་སྟེ། སྔོན་འགྲོའི་དུས་ན་ལུས་ཀྱི་བྱ་བ་དང༌། བྱེད་པ་དེ་དག་གི་འབྲེལ་ཚད་དེ་ཕྱིས་མི་སྐྱེ་བའི་རྟགས་སོ། །དེའང་དག་བྱ་དྲི་མ་རེ་སྦྱོང་བའི་གཉེན་་པོ་སྔོན་འགྲོ་ལ་སོགས་པ་གནད་དུ་ཕྱིན་པ་ལས་སྣང་བ་དེ་དག་ཤར་བར་བཏགས་ཀྱང་བྲལ་འབྲས་དང་དག་བྱ་དག་བྱེད་ཀྱི་རྒྱུ་འབྲས་བཏགས་པ་པ་ཡིན་གྱི། དེས་བསྐྱེད་ནས་བྱུང་བ་མ་ཡིན་ཏེ། ཡེ་ཤེས་རང་ཡོད་ཀྱི་གདངས་དྲི་མའི་སྒྲིབ་པ་དག་སྟོབས་ཀྱིས་སྣང་བའི་ཕྱིར་རོ། །ཐལ་འགྱུར་

<div class="lcp-app"><span class="lcp-bo" lang="bo">ལྟར་འགྱུར་བའོ་<b>ཞེས</b>་སོ་གསུམ</span> ] <span class="lcp-bo" lang="bo">ཅེས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ཆོས་ཉིད་མངོན་<b>སུམ</b>་དུ་མཐོང</span> ] <span class="lcp-bo" lang="bo">གསུམ</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">མངོན་སུམ་དུ་<b>མཐོང</b>་བ་ལས</span> ] <span class="lcp-bo" lang="bo">མ་ཐོང</span> <span style="font-family:sans-serif;font-size:90%;color:#54595d">P</span> · <span class="lcp-bo" lang="bo">དག་གི་འབྲེལ་<b>ཚད</b>་དེ་ཕྱིས</span> ] <span class="lcp-bo" lang="bo">ཆད</span> <span style="font-family:sans-serif;font-size:90%;color:#54595d">A P L</span> · <span class="lcp-bo" lang="bo">དག་ཤར་བར་<b>བཏགས</b>་ཀྱང་བྲལ</span> ] <span class="lcp-bo" lang="bo">བརྟགས</span> <span style="font-family:sans-serif;font-size:90%;color:#54595d">A P L S</span> · <span class="lcp-bo" lang="bo">འབྲས་བཏགས་པ་<b>པ</b>་ཡིན་གྱི</span> ] <span class="lcp-bo" lang="bo">བ</span> <span style="font-family:sans-serif;font-size:90%;color:#54595d">A P D L O S T</span></div>

<span class="lcp-pg">[p.&nbsp;198]</span> ལས། རིག་པ་ཚད་ཕེབས་སྣང་བ་ནི། །ལོངས་སྐུའི་མཚན་དཔེ་གསལ་བར་ནི། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ལྔ་ཡབ་དང་ཡུམ་དུ་སྣང༌། །ཞེས་པ་དང༌། བསྟན་བུ་ལས། དེ་བཞིན་སྐུ་ལ་ཐུག་གི་བར། །དྲུག་དང་བཅུ་དང་ལྔ་གསུམ་ལ། །གདོན་མི་ཟ་སྟེ་ལོངས་སྐུའོ། །ཞེས་སོ། །གཉིས་པ་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ ཚད་ཕེབས་ཀྱི་ངེས་ཚིག་སྤྱིར་བསྟན་པ་དང༌། ཚད་གསུམ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི་རིག་པ་ཚད་ཕེབས་ཞེས་པས། རིག་པ་ནི་གཞི་གནས་ཀྱི་རིག་པ་མངོན་དུ་གྱུར་ཏེ། ལམ་སྲོལ་དུ་ཚུད་པ་ལས། གཞི་སྣང་གི་རང་གདངས་ལྷུན་གྲུབ་ཀྱི་འཆར་སྒོ་སྐུར་སྣང་བས། ལམ་སྣང་ཟད་དུ་ཉེ་བ་ལས། དཀྱིལ་འཁོར་རྫོགས་པ་རྣམས་སོ། །ཚད་ནི་དང་པོ་ཕྱེད་སྐུ་ནས་སྐུའི་དཀྱིལ་འཁོར་རྫོགས་པའི་བར་རོ། །ཕེབས་པ་ནི་དེ་ལས་འདས་ས་མེད་པས་རྣམ་པར་སྣང་བའོ། །དེ་དག་ནི་ཟླ་བ་ཉ་གང་བའི་རྣམ་པ་དང་འདྲ་སྟེ། ཡར་གྱི་འཕེལ་ཟད་པས་དཀྱིལ་འཁོར་རྫོགས་ཏེ་རང་ངོ་ལ་བཅོས་སུ་མེད་པའོ། །གཉིས་པ་ཚད་གསུམ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ཕྱི་སྣང་བའི་ཚད། །ནང་ལུས་ཀྱི་ཚད། གསང་བ་རིག་པའི་ཚད་དོ། །དང་པོ་ནི། སྣང་བ་ལ་དབང་བསྒྱུར་ཞིང་ཞིང་ཁམས་འོད་གསལ་དུ་རྫོགས་པ་སྟེ། ཐལ་འགྱུར་ལས། དེ་ལྟར་ཕེབས་

<div class="lcp-app"><span class="lcp-bo" lang="bo">ཡུམ་དུ་སྣང་<b>ཞེས</b>་པ་དང</span> ] <span class="lcp-bo" lang="bo">ཅེས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">སྟེ་ལོངས་སྐུའོ་<b>ཞེས</b>་སོ་གཉིས</span> ] <span class="lcp-bo" lang="bo">ཅེས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">པ་ཚད་ཕེབས་<b>ཞེས</b>་པས་རིག</span> ] <span class="lcp-bo" lang="bo">ཅེས</span> <span style="font-family:sans-serif;font-size:90%;color:#54595d">O T</span> · <span class="lcp-bo" lang="bo">ནི་དེ་ལས་<b>འདས</b>་ས་མེད</span> ] <span class="lcp-bo" lang="bo">འདའ</span> <span style="font-family:sans-serif;font-size:90%;color:#54595d">P L</span> · <span class="lcp-bo" lang="bo">དེ་ལས་འདས་<b>ས</b>་མེད་པས</span> ] <span class="lcp-bo" lang="bo">པ</span> <span style="font-family:sans-serif;font-size:90%;color:#54595d">S T</span> · <span class="lcp-bo" lang="bo">སྟེ་ཕྱི་སྣང་<b>བའི་ཚད</b>་ནང་ལུས</span> ] <span class="lcp-bo" lang="bo">བའོ</span> <span style="font-family:sans-serif;font-size:90%;color:#54595d">W K</span> · <span class="lcp-bo" lang="bo">བ་ལ་དབང་<b>བསྒྱུར</b>་ཞིང་ཞིང</span> ] <span class="lcp-bo" lang="bo">སྒྱུར</span> <span style="font-family:sans-serif;font-size:90%;color:#54595d">O T</span></div>

<span class="lcp-pg">[p.&nbsp;199]</span> ནས་རྫོགས་པའི་ཚད། །ཐད་ཀའི་དངོས་སྣང་འགགས་པ་དང༌། །ས་རྡོའི་སྣང་བ་བཞུ་བ་དང༌། །རང་ཤེས་ཅི་ལའང་ཚུད་པ་དང༌། །དེ་བཙུད་བེམས་པོ་འགུལ་བ་དང༌། །རླུང་གི་འགྱུ་བའི་ཚད་ཟིན་དང༌། །ལུས་ཀྱི་རྡུལ་ཕྲན་མཐོང་བ་འབྱུང༌། །ཅིར་སྣང་གཟུགས་སྐུར་རྫོགས་པ་དང༌། །དེ་ལས་ཡབ་ཡུམ་འཁྲིལ་བ་དང༌། །ལྔ་ལྔ་ཡབ་དང་ཡུམ་སྦྱོར་དང༌། །ཀུན་ཀྱང་མུ་ཁྱུད་ཟླུམ་པོ་ལ། །རྣལ་འབྱོར་ལུས་ཀྱང་འོད་གསལ་ཞིང༌། །འགྲོ་དང་འོང་དང་འདུག་པར་སྣང༌། །ཐམས་ཅད་རིག་པ་ཚད་ཕེབས་སོ། །ཞེས་སོ། །གཉིས་པ་ནི། ལུས་ཀྱི་རྡོས་པ་དག་ནས་སྙིང་དབུས་སུ་ཨ་དཀར་པོ་ལས་འོད་ཟེར་ལྔ་སྒྲིལ་མཐོངས་ཁུང་གི་ཉི་ཞུར་ལྟར་བར་སྣང་ལ་འོད་ཀྱི་སྐར་ཁུང་གི་ནང་ཤར་བར་ཟུག་ཅིང༌། ཐོར་ཚུགས་ན་ཡེ་ཤེས་ཀྱི་རླུང་གནས་པས་རང་བཞིན་གྱིས་འདེགས་པར་སྣང་ལ། མཛོད་སྤུ་ནས་འོད་ཟེར་སྣ་ལྔ་འདོམ་གང་དུ་གསལ་ཞིང༌། ལག་པའི་སོར་མོ་ལྔ་ལ་འོད་ལྔའི་ཕྲེང་བས་འཁྲིགས་ཤིང༌། །ལུས་ཀྱི་བ་སྤུའི་སྒོ་ལ་སོགས་པ་ཕྱི་ནང་གི་ཆ་རྡུལ་ཕྲན་གྱི་ཁྱོན་ལས་ཆུང་བ་རེའི་གོ་ན་ཞིང་ཁམས་གྲངས་མེད་ན་སངས་རྒྱས་དང་སེམས་ཅན་ཚད་མེད་པ་སྣང་བ་ནི་ལྷུན་གྲུབ་ཀྱི་སྒོ་བརྒྱད་ཤར་བའི་སྣང་བ་ཀུན་འདིར་ལྷག་ཆད་མེད་པར་རང་སྣང་ལ་སྣང་བ་ཡིན་ལ། དུང་ཁང་

Revision as of 10:19, 22 November 2026

← Ch. 18 (1)Theg mchog mdzod: contentsCh. 18 (3) →

Theg pa'i mchog rin po che'i mdzod, chapter 18: 'od gsal rdo rje snying po'i lam gyi chings bstan pa · འོད་གསལ་རྡོ་རྗེ་སྙིང་པོའི་ལམ་གྱི་ཆིངས་བསྟན་པ
Pages 169–199 of volume 2 of the corrected base text (part 2 of 3 of Ch. 18).

Not in this part's tabs (the edition does not contain it): two volumes MW0TTBBC0007.
[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD86, I1PD87, I1PD88), gorn05 tibocr 2026: BDRC OCR on 860 pages, Mitra OCR on 457 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).
Volume I1PD87

[p. 155] སྨྲ་བ་ཇེ་ཉུང་ཐ་མལ་གྱི་གཏམ་སྨྲ་བ་བཅད་པ་ལ་ཐུན་ཆུང་དུ་བསླབ། དེ་ནས་རིང་དུ་བསླབ། སྐབས་སུ་སྨྲ་རྒྱུ་མེད་ཀྱང་གཅིག་པུ་སྨྲའོ། །གནས་པ་ནི་སྔགས་དང་བརྗོད་པ་ལ་སོགས་པ་དགེ་བའི་བརྗོད་པ་མི་དགག །གཞན་དང་ཚིག་འབྲུ་གཅིག་ཀྱང་མི་འདྲེའོ། །འདིའི་དུས་ན་ལུས་ཀྱི་བརྡས་དོན་གོ་བར་བྱེད་པའོ། །ལ་བཟླ་བ་ནི་སྔགས་ལ་སོགས་པ་བརྗོད་པ་ཐམས་ཅད་མི་བྱའོ། །བརྟན་པ་ནི་ཅི་ཡང་མི་བརྗོད་པའི་ངང་ལས་མི་འདའ་བར་བྱེད་པ་སྟེ། ལུས་ཀྱི་བརྡ་ཙམ་ཡང་མི་བྱ་བ་ཡིན་ནོ། །ས་བོན་གྱི་རྒྱུད་ལས། ངག་ནི་ཇི་ལྟར་ལྐུགས་པ་བཞིན། །སུ་དང་བརྡ་ཙམ་ཉིད་མི་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །སེམས་ཀྱི་འཕྲོ་འདུ་རང་ཆོད་དོ། །ཞེས་སོ། །ངག་གི་སྨྲ་བ་བཅད་པས་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་སྟེ། འགྲོ་བ་གཞན་དང་ངག་མ་འདྲེས་པས་ལུས་འབྱོངས་པའི་དགོས་པ་ཡོད། ལུས་འབྱོངས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། མཁའ་སྤྱོད་ཀྱི་མཁའ་འགྲོ་མ་རྣམས་ཀྱི་བྱིན་གྱིས་བརླབས་ནས་ལུས་སྒྱུ་མའི་སྐུར་གྲོལ་བའོ། །དེ་ནས་བརྗོད་བྱ་བཀག་པས་ངག་འབྱོངས་ཏེ་རྟགས་

[p. 156] སུ་མི་མ་ཡིན་པ་རྣམས་དང་བརྡ་ཕྲད་ཅིང་གཏམ་ཟེར་བ་དག་འོང་། ངག་གི་བརྗོད་པ་བཀག་པས་ཡིད་འབྱོངས་ཏེ། དེའི་རྟགས་སུ་སྔོན་དུ་མི་མ་ཡིན་གྱི་གཟུགས་མཐོང་བ་དང་། དེ་ནས་མངོན་པར་ཤེས་པ་དུམ་བུ་བ་འཆར་རོ། །དེ་ལྟར་ངག་གི་གནད་ཀྱིས་ལུས་སེམས་ཀྱི་མཚམས་ཀྱི་འབྲེལ་གཅོད་པའི་གནད་ཀྱི་གདམས་པའོ། །སེམས་ཀྱི་གནད་དུ་ནམ་མཁའི་མཐོངས་སུ་མིག་ལྟ་བ་ལས་རྟོག་པ་ཅི་ཡང་མ་བསམ་སྟེ། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་སོ། །དེ་ལྟར་གཙོ་བོ་ལུས་ངག་གཉིས་གཅུན་པས་སེམས་ཞོར་ལ་འཆུན་ནས་དབྱིངས་རིག་འཆར་ཞིང་ཁམས་གསུམ་གྱི་འཆིང་བ་གཅོད་དེ། ས་བོན་གྱི་རྒྱུད་ལས། འདི་ལྟར་ལུས་ངག་སུས་གཅུན་པ། །ཆོས་ཀྱི་དབྱིངས་ཀྱི་སྣང་བ་ལ། །འདི་ཡིས་གོམས་པར་འགྱུར་བ་ཡིན། །ཅེས་པ་དང་། རྡོ་རྗེ་བཀོད་པ་ལས། ལུས་དང་ངག་དང་ཡིད་ཀྱི་གནད། །ཤེས་ཤིང་བསྟུན་པས་འཁོར་ལས་གྲོལ། །ཅེས་སོ། །དོན་གཉིས་པ་གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་ལ་གསུམ་སྟེ། གནད་གསུམ་རྡོ་རྗེའི་ཆིངས་སུ་བསྡམ་པ། མངོན་སུམ་རིག་པའི་རང་ངོ་སྤྲོད་པ། དེ་ལས་སྣང་བའི་འཆར་ཚུལ་བསྟན་པའོ། །དང་པོ་ལ་གཉིས་ཏེ་གནད་གསུམ་སྤྱིའི་ཆིངས་བསྟན་པ་དང་། ཕྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པའོ། །དང་པོ་ནི་སྒོ་དང་ཡུལ་དང་རླུང་རིག་གི་གནད་གསུམ་སྟེ། ཐལ་འགྱུར་ལས། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་

[p. 157] ཉིད་དང་། །རླུང་དང་རིག་པའི་གནད་ཉིད་གཏིམ། །ཞེས་པས། དཔེར་ན་གནད་ལ་ཟིན་པའི་མཚོན་དང་འདྲ་སྟེ། ལུས་ཀྱི་རྩ་རྒྱུས་སམ་དོན་སྙིང་ལ་སོགས་པའི་གནད་ལ་ཕོག་ན་ཅི་བྱས་ཀྱང་མི་འཚོ་བར་འཆི་བ་དང་འདྲ་བར། གནད་གསུམ་གྱིས་ཀྱང་ཆོས་ཉིད་ལ་འགྱུར་བའི་ས་མེད་དེ། སྒོའི་གནད་ཀྱིས་མཐོང་བར་བྱེད། ཡུལ་གྱི་གནད་ཀྱིས་མི་འགྱུར་བར་བྱེད། རླུང་རིག་གི་གནད་ཀྱིས་རྟགས་ཚད་ལ་འབེབས་པའོ། །དེ་ཡང་སྒོའི་གནད་སོ་བ་དང་འདྲ། ཡུལ་གྱི་གནད་འགྲོན་པོ་དང་འདྲ། རླུང་རིག་གི་གནད་ཇག་པ་དང་འདྲའོ། །སོས་ཐེབས་པས་འདོད་པའི་མི་འགྱུར་དབང་མེད་པར་ཟིན་ལ། དགྲས་འོངས་པས་ཇག་པའི་ལག་ཏུ་མི་ཚུད་མི་སྲིད་པ་བཞིན་དུ། ཆོས་ཉིད་མངོན་སུམ་གྱི་གནད་ལ་མི་ཐེབས་མི་སྲིད་དོ། །དེ་ཡང་ཡུལ་མེད་ན་རྟེན་སའི་གཞི་མེད་པ། སྒོ་མེད་ན་འགྲོ་བའི་ལམ་སྟོང་། རླུང་རིག་གི་གནད་མེད་ན་ཤེས་རིག་ནང་དུ་མི་ཆོད་པས་གནད་གསུམ་དུ་ངེས་ལ། དེ་ལས་མང་ན་མཐའ་ཡས་པས་གནད་སྟོར་ལ། ཉུང་ན་དོན་མི་འགྲུབ་པས་གསུམ་དུ་ངེས་པའོ། །གཉིས་པ་བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པ་ལ། གནད་གསུམ་སྤྱིའི་རིམ་པ་ངེས་པ་དང་། སོ་སོའི་གནད་ལ་ཐོག་ཏུ་དབབ་པའོ། །དང་པོ་ནི་ལུས་ངག་སེམས་གསུམ་མི་འགུལ་ཞིང་སྒོ་དང་ཡུལ་དང་རླུང་རིག་གཅུན་པ་སྟེ། མཐོང་བ་བརྒྱུད་པའི་ལུང་གིས་ཕྱེ་བ་ནི། རང་བྱུང་རིག་པའི་ཏནྟྲ་ལས། དེ་ལྟར་ལུས་ལ་སོགས་པ་ཡི། །གནད་ཀུན་རབ་ཏུ་གཟིར་བ་ཡིས། །རིག་པ་ཉིད་དང་

[p. 158] མངོན་སུམ་དུ། །བླ་མའི་ལུང་ལས་ཤེས་པ་ཡིན། །ཅེས་པ་དང་། ཐལ་འགྱུར་ལས། དངོས་གཞི་རང་གི་རྒྱུད་བསྟེན་ན། །ལུས་ཀྱི་གནད་དང་ངག་དང་ཡང་། །སེམས་ཀྱི་གནད་ལ་བརྟེན་པ་ཡིས། །རླུང་ནི་ཅི་ནས་དལ་བྱས་ཏེ། །རབ་ཏུ་འཕང་བ་ལས་བྱུང་བ། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང་། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཡུལ་ནི་སྒྲིབ་བྱེད་བྲལ་བའོ། །རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །གཉིས་པ་ལ་སྒོ་དང་། ཡུལ་དང་། རླུང་རིག་གི་གནད་གསུམ་ལས། དང་པོ་ནི། ཐ་མལ་པའི་ལྟ་ལུགས་ཀྱིས་ཡེ་ཤེས་མི་འཆར་བས། སྐུ་གསུམ་གྱི་གཟིགས་སྟངས་གསུམ་ལ་བསླབ་སྟེ། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་ཀྱི་སྐུ་ཡི་གཟིགས་སྟངས་ཀྱིས། །ཁམས་གསུམ་འཁོར་བ་སྤྱི་བས་ནས་འདོན། །ལོངས་སྐུས་སྲིད་པའི་གཞི་མ་འཇིག །སྤྲུལ་སྐུས་སངས་རྒྱས་ཞིང་དུ་སྒྲོལ། །ཅེས་པ་དང་། ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་ཁམས་སུ་བརྟག །ཅེས་པ་དང་། གསང་བ་སྒྲ་རྒྱུད་ལས། ཕ་བ་དང་ཟློག་དང་ཟུར་གྱིས་ནི། །གཟིགས་སྟངས་རྣམ་པ་གསུམ་དུ་གྲགས། །ཞེས་སོ། །དེའང་སྤྲུལ་སྐུ་ཕབ་ནས་སངས་རྒྱ་བཞི་གདུལ་བྱ་ལ་གཟིགས་ལ། ལོངས་སྐུ་ཟུར་ལ་གཟིགས་ནས་སངས་རྒྱ་བ་ནི་ཞིང་ཁམས་ལ་གཟིགས་པ་དང་། ཆོས་སྐུ་ཟློག་ནས་སངས་རྒྱ་བ་ནི་གཞི་ལ་གཟིགས་པའོ། །རྣལ་འབྱོར་པ་མིག་ཤེས་ངན་པས་སྤྲུལ་སྐུའི་

[p. 159] གཟིགས་སྟངས་བསྟུན་ན་མིག་མི་འགྲིབ་པའི་དགོས་པ་ཡོད། མིག་ལ་སྐྱོན་ཆགས་པས་ལོངས་སྐུ་དང་བསྟུན་ན་མིག་གསལ་བའི་དགོས་པ་ཡོད། མིག་ཤས་བཟང་པས་ཆོས་སྐུའི་ངང་བསྟུན་ན་མྱུར་དུ་སྣང་བ་ཚད་ལ་ཕེབས་པའི་དགོས་པ་ཡོད་དོ། །དེ་དག་ལས་མ་གཡོས་ན་སྤྱན་གསུམ་ཁོང་དུ་ཆུད་པར་ངེས་ཏེ། ཆོས་སྐུ་ལ་ཆོས་ཉིད་ཀྱི་སྤྱན་ཡོད་པས་གསུང་ལ། དེའི་བྱིན་རླབས་ཀྱིས་ཡེ་ཤེས་དངོས་སུ་མཐོང་བས་འདི་ཉིད་ལ་ཐག་ཆོད། ལོངས་སྐུ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་པས་སྐུ་ལ། དེའི་བྱིན་རླབས་ཀྱིས་རང་གསལ་དུ་མཐོང་བས་མཁྱེན་པ་རྒྱས། སྤྲུལ་སྐུ་ལ་ཤེས་རབ་ཀྱི་སྤྱན་ཡོད་པས་ཐུགས་ལ། དེའི་བྱིན་རླབས་ཀྱིས་སྒྲ་ཚིག་དང་བྲལ་བར་མཐོང་བས་ཐོས་བསམ་སྒོམ་པ་ལ་རག་མ་ལུས་པར་ཆོས་ཉིད་ཀྱི་དོན་ཁོང་ནས་འཆར་རོ། །དེ་ཡང་སྤྱན་གསུམ་དུ་ལྟ་བ་ནི་ཆོས་ཉིད་ཀྱི་སྤྱན་གྱེན་ལ་བཟློག་པས་བག་ཆགས་ཐུར་ལ་སེལ་བའི་གནད། ཡེ་ཤེས་ཀྱི་ཟུར་ལ་མཉམ་པོར་བལྟས་པས་འཁོར་འདས་རོ་མཉམ་དུ་བསྲེ་བའི་གནད། ཤེས་རབ་ཀྱིས་ཕབ་ནས་བལྟས་པས་ཡེ་ཤེས་ཀྱི་སྣང་བ་དངོས་སུ་འབེབས་པའི་གནད་དོ། །གཟིགས་སྟངས་གསུམ་དུ་ངེས་པ་ཅི་ཡིན་ཞེ་ན། ལེ་ལོ་ཅན་ལ་ལོངས་སྐུ། བརྩོན་འགྲུས་ཅན་ལ་སྤྲུལ་སྐུ། བཏང་སྙོམས་ཅན་ལ་ཆོས་སྐུའི་གཟིགས་སྟངས་ཤིས་པས་ན་གསུམ་དུ་ངེས་སོ། །ངེས་ཚིག་ནི་གཟིགས་པ་ཆོས་ཉིད་ལ་གཟིགས་པས་རྣམ་དག་སྒྲིབ་པ་ཟད་པའོ། །སྟངས་ཀྱིས་

[p. 160] འཁོར་བ་ལས་གྲོལ་བར་བྱེད་པའོ། །གཉིས་པ་ཡུལ་གྱི་གནད་ནི་ཕྱིའི་དབྱིངས་ཀྱི་ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་ཡིན་ལ། ནང་གི་དབྱིངས་ཀྱི་ཡུལ་སྨིན་མཚམས་ཀྱི་མཛོད་སྤུ་ལ་གཏད་པས་དབྱིངས་སྣང་མཐིང་ག་དང་དེ་ལས་མཆེད་པ་རྣམ་ལྔའི་རང་གདངས་ཏེ། ཐལ་འགྱུར་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །བག་རྡུལ་ཆར་གྱིས་དེངས་དུས་སུ། །མཁས་པས་མངོན་སུམ་གནད་གཟིར་དང་། །ནང་གི་སྒྲོན་མ་ལམ་དུ་བྱའོ། །ཞེས་སོ། །དེ་ཡང་ཕྱི་རིག་པ་འཆར་བའི་ཡུལ་ཡིན་ལ། ནང་ཉམས་འཕེལ་བའི་ཡུལ་ཏེ། རིག་པ་དང་ཉམས་གཉིས་སུ་མེད་པ་ལས་འཁོར་འདས་འདྲེས་པ་ཞེས་བྱའོ། །དེའང་ས་ཆུ་མེ་རླུང་གི་མེ་དངོས་པོ་རགས་པ་ལ་ཡུལ་དུ་གཏད་པས་མི་གྲོལ་ཏེ། དང་པོ་སྣང་བ་འཆར་དུ་མི་འདོད། ཕྱིས་ཤར་དུས་གཏད་ཀྱང་དངོས་པོ་རགས་པ་ལྟར་ཤེས་པའང་དེ་དང་མཐུན་པ་སྐྱེ་བས་སྟོང་ཉིད་བསམ་དུ་མེད་པའི་ཉམས་ནང་ནས་མི་འཆར་ལ། ནམ་མཁའ་སྟོང་པ་ལ་རིག་པ་སྟོང་པ་གཏད་པས། ཡུལ་ནམ་མཁའ་དང་མཐུན་པའི་ཉམས་སྟོང་གསལ་འཕྲོ་འདུ་དང་བྲལ་བ་ཕྱལ་ཡས་བཅིག་འཆར་བས། དངོས་པོ་མཚན་མ་དང་བྲལ་བའི་དགོས་པ་ཡོད་དེ། སེམས་སྡེ་ལས། རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །ཞེས་པ་དང་། སྡུད་པ་ལས། དོན་དེ་གང་ཡིན་ནམ་མཁའ་དག་ལ་བརྟགས་པར་གྱིས། །ཞེས་པ་དང་། ཡུམ་བར་མ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

[p. 161] བསྒོམ་པ་ནི། རྣམ་མཁའ་རྣལ་འབྱོར་དུ་བྱེད་པའོ་ཞེས་པ་ལ་སོགས་པ་ལུང་དཔག་ཏུ་མེད་དོ། །དེའང་ཡུལ་ཕྱི་ནང་འདྲེས་པ་ལས་མཉམ་པ་རིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་གཉིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་འདྲེས་པས་འཁོར་འདས་རོ་མཉམ་གྱི་ལྟ་བ་ཞེས་བྱའོ། །འདི་ཉིད་བསྟན་བུ་ལས་ཀྱང་། །དབྱིངས་དང་རིག་པའི་ལྟ་སྟངས་ནི། །སྒྲིབ་བྱེད་བྲལ་བའི་ནམ་མཁའ་ལྟ་བུ། །ཅེས་གསུངས་སོ། །གསུམ་པ་རླུང་རིག་གི་གནད་ནི། ཡུལ་དང་སྒོ་གཉིས་འཛོམ་དུས་རླུང་དལ་བ་བསྟེན་པས་རིག་པ་བཙོན་དུ་གཟུང་བ་ཞེས་བྱ་སྟེ། དེའང་རླུང་ཅི་ནས་ཀྱང་དལ་བ་ལ་ཕྱིར་རྒྱང་རིང་པོ་འཕེན་ཞིང་ཕྱིར་གཟུང་ལ་གཞག་པ་གནད་ཡིན་ནོ། །དེ་ཡང་རླུང་དལ་བས། ཕྱིར་རྒྱལ་འཕྱོར་བའི་ཚེ་རྒྱས་པའི་གྲོགས་སུ་འགྲོ་ལ། ནང་དུ་རྣམ་པར་རྟོག་པ་ནུབ་པའི་རྐྱེན་བྱེད་ཅིང་། གསང་བར་རིག་པ་མངོན་སུམ་དུ་མཐོང་བའི་ལས་བྱེད། ཁོ་ན་ཉིད་དུ་ཟག་བཅས་མི་སྣང་བར་སངས་རྒྱ་བར་བྱེད་པའོ། །དེ་སྐད་དུའང་ཐལ་འགྱུར་ལས། རླུང་ནི་ཅི་ནས་དལ་བྱ་སྟེ། །རབ་ཏུ་འཕང་བ་ལས་བྱུང་བས། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང་། རླུང་རིག་དལ་བས་ཡེ་ཤེས་འགྱུ་བ། །ཅེས་སོ། །རིག་པའི་གནད་ལུ་གུ་རྒྱུད་དབྱིངས་ཀྱི་ར་བར་བཞག་ནས་མི་འགྲུབ་པར་བྱེད་པ་སྟེ། དེ་ཉིད་ལས། རང་ངོ་རིག་པ་ལུ་གུ་རྒྱུད། །འགྲོ་འོང་བྲལ་བས་མཁའ་

[p. 162] ལ་བཟུང་། །ཞེས་པ་དང་། བསྟན་བུ་ལས། དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །རྣམ་པར་གཞག་ཅིང་འབྲལ་མི་བྱ། །ཞེས་སོ། །དེའང་རླུང་དལ་བ་བསྟེན་པས་བྱ་བ་དང་བྲལ་བའི་དོན་རྒྱུད་ལ་སྐྱེ། རིག་པ་ལུ་གུ་རྒྱུད་ཨ་ར་ལ་གཏད་པས་རྣམ་པར་རྟོག་པའི་ཁུངས་ཟད་ནས། འཁྲུལ་པ་གཞི་ལ་ལོག་སྟེ་ཡེ་ཤེས་མ་བུ་ཕྲད་པའོ། །རིག་པ་རླུང་དང་བྲལ་ནས་འགྲོ་འོང་དུ་མེད་པ་ནི་རིག་པ་ལ་རང་བྱན་ཚུད་པའོ། །དེ་ཡང་ཁྲིད་དུ་བྱེད་ན་ལུས་ཀྱི་གནད་བསྣུན་པ་ལ་ཉི་མ་ལྔ་དྲུག་ཏུ་བྱའོ། །དེ་ནས་སྒོ་སྤྱད་པ་ལ་དེ་ཙམ་ཅིག་ཏུ་བྱའོ། །དེ་ནས་ཡུལ་བཙལ་བ་ལ་ཉི་མ་དྲུག་ནས་བདུན་བྱས་ལ། དེ་ནས་མངོན་སུམ་རང་ཐོག་ཏུ་ཕབ་ནས་ཉམས་སུ་ལེན་པའོ། །དེས་ནི་ཤིན་ཏུ་འགྱོངས་ཤིང་སྒོམ་ཤེས་པ་འབྱུང་ངོ་། །གཞན་དུ་འལ་མ་འོལ་བྱས་པས་སྣང་བར་རི་ཅིག་མཐོང་ནས། ཡིད་ཆེས་མེད་པར་ཁྲིད་ཐོན་དུས་ཅི་ལ་ཟེར་ཆ་མེད་པར་བྲ་ཡས་པ་དག་འབྱུང་ཉེ་བས་དེ་ལྟར་མ་སོང་བ་དག་ཏུ་བྱའོ། །དེ་ལ་སྤྱིར་གྱིས་ཁྲིད་མེ་ཆེ་འདི་འདེབས་དུས་སྔོན་འགྲོ་ཚོད་ལ་ཕེབས་པ་བརྩོན་འགྲུས་དང་བཅས་པས་སྦྱངས་པས་དངོས་གཞི་ལ་ཡིད་ཆེས་ཐུན་མོང་མ་ཡིན་པ་སྐྱེའོ། །དངོས་གཞི་ཐེབས་པར་བཏབ་པས་མངོན་སུམ་ལ་སྤྲོ་དགའ་ཁྱད་པར་ཅན་འབྱུང་ངོ་། །རྗེས་རྒྱབ་ཆོས་མཐའ་ཆོད་པར་བཤད་པས་ཉམས་ལེན་བསྐྱང་ཐུབ་པ་ཤེས་ནས་ཐེ་ཚོམ་དང་རྟོག་མཐའ་ཆོད་དེ་ཆོས་གཞན་ལ་ཡིད་མི་སྨོན་པའི་དགོས་པ་ཡོད་དོ། །

[p. 163] གཉིས་པ་མངོན་སུམ་རིག་པའི་རང་ངོ་སྤྲད་པ་ནི། རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ནམ་མཁའ་ལ་ལྡིང་བ་ལྟ་བུ་དབྱིངས་འོད་གསལ་གྱི་སྣང་བ་དང་བཅས་པ་འདི་མ་འཁྲུལ་པའི་སངས་རྒྱས་ཀ་དག་ལྷུན་གྲུབ་ཀྱི་རང་གདངས་ཏེ། ངང་ལ་བལྟས་པས་རྟོག་བྱེད་ཐམས་ཅད་དག་ནས་སྤྲོས་བྲལ་ནམ་མཁའ་འདྲ་བའི་གདངས་ནང་དུ་ཤར་བས། དབྱིངས་རིག་གཉིས་སུ་མེད་པའི་དགོངས་པ་ཤེས་རབ་རང་བྱུང་གི་ཡེ་ཤེས་དང་ཞལ་མཇལ། ཐོག་མའི་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ། འདི་ལ་གོམས་པ་ཚད་དུ་ཕྱིན་ན་རྡོས་བཅས་འོད་དུ་འགྲོ་ལ། མ་ཕྱིན་ཡང་བར་དོའམ་རང་བཞིན་སྤྲུལ་པའི་ཞིང་བགྲོད། འགྲོ་དྲུག་འཁྲུལ་པའི་གཡང་ས་ཆོད་པའོ། །ཞེས་ངོ་སྤྲད་དེ། རང་བྱུང་བསྟན་པའི་བཙས་ལས། འདི་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་བཅས། །སྐལ་བ་ཉིད་ནི་མཉམ་པའོ། །ཞེས་པ་དང་། ཐལ་འགྱུར་ལས། ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ཡི་སངས་རྒྱས་སོ། །ཞེས་སོ། །གསུམ་པ་དེ་ལས་སྣང་བའི་འཆར་ཚུལ་བསྟན་པ་ནི། དབྱིངས་འོད་ལྔའི་རང་གདངས་ལང་ལིང་དུ་སྣང་བ་དང་། ལུ་གུ་རྒྱུད་ལ་ཐིག་ལེ་ཕྲ་མོས་འབྲེལ་བ་དང་། ཐོག་མར་དཀར་ཟང་ཟིང་སྐར་མ་འཕྲོ་བ་ལྟ་བུ་ལས། ཐིག་ལེ་ཁ་དོག་ལྔ་ལྡན་དང་། རེ་རེ་བ་དང་། སུམ་སྤྲེལ་གྱི་བར་གྱི་སྣང་བ་ཚུན་ཆད་དེ། སྔ་མ་ལས། དེ་ནས་ཐིག་ལེ་མཐོང་བ་ཡིན། །ཅེས་སོ། །དེའང་ཕྱི་འོད་

[p. 164] གསལ་ལ་བལྟས་པས་ནང་རྣམ་རྟོག་བྲལ་ཏེ་རིས་མེད་མཉམ་པར་གྲོལ་བ་ནི། ཀ་དག་གི་རིག་གདངས་དང་། ལྷུན་གྲུབ་ཀྱི་འོད་གདངས་གཉིས་ཕྱི་ནང་ཟུང་དུ་འབྲེལ་བས། དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་ཞེས་བྱའོ། །གསུམ་པ་སྣང་བ་བཞི་འཆར་བའི་རིམ་པ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ་དང་། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། སྣང་བ་བཞི་ཀའི་དུས་སུ་ལུས་བཞུགས་སྟངས་ལ་གནས་པ། མིག་གཟིགས་སྟངས་ལ་ལྟ་བ། རླུང་རིག་ངང་གིས་དལ་བ་གསུམ་གནད་མཐུན་ལ། ཁྱད་པར་སྣང་བ་དང་པོ་གཉིས་སུ་སྦྱངས་པས་ཕྱི་མ་གཉིས་སུ་རྩོལ་བ་ལ་མ་ལྟོས་པར་ངང་གིས་འབྱོངས་ནས། འོད་གསལ་དུ་གྲོལ་བ་ཡིན་པས་ན་དབྱིངས་རིག་གཉིས་སུ་མེད་པ་ཞེས་བྱའོ། །འདི་དག་གི་གནད་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་མི་འབྲལ་བར་བྱ་བ་ནི་གནད་དུ་བྱུང་ལ། དེའི་དོན་བཤད་ན། རིག་པ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མི་ཕྱེད་པ་གཞི་གནས་དང་དེའི་གདངས་འོད་རྩ་དྭངས་པའི་སྣང་བ་ལས་གསེར་གྱི་སྐུད་པ་ལྟ་བུ་བྲེང་ཆགས་ལ་འཁྱོག་མཚམས་ཐིག་ལེས་སྦྲེལ་བ་ལ་བྱའོ། །རྡོ་རྗེ་ནི་སངས་རྒྱས་སེམས་ཅན་ཀུན་ལ་ངོ་བོ་བཟང་ངན་མེད་པར་མཉམ་ཞིང་མི་འགྱུར་བར་གནས་པའི་ཆ་ནས་བཞག་ལ། ལུ་ནི་དཔེར་ན་ཆུའི་ལུ་མ་བཟང་པོ་ལས་ཆུ་འཕེལ་འགྲིབ་མེད་པར་འབྱུང་བ་དང་འདྲ་བར། སྐུ་དང་ཡེ་ཤེས་ཀྱི་འཕེལ་སྒོ་སྣ་ཚོགས་སུ་ལམ་སྣང་མ་རྫོགས་ཀྱི་བར་ལ་དེ་ལས་འཆར་བར་བྱེད་པའོ། །གུ་ནི་དེ་ཉིད་ཀྱི་

[p. 165] ནང་དུ་ཆོས་ཉིད་ཕྱིན་ཅི་མ་ལོག་པའི་ལྟ་བ་དང་སྒོམ་པ་འགུགས་པར་བྱེད་ལ། རྒྱུད་ནི་འཁོར་འདས་ལ་ཁྱབ་ཅིང་སྣང་བ་དེའི་ཚོགས་རྣམས་ལས། སྐུ་དང་། ཐིག་ལེ་འཕྲོ་བ་དང་། མཆེད་པ་དང་། འདུ་བ་ལ་སོགས་པ་གསལ་བར་བྱེད་པའོ། །ཐལ་འགྱུར་ལས། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །དེ་ལས་སྣང་བ་བཞིར་འགྱུར་ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་བསྡུ་བས། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །འཁྲུལ་བའི་སྣང་བ་རྩུབ་པར་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད། །ཅེས་སོ། །དེའང་སྣང་བ་བཞིར་གྲངས་ངེས་པ་ནི་ཕྱིར་ན་མ་རླངས་བཞིའི་འཕེལ་སད་པ་དང་། རྐང་དུ་ལུས་ངག་ཡིད་སེམས་བཞིའི་བཅིངས་པ་ལས་དགྲོལ་བ་དང་། གསང་བར་དབང་བཞིའི་ངེས་པ་སྟོན་པ་དང་། དེ་ཁོ་ན་ཉིད་དུ་སྤྲོ་ན་མ་བཞིའི་སྣང་བ་ངེས་པ་ལ་ལྟོས་ནས་བཞིར་ངེས་སོ། །གོ་རིམས་ངེས་པ་ནི། དང་པོའི་གཞི་ཆོས་ཉིད་མངོན་སུམ་མ་མཐོང་ན་ལྷག་མ་གསུམ་གྱི་འཆར་གཞི་མེད་པས་རྟེན་དང་བརྟེན་པའི་གཞིར་དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་འཆར་བའོ། །དེ་ཉིད་ཤར་བས་ཆོས་ཐམས་ཅད་ཀྱི་དོན་མཐོང་བས་རང་བྱུང་གི་ཡེ་ཤེས་རང་ལས་རྙེད་པ་ཞེས་བྱའོ། །དེ་ནས་མངོན་པ་དེ་ཉམས་སུ་མ་མྱོང་ན་ཚིག་ཙམ་ལ་འབྲས་བུ་མི་འབྱུང་བ་ལས། དོན་ཉམས་སུ་མྱོང་

[p. 166] པས་དེའི་ཉམས་གོང་འཕེལ་དུ་བྱུང་བའོ། །དེ་ལྟར་ཉམས་སྐྱེས་པའི་ཚད་བརྟན་པར་བྱེད་དགོས་ཏེ། མ་བརྟན་ན་ཉམས་ལ་ཐུག་པ་མེད་པས་ཆོས་ལ་ཟིན་པ་མེད་ཅིང་། སངས་པ་རྒྱ་རྒྱུ་མི་འབྱུང་བ་ལས། ཉམས་བརྟན་པའི་ཚད་ལ་ཕེབས་པས། རིག་པ་ཚད་ཕེབས་ཀྱི་སྣང་བ་བྱུང་བའོ། །རིག་པའི་སྣང་བ་ཚད་ལ་ཕེབས་ཀྱང་དེ་ལས་གཞན་དུ་མི་འགྱུར་ན་སྐུ་གསུམ་འབྲས་བུར་འདོད་པ་དང་ཁྱད་མེད་ལ། དངོས་སྣང་མཚན་མའི་ཆོས་ལ་དོན་གྱི་འབྲས་བུ་རེ་བ་ཐུན་མོང་པ་རྣམས་དང་ཁྱད་མེད་པ་ལས། སྣང་ཉམས་གཞི་ལ་ཐིམ་སྟེ། ཕྲ་རགས་ཀྱི་སྣང་འཛིན་ནུབ་ནས། ཀ་དག་ཆོས་ཟད་ལ་སྤྱོད་པས་ཆོས་ཉིད་ཟད་པའི་སྣང་བ་བྱུང་བའོ། །དེ་དག་ཀྱང་དང་པོ་གཉིས་སྤྲུལ་སྐུ། ཚད་ཕེབས་ལོངས་སྐུ། ཟད་པ་ཆོས་སྐུའི་སྣང་བ་ལམ་དུ་བྱས་པས་སྐུ་གསུམ་ལམ་སྣང་དུ་ཤར་བས་འབྲས་བུ་ཆོས་ཟད་ཀ་དག་གི་དབྱིངས་ལ་ཐུག་པའི་ཕྱིར། རང་སྣང་གི་རྩལ་སྐུ་གསུམ་རིག་པའི་ངང་དུ་ཐིམ་པས། རིག་པ་ཀ་དག་གི་འབྲས་བུ། རིག་པའི་དབྱིངས་ནས་གདོད་ཀྱིས་རང་རྩལ་སྐུ་གསུམ་ཤར་བས་དོན་བྱེད་པ་ཞེས་བྱ་སྟེ། ཐེག་པ་གཞན་ནས་མིང་ཡང་མི་གྲག་པའི་སྙིང་པོ། ཐེག་པ་རྒྱལ་པོའི་དགོངས་པ་ཞེས་བྱའོ། །གནད་འདི་རྟོགས་དཀའ་བ་ཅིག་ཡིན་ནོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་བཞི་སྟེ། ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་ཕེབས། ཆོས་ཉིད་ཟད་པའི་སྣང་བ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ།

[p. 167] མངོན་སུམ་སྤྱིའི་འབྲེལ་དགོད་པ་དང་། རང་གི་མཚན་ཉིད་ངོས་གཟུང་བའོ། །དང་པོ་ནི་སྤྱིར་མངོན་སུམ་ལ་ཀུན་རྫོབ་ཐ་སྙད་ལ་གྲགས་པའི་མངོན་སུམ་དང་། དོན་དམ་དབྱིངས་ལ་མཇལ་བའི་མངོན་སུམ་གཉིས་ལས། དང་པོ་ལ་དབང་པོའི་མངོན་སུམ་གཟུགས་སོགས་ཡུལ་ལྔ་སྣང་བའི་རང་བཞིན་དང་། ཡིད་ཀྱི་མངོན་སུམ་ཡུལ་ཉེ་བར་སྤྱོད་པ་རྒྱུ་མཚན་ངེས་པའི་རྟོག་ཡུལ་ན་སྣང་བ་དང་། རང་རིག་པའི་མངོན་སུམ་ནང་དུ་བདེ་སྡུག་ལ་སོགས་མྱོང་བ་ངེས་པའི་སྣང་བ་དང་། རྣལ་འབྱོར་གྱི་མངོན་སུམ་ཆོས་ཉིད་ཀྱི་དོན་ཉེ་བར་མཇལ་བ་དེ་ཁོ་ན་ཉིད་ཀྱི་ཕྱོགས་ལ་ཞུགས་པའི་སོ་སོ་ཡང་དག་པའི་རིག་པ་དང་དེའི་སྣང་ཡུལ་གཉིས་སུ་མེད་པའི་ངང་ན་གཟུང་འཛིན་དང་བྲལ་བར་མྱོང་བའི་ངེས་པ་སྟེ། རྣམ་འགྲེལ་ལས། ཐམས་ཅད་ལས་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །གནས་ནའང་མིག་གིས་གཟུགས་དག་ནི། །མཐོང་བའི་བློ་དེ་དབང་སྐྱེས་ཡིན། །ཅེས་བཤད་པ་བཞིན་ནོ། །དོན་དམ་དབྱིངས་ལ་མཇལ་པའི་མངོན་སུམ་ནི་རིག་པའི་ངོ་བོ་ཆོས་ཉིད་སྙིང་ག་ན་ཡོད་པར་ངེས་ཏེ། དེའི་རང་གདངས་སྙིང་ནས་མིག་ཏུ་འབྲེལ་བའི་ཕྱིར་ཉི་མ་དང་འོད་ཟེར་བཞིན་རྒྱུ་འབྲས་ངེས་པའི་གཏན་ཚིགས་ཀྱིས་ཡིད་ཆེས་པར་མཇལ་བའོ། །དེའི་ཕྱིར་འཇིག་རྟེན་པ་དང་འདས་པ་གཉིས་ལས་འདི་ནི་འདས་པའི་མངོན་སུམ་མོ། །འདས་པ་ལ་བརྗོད་བྱ་ཤེས་པ་གཙོ་བ་སེམས་ཀྱི་རྒྱུ་མཚན་ངེས་པ་དང་། གནད་གཏེམས་

[p. 168] པ་མཐོང་བ་གཙོ་བོ་རིག་པའི་མངོན་སུམ་གཉིས་ལས། འདི་རིག་པའི་མངོན་སུམ་ཞེས་བྱ་བ་ཡིན་ནོ། །གཉིས་པ་རང་གི་མཚན་ཉིད་ངོས་གཟུང་བ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་པ་ལ། ཆོས་ཉིད་ཀྱི་སྒྲ་ཉེ་བར་སྦྱར་བ་ལ་བཞི་ལས། འཁོར་བ་ལ་ཆོས། མྱང་འདས་ལ་ཆོས་ཉིད་ཅེས་པའི་འདི་ཆོས་ཉིད་དོ། །སྣང་བ་ལ་ཆོས། སྟོང་པ་ལ་ཆོས་ཉིད་དུ་བརྗོད་པའི་འདི་ཆོས་ཉིད་དོ། །གནད་མེད་པས་མི་གྲོལ་བ་ལ་ཆོས། ཡོད་པས་གྲོལ་ངེས་པ་ལ་ཆོས་ཉིད་དུ་གྲགས་པའི་འདི་ཆོས་ཉིད་དོ། །དབྱིངས་ལ་ཆོས། རིག་པ་ལ་ཆོས་ཉིད་དུ་གྲགས་པའི་འདི་གཉིས་ཀ་དབྱེར་མེད་དུ་འདོད་པའོ། །མངོན་པ་ནི་དབང་པོའི་སྤྱོད་ཡུལ་པ་དངོས་སུ་བལྟར་ཡོད་པའོ། །དེ་འང་ཡིད་དཔྱོད་ལ་མ་ལྟོས་པ་སྟེ། ཡིད་དཔྱོད་ཀྱི་ཤེས་རབ་ཀྱིས་གང་དུ་བཙལ་ཡང་རྙེད་པའི་དུས་མེད་དོ། །ཚོལ་མཁན་མིག་ཅན་མ་ཡིན། འོད་གསལ་གཟུགས་ཅན་མ་ཡིན་པའི་ཕྱིར་ཏེ། སྡུད་པ་ལས། ཤེས་རབ་ཀྱིས་ནི་བརྟགས་ན་ཕུང་པོའི་གཏིང་མི་རྙེད། །ཅེས་སོ། །འོད་གསལ་ཀྱི་སྣང་བ་འདི་ཐ་སྙད་ལ་གྲགས་པའི་གཟུགས་ཅན་མ་ཡིན་ཏེ། ཕྲ་བ་རྡུལ་ཕྲན་དང་རགས་པ་དངོས་པོ་རང་མཚན་དུ་འདི་མེད་པའི་ཕྱིར་འབྱུང་བཞིའི་གནོད་པས་གཞིག་ཅིང་གཞོམ་དུ་མི་རུང་བའི་ཕྱིར་རོ། །གཟུགས་ཅན་ནི་གཞིག་ཅིང་གཞོམ་རུང་དུ་ཡོད་དེ་གཟུགས་ཀྱི་མཚན་ཉིད་དེ་ཡིན་པའི་ཕྱིར་རོ། །གསུམ་ནི་རྣམ་གྲངས་ཏེ་ཕྱིར་ལུས་ངག་ཡིད་གསུམ་གྱི་གནད་གསུམ་གྱིས་གཞི་བཅའ་བ།

[p. 169] ནང་བུ་ཆོས་ཉིད་ཡུལ་གྱི་གནད། འཆར་བྱེད་སྒོའི་གནད། རླུང་རིག་གནས་པའི་གནད་གསུམ་གྱིས་ལམ་གསལ་བ་དང་། གསང་བར་གོམས་པ་ཚད་ཀྱི་རིམ་པ། སྨིན་པ་རྟགས་ཀྱི་རིམ་པ། མཐར་ཐུག་ཟད་པའི་རིམ་པ་དང་གསུམ་གྱིས་ཚད་གཟུང་བ་དང་། བླ་ན་མེད་པར་སྣང་བ་འོད། སྨིན་པ་ཐིག་ལེ། རྫོགས་པ་སྐུ་དང་གསུམ་གྱིས་འབྲས་བུ་རྫོགས་པའི་ཕྱིར། གསུམ་ཚན་བཞིར་ངས་པས་གསུམ་ཞེས་བྱའོ། །ཡང་ན་ཆོས་ཉིད་ལ་སྐུ་གསུམ་ལྷུན་གྲུབ་ཏུ་ཡོད་པའི་རང་གདངས་སྣང་བ་གསུམ་ཕྱིར་ཤར་བའི་གྲངས། ཆོས་སྐུའི་རང་གདངས་ནང་མྱོང་བ་རིག་སྟོང་། ལོངས་སྐུའི་རང་གདངས་འོད་ལྔ་ཕྱིར་གསལ་བ་ཡེ་ཤེས་རང་གསལ། སྤྲུལ་སྐུའི་རང་གདངས་ཤར་གྲོལ་རིས་མེད་ཤེས་རབ་ཀྱི་རྩལ་དང་བཅས་པ་གསུམ་ལ་ལྟོས་ནས་གསུམ་ཞེས་བྱའོ། །དེའང་གཞི་གསུམ་གྱིས་གཞི་བཅས་པས་དངོས་པོ་ལ་ཐ་དད་མེད་པའི་གནད་དང་། ལམ་གསུམ་གྱིས་གགས་བསལ་བས་འགྲོ་ལམ་ལ་ཉེ་རིང་མེད་པ་དང་། ཚད་གསུམ་གྱིས་ཚད་ལ་ཕབ་པས་འདྲ་མིན་དང་ཆལ་ཚོལ་མེད་པ་དང་། འབྲས་བུ་གསུམ་གྱིས་ཟད་སར་བསྐྱལ་བས་ཡིན་མིན་དང་ཐེ་ཚོམ་མེད་པས་ན་མངོན་སུམ་ཞེས་བྱ་སྟེ། ཐ་མལ་པའི་དུས་ན་དགའ་མི་དགའ་བཏང་སྙོམས་གསུམ་མཐོང་བས་བདེ་སྡུག་བར་མ་གསུམ་འཆར་བ། བླ་མའི་གདམས་པ་ཉམས་སུ་བླང་བའི་དུས་ན་དབྱིངས་རིག་ཆོས་གསུམ་མངོན་པར་མཐོང་བས་སོ། །ཆོས་ཉིད་མངོན་

[p. 170] སུ་མ་ལ་ཡིད་དཔྱོད་ཚིག་གིས་སྒྲོ་གདགས་སུ་མེད་པའི་གནད། གོམས་པའི་དུས་ན་འོད་ཐིག་ལེ་སྐུ་གསུམ་མཐོང་བས་འཁྲུལ་པའི་སྣང་བ་རང་འགགས་པའི་གནད། ཚད་དུ་ཕྱིན་པའི་དུས་ན་གསལ་བ་སྟོང་པ་བདེ་བ་གསུམ་མངོན་པར་མཐོང་བས། ཆོས་ཉིད་རང་ཟད་པའི་གནད་དོ། །དེ་ལྟར་ན་གསུམ་ཞེས་གྲངས་ཀྱི་གནས་གཞན་ལ་བརྟེན་ནས་འབྲས་བུ་ཅིག་ཅར་དུ་གྲོལ་བར་ངེས་པའོ། །སྣང་བ་ནི་གང་སྣང་ན་ཆོས་ཉིད་སྣང་ལ། ཡུལ་གང་ལ་སྣང་ན་དབྱིངས་ལ་སྣང་། ཚུལ་ཇི་ལྟར་སྣང་ན་འོད་དང་འོད་ཁྱིམ་རིག་པ་ལུ་གུ་རྒྱུད་དང་བཅས་པ་སྣང་། སྣང་བ་དེ་ཉམས་སུ་བླངས་པ་ལས་འབྲས་བུ་རྡོས་བཅས་མི་སྣང་བར་སངས་རྒྱ་བའོ། །དེ་ལྟར་ཆོས་ཉིད་མངོན་སུམ་གྱི་སྣང་བའི་ངོ་བོ་དབྱིངས་རིག་འོད་གསལ་དུ་སྣང་བ་སྟེ། ཡི་གེ་མེད་པ་ལས། སྐྱེ་བ་མེད་པའི་མངོན་སུམ་སངས་རྒྱས་ཀྱིས། །ཡུལ་མེད་རྣམ་པར་དག་པའི་སྣང་བ་མཐོང་། །ཞེས་པ་དང་། སྒྱུ་འཕྲུལ་ལས། ནོར་བུ་རིན་ཆེན་འདོད་ཆགས་དཔལ། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཞེས་སོ། །ངེས་ཚིག་ནི་སྐུ་གསུམ་གྱི་སྣང་བ་མཐོང་བ་སྟེ། རིན་པོ་ཆེ་རྣམ་པར་བརྩེགས་པའི་རྒྱུད་ལས། མངོན་ཞེས་བྱ་བ་མཐོང་བ་ལ། །གསུམ་ཞེས་བྱ་བ་སྐུ་གསུམ་གྱི། །ཞིང་ཁམས་གཏན་ལ་ཕེབས་པའོ། །ཞེས་སོ། །དགོས་པ་ནི་གནད་འདིས་གོལ་སྒྲིབ་མེད་པར་གྲོལ་ཏེ། དེ་ཉིད་ལས། ཆོས་ཉིད་མངོན་སུམ་གནད་མེད་ན། །མིག་མེད་གཡང་ཁར་ཕྱིན་པ་འདྲ། །ཞེས་སོ། །གནད་ནི་ཐལ་འགྱུར་ལས། རྒྱང་ཞགས་

[p. 171] འགུལ་བ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཅེས་པ་དང་། ཡི་གེ་མེད་པ་ལས། མིག་ནི་རབ་ཏུ་གནན་བྱ་སྟེ། །མིག་ཟུར་ཉིད་ལས་དབྱིངས་འབྱུང་བས། །མིག་ནི་ནམ་མཁའི་ཁམས་སུ་བརྟག །ཅེས་སོ། །སྣང་བ་ནི། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ལས་ངེས་འཐོན་ཏེ། །སྤྲིན་མེད་པ་ཡི་མཁའ་ལ་གསལ། །ཅེས་པ་དང་། གཞན་ཡང་རྩ་དང་འཁྲུལ་འཁོར་གྱིས། །རང་བཞིན་གནས་པའི་ཡེ་ཤེས་ལྔ། །ཆུ་བུར་མིག་གིས་མཐོང་བའོ། །ཞེས་པ་དང་། རང་ཤར་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འགྲོ་དང་འོང་བ་དང་། །འགུལ་བ་དང་ནི་འཕྲིག་པའོ། །ཞེས་པ་དང་། སེང་གེ་རྩལ་རྫོགས་ལས། རང་སྣང་རིག་པའི་དངོས་པོ་དེ། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །ཞེས་པ་དང་། ནོར་བུ་འཕྲ་བཀོད་ལས། རྒྱང་ཞགས་ཆུའི་སྒྲོན་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ཡོངས་སུ་གསལ་ལོ་ཞེས་སོ། །ཉམས་སུ་བླང་ལུགས་ནི་དང་པོ་ཐུན་ཆུང་ལ་གྲངས་མང་དུ་བྱ། གཉིས་པ་ལ་ཐུན་བསྐྱེད་ཅིང་ཡུན་བསྲིང་། གསུམ་པ་ལ་ཉིན་མཚན་མེད་པར་ཉམས་སུ་བླང་ཞིང་། དབྱིངས་ཀྱི་རེ་བར་རིག་པ་བཅུག་པ་ལས་མི་འགུལ་བར་བྱེད་དེ། སྒྲོན་མ་འབར་བ་ལས། དབྱིངས་ཀྱིས་རིག་པའི་རང་ཡུལ་བྱེད། །རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད། །འདི་ཉིད་ནང་དུ་གཞག་པར་བྱ། །ཞེས་སོ། །འབྲས་བུ་ནི། ཕྱིའི་དབྱིངས་སྣང་ལ་

[p. 172] མིག་མི་འགུལ་བའི་ངང་དུས་ན། ནང་དུ་རིག་པ་གཞི་ལ་གནས་པས་གདངས་རང་ཐིམ་ལ་འཁོར་ནས། གློ་བའི་རླུང་གི་རྟ་དང་བྲལ་བས། ཡེ་ཤེས་ཀྱི་ནམ་མཁའ་དབྱིངས་ཀྱི་ནམ་མཁའ་ལ་ཐིམ་ནས་ངོ་མཉམ་རིས་མེད་དུ་གྲོལ་བས། ཀ་དག་གི་རིག་པ་དབྱིངས་ལས་མ་གཡོས་པར་སྙིང་ག་ནང་གིས་འོད་གསལ་བའི་དགོངས་པ་ལ་རང་བཞིན་གྱིས་གནས་ཏེ། རྣལ་འབྱོར་པ་དེ་ཆོས་ཉིད་གདོད་མའི་འོད་གསལ་ཟིན་པ་ཞེས་བྱ་བས་འཁོར་བ་མིང་མེད་དུ་སྟོངས་ནས་སྲིད་གསུམ་གདར་ཤ་ཆོད་པ་ཡིན་ཏེ། ཐལ་འགྱུར་ལས། དེས་ནི་ཆོས་ཉིད་མངོན་སུམ་གནད། །མཐོང་བ་ཙམ་གྱིས་ཤེས་པ་དང་། །དེ་ཤེས་པ་ཡིས་རྟོགས་པ་དང་། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །གྲོལ་ཞེས་བཀྲོལ་བ་མ་ཡིན་ཏེ། །ནམ་མཁའ་དག་ནི་ནམ་མཁའ་ལ། །ཐིམ་ནས་རང་བཞིན་དམིགས་མེད་པས། །རིས་མེད་ཆ་ཤས་ཡོད་མ་ཡིན། །མངོན་སུམ་རྙེད་པའི་སྐལ་ལྡན་ལ། །ཁམས་གསུམ་འཁོར་བ་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །ཞེས་སོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ལ་གཉིས་ལས། མདོར་བསྟན་པ་ནི། དབྱིངས་རིག་ལ་གོང་ནས་གོང་དུ་སྦྱངས་པས། ཕྱིར་དབྱིངས་སྣང་དུ་རིག་པ་ལུ་གུ་རྒྱུད་དབྱེར་མེད་དུ་གནས་པ་བཞིན། ནང་དུ་ཀ་དག་གི་སྟོང་དབྱིངས་ལ་རང་གདངས་ཀྱི་རིག་དབྱིངས་གཉིས་མེད་དུ་གནས་པས་འོད་གསལ་མ་བུ་འདྲེས་ཏེ། སྣང་ཉམས་སྣ་ཚོགས་སུ་འཕེལ་བ་ནི། ཐལ་འགྱུར་ལས། ཉམས་གྱི་སྣང་བ་གོང་

[p. 173] འཕེལ་ནི། །ཡེ་ཤེས་ཁ་དོག་ཕྱིར་བྱུང་ནས། །གྱེན་འགྲེང་བ་དང་རྩིབས་ཤར་དང་། །ཐིག་ལེ་སྣ་ཚོགས་སྐུ་ཉིད་དུ། །རགས་པར་སྣང་བའི་ཡུལ་ལ་གསལ། །ཅེས་སོ། །རྒྱས་པར་བཤད་པ་ནི། ཉམས་གོང་འཕེལ་ཅེས་པའི་ཉམས་ལ་གཉིས་ཏེ་ཤེས་པའི་ཉམས་དང་། སྣང་བའི་ཉམས་སོ། །ཤེས་ཉམས་ལ་འཇིག་རྟེན་པའི་ཤེས་ཉམས་ཏིང་ངེ་འཛིན་གྱིས་ཐོབ་པའི་དགའ་བདེ་སེམས་ཆགས་པ་གླུ་གར་ལ་སོགས་པ་བྱེད་སྙིང་འདོད་པ་རྣམས་དང་། འདས་པའི་ཤེས་ཉམས་སྟོང་གསལ་མཐའ་བྲལ་གྱི་རྟོགས་ཚད་ཤེས་རབ་ཀྱི་རྩལ་དང་བཅས་པ་རྣམས་ཏེ། འདི་ཉིད་ཐོག་མ་བར་དང་མཐར་གོམས་པ་ལས། ཤེས་པ་དགའ་བདེའི་ཉམས་དང་། མཐར་འགྱུར་གྱི་ཉམས་དང་། སྣང་བའི་ཉི་མས་དང་གསུམ་འབྱུང་བ་ལས། དང་པོ་ནི། ལུས་ངག་གནད་དུ་གཅུན་པས་བླུང་སེམས་བག་ལ་ཞ་ནས། ནང་ཏིང་ངེ་འཛིན་འོད་གསལ་སྟོང་པའི་ངང་ལ་འབྱམས་པ་དང་། ཤེས་པ་བག་ཡངས་གཟུང་འཛིན་མེད་པའི་དགའ་བདེ་ཡངས་པ་ཁྲོལ་ཆགས་སུ་སྐྱེས་ཀྱང་ཞེན་འཛིན་སྤུ་ཉག་ཚོམ་ཡང་མེད་པ་ནི་རང་བཞིན་གྱི་བསམ་གཏན་གནད་དུ་ཕེབས་པ་ལས་བྱུང་བའོ། །བཅོས་མའི་བསྒོམས་པ་ལས་དགའ་བདེ་བྱུང་བ་ནི་ཉམས་འགྱུར་བ་ཤས་ཆེ་ལ་རགས་པ་འཁྲབ་པའམ་གླུ་གར་བྱེད་འདོད་པ་འབྱུང་བས་ཆགས་ཞེན་དུ་སོང་ལ། འདི་ནི་དགའ་བདེར་ཤར་ཡང་རང་དབང་ཐོབ་པའི་དགའ་བདེ་ཞེན་མེད་དུ་ཤེས་པའི་ཁྱད་ཡོད་པ་ནི་བཅོས་ནས་

[p. 174] བསྒོམས་པ་དང་། རང་བཞིན་གྱིས་རླུང་དུ་ཕེབས་པའི་བསམ་གཏན་གྱི་ཁྱད་དུ་ཤེས་པར་བྱའོ། །མཐར་འགྱུར་གྱི་ཉམས་ནི་རླུང་ཉམས་ཀྱི་སྣང་ཆ་སྟེ། སྲིན་བུ་མེ་ཁྱེར་ལྟ་བུ་དང་། སྤྲིན་ལྟ་བུ་དང་། དུ་བ་ལྟ་བུ་དང་། སྨུག་ཟིལ་ལྟ་བུ་དང་། ཟླ་བ་ཤར་བ་ལྟ་བུ་དང་། སྐར་མ་ཤར་བ་ལྟ་བུ་དང་། ནམ་སྲོས་པ་ལྟ་བུ་ལ་མཐིང་གའི་སྣང་བ་ཡོད་པ་ལྟ་བུ་དང་། ཉི་མ་ཤར་བ་ལྟར་ཕྱི་ནང་ཟང་ཐལ་བར་སྣང་བ་ལྟ་བུ་དང་བརྒྱད་དེ། འཆར་ནུབ་དང་གསལ་འགྲིབ་ཏུ་བྱུང་བས། མི་བརྟན་ཚུགས་མི་ཐུབ་འགྱུར་འགྲོ་བས་མཐར་འགྱུར་གྱི་ཉམས་ཞེས་བྱ་སྟེ། རླུང་གཡོ་བའི་ཉམས་ཡིན་པའི་ཕྱིར་རོ། །འདི་དག་བྱར་ཡོད་དེ་རླུང་སེམས་དག་དགོས་པའི་ཕྱིར་རོ། །སྣང་བའི་ཉམས་ནི། རིག་པའི་རང་གདངས་འོད་གསལ་ཆེན་པོ་སྟེ། གནས་སྐབས་སུ་ཕྱིར་སྣང་འཕེལ་ཞིང་ཚད་ལ་ཕེབས་ནས། རང་གདངས་གཞི་ཐིམ་ལ་ནང་དུ་བཟློག་པས་ཕྱིར་གསལ་དུ་ཟད་དགོས་ཏེ། ལྷུན་གྲུབ་ཀ་དག་གི་དབྱིངས་སུ་ཐིམ་དགོས་པའི་ཕྱིར་རོ། །ནང་གསལ་དུ་རང་འོད་ཀྱི་ཀློང་ན་རིག་པ་སྐུ་དང་ཡེ་ཤེས་ཀྱི་ཕོ་བྲང་ལ་ཡེ་བཞུགས་ལྷུན་གྲུབ་ཆེན་པོར་འཕོ་འགྱུར་མེད་པའོ། །དེས་ན་འདིར་སྣང་བའི་ཉམས་གཙོ་བ་སྟེ། ཤེས་ཉམས་ནི་བློ་ཡིན་པས་འགྱུར་ཞིང་ཚད་མི་ཐུབ་སྟེ་ཀུན་བརྟགས་ཀུན་རྫོབ་ཀྱི་རྣམ་པ་ཅན་དྲན་བྱེད་ཐ་དད་པ་ཚུ་རོལ་གྱི་རྟོག་པས་བསྡུས་པའི་ཕྱིར། འདི་ལ་ཚད་བྱེད་ན་སྤྲིན་ལ་ཚོད་བཙུགས་ནས་སྦས་སྐུངས་བྱེད་པའི་བྱ་དང་འདྲ་སྟེ། དོན་རྟོགས་པའི་དུས་

[p. 175] མེད་དེ་མཐོང་བ་རང་ཐོག་ཏུ་མི་ཕེབས་སོ། །འདི་ནི་སྣང་བའི་ཉམས་ཏེ་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་མཐོང་བས་འཁོར་བའི་ལས་ཀྱི་མཐའ་ཕྱེད་གཟུང་བ་ཡུལ་དུ་སྣང་བ་ལས་འདས་ལ། དབྱིངས་ཀྱི་སྣང་བ་མཐོང་བས་དེའི་སྟེང་དུ་འཛིན་པ་རྟོག་པའི་ཆའི་ཕྱེད་མེད་པ་སྟོང་ཆང་དུ་འཛིན་པ་ལོག་པས་འཁོར་བའི་ཆའི་སུམ་གཉིས་ལས་འདས་ལ། ཀུན་རྟོག་གཞི་གྲོལ་རང་སངས་སུ་དག་པས་འཛིན་ཆའི་ཕྱེད་སྣང་བ་རང་མཚན་དུ་འཛིན་པ་ལོག་པས། གཟུང་འཛིན་གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པ་ཞེས་བྱའོ། །མདོར་ན་སྣང་ཉམས་རྣམས་ཡེ་ཤེས་ལྔའི་ཁ་དོག་གི་སྣོད་བ་དང་། དབྱིངས་ཀྱི་སྣང་བ་གཉིས་སུ་འདུས་པའོ། །གོང་འཕེལ་ནི་སྣང་བ་དེ་དག་ཇེ་བཀྲ་ཇེ་ལེགས་ཇེ་མང་ལ་སོང་བ་སྟེ། འདི་ལ་དག་ཚུལ་གྱིས་སྤྱིར་བསྟན་པ་དང་། སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། འཁོར་བའི་བཅིངས་པ་ལས་གྲོལ་ཚུལ་དང་སྦྱར་ན། སྣང་བ་དེ་ཡང་གྱེན་འགྲེང་དང་། རྩིབས་ཤར་དང་། གྲུ་ཆད་དང་། དུམ་བུ་དང་། སྣམ་བུའི་སྣང་བ་དང་ལྔ་རྫོགས་པས་ཡེ་ཤེས་ལྔའི་ཁ་དོག་ལ་དབང་ཐོབ་ནས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་ལྔ་མངོན་དུ་རྒྱུ་བའི་བཅིངས་པ་ལས་གྲོལ་ཏེ། བག་ལ་ཉལ་ཙམ་ལས་མ་གཏོགས་པ་མེད་པས་འཁོར་བའི་ཕྱེད་ལས་འདས་པ་ཉིད་དོ། །དེ་ནས་དྲ་བའི་རྣམ་པ་དང་། དྲ་བ་ཕྱེད་པ་དང་། མིག་མངས་རིས་དང་།

[p. 176] མི་གཚགས་ཀྱི་རྣམ་པ་ལྟ་བུ་དང་། ཟ་འོག་གུར་གྱིས་ལྟ་བུ་མཐོང་བས། གཟུགས་ལ་སོགས་པ་ཕུང་པོ་ལྔར་ཆགས་པས་བདག་ཏུ་བྱས་པ་ལས་འདས་པས། འཇིག་རྟེན་གྱི་བདག་སུམ་གཉིས་ལས་འདས་པས། ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་བྱིན་རླབས་སོ། །དེ་ནས་ཡེ་ཤེས་དངོས་པོ་དག་པའི་དབྱིབས་ཀྱི་སྣང་བ། ཡེ་ཤེས་མཁར་ཐབ་ཀྱི་རྣམ་པ་འདྲ་བ་དང་། ཉི་ཟླ་ཟུང་སྤྲེལ་གྱི་རྣམ་པ་འདྲ་བ་དང་། པདྨ་བརྩེགས་པའི་རྣམ་པ་འདྲ་བ་དང་། མཆོད་རྟེན་བརྩེགས་པའི་རྣམ་པ་འདྲ་བ་དང་། པདྨ་སྟོང་ལྡན་གྱི་རྣམ་པ་དང་འདྲ་བ་མཐོང་བས། འབྱུང་བ་ལྔའི་འཆིང་བྱེད་ལས་འདས་པའོ། །དེ་དག་ཀྱང་གཅིག་སྐྱེས་གཅིག་འགགས་པས་ཉམས་ཞེས་བྱའོ། །དེ་ཡང་སྔ་མ་པས་ཁྱད་པར་དུ་འགྱུར་བས་གོང་འཕེལ་ཞེས་བྱའོ། །དེ་ལྟར་རིམ་པས་བྱུང་བ་ནི་སྔར་དབང་རིམ་པས་བསྟེན་པ་ལས་བྱུང་བའོ། །གཉིས་པ་སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་ལ། ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང་། དབྱིབས་ཀྱི་སྣང་བ་གཉིས་ལས། དང་པོ་ནི། རྡོ་རྗེའི་རིགས་རྣམ་པར་དག་པས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་འོད་ཁ་དོག་དཀར་པོའི་རྣམ་པར་འཆར་བ་དང་། དེ་ཉིད་རྡོ་རྗེ་མི་བསྐྱོད་པའི་གདངས་དཀར་བ་ལ་ནི་ཚོར་བར་འཆར་པའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པའི་རིགས་རྣམ་པར་དག་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁ་དོག་མཐིང་གའི་རྣམ་པར་འཆར་བ་དང་། རྣམ་པར་སྣང་མཛད་ཀྱི་གདངས་མཐིང་ལ་གནག་པར་འཆར་རོ། །རིན་པོ་

[p. 177] ཆེའི་རིགས་རྣམ་པར་དག་པ་ལས། མཉམ་པ་ཉིད་ཀྱི་ཁ་དོག་སེར་པོའི་སྣམ་བུ་དང་། རིན་པོ་ཆེ་འབྱུང་ལྡན་གྱི་གདངས་རབ་ཏུ་འཚེར་བ་གསེར་ཞུན་སྦྱངས་པ་ལྟ་བུར་འཆར་རོ། །པདྨའི་རིགས་རྣམ་པར་དག་པ་ལས། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཁ་དོག་དམར་པོའི་སྣམ་བུ་དང་། སྣང་བ་མཐའ་ཡས་ཀྱི་ཀ་དངས་དམར་བ་ལ་རབ་ཏུ་དམར་བ་བྱེ་རུའི་མདོག་ལྟ་བུར་འཆར་རོ། །ལས་ཀྱི་རིགས་རྣམ་པར་དག་པ་ལས། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཁ་དོག་ལྗང་གུའི་སྣམ་བུར་འཆར་བ་དང་། དོན་ཡོད་གྲུབ་པའི་གདངས་རབ་ཏུ་ལྗང་བ་ཨིནྡྲ་ནཱི་ལའི་རྣམ་པ་ལྟར་འཆར་བའོ། །དེ་དག་གི་ཕྱི་རིམ་མཐིང་ག་རྡོ་རྗེའི་ར་བས་ཀུན་ནས་བསྐོར་བ་ནི། ཡེ་ཤེས་དེ་དག་ཐ་དད་པ་ལ་ཡིན་པར་མཚོན་པའོ། །དེ་ལས་སྣང་བའི་འཕེལ་ནི་འོད་ལྔ་སོ་སོས་གཙོ་བྱས་པའི་ཁ་དོག་ལྔ་ལྔར་གསོལ་བ་ནི། རིགས་དང་རིགས་ཀྱི་ཁྱད་པར་ལས་བྱུང་བའོ། །དེ་ནས་ཡེ་ཤེས་ཀྱི་རླུང་རྣམ་པར་དག་པ་ལས་མེ་ལོང་ལྟ་བུ་གྱེན་འགྲེང་དུ་སྣང་བ་ནི། དེ་ལ་བརྟེན་ནས་ཉམས་ཀྱི་འཕེལ་འབྱུང་བའོ། །མཉམ་པ་ཉིད་ཀྱི་རྩིབས་ཤར་དུ་སྣང་བ་ནི། འཁྲུལ་པའི་སྣང་བ་ཟད་དུ་ཉེ་བ་ཉིད་དོ། །དེ་ནས་སོ་སོར་རྟོག་པའི་གྲུ་ཆད་དུ་སྣང་བ་ནི། འབྱུང་བའི་ཕྲ་བ་འགག་པའི་དུས་སོ། །བྱ་བ་གྲུབ་པའི་རེ་ལྡེའི་རྣམ་པ་ཙམ་དུ་སྣང་བ་ནི། ཡེ་ཤེས་ཀྱི་རང་གདངས་སོ་སོར་གསལ་བ་ལས་བྱུང་བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡུལ་གྲུ་ཙམ་དུ་སྣང་བ་ནི་རྟོག་པ་རགས་པ་རྣམས་འགགས་པ་ལས་བྱུང་བའོ། །དེ་དག་

[p. 178] གི་ལམ་སྐྱེ་བའི་རིམ་པ་ནི། །བརྩོན་འགྲུས་རབ་རྣམས་ལ་བར་དུ་ཞག་ལྔ་ལྔའོ། །འབྲིང་རྣམས་ལ་ཞག་བདུན་བདུན། ཐ་མ་རྣམས་ཞག་ཉེར་གཅིག་ཉེར་གཅིག་ན་གོང་མའི་སྣང་བ་འགགས་ནས། ཡང་འོག་མའི་སྣང་བ་དེ་དག་དུ་རྣམ་པར་སྣང་བའོ། །ཁ་དོག་དང་དབྱིབས་ཀྱི་བར་འདིར་ནི་ཐང་ཅིག་ཏུ་གནས་པ་དག་འབྱུང་ངོ་། །དེ་ནས་དེ་དག་ནུབ་ནས་ཀྱང་ཡེ་ཤེས་ལྔའི་དབྱིབས་ཀྱི་རྣམ་པ་འཆར་ཏེ། མེ་ལོང་ལྟ་བུའི་དབྱིབས་མིག་ཚགས་ཀྱི་རྣམ་པ་དང་འདྲ་བར་འགྱུར་རོ། །དེ་ནི་ཁ་དོག་རབ་ཏུ་སྤེལ་ལེགས་པ་ལས་བྱུང་བའོ། །དེ་ལ་གོམས་པ་ལས་མིག་མངས་རིས་སུ་འཆར་ཏེ། འདི་ནི་སྔོན་དུ་འགྲོ་བ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །དེ་ནས་མཉམ་པ་ཉིད་དྲ་བ་ཕྱེད་པར་འཆར་ཏེ། དེ་ནི་རླུང་གི་སྦྱངས་པ་དག་པ་ལས་བྱུང་བའོ། །དེ་ལས་དྲ་བར་སྣང་བ་ནི་སྔོན་འགྲོ་དག་ཅིང་ཚར་ཆོད་པ་ལས་བྱུང་བའོ། །དེ་ན་སོ་སོར་རྟོག་པའི་མེ་ཏོག་གི་ཚོམ་བུར་འཆར་བ་ནི། གཟིགས་སྟངས་ལས་འགྲུས་པ་ལས་བྱུང་བའོ། །དེ་བས་པདྨ་སྟོང་ལྡན་དུ་འཆར་བ་ནི་སྔོན་འགྲོ་འབྱོངས་པ་ལས་བྱུང་བའོ། །དེས་ནས་བྱ་བ་གྲུབ་པའི་མཚོན་ཆ་ལྟ་བུར་འཆར་བ་ནི། རང་བཞིན་མ་བཅོས་པ་ལས་བྱུང་བའོ། །དེ་ཡས་འཁོར་ལོ་ལ་སོགས་པའི་རྣམ་པ་སྣ་ཚོགས་སུ་སྣང་བ་ནི་སྔོན་འགྲོ་མཐར་ཕྱིན་པ་ལས་བྱུང་བའོ། དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཁར་ཐབ་ཏུ་འཆར་བ་ནི། རིག་པ་མིག་ནས་དྲངས་པ་ལས་བྱུང་བའོ། །དེ་ཡིས་ཟ་འོག་གུར་ཁྱིམ་ལྟ་བུ་ནི་སྔོན་

[p. 179] འགྲོ་དག་པར་བྱས་པ་ལས་བྱུང་བའོ། །དེ་དག་ཀྱང་བརྩོན་འགྲུས་ཀྱི་ཁྱད་ཀྱིས་ཞག་གསུམ་དང་། བདུན་དང་། བཅུ་བཞིན་གཅིག་སྐྱེ་གཅིག་འགགས་པའོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། འདི་དག་ནི་སེམས་ཀྱི་སྔོན་འགྲོའི་དུས་ན། རྟོག་པ་ཐ་དད་པར་བསླང་བ་དེ་འགགས་པའི་རྟགས་ཡིན་ནོ། །དེ་ནས་རིག་པ་རང་གི་ངོ་བོའི་སྣང་བ་འཆར་ཏེ། འོད་དེ་དག་ཐིག་ལེར་འཆར་བ་ནི་ལུ་གུ་རྒྱུད་གཅིག་ཏུ་འདུས་པ་ལས་བྱུང་བའོ། །དེ་ནས་ཐིག་ལེ་གཉིས་འབྲེལ་དུ་སྣང་བ་ནི་ཐབས་དང་ཤེས་རབ་རྣམ་པར་དག་པ་ལས་བྱུང་བའོ། །དེ་ན་ཐིག་ལེ་ལྔ་སྦྲེལ་དུ་སྣང་བ་ནི་ཡེ་ཤེས་ལྔ་ལ་བྱན་ཚུད་པ་ལས་བྱུང་བའོ། །མངོན་སུམ་གྱི་ཐིག་ལེ་དང་འབྲེལ་ལུགས་མི་འདྲ་སྟེ་ཆེ་ཆུང་ཡོད་པའི་ཕྱིར་རོ། །དེ་ཕན་ཆད་ནི་ཉམས་གང་འཕེལ་གྱི་སྣང་བ་སྟེ། ཐལ་འགྱུར་ལས། ཁ་དོག་ལྔ་ཡི་འོད་ཀྱིས་ཀྱང་། །རེ་ལྡེ་ཙམ་ལས་གྲུ་ཆད་སྣང་། །ཡུལ་གྲུ་ཙམ་ལས་མཐོང་ཚད་དོ། །ཞེས་པ་དང་། རང་བྱུང་གི་རྒྱུད་ལས། རང་ངོ་མཐོང་ལས་འདི་ལྟར་རོ། །ཡར་མཚམས་ལས་ནི་སོར་བཞི་ལས། །བྲལ་བའི་སྐྱེས་བུ་སྐལ་བཟང་པ། །འཁོར་བར་འཇུག་པ་ག་ལ་སྲིད། །གྲུ་ཆད་རྣམ་པར་གང་སྣང་བ། །སྤྲུལ་པའི་ཡོན་ཏན་འདིས་འགྲུབ་བོ། །མཐོང་བའི་ཡུལ་ཙམ་གང་སྣང་བ། །ཚོམ་བུ་ལ་ནི་དེ་བཞིན་ནོ། །ཕྱིར་སྣང་འགགས་པ་གང་ཡིན་པ། །སྐད་ཅིག་མ་ནི་བཅུ་དྲུག་ལ། །འདི་ཡང་དེ་ལྟར་འགྱུར་བའོ། །ཞེས་སོ། །གསུམ་པ་

[p. 180] རིག་པ་ཚད་ཕེབས་ཀྱི་སྣང་བ་ལ་སྣང་ཚུལ་སྤྱིར་བསྟན་པ་དང་། རང་བཞིན་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་ཐིག་ལེ་རེ་རེའི་ནང་དུ་སྐུ་ཕྱེད་མ་རེ་རེ་སྣང་བ་ནི་སྤྲུལ་པ་སྐུའི་སྦྱང་བ་རྣམ་པར་དག་པ་ལས་བྱུང་བའོ། །དེ་ནས་སྐུ་རང་རྐྱང་རེ་རེ་སྣང་བ་ནི་སྤྲུལ་སྐུའི་སྣང་བ་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལས་བྱུང་བའོ། །དེ་ནས་སྐྲུ་དེ་དག་ཡབ་ཡུམ་ལྔ་ལྔར་གྱུར་པ་ནི་ལོངས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པ་ཉིད་དོ། །དེ་ནས་སོ་སོའི་ཚོམ་བུའི་དཀྱིལ་འཁོར་དང་བཅས་པར་སྣང་བ་ལ། དེ་ཉིད་མུ་ཁྱུད་ཀྱི་ར་བ་དང་སོ་སོའི་གཙོ་འཁོར་དུ་སྣང་བ་ནི། ཆོས་སྐུའི་སྦྱང་བ་རྣམ་པར་དག །པ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །འདི་ནི་རིག་པ་ཚད་ཕེབས་ཀྱི་སྣངབ་སྟེ། སྔོན་འགྲོའི་དུས་ན་ལུས་ཀྱི་བྱ་བ་དང་། བྱེད་པ་དེ་དག་གི་འབྲེལ་ཆད་དེ་ཕྱིས་མི་སྐྱེ་བའི་རྟགས་སོ། །དེའང་དག་བྱ་དྲི་མ་རེ་སྦྱོང་བའི་གཉེན་པོ་སྔོན་འགྲོ་ལ་སོགས་པ་གནད་དུ་ཕྱིན་པ་ལས་སྣང་བ་དེ་དག་ཤར་བར་བརྟགས་ཀྱང་བྲལ་འབྲས་དང་དག་བྱ་དག་བྱེད་ཀྱི་རྒྱུ་འབྲས་བཏགས་པ་བ་ཡིན་གྱི། དེས་བསྐྱེད་ནས་བྱུང་བ་མ་ཡིན་ཏེ། ཡེ་ཤེས་རང་ཡོད་ཀྱི་གདངས་དྲི་མའི་སྒྲིབ་པ་དག་སྟོབས་ཀྱིས་སྣང་བའི་ཕྱིར་རོ། །ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ནི། །ལོངས་སྐུའི་མཚན་དཔེ་གསལ་བར་ནི། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ལྔ་ཡབ་དང་ཡུམ་དུ་སྣང་། །ཞེས་པ་དང་། བསྟན་བུ་ལས། དེ་བཞིན་སྐུ་ལ་ཐུག་གི་བར། །དྲུག་དང་བཅུ་དང་ལྡག་གསུམ་ལ། །གདོན་

[p. 181] མི་ཟ་སྟེ་ལོངས་སྐུའོ། །ཞེས་སོ། །གཉིས་པ་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ། ཚད་ཕེབས་ཀྱི་ངེས་ཚིག་སྤྱིར་བསྟན་པ་དང་། ཚད་གསུམ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི་རིག་པ་ཚད་ཕེབས་ཞེས་པས། རིག་པ་ནི་གཞི་གནས་ཀྱི་རིག་པ་མངོན་དུ་གྱུར་ཏེ། ལམ་སྲོལ་དུ་ཚུད་པ་ལས། གཞི་སྣང་གི་རང་གདངས་ལྷུན་གྲུབ་ཀྱི་འཆར་སྒོ་སྐུར་སྣང་བས། ལམ་སྣང་ཟད་དུ་ཉེ་བ་ལས། དཀྱིལ་འཁོར་རྫོགས་པ་རྣམས་སོ། །ཚད་ནི་དང་པོ་ཕྱེད་སྐུ་ནས་སྐུའི་དཀྱིལ་འཁོར་རྫོགས་པའི་བར་རོ། །ཕེབས་པ་ནི་དེ་ལས་འདས་ས་མེད་པས་རྣམ་པར་སྣང་བའོ། །དེ་དག་ནི་ཟླ་བ་ཉ་གང་བའི་རྣམ་པ་དང་འདྲ་སྟེ། ཡར་གྱི་འཕེལ་ཟད་པས་དཀྱིལ་འཁོར་རྫོགས་ཏེ་རང་ངོ་ལ་བཅོས་སུ་མེད་པའོ། །གཉིས་པ་ཚད་གསུམ་བྱེ་བྲག་ཏུ་བཤད། པ་ལ་གསུམ་སྟེ། ཕྱི་སྣང་བའི་ཚད། ནང་ལུས་ཀྱི་ཚད། གསང་བ་རིག་པའི་ཚད་དོ། །དང་པོ་ནི། སྣང་བ་ལ་དབང་བསྒྱུར་ཞིང་ཞིང་ཁམས་འོད་གསལ་དུ་རྫོགས་པ་སྟེ། ཐལ་འགྱུར་ལས། དེ་ལྟར་ཕེབས་ནས་རྫོགས་པའི་ཚད། །ཐད་ཀའི་ད་རེས་སྣང་འགགས་པ་དང་། །ཨ་རྡོའི་སྣང་བ་བཞུ་བ་དང་། །རང་ཤེས་ཅི་ལའང་ཚུད་པ་དང་། །དེ་བཙུན་བེམས་པོ་འགུལ་བ་དང་། །རླུང་གི་འགྱུ་བའི་ཚད་ཟིན་དང་། །ལུས་ཀྱི་རྡུལ་ཕྲན་མཐོང་བ་འབྱུང་། །ཅེར་སྣང་གཟུགས་སྐུར་རྫོགས་པ་དང་། །དེ་ལས་ཡབ་ཡུམ་འཁྲིལ་པ་དང་། །ལྔ་ལྔ་ཡབ་དང་ཡུམ་སྦྱོར་དང་། །

[p. 182] ཀུན་ཀྱང་མུ་ཁྱུད་ཟླུམ་པོ་ལ། །རྣལ་འབྱོར་ལུས་ཀྱང་འོད་གསལ་ཞིང་། །འགྲོ་དང་འོང་དང་འདུག་པར་སྣང་། །ཐམས་ཅད་རིག་པ་ཚད་ཕེབས་སོ། །ཞེས་སོ། །གཉིས་པ་ནི། ལུས་ཀྱི་ངོས་པ་དག་ནས་སྙིང་དབུས་སུ་ཨ་དཀར་པོ་ལས་འོད་ཟེར་ལྔ་སྒྲིལ་མཐོངས་ཁུང་གི་ཉི་ཞུར་ལྟར་བར་སྣང་ལ་འོད་ཀྱི་སྐར་ཁུང་གི་ནང་ཤར་བར་ཟུག་ཅིང་། ཐོར་ཚུགས་ན་ཡེ་ཤེས་ཀྱི་རླུང་གནས་པས་རང་བཞིན་གྱིས་འདེགས་པར་སྣང་ལ། མཛོད་སྤུ་ནས་འོད་ཟེར་སྣ་ལྔ་འདོམ་གང་དུ་གསལ་ཞིང་། ལག་པའི་སོར་མོ་ལྔ་ལ་འོད་ལྔའི་ཕྲེང་བས་འཁྲིགས་ཤིང་། ལུས་ཀྱི་བ་སྤུའི་སྒོ་ལ་སོགས་པ་ཕྱི་ནང་གི་ཆ་རྡུལ་ཕྲན་གྱི་ཁྱོན་ལས་ཆུང་བ་རེའི་གོ་ན་ཞིང་ཁམས་གྲངས་མེད་ན་སངས་རྒྱས་དང་སེམས་ཅན་ཚད་མེད་པ་སྣང་བ་ནི་ལྷུན་གྲུབ་ཀྱི་སྒོ་བརྒྱད་ཤར་བའི་སྣང་བ་ཀུན་འདིར་ལྷག་ཆད་མེད་པར་རང་སྣང་ལ་སྣང་བ་ཡིན་ལ།

[edit]
BDRC typed e-text UT22920_005 (the base text was made from it).

སྨྲ་བ་ཇེ་ཉུང་ཐ་མལ་གྱི་གཏམ་སྨྲ་བ་བཅད་པ་ལ་ཐུན་ཆུང་ངུ་བསླབ། །དེ་ནས་རིང་དུ་བསླབ། སྐབས་སུ་སྨྲ་རྒྱུ་མེད་ཀྱང་གཅིག་པུ་སྨྲའོ། །གནས་པ་ནི་སྔགས་དང་བརྗོད་པ་ལ་སོགས་པ་དགེ་བའི་བརྗོད་པ་མི་དགག །གཞན་དང་ཚིག་འབྲུ་གཅིག་ཀྱང་མི་འདྲེའོ། །འདིའི་དུས་ན་ལུས་ཀྱི་བརྡས་དོན་གོ་བར་བྱེད་པའོ། །ལ་བཟླ་བ་ནི་སྔགས་ལ་སོགས་པ་བརྗོད་པ་ཐམས་ཅད་མི་བྱའོ། །བརྟན་པ་ནི་ཅི་ཡང་མི་བརྗོད་པའི་ངང་ལས་མི་འདའ་བར་བྱེད་པ་སྟེ། ལུས་ཀྱི་བརྡ་ཙམ་ཡང་མི་བྱ་བ་ཡིན་ནོ། །ས་བོན་གྱི་རྒྱུད་ལས། ངག་ནི་ཇི་ལྟར་ལྐུག་པ་བཞིན། །སུ་དང་བརྡ་ཙམ་ཉིད་མི་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །སེམས་ཀྱི་འཕྲོ་འདུ་རང་ཆོད་དོ། །ཞེས་སོ། །ངག་གི་སྨྲ་བ་བཅད་པས་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་སྟེ། འགྲོ་བ་གཞན་དང་ངག་མ་འདྲེས་པས་ལུས་འབྱོངས་པའི་དགོས་པ་ཡོད། ལུས་འབྱོངས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། མཁའ་སྤྱོད་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་བརླབས་ནས་ལུས་སྒྱུ་མའི་སྐུར་གྲོལ་བའོ། །དེ་ནས་བརྗོད་བྱ་བཀག་པས་ངག་འབྱོངས་ཏེ་རྟགས་སུ་མི་མ་ཡིན་པ་རྣམས་དང་བརྡ་ཕྲད་ཅིང་གཏམ་ཟེར་བ་དག་འོང༌། ངག་གི་བརྗོད་པ་བཀག་པས་ཡིད་འབྱོངས་ཏེ། དེའི་རྟགས་སུ་སྔོན་དུ་མི་མ་ཡིན་གྱི་གཟུགས་མཐོང་བ་དང༌། དེ་ནས་མངོན་པར་ཤེས་པ་དུམ་བུ་པ་འཆར་རོ། །དེ་ལྟར་ངག་གི་གནད་ཀྱིས་ལུས་སེམས་ཀྱི་འབྲེལ་གཅོད་པའི་གནད་ཀྱི་གདམས་པའོ། །སེམས་ཀྱི་གནད་དུ་ནམ་མཁའི་མཐོངས་སུ་མིག་ལྟ་བ་ལས་རྟོག་པ་ཅི་ཡང་མ་བསམ་སྟེ། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་སོ། །དེ་ལྟར་གཙོ་བོ་ལུས་ངག་གཉིས་གཅུན་པས་སེམས་ཞོར་ལ་འཆུན་ནས་དབྱིངས་རིག་འཆར་ཞིང་ཁམས་སུ་གྱི་འཆིང་བ་གཅོད་དེ། ས་བོན་གྱི་རྒྱུད་ལས། འདི་ལྟར་ལུས་ངག་གསུམ་གཅུན་པ། །ཆོས་ཀྱི་དབྱིངས་ཀྱི་སྣང་བ་ལ། །འདི་ཡིས་གོམས་པར་འགྱུར་བ་ཡིན། །ཅེས་པ་དང༌། ལུས་དང་ངག་དང་ཡིད་ཀྱི་གནད། །ཤེས་ཤིང་བསྟུན་པས་འཁོར་ལས་གྲོལ། །ཅེས་སོ། །དོན་གཉིས་པ་གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་ལ་གསུམ་སྟེ། གནད་གསུམ་རྡོ་རྗེའི་ཆིངས་སུ་བསྡམས་པ། མངོན་སུམ་རིག་པའི་རང་ངོ་སྤྲད་པ། དེ་ལས་སྣང་བའི་འཆར་ཚུལ་བསྟན་པའོ། །དང་པོ་ལ་གཉིས་ཏེ། གནད་གསུམ་སྤྱིའི་ཆིངས་བསྟན་པ་དང༌། བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པའོ། །དང་པོ་ནི་སྒོ་དང་ཡུལ་དང་རླུང་རིག་གི་གནད་གསུམ་སྟེ། ཐལ་འགྱུར་ལས། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང༌། །རླུང་དང་རིག་པའི་གནད་ཉིད་གཏེམ། །ཞེས་པས། དཔེར་ན་གནད་ལ་ཟིན་པའི་མཚོན་དང་འདྲ་སྟེ། ལུས་ཀྱི་རྩ་རྒྱུས་སམ་དོན་སྙིང་ལ་སོགས་པའི་གནད་ལ་ཕོག་ན་ཅི་བྱས་ཀྱང་མི་འཚོར་བར་འཆི་བ་དང་འདྲ་བར། གནད་གསུམ་གྱིས་ཀྱང་ཆོས་ཉིད་ལ་འགྱུར་བའི་ས་མེད་དེ། སྒོའི་གནད་ཀྱིས་མཐོང་བར་བྱེད། །ཡུལ་གྱི་གནད་ཀྱིས་མི་འགྱུར་བར་བྱེད། རླུང་རིག་གི་གནད་ཀྱིས་རྟགས་ཚད་ལ་འབེབས་པའོ། །དེ་ཡང་སྒོའི་གནད་སོ་པ་དང་འདྲ། །ཡུལ་གྱི་གནད་འགྲོན་པོ་དང་འདྲ། རླུང་རིག་གི་གནད་ཇག་པ་དང་འདྲའོ། །སོས་ཐེབས་པས་འདོད་པའི་མི་འགྱུར་དབང་མེད་པར་ཟིན་ལ། དགྲས་འོངས་པས་ཇག་པའི་ལག་ཏུ་མི་ཚུད་མི་སྲིད་པ་བཞིན་དུ། ཆོས་ཉིད་མངོན་སུམ་གྱི་གནད་ལ་མི་ཐེབ་མི་སྲིད་དོ། །དེ་ཡང་ཡུལ་མེད་ན་རྟེན་སའི་གཞི་མེད་ལ། སྒོ་མེད་ན་འགྲོ་བའི་ལམ་སྟོར། རླུང་རིག་གི་གནད་མེད་ན་ཤེས་རིག་ནང་དུ་མི་ཆོད་པས་གནད་གསུམ་དུ་ངེས་ལ། དེ་ལས་མང་ན་མཐའ་ཡས་པས་གནད་སྟོར་ལ། ཉུང་ན་དོན་མི་འགྲུབ་པས་གསུམ་དུ་ངེས་པའོ། །གཉིས་པ་བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པ་ལ། གནད་གསུམ་སྤྱིའི་རིམ་པ་ངེས་པ་དང༌། སོ་སོའི་གནད་ལ་ཐོག་ཏུ་དབབ་པའོ། །དང་པོ་ནི་ལུས་ངག་སེམས་གསུམ་མི་འགུལ་ཞིང་སྒོ་དང་ཡུལ་དང་རླུང་རིག་གཅུན་པ་སྟེ། མཐོང་བ་རྒྱུད་པའི་ལུང་གིས་ཕྱེ་བ་ནི། རང་བྱུང་རིག་པའི་ཏནྟྲ་ལས། དེ་ལྟར་ལུས་ལ་སོགས་པ་ཡི། །གནད་ཀུན་རབ་ཏུ་གཟིར་བ་ཡིས། །རིག་པ་ཉིད་དང་མངོན་སུམ་དུ། །བླ་མའི་ལུང་ལས་ཤེས་པ་ཡིན། །ཅེས་པ་དང༌། ཐལ་འགྱུར་ལས། དངོས་གཞི་རང་གི་རྒྱུད་བསྟེན་ན། །ལུས་ཀྱི་གནད་དང་ངག་དང་ཡང༌། །སེམས་ཀྱི་གནད་ལ་བརྟེན་པ་ཡིས། །རླུང་ནི་ཅི་ནས་དལ་བྱས་ཏེ། །རབ་ཏུ་འཕང་པ་ལས་བྱུང་བ། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང༌། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཡུལ་ནི་སྒྲིབ་བྱེད་བྲལ་བའོ། །རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །གཉིས་པ་ལ་སྒོ་དང༌། ཡུལ་དང༌། རླུང་རིག་གི་གནད་གསུམ་ལས། དང་པོ་ནི། ཐ་མལ་པའི་ལྟ་ལུགས་ཀྱིས་ཡེ་ཤེས་མི་འཆར་བས། སྐུ་གསུམ་གྱི་གཟིགས་སྟང་གསུམ་ལ་བསླབ་སྟེ། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་ཀྱི་སྐུ་ཡི་གཟིགས་སྟངས་ཀྱིས། །ཁམས་གསུམ་འཁོར་བ་སྤྱིབས་ན་འདོན། །ལོངས་སྐུས་སྲིད་པའི་གཞི་མ་འཇིག །སྤྲུལ་སྐུས་སངས་རྒྱས་ཞིང་དུ་སྒྲོལ། །ཅེས་པ་དང༌། ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་ཁམས་སུ་བརྟག །ཅེས་པ་དང༌། གསང་བ་སྒྲ་རྒྱུད་ལས། ཕབ་དང་ཟློག་དང་ཟུར་གྱིས་ནི། །གཟིགས་སྟངས་རྣམ་པ་གསུམ་དུ་གྲགས། །ཞེས་སོ། །དེའང་སྤྲུལ་སྐུ་ཕབ་ནས་སངས་རྒྱ་བ་ནི་གདུལ་བྱ་ལ་གཟིགས་ལ། ལོངས་སྐུ་ལ་ཟུར་གཟིགས་ནས་སངས་རྒྱ་བ་ནི་ཞིང་ཁམས་ལ་གཟིགས་པ་དང༌། ཆོས་སྐུ་བཟློག་ནས་སངས་རྒྱ་བ་ནི་གཞི་ལ་གཟིགས་པའོ། །རྣལ་འབྱོར་པ་མིག་ཤས་ངན་པས་སྤྲུལ་སྐུའི་གཟིགས་སྟངས་བསྟུན་ན་མིག་མི་འགྲིབ་པའི་དགོས་པ་ཡོད། མིག་ལ་སྐྱོན་ཆགས་པས་ལོངས་སྐུ་དང་བསྟུན་ན་མིག་གསལ་བའི་དགོས་པ་ཡོད། མིག་ཤས་བཟང་བས་ཆོས་སྐུའི་ངང་བསྟུན་ན་མྱུར་དུ་སྣང་བ་ཚད་ལ་ཕེབས་པའི་དགོས་པ་ཡོད་དོ། །དེ་དག་ལས་མ་གཡོས་ན་སྤྱན་གསུམ་ཁོང་དུ་ཆུད་པར་ངེས་ཏེ། ཆོས་སྐུ་ལ་ཆོས་ཉིད་ཀྱི་སྤྱན་ཡོད་པས་གསུང་ལ། དེའི་བྱིན་རླབས་ཀྱིས་ཡེ་ཤེས་དངོས་སུ་མཐོང་བས་འདི་ཉིད་ལ་ཐག་ཆོད། ལོངས་སྐུ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་པས་སྐུ་ལ། དེའི་བྱིན་རླབས་ཀྱིས་རང་གསལ་དུ་མཐོང་བས་མཁྱེན་པ་རྒྱས། སྤྲུལ་སྐུ་ལ་ཤེས་རབ་ཀྱི་སྤྱན་ཡོད་པས་ཐུགས་ལ། དེའི་བྱིན་རླབས་ཀྱིས་སྒྲ་ཚིག་དང་བྲལ་བར་མཐོང་བས་ཐོས་བསམ་སྒོམ་པ་ལ་རག་མ་ལུས་པར་ཆོས་ཉིད་ཀྱི་དོན་ཁོང་ནས་འཆར་རོ། །དེ་ཡང་སྤྱན་གསུམ་དུ་ལྟ་བ་ནི་ཆོས་ཉིད་ཀྱི་སྤྱན་གྱེན་ལ་བཟློག་པས་བག་ཆགས་ཐུར་ལ་སེལ་བའི་གནད། ཡེ་ཤེས་ཀྱི་ཟུར་ལ་མཉམ་པོར་བལྟས་པས་འཁོར་འདས་རོ་མཉམ་དུ་བསྲེ་བའི་གནད། ཤེས་རབ་ཀྱིས་ཕབ་ནས་བལྟས་པས་ཡེ་ཤེས་ཀྱི་སྣང་བ་དངོས་སུ་འབེབས་པའི་གནད་དོ། །གཟིགས་སྟངས་གསུམ་དུ་ངེས་པ་ཅི་ཡིན་ཞེ་ན། ལེ་ལོ་ཅན་ལ་ལོངས་སྐུ། བརྩོན་འགྲུས་ཅན་ལ་སྤྲུལ་སྐུ། བཏང་སྙོམས་ཅན་ལ་ཆོས་སྐུའི་གཟིགས་སྟངས་ཤིས་པས་ན་གསུམ་དུ་ངེས་སོ། །ངེས་ཚིག་ནི་གཟིགས་པས་ཆོས་ཉིད་ལ་གཟིགས་པས་རྣམ་དག་སྒྲིབ་པ་ཟད་པའོ། །སྟངས་ཀྱིས་འཁོར་བ་ལས་གྲོལ་བར་བྱེད་པའོ། །གཉིས་པ་ཡུལ་གྱི་གནད་ནི་ཕྱིའི་དབྱིངས་ཀྱི་ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་ཡིན་ནོ། །ནང་གི་དབྱིངས་ཀྱི་ཡུལ་སྨིན་མཚམས་ཀྱི་མཛོད་སྤུ་ལ་གཏད་པས་དབྱིངས་སྣང་མཐིང་ག་དང་དེ་ལས་མཆེད་པ་རྣམ་ལྔའི་རང་གདངས་ཏེ། ཐལ་འགྱུར་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །བག་རྡུལ་ཆར་གྱིས་དེངས་དུས་སུ། །མཁས་པ་མངོན་གསུམ་གནད་གཟིར་དང༌། །ནང་གི་སྒྲོན་མ་ལམ་དུ་བྱའོ། །ཞེས་སོ། །དེ་ཡང་ཕྱི་རིག་པ་འཆར་བའི་ཡུལ་ཡིན་ལ། ནང་ཉམས་འཕེལ་བའི་ཡུལ་ཏེ། རིག་པ་དང་ཉམས་གཉིས་སུ་མེད་པ་ལས་འཁོར་འདས་འདྲེས་པ་ཞེས་བྱའོ། །དེའང་ས་ཆུ་མེ་རླུང་གི་དངོས་པོ་རགས་པ་ལ་ཡུལ་དུ་གཏད་པས་མི་གྲོལ་ཏེ། དང་པོ་སྣང་བ་འཆར་དུ་མི་འདོད། ཕྱིས་ཤར་དུས་གཏན་ཀྱང་དངོས་པོ་རགས་པ་ལྟར་ཤེས་པའང་དེ་དང་མཐུན་པ་སྐྱེ་བས་སྟོང་ཉིད་བསམ་དུ་མེད་པའི་ཉམས་ནང་ནས་མི་འཆར་ལ། ནམ་མཁའ་སྟོང་པ་ལ་རིག་པ་སྟོང་པ་གཏད་པས། ཡུལ་ནམ་མཁའ་དང་མཐུན་པའི་ཉམས་སྟོང་གསལ་འཕྲོ་འདུ་དང་བྲལ་བ་ཕྱལ་ཡས་པ་ཅིག་འཆར་བས། དངོས་པོ་མཚན་དང་བྲལ་བའི་དགོས་པ་ཡོད་དེ། སེམས་སྡེ་ལས། རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། ཞེས་པ་དང༌། སྡུད་པ་ལས། དོན་དེ་གང་ཡིན་མན་མཁའ་དག་ལ་བརྟག་པར་གྱིས། །ཞེས་པ་དང༌། ཡུམ་བར་མ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི། ནམ་མཁའ་རྣལ་འབྱོར་དུ་བྱེད་པའོ་ཞེས་པ་ལ་སོགས་པ་ལུང་དཔག་ཏུ་མེད་དོ། །དེའང་ཡུལ་ཕྱི་ནང་འདྲེས་པ་ལས་མཉམ་པ་རིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་གཉིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་འདྲེས་པས་འཁོར་འདས་རོ་མཉམ་ཀྱི་ལྟ་བ་ཞེས་བྱའོ། །འདི་ཉིད་བསྟན་བུ་ལས་ཀྱང༌། དབྱིངས་དང་རིག་པའི་ལྟ་སྟངས་ནི། །སྒྲིབ་བྱེད་བྲལ་བའི་ནམ་མཁའ་ལྟར། །ཅེས་གསུངས་སོ། །གསུམ་པ་རླུང་རིག་གི་གནད་ནི། ཡུལ་དང་སྒོ་གཉིས་འཛོམ་དུས་རླུང་དལ་བ་བསྟེན་པས་རིག་པ་བཙོན་དུ་གཟུང་བ་ཞེས་བྱ་སྟེ། དེའང་རླུང་ཅི་ནས་ཀྱང་དལ་བ་ལ་ཕྱིར་རྒྱང་རིང་པོ་འཕེན་ཞིང་ཕྱིར་བཟུང་ལ་གཞག་པ་གནད་ཡིན་ནོ། །དེ་ཡང་རླུང་དང་དལ་བས། ཕྱིར་རྣལ་འབྱོར་པའི་ཚེ་རྒྱས་པའི་གྲོགས་སུ་འགྲོ་ལ། ནང་དུ་རྣམ་པར་རྟོག་པ་ནུབ་པའི་རྐྱེན་བྱེད་ཅིང༌། གསང་བར་རིག་པ་མངོན་སུམ་དུ་མཐོང་བའི་ལས་བྱེད། ཁོ་ན་ཉིད་དུ་ཟག་བཅས་མི་སྣང་བར་སངས་རྒྱ་བར་བྱེད་པའོ། །དེ་སྐད་དུའང་ཐལ་འགྱུར་ལས། རླུང་ནི་ཅི་ནས་དལ་བྱ་སྟེ། །རབ་ཏུ་འཕང་བ་ལས་བྱུང་བས། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང༌། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །རབ་ཏུ་འཕང་བ་ལས་བྱུང་བས། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང༌། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །རིག་པའི་གནད་ལུ་གུ་རྒྱུད་དབྱིངས་ཀྱི་ར་བར་བཞག་ནས་མི་འགུལ་བར་བྱེད་པ་སྟེ། དེ་ཉིད་ལས། རང་ངོ་རིག་པ་ལུ་གུ་རྒྱུད། །འགྲོ་འོང་བྲལ་བས་མཁའ་ལ་བཟུང༌། །ཞེས་པ་དང༌། བསྟན་བུ་ལས། དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །རྣམ་པར་གཞག་ཅིང་འབྲལ་མི་བྱ། །ཞེས་སོ། །དེའང་རླུང་དལ་བ་བསྟེན་པས་བྱ་བ་དང་བྲལ་བའི་དོན་རྒྱུད་ལ་སྐྱེ། རིག་པ་ལུ་གུ་རྒྱུད་ཨར་ལ་གཏད་པས་རྣམ་པར་རྟོག་པའི་ཁུངས་ཟད་ནས། འཁྲུལ་པ་གཞི་ལ་ལོག་སྟེ་ཡེ་ཤེས་མ་བུ་ཕྲད་པའོ། །རིག་པ་རླུང་དང་བྲལ་ནས་འགྲོ་འོང་དུ་མེད་པ་ནི་རིག་པ་ལ་རང་བྱན་ཚུད་པའོ། །དེ་ཡང་ཁྲིད་དུ་བྱེད་ན་ལུས་ཀྱི་གནད་བསྟུན་པ་ལ་ཉི་མ་ལྔ་དྲུག་ཏུ་བྱའོ། །དེ་ནས་སྒོ་སྤྱད་པ་ལ་དེ་ཙམ་ཅིག་ཏུ་བྱའོ། །དེ་ནས་ཡུལ་བཙལ་བ་ལ་ཉི་མ་དྲུག་ནས་བདུན་བྱས་ལ། དེ་ནས་མངོན་སུམ་རང་ཐོག་ཏུ་ཕབ་ནས་ཉམས་སུ་ལེན་པའོ། །དེས་ནི་ཤིན་ཏུ་འབྱོངས་ཤིང་སྒོམ་ཤེས་པ་འབྱུང་ངོ༌། །གཞན་དུ་འལ་མ་འོལ་བྱས་པས་སྣང་བ་ར་རི་ཅིག་མཐོང་ནས། ཡིད་ཆེས་མེད་པར་ཁྲིད་ཐོན་དུས་ཅི་ལ་ཟེར་ཆ་མེད་པར་པྲ་ཡས་པ་དག་འབྱུང་ཉེ་བས་དེ་ལྟ་མ་སོང་བ་དག་ཏུ་བྱའོ། །དེ་ལ་སྤྱིར་གྱིས་ཁྲིད་མོ་ཆེ་འདི་འདེབས་དུས་སྔོན་འགྲོ་ཚད་ལ་ཕེབས་པ་བརྩོན་འགྲུས་དང་བཅས་པས་སྦྱངས་པས་དངོས་གཞི་ལ་ཡིད་ཆེས་ཐུན་མོང་མ་ཡིན་པ་སྐྱེའོ། །དངོས་གཞི་ཐེབས་པར་བཏབ་པས་མངོན་སུམ་ལ་སྤྲོ་དགའ་ཁྱད་པར་ཅན་འབྱུང་ངོ༌། །རྗེས་རྒྱབ་ཆོས་མཐའ་ཆོད་པར་བཤད་པས་ཉམས་ལེན་བསྐྱང་ཐུབ་པ་ཤེས་ནས་ཐེ་ཚོམ་དང་རྟོག་མཐའ་ཆོད་དེ་ཆོས་གཞན་ལ་ཡིད་མི་སྨོན་པའི་དགོས་པ་ཡོད་དོ། །གཉིས་པ་མངོན་སུམ་རིག་པའི་རང་ངོ་སྤྲད་པ་ནི། རིག་པ་རྡོ་རྗེའི་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ནམ་མཁའ་ལ་ལྡིང་བ་ལྟ་བུ་དབྱིངས་འོད་གསལ་གྱི་སྣང་བ་དང་བཅས་པ་འདི་མ་འཁྲུལ་པའི་སངས་རྒྱས་ཀ་དག་ལྷུན་གྲུབ་ཀྱི་རང་གདངས་ཏེ། ངང་ལ་བལྟས་པས་རྟོག་བྱེད་ཐམས་ཅད་དག་ནས་སྤྲོས་བྲལ་ནམ་མཁའ་འདྲ་བའི་གདངས་ནང་དུ་ཤར་བས། དབྱིངས་རིག་གཉིས་སུ་མེད་པའི་དགོངས་པ་ཤེས་རབ་བྱུང་གི་ཡེ་ཤེས་དང་ཞལ་མཇལ། ཐོག་མའི་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ། འདི་ལ་གོམས་པ་ཚད་དུ་ཕྱིན་ན་རྡོས་བཅས་འོད་དུ་འགྲོལ་བ། མ་ཕྱིན་ཡང་བར་དོའམ་རང་བཞིན་སྤྲུལ་པའི་ཞིང་བགྲོད། འགྲོ་དྲུག་འཁྲུལ་པའི་གཡང་ས་ཆོད་པའོ། །ཞེས་ངོ་སྤྲད་དེ། རང་བྱུང་བསྟན་པའི་བཙས་ལས། འདི་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང༌། །སྐལ་བ་ཉིད་ནི་མཉམ་པའོ། །ཞེས་པ་དང༌། ཐལ་འགྱུར་ལས། ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ཡི་སངས་རྒྱས་སོ། །ཞེས་སོ། །གསུམ་པ་དེ་ལས་སྣང་བའི་འཆར་ཚུལ་བསྟན་པ་ནི། །དབྱིངས་འོད་ལྔའི་རང་གདངས་ལང་ལིང་དུ་སྣང་བ་དང༌། ལུ་གུ་རྒྱུད་ལ་ཐིག་ལེ་ཕྲ་མོས་འབྲེལ་བ་དང༌། ཐོག་མར་དཀར་ཟང་ཟིང་སྐར་མ་འཕྲོ་བ་ལྟ་བུ་ལས། ཐིག་ལེ་ཁ་དོག་ལྔ་ལྡན་དང༌། །རེ་རེ་བ་དང༌། སུམ་སྦྲེལ་གྱི་བར་གྱི་སྣང་བ་ཚུན་ཆད་དེ། སྔ་མ་ལས། དེ་ནས་ཐིག་ལེ་མཐོང་བ་ཡིན་ནོ། །ཅེས་སོ། །དེའང་ཕྱིའི་འོད་གསལ་ལ་བལྟས་པས་ནང་རྣམ་རྟོག་བྲལ་ཏེ་རིས་མེད་མཉམ་པར་གྲོལ་བ་ནི ཀ་དག་གི་རིག་གདངས་དང༌། ལྷུན་གྲུབ་ཀྱི་འོད་གདངས་གཉིས་ཕྱི་ནང་ཟུང་དུ་འབྲེལ་བས། དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་ཞེས་བྱའོ། །གསུམ་པ་སྣང་བ་བཞི་འཆར་བའི་རིམ་པ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ་དང༌། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། སྣང་བ་བཞི་ཀའི་དུས་སུ་ལུས་བཞུགས་སྟངས་ལ་གནས་པ། མིག་གཟིགས་སྟངས་ལ་ལྟ་བ། རླུང་རིག་ངང་གིས་དལ་བ་གསུམ་གནད་མཐུན་ལ། ཁྱད་པར་སྣང་བ་དང་པོ་གཉིས་སུ་སྦྱངས་པས་ཕྱི་མ་གཉིས་སུ་རྩོལ་བ་ལ་མ་ལྟོས་པར་ངང་གིས་འབྱོངས་ནས། འོད་གསལ་དུ་གྲོལ་བ་ཡིན་པས་ན་དབྱིངས་རིག་གཉིས་སུ་མེད་པ་ཞེས་བྱའོ། །འདི་དག་གི་གནད་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་མི་འབྲལ་བར་བྱ་བ་ནི་གནད་དུ་བྱུང་ལ། དེའི་དོན་བཤད་ན། རིག་པ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མི་ཕྱེད་པ་གཞི་གནས་དང་དེའི་གདངས་འོད་རྩ་དངས་པའི་སྣང་བ་ལས་གསེར་གྱི་སྐུད་པ་ལྟ་བུ་བྲེང་ཆགས་ལ་འཁྱོག་མཚམས་ཐིག་ལེས་སྦྲེལ་བ་ལ་བྱའོ། །རྡོ་རྗེ་ནི་སངས་རྒྱས་སེམས་ཅན་ཀུན་ལ་ངོ་བོ་བཟང་ངན་མེད་པར་མཉམ་ཞིང་མི་འགྱུར་བ་གནས་པའི་ཆ་ནས་བཞག་ལ། ལུ་ནི་དཔེར་ན་ཆུའི་ལུ་མ་བཟང་པོ་ལས་ཆུ་འཕེལ་འགྲིབ་མེད་པར་འབྱུང་བ་དང་འདྲ་བར། སྐུ་དང་ཡེ་ཤེས་ཀྱི་འཕེལ་སྒོ་སྣ་ཚོགས་སུ་ལམ་སྣང་མ་རྫོགས་ཀྱི་བར་ལ་དེ་ལས་འཆར་བར་བྱེད་པའོ། །གུ་ནི་དེ་ཉིད་ཀྱི་ནང་དུ་ཆོས་ཉིད་ཕྱིན་ཅི་མ་ལོག་པའི་ལྟ་བ་དང་སྒོམ་པ་འགུགས་པར་བྱེད་ལ། རྒྱུད་ནི་འཁོར་འདས་ལ་ཁྱབ་ཅིང་སྣང་བ་དེའི་ཚོགས་རྣམས་ལས། སྐུ་དང༌། ཐིག་ལེ་འཕྲོ་བ་དང༌། མཆེད་པ་དང༌། འདུ་བ་ལ་སོགས་པ་གསལ་བར་བྱེད་པའོ། །ཐལ་འགྱུར་ལས། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །དེ་ལས་སྣང་བ་བཞིར་འགྱུར་ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་བསྣུབས། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད། །ཅེས་སོ། །དེའང་སྣང་བ་བཞིར་གྲངས་ངེས་པ་ནི་ཕྱིར་ནམ་ཟླ་དུས་བཞིའི་འཕེལ་ཟད་པ་དང༌། ནང་དུ་ལུས་ངག་ཡིད་སེམས་བཞིའི་བཅིངས་པ་ལས་དགྲོལ་བ་དང༌། གསང་བར་དབང་བཞིའི་ངེས་པ་སྟོན་པ་དང༌། དེ་ཁོ་ན་ཉིད་དུ་སྒྲོན་མ་བཞིའི་སྣང་བ་ངེས་པ་ལ་ལྟོས་ནས་བཞིར་ངེས་སོ། །གོ་རིམས་ངེས་པ་ནི། དང་པོའི་གཞི་ཆོས་ཉིད་མངོན་སུམ་མ་མཐོང་ན་ལྷག་མ་གསུམ་གྱི་འཆར་གཞི་མེད་པས་རྟེན་དང་བརྟེན་པའི་གཞིར་དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་འཆར་བའོ། །དེ་ཉིད་ཤར་བས་ཆོས་ཐམས་ཅད་ཀྱི་དོན་མཐོང་བས་རང་བྱུང་གི་ཡེ་ཤེས་རང་ལས་རྙེད་པ་ཞེས་བྱའོ། །དེ་ནས་མངོན་པ་དེ་ཉམས་སུ་མ་མྱོང་ན་ཚིག་ཙམ་ལ་འབྲས་བུ་མི་འབྱུང་བ་ལས། དོན་ཉམས་སུ་མྱོང་བས་དེའི་ཉམས་གོང་འཕེལ་དུ་བྱུང་བའོ། །དེ་ལྟར་ཉམས་སྐྱེས་པའི་ཚད་བརྟན་པར་བྱེད་དགོས་ཏེ། མ་བརྟན་ན་ཉམས་ལ་ཐུག་པ་མེད་པས་ཆོས་ལ་ཟིན་པ་མེད་ཅིང༌། སངས་ལ་རྒྱ་རྒྱུ་མི་འབྱུང་བ་ལས། ཉམས་བརྟན་པའི་ཚད་ལ་ཕེབས་པས། རིག་པ་ཚད་ཕེབས་ཀྱི་སྣང་བ་བྱུང་བའོ། །རིག་པའི་སྣང་བ་ཚད་ལ་ཕེབས་ཀྱང་དེ་ལས་གཞན་དུ་མི་འགྱུར་ན་སྐུ་གསུམ་འབྲས་བུར་འདོད་པ་དང་ཁྱད་མེད་ལ། དངོས་སྣང་མཚན་མའི་ཆོས་ལ་དོན་གྱི་འབྲས་བུ་རེ་བ་ཐུན་མོང་བ་རྣམས་དང་ཁྱད་མེད་པ་ལས། སྣང་ཉམས་གཞི་ལ་ཐིམ་སྟེ། ཕྲ་རགས་ཀྱི་སྣང་འཛིན་ནུབ་ནས། ཀ་དག་ཆོས་ཟད་ལ་སྤྱོད་པས་ཆོས་ཉིད་ཟད་པའི་སྣང་བ་བྱུང་བའོ། །དེ་དག་ཀྱང་དང་པོ་གཉིས་སྤྲུལ་སྐུ། ཚད་ཕེབས་ལོངས་སྐུ། ཟད་པ་ཆོས་སྐུའི་སྣང་བ་ལམ་དུ་བྱས་པས་སྐུ་གསུམ་ལམ་སྣང་དུ་ཤར་བས་འབྲས་བུ་ཆོས་ཟད་ཀ་དག་གི་དབྱིངས་ལ་ཐུག་པའི་ཕྱིར། རང་སྣང་གི་རྩལ་སྐུ་གསུམ་རིག་པའི་ངང་དུ་ཐིམ་པས། རིག་པ་ཀ་དག་གི་འབྲས་བུ། རིག་པའི་དབྱིངས་ནས་གདོད་ཀྱིས་རང་རྩལ་སྐུ་གསུམ་ཤར་བས་དོན་བྱེད་པ་ཞེས་བྱ་སྟེ། ཐེག་་པ་གཞན་ནས་མིང་ཡང་མི་གྲག་པའི་སྙིང་པོ། ཐེག་པ་རྒྱལ་པོའི་དགོངས་པ་ཞེས་བྱའོ། །གནད་འདི་རྟོགས་དཀའ་བ་ཅིག་ཡིན་ནོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་བཞི་སྟེ། ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་ཕེབས། ཆོས་ཉིད་ཟད་པའི་སྣང་བ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། མངོན་སུམ་སྤྱིའི་འབྲེལ་དགོད་པ་དང༌། རང་གི་མཚན་ཉིད་ངོས་གཟུང་བའོ། །དང་པོ་ནི་སྤྱིར་མངོན་སུམ་ལ་ཀུན་རྫོབ་ཐ་སྙད་ལ་གྲགས་པའི་མངོན་སུམ་དང༌། དོན་དམ་དབྱིངས་ལ་མཇལ་བའི་མངོན་སུམ་གཉིས་ལས། དང་པོ་ལ་དབང་པོའི་མངོན་སུམ་གཟུགས་སོགས་ཡུལ་ལྔ་སྣང་བའི་རང་བཞིན་དང༌། ཡིད་ཀྱི་མངོན་སུམ་ཡུལ་ཉེ་བར་སྤྱོད་པ་རྒྱུ་མཚན་ངེས་པའི་རྟོག་ཡུལ་ན་སྣང་བ་དང༌། རང་རིག་པའི་མངོན་སུམ་ནང་དུ་བདེ་སྡུག་ལ་སོགས་མྱོང་བ་ཅེས་པའི་སྣང་བ་དང༌། རྣལ་འབྱོར་གྱི་མངོན་སུམ་ཉིད་ཀྱི་དོན་ཉེ་བར་མཇལ་བ་དེ་ཁོ་ན་ཉིད་ཀྱི་ཕྱོགས་ལ་ཞུགས་པའི་སོ་སོ་ཡང་དག་པའི་རིག་པ་དང་དེའི་སྣང་ཡུལ་གཉིས་སུ་མེད་པའི་ངང་ན་གཟུང་འཛིན་དང་བྲལ་བར་མྱོང་བའི་ངེས་པ་སྟེ། རྣམ་འགྲེལ་ལས། ཐམས་ཅད་ལས་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །གནས་ནའང་མིག་གིས་གཟུགས་དག་ནི། །མཐོང་བའི་བློ་དེ་དབང་སྐྱེས་ཡིན། །ཅེས་བཤད་པ་བཞིན་ནོ། །དོན་དམ་དབྱིངས་ལ་འཇལ་བའི་མངོན་སུམ་ནི་རིག་པའི་ངོ་བོ་ཆོས་ཉིད་སྙིང་ག་ན་ཡོད་པར་ངེས་ཏེ། དེའི་རང་གདངས་སྙིང་ནས་མིག་ཏུ་འབྲེལ་བའི་ཕྱིར་ཉི་མ་དང་འོད་ཟེར་བཞིན་རྒྱུ་འབྲས་ངེས་པ་གཏན་ཚིགས་ཀྱིས་ཡིད་ཆེས་པར་མཇལ་བའོ། །དེའི་ཕྱིར་འཇིག་རྟེན་པ་དང་འདས་པ་གཉིས་ལས་འདི་ནི་འདས་པའི་མངོན་སུམ་མོ། །འདས་པ་ལ་བརྗོད་བྱ་ཤེས་པ་གཙོ་བ་སེམས་ཀྱི་རྒྱུ་མཚན་ངེས་པ་དང༌། གནད་གཏེམས་པ་མཐོང་བ་གཙོ་བ་རིག་པའི་མངོན་སུམ་གཉིས་ལས། འདི་རིག་པའི་མངོན་སུམ་ཞེས་བྱ་བ་ཡིན་ནོ། །གཉིས་པ་རང་གི་མཚན་ཉིད་ངོས་གཟུང་བ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་པ་ལ། ཆོས་ཉིད་ཀྱི་སྒྲ་ཉེ་བར་སྦྱར་བ་ལ་བཞི་ལས། འཁོར་བ་ལ་ཆོས། མྱང་འདས་ཆོས་ཉིད་ཅེས་པའི་འདི་ཆོས་ཉིད་དོ། །སྣང་བ་ལ་ཆོས། སྟོང་པ་ལ་ཆོས་ཉིད་དུ་བརྗོད་པའི་འདི་ཆོས་ཉིད་དོ། །གནད་མེད་པས་མི་གྲོལ་བ་ལ་ཆོས། ཡོད་པས་གྲོལ་ངེས་པས་ཆོས་ཉིད་དུ་གྲགས་པའི་འདི་ཆོས་ཉིད་དོ། །དབྱིངས་ལ་ཆོས། རིག་པ་ལ་ཆོས་ཉིད་དུ་གྲགས་པའི་གཉིས་ཀ་དབྱེར་མེད་དུ་འདོད་པའོ། །མངོན་པ་ནི་དབང་པོའི་སྤྱོད་ཡུལ་ལ་དངོས་སུ་བལྟར་ཡོད་པའོ། །དེའང་ཡིད་དཔྱོད་ལ་མ་ལྟོས་པ་སྟེ། ཡིད་དཔྱོད་ཀྱི་ཤེས་རབ་ཀྱིས་གང་དུ་བཙལ་ཡང་རྙེད་པའི་དུས་མེད་དོ། །ཚོལ་མཁན་མིག་ཅན་མ་ཡིན། འོད་གསལ་གཟུགས་ཅན་མ་ཡིན་པའི་ཕྱིར་ཏེ། སྡུད་པ་ལས། ཤེས་རབ་ཀྱིས་ནི་བརྟགས་ན་ཕུང་པོའི་གཏིང་མི་རྙེད། །ཅེས་སོ། །འོད་གསལ་གྱི་སྣང་བ་འདི་ཐ་སྙད་ལ་གྲགས་པའི་གཟུགས་ཅན་མ་ཡིན་ཏེ། ཕྲ་བ་རྡུལ་ཕྲན་དང་རགས་པ་དངོས་པོ་རང་མཚན་དུ་འདི་མེད་པའི་ཕྱིར་འབྱུང་བཞིའི་གནོད་པས་གཞིག་ཅིང་གཞོམ་དུ་མི་རུང་བའི་ཕྱིར་རོ། །གཟུགས་ཅན་ནི་གཞིག་ཅིང་གཞོམ་རུང་དུ་ཡོད་དེ་གཟུགས་ཀྱི་མཚན་ཉིད་དེ་ཡིན་པའི་ཕྱིར་རོ། །གསུམ་ནི་རྣམ་གྲངས་ཏེ་ཕྱིར་ལུས་ངག་ཡི་གསུམ་གྱི་གནད་གསུམ་གྱིས་གཞི་བཅའ་བ། ནང་དུ་ཆོས་ཉིད་ཡུལ་གྱི་གནད། །འཆར་བྱེད་སྒོའི་གནད། རླུང་གི་གནས་པའི་གནད་གསུམ་གྱིས་ལམ་བསལ་བ་དང༌། གསང་བར་གོམས་པ་ཚད་ཀྱི་རིམ་པ། སྨིན་པ་རྟགས་ཀྱི་རིམ་པ། མཐར་ཐུག་ཟད་པའི་རིམ་པ་དང་གསུམ་གྱིས་ཚད་གཟུང་བ་དང༌། བླ་ན་མེད་པར་སྣང་བའོ། །སྨིན་པ་ཐིག་ལེ། །རྫོགས་པ་སྐུ་དང་གསུམ་གྱིས་འབྲས་བུ་རྫོགས་པའི་ཕྱིར། གསུམ་ཚན་བཞིར་ངེས་པས་གསུམ་ཞེས་བྱའོ། །ཡང་ན་ཆོས་ཉིད་ལ་སྐུ་གསུམ་ལྷུན་གྲུབ་ཏུ་ཡོད་པའི་རང་གདངས་སྣང་བ་གསུམ་ཕྱིར་ཤར་བའི་གྲངས། ཆོས་སྐུའི་རང་གདངས་ནང་མྱོང་བ་རིག་སྟོང༌། ལོངས་སྐུའི་རང་གདངས་འོད་ལྔ་ཕྱིར་གསལ་བ་ཡེ་ཤེས་རང་གསལ། སྤྲུལ་སྐུའི་རང་གདངས་ཤར་གྲོལ་རིས་མེད་ཤེས་རབ་ཀྱི་རྩལ་དང་བཅས་པ་གསུམ་ལ་ལྟོས་ནས་གསུམ་ཞེས་བྱའོ། །དེའང་གཞི་གསུམ་གྱིས་གཞི་བཅས་པས་དངོས་པོ་ལ་ཐ་དད་མེད་པའི་གནད་དང༌། ལམ་གསུམ་གྱིས་གེགས་བསལ་བས་འགྲོ་ལམ་ལ་ཉེ་རིང་མེད་པ་དང༌། ཚད་གསུམ་གྱིས་ཚད་ལ་ཕབ་པས་འདྲ་མིན་དང་ཆལ་ཆོལ་མེད་པ་དང༌། འབྲས་བུ་གསུམ་གྱིས་ཟད་སར་བསྐྱལ་བས་ཡིན་མིན་དང་ཐེ་ཚོམ་མེད་པས་ན་མངོན་སུམ་ཞེས་བྱ་སྟེ། ཐ་མལ་པའི་དུས་ན་དགའ་མི་དགའ་བཏང་སྙོམ་གསུམ་མཐོང་བས་བདེ་སྡུག་བར་མ་གསུམ་འཆར་བ། བླ་མའི་གདམས་པ་ཉམས་སུ་བླང་བའི་དུས་ན་དབྱིངས་རིག་ཆོས་གསུམ་མངོན་པར་མཐོང་བས་སོ། །ཆོས་ཉིད་མངོན་སུམ་ལ་ཡིད་དཔྱོད་ཚིག་གི་སྒྲོ་གདགས་སུ་མེད་པའི་གནད། གོམས་པའི་དུས་ན་འོད་ཐིག་ལེ་སྐུ་གསུམ་མཐོང་བས་འཁྲུལ་བའི་སྣང་བ་རང་འགགས་པའི་གནད། ཚད་དུ་ཕྱིན་པས་དུས་ན་གསལ་བ་སྟོང་པ་བདེ་བ་གསུམ་མངོན་པར་མཐོང་བས། ཆོས་ཉིད་རང་ཟད་པའི་གནད་དོ། །དེ་ལྟར་ན་གསུམ་ཞེས་གྲངས་ཀྱི་གནས་གཞན་ལ་བརྟེན་ནས་འབྲས་བུ་ཅིག་ཅར་དུ་གྲོལ་བར་ངེས་པའོ། །སྣང་བ་ནི་གང་སྣང་ཆོས་ཉིད་སྣང་ལ། ཡུལ་གང་ལ་སྣང་ན་དབྱིངས་ལ་སྣང༌། ཚུལ་ཇི་ལྟར་སྣང་ན་འོད་དང་འོད་ཁྱིམ་རིག་པ་ལུ་གུ་རྒྱུད་དང་བཅས་པ་སྣང༌། །སྣང་བ་དེ་ཉམས་སུ་བླངས་པ་ལས་འབྲས་བུ་རྡོས་བཅས་མི་སྣང་བར་སངས་རྒྱ་བའོ། །དེ་ལྟར་ཆོས་ཉིད་མངོན་སུམ་གྱི་སྣང་བའི་ངོ་བོ་དབྱིངས་རིག་འོད་གསལ་སྣང་བ་སྟེ། ཡི་གེ་མེད་པ་ལས། སྐྱེ་བ་མེད་པའི་མངོན་སུམ་སངས་རྒྱས་ཀྱིས། །ཡུལ་མེད་རྣམ་པར་དག་པའི་སྣང་བ་མཐོང༌། །ཞེས་པ་དང༌། སྒྱུ་འཕྲུལ་ལས། ནོར་བུ་རིན་ཆེན་འདོད་ཆགས་དཔལ། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཞེས་སོ། །ངེས་ཚིག་ནི་སྐུ་གསུམ་གྱི་སྣང་བ་མཐོང་བ་སྟེ། རིན་པོ་ཆེ་རྣམ་པར་བརྩེགས་པའི་རྒྱུད་ལས། མངོན་ཞེས་བྱ་བ་མཐོང་བ་ལ། །གསུམ་ཞེས་བྱ་བ་སྐུ་གསུམ་གྱི། །ཞིང་ཁམས་གཏན་ལ་ཕེབས་པའོ། །ཞེས་སོ། །དགོས་པ་ནི་གནད་འདིས་གོལ་སྒྲིབ་མེད་པར་གྲོལ་ཏེ། དེ་ཉིད་ལས། ཆོས་ཉིད་མངོན་སུམ་གནད་མེད་ན། །མིག་མེད་གཡང་ཁར་ཕྱིན་པ་འདྲ། །ཞེས་སོ། །གནད་ནི་ཐལ་གྱུར་ལས། རྒྱང་ཞགས་འགུལ་བ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཅེས་པ་དང༌། ཡི་གེ་མེད་པ་ལས། མིག་ནི་རབ་ཏུ་གནན་བྱ་སྟེ། །མིག་ཟུར་ཉིད་ལས་དབྱིངས་འབྱུང་བས། །མིག་ནི་ནམ་མཁའི་ཁམས་སུ་བརྟག །ཅེས་སོ། །སྣང་བ་ནི། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ལས་ངེས་འཐོན་ཏེ། །སྤྲིན་མེད་པ་ཡི་མཁའ་ལ་གསལ། །ཅེས་པ་དང༌། གཞན་ཡང་རྩ་དང་འཁྲུལ་འཁོར་གྱིས། །རང་བཞིན་གནས་པའི་ཡེ་ཤེས་ལྔ། །ཆུ་བུར་མིག་གིས་མཐོང་བའོ། །ཞེས་པ་དང༌། རང་ཤར་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འགྲོ་དང་འོང་བ་དང༌། །འགུལ་བ་དང་ནི་འཕྲིག་པའོ། །ཞེས་པ་དང༌། སེང་གེ་རྩལ་རྫོགས་ལས། །རང་སྣང་རིག་པའི་དངོས་པོ་དེ། །ཡེ་ཤེས་གུ་ལུ་རྒྱུད་དུ་གནས། །ཞེས་པ་དང༌། ནོར་བུ་འཕྲ་བཀོད་ལས། རྒྱང་ཞག་ཆུའི་སྒྲོན་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ཡོངས་སུ་གསལ་ལོ་ཞེས་སོ། །ཉམས་སུ་བླང་ལུགས་ནི་དང་པོ་ཐུན་ཆུང་ལ་གྲངས་མང་དུ་བྱ། གཉིས་པ་ལ་ཐུན་བསྐྱེད་ཅིང་ཡུན་བསྲིང༌། །གསུམ་པ་ལ་ཉིན་མཚན་མེད་པར་ཉམས་སུ་བླངས་ཞིང༌། དབྱིངས་ཀྱི་ར་བར་རིག་པ་བཅུག་པ་ལས་མི་འགུལ་བར་བྱེད་དེ། སྒྲོན་མ་འབར་བ་ལས། དབྱིངས་ཀྱིས་རིག་པའི་རང་ཡུལ་བྱེད། །རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད། །འདི་ཉིད་ནང་དུ་གཞག་པར་བྱ། །ཞེས་སོ། །འབྲས་བུ་ནི། །ཕྱིའི་དབྱིངས་སྣང་ལ་མིག་མི་འགུལ་བའི་རང་དུས་ན། ནང་དུ་རིག་པ་གཞི་ལ་གནས་པས་གདངས་རང་ཐིམ་ལ་འཁོར་ནས། གློ་བའི་རླུང་གི་རྟ་དང་བྲལ་བས། ཡེ་ཤེས་ཀྱི་ནམ་མཁའ་དབྱིངས་ཀྱི་ནམ་མཁའ་ལ་ཐིམ་ནས་ངོ་མཉམ་རིས་མེད་དུ་གྲོལ་བས། ཀ་དག་གི་རིག་པ་དབྱིངས་ལ་མ་གཡོས་པར་སྙིང་ག་ན་ངང་གིས་འོད་གསལ་བའི་དགོངས་པ་ལ་རང་བཞིན་གྱིས་གནས་ཏེ། རྣལ་འབྱོར་པ་དེ་ཆོས་ཉིད་གདོད་མའི་འོད་གསལ་ཟིན་པ་ཞེས་བྱ་བས་འཁོར་བ་མིང་མེད་དུ་སྟོངས་ནས་སྲིད་གསུམ་གདར་ཤ་ཆོད་པ་ཡིན་ཏེ། ཐལ་འགྱུར་ལས། དེས་ནི་ཆོས་ཉིད་མངོན་སུམ་གནད། །མཐོང་བ་ཙམ་གྱིས་ཤེས་པ་དང༌། །དེ་ཤེས་པ་ཡིས་རྟོགས་པ་དང༌། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །གྲོལ་ཞེས་བཀྲོལ་བ་མ་ཡིན་ཏེ། །ནམ་མཁའ་དག་ནི་ནམ་མཁའ་ལ། །ཐིམ་ནས་རང་བཞིན་དམིགས་མེད་པས། །རིས་མེད་ཆ་ཤས་ཡོད་མ་ཡིན། །མངོན་སུམ་རྙེད་པའི་སྐལ་ལྡན་པ། །ཁམས་གསུམ་འཁོར་བ་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །ཞེས་སོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ལ་གཉིས་ལས། །མདོར་བསྟན་པ་ནི། དབྱིངས་རིག་ལ་གོང་ནས་གོང་དུ་སྦྱངས་པས། ཕྱིར་དབྱིངས་སྣང་དུ་རིག་པ་ལུ་གུ་རྒྱུད་དབྱེར་མེད་དུ་གནས་པ་བཞིན། ནང་དུ་ཀ་དག་གི་སྟོང་དབྱིངས་ལ་རང་གདངས་ཀྱི་རིག་དབྱིངས་གཉིས་མེད་དུ་གནས་པས་འོད་གསལ་མ་བུ་འདྲེས་ཏེ། སྣང་ཉམས་སྣ་ཚོགས་སུ་འཕེལ་བ་ནི། ཐལ་འགྱུར་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་ཕྱིར་བྱུང་ནས། །གྱེན་འགྲེང་བ་དང་རྩིབས་ཤར་དང༌། །ཐིག་ལེ་སྣ་ཚོགས་སྐུ་ཉིད་དུ། །རགས་པར་སྣང་བའི་ཡུལ་ལ་གསལ། །ཅེས་སོ། །རྒྱས་པར་བཤད་པ་ནི། ཉམས་གོང་འཕེལ་ཅེས་པའི་ཉམས་ལ་གཉིས་ཏེ་ཤེས་པའི་ཉམས་དང༌། སྣང་བའི་ཉམས་སོ། །ཤེས་ཉམས་ལ་འཇིག་རྟེན་པའི་ཤེས་ཉམས་ཏིང་ངེ་འཛིན་གྱིས་ཐོབ་པའི་དགའ་བདེ་སེམས་ཆགས་པ་གླུ་གར་ལ་སོགས་པ་བྱེད་སྙིང་འདོད་པ་རྣམས་དང༌། འདས་པའི་ཤེས་ཉམས་སྟོང་གསལ་མཐའ་བྲལ་གྱི་རྟོགས་ཚད་ཤེས་རབ་ཀྱི་རྩལ་དང་བཅས་པ་རྣམས་ཏེ། འདི་ཉིད་ཐོག་མ་བར་དང་མཐར་གོམས་པ་ལས། ཤེས་པ་དགའ་བདེའི་ཉམས་དང༌། མཐར་འགྱུར་གྱི་ཉམས་དང༌། སྣང་བའི་ཉམས་དང་གསུམ་འབྱུང་བ་ལས། དང་པོ་ནི། ལུས་ངག་གནད་དུ་གཅུན་པས་རླུང་སེམས་བག་ལ་ཞ་ནས། ནང་ཏིང་ངེ་འཛིན་འོད་གསལ་སྟོང་པའི་ངང་ལ་འབྱམས་པ་དང༌། ཤེས་པ་བག་ཡངས་གཟུང་འཛིན་མེད་པའི་དགའ་བདེ་ཡངས་པ་ཁྲོལ་ཆགས་སུ་སྐྱེས་ཀྱང་ཞེན་འཛིན་སྤུ་ཉག་ཙམ་ཡང་མེད་པ་ནི་རང་བཞིན་གྱི་བསམ་གཏན་གནད་དུ་ཕེབས་པ་ལས་བྱུང་བའོ། །བཅོས་མའི་བསྒོམས་པ་ལས་དགའ་བདེ་བྱུང་བ་ནི་ཉམས་འགྱུར་བ་ཤས་ཆེ་ལ་རགས་པ་འཁྲབ་པའམ་གླུ་གར་བྱེད་འདོད་པ་འབྱུང་བས་ཆགས་ཞེན་དུ་སོང་ལ། འདི་ནི་དགའ་བདེར་ཤར་ཡང་རང་དབང་ཐོབ་པའི་དགའ་བདེ་ཞེན་མེད་དུ་ཤེས་པའི་ཁྱད་ཡོད་པ་ནི་བཅོས་ནས་བསྒོམས་པ་དང༌། རང་བཞིན་གྱིས་རླུང་དུ་ཕེབས་པའི་བསམ་གཏན་གྱི་ཁྱད་དུ་ཤེས་པར་བྱའོ། །མཐར་འགྱུར་གྱི་ཉམས་ནི་རླུང་ཉམས་ཀྱི་སྣང་ཆ་སྟེ། སྲིན་བུ་མེ་ཁྱེར་ལྟ་བུ་དང༌། སྤྲིན་ལྟ་བུ་དང༌། དུ་བ་ལྟ་བུ་དང༌། སྨུག་ཟིལ་ལྟ་བུ་དང༌། ཟླ་བ་ཤར་བ་ལྟ་བུ་དང༌། སྐར་མ་ཤར་བ་ལྟ་བུ་དང༌། ནམ་སྲོས་པ་ལྟ་བུ་ལ་མཐིང་གའི་སྣང་བ་ཡོད་པ་ལྟ་བུ་དང༌། ཉི་མ་ཤར་བ་ལྟར་ཕྱི་ནང་ཟང་ཐལ་བར་སྣང་བ་ལྟ་བུ་དང་བརྒྱད་དེ། འཆར་ནུབ་དང་གསལ་འགྲིབ་ཏུ་བྱུང་བས། མི་བརྟན་ཚུགས་མི་ཐུབ་འགྱུར་འགྲོ་བས་མཐར་འགྱུར་གྱི་ཉམས་ཞེས་བྱ་སྟེ། རླུང་གཡོ་བའི་ཉམས་ཡིན་པའི་ཕྱིར་རོ། །འདི་དག་བྱར་ཡོད་དེ་རླུང་སེམས་དག་དགོས་པའི་ཕྱིར་རོ། །སྣང་བའི་ཉམས་ནི། རིག་པའི་རང་གདངས་འོད་གསལ་ཆེན་པོ་སྟེ། གནས་སྐབས་སུ་ཕྱིར་སྣང་འཕེལ་ཞིང་ཚད་ལ་ཕེབས་ནས། རང་གདངས་གཞི་ཐིམ་ལ་ནང་དུ་བཟློག་པས་ཕྱིར་གསལ་དུ་ཟད་དགོས་ཏེ། ལྷུན་གྲུབ་ཀ་དག་གི་དབྱིངས་སུ་ཐིམ་དགོས་པའི་ཕྱིར་རོ། །ནང་གསལ་དུ་རང་འོད་ཀྱི་ཀློང་ན་རིག་པ་སྐུ་དང་ཡེ་ཤེས་ཀྱི་ཕོ་བྲང་ལ་ཡེ་བཞུགས་ལྷུན་གྲུབ་ཆེན་པོར་འཕོ་འགྱུར་མེད་པའོ། །དེས་ན་འདིར་སྣང་བའི་ཉམས་གཙོ་བ་སྟེ། ཤེས་ཉམས་ནི་བློ་ཡིན་པས་འགྱུར་ཞིང་ཚད་མི་ཐུབ་སྟེ་ཀུན་བརྟགས་ཀུན་རྫོབ་ཀྱི་རྣམ་པ་ཅན་དྲན་བྱེད་ཐ་དད་པ་ཚུ་རོལ་གྱི་རྟོག་པས་བསྡུས་པའི་ཕྱིར། འདི་ལ་ཚོད་བྱེད་ན་སྤྲིན་ལ་ཚོད་བཙུགས་ནས་སྦས་སྐུངས་བྱེད་པའི་བྱ་དང་འདྲ་སྟེ། དོན་རྟོག་པའི་དུས་མེད་དེ་མཐོང་བ་རང་ཐོག་ཏུ་མི་ཕེབས་སོ། །འདི་ནི་སྣང་བའི་ཉམས་ཏེ་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་མཐོང་བས་འཁོར་བའི་ལས་ཀྱི་མཐའ་ཕྱེད་གཟུང་བ་ཡུལ་དུ་སྣང་བ་ལས་འདས་ལ། དབྱིངས་ཀྱི་སྣང་བ་མཐོང་བས་དེའི་སྟེང་དུ་འཛིན་པ་རྟོག་པའི་ཆའི་ཕྱེད་མེད་པ་སྟོང་ཆད་དུ་འཛིན་པ་ལོག་པས་འཁོར་བའི་ཆའི་སུམ་གཉིས་ལས་འདས་ལ། ཀུན་རྟོག་གཞི་གྲོ་རང་སངས་སུ་དག་པས་འཛིན་ཆའི་ཕྱེད་པ་སྣང་བ་རང་མཚན་དུ་འཛིན་པ་ལོག་པས། གཟུང་འཛིན་གང་ཟག་དང་ཆོས་ཀྱི་བདག་མེད་རྟོག་པ་ཞེས་བྱའོ། །མདོར་ན་སྣང་ཉམས་རྣམས་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང༌། དབྱིངས་ཀྱི་སྣང་བ་གཉིས་སུ་འདུས་པའོ། །གོང་འཕེལ་ནི། སྣང་བ་དེ་དག་ཇེ་བཀྲ་ཇེ་ལེགས་ཇེ་མང་ལ་སོང་བ་སྟེ། འདི་ལ་དག་ཚུལ་གྱིས་སྤྱིར་བསྟན་པ་དང༌། སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ལས། དང་པོ་ནི། འཁོར་བའི་བཅིངས་པ་ལས་གྲོལ་ཚུལ་དང་སྦྱར་ན། སྣང་བ་དེ་ཡང་གྱེན་འགྲེང་དང༌། རྩིབས་ཤར་དང༌། གྲུ་ཆད་དང༌། དུམ་བུ་དང༌། སྣམ་བུའི་སྣང་བ་དང་ལྔ་རྫོགས་པས་ཡེ་ཤེས་ལྔའི་ཁ་དོག་ལ་དབང་ཐོབ་ནས། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། ཕྲག་དོང་ལྔ་མངོན་དུ་རྒྱུ་བའི་བཅིངས་པ་ལས་གྲོལ་ཏེ། བག་ལ་ཉལ་ཙམ་ལས་མ་གཏོགས་པ་མེད་པས་འཁོར་བའི་ཕྱེད་ལས་འདས་པ་ཉིད་དོ། །དེ་ནས་དྲ་བའི་རྣམ་པ་དང༌། དྲ་བ་ཕྱེད་པ་དང༌། མིག་མངས་རིས་དང༌། མིག་ཚགས་ཀྱི་རྣམ་པ་ལྟ་བུ་དང༌། ཟ་འོག་གུར་ཁྱིམ་ལྟ་བུ་མཐོང་བས། གཟུགས་ལ་སོགས་པ་ཕུང་པོ་ལྔའི་ཚོགས་པས་བདག་ཏུ་བྱས་པ་ལས་འདས་པས། འཇིག་རྟེན་གྱི་བདག་སུམ་གཉིས་ལས་འདས་པས། ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་བྱིན་རླབས་སོ། །དེ་ནས་ཡེ་ཤེས་དངོས་པོ་དག་པའི་དབྱིབས་ཀྱི་སྣང་བ། ཡེ་ཤེས་མཁར་ཐབ་ཀྱི་རྣམ་པ་འདྲ་བ་དང༌། ཉི་ཟླ་ཟུང་སྦྲེལ་གྱི་རྣམ་པ་འདྲ་བ་དང༌། པདྨ་བརྩེགས་པའི་རྣམ་པ་འདྲ་བ་དང༌། མཆོད་རྟེན་བརྩེགས་པའི་རྣམ་པ་འདྲ་བ་དང༌། པདྨ་སྟོང་ལྡན་གྱི་རྣམ་པ་དང་འདྲ་བ་མཐོང་བས། འབྱུང་བ་ལྔའི་འཆིང་བྱེད་ལས་འདས་པའོ། །དེ་དག་ཀྱང་གཅིག་སྐྱེས་གཅིག་འགགས་པས་ཉམས་ཞེས་བྱའོ། །དེ་ཡང་སྔ་མ་བས་ཁྱད་པར་དུ་འགྱུར་བས་གོང་འཕེལ་ཞེས་བྱའོ། །དེ་ལྟར་རིག་པས་བྱུང་བ་ནི་སྔར་དབང་རིམ་པས་བསྟེན་པ་ལས་བྱུང་བའོ། །གཉིས་པ་སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་ལ། ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང༌། དབྱིབས་ཀྱི་སྣང་བ་གཉིས་ལས། དང་པོ་ནི། རྡོ་རྗེའི་རིགས་རྣམ་པར་དག་པས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་འོད་ཁ་དོག་དཀར་པོའི་རྣམ་པར་འཆར་བ་དང༌། དེ་ཉིད་རྡོ་རྗེ་མི་བསྐྱོད་པའི་གདངས་དཀར་བ་ལ་འཚེར་བར་འཆར་བའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པའི་རིགས་རྣམ་པར་དག་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁ་དོག་མཐིང་གའི་རྣམ་པར་འཆར་བ་དང༌། རྣམ་པར་སྣང་མཛད་ཀྱི་གདངས་མཐིང་ལ་གནག་པར་འཆར་རོ། །རིན་པོ་ཆེའི་རིགས་རྣམ་པར་དག་པ་ལས། མཉམ་པ་ཉིད་ཀྱི་ཁ་དོག་སེར་པོའི་སྣམ་བུ་དང༌། རིན་པོ་ཆེ་འབྱུང་ལྡན་གྱི་གདངས་རབ་ཏུ་འཚེར་བ་གསེར་ཞུན་སྦྱངས་པ་ལྟ་བུར་འཆར་རོ། །པདྨའི་རིགས་རྣམ་པར་དག་པ་ལས། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཁ་དོག་དམར་པོའི་སྣམ་བུ་དང༌། སྣང་བ་མཐའ་ཡས་ཀྱི་གདངས་དམར་བ་ལ་རབ་ཏུ་དམར་བ་བྱི་རུའི་མདོག་ལྟ་བུར་འཆར་རོ། །ལས་ཀྱི་རིགས་རྣམ་པར་དག་པ་ལས། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཁ་དོག་ལྗང་གུའི་སྣམ་བུར་འཆར་བ་དང༌། དོན་ཡོད་གྲུབ་པའི་གདངས་རབ་་ལྗང་ཨིནྡྲ་ནཱི་ལའི་རྣམ་པ་ལྟར་འཆར་བའོ། །དེ་དག་གི་ཕྱི་རིམ་མཐིང་ག་རྡོ་རྗེའི་ར་བས་ཀུན་ནས་བསྐོར་བ་ནི། ཡེ་ཤེས་དེ་དག་ཐ་དད་པ་མ་ཡིན་པར་མཚོན་པའོ། །དེ་ལས་སྣང་བའི་འཕེལ་ནི་འོད་ལྔ་སོ་སོས་གཙོ་བྱས་པའི་ཁ་དོག་ལྔ་ལྔར་གསལ་བ་ནི། རིགས་དང་རིགས་ཀྱི་ཁྱད་པར་ལས་བྱུང་བའོ། །དེ་ནས་ཡེ་ཤེས་ཀྱི་རླུང་རྣམ་པར་དག་པ་ལས་མེ་ལོང་ལྟ་བུའི་རྐྱེན་འགྲེང་དུ་སྣང་བ་ནི། དེ་ལ་བརྟེན་ནས་ཉམས་ཀྱི་འཕེལ་འབྱུང་བའོ། །མཉམ་པ་ཉིད་ཀྱི་རྩིབས་ཤར་དུ་སྣང་བ་ནི། འཁྲུལ་པའི་སྣང་བ་ཟད་དུ་ཉེ་བའི་ཉིད་དོ། །དེ་ནས་སོ་སོར་རྟོག་པའི་གྲུ་ཆད་དུ་སྣང་བ་ནི། འབྱུང་བའི་ཕྲ་བ་འགག་པའི་དུས་སོ། །བྱ་བ་གྲུབ་པའི་རེ་ལྡེའི་རྣམ་པ་ཙམ་དུ་སྣང་བ་ནི། ཡེ་ཤེས་ཀྱི་རང་གདངས་སོ་སོར་གསལ་བ་ལས་བྱུང་བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡུལ་གྲུ་ཙམ་དུ་སྣང་བ་ནི་རྟོག་པ་རགས་པ་རྣམས་འགགས་པ་ལས་བྱུང་བའོ། །དེ་དག་གི་ལམ་སྐྱེ་བའི་རིམ་པ་ནི། །བརྩོན་འགྲུས་རབ་རྣམས་ལ་བར་དུ་ཞག་ལྔ་ལྔའོ། །འབྲིང་རྣམས་ལ་ཞག་བདུན་བདུན། ཐ་མ་རྣམས་ཞག་ཉེར་གཅིག་ཉེར་གཅིག་ན་གོང་མའི་སྣང་བ་འགགས་ནས། ཡང་འོག་མའི་སྣང་བ་དེ་དག་ཏུ་རྣམ་པར་སྣང་བའོ། །ཁ་དོག་དང་དབྱིབས་ཀྱི་བར་འདིར་ནི་ཐང་ཅིག་ཏུ་གནས་པ་དག་འབྱུང་ངོ༌། །དེ་ནས་དེ་དག་ནུབ་ནས་ཀྱང་ཡེ་ཤེས་ལྔའི་དབྱིབས་ཀྱི་རྣམ་པ་འཆར་ཏེ། མེ་ལོང་ལྟ་བུའི་དབྱིབས་མིག་ཚགས་ཀྱི་རྣམ་པ་དང་འདྲ་བར་འགྱུར་རོ། །དེ་ནི་ཁ་དོག་རབ་ཏུ་སྤེལ་ལེགས་པ་ལས་བྱུང་བའོ། །དེ་ལ་གོམས་པ་ལས་མིག་མངས་རིས་སུ་འཆར་ཏེ། འདི་ནི་སྔོན་དུ་འགྲོ་བ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །དེ་ནས་མཉམ་པ་ཉིད་དྲ་བ་ཕྱེད་པར་འཆར་ཏེ། དེ་ནི་རླུང་གི་སྦྱངས་པ་དག་པ་ལས་བྱུང་བའོ། །དེ་ལས་དྲ་བར་སྣང་བ་ནི་སྔོན་འགྲོ་དག་ཅིང་ཚར་ཆོད་པ་ལས་བྱུང་བའོ། །དེ་ནས་སོ་སོར་རྟོག་པའི་མེ་ཏོག་གི་ཚོམ་བུར་འཆར་བ་ནི། གཟིགས་སྟངས་ལས་འགྲུས་པ་ལས་བྱུང་བའོ། །དེ་ལས་པདྨ་སྟོང་ལྡན་དུ་འཆར་བ་ནི་སྔོན་འགྲོ་འབྱོངས་པ་ལས་བྱུང་བའོ། །དེ་ནས་བྱ་བ་གྲུབ་པའི་མཚོན་ཆ་ལྟ་བུར་འཆར་བ་ནི། རང་བཞིན་མ་བཅོས་པ་ལས་བྱུང་བའོ། །དེ་ལས་འཁོར་ལོ་ལ་སོགས་པའི་རྣམ་པ་སྣ་ཚོགས་སུ་སྣང་བ་ནི་སྔོན་འགྲོ་མཐར་ཕྱིན་པ་ལས་བྱུང་བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཁར་ཐབ་ཏུ་འཆར་བ་ནི། རིག་པ་མིག་ནས་དྲངས་པ་ལས་བྱུང་བའོ། །དེ་ལས་ཟ་འོག་གུར་ཁྱིམ་ལྟ་བུ་ནི་སྔོན་འགྲོ་དག་པར་བྱས་པ་ལས་བྱུང་བའོ། །དེ་དག་ཀྱང་བརྩོན་འགྲུས་ཀྱི་ཁྱད་ཀྱིས་ཞག་གསུམ་དང༌། བདུན་དང༌། བཅུ་བཞི་ན་གཅིག་སྐྱེ་གཅིག་འགག་པའོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། འདི་དག་ནི་སེམས་ཀྱི་སྔོན་འགྲོའི་དུས་ན། རྟོག་པ་ཐ་དད་པར་བསླང་བ་དེ་འགགས་པའི་རྟགས་ཡིན་ནོ། །དེ་ནས་རིག་པ་རང་གི་ངོ་བོའི་སྣང་བ་འཆར་ཏེ། འོད་དེ་དག་ཐིག་ལེར་འཆར་བ་ནི་ལུ་གུ་རྒྱུད་གཅིག་ཏུ་འདུས་པ་ལས་བྱུང་བའོ། །དེ་ནས་ཐིག་ལེ་གཉིས་འབྲེལ་དུ་སྣང་བ་ནི་ཐབས་དང་ཤེས་རབ་རྣམ་པར་དག་པ་ལས་བྱུང་བའོ། །དེ་ནས་ཐིག་ལེ་ལྔ་སྦྲེལ་དུ་སྣང་བ་ནི་ཡེ་ཤེས་ལྔ་ལ་བྱན་ཚུད་པ་ལས་བྱུང་བའོ། །མངོན་སུམ་གྱི་ཐིག་ལེ་དང་འབྲེལ་ལུགས་མི་འདྲ་སྟེ་ཆུང་ཡོད་པའི་ཕྱིར་རོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། ཐལ་འགྱུར་བས། ཁ་དོག་ལྔ་ཡི་འོད་ཀྱི་ཀྱང༌། །རེ་ལྡེ་ཙམ་ལས་གྲུ་ཆད་སྣང༌། །ཡུལ་གྲུ་ཙམ་ལས་མཐོང་ཚད་དོ། །ཞེས་པ་དང༌། རང་བྱུང་གི་རྒྱུད་ལས། རང་ངོ་མཐོང་བས་འདི་ལྟར་རོ། །ཡར་མཚམས་ལས་ནི་སོར་བཞི་ལས། །བྲལ་བའི་སྐྱེས་བུ་སྐལ་བཟང་བ། །འཁོར་བར་འཇུག་པ་ག་ལ་སྲིད། །གྲུ་ཆད་རྣམ་པར་གང་སྣང་བ། །སྤྲུལ་པའི་ཡོན་ཏན་འདིས་འགྲུབ་བོ། །མཐོང་བའི་ཡུལ་ཙམ་གང་སྣང་བ། །ཚོམ་བུ་ལ་ནི་དེ་བཞིན་ནོ། །ཕྱིར་སྣང་འགགས་པ་གང་ཡིན་པ། །སྐད་ཅིག་མ་ནི་བཅུ་དྲུག་ལ། །འདི་ཡང་དེ་ལྟར་འགྱུར་བའོ། །ཞེས་སོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ལ་སྣང་ཚུལ་སྤྱིར་བསྟན་པ་དང༌། རང་བཞིན་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་ཐིག་ལེ་རེ་རེའི་ནང་དུ་སྐུ་ཕྱེད་མ་རེ་རེ་སྣང་བ་ནི་སྤྲུལ་པ་སྐུའི་སྦྱང་བ་རྣམ་པར་དག་པ་ལས་བྱུང་བའོ། །དེ་ནས་སྐུ་རང་རྐྱང་རེ་རེ་སྣང་བ་ནི་སྤྲུལ་སྐུའི་སྣང་བ་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལས་བྱུང་བའོ། །དེ་ནས་སྐུ་དེ་དག་ཡབ་ཡུམ་ལྔ་ལྔར་གྱུར་པ་ནི་ལོངས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པ་ཉིད་དོ། །དེ་ནས་སོ་སོའི་ཚོམ་བུའི་དཀྱིལ་འཁོར་དང་བཅས་པར་སྣང་བ་ལ། དེ་ཉིད་མུ་ཁྱུད་ཀྱི་ར་བ་དང་སོ་སོའི་གཙོ་འཁོར་དུ་སྣང་བ་ནི། ཆོས་སྐུའི་སྦྱང་བ་རྣམ་པར་དག་པ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །འདི་ནི་རིག་པ་ཚད་ཕེབས་ཀྱི་སྣང་བ་སྟེ། སྔོན་འགྲོའི་དུས་ན་ལུས་ཀྱི་བྱ་བ་དང༌། བྱེད་པ་དེ་དག་གི་འབྲེལ་ཚད་དེ་ཕྱིས་མི་སྐྱེ་བའི་རྟགས་སོ། །དེའང་དག་བྱ་དྲི་མ་རེ་སྦྱོང་བའི་གཉེན་་པོ་སྔོན་འགྲོ་ལ་སོགས་པ་གནད་དུ་ཕྱིན་པ་ལས་སྣང་བ་དེ་དག་ཤར་བར་བཏགས་ཀྱང་བྲལ་འབྲས་དང་དག་བྱ་དག་བྱེད་ཀྱི་རྒྱུ་འབྲས་བཏགས་པ་པ་ཡིན་གྱི། དེས་བསྐྱེད་ནས་བྱུང་བ་མ་ཡིན་ཏེ། ཡེ་ཤེས་རང་ཡོད་ཀྱི་གདངས་དྲི་མའི་སྒྲིབ་པ་དག་སྟོབས་ཀྱིས་སྣང་བའི་ཕྱིར་རོ། །ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ནི། །ལོངས་སྐུའི་མཚན་དཔེ་གསལ་བར་ནི། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ལྔ་ཡབ་དང་ཡུམ་དུ་སྣང༌། །ཞེས་པ་དང༌། བསྟན་བུ་ལས། དེ་བཞིན་སྐུ་ལ་ཐུག་གི་བར། །དྲུག་དང་བཅུ་དང་ལྔ་གསུམ་ལ། །གདོན་མི་ཟ་སྟེ་ལོངས་སྐུའོ། །ཞེས་སོ། །གཉིས་པ་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ ཚད་ཕེབས་ཀྱི་ངེས་ཚིག་སྤྱིར་བསྟན་པ་དང༌། ཚད་གསུམ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི་རིག་པ་ཚད་ཕེབས་ཞེས་པས། རིག་པ་ནི་གཞི་གནས་ཀྱི་རིག་པ་མངོན་དུ་གྱུར་ཏེ། ལམ་སྲོལ་དུ་ཚུད་པ་ལས། གཞི་སྣང་གི་རང་གདངས་ལྷུན་གྲུབ་ཀྱི་འཆར་སྒོ་སྐུར་སྣང་བས། ལམ་སྣང་ཟད་དུ་ཉེ་བ་ལས། དཀྱིལ་འཁོར་རྫོགས་པ་རྣམས་སོ། །ཚད་ནི་དང་པོ་ཕྱེད་སྐུ་ནས་སྐུའི་དཀྱིལ་འཁོར་རྫོགས་པའི་བར་རོ། །ཕེབས་པ་ནི་དེ་ལས་འདས་ས་མེད་པས་རྣམ་པར་སྣང་བའོ། །དེ་དག་ནི་ཟླ་བ་ཉ་གང་བའི་རྣམ་པ་དང་འདྲ་སྟེ། ཡར་གྱི་འཕེལ་ཟད་པས་དཀྱིལ་འཁོར་རྫོགས་ཏེ་རང་ངོ་ལ་བཅོས་སུ་མེད་པའོ། །གཉིས་པ་ཚད་གསུམ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ཕྱི་སྣང་བའོ། །ནང་ལུས་ཀྱི་ཚད། གསང་བ་རིག་པའི་ཚད་དོ། །དང་པོ་ནི། སྣང་བ་ལ་དབང་བསྒྱུར་ཞིང་ཞིང་ཁམས་འོད་གསལ་དུ་རྫོགས་པ་སྟེ། ཐལ་འགྱུར་ལས། དེ་ལྟར་ཕེབས་ནས་རྫོགས་པའི་ཚད། །ཐད་ཀའི་དངོས་སྣང་འགགས་པ་དང༌། །ས་རྡོའི་སྣང་བ་བཞུ་བ་དང༌། །རང་ཤེས་ཅི་ལའང་ཚུད་པ་དང༌། །དེ་བཙུད་བེམས་པོ་འགུལ་བ་དང༌། །རླུང་གི་འགྱུ་བའི་ཚད་ཟིན་དང༌། །ལུས་ཀྱི་རྡུལ་ཕྲན་མཐོང་བ་འབྱུང༌། །ཅིར་སྣང་གཟུགས་སྐུར་རྫོགས་པ་དང༌། །དེ་ལས་ཡབ་ཡུམ་འཁྲིལ་བ་དང༌། །ལྔ་ལྔ་ཡབ་དང་ཡུམ་སྦྱོར་དང༌། །ཀུན་ཀྱང་མུ་ཁྱུད་ཟླུམ་པོ་ལ། །རྣལ་འབྱོར་ལུས་ཀྱང་འོད་གསལ་ཞིང༌། །འགྲོ་དང་འོང་དང་འདུག་པར་སྣང༌། །ཐམས་ཅད་རིག་པ་ཚད་ཕེབས་སོ། །ཞེས་སོ། །གཉིས་པ་ནི། ལུས་ཀྱི་རྡོས་པ་དག་ནས་སྙིང་དབུས་སུ་ཨ་དཀར་པོ་ལས་འོད་ཟེར་ལྔ་སྒྲིལ་མཐོངས་ཁུང་གི་ཉི་ཞུར་ལྟར་བར་སྣང་ལ་འོད་ཀྱི་སྐར་ཁུང་གི་ནང་ཤར་བར་ཟུག་ཅིང༌། ཐོར་ཚུགས་ན་ཡེ་ཤེས་ཀྱི་རླུང་གནས་པས་རང་བཞིན་གྱིས་འདེགས་པར་སྣང་ལ། མཛོད་སྤུ་ནས་འོད་ཟེར་སྣང་ལྔ་འདོམ་གང་དུ་གསལ་ཞིང༌། ལག་པའི་སོར་མོ་ལྔ་ལ་འོད་ལྔ་ཕྲེང་བས་འཁྲིགས་ཤིང༌། །ལུས་ཀྱི་བ་སྤུའི་སྒོ་ལ་སོགས་པ་ཕྱི་ནང་གི་ཆ་རྡུལ་ཕྲན་གྱི་ཁྱོན་ལས་ཆུང་བ་རེའི་གོ་ན་ཞིང་ཁམས་གྲངས་མེད་ན་སངས་རྒྱས་དང་སེམས་ཅན་ཚད་མེད་པ་སྣང་བ་ནི་ལྷུན་གྲུབ་ཀྱི་སྒོ་བརྒྱད་ཤར་བའི་སྣང་བ་ཀུན་འདིར་ལྷག་ཆད་མེད་པར་རང་སྣང་ལ་སྣང་བ་ཡིན་ལ།

[edit]
rywikitexts e-text (input 2020; converted from a legacy font encoding on 22 November 2026).

སྨྲ་བ་ཇེ་ཉུང་ཐ་མལ་གྱི་གཏམ་སྨྲ་བ་བཅད་པ་ལ་ཐུན་ཆུང་ངུ་བསླབ། དེ་ནས་རིང་དུ་བསླབ། སྐབས་སུ་སྨྲ་རྒྱུ་མེད་ཀྱང་གཅིག་པུ་སྨྲའོ། ། གནས་པ་ནི་སྔགས་དང་«༼༡༽»བརྗོད་པ་ལ་སོགས་པ་དགེ་བའི་བརྗོད་པ་མི་དགག གཞན་དང་ཚིག་འབྲུ་གཅིག་ཀྱང་མི་འདྲེའོ། །འདིའི་དུས་ན་ལུས་ཀྱི་བརྡས་དོན་གོ་བར་བྱེད་པའོ། །ལ་བཟླ་བ་ནི་སྔགས་ལ་སོགས་པ་བརྗོད་པ་ཐམས་ཅད་མི་བྱའོ། །བརྟན་པ་ནི་ཅི་ཡང་མི་བརྗོད་པའི་ངང་ལས་མི་འདའ་བར་བྱེད་པ་སྟེ། ལུས་ཀྱི་བརྡ་ཙམ་ཡང་མི་བྱ་བ་ཡིན་ནོ། །ས་བོན་གྱི་རྒྱུད་ལས། ངག་ནི་ཇི་ལྟར་ལྐུགས་པ་བཞིན། །སུ་དང་བརྡ་ཙམ་ཉིད་མི་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །སེམས་ཀྱི་འཕྲོ་འདུ་རང་ཆོད་དོ། །ཞེས་སོ། །ངག་གི་སྨྲ་བ་བཅད་པས་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་སྟེ། འགྲོ་བ་གཞན་དང་ངག་མ་འདྲེས་པས་ལུས་འབྱོངས་པའི་དགོས་པ་ཡོད། ལུས་འབྱོངས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། མཁའ་སྤྱོད་ཀྱི་མཁའ་འགྲོ་མ་རྣམས་ཀྱི་བྱིན་གྱིས་བརླབས་ནས་ལུས་སྒྱུ་མའི་སྐུར་གྲོལ་བའོ། །དེ་ནས་བརྗོད་བྱ་བཀག་པས་ངག་འབྱོངས་ཏེ་རྟགས་སུ་མི་མ་ཡིན་པ་རྣམས་དང་བརྡ་ཕྲད་ཅིང་གཏམ་ཟེར་བ་དག་འོང་། ངག་གི་བརྗོད་པ་བཀག་པས་ཡིད་འབྱོངས་ཏེ། དེའི་རྟགས་སུ་སྔོན་དུ་མི་མ་ཡིན་གྱི་གཟུགས་མཐོང་བ་དང་། དེ་ནས་མངོན་པར་ཤེས་པ་དུམ་བུ་བ་འཆར་རོ། །དེ་ལྟར་ངག་གི་གནད་ཀྱིས་ལུས་སེམས་ཀྱི་མཚམས་ཀྱི་འབྲེལ་གཅོད་པའི་གནད་ཀྱི་གདམས་པའོ། །སེམས་ཀྱི་གནད་དུ་ནམ་མཁའི་མཐོངས་སུ་མིག་ལྟ་བ་ལས་རྟོག་པ་ཅི་ཡང་མ་«༼༡༽»བསམ་སྟེ། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་སོ། །དེ་ལྟར་གཙོ་བོ་ལུས་ངག་གཉིས་གཅུན་པས་སེམས་ཞོར་ལ་འཆུན་ནས་དབྱིངས་རིག་འཆར་ཞིང་ཁམས་གསུམ་གྱི་འཆིང་བ་གཅོད་དེ། ས་བོན་གྱི་རྒྱུད་ལས། འདི་ལྟར་ལུས་ངག་སུས་གཅུན་པ། །ཆོས་ཀྱི་དབྱིངས་ཀྱི་སྣང་བ་ལ། །འདི་ཡིས་གོམས་པར་འགྱུར་བ་ཡིན། །ཅེས་པ་དང་། རྡོ་རྗེ་བཀོད་པ་ལས། ལུས་དང་ངག་དང་ཡིད་ཀྱི་གནད། །ཤེས་ཤིང་བསྟུན་པས་འཁོར་ལས་གྲོལ། །ཅེས་སོ། །དོན་གཉིས་པ་གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་ལ་གསུམ་སྟེ། གནད་གསུམ་རྡོ་རྗེའི་ཆིངས་སུ་བསྡམ་པ། མངོན་སུམ་རིག་པའི་རང་ངོ་སྤྲོད་པ། དེ་ལས་སྣང་བའི་འཆར་ཚུལ་བསྟན་པའོ། །དང་པོ་ལ་གཉིས་ཏེ། གནད་གསུམ་སྤྱིའི་ཆིངས་བསྟན་པ་དང་ ། བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པའོ། །དང་པོ་ནི་སྒོ་དང་ཡུལ་དང་རླུང་རིག་གི་གནད་གསུམ་སྟེ། ཐལ་འགྱུར་ལས། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང་། །རླུང་དང་རིག་པའི་གནད་ཉིད་གཏེམ། །ཞེས་པས། དཔེར་ན་གནད་ལ་ཟིན་པའི་མཚོན་དང་འདྲ་སྟེ། ལུས་ཀྱི་རྩ་རྒྱུས་སམ་དོན་སྙིང་ལ་སོགས་པའི་གནད་ལ་ཕོག་ན་ཅི་བྱས་ཀྱང་མི་འཚོ་བར་འཆི་བ་དང་འདྲ་བར། གནད་གསུམ་གྱིས་ཀྱང་ཆོས་ཉིད་ལ་འགྱུར་བའི་ས་མེད་དེ། སྒོའི་གནད་ཀྱིས་མཐོང་བར་བྱེད། ཡུལ་གྱི་གནད་ཀྱིས་མི་འགྱུར་བར་བྱེད། རླུང་རིག་གི་གནད་ཀྱིས་རྟགས་ཚད་ལ་འབེབས་པ འོ། །དེ་ཡང་སྒོའི་གནད་སོ་པ་དང་འདྲ། ཡུལ་གྱི་གནད་འགྲོན་པོ་དང་འདྲ། རླུང་རིག་གི་གནད་ཇག་པ་དང་འདྲའོ། །སོས་ཐེབས་པས་འདོད་པའི་མི་འགྱུར་དབང་མེད་པར་ཟིན་ལ། དགྲས་འོངས་པས་ཇག་པའི་ལག་ཏུ་མི་ཚུད་མི་སྲིད་པ་བཞིན་དུ། ཆོས་ཉིད་མངོན་སུམ་གྱི་གནད་ལ་མི་ཐེབས་མི་སྲིད་དོ། །དེ་ཡང་ཡུལ་མེད་ན་རྟེན་སའི་གཞི་མེད་ལ། སྒོ་མེད་ན་འགྲོ་བའི་ལམ་སྟོར། རླུང་རིག་གི་གནད་མེད་ན་ཤེས་རིག་ནང་དུ་མི་ཆོད་པས་གནད་གསུམ་དུ་ངེས་ལ། དེ་ལས་མང་ན་མཐའ་ཡས་པས་གནད་སྟོར་ལ། ཉུང་ན་དོན་མི་འགྲུབ་པས་གསུམ་དུ་ངེས་པའོ། །གཉིས་པ་བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པ་ལ།གནད་གསུམ་སྤྱིའི་རིམ་པ་ངེས་པ་དང་། སོ་སོའི་གནད་ལ་ཐོག་ཏུ་དབབ་པའོ། །དང་པོ་ནི་ལུས་ངག་སེམས་གསུམ་མི་འགུལ་ཞིང་སྒོ་དང་ཡུལ་དང་རླུང་རིག་གཅུན ་པ་སྟེ། མཐོང་བ་བ རྒྱུད་པའི་ལུང་གིས་ཕྱེ་བ་ནི། རང་བྱུང་རིག་པའི་ཏནྟྲ་ལས། དེ་ལྟར་ལུས་ལ་སོགས་པ་ཡི། །གནད་ཀུན་རབ་ཏུ་གཟིར་བ་ཡིས། །རིག་པ་ཉིད་དང་མངོན་སུམ་དུ། །བླ་མའི་ལུང་ལས་ཤེས་པ་ཡིན། །ཅེས་པ་དང་། ཐལ་འགྱུར་ལས། དངོས་གཞི་རང་གི་རྒྱུད་བསྟེན་ན། །ལུས་ཀྱི་གནད་དང་ངག་དང་ཡང་། །སེམས་ཀྱི་གནད་ལ་བརྟེན་པ་ཡིས། །རླུང་ནི་ཅི་ནས་དལ་བྱས་ཏེ། །རབ་ཏུ་འཕང་བ་ལས་བྱུང་བ། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང་། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཡུལ་ནི་སྒྲིབ་བྱེད་བྲལ་བའོ། །རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །གཉིས་པ་ལ་སྒོ་དང་། ཡུལ་དང་། རླུང་རིག་གི་གནད་གསུམ་ལས། དང་པོ་ནི། ཐ་མལ་པའི་ལྟ་ལུགས་ཀྱིས་ཡེ་ཤེས་མི་འཆར་བས། སྐུ་གསུམ་གྱི་གཟིགས་སྟངས་གསུམ་ལ་བསླབ་སྟེ། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་ཀྱི་སྐུ་ཡི་གཟིགས་སྟངས་ཀྱིས། །ཁམས་གསུམ་འཁོར་བ་སྤྱིབས་ནས་འདོན། །ལོངས་སྐུས་སྲིད་པའི་གཞི་མ་འཇིག «།སྤྲུ»ལ་སྐུས་སངས་རྒྱས་ཞིང་དུ་སྒྲོལ། །ཅེས་པ་དང་། ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་ཁམས་སུ་བརྟག «།»ཅེས་པ་དང་། གསང་བ་སྒྲ་རྒྱུད་ལས། ཕབ་དང་ཟློག་དང་ཟུར་གྱིས་ནི། །གཟིགས་སྟངས་རྣམ་པ་གསུམ་དུ་གྲགས། །ཞེས་སོ། །དེའང་སྤྲུལ་སྐུ་ཕབ་ནས་སངས་རྒྱ་བ་ནི་གདུལ་བྱ་ལ་གཟིགས་ལ། ལོངས་སྐུ་ཟུར་ལ་གཟིགས་ནས་སངས་རྒྱ་བ་ནི་ཞིང་ཁམས་ལ་གཟིགས་པ་དང་། ཆོས་སྐུ་བཟློག་ནས་སངས་རྒྱ་བ་ནི་གཞི་ལ་གཟིགས་པའོ། །རྣལ་འབྱོར་པ་མིག་ཤས་ངན་པས་སྤྲུལ་སྐུའི་གཟིགས་སྟངས་བསྟུན་ན་མིག་མི་འགྲིབ་པའི་དགོས་པ་ཡོད། མིག་ལ་སྐྱོན་ཆགས་པས་ལོངས་སྐུ་དང་བསྟུན་ན་མིག་གསལ་བའི་དགོས་པ་ཡོད། མིག་ཤས་བཟང་བས་ཆོས་སྐུའི་ངང་བསྟུན་ན་མྱུར་དུ་སྣང་བ་ཚད་ལ་ཕེབས་པའི་དགོས་པ་ཡོད་དོ། །དེ་དག་ལས་མ་གཡོས་ན་སྤྱན་གསུམ་ཁོང་དུ་ཆུད་པར་ངེས་ཏེ། ཆོས་སྐུ་ལ་ཆོས་ཉིད་ཀྱི་སྤྱན་ཡོད་པས་གསུང་ལ། དེའི་བྱིན་རླབས་ཀྱིས་ཡེ་ཤེས་དངོས་སུ་མཐོང་བས་འདི་ཉིད་ལ་ཐག་ཆོད། ལོངས་སྐུ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་པས་སྐུ་ལ། དེའི་བྱིན་རླབས་ཀྱིས་རང་གསལ་དུ་མཐོང་བས་མཁྱེན་པ་རྒྱས། སྤྲུལ་སྐུ་ལ་ཤེས་རབ་ཀྱི་སྤྱན་ཡོད་པས་ཐུགས་ལ། དེའི་བྱིན་རླབས་ཀྱིས་སྒྲ་ཚིག་དང་བྲལ་བར་མཐོང་བས་ཐོས་བསམ་སྒོམ་པ་ལ་རག་མ་ལས་པར་ཆོས་ཉིད་ཀྱི་དོན་ཁོང་ནས་འཆར་རོ། །དེ་ཡང་སྤྱན་གསུམ་དུ་ལྟ་བ་ནི་ཆོས་ཉིད་ཀྱི་སྤྱན་གྱེན་ལ་བཟློག་པས་བག་ཆགས་ཐུར་ལ་སེལ་བའི་གནད། ཡེ་ཤེས་ཀྱི་ཟུར་ལ་མཉམ་པོར་བལྟས་པས་འཁོར་འདས་རོ་མཉམ་དུ་བསྲེ་བའི་གནད། ཤེས་རབ་ཀྱིས་ཕབ་ནས་བལྟས་པས་ཡེ་ཤེས་ཀྱི་སྣང་བ་དངོས་སུ་འབེབས་པའི་གནད་དོ། །གཟིགས་སྟངས་གསུམ་དུ་ངེས་པ་ཅི་ཡིན་ཞེ་ན། ལེ་ལོ་ཅན་ལ་ལོངས་སྐུ། བརྩོན་འགྲུས་ཅན་ལ་སྤྲུལ་སྐུ། བཏང་སྙོམས་ཅན་ལ་ཆོས་སྐུའི་གཟིགས་སྟངས་ཤིས་པས་ན་གསུམ་དུ་ངེས་སོ། །ངེས་ཚིག་ནི་གཟིགས་པ་ཆོས་ཉིད་ལ་གཟིགས་པས་རྣམ་དག་སྒྲིབ་པ་ཟད་པའོ། །སྟངས་ཀྱིས་འཁོར་བ་ལས་གྲོལ་བར་བྱེད་པའོ། །གཉིས་པ་ཡུལ་གྱི་གནད་ནི་ཕྱིའི་དབྱིངས་ཀྱི་ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་ཡིན་ལ། ནང་གི་དབྱིངས་ཀྱི་ཡུལ་སྨིན་མཚམས་ཀྱི་མཛོད་སྤུ་ལ་གཏད་པས་དབྱིངས་སྣང་མཐིང་ག་དང་དེ་ལས་མཆེད་པ་རྣམ་ལྔའི་རང་གདངས་ཏེ། ཐལ་འགྱུར་ལ ས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །བག་རྡུལ་ཆར་གྱིས་དེངས་དུས་སུ། །མཁས་པས་མངོན་སུམ་གནད་གཟིར་དང་། །ནང་གི་སྒྲོན་མ་ལམ་དུ་བྱའོ། །ཞེས་སོ། །དེ་ཡང་ཕྱི་རིག་པ་འཆར་བའི་ཡུལ་ཡིན་ལ། ནང་ཉམས་འཕེལ་བའི་ཡུལ་ཏེ། རིག་པ་དང་ཉམས་གཉིས་སུ་མེད་པ་ལས་འཁོར་འདས་འདྲེས་པ་ཞེས་བྱའོ། །དེའང་ས་ཆུ་མེ་རླུང་གི་དངོས་པོ་རགས་པ་ལ་ཡུལ་དུ་གཏད་པས་མི་གྲོལ་ཏེ། དང་པོ་སྣང་བ་འཆར་དུ་མི་འདོད། ཕྱིས་ཤར་དུས་གཏད་ཀྱང་དངོས་པོ་རགས་པ་ལྟར་ཤེས་པའང་དེ་དང་མཐུན་པ་སྐྱེ་བས་སྟོང་ཉིད་བསམ་དུ་མེད་པའི་ཉམས་ནང་ནས་མི་འཆར་ལ། ནམ་མཁའ་སྟོང་པ་ལ་རིག་པ་སྟོང་པ་གཏད་པས། ཡུལ་ནམ་མཁའ་དང་མཐུན་པའི་ཉམས་སྟོང་གསལ་འཕྲོ་འདུ་དང་བྲལ་བ་ཕྱལ་ཡས་པ་ཅིག་འཆར་བས། དངོས་པོ་མཚན་མ་དང་བྲལ་བའི་དགོས་པ་ཡོད་དེ། སེམས་སྡེ་ལས། རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །ཞེས་པ་དང་། སྡུད་པ་ལས། དོན་དེ་གང་ཡིན་ནམ་མཁའ་དག་ལ་བརྟག་པར་གྱིས། །ཞེས་པ་དང་། ཡུམ་བར་མ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི། ནམ་མཁའ་རྣལ་འབྱོར་དུ་བྱེད་པའོ་ཞེས་པ་ལ་སོགས་པ་ལུང་དཔག་ཏུ་མེད་དོ། །དེའང་ཡུལ་ཕྱི་ནང་འདྲེས་པ་ལས་མཉམ་པ་རིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་གཉིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་འདྲེས་པས་འཁོར་འདས་རོ་མཉམ་གྱི་ལྟ་བ་ཞེས་བྱའོ། །འདི་ཉིད་བསྟན་བུ་ལས་ཀྱང་། དབྱིངས་དང་རིག་པའི་ལྟ་སྟངས་ནི། ། «སྒྲི»བ་བྱེད་བྲལ་བའི་ནམ་མཁའ་ལྟར། །ཅེས་གསུངས་སོ། །གསུམ་པ་རླུང་རིག་གི་གནད་ནི། ཡུལ་དང་སྒོ་གཉིས་འཛོམ་དུས་རླུང་དལ་བ་བསྟེན་པས་རིག་པ་བཙོན་དུ་གཟུང་བ་ཞེས་བྱ་སྟེ། དེའང་རླུང་ཅི་ནས་ཀྱང་དལ་བ་ལ་ཕྱིར་རྒྱང་རིང་པོ་འཕེན་ཞིང་ཕྱིར་བཟུང་ལ་གཞག་པ་གནད་ཡིན་ནོ། །དེ་ཡང་རླུང་དལ་བས།ཕྱིར་རྣལ་འབྱོར་པའི་ཚེ་རྒྱས་པའི་གྲོགས་སུ་འགྲོ་ལ། ནང་དུ་རྣམ་པར་རྟོགས་པ་ནུབ་པའི་རྐྱེན་བྱེད་ཅིང་། གསང་བར་རིག་པ་མངོན་སུམ་དུ་མཐོང་བའི་ལས་བྱེད«༼༡༽«། »ཁོ་ན་ཉིད་དུ་ཟག་བཅས་མི་སྣང་བར་སངས་རྒྱ་བར་བྱེད་པའོ། །དེ་སྐད་དུའང་ཐལ་འགྱུར་ལས། རླུང་ནི་ཅི་ནས་དལ་བྱ་སྟེ། །རབ་ཏུ་འཕང་བ་ལས་བྱུང་བས། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང་། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །རིག་པའི་གནད་ལུ་གུ་རྒྱུད་དབྱིངས་ཀྱི་ར་བར་བཞག་ནས་མི་འགུལ་བར་བྱེད་པ་སྟེ། དེ་ཉིད་ལས། རང་ངོ་རིག་པ་ལུ་གུ་རྒྱུད། །འགྲོ་འོང་བྲལ་བས་མཁའ་ལ་བཟུང་། །ཞེས་པ་དང་། བསྟན་བུ་ལས། དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །རྣམ་པར་གཞག་ཅིང་འབྲལ་མི་བྱ། །ཞེས་སོ། །དེའང་རླུང་དལ་བ་བསྟེན་པས་བྱ་བ་དང་བྲལ་བའི་དོན་རྒྱུད་ལ་སྐྱེ། རིག་པ་ལུ་གུ་རྒྱུད་ཨར་ལ་གཏད་པས་རྣམ་པར་རྟོག་པའི་ཁུངས་ཟད་ནས། འཁྲུལ་པ་གཞི་ལ་ལོག་སྟེ་ཡེ་ཤེས་མ་བུ་ཕྲད་པའོ། །རིག་པ་རླུང་དང་བྲལ་ནས་འགྲོ་འོང་དུ་མེད་པ་ནི་རིག་པ་ལ་རང་བྱན་ཚུད་པའོ། །དེ་ཡང་ཁྲིད་དུ་བྱེད་ན་ལུས་ཀྱི་གནད་བསྟུན་པ་ལ་ཉི་མ་ལྔ་དྲུག་ཏུ་བྱའོ། །དེ་ནས་སྒོ་སྤྱད་པ་ལ་དེ་ཙམ་ཅིག་ཏུ་བྱའོ། དེ་ནས་ཡུལ་བཙལ་བ་ལ་ཉི་མ་དྲུག་ནས་བདུན་བྱས་ལ། དེ་ནས་མངོན་སུམ་རང་ཐོག་ཏུ་ཕབ་ནས་ཉམས་སུ་ལེན་པའོ། །དེས་ནི་ཤིན་ཏུ་འབྱོངས་ཤིང་སྒཽམ་ཤེས་པ་འབྱུང་ངོ་། །གཞན་དུ་འལ་མ་འོལ་བྱས་པས་སྣང་བ་ར་རི་ཅིག་མཐོང་ནས། ཡིད་ཆེས་མེད་པར་ཁྲིད་ཐོན་དུས་ཅི་ལ་ཟེར་ཆ་མེད་པར་པྲ་ཡས་པ་དག་འབྱུང་ཉེ་བས་དེ་ལྟར་མ་སོང་བ་དག་ཏུ་བྱའོ། །དེ་ལ་སྤྱིར་གྱིས་ཁྲིད་མོ་ཆེ་འདི་འདེབས་དུས་སྔོན་འགྲོ་ཚད་ལ་ཕེབས་པ་བརྩོན་འགྲུས་དང་བཅས་པས་སྦྱངས་པས་དངོས་གཞི་ལ་ཡིད་ཆེས་ཐུན་མོང་མ་ཡིན་པ་སྐྱེའོ། །དངོས་གཞི་ཐེབས་པར་བཏབ་པས་མངོན་སུམ་ལ་སྤྲོ་དགའ་ཁྱད་པར་ཅན་འབྱུང་ངོ་། །རྗེས་རྒྱ བ་ཆོས་མཐའ་ཆོད་པར་བཤད་པས་ཉམས་ལེན་བསྐྱང་ཐུབ་པ་ཤེས་ནས་ཐེ་ཚོམ་དང་རྟོག་མཐའ་ཆོད་དེ་ཆོས་གཞན་ལ་ཡིད་མི་སྨོན ་པའི་དགོས་པ་ཡོད་དོ། །གཉིས་པ་མངོན་སུམ་རིག་པའི་རང་ངོ་སྤྲད་པ་ནི། རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ནམ་མཁའ་ལ་ལྡིང་བ་ལྟ་བུ་དབྱིངས་འོད་གསལ་གྱི་སྣང་བ་དང་བཅས་པ་འདི་མ་འཁྲུལ་པའི་སངས་རྒྱས་ཀ་དག་ལྷུན་གྲུབ་ཀྱི་རང་གདངས་ཏེ། ངང་ལ་བལྟས་པས་རྟོག་བྱེད་ཐམས་ཅད་དག་ནས་སྤྲོས་བྲལ་ནམ་མཁའ་འདྲ་བའི་གདངས་ནང་དུ་ཤར་བས། དབྱིངས་རིག་གཉིས་སུ་མེད་པའི་དགོངས་པ་ཤེས་རབ་རང་བྱུང་གི་ཡེ་ཤེས་དང་ཞལ་མཇལ། ཐོག་མའི་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ། འདི་ལ་གོམས་པ་ཚད་དུ་ཕྱིན་ན་རྡོས་བཅས་འོད་དུ་འགྲོ ་ལ། མ་ཕྱིན་ཡང་བར་དོའམ་རང་བཞིན་སྤྲུལ་པའི་ཞིང་བགྲོད། འགྲོ་དྲུག་འཁྲུལ་པའི་གཡང་ས་ཆོད་པའོ། །ཞེས་ངོ་སྤྲད་དེ། རང་བྱུང་བསྟན་པའི་བཙས་ལས། འདི་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་བ་ཉིད་ནི་མཉམ་པའོ། །ཞེས་པ་དང་ །ཐལ་འགྱུར་ལས། ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ཡི་སངས་རྒྱས་སོ། །ཞེས་སོ། །གསུམ་པ་དེ་ལས་སྣང་བའི་འཆར་ཚུལ་བསྟན་པ་ནི། དབྱིངས་འོད་ལྔའི་རང་གདངས་ལང་ལིང་དུ་སྣང་བ་དང་། ལུ་གུ་རྒྱུད་ལ་ཐིག་ལེ་ཕྲ་མོས་འབྲེལ་བ་དང་། ཐོག་མར་དཀར་ཟང་ཟིང་སྐར་མ་འཕྲོ་བ་ལྟ་བུ་ལས། ཐིག་ལེ་ཁ་དོག་ལྔ་ལྡན་དང་། རེ་རེ་བ་དང་། སུམ་སྦྲེལ་གྱི་བར་གྱི་སྣང་བ་ཚུན་ཆད་དེ། སྔ་མ་ལས། དེ་ནས་ཐིག་ལེ་མཐོང་བ་ཡིན། །ཅེས་སོ། །དེའང་ཕྱི་འོད་གསལ་ལ་བལྟས་པས་ནང་རྣམ་རྟོག་བྲལ་ཏེ་རིས་མེད་མཉམ་པར་གྲོལ་བ་ནི། ཀ་དག་གི་རིག་གདངས་དང་། ལྷུན་གྲུབ་ཀྱི་འོད་གདངས་གཉིས་ཕྱི་ནང་ཟུང་དུ་འབྲེལ་བས། དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་ཞེས་བྱའོ། །གསུམ་པ་སྣང་བ་བཞི་འཆར་བའི་རིམ་པ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ་དང་ །རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། སྣང་བ་བཞི་ཀའི་དུས་སུ་ལུས་བཞུགས་སྟངས་ལ་གནས་པ། མིག་གཟིགས་སྟངས་ལ་ལྟ་བ། རླུང་རིག་ངང་གིས་དལ་བ་གསུམ་གནད་མཐུན་ལ། ཁྱད་པར་སྣང་བ་དང་པོ་གཉིས་སུ་སྦྱངས་པས་ཕྱི་མ་གཉིས་སུ་རྩོལ་བ་ལ་མ་ལྟོས་པར་ངང་གིས་འབྱོངས་ནས། འོད་གསལ་དུ་གྲོལ་བ་ཡིན་པས་ན་དབྱིངས་རིག་གཉིས་སུ་མེད་པ་ཞེས་བྱའོ། །འདི་དག་གི་གནད་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་མི་འབྲལ་བར་བྱ་བ་ནི་གནད་དུ་བྱུང་ལ། དེའི་དོན་བཤད་ན། རིག་པ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མི་ཕྱེད་པ་གཞི་གནས་དང་དེའི་གདངས་འོད་རྩ་དྭངས་པའི་སྣང་བ་ལས་གསེར་གྱི་སྐུད་པ་ལྟ་བུ་བྲེང་ཆགས་ལ་འཁྱོག་མཚམས་ཐིག་ལེས་སྦྲེལ་བ་ལ་བྱའོ། །རྡོ་རྗེ་ནི་སངས་རྒྱས་སེམས་ཅན་ཀུན་ལ་ངོ་བོ་བཟང་ངན་མེད་པར་མཉམ་ཞིང་མི་འགྱུར་བར་གནས་པའི་ཆ་ནས་བཞག་ལ། ལུ་ནི་དཔེར་ན་ཆུའི་ལུ་མ་བཟང་པོ་ལས་ཆུ་འཕེལ་འགྲིབ་མེད་པར་འབྱུང་བ་དང་འདྲ་བར། སྐུ་དང་ཡེ་ཤེས་ཀྱི་འཕེལ་སྒོ་སྣ་ཚོགས་སུ་ལམ་སྣང་མ་རྫོགས་ཀྱི་བར་ལ་དེ་ལས་འཆར་བར་བྱེད་པའོ། །གུ་ནི་དེ་ཉིད་ཀྱི་ནང་དུ་ཆོས་ཉིད་ཕྱིན་ཅི་མ་ལོག་པའི་ལྟ་བ་དང་སྒོམ་པ་འགུགས་པར་བྱེད་ལ། རྒྱུད་ནི་འཁོར་འདས་ལ་ཁྱབ་ཅིང་སྣང་བ་དེའི་ཚོགས་རྣམས་ལས། སྐུ་དང་། ཐིག་ལེ་འཕྲོ་བ་དང་། མཆེད་པ་དང་། འདུ་བ་ལ་སོགས་པ་གསལ་བར་བྱེད་པའོ། །ཐལ་འགྱུར་ལས། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །དེ་ལས་སྣང་བ་བཞིར་འགྱུར་«༼༡༽» ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་བསྣུབས། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད། །ཅེས་སོ། །དེའང་སྣང་བ་བཞིར་གྲངས་ངེས་པ་ནི་ཕྱིར་ནམ་ཟླ་དུས་བཞིའི་འཕེལ་ཟད་པ་དང་། ནང་དུ་ལུས་ངག་ཡིད་སེམས་བཞིའི་བཅིངས་པ་ལས་དགྲོལ་བ་དང་། གསང་བར་དབང་བཞིའི་ངེས་པ་སྟོན་པ་དང་། དེ་ཁོ་ན་ཉིད་དུ་སྒྲོན་མ་བཞིའི་སྣང་བ་ངེས་པ་ལ་ལྟོས་ནས་བཞིར་ངེས་སོ། །གོ་རིམ་ངེས་པ་ནི། དང་པོའི་གཞི་ཆོས་ཉིད་མངོན་སུམ་མ་མཐོང་ན་ལྷག་མ་གསུམ་གྱི་འཆར་གཞི་མེད་པས་རྟེན་དང་བརྟེན་པའི་གཞིར་དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་འཆར་བའོ། །དེ་ཉིད་ཤར་བས་ཆོས་ཐམས་ཅད་ཀྱི་དོན་མཐོང་བས་རང་བྱུང་གི་ཡེ་ཤེས་རང་ལས་རྙེད་པ་ཞེས་བྱའོ། །དེ་ནས་མངོན་པ་དེ་ཉམས་སུ་མ་མྱོང་ན་ཚིག་ཙམ་ལ་འབྲས་བུ་མི་འབྱུང་བ་ལས། དོན་ཉམས་སུ་མྱོང་བས་དེའི་ཉམས་གོང་འཕེལ་དུ་བྱུང་བའོ། །དེ་ལྟར་ཉམས་སྐྱེས་པའི་ཚད་བརྟན་པར་བྱེད་དགོས་ཏེ། མ་བརྟན་ན་ཉམས་ལ་ཐུག་པ་མེད་པས་ཆོས་ལ་ཟིན་པ་མེད་ཅིང་། སངས་ལ་རྒྱ་རྒྱུ་མི་འབྱུང་བ་ལས། ཉམས་བརྟན་པའི་ཚད་ལ་ཕེབས་པས། རིག་པ་ཚད་ཕེབས་ཀྱི་སྣང་བ་བྱུང་བའོ། །རིག་པའི་སྣང་བ་ཚད་ལ་ཕེབས་ཀྱང་དེ་ལས་གཞན་དུ་མི་འགྱུར་ན་སྐུ་གསུམ་འབྲས་བུར་འདོད་པ་དང་ཁྱད་མེད་ལ། དངོས་སྣང་མཚན་མའི་ཆོས་ལ་དོན་གྱི་འབྲས་བུ་རེ་བ་ཐུན་མོང་བ ་རྣམས་དང་ཁྱད་མེད་པ་ལས། སྣང་ཉམས་གཞི་ལ་ཐིམ་སྟེ། ཕྲ་རགས་ཀྱི་སྣང་འཛིན་ནུབ་ནས། ཀ་དག་ཆོས་ཟད་ལ་སྤྱོད་པས་ཆོས་ཉིད་ཟད་པའི་སྣང་བ་བྱུང་བའོ། །དེ་དག་ཀྱང་དང་པོ་གཉིས་སྤྲུལ་སྐུ། ཚད་ཕེབས་ལོངས་སྐུ། ཟད་པ་ཆོས་སྐུའི་སྣང་བ་ལམ་དུ་བྱས་པས་སྐུ་གསུམ་ལམ་སྣང་དུ་ཤར་བས་འབྲས་བུ་ཆོས་ཟད་ཀ་དག་གི་དབྱིངས་ལ་ཐུག་པའི་ཕྱིར། རང་སྣང་གི་རྩལ་སྐུ་གསུམ་རིག་པའི་ངང་དུ་ཐིམ་པས། རིག་པ་ཀ་དག་གི་འབྲས་བུ། རིག་པའི་དབྱིངས་ནས་གདོད་ཀྱིས་རང་རྩལ་སྐུ་གསུམ་ཤར་བས་དོན་བྱེད་པ་ཞེས་བྱ་སྟེ། ཐེག་པ་གཞན་ནས་མིང་ཡང་མི་གྲག་པའི་སྙིང་པོ། ཐེག་པ་རྒྱལ་པོའི་དགོངས་པ་ཞེས་བྱའོ། །གནད་འདི་རྟོགས་དཀའ་བ་ཅིག་ཡིན་ནོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་བཞི་སྟེ། ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་ཕེབས། ཆོས་ཉིད་ཟད་པའི་སྣང་བ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། མངོན་སུམ་སྤྱིའི་འབྲེལ་དགོད་པ་དང་། རང་གི་མཚན་ཉིད་ངོས་གཟུང་བའོ། །དང་པོ་ནི་སྤྱིར་མངོན་སུམ་ལ་ཀུན་རྫོབ་ཐ་སྙད་ལ་གྲགས་པའི་མངོན་སུམ་དང་། དོན་དམ་དབྱིངས་ལ་མཇལ་བའི་མངོན་སུམ་གཉིས་ལས། དང་པོ་ལ་དབང་པོའི་མངོན་སུམ་གཟུགས་སོགས་ཡུལ་ལྔ་སྣང་བའི་རང་བཞིན་དང་། ཡིད་ཀྱི་མངོན་སུམ་ཡུལ་ཉེ་བར་སྤྱོད་པ་རྒྱུ་མཚན་ངེས་པའི་རྟོག་ཡུལ་ན་སྣང་བ་དང་། རང་རིག་པའི་མངོན་སུམ་ནང་དུ་བདེ་སྡུག་ལ་སོགས་མྱོང་བ་ངེས་པའི་སྣང་བ་དང་། རྣལ་འབྱོར་གྱི་མངོན་སུམ་ཆོས་ཉིད་ཀྱི་དོན་ཉེ་བར་མཇལ་བ་དེ་ཁོ ་ན་ཉིད་ཀྱི་ཕྱོགས་ལ་ཞུགས་པའི་སོ་སོ་ཡང་དག་པའི་རིག་པ་དང་དེའི་སྣང་ཡུལ་གཉིས་སུ་མེད་པའི་ངང་ན་གཟུང་འཛིན་དང་བྲལ་བར་མྱོང་བའི་ངེས་པ་སྟེ། རྣམ་འགྲེལ་ལས། ཐམས་ཅད་ལས་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །གནས་ནའང་མིག་གིས་གཟུགས་དག་ནི། །མཐོང་བའི་བློ་དེ་དབང་སྐྱེས་ཡིན། །ཅེས་བཤད་པ་བཞིན་ནོ། །དོན་དམ་དབྱིངས་ལ་མཇལ་བའི་མངོན་སུམ་ནི་རིག་པའི་ངོ་བོ་ཆོས་ཉིད་སྙིང་ག་ན་ཡོད་པར་ངེས་ཏེ། དེའི་རང་གདངས་སྙིང་ནས་མིག་ཏུ་འབྲེལ་བའི་ཕྱིར་ཉི་མ་དང་འོད་ཟེར་བཞིན་རྒྱུ་འབྲས་ངེས་པའི་གཏན་ཚིགས་ཀྱིས་ཡིད་ཆེས་པར་མཇལ་བའོ། །དེའི་ཕྱིར་འཇིག་རྟེན་པ་དང་འདས་པ་གཉིས་ལས་འདི་ནི་འདས་པའི་མངོན་སུམ་མོ། །འདས་པ་ལ་བརྗོད་བྱ་ཤེས་པ་གཙོ་བ་སེམས་ཀྱི་རྒྱུ་མཚན་ངེས་པ་དང་། གནད་གཏེམས་པ་མཐོང་བ་གཙོ་བ་རིག་པའི་མངོན་སུམ་གཉིས་ལས། འདི་རིག་པའི་མངོན་སུམ་ཞེས་བྱ་བ་ཡིན་ནོ། །གཉིས་པ་རང་གི་མཚན་ཉིད་ངོས་གཟུང་བ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་པ་ལ། ཆོས་ཉིད་ཀྱི་སྒྲ་ཉེ་བར་སྦྱར་བ་ལ་བཞི་ལས། འཁོར་བ་ལ་ཆོས། མྱང་འདས་ལ་ཆོས་ཉིད་ཅེས་པའི་འདི་ཆོས་ཉིད་དོ། །སྣང་བ་ལ་ཆོས། སྟོང་པ་ལ་ཆོས་ཉིད་དུ་བརྗོད་པའི་འདི་ཆོས་ཉིད་དོ། །གནད་མེད་པས་མི་གྲོལ་བ་ལ་ཆོས། ཡོད་པས་གྲོལ་ངེས་པ་ལ་ཆོས་ཉིད་དུ་གྲགས་པའི་འདི་ཆོས་ཉིད་དོ། །དབྱིངས་ལ་ཆོས། རིག་པ་ལ་ཆོས་ཉིད་དུ་གྲགས་པའི་འདི་གཉིས་ཀ་དབྱེར་མེད་དུ་འདོད་པའོ། །མངོན་པ་ནི་དབང་པོའི་སྤྱོད་ཡུལ་པ་དངོས་སུ་བལྟར་ཡོད་པའོ། །དེའང་ཡིད་དཔྱོད་ལ་མ་ལྟོས་པ་སྟེ། ཡིད་དཔྱོད་ཀྱི་ཤེས་རབ་ཀྱིས་གང་དུ་བཙལ་ཡང་རྙེད་པའི་དུས་མེད་དོ། །ཚོལ་མཁན་མིག་ཅན་མ་ཡིན། འོད་གསལ་གཟུགས་ཅན་མ་ཡིན་པའི་ཕྱིར་ཏེ། སྡུད་པ་ལས། ཤེས་རབ་ཀྱིས་ནི་བརྟགས་ན་ཕུང་པོའི་གཏིང་མི་རྙེད། །ཅེས་སོ། །འོད་གསལ་གྱི་སྣང་བ་འདི་ཐ་སྙད་ལ་གྲགས་པའི་གཟུགས་ཅན་མ་ཡིན་ཏཻ། ཕྲ་བ་རྡུལ་ཕྲན་དང་རགས་པ་དངོས་པོ་རང་མཚན་དུ་འདི་མེད་པའི་ཕྱིར་འབྱུང་བཞིའི་གནོད་པས་གཞིག་ཅིང་གཞོམ་དུ་མི་རུང་བ འི་ཕྱིར་རོ། །གཟུགས་ཅན་ནི་གཞིག་ཅིང་གཞོམ་རུང་དུ་ཡོད་དེ་གཟུགས་ཀྱི་མཚན་ཉིད་དེ་ཡིན་པའི་ཕྱིར་རོ། །གསུམ་ནི་རྣམ་གྲངས་ཏེ་ཕྱིར་ལུས་ངག་ཡིད་གསུམ་གྱི་གནད་གསུམ་གྱིས་གཞི་བཅའ་བ། ནང་དུ་ཆོས་ཉིད་ཡུལ་གྱི་གནད། འཆར་བྱེད་སྒོའི་གནད། རླུང་རིག་གནས་པའི་གནད་གསུམ་གྱིས་ལམ་བསལ་བ་དང་། གསང་བར་གོམས་པ་ཚད་ཀྱི་རིམ་པ། སྨིན་པ་རྟགས་ཀྱི་རིམ་པ། མཐར་ཐུག་ཟད་པའི་རིམ་པ་དང་གསུམ་གྱིས་ཚད་གཟུང་བ་དང་། བླ་ན་མེད་པར་སྣང་བ་འོད། སྨིན་པ་ཐིག་ལེ། རྫོགས་པ་སྐུ་དང་གསུམ་གྱིས་འབྲས་བུ་རྫོགས་པའི་ཕྱིར། གསུམ་ཚན་བཞིར་ངེས་པས་གསུམ་ཞེས་བྱའོ། །ཡང་ན་ཆོས་ཉིད་ལ་སྐུ་གསུམ་ལྷུན་གྲུབ་ཏུ་ཡོད་པའི་རང་གདངས་སྣང་བ་གསུམ་ཕྱིར་ཤར་བའི་གྲངས། ཆོས་སྐུའི་རང་གདངས་ནང་མྱོང་བ་རིག་སྟོང་། ལོངས་སྐུའི་རང་གདངས་འོད་ལྔ་ཕྱིར་གསལ་བ་ཡེ་ཤེས་རང་གསལ། སྤྲུལ་སྐུའི་རང་གདངས་ཤར་གྲོལ་རིས་མེད་ཤེས་རབ་ཀྱི་རྩལ་དང་བཅས་པ་གསུམ་ལ་ལྟོས་ནས་གསུམ་ཞེས་བྱའོ། །དེའང་གཞི་གསུམ་གྱིས་གཞི་བཅས་པས་དངོས་པོ་ལ་ཐ་དད་མེད་པའི་གནད་དང་། ལམ་གསུམ་གྱིས་གེགས་བསལ་བས་འགྲོ་ལམ་ལ་ཉེ་རིང་མེད་པ་དང་། ཚད་གསུམ་གྱིས་ཚད་ལ་ཕབ་པས་འདྲ་མིན་དང་ཆལ་ཆོལ་མེད་པ་དང་། འབྲས་བུ་གསུམ་གྱིས་ཟད་སར་བསྐྱལ་བས་ཡིན་མིན་དང་ཐེ་ཚོམ་མེད་པས་ན་མངོན་སུམ་ཞེས་བྱ་སྟེ། ཐ་མལ་པའི་དུས་ན་དགའ་མི་དགའ་བཏང་སྙོམས་གསུམ་མཐོང་བས་བདེ་སྡུག་བར་མ་གསུམ་འཆར་བ། བླ་མའི་གདམས་པ་ཉམས་སུ་བླང་བའི་དུས་ན་དབྱིངས་རིག་ཆོས་གསུམ་མངོན་པར་མཐོང་བས་སོ། །ཆོས་ཉིད་མངོན་སུམ་ལ་ཡིད་དཔྱོད་ཚིག་གིས་སྒྲོ་གདགས་སུ་མེད་པའི་གནད། གོམས་པའི་དུས་ན་འོད་ཐིག་ལེ་སྐུ་གསུམ་མཐོང་བས་འཁྲུལ་པའི་སྣང་བ་རང་འགགས་པའི་གནད། ཚད་དུ་ཕྱིན་པའི་དུས་ན་གསལ་བ་སྟོང་པ་བདེ་བ་གསུམ་མངོན་པར་མཐོང་བས། ཆོས་ཉིད་རང་ཟད་པའི་གནད་དོ། །དེ་ལྟར་ན་གསུམ་ཞེས་གྲངས་ཀྱི་གནས་གཞན་ལ་བརྟེན་ནས་འབྲས་བུ་ཅིག་ཅར་དུ་གྲོལ་བར་ངེས་པའོ། །སྣང་བ་ནི་གང་སྣང་ན་ཆོས་ཉིད་སྣང་ལ། ཡུལ་གང་ལ་སྣང་ན་དབྱིངས་ལ་སྣང་། ཚུལ་ཇི་ལྟར་སྣང་ན་འོད་དང་འོད་ཁྱིམ་རིག་པ་ལུ་གུ་རྒྱུད་དང་བཅས་པ་སྣང་། སྣང་བ་དེ་ཉམས་སུ་བླངས་པ་ལས་འབྲས་བུ་རྡོས་བཅས་མི་སྣང་བར་སངས་རྒྱ་བའོ། །དེ་ལྟར་ཆོས་ཉིད་མངོན་སུམ་གྱི་སྣང་བའི་ངོ་བོ་དབྱིངས་རིག་འོད་གསལ་དུ་སྣང་བ་སྟེ། ཡི་གེ་མེད་པ་ལས། སྐྱེ་བ་མེད་པའི་མངོན་སུམ་སངས་རྒྱས་ཀྱིས། །ཡུལ་མེད་རྣམ་པར་དག་པའི་སྣང་བ་མཐོང་། །ཞེས་པ་དང་། སྒྱུ་འཕྲུལ་ལས། ནོར་བུ་རིན་ཆེན་འོད་ཆགས་དཔལ། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཞེས་སོ། །ངེས་ཚིག་ནི་སྐུ་གསུམ་གྱི་སྣང་བ་མཐོང་བ་སྟེ། རིན་པོ་ཆེ་རྣམ་པར་བརྩེགས་པའི་རྒྱུད་ལས། མངོན་ཞེས་བྱ་བ་མཐོང་བ་ལ། །གསུམ་ཞེས་བྱ་བ་སྐུ་གསུམ་གྱི། །ཞིང་ཁམས་གཏན་ལ་ཕེབས་པའོ། །ཞེས་སོ། །དགོས་པ་ནི་གནད་འདིས་གོལ་སྒྲིབ་མེད་པར་གྲོལ་ཏེ། དེ་ཉིད་ལས།ཆོས་ཉིད་མངོན་སུམ་གནད་མེད་ན། །མིག་མེད་གཡང་ཁར་ཕྱིན་པ་འདྲ། །ཞེས་སོ། །གནད་ནི་ཐལ་འགྱུར་ལས། རྒྱང་ཞགས་འགུལ་བ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཞེས་པ་དང་། ཡི་གེ་མེད་པ་ལས། མིག་ནི་རབ་ཏུ་གནན་བྱ་སྟེ། །མིག་ཟུར་ཉིད་ལས་དབྱིངས་འབྱུང་བས། །མིག་ནི་ནམ་མཁའི་ཁམས་སུ་བརྟག «།»ཅེས་སོ། །སྣང་བ་ནི། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ལས་ངེས་འཐོན་ཏེ། །སྤྲིན་མེད་པ་ཡི་མཁའ་ལ་གསལ། །ཅེས་པ་དང་། གཞན་ཡང་རྩ་དང་འཕྲུལ་འཁོར་གྱིས། །རང་བཞིན་གནས་པའི་ཡེ་ཤེས་ལྔ། །ཆུ་བུར ་མིག་གིས་མཐོང་བའོ། །ཞེས་པ་དང་། རང་ཤར་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འགྲོ་དང་འོང་བ་དང་། །འགུལ་བ་དང་ནི་འཕྲིག་པའོ། །ཞེས་པ་དང་། སེང་གེ་རྩལ་རྫོགས་ལས། རང་སྣང་རིག་པའི་དངོས་པོ་དེ། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །ཞེས་པ་དང་། ནོར་བུ་འཕྲ་བཀོད་ལས། རྒྱང་ཞགས་ཆུའི་སྒྲོན་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ཡོངས་སུ་གསལ་ལོ་ཞེས་སོ། །ཉམས་སུ་བླང་ལུགས་ནི་དང་པོ་ཐུན་ཆུང་ལ་གྲངས་མང་དུ་བྱ། གཉིས་པ་ལ་ཐུན་བསྐྱེད་ཅིང་ཡུན་བསྲིང་། གསུམ་པ་ལ་ཉིན་མཚན་མེད་པར་ཉམས་སུ་བླང་ཞིང་། དབྱིངས་ཀྱི་ར་བར་རིག་པ་བཅུག་པ་ལས་མི་འགུལ་བར་བྱེད་དེ། སྒྲོན་མ་འབར་བ་ལས། དབྱིངས་ཀྱིས་རིག་པའི་རང་ཡུལ་བྱེད། །རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད། །འདི་ཉིད་ནང་དུ་གཞག་པར་བྱ། །ཞེས་སོ། །འབྲས་བུ་ནི། ཕྱིའི་དབྱིངས་སྣང་ལ་མིག་མི་འགུལ་བའི་རང་དུས་ན།ནང་དུ་རིག་པ་གཞི་ལ་གནས་པས་གདངས་རང་ཐིམ་ལ་འཁོར་ནས། གློ་བའི་རླུང་གི་རྟ་དང་བྲལ་བས། ཡེ་ཤེས་ཀྱི་ནམ་མཁའ་དབྱིངས་ཀྱི་ནམ་མཁའ་ལ་ཐིམ་ནས་ངོ་མཉམ་རིས་མེད་དུ་གྲོལ་བས། ཀ་དག་གི་རིག་པ་དབྱིངས་ལས་མ་གཡོས་པར་སྙིང་ག་ན་ངང་གིས་འོད་གསལ་བའི་དགོངས་པ་ལ་རང་བཞིན་གྱིས་གནས་ཏེ།རྣལ་འབྱོར་པ་དེ་ཆོས་ཉིད་གདོད་མའི་འོད་གསལ་ཟིན་པ་ཞེས་བྱ་བས་འཁོར་བ་མིང་མེད་དུ་སྟོངས་ནས་སྲིད་གསུམ་གདར་ཤ་ཆོད་པ་ཡིན་ཏེ། ཐལ་འགྱུར་ལས།དེས་ནི་ཆོས་ཉིད་མངོན་སུམ་གནད། །མཐོང་བ་ཙམ་གྱིས་ཤེས་པ་དང་། །དེ་ཤེས་པ་ཡིས་རྟོགས་པ་དང་། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །གྲོལ་ཞེས་བཀྲོལ་བ་མ་ཡིན་ཏེ། །ནམ་མཁའ་དག་ནི་ནམ་མཁའ་ལ། །ཐིམ་ནས་རང་བཞིན་དམིགས་མེད་པས། །རིས་མེད་ཆ་ཤས་ཡོད་མ་ཡིན། །མངོན་སུམ་རྙེད་པའི་སྐལ་ལྡན་ལ། །ཁམས་གསུམ་འཁོར་བ་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །ཞེས་སོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ལ་གཉིས་ལས། མདོར་བསྟན་པ་ནི། དབྱིངས་རིག་ལ་གོང་ནས་གོང་དུ་སྦྱངས་པས། ཕྱིར་དབྱིངས་སྣང་དུ་རིག་པ་ལུ་གུ་རྒྱུད་དབྱེར་མེད་དུ་གནས་པ་བཞིན། ནང་དུ་ཀ་དག་གི་སྟོང་དབྱིངས་ལ་རང་གདངས་ཀྱི་རིག་དབྱིངས་གཉིས་མེད་དུ་གནས་པས་འོད་གསལ་མ་བུ་འདྲེས་ཏེ། སྣང་ཉམས་སྣ་ཚོགས་སུ་འཕེལ་བ་ནི། ཐལ་འགྱུར་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་ཕྱིར་བྱུང་ནས། །གྱེན་འགྲེང་བ་དང་རྩིབས་ཤར་དང་། །ཐིག་ལེ་སྣ་ཚོགས་སྐུ་ཉིད་དུ། །རགས་པར་སྣང་བའི་ཡུལ་ལ་གསལ། །ཅེས་སོ། །རྒྱས་པར་བཤད་པ་ནི། ཉམས་གོང་འཕེལ་ཅེས་པའི་ཉམས་ལ་གཉིས་ཏེ་ཤེས་པའི་ཉམས་དང་། སྣང་བའི་ཉམས་སོ། །ཤེས་ཉམས་ལ་འཇིག་རྟེན་པའི་ཤེས་ཉམས་ཏིང་ངེ་འཛིན་གྱིས་ཐོབ་པའི་དགའ་བདེ་སེམས་ཆགས་པ་གླུ་གར་ལ་སོགས་པ་བྱེད་སྙིང་འདོད་པ་རྣམས་དང་། འདས་པའི་ཤེས་ཉམས་སྟོང་གསལ་མཐའ་བྲལ་གྱི་རྟོགས་ཚད་ཤེས་རབ་ཀྱི་རྩལ་དང་བཅས་པ་རྣམས་ཏེ། འདི་ཉིད་ཐོག་མ་བར་དང་མཐར་གོམས་པ་ལས། ཤེས་པ་དགའ་བདེའི་ཉམས་དང་། མཐར་འགྱུར་གྱི་ཉམས་དང་། སྣང་བའི་ཉམས་དང་གསུམ་འབྱུང་བ་ལས། དང་པོ་ནི། ལུས་ངག་གནད་དུ་གཅུན་པས་རླུང་སེམས་བག་ལ་ཞ་ནས། ནང་ཏིང་ངེ་འཛིན་འོད་གསལ་སྟོང་པའི་ངང་ལ་འབྱམས་པ་དང་། ཤེས་པ་བག་ཡངས་གཟུང་འཛིན་མེད་པའི་དགའ་བདེ་ཡངས་པ་ཁྲོལ་ཆགས་སུ་སྐྱེས་ཀྱང་ཞེན་འཛིན་སྤུ་ཉག་ཙམ་ཡང་མེད་པ་ནི་རང་བཞིན་གྱི་བསམ་གཏན་གནད་དུ་ཕེབས་པ་ལས་བྱུང་བའོ། །བཅོས་མའི་བསྒོམས་པ་ལས་དགའ་བདེ་བྱུང་བ་ནི་ཉམས་འགྱུར་བ་ཤས་ཆེ་ལ་རགས་པ་འཁྲབ་པའམ་གླུ་གར་བྱེད་འདོད་པ་འབྱུང་བས་ཆགས་ཞེན་དུ་སོང་ལ། འདི་ནི་དགའ་བདེར་ཤར་ཡང་རང་དབང་ཐོབ་པའི་དགའ་བདེ་ཞེན་མེད་དུ་ཤེས་«༼༡༽»པའི་ཁྱད་ཡོད་པ་ནི་བཅོས་ནས་བསྒོམས་པ་དང་། རང་བཞིན་གྱིས་རླུང་དུ་ཕེབས་པའི་བསམ་གཏན་གྱི་ཁྱད་དུ་ཤེས་པར་བྱའོ། །མཐར་འགྱུར་གྱི་ཉམས་ནི་རླུང་ཉམས་ཀྱི་སྣང་ཆ་སྟེ། སྲིན་བུ་མེ་ཁྱེར་ལྟ་བུ་དང་། སྤྲིན་ལྟ་བུ་དང་། དུ་བ་ལྟ་བུ་དང་། སྨུག་ཟིལ་ལྟ་བུ་དང་། ཟླ་བ་ཤར་བ་ལྟ་བུ་དང་། སྐར་མ་ཤར་བ་ལྟ་བུ་དང་། ནམ་སྲོས་པ་ལྟ་བུ་ལ་མཐིང་གའི་སྣང་བ་ཡོད་པ་ལྟ་བུ་དང་། ཉི་མ་ཤར་བ་ལྟར་ཕྱི་ནང་ཟང་ཐལ་བར་སྣང་བ་ལྟ་བུ་དང་བརྒྱད་དེ། འཆར་ནུབ་དང་གསལ་འགྲིབ་ཏུ་བྱུང་བས།མི་བརྟན་ཚུགས་མི་ཐུབ་འགྱུར་འགྲོ་བས་མཐར་འགྱུར་གྱི་ཉམས་ཞེས་བྱ་སྟེ། རླུང་གཡོ་བའི་ཉམས་ཡིན་པའི་ཕྱིར་རོ། །འདི་དག་བྱར་ཡོད་དེ་རླུང་སེམས་དག་དགོས་པའི་ཕྱིར་རོ། །སྣང་བའི་ཉམས་ནི། རིག་པའི་རང་གདངས་འོད་གསལ་ཆེན་པོ་སྟེ། གནས་སྐབས་སུ་ཕྱིར་སྣང་འཕེལ་ཞིང་ཚད་ལ་ཕེབས་ནས། རང་གདངས་གཞི་ཐིམ་ལ་ནང་དུ་བཟློག་པས་ཕྱིར་གསལ་དུ་ཟད་དགོས་ཏེ། ལྷུན་གྲུབ་ཀ་དག་གི་དབྱིངས་སུ་ཐིམ་དགོས་པའི་ཕྱིར་རོ། །ནང་གསལ་དུ་རང་འོད་ཀྱི་སོང་ན་རིག་པ་སྐུ་དང་ཡེ་ཤེས་ཀྱི་ཕོ་བྲང་ལ་ཡེ་བཞུགས་ལྷུན་གྲུབ་ཆེན་པོར་འཕོ་འགྱུར་མེད་པའོ། །དེས་ན་འདིར་སྣང་བའི་ཉམས་གཙོ་«༼༡༽» བ་སྟེ། ཤེས་ཉམས་ནི་བློ་ཡིན་པས་འགྱུར་ཞིང་ཚད་མི་ཐུབ་སྟེ་ཀུན་བརྟགས་ཀུན་རྫོབ་ཀྱི་རྣམ་པ་ཅན་དྲན་བྱེད་ཐ་དད་པ་ཚུ་རོལ་གྱི་རྟོག་པས་བསྡུས་པའི་ཕྱིར། འདི་ལ་ཚད་བྱེད་ན་སྤྲིན་ལ་ཚོད་བཙུགས་ནས་སྦས་སྐུངས་བྱེད་པའི་བྱ་དང་འདྲ་སྟེ། དོན་རྟོགས་པའི་དུས་མེད་དེ་མཐོང་བ་རང་ཐོག་ཏུ་མི་ཕེབས་སོ། །འདི་ནི་སྣང་བའི་ཉམས་ཏེ་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་མཐོང་བས་འཁོར་བའི་ལས་ཀྱི་མཐའ་ཕྱེད་གཟུང་བ་ཡུལ་དུ་སྣང་བ་ལས་འདས་ལ།དབྱིངས་ཀྱི་སྣང་བ་མཐོང་བས་དེའི་སྟེང་དུ་འཛིན་པ་རྟོག་པའི་ཆའི་ཕྱེད་མེད་པ་སྟོང་ཆད་དུ་འཛིན་པ་ལོག་པས་འཁོར་བའི་ཆའི་སུམ་གཉིས་ལས་འདས་ལ། ཀུན་རྟོག་གཞི་གྲོལ་རང་སངས་སུ་དག་པས་འཛིན་ཆའི་ཕྱེད་སྣང་བ་རང་མཚན་དུ་འཛིན་པ་ལོག་པས། གཟུང་འཛིན་གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པ་ཞེས་བྱའོ། ། མདོར་ན་སྣང་ཉམས་རྣམས་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང་ །དབྱིངས་ཀྱི་སྣང་བ་གཉིས་སུ་འདུས་པའོ། །གོང་འཕེལ་ནི། སྣང་བ་དེ་དག་ཇེ་བཀྲ་ཇེ་ལེགས་ཇེ་མང་ལ་སོང་བ་སྟེ། འདི་ལ་དག་ཚུལ་གྱིས་སྤྱིར་བསྟན་པ་དང་། སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་གཉིས་ལས།དང་པོ་ནི། འཁོར་བའི་བཅིངས་པ་ལས་གྲོལ་ཚུལ་དང་སྦྱར་ན། སྣང་བ་དེ་ཡང་གྱེན་འགྲེང་དང་། རྩིབས་ཤར་དང་། གྲུ་ཆད་དང་། དུམ་བུ་དང་། སྣམ་བུའི་སྣང་བ་དང་ལྔ་རྫོགས་པས་ཡེ་ཤེས་ལྔའི་ཁ་དོག་ལ་དབང་ཐོབ་ནས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་ལྔ་མངོན་དུ་རྒྱུ་བའི་བཅིངས་པ་ལས་གྲོལ་ཏེ། བག་ལ་ཉལ་ཙམ་ལས་མ་གཏོགས་པ་མེད་པས་འཁོར་བའི་ཕྱེད་ལས་འདས་པ་ཉིད་དོ། །དེ་ནས་དྲ་བའི་རྣམ་པ་དང་། དྲ་བ་ཕྱེད་པ་དང་ །མིག་མངས་རིས་དང་། མིག་ཚགས་ཀྱི་རྣམ་པ་ལྟ་བུ་དང་། ཟ་འོག་གུར་ཁྱིམ་ལྟ་བུ་མཐོང་བས། གཟུགས་ལ་སོགས་པ་ཕུང་པོ་ལྔའི་ཚོགས་པས་བདག་ཏུ་བྱས་པ་ལས་འདས་པས། འཇིག་རྟེན་གྱི་བདག་སུམ་གཉིས་ལས་འདས་པས། ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་བྱིན་རླབས་སོ། །དེ་ནས་ཡེ་ཤེས་དངོས་པོ་དག་པའི་དབྱིབས་ཀྱི་སྣང་བ། ཡེ་ཤེས་མཁར་ཐབ་ཀྱི་རྣམ་པ་འདྲ་བ་དང་། ཉི་ཟླ་ཟུང་སྦྲེལ་གྱི་རྣམ་པ་འདྲ་བ་དང་། པདྨ་བརྩེགས་པའི་རྣམ་པ་འདྲ་བ་དང་། མཆོད་རྟེན་བརྩེགས་པའི་རྣམ་པ་འདྲ་བ་དང་། པདྨ་སྟོང་ལྡན་གྱི་རྣམ་པ་དང་འདྲ་བ་མཐོང་བས།འབྱུང་བ་ལྔའི་འཆིང་བྱེད་ལས་འདས་པའོ། །དེ་དག་ཀྱང་གཅིག་སྐྱེས་«༼༡༽»གཅིག་འགགས་པས་ཉམས་ཞེས་བྱའོ། །དེ་ཡང་སྔ་མ་བས་ཁྱད་པར་དུ་འགྱུར་བས་གོང་འཕེལ་ཞེས་བྱའོ། །དེ་ལྟར་རིམ་པས་བྱུང་བ་ནི་སྔར་དབང་རིམ་པས་བསྟེན་པ་ལས་བྱུང་བའོ། །གཉིས་པ་སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་ལ། ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང་། དབྱིབས་ཀྱི་སྣང་བ་གཉིས་ལས། དང་པོ་ནི། རྡོ་རྗེའི་རིགས་རྣམ་པར་དག་པས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་འོད་ཁ་དོག་དཀར་པོའི་རྣམ་པར་འཆར་བ་དང་། དེ་ཉིད་རྡོ་རྗེ་མི་བསྐྱོད་པའི་གདངས་དཀར་བ་ལ་འཚེར་བར་འཆར་བའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པའི་རིགས་རྣམ་པར་དག་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁ་དོག་མཐིང་གའི་རྣམ་པར་འཆར་བ་དང་། རྣམ་པར་སྣང་མཛད་ཀྱི་གདངས་མཐིང་ལ་གནག་པར་འཆར་རོ། །རིན་པོ་ཆེའི་རིགས་རྣམ་པར་དག་པ་ལས། མཉམ་པ་ཉིད་ཀྱི་ཁ་དོག་སེར་པོའི་སྣམ་བུ་དང་། རིན་པོ་ཆེ་འབྱུང་ལྡན་གྱི་གདངས་རབ་ཏུ་འཚེར་བ་གསེར་ཞུན་སྦྱངས་པ་ལྟ་བུར་འཆར་རོ། །པདྨའི་རིགས་རྣམ་པར་དག་པ་ལས། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཁ་དོག་དམར་པོའི་སྣམ་བུ་དང་། སྣང་བ་མཐས་ཡས་ཀྱི་གདངས་དམར་བ་ལ་རབ་ཏུ་དམར་«༼༡༽» བ་བྱེ་རུའི་མདོག་ལྟ་བུར་འཆར་རོ། །ལས་ཀྱི་རིགས་རྣམ་པར་དག་པ་ལས། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཁ་དོག་ཡང་གུའི་སྣམ་བུར་འཆར་བ་དང་། དོན་ཡོད་གྲུབ་པའི་གདངས་རབ་ཏུ་ཡང་བ་ཨིནྡྲ་ནཱི་ལའི་རྣམ་པ་ལྟར་འཆར་བའོ། །དེ་དག་གི་ཕྱི་རིམ་མཐིང་ག་རྡོ་རྗེའི་ར་བས་ཀུན་ནས་བསྐོར་བ་ནི། ཡེ་ཤེས་དེ་དག་ཐ་དད་པ་མ་ཡིན་པར་མཚོན་པའོ། །དེ་ལས་སྣང་བའི་འཕེལ་ནི་འོད་ལྔ་སོ་སོས་གཙོ་བྱས་པའི་ཁ་དོག་ལྔ་ལྔར་གསལ་བ་ནི། རིགས་དང་རིགས་ཀྱི་ཁྱད་པར་ལས་བྱུང་བའོ། །དེ་ནས་ཡེ་ཤེས་ཀྱི་རླུང་རྣམ་པར་དག་པ་ལས་མེ་ལོང་ལྟ་བུ་གྱེན་འགྲེང་དུ་སྣང་བ་ནི། དེ་ལ་བརྟེན་ནས་ཉམས་ཀྱི་འཕེལ་འབྱུང་བའོ། །མཉམ་པ་ཉིད་ཀྱི་རྩིབས་ཤར་དུ་སྣང་བ་ནི། འཁྲུལ་པའི་སྣང་བ་ཟད་དུ་ཉེ་བ་ཉིད་དོ། །དེ་ནས་སོ་སོར་རྟོག་པའི་གྲུ་ཆད་དུ་སྣང་བ་ནི། འབྱུང་བའི་ཕྲ་བ་འགག་པའི་དུས་སོ། །བྱ་བ་གྲུབ་པའི་རེ་ལྡེའི་རྣམ་པ་ཙམ་དུ་སྣང་བ་ནི། ཡེ་ཤེས་ཀྱི་རང་གདངས་སོ་སོར་གསལ་བ་ལས་བྱུང་བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡུལ་གྲུ་ཙམ་དུ་སྣང་བ་ནི་རྟོག་པ་རགས་པ་རྣམས་འགགས་པ་ལས་བྱུང་བའོ། །དེ་དག་གི་ལམ་སྐྱེ་བའི་རིམ་པ་ནི། བརྩོན་འགྲུས་རབ་རྣམས་ལ་བར་དུ་ཞག་ལྔ་ལྔའོ། ། འབྲིང་རྣམས་ལ་ཞག་བདུན་བདུན། ཐ་མ་རྣམས་ཞག་ཉེར་གཅིག་ཉེར་གཅིག་ན་གོང་མའི་སྣང་བ་འགགས་ནས། ཡང་འོག་མའི་སྣང་བ་དེ་དག་ཏུ་རྣམ་པར་སྣང་བའོ། །ཁ་དོག་དང་དབྱིབས་ཀྱི་བར་འདིར་ནི་ཐང་ཅིག་ཏུ་གནས་པ་དག་འབྱུང་ངོ་། །དེ་ནས་དེ་དག་ནུབ་ནས་ཀྱང་ཡེ་ཤེས་ལྔའི་དབྱིབས་ཀྱི་རྣམ་པ་འཆར་ཏེ།མེ་ལོང་ལྟ་བུའི་དབྱིབས་མིག་ཚགས་ཀྱི་རྣམ་པ་དང་འདྲ་བར་འགྱུར་རོ། །དེ་ནི་ཁ་དོག་རབ་ཏུ་སྤེལ་ལེགས་པ་ལས་བྱུང་བའོ། །དེ་ལ་གོམས་པ་ལས་མིག་མངས་རིས་སུ་འཆར་ཏེ། འདི་ནི་སྔོན་དུ་འགྲོ་བ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །དེ་ནས་མཉམ་པ་ཉིད་དྲ་བ་ཕྱེད་པར་འཆར་ཏེ། དེ་ནི་རླུང་གི་སྦྱངས་པ་དག་པ་ལས་བྱུང་བའོ། །དེ་ལས་དྲ་བར་སྣང་བ་ནི་སྔོན་འགྲོ་དག་ཅིང་ཚར་ཆོད་པ་ལས་བྱུང་བའོ། །དེ་ནས་སོ་སོར་རྟོག་པའི་མེ་ཏོག་གི་ཚོམ་བུར་འཆར་བ་ནི། གཟིགས་སྟངས་ལས་«༼༡༽» འགྲུས་པ་ལས་བྱུང་བའོ། །དེ་ལས་པདྨ་སྟོང་ལྡན་དུ་འཆར་བ་ནི་སྔོན་འགྲོ་འབྱོངས་པ་ལས་བྱུང་བའོ། །དེ་ནས་བྱ་བ་གྲུབ་པའི་མཚོན་ཆ་ལྟ་བུར་འཆར་བ་ནི། རང་བཞིན་བཅོས་པ་ལས་བྱུང་བའོ། །དེ་ལས་འཁོར་ལོ་ལ་སོགས་པའི་རྣམ་པ་སྣ་ཚོགས་སུ་སྣང་བ་ནི་སྔོན་འགྲོ་མཐར་ཕྱིན་པ་ལས་བྱུང་བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཁར་ཐབ་ཏུ་འཆར་བ་ནི། རིག་པ་མིག་ནས་དྲངས་པ་ལས་བྱུང་བའོ། །དེ་ལས་ཟ་འོག་གུར་ཁྱིམ་ལྟ་བུ་ནི་སྔོན་འགྲོ་དག་པར་བྱས་པ་ལས་བྱུང་བའོ། །དེ་དག་ཀྱང་བརྩོན་འགྲུས་ཀྱི་ཁྱད་ཀྱིས་ཞག་གསུམ་དང་། བདུན་དང་། བཅུ་བཞི་ན་གཅིག་སྐྱེ་གཅིག་འགག་པའོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། འདི་དག་ནི་སེམས་ཀྱི་སྔོན་འགྲོའི་དུས་ན། རྟོག་པ་ཐ་དད་པར་བསླང་བ་དེ་འགགས་པའི་རྟགས་ཡིན་ནོ། །དེ་ནས་རིག་པ་རང་གི་ངོ་བོའི་སྣང་བ་འཆར་ཏེ། འོད་དེ་དག་ཐིག་ལེར་འཆར་བ་ནི་ལུ་གུ་རྒྱུད་གཅིག་ཏུ་འདུས་པ་ལས་བྱུང་བའོ། །དེ་ནས་ཐིག་ལེ་གཉིས་འབྲེལ་དུ་སྣང་བ་ནི་ཐབས་དང་ཤེས་རབ་རྣམ་པར་དག་པ་ལས་བྱུང་བའོ། །དེ་ནས་ཐིག་ལེ་ལྔ་སྦྲེལ་དུ་སྣང་བ་ནི་ཡེ་ཤེས་ལྔ་ལ་བྱན་ཚུད་པ་ལས་བྱུང་བའོ། །མངོན་སུམ་གྱི་ཐིག་ལེ་དང་འབྲེལ་ལུགས་མི་འདྲ་སྟེ་ཆེ་ཆུང་ཡོད་པའི་ཕྱིར་རོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། ཐལ་འགྱུར་ལས། ཁ་དོག་ལྔ་ཡི་འོད་ཀྱིས་ཀྱང་། །རེ་ལྡེ་ཙམ་ལས་གྲུ་ཆད་སྣང་། །ཡུལ་གྲུ་ཙམ་ལས་མཐོང་ཚད་དོ། །ཞེས་པ་དང་། རང་བྱུང་གི་རྒྱུད་ལས། རང་ངོ་མཐོང་ལས་འདི་ལྟར་རོ། །ཡར་མཚམས་ལས་ནི་སོར་བཞི་ལས། །བྲལ་བའི་སྐྱེས་བུ་སྐལ་བཟང་བ། །འཁོར་བར་འཇུག་པ་ག་ལ་སྲིད། །གྲུ་ཆད་རྣམ་པར་གང་སྣང་བ། །སྤྲུལ་པའི་ཡོན་ཏན་འདིས་འགྲུབ་བོ། ། མཐོང་བའི་ཡུལ་ཙམ་གང་སྣང་བ། །ཚོམ་བུ་ལ་ནི་དེ་བཞིན་ནོ། །ཕྱིར་སྣང་འགགས་པ་གང་ཡིན་པ། །སྐད་ཅིག་མ་ནི་བཅུ་དྲུག་ལ། །འདི་ཡང་དེ་ལྟར་འགྱུར་བའོ། །ཞེས་སོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ལ་སྣང་ཚུལ་སྤྱིར་བསྟན་པ་དང་། རང་བཞིན་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་ཐིག་ལེ་རེ་རེའི་ནང་དུ་སྐུ་ཕྱེད་མ་རེ་རེ་སྣང་བ་ནི་སྤྲུལ་པ་སྐུའི་སྦྱང་བ་རྣམ་པར་དག་པ་ལས་བྱུང་བའོ། །དེ་ནས་སྐུ་རང་རྐྱང་རེ་རེ་སྣང་བ་ནི་སྤྲུལ་སྐུའི་སྣང་བ་ཆོས་ཉིད་མངོན་སུམ་དུ་མ ཐོང་བ་ལས་བྱུང་བའོ། །དེ་ནས་སྐུ་དེ་དག་ཡབ་ཡུམ་ལྔ་ལྔར་གྱུར་པ་ནི་ལོངས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པ་ཉིད་དོ། །དེ་ནས་སོ་སོའི་ཚོམ་བུའི་དཀྱིལ་འཁོར་དང་བཅས་པར་སྣང་བ་ལ། དེ་ཉིད་མུ་ཁྱུད་ཀྱི་ར་བ་དང་སོ་སོའི་གཙོ་འཁོར་དུ་སྣང་བ་ནི། ཆོས་སྐུའི་སྦྱང་བ་རྣམ་པར་དག་པ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །འདི་ནི་རིག་པ་ཚད་ཕེབས་ཀྱི་སྣང་བ་སྟེ། སྔོན་འགྲོའི་དུས་ན་ལུས་ཀྱི་བྱ་བ་དང་ །བྱེད་པ་དེ་དག་གི་འབྲེལ་ཆད་དེ་ཕྱིས་མི་སྐྱེ་བའི་རྟགས་སོ། །དེའང་དག་བྱ་དྲི་མ་རེ་སྦྱོང་བའི་གཉེན་པོ་སྔོན་འགྲོ་ལ་སོགས་པ་གནད་དུ་ཕྱིན་པ་ལས་སྣང་བ་དེ་དག་ཤར་བར་«༼༡༽»བརྟགས་ཀྱང་བྲལ་འབྲས་དང་དག་བྱ་དག་བྱེད་ཀྱི་རྒྱུ་འབྲས་བཏགས་པ་བ་ཡིན་གྱི། དེས་བསྐྱེད་ནས་བྱུང་བ་མ་ཡིན་ཏེ། ཡེ་ཤེས་རང་ཡོད་ཀྱི་གདངས་དྲི་མའི་སྒྲིབ་པ་དག་སྟོབས་ཀྱིས་སྣང་བའི་ཕྱིར་རོ། །ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ནི། །ལོངས་སྐུའི་མཚན་དཔེ་གསལ་བར་ནི། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ལྔ་ཡབ་དང་ཡུམ་དུ་སྣང་། །ཞེས་པ་དང་། བསྟན་བུ་ལས། དེ་བཞིན་སྐུ་ལ་ཐུག་གི་བར། །དྲུག་དང་བཅུ་དང་ལྔ་གསུམ་ལ། །གདོན་མི་ཟ་སྟེ་ལོངས་སྐུའོ། །ཞེས་སོ། །གཉིས་པ་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ། ཚད་ཕེབས་ཀྱི་ངེས་ཚིག་སྤྱིར་བསྟན་པ་དང་། ཚད་གསུམ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི་རིག་པ་ཚད་ཕེབས་ཞེས་པས། རིག་པ་ནི་གཞི་གནས་ཀྱི་རིག་པ་མངོན་དུ་གྱུར་ཏེ། ལམ་སྲོལ་དུ་ཚུད་པ་ལས། གཞི་སྣང་གི་རང་གདངས་ལྷུན་གྲུབ་ཀྱི་འཆར་སྒོ་སྐུར་སྣང་བས། ལམ་སྣང་ཟད་དུ་ཉེ་བ་ལས། དཀྱིལ་འཁོར་རྫོགས་པ་རྣམས་སོ། །ཚད་ནི་དང་པོ་ཕྱེད་སྐུ་ནས་སྐུའི་དཀྱིལ་འཁོར་རྫོགས་པའི་བར་རོ། །ཕེབས་པ་ནི་དེ་ལས་འདའ་ས་མེད་པས་རྣམ་པར་སྣང་བའོ། །དེ་དག་ནི་ཟླ་བ་ཉ་གང་བའི་རྣམ་པ་དང་འདྲ་སྟེ། ཡར་གྱི་འཕེལ་ཟད་པས་དཀྱིལ་འཁོར་རྫོགས་ཏེ་རང་ངོ་ལ་བཅོས་སུ་མེད་པའོ། །གཉིས་པ་ཚད་གསུམ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ཕྱི་སྣང་བའི་ཚད། ནང་ལུས་ཀྱི་ཚད། གསང་བ་རིག་པའི་ཚད་དོ། །དང་པོ་ནི། སྣང་བ་ལ་དབང་བསྒྱུར་ཞིང་ཞིང་ཁམས་འོད་གསལ་དུ་རྫོགས་པ་སྟེ། ཐལ་འགྱུར་ལས། དེ་ལྟར་ཕེབས་ནས་རྫོགས་པའི་ཚད། །ཐད་ཀའི་དངོས་སྣང་འགགས་པ་དང་། །ས་རྡོའི་སྣང་བ་བཞུ་བ་དང་། །རང་ཤེས་ཅི་ལའང་ཚུད་པ་དང་། །དེ་བཙུད་བེམ་པོ་འགུལ་བ་དང་། །རླུང་གི་འགྱུ་བའི་ཚད་ཟིན་དང་། །ལུས་ཀྱི་རྡུལ་ཕྲན་མཐོང་བ་འབྱུང་། །ཅིར་སྣང་གཟུགས་སྐུར་རྫོགས་པ་དང་། །དེ་ལས་ཡབ་ཡུམ་འཁྲིལ་བ་དང་། །ལྔ་ལྔ་ཡབ་དང་ཡུམ་སྦྱོར་དང་། །ཀུན་ཀྱང་མུ་ཁྱུད་ཟླུམ་པོ་ལ། །རྣལ་འབྱོར་ལུས་ཀྱང་འོད་གསལ་ཞིང་། །འགྲོ་དང་འོང་དང་འདུག་པར་སྣང་། ། ཐམས་ཅད་རིག་པ་ཚད་ཕེབས་སོ། །ཞེས་སོ། །གཉིས་པ་ནི། ལུས་ཀྱི་རྡོས་པ་དག་ནས་སྙིང་དབུས་སུ་ཨ་དཀར་པོ་ལས་འོད་ཟེར་ལྔ་སྒྲིལ་མཐོངས་ཁུང་གི་ཉི་ཞུར་ལྟར་བར་སྣང་ལ་འོད་ཀྱི་སྐར་ཁུང་གི་ནང་ཤར་བར་ཟུག་ཅིང་། ཐོར་ཚུགས་ན་ཡེ་ཤེས་ཀྱི་རླུང་གནས་པས་རང་བཞིན་གྱིས་འདེགས་པར་སྣང་ལ། མཛོད་སྤུ་ནས་འོད་ཟེར་སྣ་ལྔ་འདོམ་གང་དུ་གསལ་ཞིང་། ལག་པའི་སོར་མོ་ལྔ་ལ་འོད་ལྔའི་ཕྲེང་བས་འཁྲིགས་ཤིང་། ལུས་ཀྱི་བ་སྤུའི་སྒོ་ལ་སོགས་པ་ཕྱི་ནང་གི་ཆ་རྡུལ་ཕྲན་གྱི་ཁྱོན་ལས་ཆུང་བ་རེའི་གོ་ན་ཞིང་ཁམས་གྲངས་མེད་ན་སངས་རྒྱས་དང་སེམས་ཅན་ཚད་མེད་པ་སྣང་བ་ནི་ལྷུན་གྲུབ་ཀྱི་སྒོ་བརྒྱད་ཤར་བའི་སྣང་བ་ཀུན་འདིར་ལྷག་ཆད་མེད་པར་རང་སྣང་ལ་སྣང་བ་ཡིན་ལ།

[edit]
rywikitexts e-text input by Karma Lekshey Ling.

སྨྲ་བ་ཇེ་ཉུང་ཐ་མལ་གྱི་གཏམ་སྨྲ་བ་བཅད་པ་ལ་ཐུན་ཆུང་ངུ་བསླབ། །དེ་ནས་རིང་དུ་བསླབ། སྐབས་སུ་སྨྲ་རྒྱུ་མེད་ཀྱང་གཅིག་པུ་སྨྲའོ། །གནས་པ་ནི་སྔགས་དང་བརྗོད་པ་ལ་སོགས་པ་དགེ་བའི་བརྗོད་པ་མི་དགག །གཞན་དང་ཚིག་འབྲུ་གཅིག་ཀྱང་མི་འདྲེའོ། །འདིའི་དུས་ན་ལུས་ཀྱི་བརྡས་དོན་གོ་བར་བྱེད་པའོ། །ལ་བཟླ་བ་ནི་སྔགས་ལ་སོགས་པ་བརྗོད་པ་ཐམས་ཅད་མི་བྱའོ། །བརྟན་པ་ནི་ཅི་ཡང་མི་བརྗོད་པའི་ངང་ལས་མི་འདའ་བར་བྱེད་པ་སྟེ། ལུས་ཀྱི་བརྡ་ཙམ་ཡང་མི་བྱ་བ་ཡིན་ནོ། །ས་བོན་གྱི་རྒྱུད་ལས། ངག་ནི་ཇི་ལྟར་ལྐུག་པ་བཞིན། །སུ་དང་བརྡ་ཙམ་ཉིད་མི་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །སེམས་ཀྱི་འཕྲོ་འདུ་རང་ཆོད་དོ། །ཞེས་སོ། །ངག་གི་སྨྲ་བ་བཅད་པས་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་སྟེ། འགྲོ་བ་གཞན་དང་ངག་མ་འདྲེས་པས་ལུས་འབྱོངས་པའི་དགོས་པ་ཡོད། ལུས་འབྱོངས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། མཁའ་སྤྱོད་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་བརླབས་ནས་ལུས་སྒྱུ་མའི་སྐུར་གྲོལ་བའོ། །དེ་ནས་བརྗོད་བྱ་བཀག་པས་ངག་འབྱོངས་ཏེ་རྟགས་སུ་མི་མ་ཡིན་པ་རྣམས་དང་བརྡ་ཕྲད་ཅིང་གཏམ་ཟེར་བ་དག་འོང༌། ངག་གི་བརྗོད་པ་བཀག་པས་ཡིད་འབྱོངས་ཏེ། དེའི་རྟགས་སུ་སྔོན་དུ་མི་མ་ཡིན་གྱི་གཟུགས་མཐོང་བ་དང༌། དེ་ནས་མངོན་པར་ཤེས་པ་དུམ་བུ་པ་འཆར་རོ། །དེ་ལྟར་ངག་གི་གནད་ཀྱིས་ལུས་སེམས་ཀྱི་འབྲེལ་གཅོད་པའི་གནད་ཀྱི་གདམས་པའོ། །སེམས་ཀྱི་གནད་དུ་ནམ་མཁའི་མཐོངས་སུ་མིག་ལྟ་བ་ལས་རྟོག་པ་ཅི་ཡང་མ་བསམ་སྟེ། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་སོ། །དེ་ལྟར་གཙོ་བོ་ལུས་ངག་གཉིས་གཅུན་པས་སེམས་ཞོར་ལ་འཆུན་ནས་དབྱིངས་རིག་འཆར་ཞིང་ཁམས་སུ་གྱི་འཆིང་བ་གཅོད་དེ། ས་བོན་གྱི་རྒྱུད་ལས། འདི་ལྟར་ལུས་ངག་གསུམ་གཅུན་པ། །ཆོས་ཀྱི་དབྱིངས་ཀྱི་སྣང་བ་ལ། །འདི་ཡིས་གོམས་པར་འགྱུར་བ་ཡིན། །ཅེས་པ་དང༌། ལུས་དང་ངག་དང་ཡིད་ཀྱི་གནད། །ཤེས་ཤིང་བསྟུན་པས་འཁོར་ལས་གྲོལ། །ཅེས་སོ། །དོན་གཉིས་པ་གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་ལ་གསུམ་སྟེ། གནད་གསུམ་རྡོ་རྗེའི་ཆིངས་སུ་བསྡམས་པ། མངོན་སུམ་རིག་པའི་རང་ངོ་སྤྲད་པ། དེ་ལས་སྣང་བའི་འཆར་ཚུལ་བསྟན་པའོ། །དང་པོ་ལ་གཉིས་ཏེ། གནད་གསུམ་སྤྱིའི་ཆིངས་བསྟན་པ་དང༌། བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པའོ། །དང་པོ་ནི་སྒོ་དང་ཡུལ་དང་རླུང་རིག་གི་གནད་གསུམ་སྟེ། ཐལ་འགྱུར་ལས། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང༌། །རླུང་དང་རིག་པའི་གནད་ཉིད་གཏེམ། །ཞེས་པས། དཔེར་ན་གནད་ལ་ཟིན་པའི་མཚོན་དང་འདྲ་སྟེ། ལུས་ཀྱི་རྩ་རྒྱུས་སམ་དོན་སྙིང་ལ་སོགས་པའི་གནད་ལ་ཕོག་ན་ཅི་བྱས་ཀྱང་མི་འཚོར་བར་འཆི་བ་དང་འདྲ་བར། གནད་གསུམ་གྱིས་ཀྱང་ཆོས་ཉིད་ལ་འགྱུར་བའི་ས་མེད་དེ། སྒོའི་གནད་ཀྱིས་མཐོང་བར་བྱེད། །ཡུལ་གྱི་གནད་ཀྱིས་མི་འགྱུར་བར་བྱེད། རླུང་རིག་གི་གནད་ཀྱིས་རྟགས་ཚད་ལ་འབེབས་པའོ། །དེ་ཡང་སྒོའི་གནད་སོ་པ་དང་འདྲ། །ཡུལ་གྱི་གནད་འགྲོན་པོ་དང་འདྲ། རླུང་རིག་གི་གནད་ཇག་པ་དང་འདྲའོ། །སོས་ཐེབས་པས་འདོད་པའི་མི་འགྱུར་དབང་མེད་པར་ཟིན་ལ། དགྲས་འོངས་པས་ཇག་པའི་ལག་ཏུ་མི་ཚུད་མི་སྲིད་པ་བཞིན་དུ། ཆོས་ཉིད་མངོན་སུམ་གྱི་གནད་ལ་མི་ཐེབ་མི་སྲིད་དོ། །དེ་ཡང་ཡུལ་མེད་ན་རྟེན་སའི་གཞི་མེད་ལ། སྒོ་མེད་ན་འགྲོ་བའི་ལམ་སྟོར། རླུང་རིག་གི་གནད་མེད་ན་ཤེས་རིག་ནང་དུ་མི་ཆོད་པས་གནད་གསུམ་དུ་ངེས་ལ། དེ་ལས་མང་ན་མཐའ་ཡས་པས་གནད་སྟོར་ལ། ཉུང་ན་དོན་མི་འགྲུབ་པས་གསུམ་དུ་ངེས་པའོ། །གཉིས་པ་བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པ་ལ། གནད་གསུམ་སྤྱིའི་རིམ་པ་ངེས་པ་དང༌། སོ་སོའི་གནད་ལ་ཐོག་ཏུ་དབབ་པའོ། །དང་པོ་ནི་ལུས་ངག་སེམས་གསུམ་མི་འགུལ་ཞིང་སྒོ་དང་ཡུལ་དང་རླུང་རིག་གཅུན་པ་སྟེ། མཐོང་བ་རྒྱུད་པའི་ལུང་གིས་ཕྱེ་བ་ནི། རང་བྱུང་རིག་པའི་ཏནྟྲ་ལས། དེ་ལྟར་ལུས་ལ་སོགས་པ་ཡི། །གནད་ཀུན་རབ་ཏུ་གཟིར་བ་ཡིས། །རིག་པ་ཉིད་དང་མངོན་སུམ་དུ། །བླ་མའི་ལུང་ལས་ཤེས་པ་ཡིན། །ཅེས་པ་དང༌། ཐལ་འགྱུར་ལས། དངོས་གཞི་རང་གི་རྒྱུད་བསྟེན་ན། །ལུས་ཀྱི་གནད་དང་ངག་དང་ཡང༌། །སེམས་ཀྱི་གནད་ལ་བརྟེན་པ་ཡིས། །རླུང་ནི་ཅི་ནས་དལ་བྱས་ཏེ། །རབ་ཏུ་འཕང་པ་ལས་བྱུང་བ། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང༌། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཡུལ་ནི་སྒྲིབ་བྱེད་བྲལ་བའོ། །རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །གཉིས་པ་ལ་སྒོ་དང༌། ཡུལ་དང༌། རླུང་རིག་གི་གནད་གསུམ་ལས། དང་པོ་ནི། ཐ་མལ་པའི་ལྟ་ལུགས་ཀྱིས་ཡེ་ཤེས་མི་འཆར་བས། སྐུ་གསུམ་གྱི་གཟིགས་སྟང་གསུམ་ལ་བསླབ་སྟེ། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་ཀྱི་སྐུ་ཡི་གཟིགས་སྟངས་ཀྱིས། །ཁམས་གསུམ་འཁོར་བ་སྤྱིབས་ན་འདོན། །ལོངས་སྐུས་སྲིད་པའི་གཞི་མ་འཇིག །སྤྲུལ་སྐུས་སངས་རྒྱས་ཞིང་དུ་སྒྲོལ། །ཅེས་པ་དང༌། ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་ཁམས་སུ་བརྟག །ཅེས་པ་དང༌། གསང་བ་སྒྲ་རྒྱུད་ལས། ཕབ་དང་ཟློག་དང་ཟུར་གྱིས་ནི། །གཟིགས་སྟངས་རྣམ་པ་གསུམ་དུ་གྲགས། །ཞེས་སོ། །དེའང་སྤྲུལ་སྐུ་ཕབ་ནས་སངས་རྒྱ་བ་ནི་གདུལ་བྱ་ལ་གཟིགས་ལ། ལོངས་སྐུ་ལ་ཟུར་གཟིགས་ནས་སངས་རྒྱ་བ་ནི་ཞིང་ཁམས་ལ་གཟིགས་པ་དང༌། ཆོས་སྐུ་བཟློག་ནས་སངས་རྒྱ་བ་ནི་གཞི་ལ་གཟིགས་པའོ། །རྣལ་འབྱོར་པ་མིག་ཤས་ངན་པས་སྤྲུལ་སྐུའི་གཟིགས་སྟངས་བསྟུན་ན་མིག་མི་འགྲིབ་པའི་དགོས་པ་ཡོད། མིག་ལ་སྐྱོན་ཆགས་པས་ལོངས་སྐུ་དང་བསྟུན་ན་མིག་གསལ་བའི་དགོས་པ་ཡོད། མིག་ཤས་བཟང་བས་ཆོས་སྐུའི་ངང་བསྟུན་ན་མྱུར་དུ་སྣང་བ་ཚད་ལ་ཕེབས་པའི་དགོས་པ་ཡོད་དོ། །དེ་དག་ལས་མ་གཡོས་ན་སྤྱན་གསུམ་ཁོང་དུ་ཆུད་པར་ངེས་ཏེ། ཆོས་སྐུ་ལ་ཆོས་ཉིད་ཀྱི་སྤྱན་ཡོད་པས་གསུང་ལ། དེའི་བྱིན་རླབས་ཀྱིས་ཡེ་ཤེས་དངོས་སུ་མཐོང་བས་འདི་ཉིད་ལ་ཐག་ཆོད། ལོངས་སྐུ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་པས་སྐུ་ལ། དེའི་བྱིན་རླབས་ཀྱིས་རང་གསལ་དུ་མཐོང་བས་མཁྱེན་པ་རྒྱས། སྤྲུལ་སྐུ་ལ་ཤེས་རབ་ཀྱི་སྤྱན་ཡོད་པས་ཐུགས་ལ། དེའི་བྱིན་རླབས་ཀྱིས་སྒྲ་ཚིག་དང་བྲལ་བར་མཐོང་བས་ཐོས་བསམ་སྒོམ་པ་ལ་རག་མ་ལུས་པར་ཆོས་ཉིད་ཀྱི་དོན་ཁོང་ནས་འཆར་རོ། །དེ་ཡང་སྤྱན་གསུམ་དུ་ལྟ་བ་ནི་ཆོས་ཉིད་ཀྱི་སྤྱན་གྱེན་ལ་བཟློག་པས་བག་ཆགས་ཐུར་ལ་སེལ་བའི་གནད། ཡེ་ཤེས་ཀྱི་ཟུར་ལ་མཉམ་པོར་བལྟས་པས་འཁོར་འདས་རོ་མཉམ་དུ་བསྲེ་བའི་གནད། ཤེས་རབ་ཀྱིས་ཕབ་ནས་བལྟས་པས་ཡེ་ཤེས་ཀྱི་སྣང་བ་དངོས་སུ་འབེབས་པའི་གནད་དོ། །གཟིགས་སྟངས་གསུམ་དུ་ངེས་པ་ཅི་ཡིན་ཞེ་ན། ལེ་ལོ་ཅན་ལ་ལོངས་སྐུ། བརྩོན་འགྲུས་ཅན་ལ་སྤྲུལ་སྐུ། བཏང་སྙོམས་ཅན་ལ་ཆོས་སྐུའི་གཟིགས་སྟངས་ཤིས་པས་ན་གསུམ་དུ་ངེས་སོ། །ངེས་ཚིག་ནི་གཟིགས་པས་ཆོས་ཉིད་ལ་གཟིགས་པས་རྣམ་དག་སྒྲིབ་པ་ཟད་པའོ། །སྟངས་ཀྱིས་འཁོར་བ་ལས་གྲོལ་བར་བྱེད་པའོ། །གཉིས་པ་ཡུལ་གྱི་གནད་ནི་ཕྱིའི་དབྱིངས་ཀྱི་ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་ཡིན་ནོ། །ནང་གི་དབྱིངས་ཀྱི་ཡུལ་སྨིན་མཚམས་ཀྱི་མཛོད་སྤུ་ལ་གཏད་པས་དབྱིངས་སྣང་མཐིང་ག་དང་དེ་ལས་མཆེད་པ་རྣམ་ལྔའི་རང་གདངས་ཏེ། ཐལ་འགྱུར་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །བག་རྡུལ་ཆར་གྱིས་དེངས་དུས་སུ། །མཁས་པ་མངོན་གསུམ་གནད་གཟིར་དང༌། །ནང་གི་སྒྲོན་མ་ལམ་དུ་བྱའོ། །ཞེས་སོ། །དེ་ཡང་ཕྱི་རིག་པ་འཆར་བའི་ཡུལ་ཡིན་ལ། ནང་ཉམས་འཕེལ་བའི་ཡུལ་ཏེ། རིག་པ་དང་ཉམས་གཉིས་སུ་མེད་པ་ལས་འཁོར་འདས་འདྲེས་པ་ཞེས་བྱའོ། །དེའང་ས་ཆུ་མེ་རླུང་གི་དངོས་པོ་རགས་པ་ལ་ཡུལ་དུ་གཏད་པས་མི་གྲོལ་ཏེ། དང་པོ་སྣང་བ་འཆར་དུ་མི་འདོད། ཕྱིས་ཤར་དུས་གཏན་ཀྱང་དངོས་པོ་རགས་པ་ལྟར་ཤེས་པའང་དེ་དང་མཐུན་པ་སྐྱེ་བས་སྟོང་ཉིད་བསམ་དུ་མེད་པའི་ཉམས་ནང་ནས་མི་འཆར་ལ། ནམ་མཁའ་སྟོང་པ་ལ་རིག་པ་སྟོང་པ་གཏད་པས། ཡུལ་ནམ་མཁའ་དང་མཐུན་པའི་ཉམས་སྟོང་གསལ་འཕྲོ་འདུ་དང་བྲལ་བ་ཕྱལ་ཡས་པ་ཅིག་འཆར་བས། དངོས་པོ་མཚན་དང་བྲལ་བའི་དགོས་པ་ཡོད་དེ། སེམས་སྡེ་ལས། རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། ཞེས་པ་དང༌། སྡུད་པ་ལས། དོན་དེ་གང་ཡིན་མན་མཁའ་དག་ལ་བརྟག་པར་གྱིས། །ཞེས་པ་དང༌། ཡུམ་བར་མ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི། ནམ་མཁའ་རྣལ་འབྱོར་དུ་བྱེད་པའོ་ཞེས་པ་ལ་སོགས་པ་ལུང་དཔག་ཏུ་མེད་དོ། །དེའང་ཡུལ་ཕྱི་ནང་འདྲེས་པ་ལས་མཉམ་པ་རིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་གཉིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་འདྲེས་པས་འཁོར་འདས་རོ་མཉམ་ཀྱི་ལྟ་བ་ཞེས་བྱའོ། །འདི་ཉིད་བསྟན་བུ་ལས་ཀྱང༌། དབྱིངས་དང་རིག་པའི་ལྟ་སྟངས་ནི། །སྒྲིབ་བྱེད་བྲལ་བའི་ནམ་མཁའ་ལྟར། །ཅེས་གསུངས་སོ། །གསུམ་པ་རླུང་རིག་གི་གནད་ནི། ཡུལ་དང་སྒོ་གཉིས་འཛོམ་དུས་རླུང་དལ་བ་བསྟེན་པས་རིག་པ་བཙོན་དུ་གཟུང་བ་ཞེས་བྱ་སྟེ། དེའང་རླུང་ཅི་ནས་ཀྱང་དལ་བ་ལ་ཕྱིར་རྒྱང་རིང་པོ་འཕེན་ཞིང་ཕྱིར་བཟུང་ལ་གཞག་པ་གནད་ཡིན་ནོ། །དེ་ཡང་རླུང་དང་དལ་བས། ཕྱིར་རྣལ་འབྱོར་པའི་ཚེ་རྒྱས་པའི་གྲོགས་སུ་འགྲོ་ལ། ནང་དུ་རྣམ་པར་རྟོག་པ་ནུབ་པའི་རྐྱེན་བྱེད་ཅིང༌། གསང་བར་རིག་པ་མངོན་སུམ་དུ་མཐོང་བའི་ལས་བྱེད། ཁོ་ན་ཉིད་དུ་ཟག་བཅས་མི་སྣང་བར་སངས་རྒྱ་བར་བྱེད་པའོ། །དེ་སྐད་དུའང་ཐལ་འགྱུར་ལས། རླུང་ནི་ཅི་ནས་དལ་བྱ་སྟེ། །རབ་ཏུ་འཕང་བ་ལས་བྱུང་བས། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང༌། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །རབ་ཏུ་འཕང་བ་ལས་བྱུང་བས། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང༌། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །རིག་པའི་གནད་ལུ་གུ་རྒྱུད་དབྱིངས་ཀྱི་ར་བར་བཞག་ནས་མི་འགུལ་བར་བྱེད་པ་སྟེ། དེ་ཉིད་ལས། རང་ངོ་རིག་པ་ལུ་གུ་རྒྱུད། །འགྲོ་འོང་བྲལ་བས་མཁའ་ལ་བཟུང༌། །ཞེས་པ་དང༌། བསྟན་བུ་ལས། དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །རྣམ་པར་གཞག་ཅིང་འབྲལ་མི་བྱ། །ཞེས་སོ། །དེའང་རླུང་དལ་བ་བསྟེན་པས་བྱ་བ་དང་བྲལ་བའི་དོན་རྒྱུད་ལ་སྐྱེ། རིག་པ་ལུ་གུ་རྒྱུད་ཨར་ལ་གཏད་པས་རྣམ་པར་རྟོག་པའི་ཁུངས་ཟད་ནས། འཁྲུལ་པ་གཞི་ལ་ལོག་སྟེ་ཡེ་ཤེས་མ་བུ་ཕྲད་པའོ། །རིག་པ་རླུང་དང་བྲལ་ནས་འགྲོ་འོང་དུ་མེད་པ་ནི་རིག་པ་ལ་རང་བྱན་ཚུད་པའོ། །དེ་ཡང་ཁྲིད་དུ་བྱེད་ན་ལུས་ཀྱི་གནད་བསྟུན་པ་ལ་ཉི་མ་ལྔ་དྲུག་ཏུ་བྱའོ། །དེ་ནས་སྒོ་སྤྱད་པ་ལ་དེ་ཙམ་ཅིག་ཏུ་བྱའོ། །དེ་ནས་ཡུལ་བཙལ་བ་ལ་ཉི་མ་དྲུག་ནས་བདུན་བྱས་ལ། དེ་ནས་མངོན་སུམ་རང་ཐོག་ཏུ་ཕབ་ནས་ཉམས་སུ་ལེན་པའོ། །དེས་ནི་ཤིན་ཏུ་འབྱོངས་ཤིང་སྒོམ་ཤེས་པ་འབྱུང་ངོ༌། །གཞན་དུ་འལ་མ་འོལ་བྱས་པས་སྣང་བ་ར་རི་ཅིག་མཐོང་ནས། ཡིད་ཆེས་མེད་པར་ཁྲིད་ཐོན་དུས་ཅི་ལ་ཟེར་ཆ་མེད་པར་པྲ་ཡས་པ་དག་འབྱུང་ཉེ་བས་དེ་ལྟ་མ་སོང་བ་དག་ཏུ་བྱའོ། །དེ་ལ་སྤྱིར་གྱིས་ཁྲིད་མོ་ཆེ་འདི་འདེབས་དུས་སྔོན་འགྲོ་ཚད་ལ་ཕེབས་པ་བརྩོན་འགྲུས་དང་བཅས་པས་སྦྱངས་པས་དངོས་གཞི་ལ་ཡིད་ཆེས་ཐུན་མོང་མ་ཡིན་པ་སྐྱེའོ། །དངོས་གཞི་ཐེབས་པར་བཏབ་པས་མངོན་སུམ་ལ་སྤྲོ་དགའ་ཁྱད་པར་ཅན་འབྱུང་ངོ༌། །རྗེས་རྒྱབ་ཆོས་མཐའ་ཆོད་པར་བཤད་པས་ཉམས་ལེན་བསྐྱང་ཐུབ་པ་ཤེས་ནས་ཐེ་ཚོམ་དང་རྟོག་མཐའ་ཆོད་དེ་ཆོས་གཞན་ལ་ཡིད་མི་སྨོན་པའི་དགོས་པ་ཡོད་དོ། །གཉིས་པ་མངོན་སུམ་རིག་པའི་རང་ངོ་སྤྲད་པ་ནི། རིག་པ་རྡོ་རྗེའི་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ནམ་མཁའ་ལ་ལྡིང་བ་ལྟ་བུ་དབྱིངས་འོད་གསལ་གྱི་སྣང་བ་དང་བཅས་པ་འདི་མ་འཁྲུལ་པའི་སངས་རྒྱས་ཀ་དག་ལྷུན་གྲུབ་ཀྱི་རང་གདངས་ཏེ། ངང་ལ་བལྟས་པས་རྟོག་བྱེད་ཐམས་ཅད་དག་ནས་སྤྲོས་བྲལ་ནམ་མཁའ་འདྲ་བའི་གདངས་ནང་དུ་ཤར་བས། དབྱིངས་རིག་གཉིས་སུ་མེད་པའི་དགོངས་པ་ཤེས་རབ་བྱུང་གི་ཡེ་ཤེས་དང་ཞལ་མཇལ། ཐོག་མའི་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ། འདི་ལ་གོམས་པ་ཚད་དུ་ཕྱིན་ན་རྡོས་བཅས་འོད་དུ་འགྲོལ་བ། མ་ཕྱིན་ཡང་བར་དོའམ་རང་བཞིན་སྤྲུལ་པའི་ཞིང་བགྲོད། འགྲོ་དྲུག་འཁྲུལ་པའི་གཡང་ས་ཆོད་པའོ། །ཞེས་ངོ་སྤྲད་དེ། རང་བྱུང་བསྟན་པའི་བཙས་ལས། འདི་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང༌། །སྐལ་བ་ཉིད་ནི་མཉམ་པའོ། །ཞེས་པ་དང༌། ཐལ་འགྱུར་ལས། ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ཡི་སངས་རྒྱས་སོ། །ཞེས་སོ། །གསུམ་པ་དེ་ལས་སྣང་བའི་འཆར་ཚུལ་བསྟན་པ་ནི། །དབྱིངས་འོད་ལྔའི་རང་གདངས་ལང་ལིང་དུ་སྣང་བ་དང༌། ལུ་གུ་རྒྱུད་ལ་ཐིག་ལེ་ཕྲ་མོས་འབྲེལ་བ་དང༌། ཐོག་མར་དཀར་ཟང་ཟིང་སྐར་མ་འཕྲོ་བ་ལྟ་བུ་ལས། ཐིག་ལེ་ཁ་དོག་ལྔ་ལྡན་དང༌། །རེ་རེ་བ་དང༌། སུམ་སྦྲེལ་གྱི་བར་གྱི་སྣང་བ་ཚུན་ཆད་དེ། སྔ་མ་ལས། དེ་ནས་ཐིག་ལེ་མཐོང་བ་ཡིན་ནོ། །ཅེས་སོ། །དེའང་ཕྱིའི་འོད་གསལ་ལ་བལྟས་པས་ནང་རྣམ་རྟོག་བྲལ་ཏེ་རིས་མེད་མཉམ་པར་གྲོལ་བ་ནི ཀ་དག་གི་རིག་གདངས་དང༌། ལྷུན་གྲུབ་ཀྱི་འོད་གདངས་གཉིས་ཕྱི་ནང་ཟུང་དུ་འབྲེལ་བས། དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་ཞེས་བྱའོ། །གསུམ་པ་སྣང་བ་བཞི་འཆར་བའི་རིམ་པ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ་དང༌། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། སྣང་བ་བཞི་ཀའི་དུས་སུ་ལུས་བཞུགས་སྟངས་ལ་གནས་པ། མིག་གཟིགས་སྟངས་ལ་ལྟ་བ། རླུང་རིག་ངང་གིས་དལ་བ་གསུམ་གནད་མཐུན་ལ། ཁྱད་པར་སྣང་བ་དང་པོ་གཉིས་སུ་སྦྱངས་པས་ཕྱི་མ་གཉིས་སུ་རྩོལ་བ་ལ་མ་ལྟོས་པར་ངང་གིས་འབྱོངས་ནས། འོད་གསལ་དུ་གྲོལ་བ་ཡིན་པས་ན་དབྱིངས་རིག་གཉིས་སུ་མེད་པ་ཞེས་བྱའོ། །འདི་དག་གི་གནད་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་མི་འབྲལ་བར་བྱ་བ་ནི་གནད་དུ་བྱུང་ལ། དེའི་དོན་བཤད་ན། རིག་པ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མི་ཕྱེད་པ་གཞི་གནས་དང་དེའི་གདངས་འོད་རྩ་དངས་པའི་སྣང་བ་ལས་གསེར་གྱི་སྐུད་པ་ལྟ་བུ་བྲེང་ཆགས་ལ་འཁྱོག་མཚམས་ཐིག་ལེས་སྦྲེལ་བ་ལ་བྱའོ། །རྡོ་རྗེ་ནི་སངས་རྒྱས་སེམས་ཅན་ཀུན་ལ་ངོ་བོ་བཟང་ངན་མེད་པར་མཉམ་ཞིང་མི་འགྱུར་བ་གནས་པའི་ཆ་ནས་བཞག་ལ། ལུ་ནི་དཔེར་ན་ཆུའི་ལུ་མ་བཟང་པོ་ལས་ཆུ་འཕེལ་འགྲིབ་མེད་པར་འབྱུང་བ་དང་འདྲ་བར། སྐུ་དང་ཡེ་ཤེས་ཀྱི་འཕེལ་སྒོ་སྣ་ཚོགས་སུ་ལམ་སྣང་མ་རྫོགས་ཀྱི་བར་ལ་དེ་ལས་འཆར་བར་བྱེད་པའོ། །གུ་ནི་དེ་ཉིད་ཀྱི་ནང་དུ་ཆོས་ཉིད་ཕྱིན་ཅི་མ་ལོག་པའི་ལྟ་བ་དང་སྒོམ་པ་འགུགས་པར་བྱེད་ལ། རྒྱུད་ནི་འཁོར་འདས་ལ་ཁྱབ་ཅིང་སྣང་བ་དེའི་ཚོགས་རྣམས་ལས། སྐུ་དང༌། ཐིག་ལེ་འཕྲོ་བ་དང༌། མཆེད་པ་དང༌། འདུ་བ་ལ་སོགས་པ་གསལ་བར་བྱེད་པའོ། །ཐལ་འགྱུར་ལས། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །དེ་ལས་སྣང་བ་བཞིར་འགྱུར་ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་བསྣུབས། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད། །ཅེས་སོ། །དེའང་སྣང་བ་བཞིར་གྲངས་ངེས་པ་ནི་ཕྱིར་ནམ་ཟླ་དུས་བཞིའི་འཕེལ་ཟད་པ་དང༌། ནང་དུ་ལུས་ངག་ཡིད་སེམས་བཞིའི་བཅིངས་པ་ལས་དགྲོལ་བ་དང༌། གསང་བར་དབང་བཞིའི་ངེས་པ་སྟོན་པ་དང༌། དེ་ཁོ་ན་ཉིད་དུ་སྒྲོན་མ་བཞིའི་སྣང་བ་ངེས་པ་ལ་ལྟོས་ནས་བཞིར་ངེས་སོ། །གོ་རིམས་ངེས་པ་ནི། དང་པོའི་གཞི་ཆོས་ཉིད་མངོན་སུམ་མ་མཐོང་ན་ལྷག་མ་གསུམ་གྱི་འཆར་གཞི་མེད་པས་རྟེན་དང་བརྟེན་པའི་གཞིར་དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་འཆར་བའོ། །དེ་ཉིད་ཤར་བས་ཆོས་ཐམས་ཅད་ཀྱི་དོན་མཐོང་བས་རང་བྱུང་གི་ཡེ་ཤེས་རང་ལས་རྙེད་པ་ཞེས་བྱའོ། །དེ་ནས་མངོན་པ་དེ་ཉམས་སུ་མ་མྱོང་ན་ཚིག་ཙམ་ལ་འབྲས་བུ་མི་འབྱུང་བ་ལས། དོན་ཉམས་སུ་མྱོང་བས་དེའི་ཉམས་གོང་འཕེལ་དུ་བྱུང་བའོ། །དེ་ལྟར་ཉམས་སྐྱེས་པའི་ཚད་བརྟན་པར་བྱེད་དགོས་ཏེ། མ་བརྟན་ན་ཉམས་ལ་ཐུག་པ་མེད་པས་ཆོས་ལ་ཟིན་པ་མེད་ཅིང༌། སངས་ལ་རྒྱ་རྒྱུ་མི་འབྱུང་བ་ལས། ཉམས་བརྟན་པའི་ཚད་ལ་ཕེབས་པས། རིག་པ་ཚད་ཕེབས་ཀྱི་སྣང་བ་བྱུང་བའོ། །རིག་པའི་སྣང་བ་ཚད་ལ་ཕེབས་ཀྱང་དེ་ལས་གཞན་དུ་མི་འགྱུར་ན་སྐུ་གསུམ་འབྲས་བུར་འདོད་པ་དང་ཁྱད་མེད་ལ། དངོས་སྣང་མཚན་མའི་ཆོས་ལ་དོན་གྱི་འབྲས་བུ་རེ་བ་ཐུན་མོང་བ་རྣམས་དང་ཁྱད་མེད་པ་ལས། སྣང་ཉམས་གཞི་ལ་ཐིམ་སྟེ། ཕྲ་རགས་ཀྱི་སྣང་འཛིན་ནུབ་ནས། ཀ་དག་ཆོས་ཟད་ལ་སྤྱོད་པས་ཆོས་ཉིད་ཟད་པའི་སྣང་བ་བྱུང་བའོ། །དེ་དག་ཀྱང་དང་པོ་གཉིས་སྤྲུལ་སྐུ། ཚད་ཕེབས་ལོངས་སྐུ། ཟད་པ་ཆོས་སྐུའི་སྣང་བ་ལམ་དུ་བྱས་པས་སྐུ་གསུམ་ལམ་སྣང་དུ་ཤར་བས་འབྲས་བུ་ཆོས་ཟད་ཀ་དག་གི་དབྱིངས་ལ་ཐུག་པའི་ཕྱིར། རང་སྣང་གི་རྩལ་སྐུ་གསུམ་རིག་པའི་ངང་དུ་ཐིམ་པས། རིག་པ་ཀ་དག་གི་འབྲས་བུ། རིག་པའི་དབྱིངས་ནས་གདོད་ཀྱིས་རང་རྩལ་སྐུ་གསུམ་ཤར་བས་དོན་བྱེད་པ་ཞེས་བྱ་སྟེ། ཐེག་་པ་གཞན་ནས་མིང་ཡང་མི་གྲག་པའི་སྙིང་པོ། ཐེག་པ་རྒྱལ་པོའི་དགོངས་པ་ཞེས་བྱའོ། །གནད་འདི་རྟོགས་དཀའ་བ་ཅིག་ཡིན་ནོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་བཞི་སྟེ། ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་ཕེབས། ཆོས་ཉིད་ཟད་པའི་སྣང་བ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། མངོན་སུམ་སྤྱིའི་འབྲེལ་དགོད་པ་དང༌། རང་གི་མཚན་ཉིད་ངོས་གཟུང་བའོ། །དང་པོ་ནི་སྤྱིར་མངོན་སུམ་ལ་ཀུན་རྫོབ་ཐ་སྙད་ལ་གྲགས་པའི་མངོན་སུམ་དང༌། དོན་དམ་དབྱིངས་ལ་མཇལ་བའི་མངོན་སུམ་གཉིས་ལས། དང་པོ་ལ་དབང་པོའི་མངོན་སུམ་གཟུགས་སོགས་ཡུལ་ལྔ་སྣང་བའི་རང་བཞིན་དང༌། ཡིད་ཀྱི་མངོན་སུམ་ཡུལ་ཉེ་བར་སྤྱོད་པ་རྒྱུ་མཚན་ངེས་པའི་རྟོག་ཡུལ་ན་སྣང་བ་དང༌། རང་རིག་པའི་མངོན་སུམ་ནང་དུ་བདེ་སྡུག་ལ་སོགས་མྱོང་བ་ཅེས་པའི་སྣང་བ་དང༌། རྣལ་འབྱོར་གྱི་མངོན་སུམ་ཉིད་ཀྱི་དོན་ཉེ་བར་མཇལ་བ་དེ་ཁོ་ན་ཉིད་ཀྱི་ཕྱོགས་ལ་ཞུགས་པའི་སོ་སོ་ཡང་དག་པའི་རིག་པ་དང་དེའི་སྣང་ཡུལ་གཉིས་སུ་མེད་པའི་ངང་ན་གཟུང་འཛིན་དང་བྲལ་བར་མྱོང་བའི་ངེས་པ་སྟེ། རྣམ་འགྲེལ་ལས། ཐམས་ཅད་ལས་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །གནས་ནའང་མིག་གིས་གཟུགས་དག་ནི། །མཐོང་བའི་བློ་དེ་དབང་སྐྱེས་ཡིན། །ཅེས་བཤད་པ་བཞིན་ནོ། །དོན་དམ་དབྱིངས་ལ་འཇལ་བའི་མངོན་སུམ་ནི་རིག་པའི་ངོ་བོ་ཆོས་ཉིད་སྙིང་ག་ན་ཡོད་པར་ངེས་ཏེ། དེའི་རང་གདངས་སྙིང་ནས་མིག་ཏུ་འབྲེལ་བའི་ཕྱིར་ཉི་མ་དང་འོད་ཟེར་བཞིན་རྒྱུ་འབྲས་ངེས་པ་གཏན་ཚིགས་ཀྱིས་ཡིད་ཆེས་པར་མཇལ་བའོ། །དེའི་ཕྱིར་འཇིག་རྟེན་པ་དང་འདས་པ་གཉིས་ལས་འདི་ནི་འདས་པའི་མངོན་སུམ་མོ། །འདས་པ་ལ་བརྗོད་བྱ་ཤེས་པ་གཙོ་བ་སེམས་ཀྱི་རྒྱུ་མཚན་ངེས་པ་དང༌། གནད་གཏེམས་པ་མཐོང་བ་གཙོ་བ་རིག་པའི་མངོན་སུམ་གཉིས་ལས། འདི་རིག་པའི་མངོན་སུམ་ཞེས་བྱ་བ་ཡིན་ནོ། །གཉིས་པ་རང་གི་མཚན་ཉིད་ངོས་གཟུང་བ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་པ་ལ། ཆོས་ཉིད་ཀྱི་སྒྲ་ཉེ་བར་སྦྱར་བ་ལ་བཞི་ལས། འཁོར་བ་ལ་ཆོས། མྱང་འདས་ཆོས་ཉིད་ཅེས་པའི་འདི་ཆོས་ཉིད་དོ། །སྣང་བ་ལ་ཆོས། སྟོང་པ་ལ་ཆོས་ཉིད་དུ་བརྗོད་པའི་འདི་ཆོས་ཉིད་དོ། །གནད་མེད་པས་མི་གྲོལ་བ་ལ་ཆོས། ཡོད་པས་གྲོལ་ངེས་པས་ཆོས་ཉིད་དུ་གྲགས་པའི་འདི་ཆོས་ཉིད་དོ། །དབྱིངས་ལ་ཆོས། རིག་པ་ལ་ཆོས་ཉིད་དུ་གྲགས་པའི་གཉིས་ཀ་དབྱེར་མེད་དུ་འདོད་པའོ། །མངོན་པ་ནི་དབང་པོའི་སྤྱོད་ཡུལ་ལ་དངོས་སུ་བལྟར་ཡོད་པའོ། །དེའང་ཡིད་དཔྱོད་ལ་མ་ལྟོས་པ་སྟེ། ཡིད་དཔྱོད་ཀྱི་ཤེས་རབ་ཀྱིས་གང་དུ་བཙལ་ཡང་རྙེད་པའི་དུས་མེད་དོ། །ཚོལ་མཁན་མིག་ཅན་མ་ཡིན། འོད་གསལ་གཟུགས་ཅན་མ་ཡིན་པའི་ཕྱིར་ཏེ། སྡུད་པ་ལས། ཤེས་རབ་ཀྱིས་ནི་བརྟགས་ན་ཕུང་པོའི་གཏིང་མི་རྙེད། །ཅེས་སོ། །འོད་གསལ་གྱི་སྣང་བ་འདི་ཐ་སྙད་ལ་གྲགས་པའི་གཟུགས་ཅན་མ་ཡིན་ཏེ། ཕྲ་བ་རྡུལ་ཕྲན་དང་རགས་པ་དངོས་པོ་རང་མཚན་དུ་འདི་མེད་པའི་ཕྱིར་འབྱུང་བཞིའི་གནོད་པས་གཞིག་ཅིང་གཞོམ་དུ་མི་རུང་བའི་ཕྱིར་རོ། །གཟུགས་ཅན་ནི་གཞིག་ཅིང་གཞོམ་རུང་དུ་ཡོད་དེ་གཟུགས་ཀྱི་མཚན་ཉིད་དེ་ཡིན་པའི་ཕྱིར་རོ། །གསུམ་ནི་རྣམ་གྲངས་ཏེ་ཕྱིར་ལུས་ངག་ཡི་གསུམ་གྱི་གནད་གསུམ་གྱིས་གཞི་བཅའ་བ། ནང་དུ་ཆོས་ཉིད་ཡུལ་གྱི་གནད། །འཆར་བྱེད་སྒོའི་གནད། རླུང་གི་གནས་པའི་གནད་གསུམ་གྱིས་ལམ་བསལ་བ་དང༌། གསང་བར་གོམས་པ་ཚད་ཀྱི་རིམ་པ། སྨིན་པ་རྟགས་ཀྱི་རིམ་པ། མཐར་ཐུག་ཟད་པའི་རིམ་པ་དང་གསུམ་གྱིས་ཚད་གཟུང་བ་དང༌། བླ་ན་མེད་པར་སྣང་བའོ། །སྨིན་པ་ཐིག་ལེ། །རྫོགས་པ་སྐུ་དང་གསུམ་གྱིས་འབྲས་བུ་རྫོགས་པའི་ཕྱིར། གསུམ་ཚན་བཞིར་ངེས་པས་གསུམ་ཞེས་བྱའོ། །ཡང་ན་ཆོས་ཉིད་ལ་སྐུ་གསུམ་ལྷུན་གྲུབ་ཏུ་ཡོད་པའི་རང་གདངས་སྣང་བ་གསུམ་ཕྱིར་ཤར་བའི་གྲངས། ཆོས་སྐུའི་རང་གདངས་ནང་མྱོང་བ་རིག་སྟོང༌། ལོངས་སྐུའི་རང་གདངས་འོད་ལྔ་ཕྱིར་གསལ་བ་ཡེ་ཤེས་རང་གསལ། སྤྲུལ་སྐུའི་རང་གདངས་ཤར་གྲོལ་རིས་མེད་ཤེས་རབ་ཀྱི་རྩལ་དང་བཅས་པ་གསུམ་ལ་ལྟོས་ནས་གསུམ་ཞེས་བྱའོ། །དེའང་གཞི་གསུམ་གྱིས་གཞི་བཅས་པས་དངོས་པོ་ལ་ཐ་དད་མེད་པའི་གནད་དང༌། ལམ་གསུམ་གྱིས་གེགས་བསལ་བས་འགྲོ་ལམ་ལ་ཉེ་རིང་མེད་པ་དང༌། ཚད་གསུམ་གྱིས་ཚད་ལ་ཕབ་པས་འདྲ་མིན་དང་ཆལ་ཆོལ་མེད་པ་དང༌། འབྲས་བུ་གསུམ་གྱིས་ཟད་སར་བསྐྱལ་བས་ཡིན་མིན་དང་ཐེ་ཚོམ་མེད་པས་ན་མངོན་སུམ་ཞེས་བྱ་སྟེ། ཐ་མལ་པའི་དུས་ན་དགའ་མི་དགའ་བཏང་སྙོམ་གསུམ་མཐོང་བས་བདེ་སྡུག་བར་མ་གསུམ་འཆར་བ། བླ་མའི་གདམས་པ་ཉམས་སུ་བླང་བའི་དུས་ན་དབྱིངས་རིག་ཆོས་གསུམ་མངོན་པར་མཐོང་བས་སོ། །ཆོས་ཉིད་མངོན་སུམ་ལ་ཡིད་དཔྱོད་ཚིག་གི་སྒྲོ་གདགས་སུ་མེད་པའི་གནད། གོམས་པའི་དུས་ན་འོད་ཐིག་ལེ་སྐུ་གསུམ་མཐོང་བས་འཁྲུལ་བའི་སྣང་བ་རང་འགགས་པའི་གནད། ཚད་དུ་ཕྱིན་པས་དུས་ན་གསལ་བ་སྟོང་པ་བདེ་བ་གསུམ་མངོན་པར་མཐོང་བས། ཆོས་ཉིད་རང་ཟད་པའི་གནད་དོ། །དེ་ལྟར་ན་གསུམ་ཞེས་གྲངས་ཀྱི་གནས་གཞན་ལ་བརྟེན་ནས་འབྲས་བུ་ཅིག་ཅར་དུ་གྲོལ་བར་ངེས་པའོ། །སྣང་བ་ནི་གང་སྣང་ཆོས་ཉིད་སྣང་ལ། ཡུལ་གང་ལ་སྣང་ན་དབྱིངས་ལ་སྣང༌། ཚུལ་ཇི་ལྟར་སྣང་ན་འོད་དང་འོད་ཁྱིམ་རིག་པ་ལུ་གུ་རྒྱུད་དང་བཅས་པ་སྣང༌། །སྣང་བ་དེ་ཉམས་སུ་བླངས་པ་ལས་འབྲས་བུ་རྡོས་བཅས་མི་སྣང་བར་སངས་རྒྱ་བའོ། །དེ་ལྟར་ཆོས་ཉིད་མངོན་སུམ་གྱི་སྣང་བའི་ངོ་བོ་དབྱིངས་རིག་འོད་གསལ་སྣང་བ་སྟེ། ཡི་གེ་མེད་པ་ལས། སྐྱེ་བ་མེད་པའི་མངོན་སུམ་སངས་རྒྱས་ཀྱིས། །ཡུལ་མེད་རྣམ་པར་དག་པའི་སྣང་བ་མཐོང༌། །ཞེས་པ་དང༌། སྒྱུ་འཕྲུལ་ལས། ནོར་བུ་རིན་ཆེན་འདོད་ཆགས་དཔལ། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཞེས་སོ། །ངེས་ཚིག་ནི་སྐུ་གསུམ་གྱི་སྣང་བ་མཐོང་བ་སྟེ། རིན་པོ་ཆེ་རྣམ་པར་བརྩེགས་པའི་རྒྱུད་ལས། མངོན་ཞེས་བྱ་བ་མཐོང་བ་ལ། །གསུམ་ཞེས་བྱ་བ་སྐུ་གསུམ་གྱི། །ཞིང་ཁམས་གཏན་ལ་ཕེབས་པའོ། །ཞེས་སོ། །དགོས་པ་ནི་གནད་འདིས་གོལ་སྒྲིབ་མེད་པར་གྲོལ་ཏེ། དེ་ཉིད་ལས། ཆོས་ཉིད་མངོན་སུམ་གནད་མེད་ན། །མིག་མེད་གཡང་ཁར་ཕྱིན་པ་འདྲ། །ཞེས་སོ། །གནད་ནི་ཐལ་གྱུར་ལས། རྒྱང་ཞགས་འགུལ་བ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཅེས་པ་དང༌། ཡི་གེ་མེད་པ་ལས། མིག་ནི་རབ་ཏུ་གནན་བྱ་སྟེ། །མིག་ཟུར་ཉིད་ལས་དབྱིངས་འབྱུང་བས། །མིག་ནི་ནམ་མཁའི་ཁམས་སུ་བརྟག །ཅེས་སོ། །སྣང་བ་ནི། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ལས་ངེས་འཐོན་ཏེ། །སྤྲིན་མེད་པ་ཡི་མཁའ་ལ་གསལ། །ཅེས་པ་དང༌། གཞན་ཡང་རྩ་དང་འཁྲུལ་འཁོར་གྱིས། །རང་བཞིན་གནས་པའི་ཡེ་ཤེས་ལྔ། །ཆུ་བུར་མིག་གིས་མཐོང་བའོ། །ཞེས་པ་དང༌། རང་ཤར་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འགྲོ་དང་འོང་བ་དང༌། །འགུལ་བ་དང་ནི་འཕྲིག་པའོ། །ཞེས་པ་དང༌། སེང་གེ་རྩལ་རྫོགས་ལས། །རང་སྣང་རིག་པའི་དངོས་པོ་དེ། །ཡེ་ཤེས་གུ་ལུ་རྒྱུད་དུ་གནས། །ཞེས་པ་དང༌། ནོར་བུ་འཕྲ་བཀོད་ལས། རྒྱང་ཞག་ཆུའི་སྒྲོན་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ཡོངས་སུ་གསལ་ལོ་ཞེས་སོ། །ཉམས་སུ་བླང་ལུགས་ནི་དང་པོ་ཐུན་ཆུང་ལ་གྲངས་མང་དུ་བྱ། གཉིས་པ་ལ་ཐུན་བསྐྱེད་ཅིང་ཡུན་བསྲིང༌། །གསུམ་པ་ལ་ཉིན་མཚན་མེད་པར་ཉམས་སུ་བླངས་ཞིང༌། དབྱིངས་ཀྱི་ར་བར་རིག་པ་བཅུག་པ་ལས་མི་འགུལ་བར་བྱེད་དེ། སྒྲོན་མ་འབར་བ་ལས། དབྱིངས་ཀྱིས་རིག་པའི་རང་ཡུལ་བྱེད། །རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད། །འདི་ཉིད་ནང་དུ་གཞག་པར་བྱ། །ཞེས་སོ། །འབྲས་བུ་ནི། །ཕྱིའི་དབྱིངས་སྣང་ལ་མིག་མི་འགུལ་བའི་རང་དུས་ན། ནང་དུ་རིག་པ་གཞི་ལ་གནས་པས་གདངས་རང་ཐིམ་ལ་འཁོར་ནས། གློ་བའི་རླུང་གི་རྟ་དང་བྲལ་བས། ཡེ་ཤེས་ཀྱི་ནམ་མཁའ་དབྱིངས་ཀྱི་ནམ་མཁའ་ལ་ཐིམ་ནས་ངོ་མཉམ་རིས་མེད་དུ་གྲོལ་བས། ཀ་དག་གི་རིག་པ་དབྱིངས་ལ་མ་གཡོས་པར་སྙིང་ག་ན་ངང་གིས་འོད་གསལ་བའི་དགོངས་པ་ལ་རང་བཞིན་གྱིས་གནས་ཏེ། རྣལ་འབྱོར་པ་དེ་ཆོས་ཉིད་གདོད་མའི་འོད་གསལ་ཟིན་པ་ཞེས་བྱ་བས་འཁོར་བ་མིང་མེད་དུ་སྟོངས་ནས་སྲིད་གསུམ་གདར་ཤ་ཆོད་པ་ཡིན་ཏེ། ཐལ་འགྱུར་ལས། དེས་ནི་ཆོས་ཉིད་མངོན་སུམ་གནད། །མཐོང་བ་ཙམ་གྱིས་ཤེས་པ་དང༌། །དེ་ཤེས་པ་ཡིས་རྟོགས་པ་དང༌། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །གྲོལ་ཞེས་བཀྲོལ་བ་མ་ཡིན་ཏེ། །ནམ་མཁའ་དག་ནི་ནམ་མཁའ་ལ། །ཐིམ་ནས་རང་བཞིན་དམིགས་མེད་པས། །རིས་མེད་ཆ་ཤས་ཡོད་མ་ཡིན། །མངོན་སུམ་རྙེད་པའི་སྐལ་ལྡན་པ། །ཁམས་གསུམ་འཁོར་བ་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །ཞེས་སོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ལ་གཉིས་ལས། །མདོར་བསྟན་པ་ནི། དབྱིངས་རིག་ལ་གོང་ནས་གོང་དུ་སྦྱངས་པས། ཕྱིར་དབྱིངས་སྣང་དུ་རིག་པ་ལུ་གུ་རྒྱུད་དབྱེར་མེད་དུ་གནས་པ་བཞིན། ནང་དུ་ཀ་དག་གི་སྟོང་དབྱིངས་ལ་རང་གདངས་ཀྱི་རིག་དབྱིངས་གཉིས་མེད་དུ་གནས་པས་འོད་གསལ་མ་བུ་འདྲེས་ཏེ། སྣང་ཉམས་སྣ་ཚོགས་སུ་འཕེལ་བ་ནི། ཐལ་འགྱུར་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་ཕྱིར་བྱུང་ནས། །གྱེན་འགྲེང་བ་དང་རྩིབས་ཤར་དང༌། །ཐིག་ལེ་སྣ་ཚོགས་སྐུ་ཉིད་དུ། །རགས་པར་སྣང་བའི་ཡུལ་ལ་གསལ། །ཅེས་སོ། །རྒྱས་པར་བཤད་པ་ནི། ཉམས་གོང་འཕེལ་ཅེས་པའི་ཉམས་ལ་གཉིས་ཏེ་ཤེས་པའི་ཉམས་དང༌། སྣང་བའི་ཉམས་སོ། །ཤེས་ཉམས་ལ་འཇིག་རྟེན་པའི་ཤེས་ཉམས་ཏིང་ངེ་འཛིན་གྱིས་ཐོབ་པའི་དགའ་བདེ་སེམས་ཆགས་པ་གླུ་གར་ལ་སོགས་པ་བྱེད་སྙིང་འདོད་པ་རྣམས་དང༌། འདས་པའི་ཤེས་ཉམས་སྟོང་གསལ་མཐའ་བྲལ་གྱི་རྟོགས་ཚད་ཤེས་རབ་ཀྱི་རྩལ་དང་བཅས་པ་རྣམས་ཏེ། འདི་ཉིད་ཐོག་མ་བར་དང་མཐར་གོམས་པ་ལས། ཤེས་པ་དགའ་བདེའི་ཉམས་དང༌། མཐར་འགྱུར་གྱི་ཉམས་དང༌། སྣང་བའི་ཉམས་དང་གསུམ་འབྱུང་བ་ལས། དང་པོ་ནི། ལུས་ངག་གནད་དུ་གཅུན་པས་རླུང་སེམས་བག་ལ་ཞ་ནས། ནང་ཏིང་ངེ་འཛིན་འོད་གསལ་སྟོང་པའི་ངང་ལ་འབྱམས་པ་དང༌། ཤེས་པ་བག་ཡངས་གཟུང་འཛིན་མེད་པའི་དགའ་བདེ་ཡངས་པ་ཁྲོལ་ཆགས་སུ་སྐྱེས་ཀྱང་ཞེན་འཛིན་སྤུ་ཉག་ཙམ་ཡང་མེད་པ་ནི་རང་བཞིན་གྱི་བསམ་གཏན་གནད་དུ་ཕེབས་པ་ལས་བྱུང་བའོ། །བཅོས་མའི་བསྒོམས་པ་ལས་དགའ་བདེ་བྱུང་བ་ནི་ཉམས་འགྱུར་བ་ཤས་ཆེ་ལ་རགས་པ་འཁྲབ་པའམ་གླུ་གར་བྱེད་འདོད་པ་འབྱུང་བས་ཆགས་ཞེན་དུ་སོང་ལ། འདི་ནི་དགའ་བདེར་ཤར་ཡང་རང་དབང་ཐོབ་པའི་དགའ་བདེ་ཞེན་མེད་དུ་ཤེས་པའི་ཁྱད་ཡོད་པ་ནི་བཅོས་ནས་བསྒོམས་པ་དང༌། རང་བཞིན་གྱིས་རླུང་དུ་ཕེབས་པའི་བསམ་གཏན་གྱི་ཁྱད་དུ་ཤེས་པར་བྱའོ། །མཐར་འགྱུར་གྱི་ཉམས་ནི་རླུང་ཉམས་ཀྱི་སྣང་ཆ་སྟེ། སྲིན་བུ་མེ་ཁྱེར་ལྟ་བུ་དང༌། སྤྲིན་ལྟ་བུ་དང༌། དུ་བ་ལྟ་བུ་དང༌། སྨུག་ཟིལ་ལྟ་བུ་དང༌། ཟླ་བ་ཤར་བ་ལྟ་བུ་དང༌། སྐར་མ་ཤར་བ་ལྟ་བུ་དང༌། ནམ་སྲོས་པ་ལྟ་བུ་ལ་མཐིང་གའི་སྣང་བ་ཡོད་པ་ལྟ་བུ་དང༌། ཉི་མ་ཤར་བ་ལྟར་ཕྱི་ནང་ཟང་ཐལ་བར་སྣང་བ་ལྟ་བུ་དང་བརྒྱད་དེ། འཆར་ནུབ་དང་གསལ་འགྲིབ་ཏུ་བྱུང་བས། མི་བརྟན་ཚུགས་མི་ཐུབ་འགྱུར་འགྲོ་བས་མཐར་འགྱུར་གྱི་ཉམས་ཞེས་བྱ་སྟེ། རླུང་གཡོ་བའི་ཉམས་ཡིན་པའི་ཕྱིར་རོ། །འདི་དག་བྱར་ཡོད་དེ་རླུང་སེམས་དག་དགོས་པའི་ཕྱིར་རོ། །སྣང་བའི་ཉམས་ནི། རིག་པའི་རང་གདངས་འོད་གསལ་ཆེན་པོ་སྟེ། གནས་སྐབས་སུ་ཕྱིར་སྣང་འཕེལ་ཞིང་ཚད་ལ་ཕེབས་ནས། རང་གདངས་གཞི་ཐིམ་ལ་ནང་དུ་བཟློག་པས་ཕྱིར་གསལ་དུ་ཟད་དགོས་ཏེ། ལྷུན་གྲུབ་ཀ་དག་གི་དབྱིངས་སུ་ཐིམ་དགོས་པའི་ཕྱིར་རོ། །ནང་གསལ་དུ་རང་འོད་ཀྱི་ཀློང་ན་རིག་པ་སྐུ་དང་ཡེ་ཤེས་ཀྱི་ཕོ་བྲང་ལ་ཡེ་བཞུགས་ལྷུན་གྲུབ་ཆེན་པོར་འཕོ་འགྱུར་མེད་པའོ། །དེས་ན་འདིར་སྣང་བའི་ཉམས་གཙོ་བ་སྟེ། ཤེས་ཉམས་ནི་བློ་ཡིན་པས་འགྱུར་ཞིང་ཚད་མི་ཐུབ་སྟེ་ཀུན་བརྟགས་ཀུན་རྫོབ་ཀྱི་རྣམ་པ་ཅན་དྲན་བྱེད་ཐ་དད་པ་ཚུ་རོལ་གྱི་རྟོག་པས་བསྡུས་པའི་ཕྱིར། འདི་ལ་ཚོད་བྱེད་ན་སྤྲིན་ལ་ཚོད་བཙུགས་ནས་སྦས་སྐུངས་བྱེད་པའི་བྱ་དང་འདྲ་སྟེ། དོན་རྟོག་པའི་དུས་མེད་དེ་མཐོང་བ་རང་ཐོག་ཏུ་མི་ཕེབས་སོ། །འདི་ནི་སྣང་བའི་ཉམས་ཏེ་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་མཐོང་བས་འཁོར་བའི་ལས་ཀྱི་མཐའ་ཕྱེད་གཟུང་བ་ཡུལ་དུ་སྣང་བ་ལས་འདས་ལ། དབྱིངས་ཀྱི་སྣང་བ་མཐོང་བས་དེའི་སྟེང་དུ་འཛིན་པ་རྟོག་པའི་ཆའི་ཕྱེད་མེད་པ་སྟོང་ཆད་དུ་འཛིན་པ་ལོག་པས་འཁོར་བའི་ཆའི་སུམ་གཉིས་ལས་འདས་ལ། ཀུན་རྟོག་གཞི་གྲོ་རང་སངས་སུ་དག་པས་འཛིན་ཆའི་ཕྱེད་པ་སྣང་བ་རང་མཚན་དུ་འཛིན་པ་ལོག་པས། གཟུང་འཛིན་གང་ཟག་དང་ཆོས་ཀྱི་བདག་མེད་རྟོག་པ་ཞེས་བྱའོ། །མདོར་ན་སྣང་ཉམས་རྣམས་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང༌། དབྱིངས་ཀྱི་སྣང་བ་གཉིས་སུ་འདུས་པའོ། །གོང་འཕེལ་ནི། སྣང་བ་དེ་དག་ཇེ་བཀྲ་ཇེ་ལེགས་ཇེ་མང་ལ་སོང་བ་སྟེ། འདི་ལ་དག་ཚུལ་གྱིས་སྤྱིར་བསྟན་པ་དང༌། སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ལས། དང་པོ་ནི། འཁོར་བའི་བཅིངས་པ་ལས་གྲོལ་ཚུལ་དང་སྦྱར་ན། སྣང་བ་དེ་ཡང་གྱེན་འགྲེང་དང༌། རྩིབས་ཤར་དང༌། གྲུ་ཆད་དང༌། དུམ་བུ་དང༌། སྣམ་བུའི་སྣང་བ་དང་ལྔ་རྫོགས་པས་ཡེ་ཤེས་ལྔའི་ཁ་དོག་ལ་དབང་ཐོབ་ནས། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། ཕྲག་དོང་ལྔ་མངོན་དུ་རྒྱུ་བའི་བཅིངས་པ་ལས་གྲོལ་ཏེ། བག་ལ་ཉལ་ཙམ་ལས་མ་གཏོགས་པ་མེད་པས་འཁོར་བའི་ཕྱེད་ལས་འདས་པ་ཉིད་དོ། །དེ་ནས་དྲ་བའི་རྣམ་པ་དང༌། དྲ་བ་ཕྱེད་པ་དང༌། མིག་མངས་རིས་དང༌། མིག་ཚགས་ཀྱི་རྣམ་པ་ལྟ་བུ་དང༌། ཟ་འོག་གུར་ཁྱིམ་ལྟ་བུ་མཐོང་བས། གཟུགས་ལ་སོགས་པ་ཕུང་པོ་ལྔའི་ཚོགས་པས་བདག་ཏུ་བྱས་པ་ལས་འདས་པས། འཇིག་རྟེན་གྱི་བདག་སུམ་གཉིས་ལས་འདས་པས། ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་བྱིན་རླབས་སོ། །དེ་ནས་ཡེ་ཤེས་དངོས་པོ་དག་པའི་དབྱིབས་ཀྱི་སྣང་བ། ཡེ་ཤེས་མཁར་ཐབ་ཀྱི་རྣམ་པ་འདྲ་བ་དང༌། ཉི་ཟླ་ཟུང་སྦྲེལ་གྱི་རྣམ་པ་འདྲ་བ་དང༌། པདྨ་བརྩེགས་པའི་རྣམ་པ་འདྲ་བ་དང༌། མཆོད་རྟེན་བརྩེགས་པའི་རྣམ་པ་འདྲ་བ་དང༌། པདྨ་སྟོང་ལྡན་གྱི་རྣམ་པ་དང་འདྲ་བ་མཐོང་བས། འབྱུང་བ་ལྔའི་འཆིང་བྱེད་ལས་འདས་པའོ། །དེ་དག་ཀྱང་གཅིག་སྐྱེས་གཅིག་འགགས་པས་ཉམས་ཞེས་བྱའོ། །དེ་ཡང་སྔ་མ་བས་ཁྱད་པར་དུ་འགྱུར་བས་གོང་འཕེལ་ཞེས་བྱའོ། །དེ་ལྟར་རིག་པས་བྱུང་བ་ནི་སྔར་དབང་རིམ་པས་བསྟེན་པ་ལས་བྱུང་བའོ། །གཉིས་པ་སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་ལ། ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང༌། དབྱིབས་ཀྱི་སྣང་བ་གཉིས་ལས། དང་པོ་ནི། རྡོ་རྗེའི་རིགས་རྣམ་པར་དག་པས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་འོད་ཁ་དོག་དཀར་པོའི་རྣམ་པར་འཆར་བ་དང༌། དེ་ཉིད་རྡོ་རྗེ་མི་བསྐྱོད་པའི་གདངས་དཀར་བ་ལ་འཚེར་བར་འཆར་བའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པའི་རིགས་རྣམ་པར་དག་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁ་དོག་མཐིང་གའི་རྣམ་པར་འཆར་བ་དང༌། རྣམ་པར་སྣང་མཛད་ཀྱི་གདངས་མཐིང་ལ་གནག་པར་འཆར་རོ། །རིན་པོ་ཆེའི་རིགས་རྣམ་པར་དག་པ་ལས། མཉམ་པ་ཉིད་ཀྱི་ཁ་དོག་སེར་པོའི་སྣམ་བུ་དང༌། རིན་པོ་ཆེ་འབྱུང་ལྡན་གྱི་གདངས་རབ་ཏུ་འཚེར་བ་གསེར་ཞུན་སྦྱངས་པ་ལྟ་བུར་འཆར་རོ། །པདྨའི་རིགས་རྣམ་པར་དག་པ་ལས། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཁ་དོག་དམར་པོའི་སྣམ་བུ་དང༌། སྣང་བ་མཐའ་ཡས་ཀྱི་གདངས་དམར་བ་ལ་རབ་ཏུ་དམར་བ་བྱི་རུའི་མདོག་ལྟ་བུར་འཆར་རོ། །ལས་ཀྱི་རིགས་རྣམ་པར་དག་པ་ལས། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཁ་དོག་ལྗང་གུའི་སྣམ་བུར་འཆར་བ་དང༌། དོན་ཡོད་གྲུབ་པའི་གདངས་རབ་་ལྗང་ཨིནྡྲ་ནཱི་ལའི་རྣམ་པ་ལྟར་འཆར་བའོ། །དེ་དག་གི་ཕྱི་རིམ་མཐིང་ག་རྡོ་རྗེའི་ར་བས་ཀུན་ནས་བསྐོར་བ་ནི། ཡེ་ཤེས་དེ་དག་ཐ་དད་པ་མ་ཡིན་པར་མཚོན་པའོ། །དེ་ལས་སྣང་བའི་འཕེལ་ནི་འོད་ལྔ་སོ་སོས་གཙོ་བྱས་པའི་ཁ་དོག་ལྔ་ལྔར་གསལ་བ་ནི། རིགས་དང་རིགས་ཀྱི་ཁྱད་པར་ལས་བྱུང་བའོ། །དེ་ནས་ཡེ་ཤེས་ཀྱི་རླུང་རྣམ་པར་དག་པ་ལས་མེ་ལོང་ལྟ་བུའི་རྐྱེན་འགྲེང་དུ་སྣང་བ་ནི། དེ་ལ་བརྟེན་ནས་ཉམས་ཀྱི་འཕེལ་འབྱུང་བའོ། །མཉམ་པ་ཉིད་ཀྱི་རྩིབས་ཤར་དུ་སྣང་བ་ནི། འཁྲུལ་པའི་སྣང་བ་ཟད་དུ་ཉེ་བའི་ཉིད་དོ། །དེ་ནས་སོ་སོར་རྟོག་པའི་གྲུ་ཆད་དུ་སྣང་བ་ནི། འབྱུང་བའི་ཕྲ་བ་འགག་པའི་དུས་སོ། །བྱ་བ་གྲུབ་པའི་རེ་ལྡེའི་རྣམ་པ་ཙམ་དུ་སྣང་བ་ནི། ཡེ་ཤེས་ཀྱི་རང་གདངས་སོ་སོར་གསལ་བ་ལས་བྱུང་བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡུལ་གྲུ་ཙམ་དུ་སྣང་བ་ནི་རྟོག་པ་རགས་པ་རྣམས་འགགས་པ་ལས་བྱུང་བའོ། །དེ་དག་གི་ལམ་སྐྱེ་བའི་རིམ་པ་ནི། །བརྩོན་འགྲུས་རབ་རྣམས་ལ་བར་དུ་ཞག་ལྔ་ལྔའོ། །འབྲིང་རྣམས་ལ་ཞག་བདུན་བདུན། ཐ་མ་རྣམས་ཞག་ཉེར་གཅིག་ཉེར་གཅིག་ན་གོང་མའི་སྣང་བ་འགགས་ནས། ཡང་འོག་མའི་སྣང་བ་དེ་དག་ཏུ་རྣམ་པར་སྣང་བའོ། །ཁ་དོག་དང་དབྱིབས་ཀྱི་བར་འདིར་ནི་ཐང་ཅིག་ཏུ་གནས་པ་དག་འབྱུང་ངོ༌། །དེ་ནས་དེ་དག་ནུབ་ནས་ཀྱང་ཡེ་ཤེས་ལྔའི་དབྱིབས་ཀྱི་རྣམ་པ་འཆར་ཏེ། མེ་ལོང་ལྟ་བུའི་དབྱིབས་མིག་ཚགས་ཀྱི་རྣམ་པ་དང་འདྲ་བར་འགྱུར་རོ། །དེ་ནི་ཁ་དོག་རབ་ཏུ་སྤེལ་ལེགས་པ་ལས་བྱུང་བའོ། །དེ་ལ་གོམས་པ་ལས་མིག་མངས་རིས་སུ་འཆར་ཏེ། འདི་ནི་སྔོན་དུ་འགྲོ་བ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །དེ་ནས་མཉམ་པ་ཉིད་དྲ་བ་ཕྱེད་པར་འཆར་ཏེ། དེ་ནི་རླུང་གི་སྦྱངས་པ་དག་པ་ལས་བྱུང་བའོ། །དེ་ལས་དྲ་བར་སྣང་བ་ནི་སྔོན་འགྲོ་དག་ཅིང་ཚར་ཆོད་པ་ལས་བྱུང་བའོ། །དེ་ནས་སོ་སོར་རྟོག་པའི་མེ་ཏོག་གི་ཚོམ་བུར་འཆར་བ་ནི། གཟིགས་སྟངས་ལས་འགྲུས་པ་ལས་བྱུང་བའོ། །དེ་ལས་པདྨ་སྟོང་ལྡན་དུ་འཆར་བ་ནི་སྔོན་འགྲོ་འབྱོངས་པ་ལས་བྱུང་བའོ། །དེ་ནས་བྱ་བ་གྲུབ་པའི་མཚོན་ཆ་ལྟ་བུར་འཆར་བ་ནི། རང་བཞིན་མ་བཅོས་པ་ལས་བྱུང་བའོ། །དེ་ལས་འཁོར་ལོ་ལ་སོགས་པའི་རྣམ་པ་སྣ་ཚོགས་སུ་སྣང་བ་ནི་སྔོན་འགྲོ་མཐར་ཕྱིན་པ་ལས་བྱུང་བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཁར་ཐབ་ཏུ་འཆར་བ་ནི། རིག་པ་མིག་ནས་དྲངས་པ་ལས་བྱུང་བའོ། །དེ་ལས་ཟ་འོག་གུར་ཁྱིམ་ལྟ་བུ་ནི་སྔོན་འགྲོ་དག་པར་བྱས་པ་ལས་བྱུང་བའོ། །དེ་དག་ཀྱང་བརྩོན་འགྲུས་ཀྱི་ཁྱད་ཀྱིས་ཞག་གསུམ་དང༌། བདུན་དང༌། བཅུ་བཞི་ན་གཅིག་སྐྱེ་གཅིག་འགག་པའོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། འདི་དག་ནི་སེམས་ཀྱི་སྔོན་འགྲོའི་དུས་ན། རྟོག་པ་ཐ་དད་པར་བསླང་བ་དེ་འགགས་པའི་རྟགས་ཡིན་ནོ། །དེ་ནས་རིག་པ་རང་གི་ངོ་བོའི་སྣང་བ་འཆར་ཏེ། འོད་དེ་དག་ཐིག་ལེར་འཆར་བ་ནི་ལུ་གུ་རྒྱུད་གཅིག་ཏུ་འདུས་པ་ལས་བྱུང་བའོ། །དེ་ནས་ཐིག་ལེ་གཉིས་འབྲེལ་དུ་སྣང་བ་ནི་ཐབས་དང་ཤེས་རབ་རྣམ་པར་དག་པ་ལས་བྱུང་བའོ། །དེ་ནས་ཐིག་ལེ་ལྔ་སྦྲེལ་དུ་སྣང་བ་ནི་ཡེ་ཤེས་ལྔ་ལ་བྱན་ཚུད་པ་ལས་བྱུང་བའོ། །མངོན་སུམ་གྱི་ཐིག་ལེ་དང་འབྲེལ་ལུགས་མི་འདྲ་སྟེ་ཆུང་ཡོད་པའི་ཕྱིར་རོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། ཐལ་འགྱུར་བས། ཁ་དོག་ལྔ་ཡི་འོད་ཀྱི་ཀྱང༌། །རེ་ལྡེ་ཙམ་ལས་གྲུ་ཆད་སྣང༌། །ཡུལ་གྲུ་ཙམ་ལས་མཐོང་ཚད་དོ། །ཞེས་པ་དང༌། རང་བྱུང་གི་རྒྱུད་ལས། རང་ངོ་མཐོང་བས་འདི་ལྟར་རོ། །ཡར་མཚམས་ལས་ནི་སོར་བཞི་ལས། །བྲལ་བའི་སྐྱེས་བུ་སྐལ་བཟང་བ། །འཁོར་བར་འཇུག་པ་ག་ལ་སྲིད། །གྲུ་ཆད་རྣམ་པར་གང་སྣང་བ། །སྤྲུལ་པའི་ཡོན་ཏན་འདིས་འགྲུབ་བོ། །མཐོང་བའི་ཡུལ་ཙམ་གང་སྣང་བ། །ཚོམ་བུ་ལ་ནི་དེ་བཞིན་ནོ། །ཕྱིར་སྣང་འགགས་པ་གང་ཡིན་པ། །སྐད་ཅིག་མ་ནི་བཅུ་དྲུག་ལ། །འདི་ཡང་དེ་ལྟར་འགྱུར་བའོ། །ཞེས་སོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ལ་སྣང་ཚུལ་སྤྱིར་བསྟན་པ་དང༌། རང་བཞིན་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་ཐིག་ལེ་རེ་རེའི་ནང་དུ་སྐུ་ཕྱེད་མ་རེ་རེ་སྣང་བ་ནི་སྤྲུལ་པ་སྐུའི་སྦྱང་བ་རྣམ་པར་དག་པ་ལས་བྱུང་བའོ། །དེ་ནས་སྐུ་རང་རྐྱང་རེ་རེ་སྣང་བ་ནི་སྤྲུལ་སྐུའི་སྣང་བ་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལས་བྱུང་བའོ། །དེ་ནས་སྐུ་དེ་དག་ཡབ་ཡུམ་ལྔ་ལྔར་གྱུར་པ་ནི་ལོངས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པ་ཉིད་དོ། །དེ་ནས་སོ་སོའི་ཚོམ་བུའི་དཀྱིལ་འཁོར་དང་བཅས་པར་སྣང་བ་ལ། དེ་ཉིད་མུ་ཁྱུད་ཀྱི་ར་བ་དང་སོ་སོའི་གཙོ་འཁོར་དུ་སྣང་བ་ནི། ཆོས་སྐུའི་སྦྱང་བ་རྣམ་པར་དག་པ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །འདི་ནི་རིག་པ་ཚད་ཕེབས་ཀྱི་སྣང་བ་སྟེ། སྔོན་འགྲོའི་དུས་ན་ལུས་ཀྱི་བྱ་བ་དང༌། བྱེད་པ་དེ་དག་གི་འབྲེལ་ཚད་དེ་ཕྱིས་མི་སྐྱེ་བའི་རྟགས་སོ། །དེའང་དག་བྱ་དྲི་མ་རེ་སྦྱོང་བའི་གཉེན་་པོ་སྔོན་འགྲོ་ལ་སོགས་པ་གནད་དུ་ཕྱིན་པ་ལས་སྣང་བ་དེ་དག་ཤར་བར་བཏགས་ཀྱང་བྲལ་འབྲས་དང་དག་བྱ་དག་བྱེད་ཀྱི་རྒྱུ་འབྲས་བཏགས་པ་པ་ཡིན་གྱི། དེས་བསྐྱེད་ནས་བྱུང་བ་མ་ཡིན་ཏེ། ཡེ་ཤེས་རང་ཡོད་ཀྱི་གདངས་དྲི་མའི་སྒྲིབ་པ་དག་སྟོབས་ཀྱིས་སྣང་བའི་ཕྱིར་རོ། །ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ནི། །ལོངས་སྐུའི་མཚན་དཔེ་གསལ་བར་ནི། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ལྔ་ཡབ་དང་ཡུམ་དུ་སྣང༌། །ཞེས་པ་དང༌། བསྟན་བུ་ལས། དེ་བཞིན་སྐུ་ལ་ཐུག་གི་བར། །དྲུག་དང་བཅུ་དང་ལྔ་གསུམ་ལ། །གདོན་མི་ཟ་སྟེ་ལོངས་སྐུའོ། །ཞེས་སོ། །གཉིས་པ་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ ཚད་ཕེབས་ཀྱི་ངེས་ཚིག་སྤྱིར་བསྟན་པ་དང༌། ཚད་གསུམ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི་རིག་པ་ཚད་ཕེབས་ཞེས་པས། རིག་པ་ནི་གཞི་གནས་ཀྱི་རིག་པ་མངོན་དུ་གྱུར་ཏེ། ལམ་སྲོལ་དུ་ཚུད་པ་ལས། གཞི་སྣང་གི་རང་གདངས་ལྷུན་གྲུབ་ཀྱི་འཆར་སྒོ་སྐུར་སྣང་བས། ལམ་སྣང་ཟད་དུ་ཉེ་བ་ལས། དཀྱིལ་འཁོར་རྫོགས་པ་རྣམས་སོ། །ཚད་ནི་དང་པོ་ཕྱེད་སྐུ་ནས་སྐུའི་དཀྱིལ་འཁོར་རྫོགས་པའི་བར་རོ། །ཕེབས་པ་ནི་དེ་ལས་འདས་ས་མེད་པས་རྣམ་པར་སྣང་བའོ། །དེ་དག་ནི་ཟླ་བ་ཉ་གང་བའི་རྣམ་པ་དང་འདྲ་སྟེ། ཡར་གྱི་འཕེལ་ཟད་པས་དཀྱིལ་འཁོར་རྫོགས་ཏེ་རང་ངོ་ལ་བཅོས་སུ་མེད་པའོ། །གཉིས་པ་ཚད་གསུམ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ཕྱི་སྣང་བའོ། །ནང་ལུས་ཀྱི་ཚད། གསང་བ་རིག་པའི་ཚད་དོ། །དང་པོ་ནི། སྣང་བ་ལ་དབང་བསྒྱུར་ཞིང་ཞིང་ཁམས་འོད་གསལ་དུ་རྫོགས་པ་སྟེ། ཐལ་འགྱུར་ལས། དེ་ལྟར་ཕེབས་ནས་རྫོགས་པའི་ཚད། །ཐད་ཀའི་དངོས་སྣང་འགགས་པ་དང༌། །ས་རྡོའི་སྣང་བ་བཞུ་བ་དང༌། །རང་ཤེས་ཅི་ལའང་ཚུད་པ་དང༌། །དེ་བཙུད་བེམས་པོ་འགུལ་བ་དང༌། །རླུང་གི་འགྱུ་བའི་ཚད་ཟིན་དང༌། །ལུས་ཀྱི་རྡུལ་ཕྲན་མཐོང་བ་འབྱུང༌། །ཅིར་སྣང་གཟུགས་སྐུར་རྫོགས་པ་དང༌། །དེ་ལས་ཡབ་ཡུམ་འཁྲིལ་བ་དང༌། །ལྔ་ལྔ་ཡབ་དང་ཡུམ་སྦྱོར་དང༌། །ཀུན་ཀྱང་མུ་ཁྱུད་ཟླུམ་པོ་ལ། །རྣལ་འབྱོར་ལུས་ཀྱང་འོད་གསལ་ཞིང༌། །འགྲོ་དང་འོང་དང་འདུག་པར་སྣང༌། །ཐམས་ཅད་རིག་པ་ཚད་ཕེབས་སོ། །ཞེས་སོ། །གཉིས་པ་ནི། ལུས་ཀྱི་རྡོས་པ་དག་ནས་སྙིང་དབུས་སུ་ཨ་དཀར་པོ་ལས་འོད་ཟེར་ལྔ་སྒྲིལ་མཐོངས་ཁུང་གི་ཉི་ཞུར་ལྟར་བར་སྣང་ལ་འོད་ཀྱི་སྐར་ཁུང་གི་ནང་ཤར་བར་ཟུག་ཅིང༌། ཐོར་ཚུགས་ན་ཡེ་ཤེས་ཀྱི་རླུང་གནས་པས་རང་བཞིན་གྱིས་འདེགས་པར་སྣང་ལ། མཛོད་སྤུ་ནས་འོད་ཟེར་སྣང་ལྔ་འདོམ་གང་དུ་གསལ་ཞིང༌། ལག་པའི་སོར་མོ་ལྔ་ལ་འོད་ལྔ་ཕྲེང་བས་འཁྲིགས་ཤིང༌། །ལུས་ཀྱི་བ་སྤུའི་སྒོ་ལ་སོགས་པ་ཕྱི་ནང་གི་ཆ་རྡུལ་ཕྲན་གྱི་ཁྱོན་ལས་ཆུང་བ་རེའི་གོ་ན་ཞིང་ཁམས་གྲངས་མེད་ན་སངས་རྒྱས་དང་སེམས་ཅན་ཚད་མེད་པ་སྣང་བ་ནི་ལྷུན་གྲུབ་ཀྱི་སྒོ་བརྒྱད་ཤར་བའི་སྣང་བ་ཀུན་འདིར་ལྷག་ཆད་མེད་པར་རང་སྣང་ལ་སྣང་བ་ཡིན་ལ།

[edit]
OCR of the BDRC scans (I1CZ5002), gorn05 tibocr 2026: BDRC OCR on 869 pages, Mitra OCR on 389 pages (the model with more recognisable syllables on each page).
Volume I1CZ5002

[p. 627] སྨྲ་བ་ཇེ་ཉུང་ཐ་མལ་གྱི་གཏམ་སྨྲ་བ་བཅད་པ་ལ་ཐུན་ཆུང་དུ་བསླབ། དེ་ནས་རིང་དུ་བསླབ། སྐབས་སུ་སྨྲ་རྒྱུ་མེད་ཀྱང་གཅིག་པུ་སྨྲའོ། །གནས་པ་ནི་སྔགས་དང་བརྗོད་པ་ལ་སོགས་པ་དགེ་བའི་བརྗོད་པ་མི་དགག །གཞན་དང་ཚིག་འབྲུ་གཅིག་ཀྱང་མི་འདྲེའོ། །འདིའི་དུས་ན་ལུས་ཀྱི་བརྡས་དོན་གོ་བར་བྱེད་པའོ། །ལ་བཟླ་བ་ནི་སྔགས་ལ་སོགས་པ་བརྗོད་པ་ཐམས་ཅད་མི་བྱའོ། །བརྟན་པ་ནི་ཅི་ཡང་མི་བརྗོད་པའི་ངང་ལས་མི་འདའ་བར་བྱེད་པ་སྟེ། ལུས་ཀྱི་བརྡ་ཙམ་ཡང་མི་བྱ་བ་ཡིན་ནོ། །ས་བོན་གྱི་རྒྱུད་ལས། ངག་ནི་ཇི་ལྟར་ལྐུགས་པ་བཞིན། །སུ་དང་བརྡ་ཙམ་ཉིད་མི་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །སེམས་ཀྱི་འཕྲོ་འདུ་རང་ཆོད་དོ། །ཞེས་སོ། །ངག་གི་སྨྲ་བ་བཅད་པས་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་སྟེ། འགྲོ་བ་གཞན་དང་ངག་མ་འདྲེས་པས་ལུས་འབྱོངས་པའི་དགོས་པ་ཡོད། ལུས་འབྱོངས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། མཁའ་སྤྱོད་ཀྱི་མཁའ་འགྲོ་མ་རྣམས་ཀྱི་བྱིན་གྱིས་བརླབས་ནས་ལུས་སྒྱུ་མའི་སྐུར་གྲོལ་བའོ། །དེ་ནས་བརྗོད་བྱ་བཀག་པས་ངག་འབྱོངས་ཏེ་རྟགས་སུ་མི་མ་ཡིན་པ་རྣམས་དང་བརྡ་ཕྲད་ཅིང་གཏམ་ཟེར་བ་དག་འོང་། ངག་གི་བརྗོད་པ་བཀག་པས་ཡིད་འབྱོངས་ཏེ། དེའི་རྟགས་སུ་སྔོན་དུ་མི་མ་ཡིན་གྱི་གཟུགས་མཐོང་བ་དང་། དེ་ནས་མངོན་པར་ཤེས་པ་དུམ་བུ་བ་འཆར་རོ། །དེ་ལྟར་ངག་གི་གནད་ཀྱིས་ལུས་སེམས་ཀྱི་མཚམས་ཀྱི་འབྲེལ་གཅོད་པའི་གནད་ཀྱི་གདམས་

[p. 628] པའོ། །སེམས་ཀྱི་གནད་དུ་ནམ་མཁའི་མཐོངས་སུ་མིག་ལྟ་བ་ལས་རྟོག་པ་ཅི་ཡང་མ་བསམ་སྟེ། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་སོ། །དེ་ལྟར་གཙོ་བོ་ལུས་ངག་གཉིས་གཅུན་པས་སེམས་ཞོར་ལ་འཆུན་ནས་དབྱིངས་རིག་འཆར་ཞིང་ཁམས་གསུམ་གྱི་འཆིང་བ་གཅོད་དེ། ས་བོན་གྱི་རྒྱུད་ལས། འདི་ལྟར་ལུས་ངག་སུས་གཅུན་པ། །ཆོས་ཀྱི་དབྱིངས་ཀྱི་སྣང་བ་ལ། །འདི་ཡིས་གོམས་པར་འགྱུར་བ་ཡིན། །ཅེས་པ་དང་། རྡོ་རྗེ་བཀོད་པ་ལས། ལུས་དང་ངག་དང་ཡིད་ཀྱི་གནད། །ཤེས་ཤིང་བསྟུན་པས་འཁོར་ལས་གྲོལ། །ཅེས་སོ། །དོན་གཉིས་པ་གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་ལ་གསུམ་སྟེ། གནད་གསུམ་རྡོ་རྗེའི་ཆིངས་སུ་བསྡམ་པ། མངོན་སུམ་རིག་པའི་རང་ངོ་སྤྲད་པ། དེ་ལས་སྣང་བའི་འཆར་ཚུལ་བསྟན་པའོ། །དང་པོ་ལ་གཉིས་ཏེ། གནད་གསུམ་སྤྱིའི་ཆིངས་བསྟན་པ་དང་། བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པའོ། །དང་པོ་ནི་སྒོ་དང་ཡུལ་དང་རླུང་རིག་གི་གནད་གསུམ་སྟེ། ཐལ་འགྱུར་ལས། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང་། །རླུང་དང་རིག་པའི་གནད་ཉིད་གཏེམ། །ཞེས་པས། དཔེར་ན་གནད་ལ་ཟིན་པའི་མཚོན་དང་འདྲ་སྟེ། ལུས་ཀྱི་རྩ་རྒྱུས་སམ་དོན་སྙིང་ལ་སོགས་པའི་གནད་ལ་ཕོག་ན་ཅི་བྱས་ཀྱང་མི་འཚོ་བར་འཆི་བ་དང་འདྲ་བར། གནད་གསུམ་གྱིས་ཀྱང་ཆོས་ཉིད་ལ་འགྱུར་བའི་ས་མེད་དེ། སྒོའི་གནད་ཀྱིས་མཐོང་བར་བྱེད། ཡུལ་གྱི་གནད་ཀྱིས་མི་འགྱུར་བར་བྱེད། རླུང་རིག་གི་གནད་ཀྱིས་རྟགས་ཚད་ལ་འབེབས་པའོ། །དེ་ཡང་སྒོའི་གནད་སོ་པ་དང་འདྲ། ཡུལ་གྱི་གནད་འགྲོན་པོ་དང་འདྲ། རླུང་རིག་གི་གནད་ཟག་པ་དང་འདྲའོ། །སོས་ཐེབས་པས་འདོད་པའི་མི་འགྱུར་དབང་མེད་པར་ཟིན་ལ། དགྲས་འོངས་པས་ཇག་པའི་ལག་ཏུ་མི་ཚུད་མི་སྲིད་པ་བཞིན་དུ། ཆོས་ཉིད་མངོན་སུམ་གྱི་གནད་ལ་མི་ཐེབས་མི་སྲིད་དོ། །དེ་ཡང་ཡུལ་མེད་ན་རྟེན་སའི་གཞི་མེད་ལ། སྒོ་མེད་ན་འགྲོ་བའི་ལམ་སྟོར། རླུང་རིག་གི་

[p. 629] ༄༅། །གནད་མེད་ན་ཤེས་རིག་ནང་དུ་མི་ཆོད་པས་གནད་གསུམ་དུ་ངེས་ལ། དེ་ལས་མང་ན་མཐའ་ཡས་ཡས་གནད་སྟོར་ལ། ཉུང་ན་དོན་མི་འགྲུབ་པས་གསུམ་དུ་ངེས་པའོ། །གཉིས་པ་བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པ་ལ། གནད་གསུམ་ སྤྱིའི་རིམ་པ་ངེས་པ་དང་། སོ་སོའི་གནད་ལ་ཐོག་ཏུ་དབབ་པའོ། །དང་པོ་ནི་ལུས་ངག་སེམས་གསུམ་མི་འགུལ་ཞིང་སྒོ་དང་ཡུལ་དང་རླུང་རིག་གཅུན་པ་སྟེ། མཐོང་བ་བརྒྱུད་པའི་ལུང་གིས་ཕྱེ་བ་ནི། རང་བྱུང་རིག་པའི་ཏནྟྲ་ལས། དེ་ལྟར་ལུས་ལ་སོགས་པ་ཡི། གནད་ཀུན་རབ་ཏུ་གཟིར་བ་ཡིས། །རིག་པ་ཉིད་དང་མངོན་སུམ་དུ། །བླ་མའི་ལུང་ལས་ཤེས་པ་ཡིན། །ཅེས་པ་དང་། ཐལ་འགྱུར་ལས། དངོས་གཞི་རང་གི་རྒྱུད་བསྟེན་ན། །ལུས་ཀྱི་གནད་དང་ངག་དང་ཡང་། །སེམས་ཀྱི་གནད་ལ་བརྟེན་པ་ཡིས། །རླུང་ནི་ ཅི་ནས་དལ་བྱས་ཏེ། །རབ་ཏུ་འཕང་བ་ལས་བྱུང་བ། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང་། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཡུལ་ནི་སྒྲིབ་བྱེད་བྲལ་བའོ། །རླུང་རིག་དལ་བས་ཡེ་ཤེས་ འགྲུབ། །ཅེས་སོ། །གཉིས་པ་ལ་སྒོ་དང་། ཡུལ་དང་། རླུང་རིག་གི་གནད་གསུམ་ལས། དང་པོ་ནི། ཐ་མལ་པའི་ལྷ་ལུགས་ཀྱིས་ཡེ་ཤེས་མི་འཆར་བས། སྐུ་གསུམ་གྱི་གཟིགས་སྟངས་གསུམ་ལ་བསླབ་སྟེ། དཔལ་ནམ་མཁའ་དང་མཉམ་ པའི་རྒྱུད་ལས། ཆོས་ཀྱི་སྐུ་ཡི་གཟིགས་སྟངས་ཀྱིས། །ཁམས་གསུམ་འཁོར་བ་སྤྱི་བས་ནས་འདོན། །ལོངས་སྐུས་སྲིད་པའི་གཞི་མ་འཇིག །སྤྲུལ་སྐུས་སངས་རྒྱས་ཞིང་དུ་སྒྲོལ། །ཅེས་པ་དང་། ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་ཁམས་ སུ་བརྟག །ཅེས་པ་དང་། གསང་བ་སྒྲ་རྒྱུད་ལས། ཕབ་དང་ཟློག་དང་ཟུར་གྱིས་ནི། །གཟིགས་སྟངས་རྣམ་པ་གསུམ་དུ་གྲགས། །ཞེས་སོ། །དེའང་སྤྲུལ་སྐུ་ཕབ་ནས་སངས་རྒྱ་བ་ནི་གདུལ་བྱ་ལ་གཟིགས་ལ། ལོངས་སྐུ་ཟུར་ལ་གཟིགས་ནས་སངས་

[p. 630] རྒྱ་བ་ནི་ཞིང་ཁམས་ལ་གཟིགས་པ་དང་། ཆོས་སྐུ་བཟློག་ནས་སངས་རྒྱ་བ་ནི་གཞི་ལ་གཟིགས་པའོ། །རྣལ་འབྱོར་པ་མིག་ཤས་ངན་པས་སྤྲུལ་སྐུའི་གཟིགས་སྟངས་བསྟུན་ན་མིག་མི་འགྲིབ་པའི་དགོས་པ་ཡོད། མིག་ལ་སྐྱོན་ཆགས་པས་ལོངས་སྐུ་དང་བསྟུན་ན་མིག་གསལ་བའི་དགོས་པ་ཡོད། མིག་ཤས་བཟང་བས་ཆོས་སྐུའི་རང་བསྟུན་ན་མྱུར་དུ་སྣང་བ་ཚད་ལ་ཕེབས་པའི་དགོས་པ་ཡོད་དོ། །དེ་དག་ལས་མ་གཡོས་ན་སྤྱན་གསུམ་ཁོང་དུ་ཆུད་པར་ངེས་ཏེ། ཆོས་སྐུ་ལ་ཆོས་ཉིད་ཀྱི་སྤྱན་ཡོད་པས་གསུང་ལ། དེའི་བྱིན་རླབས་ཀྱིས་ཡེ་ཤེས་དངོས་སུ་མཐོང་བས་འདི་ཉིད་ལ་ཐག་ཆོད། ལོངས་སྐུ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་པས་སྐུ་ལ། དེའི་བྱིན་རླབས་ཀྱིས་རང་གསལ་དུ་མཐོང་བས་མཁྱེན་པ་རྒྱས། སྤྲུལ་སྐུ་ལ་ཤེས་རབ་ཀྱི་སྤྱན་ཡོད་པས་ཐུགས་ལ། དེའི་བྱིན་རླབས་ཀྱིས་སྒྲ་ཚིག་དང་བྲལ་བར་མཐོང་བས་ཐོས་བསམ་སྒོམ་པ་ལ་རག་མ་ལུས་པར་ཆོས་ཉིད་ཀྱི་དོན་ཁོང་ནས་འཆར་རོ། །དེ་ཡང་སྤྱན་གསུམ་དུ་ལྟ་བ་ནི་ཆོས་ཉིད་ཀྱི་སྤྱན་གྱེན་ལ་བཟློག་པས་བག་ཆགས་ཐུར་ལ་སེལ་བའི་གནད། ཡེ་ཤེས་ཀྱི་ཟུར་ལ་མཉམ་པོར་བལྟས་པས་འཁོར་འདས་རོ་མཉམ་དུ་བསྲེ་བའི་གནད། ཤེས་རབ་ཀྱིས་ཕབ་ནས་བལྟས་པས་ཡེ་ཤེས་ཀྱི་སྣང་བ་དངོས་སུ་འབེབས་པའི་གནད་དོ། །གཟིགས་སྟངས་གསུམ་དུ་ངེས་པ་ཅི་ཡིན་ཞེ་ན། ལེ་ལོ་ཅན་ལ་ལོངས་སྐུ། བརྩོན་འགྲུས་ཅན་ལ་སྤྲུལ་སྐུ། བཏང་སྙོམས་ཅན་ལ་ཆོས་སྐུའི་གཟིགས་སྟངས་ཤིས་པས་ན་གསུམ་དུ་ངེས་སོ། །ངེས་ཚིག་ནི་གཟིགས་པ་ཆོས་ཉིད་ལ་གཟིགས་པས་རྣམ་དག་སྒྲིབ་པ་ཟད་པའོ། །སྟངས་ཀྱིས་འཁོར་བ་ལས་གྲོལ་བར་བྱེད་པའོ། །གཉིས་པ་ཡུལ་གྱི་གནད་ནི་ཕྱིའི་དབྱིངས་ཀྱི་ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་ཡིན་ལ། ནང་གི་དབྱིངས་ཀྱི་ཡུལ་སྨིན་མཚམས་ཀྱི་མཛོད་སྤུ་ལ་གཏད་པས་དབྱིངས་སྣང་མཐིང་ག་དང་དེ་ལས་མཆེད་པ་རྣམ་ལྔའི་རང་གདངས་ཏེ། ཐལ་འགྱུར་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །བག་རྡུལ་ཆར་གྱིས་དེངས་དུས་སུ། །མཁས་

[p. 631] པས་མངོན་སུམ་གནད་གཟིར་དང་། །ནང་གི་སྒྲོན་མ་ལམ་དུ་བྱའོ། །ཞེས་སོ། །དེ་ཡང་ཕྱི་རིག་པ་འཆར་བའི་ཡུལ་ཡིན་ལ། ནང་ཉམས་འཕེལ་བའི་ཡུལ་ཏེ། རིག་པ་དང་ཉམས་གཉིས་སུ་མེད་པ་ལས་འཁོར་འདས་འདྲེས་པ་ ཞེས་བྱའོ། །དེའང་ས་ཆུ་མེ་རླུང་གི་དངོས་པོ་རགས་པ་ལ་ཡུལ་དུ་གཏད་པས་མི་གྲོལ་ཏེ། དང་པོ་སྣང་བ་འཆར་དུ་མི་འདོད། ཕྱིས་ཤར་དུས་གཏད་ཀྱང་དངོས་པོ་རགས་པ་ལྟར་ཤེས་པའང་དེ་དང་མཐུན་པ་སྐྱེ་བས་སྟོང་ཉིད་བསམ་དུ་མེད་པའི་ཉམས་ནང་ནས་མི་འཆར་ལ། ནམ་མཁའ་སྟོང་པ་ལ་རིག་པ་སྟོང་པ་གཏད་པས། ཡུལ་ནམ་མཁའ་དང་མཐུན་པའི་ཉམས་སྟོང་གསལ་འཕྲོ་འདུ་དང་བྲལ་བ་བྱ་ལ་ཡས་པ་ཅིག་འཆར་བས། དངོས་པོ་མཚན་མ་དང་བྲལ་བའི་དགོས་པ་ཡོད་དེ། སེམས་སྡེ་ལས། རྣལ་འབྱོར་ནམ་མཁའི་བྱ་ ལམ་གནས། །ཞེས་པ་དང་། སྡུད་པ་ལས། དོན་དེ་གང་ཡིན་ནམ་མཁའ་དག་ལ་བརྟག་པར་གྱིས། །ཞེས་པ་དང་། ཡུམ་བར་མ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི། ནམ་མཁའ་རྣལ་འབྱོར་དུ་བྱེད་པའོ་ཞེས་པ་ལ་སོགས་པ་ལུང་ དཔག་ཏུ་མེད་དོ། །དེའང་ཡུལ་ཕྱི་ནང་འདྲེས་པ་ལས་མཉམ་པ་རིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་གཉིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་འདྲེས་པས་འཁོར་འདས་ངོ་མཉམ་གྱི་ལྟ་བ་ཞེས་བྱའོ། །འདི་ཉིད་བསྟན་བུ་ལས་ཀྱང་། དབྱིངས་དང་རིག་པའི་ ལྟ་སྟངས་ནི། །སྤྲིང་བྱེད་བྲལ་བའི་ནམ་མཁའ་ལྟར། །ཅེས་གསུངས་སོ། །གསུམ་པ་རླུང་རིག་གི་གནད་ནི། ཡུལ་དང་སྒོ་གཉིས་འཇོམ་དུས་རླུང་དལ་བ་བསྟེན་པས་རིག་པ་བཙོན་དུ་གཟུང་བ་ཞེས་བྱ་སྟེ། དེའང་རླུང་ཅི་ནས་ཀྱང་དལ་བ་ལ་ཕྱིར་རྒྱང་རིང་པོ་ འཕེན་ཞིང་ཕྱིར་བཟུང་ལ་གཞག་པ་གནད་ཡིན་ནོ། །དེ་ཡང་རླུང་དལ་བས། ཕྱིར་རྣལ་འབྱོར་པའི་ཚེ་རྒྱས་པའི་གྲོགས་སུ་འགྲོ་ལ། ནང་དུ་རྣམ་པར་རྟོག་པ་ནུབ་པའི་རྐྱེན་བྱེད་ཅིང་། གསང་བར་རིག་པ་མངོན་སུམ་དུ་མཐོང་བའི་ལས་བྱེད། ཁོ་ན་ཉིད་དུ་ཟག་པ་

[p. 632] མི་སྣང་བར་སངས་རྒྱ་བར་བྱེད་པའོ། །དེ་སྐད་དུའང་ཐལ་འགྱུར་ལས། རླུང་ནི་ཅི་ནས་དལ་བྱ་སྟེ། །རབ་ཏུ་འབར་བ་ལས་བྱུང་བས། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང་། རླུང་རིག་དལ་བས་ཡེ་ཤེས་འགྲུབ། ། ཅེས་སོ། །རིག་པའི་གནད་ལུ་གུ་རྒྱུད་དབྱིངས་ཀྱི་ར་བར་བཞག་ནས་མི་འགུལ་བར་བྱེད་པ་སྟེ། དེ་ཉིད་ལས། རང་ངོ་རིག་པ་ལུ་གུ་རྒྱུད། །འགྲོ་འོང་བྲལ་བས་མཁའ་ལ་བཟུང་། །ཞེས་པ་དང་། བསྟན་བུ་ལས། དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །རྣམ་པར་གཞག་ཅིང་ འབྲལ་མི་བྱ། །ཞེས་སོ། །དེའང་རླུང་དལ་བ་བསྟེན་པས་བྱ་བ་དང་བྲལ་བའི་དོན་རྒྱུད་ལ་སྐྱེ། རིག་པ་ལུ་གུ་རྒྱུད་ཨར་ལ་གཏད་པས་རྣམ་པར་རྟོག་པའི་ཁུངས་ཟད་ནས། འཁྲུལ་པ་གཞི་ལ་ལོག་སྟེ་ཡེ་ཤེས་མ་པུ་ཕྲད་པའོ། །རིག་པ་རླུང་དང་བྲལ་ནས་འགྲོ་འོང་དུ་མེད་ པ་ནི་རིག་པ་ལ་རང་བྱེན་ཚུད་པའོ། །དེ་ཡང་ཁྲིད་དུ་བྱེད་ན་ལུས་ཀྱི་གནད་བསྟུན་པ་ལ་ཉི་མ་ལྔ་དྲུག་ཏུ་བྱའོ། །དེ་ནས་སྒོ་སྤྱད་པ་ལ་དེ་ཙམ་ཅིག་ཏུ་བྱའོ། །དེ་ནས་ཡུལ་བཙལ་བ་ལ་ཉི་མ་དྲུག་ནས་བདུན་བྱས་ལ། དེ་ནས་མངོན་སུམ་རང་ཐོག་ཏུ་ཕབ་ནས་ཉམས་ སུ་ལེན་པའོ། །དེས་ནི་ཤིན་ཏུ་འབྱོངས་ཤིང་སྒོ་མ་ཤེས་པ་འབྱུང་ངོ་། །གཞན་དུ་འལ་མ་འོལ་བྱས་པས་སྣང་བར་རི་ཅིག་མཐོང་ནས། ཡིད་ཆེས་མེད་པར་ཁྲིད་ཐོན་དུས་ཅི་ལ་ཐེར་ཆ་མེད་པར་ཕྲ་ཡས་པ་དག་འབྱུང་ཉེ་བས་དེ་ལྟར་མ་སོང་བ་དག་ཏུ་བྱའོ། །དེ་ལ་སྤྱིར་ གྱིས་ཁྲིད་མོ་ཆེ་འདི་འདེབས་དུས་སྔོན་འགྲོ་ཚད་ལ་ཕེབས་པ་བརྩོན་འགྲུས་དང་བཅས་པས་སྦྱངས་པས་དངོས་གཞི་ལ་ཡིད་ཆེས་ཐུན་མོང་མ་ཡིན་པ་སྐྱེའོ། །དངོས་གཞི་ཐེབས་པར་བཏབ་པས་མངོན་སུམ་ལ་སྤྲོ་དགའ་ཁྱད་པར་ཅན་འབྱུང་ངོ་། །རྗེས་རྒྱབ་ཆོས་མཐའ་མེད་པར་ བཤད་པས་ཉམས་ལེན་བསྐྱང་ཐུབ་པ་ཤེས་ནས་ཐེ་ཚོམ་དང་རྟོག་མཐའ་ཆོད་དེ་ཆོས་གཞན་ལ་ཡིད་མི་སྨོན་པའི་དགོས་པ་ཡོད་དོ། །གཉིས་པ་མངོན་སུམ་རིག་པའི་རང་ངོ་སྤྲད་པ་ནི། རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ནམ་མཁའ་ལ་ལྡིང་བ་ལྟ་བུ་དབྱིངས་འོད་གསལ་

[p. 633] གྱི་སྣང་བ་དེར་བཅས་པ་འདི་མ་འཁྲུལ་བའི་སངས་རྒྱས་ཀ་དག་ལྷུན་གྲུབ་ཀྱི་རང་གདངས་ཏེ། ངང་ལ་བལྟས་པས་རྟོག་བྱེད་ཐམས་ཅད་དག་ནས་སྤྲོས་བྲལ་ནམ་མཁའ་འདྲ་བའི་གདངས་ནང་དུ་ཤར་བས། དབྱིངས་རིག་གཉིས་སུ་མེད་པའི་དགོངས་ པ་ཤེས་རབ་རང་བྱུང་གི་ཡེ་ཤེས་དང་ཞལ་མཇལ། ཐོག་མའི་ཀུན་དུ་བཟང་པོ་དང་སྐལ་བ་མཉམ། འདི་ལ་གོམས་པ་ཚད་དུ་ཕྱིན་ན་རྡོས་བཅས་འོད་དུ་འགྲོ་ལ། མ་ཕྱིན་ཡང་བར་དོའམ་རང་བཞིན་སྤྲུལ་པའི་ཞིང་བགྲོད། འགྲོ་དྲུག་འཁྲུལ་པའི་གཡང་ས་ཆོད་པའོ་ ཞེས་ངོ་སྤྲད་དེ། རང་བྱུང་བསྟན་པའི་བཙས་ལས། འདི་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་དུ་བཟང་པོ་བ་དང་། །སྐལ་བ་ཉིད་ནི་མཉམ་པའོ། །ཞེས་པ་དང་། ཐལ་འགྱུར་ལས། ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ཡི་སངས་ རྒྱས་སོ། །ཞེས་སོ། །གསུམ་པ་དེ་ལས་སྣང་བའི་འཆར་ཚུལ་བསྟན་པ་ནི། དབྱིངས་འོད་ལྔའི་རང་གདངས་ལང་ལིང་དུ་སྣང་བ་དང་། ལུ་གུ་རྒྱུད་ལ་ཐིག་ལེ་ཕྲ་མོས་འབྲེལ་པ་དང་། ཐོག་མར་དཀར་ཟང་ཟིང་སྐར་མ་འཕྲོ་བ་ལྟ་བུ་ལས། ཐིག་ལེ་ཁ་དོག་ལྔ་ལྡན་དང་། རེ་རེ་བ་དང་། སུམ་སྦྲེལ་གྱི་བར་གྱི་སྣང་བ་ཚུན་ཆད་དེ། སྔ་མ་ལས། དེ་ནས་ཐིག་ལེ་མཐོང་བ་ཡིན། །ཅེས་སོ། །དེའང་ཕྱི་འོད་གསལ་ལ་བལྟས་པས་ནང་རྣམ་རྟོག་བྲལ་ཏེ་རིས་མེད་མཉམ་པར་གྲོལ་བ་ནི། ཀ་དག་གི་རིག་གདངས་དང་། ལྷུན་གྲུབ་ཀྱི་འོད་ གདངས་གཉིས་ཕྱི་ནང་ཟུང་དུ་འབྲེལ་བས། དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་ཞེས་བྱའོ། །གསུམ་པ་སྣང་བ་བཞི་འཆར་བའི་རིམ་པ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ་དང་། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། སྣང་བ་བཞི་ཀའི་ དུས་སུ་ལུས་བཞུགས་སྟངས་ལ་གནས་པ། མིག་གཟིགས་སྟངས་ལ་ལྟ་བ། རླུང་རིག་ངང་གིས་དལ་བ་གསུམ་གནད་མཐུན་ལ། ཁྱད་པར་སྣང་བ་དང་པོ་གཉིས་སུ་སྦྱངས་པས་ཕྱི་མ་གཉིས་སུ་རྩོལ་བ་ལ་མ་ལྟོས་པར་ངང་གིས་འབྱོངས་ནས། འོད་གསལ་དུ་གྲོལ་

[p. 634] བ་ཡིན་པས་ན་དབྱིངས་རིག་གཉིས་སུ་མེད་པ་ཞེས་བྱའོ། །འདི་དག་གི་གནད་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་མི་འབྲལ་བར་བྱ་བ་ནི་གནད་དུ་བྱུང་ལ། དེའི་དོན་བཤད་ན། རིག་པ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མི་ཕྱེད་པ་གཞི་གནས་དང་དེའི་གདངས་འོད་རྩ་དངས་ པའི་སྣང་བ་ལས་གསེར་གྱི་སྐུད་པ་ལྟ་བུ་བྲེང་ཆགས་ལ་འཁྱོག་མཚམས་ཐིག་ལེས་སྦྲེལ་བ་ལ་བྱའོ། །རྡོ་རྗེ་ནི་སངས་རྒྱས་སེམས་ཅན་ཀུན་ལ་ངོ་བོ་བཟང་ངན་མེད་པར་མཉམ་ཞིང་མི་འགྱུར་བར་གནས་པའི་ཆ་ནས་བཞག་ལ། ལུ་ནི་དཔེར་ན་ཆུའི་བུམ་པ་ཟང་པོ་ལས་ཆུ་ འཕེལ་འགྲིབ་མེད་པར་འབྱུང་བ་དང་འདྲ་བར། སྐུ་དང་ཡེ་ཤེས་ཀྱི་འཕེལ་སྒོ་སྣ་ཚོགས་སུ་ལམ་སྣང་མ་རྫོགས་ཀྱི་བར་ལ་དེ་ལས་འཆར་བར་བྱེད་པའོ། །གུ་ནི་དེ་ཉིད་ཀྱི་ནང་དུ་ཆོས་ཉིད་ཕྱིན་ཅི་མ་ལོག་པའི་ལྟ་བ་དང་སྦོམ་པ་འགུགས་པར་བྱེད་ལ། རྒྱུད་ནི་འཁོར་འདས་ ལ་ཁྱབ་ཅིང་སྣང་བ་དེའི་ཚོགས་རྣམས་ལས། སྐུ་དང་། ཐིག་ལེ་འཕྲོ་བ་དང་། མཆེད་པ་དང་། འདུ་བ་ལ་སོགས་པ་གསལ་བར་བྱེད་པའོ། །ཐལ་འགྱུར་ལས། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །དེ་ལས་སྣང་བ་བཞིར་འགྱུར་ཏེ། །ཆོས་ཉིད་མངོན་ སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་བསྒྲུབས། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། ། ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད། །ཅེས་སོ། །དེའང་སྣང་བ་བཞིར་གྲངས་ངེས་པ་ནི་ཕྱིར་ནམ་ཟླ་དུས་བཞིའི་འཕེལ་ཟད་པ་དང་། ནང་དུ་ལུས་ངག་ཡིད་སེམས་བཞིའི་བཅིངས་པ་ལས་དགྲོལ་བ་དང་། གསང་བར་དབང་བཞིའི་ངེས་པ་སྟོན་པ་ དང་། དེ་ཁོ་ན་ཉིད་དུ་སྒྲོན་མ་བཞིའི་སྣང་བ་ངེས་པ་ལ་ལྟོས་ནས་བཞིར་ངེས་སོ། །གོ་རིམས་ངེས་པ་ནི། དང་པོའི་གཞི་ཆོས་ཉིད་མངོན་སུམ་མ་མཐོང་ན་ལྷག་མ་གསུམ་གྱི་འཆར་གཞི་མེད་པས་རྟེན་དང་བརྟེན་པའི་གཞིར་དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་

[p. 635] འཆར་བའོ། །དེ་ཉིད་ཤར་བས་ཆོས་ཐམས་ཅད་ཀྱི་དོན་མཐོང་བས་རང་བྱུང་གི་ཡེ་ཤེས་རང་ལས་རྙེད་པ་ཞེས་བྱའོ། །དེ་ནས་མངོན་པ་དེ་ཉམས་སུ་མ་མྱོང་ན་ཚིག་ཙམ་ལ་འབྲས་བུ་མི་འབྱུང་བ་ལས། །དོན་ཉམས་སུ་མྱོང་བས་དེའི་ཉམས་གོང་ འཕེལ་དུ་བྱུང་བའོ། །དེ་ལྟར་ཉམས་སྐྱེས་པའི་ཚད་བརྟན་པར་བྱེད་དགོས་ཏེ། མ་བརྟན་ན་ཉམས་ལ་ཐུག་པ་མེད་པས་ཆོས་ལ་ཟིན་པ་མེད་ཅིང་། སངས་ལ་རྒྱུ་རྒྱུ་མི་འབྱུང་བ་ལས། ཉམས་བརྟན་པའི་ཚད་ལ་ཕེབས་པས། རིག་པ་ཚད་ཕེབས་ཀྱི་སྣང་བ་བྱུང་བ་ བའོ། །རིག་པའི་སྣང་བ་ཚད་ལ་ཕེབས་ཀྱང་དེ་ལས་གཞན་དུ་མི་འགྱུར་ན་སྐུ་གསུམ་འབྲས་བུར་འདོད་པ་དང་ཁྱད་མེད་ལ། དངོས་སྣང་མཚན་མའི་ཆོས་ལ་དོན་གྱི་འབྲས་བུ་རེ་བ་ཐུན་མོང་བ་རྣམས་དང་ཁྱད་མེད་པ་ལས། སྣང་ཉམས་གཞི་ལ་ཐིམ་སྟེ། ཕྲ་རགས་ཀྱི་ སྣང་འཛིན་ནུབ་ནས། ཀ་དག་ཆོས་ཟད་ལ་སྤྱོད་པས་ཆོས་ཉིད་ཟད་པའི་སྣང་བ་བྱུང་བའོ། །དེ་དག་ཀྱང་དང་པོ་གཉིས་སྤྲུལ་སྐུ། ཚད་ཕེབས་ལོངས་སྐུ། ཟད་པ་ཆོས་སྐུའི་སྣང་བ་ལམ་དུ་བྱས་པས་སྐུ་གསུམ་ལམ་སྣང་དུ་ཤར་བས་འབྲས་བུ་ཆོས་ཟད་ཀ་དག་གི་དབྱིངས་ ལ་ཐུག་པའི་ཕྱིར། རང་སྣང་གི་རྩལ་སྐུ་གསུམ་རིག་པའི་ངང་དུ་ཐིམ་པས། རིག་པ་ཀ་དག་གི་འབྲས་བུ། རིག་པའི་དབྱིངས་ནས་གདོད་ཀྱིས་རང་རྩལ་སྐུ་གསུམ་ཤར་བས་དོན་བྱེད་པ་ཞེས་བྱ་སྟེ། ཐེག་པ་གཞན་ནས་མིང་ཡང་མི་གྲག་པའི་སྙིང་པོ། ཐེག་པ་རྒྱལ་པོའི་ དགོངས་པ་ཞེས་བྱའོ། །གནད་འདི་རྟོགས་དཀའ་བ་ཅིག་ཡིན་ནོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་བཞི་སྟེ། ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་ཕེབས། ཆོས་ཉིད་ཟད་པའི་སྣང་བ་རྒྱས་པར་བཤད་པའོ། །དང་པོ་ ལ་གཉིས་ཏེ། མངོན་སུམ་སྤྱིའི་འབྲེལ་དགོད་པ་དང་། རང་གི་མཚན་ཉིད་ངོས་གཟུང་བའོ། །དང་པོ་ནི་སྤྱིར་མངོན་སུམ་ལ་ཀུན་རྫོབ་ཐ་སྙད་ལ་གྲགས་པའི་མངོན་སུམ་དང་། དོན་དམ་དབྱིངས་ལ་མཇལ་བའི་མངོན་སུམ་གཉིས་ལས། དང་པོ་ལ་དབང་པོའི་

[p. 636] མངོན་སུམ་གཟུགས་སོགས་ཡུལ་ལྔ་སྣང་བའི་རང་བཞིན་དང་། ཡིད་ཀྱི་མངོན་སུམ་ཡུལ་ཉེ་བར་སྤྱོད་པ་རྒྱུ་མཚན་ངེས་པའི་རྟོག་ཡུལ་ན་སྣང་བ་དང་། རང་རིག་པའི་མངོན་སུམ་ནང་དུ་བདེ་སྡུག་ལ་སོགས་མྱོང་བ་ངེས་པའི་སྣང་བ་དང་། རྣལ་འབྱོར་གྱི་མངོན་སུམ་ ཆོས་ཉིད་ཀྱི་དོན་ཉེ་བར་མཇལ་བ་དེ་ཁོ་ན་ཉིད་ཀྱི་ཕྱོགས་ལ་ཞུགས་པའི་སོ་སོ་ཡང་དག་པའི་རིག་པ་དང་དེའི་སྣང་ཡུལ་གཉིས་སུ་མེད་པའི་ངང་ན་གཟུང་འཛིན་དང་བྲལ་བར་མྱོང་བའི་ངེས་པ་སྟེ། རྣམ་འགྲེལ་ལས། ཐམས་ཅད་ལས་ནི་རིམས་མ་སྡུས་ནས། །ནང་གི་བདག་ ཉིད་གཡོ་མེད་པར། །གནས་ནའང་མིག་གིས་གཟུགས་དག་ནི། །མཐོང་བའི་བློ་དེ་དབང་སྐྱེས་ཡིན། །ཅེས་བཤད་པ་བཞིན་ནོ། །དོན་དམ་དབྱིངས་ལ་མཇལ་བའི་མངོན་སུམ་ནི་རིག་པའི་ངོ་བོ་ཆོས་ཉིད་སྙིང་ག་ན་ཡོད་པར་ངེས་ཏེ། དེའི་རང་གདངས་སྙིང་ནས་མིག་ཏུ་འབྲེལ་ བའི་ཕྱིར་ཉི་མ་དང་འོད་ཟེར་བཞིན་རྒྱུ་འབྲས་ངེས་པའི་གཏན་ཚིགས་ཀྱིས་ཡིད་ཆེས་པར་མཇལ་བའོ། །དེའི་ཕྱིར་འཇིག་རྟེན་པ་དང་འདས་པ་གཉིས་ལས་འདི་ནི་འདས་པའི་མངོན་སུམ་མོ། །འདས་པ་ལ་བརྗོད་བྱ་ཤེས་པ་གཙོ་བ་སེམས་ཀྱི་རྒྱུ་མཚན་ངེས་པ་དང་། གནད་གཏེམས་པ་ མཐོང་བ་གཙོ་བ་རིག་པའི་མངོན་སུམ་གཉིས་ལས། འདི་རིག་པའི་མངོན་སུམ་ཞེས་བྱ་བ་ཡིན་ནོ། །གཉིས་པ་རང་གི་མཚན་ཉིད་ངོས་གཟུང་བ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་པ་ལ། ཆོས་ཉིད་ཀྱི་སྒྲ་ཉེ་བར་སྦྱར་བ་ལ་བཞི་ལས། །འཁོར་བ་ལ་ཆོས། མྱང་ འདས་ལ་ཆོས་ཉིད་ཅེས་པའི་འདི་ཆོས་ཉིད་དོ། །སྣང་བ་ལ་ཆོས། སྣང་བ་ལ་ཆོས་ཉིད་དུ་བརྗོད་པའི་འདི་ཆོས་ཉིད་དོ། །གནད་མེད་པས་མི་གྲོལ་བ་ལ་ཆོས། ཡོད་པས་གྲོལ་ངེས་པ་ལ་ཆོས་ཉིད་དུ་གྲགས་པའི་འདི་ཆོས་ཉིད་དོ། །དབྱིངས་ལ་ཆོས། རིག་པ་ཆོས་ ཉིད་དུ་གྲགས་པའི་འདི་གཉིས་ཀ་དབྱེར་མེད་དུ་འདོད་པའོ། །མངོན་པ་ནི་དབང་པོའི་སྤྱོད་ཡུལ་པ་དངོས་སུ་བལྟར་ཡོད་པའོ། །དེའང་ཡིད་དཔྱོད་ལ་མ་ལྟོས་པ་སྟེ། ཡིད་དཔྱོད་ཀྱི་ཤེས་རབ་ཀྱིས་གང་དུ་བཙལ་ཡང་རྙེད་པའི་དུས་མེད་དོ། །ཚོལ་མཁན་མིག་ཅན་མ་ཡིན།

[p. 637] ༄༅། །འོད་གསལ་གཟུགས་ཅན་མ་ཡིན་པའི་ཕྱིར་ཏེ། སྤྱད་པ་ལས། ཤེས་རབ་ཀྱིས་ནི་བརྟགས་ན་ཕུང་པོའི་གཏིང་མི་རྙེད། །ཅེས་སོ། །འོད་གསལ་གྱི་སྣང་བ་འདི་ཐ་སྙད་ལ་གྲགས་པའི་གཟུགས་ཅན་མ་ཡིན་ཏེ། ཕྲ་བ་རྡུལ་ཕྲན་དང་རགས་ པ་དངོས་པོ་རང་མཚན་དུ་འདི་མེད་པའི་ཕྱིར་འབྱུང་བཞིའི་གནོད་པས་གཞིག་ཅིང་གཞོམ་དུ་མི་རུང་བའི་ཕྱིར་རོ། །གཟུགས་ཅན་ནི་གཞིག་ཅིང་གཞོམ་རུང་དུ་ཡོད་དེ་གཟུགས་ཀྱི་མཚན་ཉིད་དེ་ཡིན་པའི་ཕྱིར་རོ། །གསུམ་ནི་རྣམ་གྲངས་ཏེ་ཕྱིར་ལུས་ངག་ཡིད་གསུམ་གྱི་གནད་ གསུམ་གྱིས་གཞི་བཅའ་བ། ནང་དུ་ཆོས་ཉིད་ཡུལ་གྱི་གནད། འཆར་བྱེད་སྒྲོའི་གནད། རླུང་རིག་གནས་པའི་གནད་གསུམ་གྱིས་ལམ་བསལ་བ་དང་། གསང་བར་གོམས་པ་ཚད་ཀྱི་རིམ་པ། སྨིན་པ་རྟགས་ཀྱི་རིམ་པ། མཐར་ཐུག་ཟད་པའི་རིམ་པ་དང་གསུམ་གྱིས་ཚད་གཟུང་ བ་དང་། བླ་ན་མེད་པར་སྣང་བ་འོད། སྨིན་པ་ཐིག་ལེ། རྫོགས་པ་སྐུ་དང་གསུམ་གྱིས་འབྲས་བུ་རྫོགས་པའི་ཕྱིར། གསུམ་ཆེན་བཞིར་ངེས་པས་གསུམ་ཞེས་བྱའོ། །ཡང་ན་ཆོས་ཉིད་ལ་སྐུ་གསུམ་ལྷུན་གྲུབ་ཏུ་ཡོད་པའི་རང་གདངས་སྣང་བ་གསུམ་ཕྱིར་ཤར་ བའི་གྲངས། ཆོས་སྐུའི་རང་གདངས་ནང་མྱོང་བ་རིག་སྟོང་། ལོངས་སྐུའི་རང་གདངས་འོད་ལྔ་ཕྱིར་གསལ་བ་ཡེ་ཤེས་རང་གསལ། སྒྱུ་ལ་སྐུའི་རང་གདངས་ཤར་གྲོལ་རིས་མེད་ཤེས་རབ་ཀྱི་རྩལ་དང་བཅས་པ་གསུམ་ལ་ལྟོས་ནས་གསུམ་ཞེས་བྱའོ། །དེའང་གཞི་ གསུམ་གྱིས་གཞི་བཅས་པས་དངོས་པོ་ལ་ཐ་དད་མེད་པའི་གནད་དང་། ལམ་གསུམ་གྱིས་གགས་བསལ་བས་འགྲོ་ལ་མ་ལ་ཉེ་རིང་མེད་པ་དང་། ཚད་གསུམ་གྱིས་ཚད་ལ་ཕབ་པས་འདྲ་མིན་དང་ཆལ་ཆོལ་མེད་པ་དང་། འབྲས་བུ་གསུམ་གྱིས་ཟད་སར་བསྐྱལ་ བས་ཡིན་མིན་དང་ཐེ་ཚོམ་མེད་པས་ན་མངོན་སུམ་ཞེས་བྱ་སྟེ། ཐ་མལ་པའི་དུས་ན་དགའ་མི་དགའ་བཏང་སྙོམས་གསུམ་མཐོང་བས་བདེ་སྡུག་བར་མ་གསུམ་འཆར་བ། བླ་མའི་གདམས་པ་ཉམས་སུ་བླང་བའི་དུས་ན་དབྱིངས་རིག་ཆོས་གསུམ་མངོན་པར་མཐོང་

[p. 638] བས་སོ། །ཆོས་ཉིད་མངོན་སུམ་ལ་ཡིད་དཔྱོད་ཚིག་གིས་སྒྲོ་གདགས་སུ་མེད་པའི་གནད། གོམས་པའི་དུས་ན་འོད་ཐིག་ལེ་སྐུ་གསུམ་མཐོང་བས་འཁྲུལ་པའི་སྣང་བ་རང་འགགས་པའི་གནད། ཚད་དུ་ཕྱིན་པའི་དུས་ན་གསལ་བ་སྟོང་པ་བདེ་བ་གསུམ་མངོན་པར་མཐོང་ བས། ཆོས་ཉིད་རང་ཟད་པའི་གནད་དོ། །དེ་ལྟར་ན་གསུམ་ཞེས་གྲངས་ཀྱི་གནས་གཞན་ལ་བརྟེན་ནས་འབྲས་བུ་ཅིག་ཅར་དུ་གྲོལ་བར་ངེས་པའོ། །སྣང་བ་ནི་གང་སྣང་ན་ཆོས་ཉིད་སྣང་ལ། ཡུལ་གང་ལ་སྣང་ན་དབྱིངས་ལ་སྣང་། ཚུལ་ཇི་ལྟར་སྣང་ན་འོད་དང་འོད་ཁྱིམ་ རིག་པ་ལུ་གུ་རྒྱུད་དང་བཅས་པ་སྣང་། སྣང་བ་དེ་ཉམས་སུ་བླངས་པ་ལས་འབྲས་བུ་རྡོས་བཅས་མི་སྣང་བར་སངས་རྒྱ་བའོ། །ད་ལྟར་ཆོས་ཉིད་མངོན་སུམ་གྱི་སྣང་བའི་ངོ་བོ་དབྱིངས་རིག་འོད་གསལ་དུ་སྣང་བ་སྟེ། ཡི་གེ་མེད་པ་ལས། སྐྱེ་བ་མེད་པའི་མངོན་སུམ་སངས་ རྒྱས་ཀྱིས། །ཡུལ་མེད་རྣམ་པར་དག་པའི་སྣང་བ་མཐོང་། །ཞེས་པ་དང་། སྒྱུ་འཕྲུལ་ལས། ནོར་བུ་རིན་ཆེན་འདོད་ཆགས་དཔལ། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཞེས་སོ། །ངེས་ཚིག་ནི་སྐུ་གསུམ་གྱི་སྣང་བ་མཐོང་བ་སྟེ། རིན་པོ་ཆེ་རྣམ་པར་ བརྩེགས་པའི་རྒྱུད་ལས། མངོན་ཞེས་བྱ་བ་མཐོང་བ་ལ། །གསུམ་ཞེས་བྱ་བ་སྐུ་གསུམ་གྱི། །ཞི་བ་ཁམས་གཏན་ལ་ཕེབས་པའོ། །ཞེས་སོ། །དགོས་པ་ནི་གནད་འདིས་གོལ་སྒྲིབ་མེད་པར་གྲོལ་ཏེ། དེ་ཉིད་ལས། ཆོས་ཉིད་མངོན་སུམ་གནད་མེད་ན། ། མིག་མེད་གཡང་ཁར་ཕྱིན་པ་འདྲ། །ཞེས་སོ། །གནད་ནི་ཐལ་འགྱུར་ལས། རྒྱང་ཞགས་འགུལ་བ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཅེས་པ་དང་། ཡི་གེ་མེད་པ་ལས། མིག་ནི་རབ་ཏུ་གནོན་བྱ་སྟེ། །མིག་ཟུར་ཉིད་ལས་ དབྱིངས་འབྱུང་བས། །མིག་ནི་ནམ་མཁའི་ཁམས་སུ་བརྟག །ཅེས་སོ། །སྣང་བ་ནི། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ལས་ངེས་འཐོན་ཏེ། །སྤྲིན་མེད་པ་ཡི་མཁའ་ལ་གསལ། །ཅེས་པ་དང་། གཞན་ཡང་རྩ་

[p. 639] དང་འཁྲུལ་འཁོར་གྱིས། །རང་བཞིན་གནས་པའི་ཡེ་ཤེས་ལྔ། །ཆུ་བུར་མིག་གིས་མཐོང་བའོ། །ཞེས་པ་དང་། རང་ཤར་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འགོ་དང་འོང་བ་དང་། །འགུལ་བ་དང་ནི་འཕྲིག་པའོ། །ཞེས་པ་དང་། སེང་གེ་རྩལ་རྫོགས་ལས། །རང་སྣང་རིག་པའི་དངོས་པོ་དེ། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །ཞེས་པ་དང་། ནོར་བུ་འཕྲ་བཀོད་ལས། རྒྱང་ཞགས་ཆུའི་སྒྲོན་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ཡོངས་སུ་གསལ་ལོ་ཞེས་སོ། །ཉམས་སུ་བླང་ལུགས་ནི་དང་པོ་ཐུན་ཆུང་ལ་གྲངས་མང་དུ་བྱ། གཉིས་པ་ལ་ཐུན་བསྐྱེད་ཅིང་ཡུན་བསྲིང་། །གསུམ་པ་ལ་ཉིན་མཚན་མེད་པར་ཉམས་སུ་བླང་ཞིང་། དབྱིངས་ཀྱི་ར་བར་རིག་པ་བཅུག་པ་ལས་མི་འགུལ་བར་བྱེད་དེ། སྒྲོན་མ་འབར་བ་ལས། དབྱིངས་ཀྱིས་རིག་པའི་རང་ཡུལ་བྱེད། །རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད། །འདི་ཉིད་ནང་དུ་གཞག་པར་བྱ། །ཞེས་སོ། །འབྲས་བུ་ནི། ཕྱིའི་དབྱིངས་སྣང་ལ་མིག་མི་འགུལ་བའི་རང་དུས་ན། ནང་དུ་རིག་པ་གཞི་ལ་གནས་པས་གདངས་རང་ཐིམ་ལ་འཁོར་ནས། གློ་བའི་རླུང་གི་རྟ་དང་བྲལ་བས། །ཡེ་ཤེས་ཀྱི་ནམ་མཁའ་དབྱིངས་ཀྱི་ནམ་མཁའ་ལ་ཐིམ་ནས་ངོ་མཉམ་རིས་མེད་དུ་གྲོལ་བས། ཀ་དག་གི་རིག་པ་དབྱིངས་ལས་མ་གཡོས་པར་སྙིང་ག་ན་ངང་གིས་འོད་གསལ་བའི་དགོངས་པ་ལ་རང་བཞིན་གྱིས་གནས་ཏེ། རྣལ་འབྱོར་པ་དེ་ཆོས་ཉིད་གདོད་མའི་འོད་གསལ་ཟིན་པ་ཞེས་བྱ་བས་འཁོར་བ་མིང་མེད་དུ་སྟོངས་ནས་སྲིད་གསུམ་གདར་ཤ་ཆོད་པ་ཡིན་ཏེ། ཐལ་འགྱུར་ལས། དེས་ནི་ཆོས་ཉིད་མངོན་སུམ་གནང་། །མཐོང་བ་ཙམ་གྱིས་ཤེས་པ་དང་། །དེ་ཤེས་པ་ཡིས་རྟོགས་པ་དང་། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །གྲོལ་ཞེས་བཀྲོལ་བ་མ་ཡིན་ཏེ། །ནམ་མཁའ་དག་ནི་ནམ་མཁའ་ལ། །ཐིམ་ནས་རང་བཞིན་དམིགས་མེད་པས། །རིས་མེད་ཆ་ཤས་ཡོད་མ་ཡིན། །མངོན་སུམ་རྙེད་པའི་སྐལ་

[p. 640] ལྡན་ལ། །ཁམས་གསུམ་འཁོར་བ་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །ཞེས་སོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ལ་གཉིས་ལས། མདོར་བསྟན་པ་ནི། དབྱིངས་རིག་ལ་གོང་ནས་གོང་དུ་སྦྱངས་པས། ཕྱིར་དབྱིངས་སྣང་དུ་རིག་པ་ལུ་གུ་རྒྱུད་དབྱེར་མེད་དུ་གནས་པ་བཞིན། ནང་དུ་ཀ་དག་གི་སྟོང་དབྱིངས་ལ་རང་གདངས་ཀྱི་རིག་དབྱིངས་གཉིས་མེད་དུ་གནས་པས་འོད་གསལ་མ་བུ་འདྲེས་ཏེ། སྣང་ཉམས་སྣ་ཚོགས་སུ་འཕེལ་བ་ནི། ཐལ་འགྱུར་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་ཕྱིར་བྱུང་ནས། །གྱེན་འགྲིང་བ་དང་རྩིབས་ཤར་དང་། །ཐིག་ལེ་སྣ་ཚོགས་སྐུ་ཉིད་དུ། །རགས་པར་སྣང་བའི་ཡུལ་ལ་གསལ། །ཅེས་སོ། །རྒྱས་པར་བཤད་པ་ནི། ཉམས་གོང་འཕེལ་ཅེས་པའི་ཉམས་ལ་གཉིས་ཏེ་ཤེས་པའི་ཉམས་དང་། སྣང་བའི་ཉམས་སོ། །ཤེས་ཉམས་ལ་འཇིག་རྟེན་པའི་ཤེས་ཉམས་ཏིང་ངེ་འཛིན་གྱིས་ཐོབ་པའི་དགའ་བདེ་སེམས་ཆགས་པ་གླུ་གར་ལ་སོགས་པ་བྱེད་སྙིང་འདོད་པ་རྣམས་དང་། འདས་པའི་ཤེས་ཉམས་སྟོང་གསལ་མཐའ་བྲལ་གྱི་རྟོགས་ཚད་ཤེས་རབ་ཀྱི་རྩལ་དང་བཅས་པ་རྣམས་ཏེ། འདི་ཉིད་ཐོག་མ་བར་དང་མཐར་གོམས་པ་ལས། ཤེས་པ་དགའ་བདེའི་ཉམས་དང་། མཐར་འགྱུར་གྱི་ཉམས་དང་། སྣང་བའི་ཉི་མས་དང་གསུམ་འབྱུང་བ་ལས། དང་པོ་ནི། ལུས་ངག་གནད་དུ་གཅུན་པས་རླུང་སེམས་བག་ལ་ཞ་ནས། ནང་ཏིང་ངེ་འཛིན་འོད་གསལ་སྟོང་པའི་ངང་ལ་འབྱམས་པ་དང་། ཤེས་པ་བག་ཡངས་གཟུང་འཛིན་མེད་པའི་དགའ་བདེ་ཡངས་པ་ཁྲོལ་ཆགས་སུ་སྐྱེས་ཀྱང་ཞེན་འཛིན་སྤུ་ཉག་ཙམ་ཡང་མེད་པ་ནི་རང་བཞིན་གྱི་བསམ་གཏན་གནད་དུ་ཕེབས་པ་ལས་བྱུང་བའོ། །བཅོས་མའི་བསྒོམས་པ་ལས་དགའ་བདེ་བྱུང་བ་ནི་ཉམས་འགྱུར་བ་ཤས་ཆེ་ལ་རགས་པ་འཁྲབ་པའམ་གླུ་གར་བྱེད་འདོད་པ་འབྱུང་བས་ཆགས་ཞེན་དུ་སོང་ལ། འདི་ནི་དགའ་བདེར་ཤར་ཡང་རང་དབང་ཐོབ་པའི་དགའ་བདེ་ཞེན་མེད་དུ་ཤེས་པའི་ཁྱད་ཡོད་པ་ནི་བཅོས་ནས་བསྒོམས་པ་དང་། རབ་

[p. 641] བཞིན་གྱིས་རླུང་དུ་ཕེབས་པའི་བསམ་གཏན་གྱི་ཁྱད་དུ་ཤེས་པར་བྱའོ། །མཐར་འགྱུར་གྱི་ཉམས་ནི་རླུང་ཉམས་ཀྱི་སྣང་ཆ་སྟེ། སྲིན་བུ་མེ་ཁྱེར་ལྟ་བུ་དང་། སྤྲིན་ལྟ་བུ་དང་། དུ་བ་ལྟ་བུ་དང་། སྨུག་ཟིལ་ལྟ་བུ་དང་། ཟླ་བ་ཤར་ བ་ལྟ་བུ་དང་། སྐར་མ་ཤར་བ་ལྟ་བུ་དང་། རྣམ་སྲོས་པ་ལྟ་བུ་ལ་མཐིང་གའི་སྣང་བ་ཡོད་པ་ལྟ་བུ་དང་། ཉི་མ་ཤར་བ་ལྟར་ཕྱི་ནང་ཟང་ཐལ་བར་སྣང་བ་ལྟ་བུ་དང་བརྒྱད་དེ། འཆར་ནུབ་དང་གསལ་འགྲིབ་ཏུ་བྱུང་བས། མི་བརྟན་ཚུགས་མི་ཐུབ་འགྱུར་འགྲོ་བས་མཐར་ འགྱུར་གྱི་ཉམས་ཞེས་བྱ་སྟེ། རླུང་གཡོ་བའི་ཉམས་ཡིན་པའི་ཕྱིར་རོ། །འདི་དག་བྱར་ཡོད་དེ་རླུང་སེམས་དག་དགོས་པའི་ཕྱིར་རོ། །སྣང་བའི་ཉམས་ནི། རིག་པའི་རང་གདངས་འོད་གསལ་ཆེན་པོ་སྟེ། གནས་སྐབས་སུ་ཕྱིར་སྣང་འཕེལ་ཞིང་ཚད་ལ་ཕེབས་ནས། རང་གདངས་གཞི་ཐིམ་ལ་ནང་དུ་བཟློག་པས་ཕྱིར་གསལ་དུ་ཟད་དགོས་ཏེ། ལྷུན་གྲུབ་ཀ་དག་གི་དབྱིངས་སུ་ཐིམ་དགོས་པའི་ཕྱིར་རོ། །ནང་གསལ་དུ་རང་འོད་ཀྱི་ཀློང་ན་རིག་པ་སྐུ་དང་ཡེ་ཤེས་ཀྱི་ཕོ་བྲང་ལ་ཡེ་བཞུགས་ལྷུན་གྲུབ་ཆེན་པོར་འཕོ་འགྱུར་མེད་པའོ། །དེས་ན་འདིར་ སྣང་བའི་ཉམས་གཙོ་བ་སྟེ། ཤེས་ཉམས་ནི་བློ་ཡིན་པས་འགྱུར་ཞིང་ཚད་མི་ཐུབ་སྟེ་ཀུན་བརྟགས་ཀུན་རྫོབ་ཀྱི་རྣམ་པ་ཅན་དྲན་བྱེད་ཐ་དད་པ་ཚུ་རོལ་གྱི་རྟོག་པས་བསྡུས་པའི་ཕྱིར། འདི་ལ་ཚད་བྱེད་ན་སྤྲིན་ལ་ཚོད་བཙུགས་ནས་སྦས་སྐུངས་བྱེད་པའི་བྱ་དང་འདྲ་སྟེ། དོན་རྟོགས་ པའི་དུས་མེད་དེ་མཐོང་བ་རང་ཐོག་ཏུ་མི་ཕེབས་སོ། །འདི་ནི་སྣང་བའི་ཉམས་ཏེ་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་མཐོང་བས་འཁོར་བའི་ལས་ཀྱི་མཐའ་ཕྱེད་གཟུང་བ་ཡུལ་དུ་སྣང་བ་ལས་འདས་ལ། དབྱིངས་ཀྱི་སྣང་བ་མཐོང་བས་དེའི་སྟེང་དུ་འཛིན་པ་རྟོག་པའི་ཆའི་ཕྱེད་ མེད་པ་སྟོང་ཆད་དུ་འཛིན་པ་ལོག་པས་འཁོར་བའི་ཆའི་སུམ་གཉིས་ལས་འདས་ལ། ཀུན་རྟོག་གཞི་གྲོལ་རང་སངས་སུ་དག་པས་འཛིན་ཆའི་ཕྱེད་སྣང་བ་རང་མཚན་དུ་འཛིན་པ་ལོག་པས། གཟུང་འཛིན་གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པ་ཞེས་བྱའོ། །མདོར་

[p. 642] ན་སྣང་ཉམས་རྣམས་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང་། དབྱིངས་ཀྱི་སྣང་བ་གཉིས་སུ་འདུས་པའོ། །གོང་འཕེལ་ནི། སྣང་བ་དེ་དག་ཇེ་བཀྲ་ཇེ་ལེགས་ཇེ་མང་ལ་སོང་བ་སྟེ། འདི་ལ་དག་ཚུལ་གྱིས་སྤྱིར་བསྟན་པ་དང་། སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་གཉིས་ ལས། དང་པོ་ནི། འཁོར་བའི་བཅིངས་པ་ལས་གྲོལ་ཚུལ་དང་སྦྱར་ན། སྣང་བ་དེ་ཡང་གྱེན་འགྲེང་དང་། རྩིབས་ཤར་དང་། གྲུ་ཆད་དང་། དུམ་བུ་དང་། སྣམ་བུའི་སྣང་བ་དང་ལྔ་རྫོགས་པས་ཡེ་ཤེས་ལྔའི་ཁ་དོག་ལ་དབང་ཐོབ་ནས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་ལྔ་མངོན་དུ་རྒྱུ་བའི་བཅིངས་པ་ལས་གྲོལ་ཏེ། བག་ལ་ཉལ་ཙམ་ལས་མ་གཏོགས་པ་མེད་པས་འཁོར་བའི་ཕྱེད་ལས་འདས་པ་ཉིད་དོ། །དེ་ནས་དྲ་བའི་རྣམ་པ་དང་། དྲ་བ་ཕྱེད་པ་དང་། མིག་མངས་རིས་ དང་། མིག་ཚགས་ཀྱི་རྣམ་པ་ལྟ་བུ་དང་། ཟ་འོག་གུར་ཁྱིམ་ལྟ་བུ་མཐོང་བས། གཟུགས་ལ་སོགས་པ་ཕུང་པོ་ལྔའི་ཚོགས་པས་བདག་ཏུ་བྱས་པ་ལས་འདས་པས། འཇིག་རྟེན་གྱི་བདག་སུམ་གཉིས་ལས་འདས་པས། ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་ བྱིན་རླབས་སོ། །དེ་ནས་ཡེ་ཤེས་དངོས་པོ་དག་པའི་དབྱིབས་ཀྱི་སྣང་བ། ཡེ་ཤེས་མཁར་ཐབ་ཀྱི་རྣམ་པ་འདྲ་བ་དང་། ཉི་ཟླ་ཟུང་སྦྲེལ་གྱི་རྣམ་པ་འདྲ་བ་དང་། པདྨ་བརྩེགས་པའི་རྣམ་པ་འདྲ་བ་དང་། མཆོད་རྟེན་བརྩེགས་པའི་རྣམ་པ་འདྲ་པ་དང་། པདྨ་ སྟོང་ལྡན་གྱི་རྣམ་པ་དང་འདྲ་བ་མཐོང་བས། འབྱུང་བ་ལྔའི་འཆིང་བྱེད་ལས་འདས་པའོ། །དེ་དག་ཀྱང་གཅིག་སྐྱེས་གཅིག་འགགས་པས་ཉམས་ཞེས་བྱའོ། །དེ་ཡང་སྔ་མ་བས་ཁྱད་པར་དུ་འགྱུར་བས་གོང་འཕེལ་ཞེས་བྱའོ། །དེ་ལྟར་རིམ་པས་བྱུང་བ་ནི་སྔར་ དབང་རིམ་པས་བསྟེན་པ་ལས་བྱུང་བའོ། །གཉིས་པ་སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་ལ། ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང་། དབྱིབས་ཀྱི་སྣང་བ་གཉིས་ལས། དང་པོ་ནི། རྡོ་རྗེའི་རིགས་རྣམ་པར་དག་པས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་འོད་ཁ་

[p. 643] ༄༅། །དོག་དཀར་པོའི་རྣམ་པར་འཆར་བ་དང་། དེ་ཉིད་རྡོ་རྗེ་མི་བསྐྱོད་པའི་གདངས་དཀར་བ་ལ་འཚེར་བར་འཆར་བའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པའི་རིགས་རྣམ་པར་དག་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁ་དོག་མཐིང་གའི་རྣམ་པར་འཆར་ བ་དང་། རྣམ་པར་སྣང་མཛད་ཀྱི་གདངས་མཐིང་ལ་གནག་པར་འཆར་རོ། །རིན་པོ་ཆེའི་རིགས་རྣམ་པར་དག་པ་ལས། མཉམ་པ་ཉིད་ཀྱི་ཁ་དོག་སེར་པོའི་སྣམ་བུ་དང་། རིན་པོ་ཆེ་འབྱུང་ལྡན་གྱི་གདངས་རབ་ཏུ་འཚེར་བ་གསེར་ཞུན་སྦྱངས་པ་ལྟ་བུར་འཆར་རོ། །པདྨའི་ རིགས་རྣམ་པར་དག་པ་ལས། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཁ་དོག་དམར་པོའི་སྣམ་བུ་དང་། སྣང་བ་མཐའ་ཡས་ཀྱི་གདངས་དམར་བ་ལ་རབ་ཏུ་དམར་བ་ཕྱེ་རུའི་མདོག་ལྟ་བུར་འཆར་རོ། །ལས་ཀྱི་རིགས་རྣམ་པར་དག་པ་ལས། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཁ་དོག་ ལྗང་གུའི་སྣམ་བུར་འཆར་བ་དང་། དོན་ཡོད་གྲུབ་པའི་གདངས་རབ་ཏུ་ལྗང་བ་ཨིནྡྲ་ནཱི་ལའི་རྣམ་པ་ལྟར་འཆར་བའོ། །དེ་དག་གི་ཕྱི་རིམ་མཐིང་ག་རྡོ་རྗེའི་ར་བས་ཀུན་ནས་བསྐོར་བ་ནི། ཡེ་ཤེས་དེ་དག་ཐ་དད་པ་མ་ཡིན་པར་མཚོན་པའོ། །དེ་ལས་སྣང་བའི་འཕེལ་ནི་ འོད་ལྔ་སོ་སོས་གཙོ་བྱས་པའི་ཁ་དོག་ལྔ་ལྔར་གསལ་བ་ནི། རིགས་དང་རིགས་ཀྱི་ཁྱད་པར་ལས་བྱུང་བའོ། །དེ་ནས་ཡེ་ཤེས་ཀྱི་རླུང་རྣམ་པར་དག་པ་ལས་མེ་ལོང་ལྟ་བུ་གྱེན་འགྲེང་དུ་སྣང་བ་ནི། དེ་ལ་བརྟེན་ནས་ཉམས་ཀྱི་འཕེལ་འབྱུང་བའོ། །མཉམ་པ་ཉིད་ཀྱི་རྩིབས་ ཤར་དུ་སྣང་བ་ནི། འཁྲུལ་པའི་སྣང་བ་ཟད་དུ་ཉེ་བ་ཉིད་དོ། །དེ་ནས་སོ་སོར་རྟོག་པའི་གྲུ་ཆད་དུ་སྣང་བ་ནི། འབྱུང་བའི་ཕྲ་བ་འགག་པའི་དུས་སོ། །བྱ་བ་གྲུབ་པའི་རེ་ལྡེའི་རྣམ་པ་ཙམ་དུ་སྣང་བ་ནི། ཡེ་ཤེས་ཀྱི་རང་གདངས་སོ་སོར་གསལ་བ་ལས་བྱུང་བའོ། ། དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡུལ་གྲུ་ཙམ་དུ་སྣང་བ་ནི་རྟོག་པ་རགས་པ་རྣམས་འགགས་པ་ལས་བྱུང་བའོ། །དེ་དག་གི་ལམ་སྐྱེ་བའི་རིམ་པ་ནི། །བརྩོན་འགྲུས་རབ་རྣམས་ལ་བར་དུ་ཞག་ལྔ་ལྔའོ། །འབྲིང་རྣམས་ལ་ཞག་བདུན་བདུན། ཐ་མ་རྣམས་ཞག་

[p. 644] ཉེར་གཅིག་ཉེར་གཅིག་ན་གོང་མའི་སྣང་བ་འགགས་ནས། ཡང་འོག་པའི་སྣང་བ་དེ་དག་ཏུ་རྣམ་པར་སྣང་བའོ། །ཁ་དོག་དང་དབྱིབས་ཀྱི་བར་འདིར་ནི་ཐང་ཅིག་ཏུ་གནས་པ་དག་འབྱུང་ངོ་། །དེ་ནས་དེ་དག་ནུབ་ནས་ཀྱང་ཡེ་ཤེས་ལྔའི་དབྱིབས་ཀྱི་རྣམ་པ་འཆར་ཏེ། མེ་ ལོང་ལྟ་བུའི་དབྱིབས་མིག་ཚགས་ཀྱི་རྣམ་པ་དང་འདྲ་བར་འགྱུར་རོ། །དེ་ནི་ཁ་དོག་རབ་ཏུ་སྤེལ་ལེགས་པ་ལས་བྱུང་བའོ། །དེ་ལ་གོམས་པ་ལས་མིག་མངས་རིས་སུ་འཆར་ཏེ། འདི་ནི་སྔོན་དུ་འགྲོ་བ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །དེ་ནས་མཉམ་པ་ཉིད་དྲ་བ་ཕྱེད་ པར་འཆར་ཏེ། དེ་ནི་རླུང་གི་སྦྱངས་པ་དག་པ་ལས་བྱུང་བའོ། །དེ་ལས་དྲ་བར་སྣང་བ་ནི་སྔོན་འགྲོ་དག་ཅིང་ཚར་ཆོད་པ་ལས་བྱུང་བའོ། །དེ་ནས་སོ་སོར་རྟོག་པའི་མེ་ཏོག་གི་ཚོམ་བུར་འཆར་བ་ནི། གཟིགས་སྟངས་ལ་འགྲུས་པ་ལས་བྱུང་བའོ། །དེ་ལས་པདྨ་སྟོང་ ལྡན་དུ་འཆར་བ་ནི་སྔོན་འགྲོ་འབྱོངས་པ་ལས་བྱུང་བའོ། །དེ་ནས་བྱ་བ་གྲུབ་པའི་མཚོན་ཆ་ལྟ་བུར་འཆར་བ་ནི། རང་བཞིན་མ་བཅོས་པ་ལས་བྱུང་བའོ། །དེ་ལས་འཁོར་ལོ་ལ་སོགས་པའི་རྣམ་པ་སྣ་ཚོགས་སུ་སྣང་བ་ནི་སྔོན་འགྲོ་མཐར་ཕྱིན་པ་ལས་བྱུང་བའོ། །དེ་ནས་ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཁར་ཐབ་ཏུ་འཆར་བ་ནི། རིག་པ་མིག་ནས་དྲངས་པ་ལས་བྱུང་བའོ། །དེ་ལས་ཟ་འོག་གུར་ཁྱིམ་ལྟ་བུ་ནི་སྔོན་འགྲོ་དག་པར་བྱས་པ་ལས་བྱུང་བའོ། །དེ་དག་ཀྱང་བརྩོན་འགྲུས་ཀྱི་ཁྱད་ཀྱིས་ཞག་གསུམ་དང་། བདུན་དང་། བཅུ་བཞི་ ན་གཅིག་སྐྱེ་གཅིག་འགག་པའོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། འདི་དག་ནི་སེམས་ཀྱི་སྔོན་འགྲོའི་དུས་ན། རྟོག་པ་ཐ་དད་པར་བསླང་བ་དེ་འགགས་པའི་རྟགས་ཡིན་ནོ། །དེ་ནས་རིག་པ་རང་གི་ངོ་བོའི་སྣང་བ་འཆར་ཏེ། འདི་དེ་དག་ཐིག་ལེར་ འཆར་བ་ནི་ལུ་གུ་རྒྱུད་གཅིག་ཏུ་འདུས་པ་ལས་བྱུང་བའོ། །དེ་ནས་ཐིག་ལེ་གཉིས་འབྲེལ་དུ་སྣང་བ་ནི་ཐབས་དང་ཤེས་རབ་རྣམ་པར་དག་པ་ལས་བྱུང་བའོ། །དེ་ནས་ཐིག་ལེ་ལྔ་སྦྲེལ་དུ་སྣང་བ་ནི་ཡེ་ཤེས་ལྔ་ལ་བྱེན་ཚུད་པ་ལས་བྱུང་བའོ། །མངོན་སུམ་གྱི་ཐིག་ལེ་དང་

[p. 645] འབྲེལ་ལུགས་མི་འདྲ་སྟེ་ཆེ་ཆུང་ཡོད་པའི་ཕྱིར་རོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། ཐལ་འགྱུར་བས། ཁ་དོག་ལྔ་ཡི་འོད་ཀྱིས་ཀྱང་། །རེ་ལྡེ་ཙམ་ལས་བླ་ཆད་སྣང་། །ཡུལ་གྲུ་ཙམ་ལས་མཐོང་ཚད་དོ། །ཞེས་པ་དང་། རང་བྱུང་གི་རྒྱུད་ལས། རང་ངོ་མཐོང་ལས་འདི་ལྟར་རོ། །ཡར་མཚམས་ལས་ནི་སོར་བཞི་ལས། །བྲལ་བའི་སྐྱེས་བུ་སྐལ་བཟང་བ། །འཁོར་བར་འཇུག་པ་ག་ལ་སྲིད། །གྲུ་ཆད་རྣམ་པར་གང་སྣང་བ། །སྤྲུལ་པའི་ཡོན་ཏན་འདིས་འགྲུབ་བོ། །མཐོང་བའི་ཡུལ་ཙམ་གང་སྣང་བ། །ཚོམ་བུ་ལ་ནི་དེ་བཞིན་ནོ། །ཕྱིར་སྣང་འགགས་པ་གང་ཡིན་པ། །སྐད་ཅིག་མ་ནི་བཅུ་དྲུག་ལ། །འདི་ཡང་དེ་ལྟར་འགྱུར་བའོ། །ཞེས་སོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ལ་སྣང་ཚུལ་སྤྱིར་བསྟན་པ་དང་། རང་བཞིན་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་ཐིག་ལེ་རེ་རེའི་ནང་དུ་སྐུ་ཕྱེད་མ་རེ་རེ་སྣང་བ་ནི་སྤྲུལ་པ་སྐུའི་སྦྱང་བ་རྣམ་པར་དག་པ་ལས་བྱུང་བའོ། །དེ་ནས་སྐུ་རང་རྐྱང་རེ་རེ་སྣང་བ་ནི་སྤྲུལ་སྐུའི་སྣང་བ་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལས་བྱུང་བའོ། །དེ་ནས་སྐད་ཅིག་ཏུ་དེ་དག་ཡབ་ཡུམ་ལྔ་ལྔར་གྱུར་པ་ནི་ལོངས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པ་ཉིད་དོ། །དེ་ནས་སོ་སོའི་ཚོམ་བུའི་དཀྱིལ་འཁོར་དང་བཅས་པར་སྣང་བ་ལ། དེ་ཉིད་མུ་ཁྱུད་ཀྱི་ར་བ་དང་སོ་སོའི་གཙོ་འཁོར་དུ་སྣང་བ་ནི། ཆོས་སྐུའི་སྦྱང་བ་རྣམ་པར་དག །པ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །འདི་ནི་རིག་པ་ཚད་ཕེབས་ཀྱི་སྣག་བ་སྟེ། སྔོན་འགྲོའི་དུས་ན་ལུས་ཀྱི་བྱ་བ་དང་། བྱེད་པ་དེ་དག་གི་འབྲེལ་ཚད་དེ་ཕྱིས་མི་སྐྱེ་བའི་རྟགས་སོ། །དེའང་དག་བྱ་དྲི་མ་རེ་སྦྱོང་བའི་གཉེན་པོ་སྔོན་འགྲོ་ལ་སོགས་པ་གནད་དུ་ཕྱིན་པ་ལས་སྣང་བ་དེ་དག་ཤར་བར་བཏགས་ཀྱང་བྲལ་འབྲས་དང་དག་བྱ་དག་བྱེད་ཀྱི་རྒྱུ་འབྲས་བཏགས་པ་བ་ཡིན་གྱི། དེས་བསྐྱེད་ནས་བྱུང་བ་མ་ཡིན་ཏེ། ཡེ་ཤེས་རང་ཡོད་ཀྱི་གདངས་དྲི་མའི་སྒྲིབ་པ་དག་སྟོབས་ཀྱིས་སྣང་བའི་ཕྱིར་རོ། །ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ནི། །

[p. 646] ལོངས་སྐུའི་མཚན་དཔེ་གསལ་བར་ནི། །མ་ངེས་ཁ་དོག་འཇལ་ཚོན་ལས། །རིགས་ལྔ་ཡབ་དང་ཡུམ་དུ་སྣང་། །ཞེས་པ་དང་། བསྟན་བུ་ལས། དེ་བཞིན་སྐུ་ལ་ཐུག་གི་བར། །དྲུག་དང་བཅུ་དང་ལྔ་གསུམ་ལ། །གདོན་མི་ཟ་སྟེ་ལོངས་སྐུའོ། །ཞེས་སོ། ། གཉིས་པ་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ། ཚད་ཕེབས་ཀྱི་ངེས་ཚིག་སྤྱིར་བསྟན་པ་དང་། ཚད་གསུམ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི་རིག་པ་ཚད་ཕེབས་ཞེས་པས། རིག་པ་ནི་གཞི་གནས་ཀྱི་རིག་པ་མངོན་དུ་གྱུར་ཏེ། ལམ་སྲོལ་དུ་ཚུད་པ་ལས། གཞི་སྣང་གི་རང་གདངས་ལྷུན་གྲུབ་ཀྱི་འཆར་སྒོ་སྲུང་སྣང་བས། ལམ་སྣང་ཐད་དུ་ཉེ་བ་ལས། དཀྱིལ་འཁོར་རྫོགས་པ་རྣམས་སོ། །ཚད་ནི་དང་པོ་ཕྱེད་སྐུ་ནས་སྐུའི་དཀྱིལ་འཁོར་རྫོགས་པའི་བར་རོ། །ཕེབས་པ་ནི་དེ་ལས་འདས་ས་མེད་པས་རྣམ་པར་སྣང་བའོ། །དེ་ དག་ནི་ཟླ་བ་ཉ་གང་བའི་རྣམ་པ་དང་འདྲ་སྟེ། ཡར་གྱི་འཕེལ་ཟད་པས་དཀྱིལ་འཁོར་རྫོགས་ཏེ་རང་ངོ་ལ་བཅོས་སུ་མེད་པའོ། །གཉིས་པ་ཚད་གསུམ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ཕྱི་སྣང་བའི་ཚད། ནང་ལུས་ཀྱི་ཚད། གསང་བ་རིག་པའི་ཚད་དོ། །དང་པོ་ནི། སྣང་བ་ལ་དབང་བསྒྱུར་ཞིང་ཞིང་ཁམས་འོད་གསལ་དུ་རྫོགས་པ་སྟེ། ཐལ་འགྱུར་ལས། དེ་ལྟར་ཕེབས་ནས་རྫོགས་པའི་ཚད། །ཐད་ཀའི་དངོས་སྣང་འགགས་པ་དང་། །ས་རྡོའི་སྣང་བ་བཞུ་བ་དང་། །རང་ཤེས་ཅི་ལའང་ཚུད་པ་དང་། །དེ་བཙུད་བེམས་པོ་འགུལ་ བ་དང་། །རླུང་གི་འགྱུ་བའི་ཚད་ཟིན་དང་། །ལུས་ཀྱི་རྡུལ་ཕྲན་མཐོང་བ་འབྱུང་། །ཅིར་སྣང་གཟུགས་སྐུར་རྫོགས་པ་དང་། །དེ་ལས་ཡབ་ཡུམ་འཁྲིལ་བ་དང་། །ལྔ་ལྔ་ཡབ་དང་ཡུམ་སྦྱོར་དང་། །ཀུན་ཀྱང་མུ་ཁྱུད་ཟླུམ་པོ་ལ། །རྣལ་འབྱོར་ལུས་ཀྱང་ འོད་གསལ་ཞིང་། །འགྲོ་དང་འོང་དང་འདུག་པར་སྣང་། །ཐམས་ཅད་རིག་པ་ཚད་ཕེབས་སོ། །ཞེས་སོ། །གཉིས་པ་ནི། ལུས་ཀྱི་རྡོས་པ་དག་ནས་སྙིང་དབུས་སུ་ཨ་དཀར་པོ་ལས་འོད་ཟེར་ལྔ་སྒྲེལ་མཐོངས་ཁུང་གི་ཉི་ཞུར་ལྟར་བར་སྣང་ལ་འོད་ཀྱི་སྐར་ཁུང་གི་ནང་

[p. 647] ཤར་བར་ཟུག་ཅིང་། ཐོར་ཚུགས་ན་ཡེ་ཤེས་ཀྱི་རླུང་གནས་པས་རང་བཞིན་གྱིས་འདེགས་པར་སྣང་ལ། མཛོད་སྤུ་ནས་འོད་ཟེར་སྣ་ལྔ་འདོམ་གང་དུ་གསལ་ཞིང་། ལག་པའི་སོར་མོ་ལྔ་ལ་འོད་ལྔའི་ཕྲེང་བས་འཁྲིགས་ཤིང་། ལུས་ཀྱི་ང་སྐྱའི་སྒོ་ལ་སོགས་པ་ཕྱི་ནང་གི་ཆ་རྡུལ་ཕྲན་གྱི་ཁྱོན་ལས་ཆུང་བ་རེའི་གོ་ན་ཞིང་ཁམས་གྲངས་མེད་ན་སངས་རྒྱས་དང་སེམས་ཅན་ཚད་མེད་པ་སྣང་བ་ནི་ལྷུན་གྲུབ་ཀྱི་སྒོ་བརྒྱད་ཤར་བའི་སྣང་བ་ཀུན་འདིར་ལྷག་ཆད་མེད་པར་རང་སྣང་ལ་སྣང་བ་ཡིན་ལ།

[edit]
OCR of the BDRC scans (I3CN4265), gorn05 tibocr 2026: BDRC OCR on 160 pages, Mitra OCR on 364 pages (the model with more recognisable syllables on each page).
Volume I3CN4265

[p. 147] སྨྲ་བ་ཇེ་ཉུང་ཐ་མལ་གྱི་གཏམ་སྨྲ་བ་

[p. 148] ། རིམ་ཁང་བཅོ་བརྒྱད་པ་འོད་གསལ་རྡོ་རྗེ་སྙིང་པོའི་ལམ་གྱི་ཆིངས་བསྟན་པ། བཅད་པ་ལ་ཐུན་ཆུང་ངུ་བསླབ། དེ་ནས་རིང་དུ་བསླབ། སྐབས་སུ་སྨྲ་རྒྱུ་མེད་ཀྱང་ གཅིག་པུ་སྨྲའོ། །གནས་པ་ནི་སྔགས་དང་྾བརྗོད་པ་ལ་སོགས་པ་དགེ་བའི་ བརྗོད་པ་མི་དགག གཞན་དང་ཚིག་འབྲུ་གཅིག་ཀྱང་མི་འདྲེའོ། །འདིའི་དུས་ན་ ལུས་ཀྱི་བརྡས་དོན་གོ་བར་བྱེད་པའོ། །ལ་བཟླ་བ་ནི་སྔགས་ལ་སོགས་པ་བརྗོད་ པ་ཐམས་ཅད་མི་བྱའོ། །བརྟན་པ་ནི་ཅི་ཡང་མི་བརྗོད་པའི་ངང་ལས་མི་འདའ་བར་ བྱེད་པ་སྟེ། ལུས་ཀྱི་བརྡ་ཙམ་ཡང་མི་བྱ་བ་ཡིན་ནོ། །ས་བོན་གྱི་རྒྱུད་ལས། ངག་ནི་ ཇི་ལྟར་ལྐུགས་པ་བཞིན། །སུ་དང་བརྡ་ཙམ་ཉིད་མི་བྱ། །འདི་ལྟར་སུ་ཡིས་བྱས་ པའི་མི། །སེམས་ཀྱི་འཕྲོ་འདུ་རང་ཆོད་དོ། །ཞེས་སོ། །ངག་གི་སྨྲ་བ་བཅད་པས་ བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་སྟེ། འགྲོ་བ་གཞན་དང་ངག་མ་འདྲེས་པས་ལུས་ འབྱོངས་པའི་དགོས་པ་ཡོད། ལུས་འབྱོངས་པས་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་དང་། མཁའ་སྤྱོད་ཀྱི་མཁའ་འགྲོ་མ་རྣམས་ཀྱི་བྱིན་གྱིས་བརླབས་ནས་ལུས་ སྒྱུ་མའི་སྐུར་གྲོལ་བའོ། ། དེ་ནས་བརྗོད་བྱ་བཀག་པས་ངག་འབྱོངས་ཏེ་རྟགས་སུ་མི་མ་ཡིན་པ་རྣམས་དང་ བརྡ་ཕྲད་ཅིང་གཏམ་ཟེར་བ་དག་འོང་། ངག་གི་བརྗོད་པ་བཀག་པས་ཡིད་འབྱོངས་ ཏེ༑ དེའི་རྟགས་སུ་སྔོན་དུ་མི་མ་ཡིན་གྱི་གཟུགས་མཐོང་བ་དང་། དེ་ནས་མངོན་ པར་ཤེས་པ་དུམ་བུ་བ་འཆར་རོ། །དེ་ལྟར་ངག་གི་གནད་ཀྱིས་ལུས་སེམས་ཀྱི་ མཚམས་ཀྱི་འབྲེལ་གཅོད་པའི་གནད་ཀྱི་གདམས་པའོ། །སེམས་ཀྱི་གནད་དུ་ནམ་ མཁའི་མཐོངས་སུ་མིག་ལྟ་བ་ལས་རྟོག་པ་ཅི་ཡང་མ་྾བསམ་སྟེ། ཐལ་འགྱུར་ ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་སོ། །དེ་ལྟར་གཙོ་བོ་ལུས་ ངག་གཉིས་གཅུན་པས་སེམས་ཞོར་ལ་འཆུན་ནས་དབྱིངས་རིག་འཆར་ཞིང་ཁམས་

[p. 149] ། ཐེག་མཆོག་རིན་པོ་ཆེའི་མཛོད། གསུམ་གྱི་འཆིང་བ་གཅོད་དེ། ས་བོན་གྱི་རྒྱུད་ལས། འདི་ལྟར་ལུས་ངག་སུས་ གཅུན་པ། །ཆོས་ཀྱི་དབྱིངས་ཀྱི་སྣང་བ་ལ། །འདི་ཡིས་གོམས་པར་འགྱུར་བ་ཡིན། ། ཅེས་པ་དང་། རྡོ་རྗེ་བཀོད་པ་ལས། ལུས་དང་ངག་དང་ཡིད་ཀྱི་གནད། །ཤེས་ཤིང་ བསྟུན་པས་འཁོར་ལས་གྲོལ། །ཅེས་སོ། །དོན་གཉིས་པ་གནད་གསུམ་ལ་བརྟེན་ ནས་མངོན་སུམ་རང་ཐོག་ཏུ་དབབ་པ་ལ་གསུམ་སྟེ། གནད་གསུམ་རྡོ་རྗེའི་ཆིངས་ སུ་བསྡམ་པ། མངོན་སུམ་རིག་པའི་རང་ངོ་སྤྲོད་པ། དེ་ལས་སྣང་བའི་འཆར་ ཚུལ་བསྟན་པའོ། །དང་པོ་ལ་གཉིས་ཏེ། གནད་གསུམ་སྤྱིའི་ཆིངས་བསྟན་པ་དང་། བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པའོ། །དང་པོ་ནི་སྒོ་དང་ཡུལ་དང་རླུང་རིག་གི་ གནད་གསུམ་སྟེ། ཐལ་འགྱུར་ལས། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ ཡང་སྒོ་དང་ཡུལ་ཉིད་དང་། །རླུང་དང་རིག་པའི་གནད་ཉིད་གཏེམ། །ཞེས་པས། དཔེར་ན་གནད་ལ་ཟིན་པའི་མཚོན་དང་འདྲ་སྟེ། ལུས་ཀྱི་རྩ་རྒྱུས་སམ་དོན་སྙིང་ལ་ སོགས་པའི་གནད་ལ་ཕོག་ན་ཅི་བྱས་ཀྱང་མི་འཚོ་བར་འཆི་བ་དང་འདྲ་བར། གནད་གསུམ་གྱིས་ཀྱང་ཆོས་ཉིད་ལ་འགྱུར་བའི་ས་མེད་དེ། སྒོའི་གནད་ཀྱིས་ མཐོང་བར་བྱེད། ཡུལ་གྱི་གནད་ཀྱིས་མི་འགྱུར་བར་བྱེད། རླུང་རིག་གི་གནད་ ཀྱིས་རྟགས་ཚད་ལ་འབེབས་པའོ། །དེ་ཡང་སྒོའི་གནད་སོ་པ་དང་འདྲ། ཡུལ་གྱི་ གནད་འགྲོན་པོ་དང་འདྲ། རླུང་རིག་གི་གནད་ཇག་པ་དང་འདྲའོ། །སོས་ཐེབས་ པས་འདོད་པའི་མི་འགྱུར་དབང་མེད་པར་ཟིན་ལ། དགྲས་འོངས་པས་ཇག་པའི་ ལག་ཏུ་མི་ཚུད་མི་སྲིད་པ་བཞིན་དུ། ཆོས་ཉིད་མངོན་སུམ་གྱི་གནད་ལ་མི་ཐེབས་ མི་སྲིད་དོ། །དེ་ཡང་ཡུལ་མེད་ན་རྟེན་སའི་གཞི་མེད་ལ། སྒོ་མེད་ན་འགྲོ་བའི་ལམ་ སྟོར། རླུང་རིག་གི་གནད་མེད་ན་ཤེས་རིག་ནང་དུ་མི་ཆོད་པས་གནད་གསུམ་དུ་

[p. 150] ། རིམ་ཁང་བཅོ་བརྒྱད་པ་འོད་གསལ་རྡོ་རྗེ་སྙིང་པོའི་ལམ་གྱི་ཆིངས་བསྟན་པ། ངེས་ལ། དེ་ལས་མང་ན་མཐའ་ཡས་པས་གནད་སྟོར་ལ། ཉུང་ན་དོན་མི་འགྲུབ་ པས་གསུམ་དུ་ངེས་པའོ། །གཉིས་པ་བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པ་ལ། གནད་གསུམ་སྤྱིའི་རིམ་པ་ངེས་པ་དང་། སོ་སོའི་གནད་ལ་ཐོག་ཏུ་དབབ་པའོ། ། དང་པོ་ནི་ལུས་ངག་སེམས་གསུམ་མི་འགུལ་ཞིང་སྒོ་དང་ཡུལ་དང་རླུང་རིག་གཅུན་ པ་སྟེ། མཐོང་བ་བརྒྱུད་པའི་ལུང་གིས་ཕྱེ་བ་ནི། རང་བྱུང་རིག་པའི་ཏནྟྲ་ལས། དེ་ ལྟར་ལུས་ལ་སོགས་པ་ཡི། །གནད་ཀུན་རབ་ཏུ་གཟིར་བ་ཡིས། །རིག་པ་ཉིད་དང་ མངོན་སུམ་དུ། །བླ་མའི་ལུང་ལས་ཤེས་པ་ཡིན། །ཅེས་པ་དང་། ཐལ་འགྱུར་ལས། དངོས་གཞི་རང་གི་རྒྱུད་བསྟེན་ན། །ལུས་ཀྱི་གནད་དང་ངག་དང་ཡང་། །སེམས་ཀྱི་ གནད་ལ་བརྟེན་པ་ཡིས། །རླུང་ནི་ཅི་ནས་དལ་བྱས་ཏེ། །རབ་ཏུ་འཕང་བ་ལས་ བྱུང་བ། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ཟློག་པ་མིན། ། ཅེས་པ་དང་། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཡུལ་ནི་སྒྲིབ་བྱེད་བྲལ་བའོ། །རླུང་ རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། ། གཉིས་པ་ལ་སྒོ་དང་། ཡུལ་དང་། རླུང་རིག་གི་གནད་གསུམ་ལས། དང་པོ་ནི། ཐ་ མལ་པའི་ལྟ་ལུགས་ཀྱིས་ཡེ་ཤེས་མི་འཆར་བས། སྐུ་གསུམ་གྱི་གཟིགས་སྟངས་ གསུམ་ལ་བསླབ་སྟེ། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་ཀྱི་སྐུ་ཡི་ གཟིགས་སྟངས་ཀྱིས། །ཁམས་གསུམ་འཁོར་བ་སྤྱིབས་ནས་འདོན། །ལོངས་སྐུས་ སྲིད་པའི་གཞི་མ་འཇིག །སྤྲུལ་སྐུས་སངས་རྒྱས་ཞིང་དུ་སྒྲོལ། །ཅེས་པ་དང་། ཡི་ གེ་མེད་པ་ལས། མིག་ནི་ནམ་མཁའི་ཁམས་སུ་བརྟག །ཅེས་པ་དང་། གསང་བ་སྒྲ་ རྒྱུད་ལས། ཕབ་དང་ཟློག་དང་ཟུར་གྱིས་ནི། །གཟིགས་སྟངས་རྣམ་པ་གསུམ་དུ་ གྲགས། །ཞེས་སོ། །དེའང་སྤྲུལ་སྐུ་ཕབ་ནས་སངས་རྒྱ་བ་ནི་གདུལ་བྱ་ལ་གཟིགས་

[p. 151] ། ཐེག་མཆོག་རིན་པོ་ཆེའི་མཛོད། ལ༑ ལོངས་སྐུ་ཟུར་ལ་གཟིགས་ནས་སངས་རྒྱ་བ་ནི་ཞིང་ཁམས་ལ་གཟིགས་པ་ དང་། ཆོས་སྐུ་བཟློག་ནས་སངས་རྒྱ་བ་ནི་གཞི་ལ་གཟིགས་པའོ། །རྣལ་འབྱོར་པ་ མིག་ཤས་ངན་པས་སྤྲུལ་སྐུའི་གཟིགས་སྟངས་བསྟུན་ན་མིག་མི་འགྲིབ་པའི་དགོས་ པ་ཡོད། མིག་ལ་སྐྱོན་ཆགས་པས་ལོངས་སྐུ་དང་བསྟུན་ན་མིག་གསལ་བའི་དགོས་ པ་ཡོད། མིག་ཤས་བཟང་བས་ཆོས་སྐུའི་ངང་བསྟུན་ན་མྱུར་དུ་སྣང་བ་ཚད་ལ་ ཕེབས་པའི་དགོས་པ་ཡོད་དོ། །དེ་དག་ལས་མ་གཡོས་ན་སྤྱན་གསུམ་ཁོང་དུ་ཆུད་ པར་ངེས་ཏེ། ཆོས་སྐུ་ལ་ཆོས་ཉིད་ཀྱི་སྤྱན་ཡོད་པས་གསུང་ལ། དེའི་བྱིན་རླབས་ ཀྱིས་ཡེ་ཤེས་དངོས་སུ་མཐོང་བས་འདི་ཉིད་ལ་ཐག་ཆོད། ལོངས་སྐུ་ལ་ཡེ་ཤེས་ཀྱི་ སྤྱན་ཡོད་པས་སྐུ་ལ། དེའི་བྱིན་རླབས་ཀྱིས་རང་གསལ་དུ་མཐོང་བས་མཁྱེན་པ་ རྒྱས། སྤྲུལ་སྐུ་ལ་ཤེས་རབ་ཀྱི་སྤྱན་ཡོད་པས་ཐུགས་ལ། དེའི་བྱིན་རླབས་ཀྱིས་སྒྲ་ ཚིག་དང་བྲལ་བར་མཐོང་བས་ཐོས་བསམ་སྒོམ་པ་ལ་རག་མ་ལས་པར་ཆོས་ཉིད་ ཀྱི་དོན་ཁོང་ནས་འཆར་རོ། །དེ་ཡང་སྤྱན་གསུམ་དུ་ལྟ་བ་ནི་ཆོས་ཉིད་ཀྱི་སྤྱན་གྱེན་ ལ་བཟློག་པས་བག་ཆགས་ཐུར་ལ་སེལ་བའི་གནད། ཡེ་ཤེས་ཀྱི་ཟུར་ལ་མཉམ་ པོར་བལྟས་པས་འཁོར་འདས་རོ་མཉམ་དུ་བསྲེ་བའི་གནད། ཤེས་རབ་ཀྱིས་ཕབ་ ནས་བལྟས་པས་ཡེ་ཤེས་ཀྱི་སྣང་བ་དངོས་སུ་འབེབས་པའི་གནད་དོ། །གཟིགས་ སྟངས་གསུམ་དུ་ངེས་པ་ཅི་ཡིན་ཞེ་ན། ལེ་ལོ་ཅན་ལ་ལོངས་སྐུ། བརྩོན་འགྲུས་ཅན་ ལ་སྤྲུལ་སྐུ། བཏང་སྙོམས་ཅན་ལ་ཆོས་སྐུའི་གཟིགས་སྟངས་ཤིས་པས་ན་གསུམ་ དུ་ངེས་སོ། །ངེས་ཚིག་ནི་གཟིགས་པ་ཆོས་ཉིད་ལ་གཟིགས་པས་རྣམ་དག་སྒྲིབ་པ་ ཟད་པའོ། །སྟངས་ཀྱིས་འཁོར་བ་ལས་གྲོལ་བར་བྱེད་པའོ། །གཉིས་པ་ཡུལ་གྱི་ གནད་ནི་ཕྱིའི་དབྱིངས་ཀྱི་ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་ཡིན་ལ། ནང་

[p. 152] ། རིམ་ཁང་བཅོ་བརྒྱད་པ་འོད་གསལ་རྡོ་རྗེ་སྙིང་པོའི་ལམ་གྱི་ཆིངས་བསྟན་པ། གི་དབྱིངས་ཀྱི་ཡུལ་སྨིན་མཚམས་ཀྱི་མཛོད་སྤུ་ལ་གཏད་པས་དབྱིངས་སྣང་མཐིང་ ག་དང་དེ་ལས་མཆེད་པ་རྣམ་ལྔའི་རང་གདངས་ཏེ། ཐལ་འགྱུར་ལས། དབྱིངས་ནི་ ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །བག་རྡུལ་ཆར་གྱིས་དེངས་ དུས་སུ། །མཁས་པས་མངོན་སུམ་གནད་གཟིར་དང་། །ནང་གི་སྒྲོན་མ་ལམ་དུ་བྱའོ། ། ཞེས་སོ། །དེ་ཡང་ཕྱི་རིག་པ་འཆར་བའི་ཡུལ་ཡིན་ལ། ནང་ཉམས་འཕེལ་བའི་ ཡུལ་ཏེ། རིག་པ་དང་ཉམས་གཉིས་སུ་མེད་པ་ལས་འཁོར་འདས་འདྲེས་པ་ཞེས་ བྱའོ། །དེའང་ས་ཆུ་མེ་རླུང་གི་དངོས་པོ་རགས་པ་ལ་ཡུལ་དུ་གཏད་པས་མི་གྲོལ་ཏེ། དང་པོ་སྣང་བ་འཆར་དུ་མི་འདོད། ཕྱིས་ཤར་དུས་གཏད་ཀྱང་དངོས་པོ་རགས་པ་ ལྟར་ཤེས་པའང་དེ་དང་མཐུན་པ་སྐྱེ་བས་སྟོང་ཉིད་བསམ་དུ་མེད་པའི་ཉམས་ནང་ ནས་མི་འཆར་ལ། ནམ་མཁའ་སྟོང་པ་ལ་རིག་པ་སྟོང་པ་གཏད་པས། ཡུལ་ནམ་ མཁའ་དང་མཐུན་པའི་ཉམས་སྟོང་གསལ་འཕྲོ་འདུ་དང་བྲལ་བ་ཕྱལ་ཡས་པ་ཅིག་ འཆར་བས། དངོས་པོ་མཚན་མ་དང་བྲལ་བའི་དགོས་པ་ཡོད་དེ། སེམས་སྡེ་ལས། རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །ཞེས་པ་དང་། སྡུད་པ་ལས། དོན་དེ་གང་ ཡིན་ནམ་མཁའ་དག་ལ་བརྟག་པར་གྱིས། །ཞེས་པ་དང་། ཡུམ་བར་མ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི། ནམ་མཁའ་རྣལ་འབྱོར་དུ་བྱེད་པའོ་ ཞེས་པ་ལ་སོགས་པ་ལུང་དཔག་ཏུ་མེད་དོ། ། དེའང་ཡུལ་ཕྱི་ནང་འདྲེས་པ་ལས་མཉམ་པ་རིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་ རིག་གཉིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་འདྲེས་པས་འཁོར་འདས་རོ་ མཉམ་གྱི་ལྟ་བ་ཞེས་བྱའོ། །འདི་ཉིད་བསྟན་བུ་ལས་ཀྱང་། དབྱིངས་དང་རིག་པའི་ ལྟ་སྟངས་ནི། །སྒྲིབ་བྱེད་བྲལ་བའི་ནམ་མཁའ་ལྟར། །ཅེས་གསུངས་སོ། །གསུམ་

[p. 153] ། ཐེག་མཆོག་རིན་པོ་ཆེའི་མཛོད། པ་རླུང་རིག་གི་གནད་ནི། ཡུལ་དང་སྒོ་གཉིས་འཛོམ་དུས་རླུང་དལ་བ་བསྟེན་པས་ རིག་པ་བཙོན་དུ་གཟུང་བ་ཞེས་བྱ་སྟེ། དེའང་རླུང་ཅི་ནས་ཀྱང་དལ་བ་ལ་ཕྱིར་རྒྱང་ རིང་པོ་འཕེན་ཞིང་ཕྱིར་བཟུང་ལ་གཞག་པ་གནད་ཡིན་ནོ། །དེ་ཡང་རླུང་དལ་བས། ཕྱིར་རྣལ་འབྱོར་པའི་ཚེ་རྒྱས་པའི་གྲོགས་སུ་འགྲོ་ལ། ནང་དུ་རྣམ་པར་རྟོགས་པ་ ནུབ་པའི་རྐྱེན་བྱེད་ཅིང་། གསང་བར་རིག་པ་མངོན་སུམ་དུ་མཐོང་བའི་ལས་ བྱེད༧། ཁོ་ན་ཉིད་དུ་ཟག་བཅས་མི་སྣང་བར་སངས་རྒྱ་བར་བྱེད་པའོ། །དེ་སྐད་ དུའང་ཐལ་འགྱུར་ལས། རླུང་ནི་ཅི་ནས་དལ་བྱ་སྟེ། །རབ་ཏུ་འཕང་བ་ལས་བྱུང་ བས། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ཟློག་པ་མིན། ། ཅེས་པ་དང་། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །རིག་པའི་གནད་ལུ་ གུ་རྒྱུད་དབྱིངས་ཀྱི་ར་བར་བཞག་ནས་མི་འགུལ་བར་བྱེད་པ་སྟེ། དེ་ཉིད་ལས། རང་ངོ་རིག་པ་ལུ་གུ་རྒྱུད། །འགྲོ་འོང་བྲལ་བས་མཁའ་ལ་བཟུང་། །ཞེས་པ་དང་། བསྟན་བུ་ལས། དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །རྣམ་པར་གཞག་ཅིང་འབྲལ་མི་བྱ། ། ཞེས་སོ། །དེའང་རླུང་དལ་བ་བསྟེན་པས་བྱ་བ་དང་བྲལ་བའི་དོན་རྒྱུད་ལ་སྐྱེ། རིག་ པ་ལུ་གུ་རྒྱུད་ཨར་ལ་གཏད་པས་རྣམ་པར་རྟོག་པའི་ཁུངས་ཟད་ནས། འཁྲུལ་པ་ གཞི་ལ་ལོག་སྟེ་ཡེ་ཤེས་མ་བུ་ཕྲད་པའོ། །རིག་པ་རླུང་དང་བྲལ་ནས་འགྲོ་འོང་དུ་ མེད་པ་ནི་རིག་པ་ལ་རང་བྱན་ཚུད་པའོ། །དེ་ཡང་ཁྲིད་དུ་བྱེད་ན་ལུས་ཀྱི་གནད་ བསྟུན་པ་ལ་ཉི་མ་ལྔ་དྲུག་ཏུ་བྱའོ། །དེ་ནས་སྒོ་སྤྱད་པ་ལ་དེ་ཙམ་ཅིག་ཏུ་བྱའོ། དེ་ ནས་ཡུལ་བཙལ་བ་ལ་ཉི་མ་དྲུག་ནས་བདུན་བྱས་ལ། དེ་ནས་མངོན་སུམ་རང་ ཐོག་ཏུ་ཕབ་ནས་ཉམས་སུ་ལེན་པའོ། །དེས་ནི་ཤིན་ཏུ་འབྱོངས་ཤིང་སྒོམ་ཤེས་པ་ འབྱུང་ངོ་། །གཞན་དུ་འལ་མ་འོལ་བྱས་པས་སྣང་བ་ར་རི་ཅིག་མཐོང་ནས། ཡིད་

[p. 154] ། རིམ་ཁང་བཅོ་བརྒྱད་པ་འོད་གསལ་རྡོ་རྗེ་སྙིང་པོའི་ལམ་གྱི་ཆིངས་བསྟན་པ། ཆེས་མེད་པར་ཁྲིད་ཐོན་དུས་ཅི་ལ་ཟེར་ཆ་མེད་པར་པྲ་ཡས་པ་དག་འབྱུང་ཉེ་བས་ དེ་ལྟར་མ་སོང་བ་དག་ཏུ་བྱའོ། །དེ་ལ་སྤྱིར་གྱིས་ཁྲིད་མོ་ཆེ་འདི་འདེབས་དུས་སྔོན་ འགྲོ་ཚད་ལ་ཕེབས་པ་བརྩོན་འགྲུས་དང་བཅས་པས་སྦྱངས་པས་དངོས་གཞི་ལ་ ཡིད་ཆེས་ཐུན་མོང་མ་ཡིན་པ་སྐྱེའོ། །དངོས་གཞི་ཐེབས་པར་བཏབ་པས་མངོན་ སུམ་ལ་སྤྲོ་དགའ་ཁྱད་པར་ཅན་འབྱུང་ངོ་། །རྗེས་རྒྱབ་ཆོས་མཐའ་ཆོད་པར་བཤད་ པས་ཉམས་ལེན་བསྐྱང་ཐུབ་པ་ཤེས་ནས་ཐེ་ཚོམ་དང་རྟོག་མཐའ་ཆོད་དེ་ཆོས་ གཞན་ལ་ཡིད་མི་སྨོན་པའི་དགོས་པ་ཡོད་དོ། །གཉིས་པ་མངོན་སུམ་རིག་པའི་ རང་ངོ་སྤྲད་པ་ནི། རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ནམ་མཁའ་ལ་ལྡིང་བ་ ལྟ་བུ་དབྱིངས་འོད་གསལ་གྱི་སྣང་བ་དང་བཅས་པ་འདི་མ་འཁྲུལ་པའི་སངས་རྒྱས་ ཀ་དག་ལྷུན་གྲུབ་ཀྱི་རང་གདངས་ཏེ། ངང་ལ་བལྟས་པས་རྟོག་བྱེད་ཐམས་ཅད་ དག་ནས་སྤྲོས་བྲལ་ནམ་མཁའ་འདྲ་བའི་གདངས་ནང་དུ་ཤར་བས། དབྱིངས་རིག་ གཉིས་སུ་མེད་པའི་དགོངས་པ་ཤེས་རབ་རང་བྱུང་གི་ཡེ་ཤེས་དང་ཞལ་མཇལ། ཐོག་མའི་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ། འདི་ལ་གོམས་པ་ཚད་དུ་ཕྱིན་ན་ རྡོས་བཅས་འོད་དུ་འགྲོ་ལ། མ་ཕྱིན་ཡང་བར་དོའམ་རང་བཞིན་སྤྲུལ་པའི་ཞིང་ བགྲོད། འགྲོ་དྲུག་འཁྲུལ་པའི་གཡང་ས་ཆོད་པའོ། ། ཞེས་ངོ་སྤྲད་དེ། རང་བྱུང་བསྟན་པའི་བཙས་ལས། འདི་ལྟར་སུ་ཡིས་མཐོང་བའི་མི། ། ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་བ་ཉིད་ནི་མཉམ་པའོ། །ཞེས་པ་དང་། ཐལ་འགྱུར་ལས། ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། ། མ་འཁྲུལ་གཞི་ཡི་སངས་རྒྱས་སོ། །ཞེས་སོ། །གསུམ་པ་དེ་ལས་སྣང་བའི་འཆར་ ཚུལ་བསྟན་པ་ནི། དབྱིངས་འོད་ལྔའི་རང་གདངས་ལང་ལིང་དུ་སྣང་བ་དང་། ལུ་

[p. 155] ། ཐེག་མཆོག་རིན་པོ་ཆེའི་མཛོད། གུ་རྒྱུད་ལ་ཐིག་ལེ་ཕྲ་མོས་འབྲེལ་བ་དང་། ཐོག་མར་དཀར་ཟང་ཟིང་སྐར་མ་འཕྲོ་ བ་ལྟ་བུ་ལས། ཐིག་ལེ་ཁ་དོག་ལྔ་ལྡན་དང་། རེ་རེ་བ་དང་། སུམ་སྦྲེལ་གྱི་བར་གྱི་ སྣང་བ་ཚུན་ཆད་དེ། སྔ་མ་ལས། དེ་ནས་ཐིག་ལེ་མཐོང་བ་ཡིན། །ཅེས་སོ། ། དེའང་ཕྱི་འོད་གསལ་ལ་བལྟས་པས་ནང་རྣམ་རྟོག་བྲལ་ཏེ་རིས་མེད་མཉམ་པར་ གྲོལ་བ་ནི། ཀ་དག་གི་རིག་གདངས་དང་། ལྷུན་གྲུབ་ཀྱི་འོད་གདངས་གཉིས་ཕྱི་ ནང་ཟུང་དུ་འབྲེལ་བས། དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་ཞེས་བྱའོ། ། གསུམ་པ་སྣང་བ་བཞི་འཆར་བའི་རིམ་པ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ་དང་། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། སྣང་བ་བཞི་ཀའི་དུས་སུ་ལུས་ བཞུགས་སྟངས་ལ་གནས་པ། མིག་གཟིགས་སྟངས་ལ་ལྟ་བ། རླུང་རིག་ངང་གིས་ དལ་བ་གསུམ་གནད་མཐུན་ལ། ཁྱད་པར་སྣང་བ་དང་པོ་གཉིས་སུ་སྦྱངས་པས་ཕྱི་ མ་གཉིས་སུ་རྩོལ་བ་ལ་མ་ལྟོས་པར་ངང་གིས་འབྱོངས་ནས། འོད་གསལ་དུ་གྲོལ་ བ་ཡིན་པས་ན་དབྱིངས་རིག་གཉིས་སུ་མེད་པ་ཞེས་བྱའོ། །འདི་དག་གི་གནད་དུ་ རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་མི་འབྲལ་བར་བྱ་བ་ནི་གནད་དུ་བྱུང་ལ། དེའི་དོན་ བཤད་ན། རིག་པ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མི་ཕྱེད་པ་གཞི་ གནས་དང་དེའི་གདངས་འོད་རྩ་དྭངས་པའི་སྣང་བ་ལས་གསེར་གྱི་སྐུད་པ་ལྟ་བུ་ བྲེང་ཆགས་ལ་འཁྱོག་མཚམས་ཐིག་ལེས་སྦྲེལ་བ་ལ་བྱའོ། །རྡོ་རྗེ་ནི་སངས་རྒྱས་ སེམས་ཅན་ཀུན་ལ་ངོ་བོ་བཟང་ངན་མེད་པར་མཉམ་ཞིང་མི་འགྱུར་བར་གནས་ པའི་ཆ་ནས་བཞག་ལ། ལུ་ནི་དཔེར་ན་ཆུའི་ལུ་མ་བཟང་པོ་ལས་ཆུ་འཕེལ་འགྲིབ་ མེད་པར་འབྱུང་བ་དང་འདྲ་བར། སྐུ་དང་ཡེ་ཤེས་ཀྱི་འཕེལ་སྒོ་སྣ་ཚོགས་སུ་ལམ་ སྣང་མ་རྫོགས་ཀྱི་བར་ལ་དེ་ལས་འཆར་བར་བྱེད་པའོ། །གུ་ནི་དེ་ཉིད་ཀྱི་ནང་དུ་

[p. 156] ། རིམ་ཁང་བཅོ་བརྒྱད་པ་འོད་གསལ་རྡོ་རྗེ་སྙིང་པོའི་ལམ་གྱི་ཆིངས་བསྟན་པ། ཆོས་ཉིད་ཕྱིན་ཅི་མ་ལོག་པའི་ལྟ་བ་དང་སྒོམ་པ་འགུགས་པར་བྱེད་ལ། རྒྱུད་ནི་ འཁོར་འདས་ལ་ཁྱབ་ཅིང་སྣང་བ་དེའི་ཚོགས་རྣམས་ལས། སྐུ་དང་། ཐིག་ལེ་འཕྲོ་ བ་དང་། མཆེད་པ་དང་། འདུ་བ་ལ་སོགས་པ་གསལ་བར་བྱེད་པའོ། །ཐལ་འགྱུར་ ལས། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །དེ་ལས་སྣང་བ་བཞིར་འགྱུར ༧ཏེ། ། ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་བསྣུབས། ། ཉམས་སྣང་གོང་དུ་འཕེལ་བ་ཡིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །རིག་པ་ ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་ པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད། །ཅེས་སོ། །དེའང་ སྣང་བ་བཞིར་གྲངས་ངེས་པ་ནི་ཕྱིར་ནམ་ཟླ་དུས་བཞིའི་འཕེལ་ཟད་པ་དང་། ནང་ དུ་ལུས་ངག་ཡིད་སེམས་བཞིའི་བཅིངས་པ་ལས་དགྲོལ་བ་དང་། གསང་བར་ དབང་བཞིའི་ངེས་པ་སྟོན་པ་དང་། དེ་ཁོ་ན་ཉིད་དུ་སྒྲོན་མ་བཞིའི་སྣང་བ་ངེས་པ་ ལ་ལྟོས་ནས་བཞིར་ངེས་སོ། །གོ་རིམ་ངེས་པ་ནི། དང་པོའི་གཞི་ཆོས་ཉིད་མངོན་ སུམ་མ་མཐོང་ན་ལྷག་མ་གསུམ་གྱི་འཆར་གཞི་མེད་པས་རྟེན་དང་བརྟེན་པའི་ གཞིར་དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་འཆར་བའོ། །དེ་ཉིད་ཤར་བས་ཆོས་ ཐམས་ཅད་ཀྱི་དོན་མཐོང་བས་རང་བྱུང་གི་ཡེ་ཤེས་རང་ལས་རྙེད་པ་ཞེས་བྱའོ། །དེ་ ནས་མངོན་པ་དེ་ཉམས་སུ་མ་མྱོང་ན་ཚིག་ཙམ་ལ་འབྲས་བུ་མི་འབྱུང་བ་ལས། དོན་ ཉམས་སུ་མྱོང་བས་དེའི་ཉམས་གོང་འཕེལ་དུ་བྱུང་བའོ། ། དེ་ལྟར་ཉམས་སྐྱེས་པའི་ཚད་བརྟན་པར་བྱེད་དགོས་ཏེ། མ་བརྟན་ན་ཉམས་ལ་ ཐུག་པ་མེད་པས་ཆོས་ལ་ཟིན་པ་མེད་ཅིང་། སངས་ལ་རྒྱ་རྒྱུ་མི་འབྱུང་བ་ལས། ཉམས་བརྟན་པའི་ཚད་ལ་ཕེབས་པས། རིག་པ་ཚད་ཕེབས་ཀྱི་སྣང་བ་བྱུང་བའོ། །

[p. 157] ། ཐེག་མཆོག་རིན་པོ་ཆེའི་མཛོད། རིག་པའི་སྣང་བ་ཚད་ལ་ཕེབས་ཀྱང་དེ་ལས་གཞན་དུ་མི་འགྱུར་ན་སྐུ་གསུམ་འབྲས་ བུར་འདོད་པ་དང་ཁྱད་མེད་ལ། དངོས་སྣང་མཚན་མའི་ཆོས་ལ་དོན་གྱི་འབྲས་བུ་ རེ་བ་ཐུན་མོང་བ་རྣམས་དང་ཁྱད་མེད་པ་ལས། སྣང་ཉམས་གཞི་ལ་ཐིམ་སྟེ། ཕྲ་ རགས་ཀྱི་སྣང་འཛིན་ནུབ་ནས། ཀ་དག་ཆོས་ཟད་ལ་སྤྱོད་པས་ཆོས་ཉིད་ཟད་པའི་ སྣང་བ་བྱུང་བའོ། །དེ་དག་ཀྱང་དང་པོ་གཉིས་སྤྲུལ་སྐུ། ཚད་ཕེབས་ལོངས་སྐུ། ཟད་པ་ཆོས་སྐུའི་སྣང་བ་ལམ་དུ་བྱས་པས་སྐུ་གསུམ་ལམ་སྣང་དུ་ཤར་བས་འབྲས་ བུ་ཆོས་ཟད་ཀ་དག་གི་དབྱིངས་ལ་ཐུག་པའི་ཕྱིར། རང་སྣང་གི་རྩལ་སྐུ་གསུམ་ རིག་པའི་ངང་དུ་ཐིམ་པས། རིག་པ་ཀ་དག་གི་འབྲས་བུ། རིག་པའི་དབྱིངས་ནས་ གདོད་ཀྱིས་རང་རྩལ་སྐུ་གསུམ་ཤར་བས་དོན་བྱེད་པ་ཞེས་བྱ་སྟེ། ཐེག་པ་གཞན་ ནས་མིང་ཡང་མི་གྲག་པའི་སྙིང་པོ། ཐེག་པ་རྒྱལ་པོའི་དགོངས་པ་ཞེས་བྱའོ། ། གནད་འདི་རྟོགས་དཀའ་བ་ཅིག་ཡིན་ནོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་ བཤད་པ་ལ་བཞི་སྟེ། ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་ ཕེབས། ཆོས་ཉིད་ཟད་པའི་སྣང་བ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། མངོན་སུམ་སྤྱིའི་འབྲེལ་དགོད་པ་དང་། རང་གི་མཚན་ཉིད་ངོས་གཟུང་བའོ། །དང་ པོ་ནི་སྤྱིར་མངོན་སུམ་ལ་ཀུན་རྫོབ་ཐ་སྙད་ལ་གྲགས་པའི་མངོན་སུམ་དང་། དོན་ དམ་དབྱིངས་ལ་མཇལ་བའི་མངོན་སུམ་གཉིས་ལས། དང་པོ་ལ་དབང་པོའི་མངོན་ སུམ་གཟུགས་སོགས་ཡུལ་ལྔ་སྣང་བའི་རང་བཞིན་དང་། ཡིད་ཀྱི་མངོན་སུམ་ཡུལ་ ཉེ་བར་སྤྱོད་པ་རྒྱུ་མཚན་ངེས་པའི་རྟོག་ཡུལ་ན་སྣང་བ་དང་། རང་རིག་པའི་མངོན་ སུམ་ནང་དུ་བདེ་སྡུག་ལ་སོགས་མྱོང་བ་ངེས་པའི་སྣང་བ་དང་། རྣལ་འབྱོར་གྱི་ མངོན་སུམ་ཆོས་ཉིད་ཀྱི་དོན་ཉེ་བར་མཇལ་བ་དེ་ཁོ་ན་ཉིད་ཀྱི་ཕྱོགས་ལ་ཞུགས་

[p. 158] ། རིམ་ཁང་བཅོ་བརྒྱད་པ་འོད་གསལ་རྡོ་རྗེ་སྙིང་པོའི་ལམ་གྱི་ཆིངས་བསྟན་པ། པའི་སོ་སོ་ཡང་དག་པའི་རིག་པ་དང་དེའི་སྣང་ཡུལ་གཉིས་སུ་མེད་པའི་ངང་ན་ གཟུང་འཛིན་དང་བྲལ་བར་མྱོང་བའི་ངེས་པ་སྟེ། རྣམ་འགྲེལ་ལས། ཐམས་ཅད་ ལས་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །གནས་ནའང་ མིག་གིས་གཟུགས་དག་ནི། །མཐོང་བའི་བློ་དེ་དབང་སྐྱེས་ཡིན། །ཅེས་བཤད་པ་ བཞིན་ནོ། །དོན་དམ་དབྱིངས་ལ་མཇལ་བའི་མངོན་སུམ་ནི་རིག་པའི་ངོ་བོ་ཆོས་ ཉིད་སྙིང་ག་ན་ཡོད་པར་ངེས་ཏེ། དེའི་རང་གདངས་སྙིང་ནས་མིག་ཏུ་འབྲེལ་བའི་ ཕྱིར་ཉི་མ་དང་འོད་ཟེར་བཞིན་རྒྱུ་འབྲས་ངེས་པའི་གཏན་ཚིགས་ཀྱིས་ཡིད་ཆེས་ པར་མཇལ་བའོ། །དེའི་ཕྱིར་འཇིག་རྟེན་པ་དང་འདས་པ་གཉིས་ལས་འདི་ནི་ འདས་པའི་མངོན་སུམ་མོ། །འདས་པ་ལ་བརྗོད་བྱ་ཤེས་པ་གཙོ་བ་སེམས་ཀྱི་རྒྱུ་ མཚན་ངེས་པ་དང་། གནད་གཏེམས་པ་མཐོང་བ་གཙོ་བ་རིག་པའི་མངོན་སུམ་ གཉིས་ལས། འདི་རིག་པའི་མངོན་སུམ་ཞེས་བྱ་བ་ཡིན་ནོ། །གཉིས་པ་རང་གི་ མཚན་ཉིད་ངོས་གཟུང་བ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་པ་ལ། ཆོས་ཉིད་ ཀྱི་སྒྲ་ཉེ་བར་སྦྱར་བ་ལ་བཞི་ལས། འཁོར་བ་ལ་ཆོས། མྱང་འདས་ལ་ཆོས་ཉིད་ ཅེས་པའི་འདི་ཆོས་ཉིད་དོ། །སྣང་བ་ལ་ཆོས། སྟོང་པ་ལ་ཆོས་ཉིད་དུ་བརྗོད་པའི་ འདི་ཆོས་ཉིད་དོ། །གནད་མེད་པས་མི་གྲོལ་བ་ལ་ཆོས། ཡོད་པས་གྲོལ་ངེས་པ་ལ་ ཆོས་ཉིད་དུ་གྲགས་པའི་འདི་ཆོས་ཉིད་དོ། ། དབྱིངས་ལ་ཆོས། རིག་པ་ལ་ཆོས་ཉིད་དུ་གྲགས་པའི་འདི་གཉིས་ཀ་དབྱེར་མེད་དུ་ འདོད་པའོ། །མངོན་པ་ནི་དབང་པོའི་སྤྱོད་ཡུལ་པ་དངོས་སུ་བལྟར་ཡོད་པའོ། ། དེའང་ཡིད་དཔྱོད་ལ་མ་ལྟོས་པ་སྟེ། ཡིད་དཔྱོད་ཀྱི་ཤེས་རབ་ཀྱིས་གང་དུ་བཙལ་ ཡང་རྙེད་པའི་དུས་མེད་དོ། །ཚོལ་མཁན་མིག་ཅན་མ་ཡིན། འོད་གསལ་གཟུགས་

[p. 159] ། ཐེག་མཆོག་རིན་པོ་ཆེའི་མཛོད། ཅན་མ་ཡིན་པའི་ཕྱིར་ཏེ། སྡུད་པ་ལས། ཤེས་རབ་ཀྱིས་ནི་བརྟགས་ན་ཕུང་པོའི་ གཏིང་མི་རྙེད། །ཅེས་སོ། །འོད་གསལ་གྱི་སྣང་བ་འདི་ཐ་སྙད་ལ་གྲགས་པའི་ གཟུགས་ཅན་མ་ཡིན་ཏེ། ཕྲ་བ་རྡུལ་ཕྲན་དང་རགས་པ་དངོས་པོ་རང་མཚན་དུ་ འདི་མེད་པའི་ཕྱིར་འབྱུང་བཞིའི་གནོད་པས་གཞིག་ཅིང་གཞོམ་དུ་མི་རུང་བའི་ཕྱིར་ རོ༑ ༑གཟུགས་ཅན་ནི་གཞིག་ཅིང་གཞོམ་རུང་དུ་ཡོད་དེ་གཟུགས་ཀྱི་མཚན་ཉིད་དེ་ ཡིན་པའི་ཕྱིར་རོ། །གསུམ་ནི་རྣམ་གྲངས་ཏེ་ཕྱིར་ལུས་ངག་ཡིད་གསུམ་གྱི་གནད་ གསུམ་གྱིས་གཞི་བཅའ་བ། ནང་དུ་ཆོས་ཉིད་ཡུལ་གྱི་གནད། འཆར་བྱེད་སྒོའི་ གནད། རླུང་རིག་གནས་པའི་གནད་གསུམ་གྱིས་ལམ་བསལ་བ་དང་། གསང་བར་ གོམས་པ་ཚད་ཀྱི་རིམ་པ། སྨིན་པ་རྟགས་ཀྱི་རིམ་པ། མཐར་ཐུག་ཟད་པའི་རིམ་པ་ དང་གསུམ་གྱིས་ཚད་གཟུང་བ་དང་། བླ་ན་མེད་པར་སྣང་བ་འོད། སྨིན་པ་ཐིག་ལེ། རྫོགས་པ་སྐུ་དང་གསུམ་གྱིས་འབྲས་བུ་རྫོགས་པའི་ཕྱིར། གསུམ་ཚན་བཞིར་ངེས་ པས་གསུམ་ཞེས་བྱའོ། །ཡང་ན་ཆོས་ཉིད་ལ་སྐུ་གསུམ་ལྷུན་གྲུབ་ཏུ་ཡོད་པའི་རང་ གདངས་སྣང་བ་གསུམ་ཕྱིར་ཤར་བའི་གྲངས། ཆོས་སྐུའི་རང་གདངས་ནང་མྱོང་བ་ རིག་སྟོང་། ལོངས་སྐུའི་རང་གདངས་འོད་ལྔ་ཕྱིར་གསལ་བ་ཡེ་ཤེས་རང་གསལ། སྤྲུལ་སྐུའི་རང་གདངས་ཤར་གྲོལ་རིས་མེད་ཤེས་རབ་ཀྱི་རྩལ་དང་བཅས་པ་གསུམ་ ལ་ལྟོས་ནས་གསུམ་ཞེས་བྱའོ། །དེའང་གཞི་གསུམ་གྱིས་གཞི་བཅས་པས་དངོས་ པོ་ལ་ཐ་དད་མེད་པའི་གནད་དང་། ལམ་གསུམ་གྱིས་གེགས་བསལ་བས་འགྲོ་ ལམ་ལ་ཉེ་རིང་མེད་པ་དང་། ཚད་གསུམ་གྱིས་ཚད་ལ་ཕབ་པས་འདྲ་མིན་དང་ཆལ་ ཆོལ་མེད་པ་དང་། འབྲས་བུ་གསུམ་གྱིས་ཟད་སར་བསྐྱལ་བས་ཡིན་མིན་དང་ཐེ་ ཚོམ་མེད་པས་ན་མངོན་སུམ་ཞེས་བྱ་སྟེ། ཐ་མལ་པའི་དུས་ན་དགའ་མི་དགའ་

[p. 160] ༈ རིམ་ཁང་བཅོ་བརྒྱད་པ་འོད་གསལ་རྡོ་རྗེ་སྙིང་པོའི་ལམ་གྱི་ཆིངས་བསྟན་པ། བཏང་སྙོམས་གསུམ་མཐོང་བས་བདེ་སྡུག་བར་མ་གསུམ་འཆར་བ། བླ་མའི་ གདམས་པ་ཉམས་སུ་བླང་བའི་དུས་ན་དབྱིངས་རིག་ཆོས་གསུམ་མངོན་པར་མཐོང་ བས་སོ། །ཆོས་ཉིད་མངོན་སུམ་ལ་ཡིད་དཔྱོད་ཚིག་གིས་སྒྲོ་གདགས་སུ་མེད་པའི་ གནད། གོམས་པའི་དུས་ན་འོད་ཐིག་ལེ་སྐུ་གསུམ་མཐོང་བས་འཁྲུལ་པའི་སྣང་བ་ རང་འགགས་པའི་གནད། ཚད་དུ་ཕྱིན་པའི་དུས་ན་གསལ་བ་སྟོང་པ་བདེ་བ་ གསུམ་མངོན་པར་མཐོང་བས། ཆོས་ཉིད་རང་ཟད་པའི་གནད་དོ། །དེ་ལྟར་ན་ གསུམ་ཞེས་གྲངས་ཀྱི་གནས་གཞན་ལ་བརྟེན་ནས་འབྲས་བུ་ཅིག་ཅར་དུ་གྲོལ་ བར་ངེས་པའོ། །སྣང་བ་ནི་གང་སྣང་ན་ཆོས་ཉིད་སྣང་ལ། ཡུལ་གང་ལ་སྣང་ན་ དབྱིངས་ལ་སྣང་། ཚུལ་ཇི་ལྟར་སྣང་ན་འོད་དང་འོད་ཁྱིམ་རིག་པ་ལུ་གུ་རྒྱུད་དང་ བཅས་པ་སྣང་། སྣང་བ་དེ་ཉམས་སུ་བླངས་པ་ལས་འབྲས་བུ་རྡོས་བཅས་མི་སྣང་ བར་སངས་རྒྱ་བའོ། །དེ་ལྟར་ཆོས་ཉིད་མངོན་སུམ་གྱི་སྣང་བའི་ངོ་བོ་དབྱིངས་རིག་ འོད་གསལ་དུ་སྣང་བ་སྟེ། ཡི་གེ་མེད་པ་ལས། སྐྱེ་བ་མེད་པའི་མངོན་སུམ་སངས་ རྒྱས་ཀྱིས། །ཡུལ་མེད་རྣམ་པར་དག་པའི་སྣང་བ་མཐོང་། །ཞེས་པ་དང་། སྒྱུ་ འཕྲུལ་ལས། ནོར་བུ་རིན་ཆེན་འོད་ཆགས་དཔལ། །སངས་རྒྱས་ཀུན་གྱི་ མངོན་སུམ་པ། །ཞེས་སོ། །ངེས་ཚིག་ནི་སྐུ་གསུམ་གྱི་སྣང་བ་མཐོང་བ་སྟེ། རིན་པོ་ ཆེ་རྣམ་པར་བརྩེགས་པའི་རྒྱུད་ལས། མངོན་ཞེས་བྱ་བ་མཐོང་བ་ལ། །གསུམ་ཞེས་ བྱ་བ་སྐུ་གསུམ་གྱི། །ཞིང་ཁམས་གཏན་ལ་ཕེབས་པའོ། ། ཞེས་སོ། །དགོས་པ་ནི་གནད་འདིས་གོལ་སྒྲིབ་མེད་པར་གྲོལ་ཏེ། དེ་ཉིད་ལས། ཆོས་ཉིད་མངོན་སུམ་གནད་མེད་ན། །མིག་མེད་གཡང་ཁར་ཕྱིན་པ་འདྲ། །ཞེས་སོ། ། གནད་ནི་ཐལ་འགྱུར་ལས། རྒྱང་ཞགས་འགུལ་བ་མེད་པ་གནད། །འདི་དུས་ལྟ་

[p. 161] ། ཐེག་མཆོག་རིན་པོ་ཆེའི་མཛོད། སྟངས་གསུམ་དང་སྦྱར། །ཞེས་པ་དང་། ཡི་གེ་མེད་པ་ལས། མིག་ནི་རབ་ཏུ་གནན་ བྱ་སྟེ། །མིག་ཟུར་ཉིད་ལས་དབྱིངས་འབྱུང་བས། །མིག་ནི་ནམ་མཁའི་ཁམས་སུ་ བརྟག །ཅེས་སོ། །སྣང་བ་ནི། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། ། དབང་པོའི་སྒོ་ལས་ངེས་འཐོན་ཏེ། །སྤྲིན་མེད་པ་ཡི་མཁའ་ལ་གསལ། །ཅེས་པ་ དང་། གཞན་ཡང་རྩ་དང་འཕྲུལ་འཁོར་གྱིས། །རང་བཞིན་གནས་པའི་ཡེ་ཤེས་ལྔ། ། ཆུ་བུར་མིག་གིས་མཐོང་བའོ། །ཞེས་པ་དང་། རང་ཤར་ལས། ཡེ་ཤེས་ལྔ་ལྡན་ འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འགྲོ་དང་འོང་བ་དང་། །འགུལ་ བ་དང་ནི་འཕྲིག་པའོ། །ཞེས་པ་དང་། སེང་གེ་རྩལ་རྫོགས་ལས། རང་སྣང་རིག་ པའི་དངོས་པོ་དེ། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །ཞེས་པ་དང་། ནོར་བུ་འཕྲ་ བཀོད་ལས། རྒྱང་ཞགས་ཆུའི་སྒྲོན་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ཡོངས་སུ་གསལ་ལོ་ཞེས་སོ། །ཉམས་སུ་བླང་ལུགས་ནི་ དང་པོ་ཐུན་ཆུང་ལ་གྲངས་མང་དུ་བྱ། གཉིས་པ་ལ་ཐུན་བསྐྱེད་ཅིང་ཡུན་བསྲིང་། གསུམ་པ་ལ་ཉིན་མཚན་མེད་པར་ཉམས་སུ་བླང་ཞིང་། དབྱིངས་ཀྱི་ར་བར་རིག་པ་ བཅུག་པ་ལས་མི་འགུལ་བར་བྱེད་དེ། སྒྲོན་མ་འབར་བ་ལས། དབྱིངས་ཀྱིས་རིག་ པའི་རང་ཡུལ་བྱེད། །རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད། །འདི་ཉིད་ནང་དུ་གཞག་པར་བྱ། ། ཞེས་སོ། །འབྲས་བུ་ནི། ཕྱིའི་དབྱིངས་སྣང་ལ་མིག་མི་འགུལ་བའི་རང་དུས་ན། ནང་དུ་རིག་པ་གཞི་ལ་གནས་པས་གདངས་རང་ཐིམ་ལ་འཁོར་ནས། གློ་བའི་རླུང་ གི་རྟ་དང་བྲལ་བས། ཡེ་ཤེས་ཀྱི་ནམ་མཁའ་དབྱིངས་ཀྱི་ནམ་མཁའ་ལ་ཐིམ་ནས་ ངོ་མཉམ་རིས་མེད་དུ་གྲོལ་བས། ཀ་དག་གི་རིག་པ་དབྱིངས་ལས་མ་གཡོས་ པར་སྙིང་ག་ན་ངང་གིས་འོད་གསལ་བའི་དགོངས་པ་ལ་རང་བཞིན་གྱིས་གནས་ཏེ།

[p. 162] ༈ རིམ་ཁང་བཅོ་བརྒྱད་པ་འོད་གསལ་རྡོ་རྗེ་སྙིང་པོའི་ལམ་གྱི་ཆིངས་བསྟན་པ། རྣལ་འབྱོར་པ་དེ་ཆོས་ཉིད་གདོད་མའི་འོད་གསལ་ཟིན་པ་ཞེས་བྱ་བས་འཁོར་བ་ མིང་མེད་དུ་སྟོངས་ནས་སྲིད་གསུམ་གདར་ཤ་ཆོད་པ་ཡིན་ཏེ། ཐལ་འགྱུར་ལས། དེས་ནི་ཆོས་ཉིད་མངོན་སུམ་གནད། །མཐོང་བ་ཙམ་གྱིས་ཤེས་པ་དང་། །དེ་ཤེས་ པ་ཡིས་རྟོགས་པ་དང་། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །གྲོལ་ཞེས་ བཀྲོལ་བ་མ་ཡིན་ཏེ། །ནམ་མཁའ་དག་ནི་ནམ་མཁའ་ལ། །ཐིམ་ནས་རང་ བཞིན་དམིགས་མེད་པས། །རིས་མེད་ཆ་ཤས་ཡོད་མ་ཡིན། །མངོན་སུམ་རྙེད་པའི་ སྐལ་ལྡན་ལ། །ཁམས་གསུམ་འཁོར་བ་མིང་མེད་པས། །སྲིད་གསུམ་གདར་ཤ་ ཆོད་པའོ། །ཞེས་སོ། ། གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ལ་གཉིས་ལས། མདོར་བསྟན་པ་ནི། དབྱིངས་རིག་ལ་གོང་ནས་གོང་དུ་སྦྱངས་པས། ཕྱིར་དབྱིངས་སྣང་དུ་རིག་པ་ལུ་གུ་ རྒྱུད་དབྱེར་མེད་དུ་གནས་པ་བཞིན། ནང་དུ་ཀ་དག་གི་སྟོང་དབྱིངས་ལ་རང་ གདངས་ཀྱི་རིག་དབྱིངས་གཉིས་མེད་དུ་གནས་པས་འོད་གསལ་མ་བུ་འདྲེས་ཏེ། སྣང་ཉམས་སྣ་ཚོགས་སུ་འཕེལ་བ་ནི། ཐལ་འགྱུར་ལས། ཉམས་ཀྱི་སྣང་བ་གོང་ འཕེལ་ནི། །ཡེ་ཤེས་ཁ་དོག་ཕྱིར་བྱུང་ནས། །གྱེན་འགྲེང་བ་དང་རྩིབས་ཤར་དང་། ། ཐིག་ལེ་སྣ་ཚོགས་སྐུ་ཉིད་དུ། །རགས་པར་སྣང་བའི་ཡུལ་ལ་གསལ། །ཅེས་སོ། ། རྒྱས་པར་བཤད་པ་ནི། ཉམས་གོང་འཕེལ་ཅེས་པའི་ཉམས་ལ་གཉིས་ཏེ་ཤེས་པའི་ ཉམས་དང་། སྣང་བའི་ཉམས་སོ། །ཤེས་ཉམས་ལ་འཇིག་རྟེན་པའི་ཤེས་ཉམས་ ཏིང་ངེ་འཛིན་གྱིས་ཐོབ་པའི་དགའ་བདེ་སེམས་ཆགས་པ་གླུ་གར་ལ་སོགས་པ་བྱེད་ སྙིང་འདོད་པ་རྣམས་དང་། འདས་པའི་ཤེས་ཉམས་སྟོང་གསལ་མཐའ་བྲལ་གྱི་ རྟོགས་ཚད་ཤེས་རབ་ཀྱི་རྩལ་དང་བཅས་པ་རྣམས་ཏེ། འདི་ཉིད་ཐོག་མ་བར་དང་

[p. 163] ། ཐེག་མཆོག་རིན་པོ་ཆེའི་མཛོད། མཐར་གོམས་པ་ལས། ཤེས་པ་དགའ་བདེའི་ཉམས་དང་། མཐར་འགྱུར་གྱི་ ཉམས་དང་། སྣང་བའི་ཉམས་དང་གསུམ་འབྱུང་བ་ལས། དང་པོ་ནི། ལུས་ངག་ གནད་དུ་གཅུན་པས་རླུང་སེམས་བག་ལ་ཞ་ནས། ནང་ཏིང་ངེ་འཛིན་འོད་གསལ་ སྟོང་པའི་ངང་ལ་འབྱམས་པ་དང་། ཤེས་པ་བག་ཡངས་གཟུང་འཛིན་མེད་པའི་ དགའ་བདེ་ཡངས་པ་ཁྲོལ་ཆགས་སུ་སྐྱེས་ཀྱང་ཞེན་འཛིན་སྤུ་ཉག་ཙམ་ཡང་མེད་པ་ ནི་རང་བཞིན་གྱི་བསམ་གཏན་གནད་དུ་ཕེབས་པ་ལས་བྱུང་བའོ། །བཅོས་མའི་ བསྒོམས་པ་ལས་དགའ་བདེ་བྱུང་བ་ནི་ཉམས་འགྱུར་བ་ཤས་ཆེ་ལ་རགས་པ་ འཁྲབ་པའམ་གླུ་གར་བྱེད་འདོད་པ་འབྱུང་བས་ཆགས་ཞེན་དུ་སོང་ལ། འདི་ནི་ དགའ་བདེར་ཤར་ཡང་རང་དབང་ཐོབ་པའི་དགའ་བདེ་ཞེན་མེད་དུ་ཤེས་྾པའི་ ཁྱད་ཡོད་པ་ནི་བཅོས་ནས་བསྒོམས་པ་དང་། རང་བཞིན་གྱིས་རླུང་དུ་ཕེབས་པའི་ བསམ་གཏན་གྱི་ཁྱད་དུ་ཤེས་པར་བྱའོ། །མཐར་འགྱུར་གྱི་ཉམས་ནི་རླུང་ཉམས་ཀྱི་ སྣང་ཆ་སྟེ། སྲིན་བུ་མེ་ཁྱེར་ལྟ་བུ་དང་། སྤྲིན་ལྟ་བུ་དང་། དུ་བ་ལྟ་བུ་དང་། སྨུག་ ཟིལ་ལྟ་བུ་དང་། ཟླ་བ་ཤར་བ་ལྟ་བུ་དང་། སྐར་མ་ཤར་བ་ལྟ་བུ་དང་། ནམ་སྲོས་ པ་ལྟ་བུ་ལ་མཐིང་གའི་སྣང་བ་ཡོད་པ་ལྟ་བུ་དང་། ཉི་མ་ཤར་བ་ལྟར་ཕྱི་ནང་ཟང་ ཐལ་བར་སྣང་བ་ལྟ་བུ་དང་བརྒྱད་དེ། འཆར་ནུབ་དང་གསལ་འགྲིབ་ཏུ་བྱུང་བས། མི་བརྟན་ཚུགས་མི་ཐུབ་འགྱུར་འགྲོ་བས་མཐར་འགྱུར་གྱི་ཉམས་ཞེས་བྱ་སྟེ། རླུང་ གཡོ་བའི་ཉམས་ཡིན་པའི་ཕྱིར་རོ། །འདི་དག་བྱར་ཡོད་དེ་རླུང་སེམས་དག་དགོས་ པའི་ཕྱིར་རོ། །སྣང་བའི་ཉམས་ནི། རིག་པའི་རང་གདངས་འོད་གསལ་ཆེན་པོ་སྟེ། གནས་སྐབས་སུ་ཕྱིར་སྣང་འཕེལ་ཞིང་ཚད་ལ་ཕེབས་ནས། རང་གདངས་གཞི་ ཐིམ་ལ་ནང་དུ་བཟློག་པས་ཕྱིར་གསལ་དུ་ཟད་དགོས་ཏེ། ལྷུན་གྲུབ་ཀ་དག་གི་

[p. 164] ། རིམ་ཁང་བཅོ་བརྒྱད་པ་འོད་གསལ་རྡོ་རྗེ་སྙིང་པོའི་ལམ་གྱི་ཆིངས་བསྟན་པ། དབྱིངས་སུ་ཐིམ་དགོས་པའི་ཕྱིར་རོ། །ནང་གསལ་དུ་རང་འོད་ཀྱི་ཀློང་ན་རིག་པ་ སྐུ་དང་ཡེ་ཤེས་ཀྱི་ཕོ་བྲང་ལ་ཡེ་བཞུགས་ལྷུན་གྲུབ་ཆེན་པོར་འཕོ་འགྱུར་མེད་པའོ། ། དེས་ན་འདིར་སྣང་བའི་ཉམས་གཙོ་༧བ་སྟེ། ཤེས་ཉམས་ནི་བློ་ཡིན་པས་འགྱུར་ ཞིང་ཚད་མི་ཐུབ་སྟེ་ཀུན་བརྟགས་ཀུན་རྫོབ་ཀྱི་རྣམ་པ་ཅན་དྲན་བྱེད་ཐ་དད་པ་ཚུ་ རོལ་གྱི་རྟོག་པས་བསྡུས་པའི་ཕྱིར། འདི་ལ་ཚད་བྱེད་ན་སྤྲིན་ལ་ཚོད་བཙུགས་ནས་ སྦས་སྐུངས་བྱེད་པའི་བྱ་དང་འདྲ་སྟེ། དོན་རྟོགས་པའི་དུས་མེད་དེ་མཐོང་བ་རང་ ཐོག་ཏུ་མི་ཕེབས་སོ། །འདི་ནི་སྣང་བའི་ཉམས་ཏེ་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་ མཐོང་བས་འཁོར་བའི་ལས་ཀྱི་མཐའ་ཕྱེད་གཟུང་བ་ཡུལ་དུ་སྣང་བ་ལས་འདས་ལ། དབྱིངས་ཀྱི་སྣང་བ་མཐོང་བས་དེའི་སྟེང་དུ་འཛིན་པ་རྟོག་པའི་ཆའི་ཕྱེད་མེད་པ་ སྟོང་ཆད་དུ་འཛིན་པ་ལོག་པས་འཁོར་བའི་ཆའི་སུམ་གཉིས་ལས་འདས་ལ། ཀུན་ རྟོག་གཞི་གྲོལ་རང་སངས་སུ་དག་པས་འཛིན་ཆའི་ཕྱེད་སྣང་བ་རང་མཚན་དུ་ འཛིན་པ་ལོག་པས། གཟུང་འཛིན་གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པ་ ཞེས་བྱའོ། །མདོར་ན་སྣང་ཉམས་རྣམས་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང་། དབྱིངས་ཀྱི་སྣང་བ་གཉིས་སུ་འདུས་པའོ། ། གོང་འཕེལ་ནི། སྣང་བ་དེ་དག་ཇེ་བཀྲ་ཇེ་ལེགས་ཇེ་མང་ལ་སོང་བ་སྟེ། འདི་ལ་ དག་ཚུལ་གྱིས་སྤྱིར་བསྟན་པ་དང་། སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། འཁོར་བའི་བཅིངས་པ་ལས་གྲོལ་ཚུལ་དང་སྦྱར་ན། སྣང་བ་དེ་ཡང་ གྱེན་འགྲེང་དང་། རྩིབས་ཤར་དང་། གྲུ་ཆད་དང་། དུམ་བུ་དང་། སྣམ་བུའི་སྣང་ བ་དང་ལྔ་རྫོགས་པས་ཡེ་ཤེས་ལྔའི་ཁ་དོག་ལ་དབང་ཐོབ་ནས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་ལྔ་མངོན་དུ་རྒྱུ་བའི་

[p. 165] ༈ ཐེག་མཆོག་རིན་པོ་ཆེའི་མཛོད། བཅིངས་པ་ལས་གྲོལ་ཏེ། བག་ལ་ཉལ་ཙམ་ལས་མ་གཏོགས་པ་མེད་པས་འཁོར་ བའི་ཕྱེད་ལས་འདས་པ་ཉིད་དོ། །དེ་ནས་དྲ་བའི་རྣམ་པ་དང་། དྲ་བ་ཕྱེད་པ་དང་། མིག་མངས་རིས་དང་། མིག་ཚགས་ཀྱི་རྣམ་པ་ལྟ་བུ་དང་། ཟ་འོག་གུར་ཁྱིམ་ལྟ་བུ་ མཐོང་བས། གཟུགས་ལ་སོགས་པ་ཕུང་པོ་ལྔའི་ཚོགས་པས་བདག་ཏུ་བྱས་པ་ལས་ འདས་པས། འཇིག་རྟེན་གྱི་བདག་སུམ་གཉིས་ལས་འདས་པས། ཆོས་ཉིད་ཀྱི་ མཐོང་བ་རྣམ་པར་དག་པའི་བྱིན་རླབས་སོ། །དེ་ནས་ཡེ་ཤེས་དངོས་པོ་དག་པའི་ དབྱིབས་ཀྱི་སྣང་བ། ཡེ་ཤེས་མཁར་ཐབ་ཀྱི་རྣམ་པ་འདྲ་བ་དང་། ཉི་ཟླ་ཟུང་སྦྲེལ་ གྱི་རྣམ་པ་འདྲ་བ་དང་། པདྨ་བརྩེགས་པའི་རྣམ་པ་འདྲ་བ་དང་། མཆོད་རྟེན་ བརྩེགས་པའི་རྣམ་པ་འདྲ་བ་དང་། པདྨ་སྟོང་ལྡན་གྱི་རྣམ་པ་དང་འདྲ་བ་མཐོང་བས། འབྱུང་བ་ལྔའི་འཆིང་བྱེད་ལས་འདས་པའོ། །དེ་དག་ཀྱང་གཅིག་སྐྱེས་྾གཅིག་ འགགས་པས་ཉམས་ཞེས་བྱའོ། །དེ་ཡང་སྔ་མ་བས་ཁྱད་པར་དུ་འགྱུར་བས་གོང་ འཕེལ་ཞེས་བྱའོ། །དེ་ལྟར་རིམ་པས་བྱུང་བ་ནི་སྔར་དབང་རིམ་པས་བསྟེན་པ་ ལས་བྱུང་བའོ། །གཉིས་པ་སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་ལ། ཡེ་ཤེས་ལྔའི་ཁ་ དོག་གི་སྣང་བ་དང་། དབྱིབས་ཀྱི་སྣང་བ་གཉིས་ལས། དང་པོ་ནི། རྡོ་རྗེའི་རིགས་ རྣམ་པར་དག་པས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་འོད་ཁ་དོག་དཀར་པོའི་རྣམ་ པར་འཆར་བ་དང་། དེ་ཉིད་རྡོ་རྗེ་མི་བསྐྱོད་པའི་གདངས་དཀར་བ་ལ་འཚེར་བར་ འཆར་བའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པའི་རིགས་རྣམ་པར་དག་པས་ཆོས་ ཀྱི་དབྱིངས་ཀྱི་ཡེ་ཤེས་ཁ་དོག་མཐིང་གའི་རྣམ་པར་འཆར་བ་དང་། རྣམ་པར་སྣང་ མཛད་ཀྱི་གདངས་མཐིང་ལ་གནག་པར་འཆར་རོ། །རིན་པོ་ཆེའི་རིགས་རྣམ་པར་ དག་པ་ལས། མཉམ་པ་ཉིད་ཀྱི་ཁ་དོག་སེར་པོའི་སྣམ་བུ་དང་། རིན་པོ་ཆེ་འབྱུང་

[p. 166] ། རིམ་ཁང་བཅོ་བརྒྱད་པ་འོད་གསལ་རྡོ་རྗེ་སྙིང་པོའི་ལམ་གྱི་ཆིངས་བསྟན་པ། ལྡན་གྱི་གདངས་རབ་ཏུ་འཚེར་བ་གསེར་ཞུན་སྦྱངས་པ་ལྟ་བུར་འཆར་རོ། །པདྨའི་ རིགས་རྣམ་པར་དག་པ་ལས། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཁ་དོག་དམར་པོའི་ སྣམ་བུ་དང་། སྣང་བ་མཐས་ཡས་ཀྱི་གདངས་དམར་བ་ལ་རབ་ཏུ་དམར་྾བ་བྱེ་ རུའི་མདོག་ལྟ་བུར་འཆར་རོ། །ལས་ཀྱི་རིགས་རྣམ་པར་དག་པ་ལས། བྱ་བ་གྲུབ་ པའི་ཡེ་ཤེས་ཀྱི་ཁ་དོག་ལྗང་གུའི་སྣམ་བུར་འཆར་བ་དང་། དོན་ཡོད་གྲུབ་པའི་ གདངས་རབ་ཏུ་ལྗང་བ་ཨིནྡྲ་ནཱི་ལའི་རྣམ་པ་ལྟར་འཆར་བའོ། །དེ་དག་གི་ཕྱི་རིམ་ མཐིང་ག་རྡོ་རྗེའི་ར་བས་ཀུན་ནས་བསྐོར་བ་ནི། ཡེ་ཤེས་དེ་དག་ཐ་དད་པ་མ་ཡིན་ པར་མཚོན་པའོ། །དེ་ལས་སྣང་བའི་འཕེལ་ནི་འོད་ལྔ་སོ་སོས་གཙོ་བྱས་པའི་ཁ་ དོག་ལྔ་ལྔར་གསལ་བ་ནི། རིགས་དང་རིགས་ཀྱི་ཁྱད་པར་ལས་བྱུང་བའོ། །དེ་ ནས་ཡེ་ཤེས་ཀྱི་རླུང་རྣམ་པར་དག་པ་ལས་མེ་ལོང་ལྟ་བུ་གྱེན་འགྲེང་དུ་སྣང་བ་ནི། དེ་ལ་བརྟེན་ནས་ཉམས་ཀྱི་འཕེལ་འབྱུང་བའོ། །མཉམ་པ་ཉིད་ཀྱི་རྩིབས་ཤར་དུ་ སྣང་བ་ནི། འཁྲུལ་པའི་སྣང་བ་ཟད་དུ་ཉེ་བ་ཉིད་དོ། །དེ་ནས་སོ་སོར་རྟོག་པའི་གྲུ་ ཆད་དུ་སྣང་བ་ནི། འབྱུང་བའི་ཕྲ་བ་འགག་པའི་དུས་སོ། །བྱ་བ་གྲུབ་པའི་རེ་ལྡེའི་ རྣམ་པ་ཙམ་དུ་སྣང་བ་ནི། ཡེ་ཤེས་ཀྱི་རང་གདངས་སོ་སོར་གསལ་བ་ལས་བྱུང་ བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡུལ་གྲུ་ཙམ་དུ་སྣང་བ་ནི་རྟོག་པ་རགས་ པ་རྣམས་འགགས་པ་ལས་བྱུང་བའོ། ། དེ་དག་གི་ལམ་སྐྱེ་བའི་རིམ་པ་ནི། བརྩོན་འགྲུས་རབ་རྣམས་ལ་བར་དུ་ཞག་ལྔ་ ལྔའོ། །འབྲིང་རྣམས་ལ་ཞག་བདུན་བདུན། ཐ་མ་རྣམས་ཞག་ཉེར་གཅིག་ཉེར་ གཅིག་ན་གོང་མའི་སྣང་བ་འགགས་ནས། ཡང་འོག་མའི་སྣང་བ་དེ་དག་ཏུ་རྣམ་ པར་སྣང་བའོ། །ཁ་དོག་དང་དབྱིབས་ཀྱི་བར་འདིར་ནི་ཐང་ཅིག་ཏུ་གནས་པ་དག་

[p. 167] ། ཐེག་མཆོག་རིན་པོ་ཆེའི་མཛོད། འབྱུང་ངོ་། །དེ་ནས་དེ་དག་ནུབ་ནས་ཀྱང་ཡེ་ཤེས་ལྔའི་དབྱིབས་ཀྱི་རྣམ་པ་འཆར་ཏེ། མེ་ལོང་ལྟ་བུའི་དབྱིབས་མིག་ཚགས་ཀྱི་རྣམ་པ་དང་འདྲ་བར་འགྱུར་རོ། །དེ་ནི་ཁ་ དོག་རབ་ཏུ་སྤྲེལ་ལེགས་པ་ལས་བྱུང་བའོ། །དེ་ལ་གོམས་པ་ལས་མིག་མངས་རིས་ སུ་འཆར་ཏེ། འདི་ནི་སྔོན་དུ་འགྲོ་བ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །དེ་ནས་མཉམ་ པ་ཉིད་དྲ་བ་ཕྱེད་པར་འཆར་ཏེ། དེ་ནི་རླུང་གི་སྦྱངས་པ་དག་པ་ལས་བྱུང་བའོ། །དེ་ ལས་དྲ་བར་སྣང་བ་ནི་སྔོན་འགྲོ་དག་ཅིང་ཚར་ཆོད་པ་ལས་བྱུང་བའོ། །དེ་ནས་སོ་ སོར་རྟོག་པའི་མེ་ཏོག་གི་ཚོམ་བུར་འཆར་བ་ནི། གཟིགས་སྟངས་ལས་྾འགྲུས་པ་ ལས་བྱུང་བའོ། །དེ་ལས་པདྨ་སྟོང་ལྡན་དུ་འཆར་བ་ནི་སྔོན་འགྲོ་འབྱོངས་པ་ལས་ བྱུང་བའོ། །དེ་ནས་བྱ་བ་གྲུབ་པའི་མཚོན་ཆ་ལྟ་བུར་འཆར་བ་ནི། རང་བཞིན་མ་ བཅོས་པ་ལས་བྱུང་བའོ། །དེ་ལས་འཁོར་ལོ་ལ་སོགས་པའི་རྣམ་པ་སྣ་ཚོགས་སུ་ སྣང་བ་ནི་སྔོན་འགྲོ་མཐར་ཕྱིན་པ་ལས་བྱུང་བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ ཤེས་མཁར་ཐབ་ཏུ་འཆར་བ་ནི། རིག་པ་མིག་ནས་དྲངས་པ་ལས་བྱུང་བའོ། །དེ་ ལས་ཟ་འོག་གུར་ཁྱིམ་ལྟ་བུ་ནི་སྔོན་འགྲོ་དག་པར་བྱས་པ་ལས་བྱུང་བའོ། །དེ་དག་ ཀྱང་བརྩོན་འགྲུས་ཀྱི་ཁྱད་ཀྱིས་ཞག་གསུམ་དང་། བདུན་དང་། བཅུ་བཞི་ན་ གཅིག་སྐྱེ་གཅིག་འགག་པའོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། འདི་དག་ནི་སེམས་ཀྱི་སྔོན་འགྲོའི་དུས་ན། རྟོག་པ་ཐ་དད་པར་བསླང་བ་དེ་ འགགས་པའི་རྟགས་ཡིན་ནོ། །དེ་ནས་རིག་པ་རང་གི་ངོ་བོའི་སྣང་བ་འཆར་ཏེ། འོད་དེ་དག་ཐིག་ལེར་འཆར་བ་ནི་ལུ་གུ་རྒྱུད་གཅིག་ཏུ་འདུས་པ་ལས་བྱུང་བའོ། ། དེ་ནས་ཐིག་ལེ་གཉིས་འབྲེལ་དུ་སྣང་བ་ནི་ཐབས་དང་ཤེས་རབ་རྣམ་པར་དག་པ་ ལས་བྱུང་བའོ། །དེ་ནས་ཐིག་ལེ་ལྔ་སྤྲེལ་དུ་སྣང་བ་ནི་ཡེ་ཤེས་ལྔ་ལ་བྱན་ཚུད་པ་

[p. 168] ། རིམ་ཁང་བཅོ་བརྒྱད་པ་འོད་གསལ་རྡོ་རྗེ་སྙིང་པོའི་ལམ་གྱི་ཆིངས་བསྟན་པ། ལས་བྱུང་བའོ། །མངོན་སུམ་གྱི་ཐིག་ལེ་དང་འབྲེལ་ལུགས་མི་འདྲ་སྟེ་ཆེ་ཆུང་ཡོད་ པའི་ཕྱིར་རོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། ཐལ་འགྱུར་ལས། ཁ་དོག་ལྔ་ཡི་འོད་ཀྱིས་ཀྱང་། །རེ་ལྡེ་ཙམ་ལས་གྲུ་ཆད་སྣང་། །ཡུལ་གྲུ་ཙམ་ལས་ མཐོང་ཚད་དོ། །ཞེས་པ་དང་། རང་བྱུང་གི་རྒྱུད་ལས། རང་ངོ་མཐོང་ལས་འདི་ ལྟར་རོ། །ཡར་མཚམས་ལས་ནི་སོར་བཞི་ལས། །བྲལ་བའི་སྐྱེས་བུ་སྐལ་བཟང་བ། ། འཁོར་བར་འཇུག་པ་ག་ལ་སྲིད། །གྲུ་ཆད་རྣམ་པར་གང་སྣང་བ། །སྤྲུལ་པའི་ཡོན་ ཏན་འདིས་འགྲུབ་བོ། །མཐོང་བའི་ཡུལ་ཙམ་གང་སྣང་བ། །ཚོམ་བུ་ལ་ནི་དེ་ བཞིན་ནོ། །ཕྱིར་སྣང་འགགས་པ་གང་ཡིན་པ། །སྐད་ཅིག་མ་ནི་བཅུ་དྲུག་ལ། ། འདི་ཡང་དེ་ལྟར་འགྱུར་བའོ། །ཞེས་སོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ ལ་སྣང་ཚུལ་སྤྱིར་བསྟན་པ་དང་། རང་བཞིན་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་ཐིག་ལེ་རེ་རེའི་ནང་དུ་སྐུ་ཕྱེད་མ་རེ་རེ་སྣང་བ་ནི་སྤྲུལ་པ་སྐུའི་ སྦྱང་བ་རྣམ་པར་དག་པ་ལས་བྱུང་བའོ། །དེ་ནས་སྐུ་རང་རྐྱང་རེ་རེ་སྣང་བ་ནི་སྤྲུལ་ སྐུའི་སྣང་བ་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལས་བྱུང་བའོ། །དེ་ནས་སྐུ་དེ་དག་ ཡབ་ཡུམ་ལྔ་ལྔར་གྱུར་པ་ནི་ལོངས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པ་ཉིད་དོ། །དེ་ནས་ སོ་སོའི་ཚོམ་བུའི་དཀྱིལ་འཁོར་དང་བཅས་པར་སྣང་བ་ལ། དེ་ཉིད་མུ་ཁྱུད་ཀྱི་ར་ བ་དང་སོ་སོའི་གཙོ་འཁོར་དུ་སྣང་བ་ནི། ཆོས་སྐུའི་སྦྱང་བ་རྣམ་པར་དག་པ་ཚད་དུ་ ཕྱིན་པ་ལས་བྱུང་བའོ། ། འདི་ནི་རིག་པ་ཚད་ཕེབས་ཀྱི་སྣང་བ་སྟེ། སྔོན་འགྲོའི་དུས་ན་ལུས་ཀྱི་བྱ་བ་དང་། བྱེད་པ་དེ་དག་གི་འབྲེལ་ཆད་དེ་ཕྱིས་མི་སྐྱེ་བའི་རྟགས་སོ། །དེའང་དག་བྱ་དྲི་མ་རེ་ སྦྱོང་བའི་གཉེན་པོ་སྔོན་འགྲོ་ལ་སོགས་པ་གནད་དུ་ཕྱིན་པ་ལས་སྣང་བ་དེ་དག་

[p. 169] ། ཐེག་མཆོག་རིན་པོ་ཆེའི་མཛོད། ཤར་བར་བརྟགས་༧ཀྱང་བྲལ་འབྲས་དང་དག་བྱ་དག་བྱེད་ཀྱི་རྒྱུ་འབྲས་བཏགས་ པ་བ་ཡིན་གྱི། དེས་བསྐྱེད་ནས་བྱུང་བ་མ་ཡིན་ཏེ། ཡེ་ཤེས་རང་ཡོད་ཀྱི་གདངས་དྲི་ མའི་སྒྲིབ་པ་དག་སྟོབས་ཀྱིས་སྣང་བའི་ཕྱིར་རོ། །ཐལ་འགྱུར་ལས། རིག་པ་ཚད་ ཕེབས་སྣང་བ་ནི། །ལོངས་སྐུའི་མཚན་དཔེ་གསལ་བར་ནི། །མ་ངེས་ཁ་དོག་ འཇའ་ཚོན་ལས། །རིགས་ལྔ་ཡབ་དང་ཡུམ་དུ་སྣང་། །ཞེས་པ་དང་། བསྟན་བུ་ ལས། དེ་བཞིན་སྐུ་ལ་ཐུག་གི་བར། །དྲུག་དང་བཅུ་དང་ལྔ་གསུམ་ལ། །གདོན་མི་ ཟ་སྟེ་ལོངས་སྐུའོ། །ཞེས་སོ། །གཉིས་པ་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ། ཚད་ ཕེབས་ཀྱི་ངེས་ཚིག་སྤྱིར་བསྟན་པ་དང་། ཚད་གསུམ་བྱེ་བྲག་ཏུ་བཤད་པ་གཉིས་ ལས། དང་པོ་ནི་རིག་པ་ཚད་ཕེབས་ཞེས་པས། རིག་པ་ནི་གཞི་གནས་ཀྱི་རིག་པ་ མངོན་དུ་གྱུར་ཏེ། ལམ་སྲོལ་དུ་ཚུད་པ་ལས། གཞི་སྣང་གི་རང་གདངས་ལྷུན་གྲུབ་ ཀྱི་འཆར་སྒོ་སྐུར་སྣང་བས། ལམ་སྣང་ཟད་དུ་ཉེ་བ་ལས། དཀྱིལ་འཁོར་རྫོགས་པ་ རྣམས་སོ། །ཚད་ནི་དང་པོ་ཕྱེད་སྐུ་ནས་སྐུའི་དཀྱིལ་འཁོར་རྫོགས་པའི་བར་རོ། ། ཕེབས་པ་ནི་དེ་ལས་འདའ་ས་མེད་པས་རྣམ་པར་སྣང་བའོ། །དེ་དག་ནི་ཟླ་བ་ཉ་ གང་བའི་རྣམ་པ་དང་འདྲ་སྟེ། ཡར་གྱི་འཕེལ་ཟད་པས་དཀྱིལ་འཁོར་རྫོགས་ཏེ་ རང་ངོ་ལ་བཅོས་སུ་མེད་པའོ། །གཉིས་པ་ཚད་གསུམ་བྱེ་བྲག་ཏུ་བཤད་པ་ལ་ གསུམ་སྟེ། ཕྱི་སྣང་བའི་ཚད། ནང་ལུས་ཀྱི་ཚད། གསང་བ་རིག་པའི་ཚད་དོ། ། དང་པོ་ནི། སྣང་བ་ལ་དབང་བསྒྱུར་ཞིང་ཞིང་ཁམས་འོད་གསལ་དུ་རྫོགས་པ་སྟེ། ཐལ་འགྱུར་ལས། དེ་ལྟར་ཕེབས་ནས་རྫོགས་པའི་ཚད། །ཐད་ཀའི་དངོས་སྣང་ འགགས་པ་དང་། །ས་རྡོའི་སྣང་བ་བཞུ་བ་དང་། །རང་ཤེས་ཅི་ལའང་ཚུད་པ་དང་། ། དེ་བཙུད་བེམ་པོ་འགུལ་བ་དང་། །རླུང་གི་འགྱུ་བའི་ཚད་ཟིན་དང་། །ལུས་ཀྱི་རྡུལ་

[p. 170] ། རིམ་ཁང་བཅོ་བརྒྱད་པ་འོད་གསལ་རྡོ་རྗེ་སྙིང་པོའི་ལམ་གྱི་ཆིངས་བསྟན་པ། ཕྲན་མཐོང་བ་འབྱུང་། །ཅིར་སྣང་གཟུགས་སྐུར་རྫོགས་པ་དང་། །དེ་ལས་ཡབ་ ཡུམ་འཁྲིལ་བ་དང་། །ལྔ་ལྔ་ཡབ་དང་ཡུམ་སྦྱོར་དང་། །ཀུན་ཀྱང་མུ་ཁྱུད་ཟླུམ་པོ་ལ། ། རྣལ་འབྱོར་ལུས་ཀྱང་འོད་གསལ་ཞིང་། །འགྲོ་དང་འོང་དང་འདུག་པར་སྣང་། ། ཐམས་ཅད་རིག་པ་ཚད་ཕེབས་སོ། །ཞེས་སོ། །གཉིས་པ་ནི། ལུས་ཀྱི་རྡོས་པ་དག་ ནས་སྙིང་དབུས་སུ་ཨ་དཀར་པོ་ལས་འོད་ཟེར་ལྔ་སྒྲིལ་མཐོངས་ཁུང་གི་ཉི་ཞུར་ ལྟར་བར་སྣང་ལ་འོད་ཀྱི་སྐར་ཁུང་གི་ནང་ཤར་བར་ཟུག་ཅིང་། ཐོར་ཚུགས་ན་ཡེ་ ཤེས་ཀྱི་རླུང་གནས་པས་རང་བཞིན་གྱིས་འདེགས་པར་སྣང་ལ། མཛོད་སྤུ་ནས་ འོད་ཟེར་སྣ་ལྔ་འདོམ་གང་དུ་གསལ་ཞིང་། ལག་པའི་སོར་མོ་ལྔ་ལ་འོད་ལྔའི་ཕྲེང་ བས་འཁྲིགས་ཤིང་། ལུས་ཀྱི་བ་སྤུའི་སྒོ་ལ་སོགས་པ་ཕྱི་ནང་གི་ཆ་རྡུལ་ཕྲན་གྱི་ ཁྱོན་ལས་ཆུང་བ་རེའི་གོ་ན་ཞིང་ཁམས་གྲངས་མེད་ན་སངས་རྒྱས་དང་སེམས་ཅན་ ཚད་མེད་པ་སྣང་བ་ནི་ལྷུན་གྲུབ་ཀྱི་སྒོ་བརྒྱད་ཤར་བའི་སྣང་བ་ཀུན་འདིར་ལྷག་ ཆད་མེད་པར་རང་སྣང་ལ་སྣང་བ་ཡིན་ལ།

[edit]
OCR of the BDRC scans (I2PD19908), gorn05 tibocr 2026: BDRC OCR on 94 pages, Mitra OCR on 434 pages (the model with more recognisable syllables on each page).
Volume I2PD19908

[p. 353] སྨྲ་བ་ཇི་ལྟུང་ཐ་མལ་གྱི་གཏམ་སྨྲ་བ་བཅད་པ་ལ་ཐུན་ཅུང་དུ་བསླབ། དེ་ནས་རིང་དུ་བསླབ། སྐབས་སུ་སྐུ་རྒྱུ་མེད་ཀྱང་གཅིག་པུ་སྨྲའོ།། གནས་པ་ནི་སྔགས་དང་བརྗོད་པ་ལ་སོགས་ པ་དགེ་བའི་བརྗོད་པ་མི་དགག། གཞན་དང་ཚིག་འབྲུ་གཅིག་ཀྱང་མི་འདྲའོ།། འདིའི་དུས་ན་ལུས་ཀྱི་བརྡས་དོན་གོ་བར་བྱེད་པའོ།། ལ་བཟླ་བ་ནི་སྔགས་ལ་སོགས་པ་བརྗོད་པ་ཐམས་ཅད་མི་བྱའོ།། བརྟན་པ་ནི་ཅི་ཡང་མི་བརྗོད་པའི་ངང་ ལས་མི་འདའ་བར་བྱེད་པ་སྟེ། ལུས་ཀྱི་བརྡ་ཙམ་ཡང་མི་བྱ་བ་ཡིན་ནོ།། སོ་བོན་གྱི་རྒྱུད་ལས། ངག་ནི་ཇི་ལྟར་ལྐུགས་པ་བཞིན། །སུ་དང་བརྡ་ཙམ་ཉིད་མི་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །སེམས་ཀྱི་འཕྲོ་འདུ་རང་ཆོད་དོ།། ཅེས་སོ།། ངག་གི་ སྨྲ་བ་བཅད་པས་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་སྟེ། འགྲོ་བ་གཞན་དང་ངག་མ་འདྲེས་པས་ལུས་འབྱོངས་པའི་དགོས་པ་ཡོད། ལུས་འབྱོངས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། མཁའ་སྤྱོད་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བྱིན་ གྱིས་བརླབས་ནས་ལུས་སྒྱུ་མའི་སྐུར་གྲོལ་བའོ།། དེ་ནས་བརྗོད་བྱ་བཀག་པས་ངག་འབྱོངས་ཏེ་རྟགས་སུ་མི་མ་ཡིན་པ་རྣམས་དང་བརྡ་ཕྲད་ཅིང་གཏམ་ཟེར་བ་དག་འོང་། ངག་གི་བརྗོད་པ་བཀག་པས་ཡིད་འབྱོངས་ཏེ། དེའི་རྟགས་སུ་སྔོན་དུ་མི་མ་ ཡིན་གྱི་གཟུགས་མཐོང་བ་དང་། དེ་ནས་མངོན་པར་ཤེས་པ་དུམ་བུ་བ་འཆར་རོ།། དེ་ལྟར་ངག་གི་གནད་ཀྱི་ལུས་སོས་ཀྱི་འཚམས་ཀྱི་འབྲེལ་གཅོད་པའི་གནད་ཀྱི་གདམས་པའོ།། སེམས་ཀྱི་གནད་དུ་ནམ་མཁའི་མཐོངས་སུ་མིག་ལྟ་བ་ལས་རྟོག་པ་ཅི་ཡང་མི་ བསམ་སྟེ། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏང་པས་འགྲུབ།། ཅེས་སོ།། དེ་ལྟར་གཙོ་བོ་ལུས་ངག་གཉིས་བཙུན་པས་སེམས་ཞོར་ལ་འཆུན་ནས་དབྱིངས་རིག་འཆར་ཞིང་ཁམས་གསུམ་གྱི་འཆིང་བ་གཅོད་དེ། ས་བོན་གྱི་རྒྱུད་ལས། འདི་ལྟར་ ༄༅། །ལུས་ངག་སུས་བཙུན་པ། །ཆོས་ཀྱི་དབྱིངས་ཀྱི་སྣང་བ་ལ། །འདི་ཡིས་གོམས་པར་འགྱུར་བ་ཡིན། །ཅེས་པ་དང་། རྡོ་རྗེ་བཀོད་པ་ལས། ལུས་དང་ངག་དང་ཡིད་ཀྱི་གནད།། ཤེས་ཤིང་བསྟུན་པས་འཁོར་ལས་གྲོལ།། ཅེས་སོ།། ༈ །།དོན་གཉིས་པ་གནད་གསུམ་ལ་བརྟེན་ནས་མངོན་གསུམ་རང་ཐོག་ཏུ་དབབ་པ་ལ་གསུམ་ཏེ། གནད་གསུམ་རྡོ་རྗེའི་ཆིངས་སུ་བསྡམ་པ། མངོན་གསུམ་རིག་པའི་རང་ངོ་སྤྲད་པ། དེ་ལས་སྣང་པའི་འཆར་ཚུལ་བསྟན་པའོ།། དང་པོ་ལ་ གཉིས་ཏེ། གནད་གསུམ་སྤྱིའི་ཆིངས་བསྟན་པ་དང་། བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པའོ།། དང་པོ་ནི་སྒོ་དང་ཡུལ་དང་རླུང་རིག་གི་གནད་གསུམ་སྟེ། ཐལ་འགྱུར་ལས། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང་ རླུང་དང་རིག་པའི་གནད་ཉིད་གཏམ།། ཅེས་པས། དཔེར་ན་གནད་ལ་ཟིན་པའི་མཚོན་དང་འདྲ་སྟེ། ལུས་ཀྱི་རྩ་རྒྱུས་སམ་དོན་སྙིང་ལ་སོགས་པའི་གནད་ལ་ཕོག་ན་ཅི་བྱས་ཀྱང་མི་འཚོ་བར་འཆི་བ་དང་འདྲ་བར། གནད་གསུམ་གྱིས་ཀྱང་ཆོས་ཉིད་ལ་འགྱུར་ བའི་ས་མེད་དེ། སྒོའི་གནད་ཀྱིས་མཐོང་བར་བྱེད། ཡུལ་གྱི་གནད་ཀྱིས་མི་འགྱུར་བར་བྱེད། རླུང་རིག་གི་གནད་ཀྱིས་རྟགས་ཚད་ལ་འབེབས་པའོ།། དེ་ཡང་སྒོའི་གནད་སོ་པ་དང་འདྲ། ཡུལ་གྱི་གནད་འཐོན་པོ་དང་འདྲ། རླུང་རིག་གི་གནད་ཟག་པ་ དང་འདྲའོ།། སོས་ཐེབས་པས་འདོད་པའི་མི་འགྱུར་དབང་མེད་པར་ཟིན་ལ། དགྲས་འོངས་པས་ཇག་པའི་ལག་ཏུ་མི་ཚུད་མི་སྲིད་པ་བཞིན་དུ། ཆོས་ཉིད་མངོན་གསུམ་གྱི་གནད་ལ་མི་ཐེབས་མི་སྲིད་དོ།། དེ་ཡང་ཡུལ་མེད་ན་རྟེན་སའི་གཞི་མེད་ལ། སྒྲ་མེད་ན་འགྲོ་བའི་ལམ་སྟོར། རླུང་རིག་གི་གནད་མེད་ན་ཤེས་རིག་ནང་དུ་མི་ཆོད་པས་གནད་གསུམ་དུ་ངེས་ལ། དེ་ལས་མངས་ན་མཐའ་ཡས་པས་གནད་སྟོར་ལ། ཉུངས་ན་དོན་མི་འགྲུབ་པས་གསུམ་དུ་ངེས་པའོ།། གཉིས་པ་བྱེ་

[p. 354] བྲག་རང་གི་གནང་ཐོག་ཏུ་དབབ་པ་ལ། གནང་གསུམ་སྤྱིའི་རིམ་པ་ངེས་པ་དང་། སོ་སོའི་གནང་ལ་ཐོག་ཏུ་དབབ་པའོ། །དང་པོ་ནི་ལུས་ངག་སེམས་གསུམ་མི་འགུལ་ཞིང་སྒོ་དང་ཡུལ་དང་རླུང་རིག་བཙུན་པ་སྟེ། མཐོང་པ་རྒྱུད་པའི་ལུང་གིས་ཕྱེ་བ་ནི། རང་བྱུང་རིག་པའི་ཏནྟྲ་ལས། །དེ་ལྟར་ལུས་ལ་སོགས་པ་ཡི། །གནད་ཀུན་རབ་ཏུ་གཟིར་བ་ཡིས། །རིག་པ་ཉིད་དང་མངོན་གསུམ་དུ། །བླ་མའི་ལུང་ལས་ཤེས་པ་ཡིན། ཅེས་པ་དང་། ཐལ་འགྱུར་ལས། དངོས་གཞི་རང་གི་རྒྱུར་བརྟེན་ན། །ལུས་ཀྱི་གནང་ དང་ངག་དང་ཡང་། །སེམས་ཀྱི་གནང་ལ་རྟེན་པ་ཡིས། །རླུང་ནི་ཅི་ནས་དལ་བྱས་ཏེ། །རབ་ཏུ་འཕང་བ་ལས་བྱུང་བ། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་བཟློག་པ་མིན། ཅེས་པ་དང་། སྒོ་ནི་སྐུ་གསུམ་མིག་གིས་ལྟ། །ཡུལ་ ནི་སྒྲིབ་བྱེད་བྲལ་བའོ། །རླུང་རིག་ངལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །གཉིས་པ་ལ་སྒོ་དང་། ཡུལ་དང་། རླུང་རིག་གི་གནང་གསུམ་ལས། དང་པོ་ནི། ཐ་མལ་པའི་ལྟ་ལུགས་ཀྱིས་ཡེ་ཤེས་མི་འཆར་བས། སྐུ་གསུམ་གྱི་གཟིགས་སྟངས་ གསུམ་ལ་བསླབ་སྟེ། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་ཀྱི་སྐུ་ཡི་གཟིགས་སྟངས་ཀྱིས། །ཁམས་གསུམ་འཁོར་བ་སྤྱིབས་ནས་འདོན། །ལོངས་སྐུས་སྲིད་པའི་གཞི་མ་འཇིག །སྤྲུལ་སྐུས་སངས་རྒྱས་ཞིང་དུ་བསྒྲོལ། །ཅེས་ པ་དང་། ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་ཁམས་སུ་བརྟག །ཅེས་པ་དང་། གསང་བ་སྒྲ་རྒྱུད་ལས། ཕབ་དང་ཟློག་དང་ཟུར་གྱིས་ནི། །གཟིགས་སྟངས་རྣམ་པ་གསུམ་དུ་གྲགས། ཅེས་སོ། །དེའང་སྤྲུལ་སྐུ་ཕབ་ནས་སང་རྒྱ་བ་ནི་གདུལ་བྱ་ལ་ གཟིགས་ལ། ལོངས་སྐུ་དྲུར་ལ་གཟིགས་ནས་སང་རྒྱ་བ་ནི་ཞིང་ཁམས་ལ་གཟིགས་པ་དང་། ཆོས་སྐུ་བཟློག་ནས་སང་རྒྱ་བ་ནི་གཞི་ལ་གཟིགས་པའོ། །རྣལ་འབྱོར་པ་མིག་ཤས་ངན་པས་སྤྲུལ་སྐུའི་གཟིགས་བསྟངས་བསྟུན་ན་མིག་མི་ ༄༅། །འགྲིབ་པའི་དགོས་པ་ཡོད། མིག་ལ་སྐྱོན་ཆགས་པས་ལོངས་སྐུ་དང་བསྟུན་ན་མིག་གསལ་བའི་དགོས་པ་ཡོད། མིག་ཤས་བཟང་པས་ཆོས་སྐུའི་དང་བསྟུན་ན་མྱུར་དུ་སྣང་བ་ཚད་ལ་ཕེབས་པའི་དགོས་པ་ཡོད་དོ། །དེ་དག་ལས་ མ་གཡོས་ན་སྤྱན་གསུམ་ཁོང་དུ་ཆུད་པར་ངེས་ཏེ། ཆོས་སྐུ་ལ་ཆོས་ཉིད་ཀྱི་སྤྱན་ཡོད་པས་གསུང་ལ། དེའི་བྱིན་བརླབས་ཀྱིས་ཡེ་ཤེས་དངོས་སུ་མཐོང་བས་འདི་ཉིད་ལ་ཐག་ཆོད། ལོངས་སྐུ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་པས་སྐུ་ལ། དེའི་བྱིན་བརླབས་ ཀྱིས་རང་གསལ་དུ་མཐོང་བས་མཁྱེན་པ་རྒྱས། སྤྲུལ་སྐུ་ལ་ཤེས་རབ་ཀྱི་སྤྱན་ཡོད་པས་ཐུགས་ལ། དེའི་བྱིན་བརླབས་ཀྱིས་སྤྲི་ཚིག་དང་བྲལ་བར་མཐོང་བས་ཐོས་བསམ་བསྒོམ་པ་ལ་རག་མ་ལུས་པར་ཆོས་ཉིད་ཀྱི་དོན་ཁོང་ནས་འཆར་རོ། །དེ་ཡང་ སྤྱན་གསུམ་དུ་ལྟ་བ་ནི་ཆོས་ཉིད་ཀྱི་སྤྱན་གྱེན་ལ་བཟློག་པས་བག་ཆགས་མཐུར་ལ་སེལ་བའི་གནད། ཡེ་ཤེས་ཀྱི་ཟུར་ལ་མཉམ་པོར་ལྟས་པས་འཁོར་འདས་རོ་མཉམ་དུ་སྲེ་བའི་གནད། ཤེས་རབ་ཀྱིས་ཕབ་ནས་ལྟས་པས་ཡེ་ཤེས་ཀྱི་སྣང་བ་ དངོས་སུ་འབེབས་པའི་གནད་དོ། །གཟིགས་སྟངས་གསུམ་དུ་ངེས་པ་ཅི་ཡིན་ཞེ་ན། ལེ་ལོ་ཅན་ལ་ལོངས་སྐུ། བརྩོན་འགྲུས་ཅན་ལ་སྤྲུལ་སྐུ། བཏང་སྙོམས་ཅན་ལ་ཆོས་སྐུའི་གཟིགས་སྟངས་ཤིས་པས་ན་གསུམ་དུ་ངེས་སོ། །དེས་ཚིག་ནི་ གཟིགས་པ་ཆོས་ཉིད་ལ་གཟིགས་པ་རྣམ་དག་སྒྲིབ་བཟང་པའོ། །སྟངས་ཀྱིས་འཁོར་བ་ལས་གྲོལ་བར་བྱེད་པའོ། །གཉིས་པ་ཡུལ་གྱི་གནད་ནི་ཕྱིའི་དབྱིངས་ཀྱི་ཡུལ་ནམ་མཁའ་སྟོང་བ་སྤྲིན་དང་བྲལ་བ་ཡིན་ལ། ནང་གི་དབྱིངས་ཀྱི་ ཡུལ་སྨིན་འཚམས་ཀྱི་མཛོད་འཁྲུལ་གཏད་པས་དབྱིངས་སྣང་མཐིང་ཁ་དང་དེ་ལས་མཆེད་པ་རྣམ་ལྔའི་རང་གདངས་ཏེ། ཐལ་འགྱུར་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །བག་རྡུལ་ཆར་གྱིས་དེངས་དུས་སུ། །མཁས་

[p. 355] པས་མངོན་གསུམ་གནང་གཟིར་དང་། །ནང་གི་སྒྲོན་མ་ལམ་དུ་བྱའོ། །ཅེས་སོ། །དེ་ཡང་ཕྱི་རིག་པ་འཆར་བའི་ཡུལ་ཡིན་ལ། ནང་ཉམས་འཕེལ་བའི་ཡུལ་ཏེ། རིག་པ་དང་ཉམས་གཉིས་སུ་མེད་པ་ལས་འཁོར་འདས་འདྲེས་པ་ཞེས་བྱའོ། །དེ་འང་ས་ཆུ་མེ་ རླུང་གི་དངོས་པོ་རགས་པ་ལ་ཡུལ་དུ་གཏད་པས་མི་གྲོལ་ཏེ། དང་པོ་སྣང་བ་འཆར་དུ་མི་འདོད། ཕྱིས་ཤར་དུས་གཏད་ཀྱང་དངོས་པོ་རགས་པ་ལྟར་ཤེས་པའང་དེ་དང་མཐུན་པ་སྐྱེ་བས་སྟོང་ཉིད་བསམ་དུ་མེད་པའི་ཉམས་ནང་དུ་མི་འཆར་ལ། ནམ་མཁའ་སྟོང་པ་ལ་རིག་པ་སྟོང་ པ་གཏད་པས། ཡུལ་ནམ་མཁའ་དང་མཐུན་པའི་ཉམས་སྟོང་གསལ་འཕྲོ་འདུ་དང་བྲལ་བ་ཕྱལ་ཡས་པ་ཅིག་འཆར་བས། དངོས་པོ་མཚན་མ་དང་བྲལ་བའི་དགོས་པ་ཡོད་དེ། སེམས་སྡེ་ལས། རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །ཅེས་པ་དང་། བསྡུད་པ་ལས། དོན་དེ་གང་ཡིན་ནམ་མཁའ་དག་ལ་བརྟག་བྱ་གྱིས། །ཅེས་པ་དང་། ཡུམ་བར་མ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་ནམ་མཁའ་རྣལ་འབྱོར་དུ་བྱེད་པའོ། །ཅེས་པ་ལ་སོགས་པ་ལུང་དཔག་ཏུ་མེད་དོ། །དེ་འང་ཡུལ་ ཕྱི་ནང་འདྲེས་པ་ལས་མཉམ་པ་རིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་གཉིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་འདྲེས་པས་འཁོར་འདས་ངོ་མཉམ་གྱི་ལྟ་བ་ཞེས་བྱའོ། །འདི་ཉིད་བསྟན་བུ་ལས་ཀྱང་། དབྱིངས་དང་རིག་པའི་ལྟ་སྟངས་ནི། ། སྒྲིབ་བྱེད་བྲལ་བའི་ནམ་མཁར་ལྟར། །ཅེས་གསུངས་སོ། །གསུམ་པ་རླུང་རིག་གནང་ནི། ཡུལ་དང་སྒོ་གཉིས་འཛོམ་དུས་རླུང་ངལ་བ་བསྟེན་པས་རིག་པ་བཅོམ་དུ་བཟུང་བ་ཞེས་བྱ་སྟེ། དེ་འང་རླུང་ཅི་ནས་ཀྱང་ངལ་བ་ལ་ཕྱིར་རྒྱང་རིང་པོ་འཕེན་ཞིང་ཕྱིར་ གཟུང་ལ་བཞག་པ་གནང་ཡིན་ནོ། །དེ་ཡང་རླུང་ངལ་བས། ཕྱིར་རྣལ་འབྱོར་པའི་ཚེ་རྒྱས་པའི་གྲོགས་སུ་འགྲོ་ལ། ནང་དུ་རྣམ་པར་རྟོག་པ་ནུབ་པའི་རྐྱེན་བྱེད་ཅིང་། གསང་པར་རིག་པ་མངོན་གསུམ་དུ་མཐོང་བའི་ལས་བྱེད། ཁོ་ན་ཉིད་དུ་ཟག་བཅས་ ༄༅། །མི་སྣང་བར་སང་རྒྱ་བར་བྱེད་པའོ། །དེ་སྐད་དུ་འང་ཐལ་འགྱུར་ལས། རླུང་ནི་ཅི་ནས་དལ་བྱ་སྟེ། །རབ་ཏུ་འཕང་བ་ལས་བྱུང་བས། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་བཟློག་པ་མིན། །ཅེས་པ་དང་། རླུང་རིག་ དེ་ལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །རིག་པའི་གནད་ལུ་གུ་རྒྱུད་དབྱིངས་ཀྱི་ར་བར་བཞག་ནས་མི་འགུལ་བར་བྱེད་པ་སྟེ། དེ་ཉིད་ལས། རང་ངོ་རིག་པ་ལུ་གུ་རྒྱུད། །འགྲོ་འོང་བྲལ་བས་མཁའ་ལ་བཟུང་། །ཅེས་པ་དང་། བསྟན་བུ་ལས། དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད་ རྣམ་པར་བཞག་ཅིང་འབྲལ་མི་བྱ་ཅེས་སོ། །དེའང་རླུང་ངལ་བ་བསྟེན་པས་བྱ་བ་དང་བྲལ་བའི་དོན་རྒྱུད་ལ་སྐྱེ། རིག་པ་ལུ་གུ་རྒྱུད་ཨར་ལ་གཏད་པས་རྣམ་པར་རྟོག་པའི་ཁུངས་ཟད་ནས། འཁྲུལ་པ་གཞི་ལ་ལོག་སྟེ་ཡེ་ཤེས་མ་བུ་ཕྲད་པའོ། །རིག་པ་རླུང་དང་བྲལ་ནས་ འགྲོ་འོང་དུ་མེད་པ་ནི་རིག་པ་ལ་རང་བྱན་ཆུད་པའོ། །དེ་ཡང་ཁྲིད་དུ་བྱེད་ན་ལུས་ཀྱི་གནང་བསྟུན་པ་ལ་ཉི་མ་ལྔ་དྲུག་དུ་བྱའོ། །དེ་ནས་སྒོ་སྤྱད་པ་ལ་དེ་ཙམ་ཅིག་ཏུ་བྱའོ། །དེ་ནས་ཡུལ་བཙལ་བ་ལ་ཉི་མ་དྲུག་ནས་བདུན་བྱས་ལ། དེ་ནས་མངོན་གསུམ་རང་ ཐོག་ཏུ་ཕབ་ནས་ཉམས་སུ་ལེན་པའོ། །དེས་ནི་ཤིན་ཏུ་འབྱོངས་ཤིང་བསྒོམ་ཤེས་པ་འབྱང་ངོ་། །གཞན་དུ་འཕམ་འོལ་བྱས་པས་སྣང་བ་རེ་རི་ཅིག་མཐོང་ནས། ཡིད་ཆེས་མེད་པར་ཁྲིད་ཐོན་དུས་ཅི་ལ་ཟེར་ཆ་མེད་པར་བྱ་ཡས་པ་དག་འབྱུང་ཉེ་ བས་དེ་ལྟར་མ་སོང་བ་རབ་ཏུ་བྱའོ། །དེ་ལ་སྤྱིར་གྱིས་ཁྲིད་མོ་ཆེ་འདི་འདེབས་དུས་སྔོན་འགྲོ་ཚང་ལ་ཕེབས་པ་བརྩོན་འགྲུས་དང་བཅས་པས་སྦྱངས་པས་དངོས་གཞི་ལ་ཡིད་ཆེས་ཐུན་མོང་མ་ཡིན་པ་སྐྱེའོ། །དངོས་གཞི་ཐེབས་པར་བཏབ་པས་ མངོན་གསུམ་ལ་སྤྲོ་དགའ་ཁྱད་པར་ཅན་འབྱུང་ངོ་། །རྗེས་རྒྱབ་ཆོས་མཐའ་ཆོད་པར་བཤད་པས་ཉམས་ལེན་བསྐྱང་ཐུབ་པ་ཤེས་ན་ཐེ་ཚོམ་དང་རྟོག་མཐའ་ཆོད་དེ་ཆོས་གཞན་ལ་ཡིད་མི་སྨོན་པའི་དགོས་པ་ཡོད་དོ། །གཉིས་པ་མངོན་

[p. 356] གསུམ་རིག་པའི་དབྱིང་སྤྲང་པོ་ནི། རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ནམ་མཁའ་ལ་ལྡིང་བ་ལྟ་བུ་དབྱིངས་འོད་གསལ་གྱི་སྣང་བ་དང་བཅས་པ་འདི་མ་འཁྲུལ་བའི་སངས་རྒྱས་ཀ་དག་ལྷུན་གྲུབ་ཀྱི་རང་གདངས་ཏེ། དང་ལ་ལྟས་པས་རྟོག་བྱེད་ ཐམས་ཅད་དག་ནས་སྤོས་བྲལ་ནམ་མཁའ་འདྲ་བའི་གདངས་ནང་དུ་ཤར་བས། དབྱིངས་རིག་གཉིས་སུ་མེད་པའི་དགོངས་པ་ཤེས་རབ་རང་བྱུང་གི་ཡེ་ཤེས་དང་ཞལ་མཇལ། ཐོག་མའི་ཀུན་ཏུ་བཟང་པོ་དང་སྐལ་པ་མཉམ། འདི་ལ་གོམས་པ་ཚད་ དུ་ཕྱིན་ན་བརྡོས་བཅས་འོད་དུ་འགྲོ་ལ། མ་ཕྱིན་ཡང་བར་དོ་འམ་རང་བཞིན་སྤྲུལ་པའི་ཞིང་བསྒྲོད། འགྲོ་དྲུག་འཁྲུལ་པའི་གཡང་ས་ཆོད་པའོ་ཞེས་ངོ་སྤྲད་དེ། རང་བྱུང་བསྟན་པའི་བཙས་ལས། འདི་ལྟར་སུ་ཡིས་མཐོང་པའི་མི། །ཐོག་ མའི་ཀུན་དུ་བཟང་པོ་དང་། །སྐལ་བ་ཉིད་ནི་མཉམ་པའོ། །ཅེས་པ་དང་། ཐལ་འགྱུར་ལས། ལུ་བུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ཡི་སངས་རྒྱས་སོ། །ཅེས་སོ། །གསུམ་པ་དེ་ལས་སྣང་བའི་འཆར་ ཚུལ་བསྟན་པ་ནི། དབྱིངས་འོད་ལྔའི་རང་གདངས་ལང་ལིང་དུ་སྣང་པ་དང་། ལུ་བུ་རྒྱུད་ལ་ཐིག་ལེ་ཕྲ་མོས་འབྲེལ་པ་དང་། ཐོག་མཱ་ར་ཀར་ཟང་ཟིང་སྐར་མ་འཕྲོ་བ་ལྟ་བུ་ལས། ཐིག་ལེ་ཁ་དོག་ལྔ་ལྡན་དང་། རེ་རེ་བ་དང་། སུམ་སྦྲེལ་གྱི་ བར་གྱི་སྣང་བ་ཚུན་ཆད་དེ། སྔ་མ་ལས། དེ་ནས་ཐིག་ལེ་མཐོང་པ་ཡིན། །ཅེས་སོ། །དེ་འང་ཕྱི་འོད་གསལ་ལ་ལྟས་པས་ནང་རྣམ་རྟོག་བྲལ་ཏེ་རིས་མེད་མཉམ་པར་གྲོལ་བ་ནི། ཀ་དག་གི་རིག་གདངས་དང་། ལྷུན་གྲུབ་ཀྱི་འོད་གདངས་གཉིས་ཕྱི་ ནང་ཟུང་དུ་འབྲེལ་བས། དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་ཞེས་བྱའོ། །གསུམ་པ་སྣང་བ་བཞི་འཆར་བའི་རིམ་པ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ་དང་། རང་བཞིན་རྒྱས་པར་བཤད་པའོ། །རང་པ་ནི། སྣང་པ་བཞི་ ཀའི་དུས་སུ་ལུས་བཞུགས་སྟངས་ལ་གནས་པ། མིག་གཟིགས་སྟངས་ལ་ལྟ་བ། རླུང་རིག་དང་གིས་དལ་བ་གསུམ་གནང་མཐུན་ལ། ཁྱད་པར་སྣང་པ་དང་པོ་གཉིས་སུ་སྦྱངས་པས་ཕྱི་མ་གཉིས་སུ་རྩོལ་བ་ལ་མ་ལྟོས་པ་དང་ གིས་འབྱོངས་ནས། འོད་གསལ་དུ་གྲོལ་བ་ཡིན་པས་ན་དབྱིངས་རིག་གཉིས་སུ་མེད་པ་ཞེས་བྱའོ། །འདི་དག་གི་གནད་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་མི་འབྲལ་བར་བྱ་བ་ནི་གནད་དུ་བྱུང་ལ། དེའི་དོན་བཤད་ན། རིག་པ་ནི་ངོ་བོ་རང་བཞིན་ཐུགས་ རྗེ་གསུམ་དབྱེར་མི་ཕྱེད་པ་གཞི་གནས་རང་དེའི་གདངས་འོད་རྩ་དངས་པའི་སྣང་པ་ལས་གསེར་གྱི་སྐུད་པ་ལྟ་བུ་བྲེད་ཆགས་ལ་འཁྱོག་འཚམས་ཐིག་ལེས་སྦྲེལ་བ་ལ་བྱའོ། །རྡོ་རྗེ་ནི་སངས་རྒྱས་སེམས་ཅན་ཀུན་ལ་ངོ་བོ་བཟང་ངན་མེད་པར་མཉམ་ ཞིང་མི་འགྱུར་བར་གནས་པའི་ཆ་ནས་བཞག་ལ། ལུ་ནི་དཔེར་ན་ཆུའི་ལུ་མ་བཟང་པོ་ལས་ཆུ་འཕེལ་འགྲིབ་མེད་པར་འབྱུང་པ་དང་འདྲ་བར། སྐུ་དང་ཡེ་ཤེས་ཀྱི་འཕེལ་སྒོ་སྣ་ཚོགས་སུ་ལམ་སྣང་མ་རྫོགས་ཀྱི་བར་ལ་དེ་ལས་འཆར་བར་ བྱེད་པའོ། །གུ་ནི་དེ་ཉིད་ཀྱི་ནང་དུ་ཆོས་ཉིད་ཕྱིན་ཅི་མ་ལོག་པའི་ལྟ་བ་དང་བསྒོམ་པ་འགུགས་པར་བྱེད་ལ། རྒྱུད་ནི་འཁོར་འདས་ལ་ཁྱབ་ཅིང་སྣང་བ་དེའི་ཚོགས་རྣམས་ལས། སྐུ་དང་། ཐིག་ལེ་འཕྲོ་བ་དང་། མཆེད་པ་དང་། འདུ་བ་ ལ་སོགས་པ་གསལ་བར་བྱེད་པའོ། །ཐལ་འགྱུར་ལས། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །དེ་ལ་སྣང་པ་བཞིར་འགྱུར་ཏེ། །ཆོས་ཉིད་མངོན་གསུམ་སྣང་པ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་སྤུབས། །ཉམས་སྣང་གོང་དུ་འཕེལ་བ་ ཡིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །རིག་པ་ཚད་ཕེབས་སྣང་པ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་པ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད། །ཅེས་སོ། །དེའང་སྣང་བ་

[p. 357] བཞིར་གྲངས་ངེས་པ་ནི་ཕྱིར་ནམ་ཟླ་དུས་བཞིའི་འཕེལ་ཟད་པ་དང་། ནང་དུ་ལུས་ངག་ཡིད་སེཾས་བཞིའི་བཅིངས་པ་ལས་ཏེ་གྲོལ་བ་དང་། གསུང་ཐར་དབང་བཞིའི་ངེས་པ་སྟོན་པ་དང་། དེ་ཁོ་ན་ཉིད་དུ་སྒྲོན་མ་བཞིའི་སྣང་བ་ངེས་པ་ལ་ལྟོས་ ན་བཞིར་ངེས་སོ། གོ་རིམས་ངེས་པ་ནི། དང་པོའི་གཞི་ཆོས་ཉིད་མངོན་གསུམ་མ་མཐོང་ན་ལྷག་མ་གསུམ་གྱི་འཆར་གཞི་མེད་པས་རྟེན་དང་ནི་རྟེན་པའི་གཞིར་དང་པོ་ཆོས་ཉིད་མངོན་གསུམ་གྱི་སྣང་བ་འཆར་བའོ། དེ་ཉིད་ཤར་བས་ཆོས་ཐམས་ ཅད་ཀྱི་དོན་མཐོང་བས་རང་བྱུང་གི་ཡེ་ཤེས་རང་ལས་རྙེད་པ་ཞེས་བྱའོ། དེ་ནས་མངོན་པ་དེ་ཉམས་སུ་མྱོང་ན་ཚིག་ཙམ་ལ་འབྲས་བུ་མི་འབྱུང་བ་ལས། དོན་ཉམས་སུ་མྱོང་བས་དེའི་ཉམས་གོང་འཕེལ་དུ་བྱུང་བའོ། དེ་ལྟར་ཉམས་སྐྱེས་པའི་ ཚད་བརྟན་པར་བྱེད་དགོས་ཏེ། མ་བརྟན་ན་ཉམས་ལ་ཐུག་པ་མེད་པས་ཆོས་ལ་ཟིན་པ་མེད་ཅིང་། སང་ལ་རྒྱ་རྒྱུ་མི་འབྱུང་བ་ལས། ཉམས་བརྟན་པའི་ཚད་ལ་ཕེབས་པས། རིག་པ་ཚད་ཕེབས་ཀྱི་སྣང་བ་བྱུང་པའོ། རིག་པའི་སྣང་བ་ཚད་ལ་ ཕེབས་ཀྱང་དེ་ལས་གཞན་དུ་མི་འགྱུར་ན་སྐུ་གསུམ་འབྲས་བུར་འདོད་པ་དང་ཁྱད་མེད་ལ། དངོས་སྣང་མཚན་མའི་ཆོས་ལ་དོན་གྱི་འབྲས་བུ་རེ་བ་ཐུན་མོང་པ་རྣམས་དང་ཁྱད་མེད་པ་ལས། སྣང་ཉམས་གཞི་ལ་ཐིམ་སྟེ། ཕྲ་རགས་ཀྱི་སྣང་འཛིན་ནུབ་ ནས། ཀ་དག་ཆོས་ཟང་ལ་སྤྱོད་པས་ཆོས་ཉིད་ཟང་བའི་སྣང་བ་བྱུང་བའོ། དེ་དག་ཀྱང་དང་པོ་གཉིས་སྤྲུལ་སྐུ། ཚད་ཕེབས་ལོངས་སྐུ། ཟང་པ་ཆོས་སྐུའི་སྣང་བ་ལམ་དུ་བྱས་པས་སྐུ་གསུམ་ལམ་སྣང་དུ་ཤར་བས་འབྲས་བུ་ཆོས་ཟང་ཀ་དག་གི་ དབྱིངས་ལ་ཐུག་པའི་ཕྱིར། རང་སྣང་གི་རྩལ་སྐུ་གསུམ་རིག་པའི་ངང་དུ་ཐིམ་པས། རིག་པ་ཀ་དག་གི་འབྲས་བུ། རིག་པའི་དབྱིངས་ནས་གདོད་ཀྱི་རང་རྩལ་སྐུ་གསུམ་ཤར་བས་དོན་བྱེད་པ་ཞེས་བྱ་སྟེ། ཐེག་པ་གཞན་ནས་མིང་ཡང་མི་གྲག་པའི་ ༄༅། །སྙིང་པོ། ཐེག་པ་རྒྱལ་པོའི་དགོངས་པ་ཞེས་བྱའོ། གནང་འདི་རྟོགས་དཀའ་བ་ཅིག་ཡིན་ནོ། གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་བཞི་སྟེ། ཆོས་ཉིད་མངོན་གསུམ། ཉམས་གོང་འཕེལ། རིག་པ་ཚད་ ཕེབས། ཆོས་ཉིད་ཟང་པའི་སྣང་བ་རྒྱས་པར་བཤད་པའོ། དང་པོ་ལ་གཉིས་ཏེ། མངོན་གསུམ་སྤྱིའི་འབྲེལ་དགོད་པ་དང་། རང་གི་མཚན་ཉིད་ངོས་བཟུང་བའོ། དང་པོ་ནི་སྤྱིར་མངོན་གསུམ་ལ་ཀུན་རྫོབ་ཐ་སྙད་ལ་གྲགས་པའི་མངོན་གསུམ་དང་། དོན་ དམ་དབྱིངས་ལ་འཇལ་བའི་མངོན་གསུམ་གཉིས་ལས། དང་པོ་ལ་དབང་པོའི་མངོན་གསུམ་གཟུགས་སོགས་ཡུལ་ལྔ་སྣང་བའི་རང་བཞིན་དང་། ཡིད་ཀྱི་མངོན་གསུམ་ཡུལ་ཉེ་བར་སྤྱོད་པ་རྒྱུ་མཚན་ངེས་པའི་རྟོག་ཡུལ་ན་སྣང་བ་དང་། རང་རིག་པའི་མངོན་ གསུམ་ནང་དུ་བདེ་སྡུག་ལ་སོགས་མྱོང་པ་ངེས་པའི་སྣང་བ་དང་། རྣལ་འབྱོར་གྱི་མངོན་གསུམ་ཆོས་ཉིད་ཀྱི་དོན་ཉེ་བར་འཇལ་བ་དེ་ཁོ་ན་ཉིད་ཀྱི་ཕྱོགས་ལ་ཞུགས་པའི་སོས་ཡང་དག་པའི་རིག་པ་དང་དེའི་སྣང་ཡུལ་གཉིས་སུ་མེད་པའི་ངང་ན་གཟུང་འཛིན་ དང་བྲལ་བར་མྱོང་པའི་ངེས་པ་སྟེ། རྣམ་འགྲེལ་ལས། ཐམས་ཅད་ལས་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །གནས་ནའང་མིག་གིས་གཟུགས་དག་ནི། །མཐོང་བའི་བློ་དེ་དབང་སྐྱེས་ཡིན། །ཅེས་བཤད་པ་བཞིན་ནོ། དོན་དམ་ དབྱིངས་ལ་འཇལ་བའི་མངོན་གསུམ་ནི་རིག་པའི་ངོ་བོ་ཆོས་ཉིད་སྙིང་ཁ་ན་ཡོད་པར་ངེས་ཏེ། དེའི་རང་གདངས་སྙིང་ནས་མིག་དུ་འབྲེལ་བའི་ཕྱིར་ཉི་མ་དང་འོད་ཟེར་བཞིན་རྒྱུ་འབྲས་ངེས་པའི་གཏན་ཚིགས་ཀྱིས་ཡིད་ཆེས་པར་འཇལ་བའོ། དེའི་ ཕྱིར་འཇིག་རྟེན་པ་དང་འདས་པ་གཉིས་ལས་འདི་ནི་འདས་པའི་མངོན་གསུམ་མོ། འདས་པ་ལ་བརྗོད་བྱ་ཤེས་པ་གཙོ་བ་སེམས་ཀྱི་རྒྱུ་མཚན་ངེས་པ་དང་། གནང་གཏེམ་པ་མཐོང་བ་གཙོ་བ་རིག་པའི་མངོན་གསུམ་གཉིས་ལས། འདི་རིག་པའི་

[p. 358] མངོན་གསུམ་ཞེས་བྱ་བ་ཡིན་ནོ། །གཉིས་པ་རང་གི་མཚན་ཉིད་ངོས་བཟུང་བ་ནི་ཆོས་ཉིད་མངོན་གསུམ་གྱི་སྣང་བ་ཞེས་པ་ལ། ཆོས་ཉིད་ཀྱི་སྒྲ་ཉེ་བར་སྦྱར་བ་ལ་བཞི་ལས། འཁོར་བ་ལ་ཆོས། མྱང་འདས་ལ་ཆོས་ཉིད་ཅེས་པའི་འདི་ཆོས་ཉིད་དོ། ། སྣང་བ་ལ་ཆོས། སྟོང་པ་ལ་ཆོས་ཉིད་དུ་བརྗོད་པའི་འདི་ཆོས་ཉིད་དོ། །གནད་མེད་པས་མི་གྲོལ་བ་ལ་ཆོས། ཡོད་པས་གྲོལ་ངེས་པ་ལ་ཆོས་ཉིད་དུ་གྲགས་པའི་འདི་ཆོས་ཉིད་དོ། །དབྱིངས་ལ་ཆོས། རིག་པ་ལ་ཆོས་ཉིད་དུ་གྲགས་པའི་འདི་གཉིས་ ཀ་དབྱེར་མེད་དུ་འདོད་པའོ། །མངོན་པ་ནི་དབང་པོའི་སྤྱོད་ཡུལ་ལ་དངོས་སུ་ལྟར་ཡོད་པའོ། །དེའང་ཡིད་དཔྱོད་ལམ་ལྟོས་པ་སྟེ། ཡིད་དཔྱོད་ཀྱི་ཤེས་རབ་ཀྱིས་གང་དུ་བཙལ་ཡང་རྙེད་པའི་དུས་མེད་དོ། །ཚོལ་མཁན་མིག་ཅན་མ་ཡིན། འོད་ གསལ་གཟུགས་ཅན་མ་ཡིན་པའི་ཕྱིར་ཏེ། བསྡུད་པ་ལས། ཤེས་རབ་ཀྱིས་ནི་བརྟགས་ན་ཕུང་པོའི་གཏིང་མི་རྙེད། ཅེས་སོ། །འོད་གསལ་གྱི་སྣང་བ་འདི་ཐ་སྙད་ལ་གྲགས་པའི་གཟུགས་ཅན་མ་ཡིན་ཏེ། ཕྲ་བ་རྡུལ་ཕྲན་དང་རགས་པ་དངོས་ པོ་རང་མཚན་དུ་འདི་མེད་པའི་ཕྱིར་འབྱུང་བཞིའི་གནོད་པས་གཞིག་ཅིང་གཞོམ་དུ་མི་རུང་བའི་ཕྱིར་རོ། །གཟུགས་ཅན་ནི་གཞིག་ཅིང་གཞོམ་རུང་དུ་ཡོད་དེ་གཟུགས་ཀྱི་མཚན་ཉིད་དེ་ཡིན་པའི་ཕྱིར་རོ། །གསུམ་ནི་རྣམ་གྲངས་ཏེ་ཕྱིར་ ལུས་ངག་ཡིད་གསུམ་གྱི་གནད་གསུམ་གྱིས་གཞི་བཅའ་བ། ནང་དུ་ཆོས་ཉིད་ཡུལ་གྱི་གནད། འཆར་བྱེད་སྒོའི་གནད། རླུང་རིག་གནས་པའི་གནད་གསུམ་གྱིས་ལམ་བསལ་བ་དང་། གསང་བར་གོམས་པ་ཚད་ཀྱི་རིམ་པ། སྨིན་པ་རྟགས་ ཀྱི་རིམ་པ། མཐར་ཐུག་ཟད་པའི་རིམ་པ་དང་གསུམ་གྱིས་ཚད་བཟུང་བ་དང་། བླ་ན་མེད་པར་སྣང་བ་འོང་། སྨིན་པ་ཐིག་ལེ། རྫོགས་པ་སྐུ་དང་གསུམ་གྱིས་འབྲས་བུ་རྫོགས་པའི་ཕྱིར། གསུམ་ཚན་བཞིར་ངེས་པས་གསུམ་ཞེས་བྱའོ། །ཡང་ན་ ༄༅། །ཆོས་ཉིད་ལ་སྐུ་གསུམ་ལྷུན་གྲུབ་ཏུ་ཡོད་པའི་རང་གདངས་སྣང་བ་གསུམ་ཕྱིར་ཤར་བའི་གྲངས། ཆོས་སྐུའི་རང་གདངས་ནད་མྱོང་བ་རིག་སྟོང་། ལོངས་སྐུའི་རང་གདངས་འོད་ལྔ་ཕྱིར་གསལ་བ་ཡེ་ཤེས་རང་གསལ། སྤྲུལ་སྐུའི་རང་གདངས་ཤར་གྲོལ་རིས་མེད་ཤེས་རབ་ཀྱི་རྩལ་དང་བཅས་པ་གསུམ་ལ་ལྟོས་ནས་གསུམ་ཞེས་བྱའོ། །དེའང་གཞི་གསུམ་གྱིས་གཞི་བཅས་པས་དངོས་པོ་ལ་ཐ་དད་མེད་པའི་གནད་དང་། ལམ་གསུམ་གྱིས་གགས་པ་སལ་བས་འགྲོ་ ལམ་ལ་ཉེ་རིང་མེད་པ་དང་། ཚད་གསུམ་གྱིས་ཚད་ལ་ཕབ་པས་འདྲ་མེན་དང་ཆལ་ཚོལ་མེད་པ་དང་། འབྲས་བུ་གསུམ་གྱིས་ཟད་སར་སྐྱལ་བས་ཡིན་མིན་དང་ཐེ་ཚོམ་མེད་པས་ན་མངོན་གསུམ་ཞེས་བྱ་སྟེ། ཐ་མལ་པའི་དུས་ན་དགའ་མི་དགའ་ བཏང་སྙོམས་གསུམ་མཐོང་བས་བདེ་སྡུག་བར་མ་གསུམ་འཆར་བ། བླ་མའི་གདམས་པ་ཉམས་སུ་བླང་བའི་དུས་ན་དབྱིངས་རིག་ཆོས་གསུམ་མངོན་པར་མཐོང་པས། ཆོས་ཉིད་མངོན་གསུམ་ལ་ཡིད་དཔྱོད་ཚིག་གིས་སྒྲོ་གདགས་སུ་མེད་པའི་ གནད། གོམས་པའི་དུས་ན་འོད་ཐིག་ལེ་སྐུ་གསུམ་མཐོང་བས་འཁྲུལ་པའི་སྣང་བ་རང་འགགས་པའི་གནད། ཚད་དུ་ཕྱིན་པའི་དུས་ན་གསལ་བ་སྟོང་པ་བདེ་བ་གསུམ་མངོན་པར་མཐོང་པས། ཆོས་ཉིད་རང་ཟད་པའི་གནད་དོ། ། དེ་ལྟར་ན་གསུམ་ཞེས་གྲངས་ཀྱི་གནས་གཞན་ལ་རྟེན་ནས་འབྲས་བུ་གཅིག་ཆར་དུ་གྲོལ་བར་ངེས་པའོ། །སྣང་བ་ནི་གང་སྣང་ན་ཆོས་ཉིད་སྣང་ལ། ཡུལ་གང་ལ་སྣང་ན་དབྱིངས་ལ་སྣང་། ཚུལ་ཇི་ལྟར་སྣང་ན་འོད་དང་འོད་ཁྱིམ་ རིག་པ་ལུ་གུ་རྒྱུད་དང་བཅས་པ་སྣང་། སྣང་བ་དེ་ཉམས་སུ་བླངས་པ་ལས་འབྲས་བུ་བརྡོས་བཅས་མི་སྣང་བར་སངས་རྒྱ་བའོ། །དེ་ལྟར་ཆོས་ཉིད་མངོན་གསུམ་གྱི་སྣང་བའི་ངོ་བོ་དབྱིངས་རིག་འོད་གསལ་དུ་སྣང་བ་སྟེ། ཡི་གེ་མེད་པ་ལས་

[p. 359] སྐྱེ་བ་མེད་པའི་མངོན་གསུམ་སངས་རྒྱས་ཀྱིས། །ཡུལ་མེད་རྣམ་པར་དག་པའི་སྣང་བ་མཐོང་། །ཅེས་པ་དང་། སྒྱུ་འཕྲུལ་ལས། ནོར་བུ་རིན་ཆེན་འོད་ཆགས་དཔལ། །སངས་རྒྱས་ཀུན་གྱི་མངོན་གསུམ་པ། །ཅེས་སོ། །དེས་ཚིག་ནི་སྐུ་གསུམ་གྱི་སྣང་བ་མཐོང་བ་སྟེ་ རིན་པོ་ཆེ་རྣམ་པར་བརྩེགས་པའི་རྒྱུད་ལས། མངོན་ཞེས་བྱ་བ་མཐོང་བ་ལ། །གསུམ་ཞེས་བྱ་བ་སྐུ་གསུམ་གྱི། །ཞིང་ཁམས་གཏན་ལ་ཕེབས་པའོ། །ཅེས་སོ། །དགོས་པ་ནི་གནད་འདིས་གོལ་སྒྲིབ་མེད་པར་གྲོལ་ཏེ། དེ་ཉིད་ལས། ཆོས་ཉིད་མངོན་ གསུམ་གནད་མེད་ན། །མིག་མེད་གཡང་ཁར་ཕྱིན་པ་འདྲ། །ཅེས་སོ། །གནད་ནི་ཐལ་འགྱུར་ལས། རྒྱང་ཞགས་འགུལ་བ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཅེས་པ་དང་། ཡི་གེ་མེད་པ་ལས། མིག་ནི་རབ་ཏུ་མནན་བྱ་སྟེ། །མིག་ ཟུར་ཉིད་ལས་དབྱིངས་འབྱུང་བས། །མིག་ནི་ནམ་མཁའི་ཁམས་སུ་བརྟག །ཅེས་སོ། །སྣང་བ་ནི། ཐལ་འགྱུར་ལས། ཆོས་ཉིད་མངོན་གསུམ་སྣང་བ་ནི། །དབང་པོའི་སྒོ་ལས་ངེས་འཐོན་ཏེ། །སྤྲིན་མེད་པ་ཡི་མཁའ་ལ་གསལ། །ཅེས་པ་དང་། གཞན་ཡང་རྩ་དང་འཁྲུལ་འཁོར་གྱིས། །རང་བཞིན་གནས་པའི་ཡེ་ཤེས་ལྔ། །ཆུ་བུར་མིག་གིས་མཐོང་བའོ། །ཅེས་པ་དང་། རང་ཤར་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འགྲོ་དང་འོང་བ་དང་། །འགུལ་ བ་དང་ནི་འཕྲིག་པའོ། །ཅེས་པ་དང་། སེང་གེ་རྩལ་རྫོགས་ལས། རང་སྣང་རིག་པའི་དངོས་པོ་དེ། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །ཅེས་པ་དང་། ནོར་བུ་འཕྲ་བ་ཀོང་ལས། རྒྱང་ཞགས་ཆུའི་སྒྲོན་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་ལུ་གུ་ རྒྱུད་ཀྱི་སྐུ་ཡོངས་སུ་གསལ་ལོ། །ཅེས་སོ། །ཉམས་སུ་བླང་ལུགས་ནི་དང་པོ་ཐུན་ཆུང་ལ་གྲངས་མང་དུ་བྱ། གཉིས་པ་ལ་ཐུན་བསྐྱེད་ཅིང་ཡུན་བསྲིང་། གསུམ་པ་ལ་ཉིན་མཚན་མེད་པར་ཉམས་སུ་བླང་ཞིང་། དབྱིངས་ཀྱི་ར་བར་རིག་པ་བཅུག་ན། ༄༅། །ལས་མི་འགུལ་བར་བྱེད་དེ། སྒྲོན་མ་འབར་བ་ལས། དབྱིངས་ཀྱིས་རིག་པའི་རང་ཡུལ་བྱེད། །རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད། །འདི་ཉིད་ནང་དུ་བཞག་པར་བྱ། ཅེས་སོ། འབྲས་བུ་ནི། ཕྱིའི་དབྱིངས་སྣང་ལ་མིག་མི་འགུལ་བའི་རང་ དུས་ན། ནང་དུ་རིག་པ་གཞི་ལ་གནས་པས་གདངས་རང་ཐིམ་ལ་འཁོར་ནས། གློ་བའི་རླུང་གི་རྟ་དང་བྲལ་བས། ཡེ་ཤེས་ཀྱི་ནམ་མཁའ་དབྱིངས་ཀྱི་ནམ་མཁའ་ལ་ཐིམ་ནས་ངོ་མཉམ་རིས་མེད་དུ་གྲོལ་བས། ཀ་དག་གི་རིག་པ་དབྱིངས་ལས་མ་གཡོས་ པར་སྙིང་ཁ་ན་རང་གིས་འོད་གསལ་བའི་དགོངས་པ་ལ་རང་བཞིན་གྱིས་གནས་ཏེ། རྣལ་འབྱོར་པ་དེ་ཆོས་ཉིད་གདོང་མའི་འོད་གསལ་ཟིན་པ་ཞེས་བྱ་བས་འཁོར་བ་མིང་མེད་དུ་སྟོངས་ནས་སྲིད་གསུམ་གང་རུང་ཤ་ཚོང་པ་ཡིན་ཏེ། ཐལ་འགྱུར་ལས། དེས་ ནི་ཆོས་ཉིད་མངོན་གསུམ་གནད། །མཐོང་བ་ཙམ་གྱིས་ཤེས་པ་དང་། །དེ་ཤེས་པ་ཡིས་རྟོགས་པ་དང་། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །གྲོལ་ཞེས་དགྲོལ་བ་མ་ཡིན་ཏེ། །ནམ་མཁའ་དག་ནི་ནམ་མཁའ་ལ། །ཐིམ་ནས་རང་བཞིན་ དམིགས་མེད་པས། །རིས་མེད་ཆ་ཤས་ཡོད་མ་ཡིན། །མངོན་གསུམ་རྙེད་པའི་སྐལ་ལྡན་ལ། །ཁམས་གསུམ་འཁོར་བ་མིང་མེད་པས། །སྲིད་གསུམ་གདངས་ཤ་ཚོང་པའོ། །ཅེས་སོ།། ༈ །།གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ལ་ གཉིས་ལས། མདོར་བསྟན་པ་ནི། དབྱིངས་རིག་ལ་གོང་ནས་གོང་དུ་སྦྱངས་པས། ཕྱིར་དབྱིངས་སྣང་དུ་རིག་པ་ལུ་གུ་རྒྱུད་དབྱེར་མེད་དུ་གནས་པ་བཞིན། ནང་དུ་ཀ་དག་གི་སྟོང་དབྱིངས་ལ་རང་གདངས་ཀྱི་རིག་དབྱིངས་གཉིས་མེད་དུ་གནས་པས་འོང་ གསལ་མ་བུ་འདྲེས་ཏེ། སྣང་ཉམས་སྣ་ཚོགས་སུ་འཕེལ་བ་ནི། ཐལ་འགྱུར་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་ཕྱིར་བྱུང་ནས། །གྱེན་འགྲེང་བ་དང་རྩིབས་ཤར་དང་། །ཐིག་ལེ་སྣ་ཚོགས་སྐུ་ཉིད་དུ། །རགས་པར་སྣང་བའི་

[p. 360] ཡུལ་ལ་གསལ། ཅེས་སོ། །རྒྱས་པར་བཤད་པ་ནི། ཉཾས་གོང་འཕེལ་ཅེས་པའི་ཉམས་ལ་གཉིས་ཏེ་ཤེས་པའི་ཉམས་དང་། སྣང་བའི་ཉམས་སོ། །ཤེས་ཉམས་ལ་འཇིག་རྟེན་པའི་ཤེས་ཉམས་ཏིང་ངེ་འཛིན་གྱིས་ཐོབ་པའི་དགའ་བདེ་ སེམས་ཆགས་པ་གླུ་གར་ལ་སོགས་པ་བྱེད་སྙིང་འདོད་པ་རྣམས་དག་འདས་པའི་ཤེས་ཉམས་སྟོང་གསལ་མཐའ་བྲལ་གྱི་རྟོགས་ཚད་ཤེས་རབ་ཀྱི་རྩལ་དང་བཅས་པ་རྣམས་ཏེ། འདི་ཉིད་ཐོག་མ་བར་དང་མཐར་གོམས་པ་ལས། ཤེས་པ་ དགའ་བདེའི་ཉམས་དང་། མཐར་འགྱུར་གྱི་ཉམས་དང་། སྣང་བའི་ཉས་དང་གསུམ་འབྱུང་བ་ལས། དང་པོ་ནི། ལུས་ངག་གནད་དུ་བརྒྱན་པས་རླུང་སེམས་བག་ལ་ཞ་ནས། ནང་ཏིང་ངེ་འཛིན་འོད་གསལ་སྟོང་པའི་ངང་ལ་འབྱམས་པ་ དང་། ཤེས་པ་བག་ཡངས་གཟུང་འཛིན་མེད་པའི་དགའ་བདེ་ཡངས་པ་ཁྲོལ་ཆགས་སུ་སྐྱེས་ཀྱང་ཞེན་འཛིན་སྤུ་ཉག་ཙམ་ཡང་མེད་པ་ནི་རང་བཞིན་གྱི་བསམ་གཏན་གནད་དུ་ཕེབས་པ་ལས་བྱུང་བའོ། །བཅོས་མའི་བསྒོམ་པ་ལས་དགའ་བདེ་ བྱུང་བ་ནི་ཉམས་འགྱུར་བ་ཤས་ཆེ་ལ་རགས་པ་འཁྲབ་པ་འམ་གླུ་གར་བྱེད་འདོད་པ་འབྱུང་བས་ཆགས་ཞེན་དུ་སོང་ལ། འདི་ནི་དགའ་བདེར་ཤར་ཡང་རང་དབང་ཐོབ་པའི་དགའ་བདེ་ཞེན་མེད་དུ་ཤེས་པའི་ཁྱད་ཡོད་པ་ནི་བཅོས་ནས་བསྒོམས་པ་དང་། རང་བཞིན་གྱིས་རླུངས་སུ་ཕེབས་པའི་བསམ་གཏན་གྱི་ཁྱད་དུ་ཤེས་པར་བྱའོ། །མཐར་འགྱུར་གྱི་ཉམས་ནི་རླུང་ཉམས་ཀྱི་སྣང་ཆ་སྟེ། སྲིན་བུ་མེ་ཁྱེར་ལྟ་བུ་དང་། སྤྲིན་ལྟ་བུ་དང་། དུ་བ་ལྟ་བུ་དང་། སྨྱུག་ཟིལ་ལྟ་བུ་དང་། ཟླ་བ་ཤར་བ་ལྟ་བུ་དང་། སྐ་རམ་ཤྭ་ བ་ལྟ་བུ་དང་། ནམ་སྲོས་པ་ལྟ་བུ་ལ་མཐིང་ཁའི་སྣང་བ་ཡོད་པ་ལྟ་བུ་དང་། ཉི་མ་ཤར་བ་ལྟར་ཕྱི་ནང་ཟང་ཐལ་བར་སྣང་བ་ལྟ་བུ་དང་བརྒྱད་དེ། འཆར་ནུབ་དང་གསལ་འགྲིབ་ཏུ་བྱུང་བས། མི་བརྟན་ཚུགས་མི་ཐུབ་འགྱུར་འགྲོ་བས་མཐར་འགྱུར་ བ་ལྟ་བུ་དང་། ནམ་སོས་པ་ལྟ་བུ་ལ་མཐིང་ཁའི་ས་ནང་པ་ཡོད་པ་ལྟ་བུ་དང་། གཉིས་ཤིང་ཐིམ་ལ་ནང་དུ་བཟློག་པས་ཕྱིར་གསལ་དུ་ཟད་དགོས་ཏེ། ལྷུན་གྲུབ་བདག་གི་དབྱིངས་སུ་ཐིམ་དགོས་པའི་ཕྱིར་རོ། །ནང་མས་ལ་དུ་རང་འོད་ཀྱི་ཀློང་ན་རིག་པ་སྐུ་དང་ཡེ་ཤེས་ཀྱི་ཕོ་བྲང་ མུ་བྱིར་སྣང་འཕེལ་ཞིང་ཚང་ལ་ཕེབས་ནས། རང་གདངས་གཞི་ཐིམ་ལ་ནང་དུ་བཟློག་བས་ཕྱིར་གསལ་དུ་ཟད་དགོས། ཤེས་ཉམས་ནི་བློ་ཡིན་པས་འགྱུར་ཞིང་ཚང་མི་ཐུབ་སྟེ་ཀུན་བརྟགས་ཀུན་རྫོབ་ཀྱི་རྣམ་པ་ཅན་དྲན་བྱེད་ཐ་དད་པ་ཚུལ་གྱི་རྟོག་དགོས་པ་སྡུས་ པའི་ཕྱིར། འདི་ལ་ཚད་བྱེད་ན་སྤྲིན་ལ་ཚོད་བཙུགས་ནས་སླས་སྦྱངས་བྱེད་པའི་བྱ་དང་འདྲ་སྟེ། དོན་རྟོག་པའི་དུས་མེད་དེ་མཐོང་བ་ནས་ཐོག་ཏུ་མི་ཕེབས་སོ། །འདི་ནི་སྣང་བའི་ཉམས་ཏེ་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་མཐོང་བས་བསྐོར་བའི་ ལས་ཀྱི་མཐའ་ཕྱིར་གཟུང་བ་ཡུལ་དུ་སྣང་བ་ལས་འདས་ལ། དབྱིངས་ཀྱི་སྣང་བ་མཐོང་བས་དེའི་སྟེང་དུ་འཛིན་པ་རྟོག་པའི་ཆའི་ཕྱེད་མེད་པ་སྟོང་ཆད་དུ་འཛིན་པ་ལོག་པས་འཁོར་བའི་ཆུའི་སུམ་གཉིས་ལས་འདས་ལ། ཀུན་རྟོག་གཞི་བྲལ་ རང་སངས་སུ་དག་པས་འཛིན་ཆའི་ཕྱེད་སྣང་བ་རང་མཚན་དུ་འཛིན་པ་ལོག་པས། གཟུང་འཛིན་གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པ་ཞེས་བྱའོ། །མདོར་ན་སྣང་ཉམས་རྣམས་ཡེ་ཤེས་ལྔའི་ཁ་དོག་གི་སྣད་པ་དང་། དབྱིངས་ཀྱི་སྣང་བ་གཉིས་ སུ་འདུས་པའོ།། །།གོང་འཕེལ་ནི། སྣང་བ་དེ་དག་ཇེ་བཀྲ་ཇེ་ལེགས་ཇེ་མང་ལ་སོང་བ་སྟེ། འདི་ཡང་གདུལ་གྱིས་སྤྱིར་བསྟན་པ་དང་། སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། འཁོར་བའི་གཅིངས་པ་ལས་གྲོལ་ཚུལ་

[p. 361] དང་སྦྱར་ན། སྣང་བ་དེ་ཡང་བྱེ་ན་འགྲེང་དང་། རྩིབས་ཤར་དང་། གླུ་ཆང་དང་། དུམ་བུ་དང་། སྣམ་བུའི་སྣང་བ་དང་ལྔ་རྫོགས་པས་ཡེ་ཤེས་ལྔའི་ཁ་དོག་ལ་དབང་ཐོབ་ནས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་ ལྔ་མངོན་དུ་རྒྱུ་བའི་བཅིངས་པ་ལས་གྲོལ་ཏེ། བག་ལ་ཉལ་ཙམ་ལས་མ་གཏོགས་པ་མེད་པས་འཁོར་བའི་ཕྱེད་ལས་འདས་པ་ཉིད་དོ། །དེ་ནས་དྲ་བའི་རྣམ་པ་དང་། དྲ་བ་བྱེད་པ་དང་། མིག་མངས་རིས་དང་། དམིག་ཚགས་ཀྱི་རྣམ་པ་ལྟ་བུ་དང་ ཟ་འོག་གུར་ཁྱིམ་ལྟ་བུ་མཐོང་པས། གཟུགས་ལ་སོགས་པ་ཕུང་པོ་ལྔའི་ཚོགས་པས་བདག་ཏུ་བྱས་པ་ལས་འདས་པས། འདི་གཏན་གྱི་བདེ་བ་སུམ་གཉིས་ལས་འདས་པས། ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་བྱིན་བརླབས་སོ། ། དེ་ནས་ཡེ་ཤེས་དངོས་པོ་དག་པའི་དབྱིབས་ཀྱི་སྣང་བ། ཡེ་ཤེས་དེ་ཁར་ཐབས་ཀྱི་རྣམ་པ་འདྲ་བ་དང་། ཉི་ཟླ་ཟུང་སྤྲེལ་གྱི་རྣམ་པ་འདྲ་བ་དང་། པད་མ་བརྩེགས་པའི་རྣམ་པ་འདྲ་བ་དང་། མཆོད་རྟེན་བརྩེགས་པའི་རྣམ་པ་འདྲ་བ་དང་། པད་མ་ སྟོང་ལྡན་གྱི་རྣམ་པ་དང་འདྲ་བ་མཐོང་པས། འབྱུང་བ་ལྔའི་འཆིང་བྱེད་ལས་འདས་པའོ། །དེ་དག་ཀྱང་གཅིག་སྐྱེས་གཅིག་འགགས་པས་ཉམས་ཞེས་བྱའོ། །དེ་ཡང་སྔ་མ་བས་ཁྱད་པར་དུ་འགྱུར་བས་གོང་འཕེལ་ཞེས་བྱའོ། །དེ་ལྟར་རིམ་ པས་བྱུང་བ་ནི་སྔར་དབང་རིམ་པས་བསྟེན་པ་ལས་བྱུང་བའོ། །གཉིས་པ་སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་ལ། ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང་། དབྱིབས་ཀྱི་སྣང་བ་གཉིས་ལས། དང་པོ་ནི། རྡོ་རྗེའི་རིགས་རྣམ་པར་དག་པས། མེ་ལོང་ ལྟ་བུའི་ཡེ་ཤེས་ཀྱི་རང་འོད་ཁ་དོག་དཀར་པོའི་རྣམ་པར་འཆར་བ་དང་། དེ་ཉིད་རྡོ་རྗེ་མི་བསྐྱོད་པའི་གདངས་དཀར་བ་ལ་འཚེར་བར་འཆར་བའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པའི་རིགས་རྣམ་པར་དག་པས། མེ་ལོང་ ལྟ་བུའི་ཡེ་ཤེས་ཀྱི་རང་འོད་ཁ་དོག་དཀར་པོའི་རྣམ་པར་འཆར་བ་དང་། དེ་ཉིད་རྡོ་རྗེ་མི་བསྐྱོད་པའི་གདངས་དཀར་བ་ལ་འཚེར་བར་འཆར་བའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པའི་རིགས་རྣམ་པར་དག་པས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁ་དོག་ དཀར་པོའི་རྣམ་པར་སྣང་མཛད་ཀྱི་གདངས་མཐིང་ལ་གནག་པར་འཆར་རོ། །རིན་པོ་ཆེའི་རིགས་རྣམ་པར་དག་པ་ལས། མཉམ་པ་ཉིད་ཀྱི་ཁ་དོག་སེར་པོའི་སྣམ་བུ་དང་། རིན་པོ་ ཆེ་འབྱུང་ལྡན་གྱི་གདངས་རབ་ཏུ་འཚེར་བ་གསེར་ཞུན་སྦྱངས་པ་ལྟ་བུར་འཆར་རོ། །པད་མའི་རིགས་རྣམ་པར་དག་པ་ལས། སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ཁ་དོག་དམར་པོའི་སྣམ་བུ་དང་། སྣང་བ་མཐའ་ཡས་ཀྱི་གདངས་དམར་བ་ལ་རབ་ཏུ་དམར་བ་ བྱེ་རུའི་མདོག་ལྟ་བུར་འཆར་རོ། །ལས་ཀྱི་རིགས་རྣམ་པར་དག་པ་ལས། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཁ་དོག་ལྗང་ཁུའི་སྣམ་བུར་འཆར་བ་དང་། དོན་ཡོད་གྲུབ་པའི་གདངས་རབ་ཏུ་ལྗང་པ་ཨིན་ཏྲ་རྣམ་པའི་རྣམ་པ་ལྟར་འཆར་བའོ། །དེ་དག་གི་ཕྱི་རིམ་ མཐིང་ཁ་རྡོ་རྗེའི་ར་བས་ཀུན་ནས་བསྐོར་བ་ནི། ཡེ་ཤེས་དེ་དག་ཐ་དད་པ་མ་ཡིན་པར་མཚོན་པའོ། །དེ་ལས་སྣང་བའི་འཕེལ་ནི་འོད་ལྔ་སོ་སོས་གཙོ་བྱས་པའི་ཁ་དོག་ལྔ་ལྔར་གསལ་བ་ནི། རིགས་དང་རིགས་ཀྱི་ཁྱད་པར་ལས་བྱུང་བའོ། །དེ་ནས་ཡེ་ ཤེས་ཀྱི་རླུང་རྣམ་པར་དག་པ་ལས་མེ་ལོང་ལྟ་བུ་བྱེ་ན་འགྲེང་དུ་སྣང་བ་ནི། དེ་ལ་བརྟེན་ནས་ཉམས་ཀྱི་འཕེལ་འབྱུང་བའོ། །མཉམ་པ་ཉིད་ཀྱི་རྩིབས་ཤར་དུ་སྣང་བ་ནི། འཁྲུལ་པའི་སྣང་བ་ཟད་དུ་ཉེ་བ་ཉིད་དོ། །དེ་ནས་སོ་སོར་རྟོགས་པའི་བུ་ཆར་དུ་སྣང་བ་ ནི། འབྱུང་བའི་འཕྲ་བ་འགག་པའི་དུས་སོ། །བྱ་བ་གྲུབ་པའི་རེ་ལྔའི་རྣམ་པ་ཙམ་དུ་སྣང་བ་ནི། ཡེ་ཤེས་ཀྱི་རང་གདངས་སོ་སོར་གསལ་བ་ལས་བྱུང་བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡུལ་བུ་ཙམ་དུ་སྣང་བ་ནི་རྟོག་པ་རབས་པ་རྣམས་ འགགས་པ་ལས་བྱུང་བའོ། །དེ་དག་གི་ལམ་སྐྱེ་བའི་རིམ་པ་ནི། བརྩོན་འགྲུས་རབ་རྣམས་འབར་དུ་ཞག་ལྔ་ལྔའོ། །འབྲིང་རྣམས་ལ་ཞག་བདུན་བདུན། ཐ་མ་རྣམས་ཞག་ཉེར་གཅིག་ཉེར་གཅིག་ན་གོང་མའི་སྣང་བ་འགགས་ནས། ཡང་འོག་

[p. 362] པའི་སྣང་བ་དེ་དག་ཏུ་རྣམ་པར་སྣང་བའོ། །ཁ་དོག་དང་དབྱིབས་ཀྱི་བར་འདིར་ནི་ཐང་གཅིག་དུ་གནས་པ་དག་འབྱུང་ངོ་། །དེ་ནས་དེ་དག་ནུབ་ནས་ཡང་ཡེ་ཤེས་ལྔའི་དབྱིབས་ཀྱི་རྣམ་པ་འཆར་ཏེ། མེ་ལོང་ལྟ་བུའི་དབྱིབས་མིག་ཚགས་ཀྱི་རྣམ་ པ་དང་འདྲ་བ་འགྱུར་རོ། །དེ་ནི་ཁ་དོག་རབ་ཏུ་སྤེལ་ལེགས་པ་ལས་བྱུང་བའོ། །དེ་ལ་གོམས་པ་ལས་མིག་མངས་རིས་སུ་འཆར་ཏེ། འདི་ནི་སྔོན་དུ་འགྲོ་བ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །དེ་ནས་མཉམ་པ་ཉིད་དྲ་བ་ཕྱེད་པར་འཆར་ཏེ། དེ་ནི་རླུང་གི་ སྦྱངས་པ་རག་པ་ལ་བྱུང་བའོ། །དེ་ལས་དྲ་བར་སྣང་བ་ནི་སྔོན་འགྲོ་དག་ཅིང་ཚར་ཆོད་པ་ལས་བྱུང་བའོ། །དེ་ན་སོ་སོར་རྟོག་པའི་མེ་ཏོག་གི་ཚེམ་བུར་འཆར་བ་ནི། གཟིགས་སྟངས་ལ་འགྲུས་པ་ལས་བྱུང་བའོ། །དེ་ཡས་པད་མ་སྟོང་ལྡན་དུ་ འཆར་བ་ནི་སྔོན་འགྲོ་འབྱོངས་པ་ལས་བྱུང་བའོ། །དེ་ནམ་བྱང་ཆུབ་པའི་མཚོན་ཆ་ལྟ་བུར་འཆར་བ་ནི། རང་བཞིན་མ་བཅོས་པ་ལས་བྱུང་བའོ། །དེ་བས་འཁོར་ལོ་ལ་སོགས་པའི་རྣམ་པ་སྣ་ཚོགས་སུ་སྣང་བ་ནི་སྔོན་འགྲོ་མཐར་ཕྱིན་པ་ལས་ བྱུང་བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཐར་ཐུག་སུ་འཆར་བ་ནི། རིག་པ་མིག་ནས་དྲངས་པ་ལས་བྱུང་བའོ། །དེས་ཟ་འུག་གུར་ཁྱིམ་ལྟ་བུ་ནི་སྔོན་འགྲོ་དག་པར་བྱས་པ་ལས་བྱུང་བའོ། །དེ་དག་ཀྱང་བརྩོན་འགྲུས་ཀྱི་ཁྱད་ཀྱིས་ཞག་ གསུམ་དང་། བདུན་དང་། བཅུ་བཞིན་གཅིག་སྐྱེ་གཅིག་འགག་པའོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། འདི་དག་ནི་སེམས་ཀྱི་སྔོན་འགྲོའི་དུས་ན། རྟོག་པ་ཐ་དད་པར་བསྣང་བ་དེ་འགགས་པའི་རྟགས་ཡིན་ནོ། །དེ་ནས་ རིག་པ་རང་གི་ངོ་བོའི་སྣང་བ། །རེ་ལྡེ་ཙམ་ལས་གྲུ་ཆོད་སྣང་། །ཡུམ་གྲུ་ཙམ་ལས་མཐོང་ཚད་པོ། །ཅེས་པ་དང་། རང་བྱུང་གི་རྒྱུད་ལས། རང་ངོ་མཐོང་ལས་འདི་ལྟར་རོ། །ཡང་འཚམས་ལས་ནི་སོར་བཞི་ལས། །བྲལ་བའི་སྐྱེས་བུ་སྐལ་བཟང་པོ། །འཁོར་བར་ འདུག་པ་ག་ལ་སྲིད། །གྲུ་ཆད་རྣམ་པར་གང་སྣང་བ། །སྤྲུལ་པའི་ཡོན་ཏན་འདིས་འགྲུབ་བོ། །མཐོང་བའི་ཡུལ་ཙམ་གང་སྣང་བ། །ཚོམ་བུ་ལ་ནི་དེ་བཞིན་ནོ། །ཕྱིར་སྣང་འགགས་པ་གང་ཡིན་པ། །སྐད་ཅིག་མ་ནི་བཅུ་དྲུག་ལ། །འདི་ཡང་དེ་ལྟར་འགྱུར་བའོ། ། ཅེས་སོ།། །།གསུམ་པ་རིག་པ་ཚང་ཕེབས་ཀྱི་སྣང་བ་ལ། སྣང་ཚུལ་སྐྱིད་བསྟན་པ་དང་། འོད་གཞན་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་ཐིག་ལེ་རེ་རེའི་ནང་དུ་སྐུ་ཕྱེད་མ་རེ་རེ་སྣང་བ་ནི་སྤྲུལ་པ་སྐུའི་སྣང་བ་རྣམ་པར་དག་པ་ལས་ བྱུང་བའོ། །དེ་ནས་སྐུ་རང་རྐྱང་རེ་རེ་སྣང་བ་ནི་སྤྲུལ་སྐུའི་སྣང་བ་ཆོས་ཉིད་མངོན་གསུམ་དུ་མཐོང་བ་ལས་བྱུང་བའོ། །དེ་ནས་སྐུ་དེ་དག་ཡབ་ཡུམ་ལྔ་ལྔར་གྱུར་པ་ནི་ལོངས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པ་ཉིད་དོ། །དེ་ནས་སོ་སོའི་ཚོམ་བུའི་དཀྱིལ་འཁོར་ དང་བཅས་པར་སྣང་བ་ལ། དེ་ཉིད་མུ་ཁྱུད་ཀྱི་ར་བ་དང་སོ་སོའི་གཙོ་འཁོར་དུ་སྣང་བ་ནི། ཆོས་སྐུའི་སྣང་བ་རྣམ་པར་དག །བ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །འདི་ནི་རིག་པ་ཚང་ཕེབས་ཀྱི་སྣད་པ་སྟེ། སྔོན་འགྲོའི་དུས་ན་ལུས་ཀྱི་བྱ་བ་དང་། བྱང་བ་དེ་དག་གི་ འབྲེལ་ཚད་དེ་ཕྱིས་མི་སྐྱེ་བའི་རྟགས་སོ། །དེ་འང་དག་བྱ་དྲི་མའི་སྦྱོང་བའི་གཉེན་པོ་སྔོན་འགྲོ་ལ་སོགས་པ་གནད་དུ་ཕྱིན་པ་ལས་སྣང་བ་དེ་དག་ཤར་བར་བཏགས་ཀྱང་བྲལ་འབྲས་དང་དག་བྱ་དག་བྱེད་ཀྱི་རྒྱུ་འབྲས་བཏགས་པ་བ་ཡིན་གྱི། དེས་བསྐྱེད་

[p. 363] ནས་སྣང་བ་མ་ཡིན་ཏེ། ཡེ་ཤེས་རང་ཡོད་ཀྱི་གདངས་དྲི་མའི་སྒྲིབ་པ་དག་སྟོབས་ཀྱིས་སྣང་བའི་ཕྱིར་རོ། །ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ནི། །ལོངས་སྐུའི་མཚན་དཔེ་གསལ་བར་ནི། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ལྔ་ཡབ་ དང་ཡུལ་དུ་སྣང་། །ཅེས་པ་དང་། བསྟན་བུ་ལས། དེ་བཞིན་སྐུ་ལ་ཐུག་གི་ཕྱིར། །དྲུག་པ་རབ་ཏུ་དང་ལྷ་གསུམ་ལ། །བདེན་མི་ཟ་སྟེ་ལོངས་སྐུའོ། །ཅེས་སོ། །གཉིས་པ་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ། ཚད་ཕེབས་ཀྱི་ངེས་ཚིག་སྤྱིར་བསྟན་པ་ དང་། ཚད་གསུམ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི་རིག་པ་ཚད་ཕེབས་ཅེས་པས། རིག་པ་ནི་གཞི་གནས་ཀྱི་རིག་པ་མངོན་དུ་གྱུར་ཏེ། ལམ་སྲོལ་དུ་ཚུད་པ་ལས། གཞི་སྣང་གི་རང་གདངས་ལྷུན་གྲུབ་ཀྱི་འཆར་སྒོ་སྐུར་སྣང་བས། ལམ་སྣང་ ཟད་དུ་ཉེ་བ་ལས། དཀྱིལ་འཁོར་རྫོགས་པ་རྣམས་སོ། །ཚད་ནི་དང་པོ་ཕྱེད་སྐུ་ནས་སྐུའི་དཀྱིལ་འཁོར་རྫོགས་པའི་བར་རོ། །ཕེབས་པ་ནི་དེ་ལས་འདས་ས་མེད་པས་རྣམ་པར་སྣང་བའོ། །དེ་དག་ནི་ཟླ་བ་ཉ་བང་བའི་རྣམ་པ་དང་འདྲ་སྟེ། ཡར་གྱི་ འཕེལ་ཟད་པས་དཀྱིལ་འཁོར་རྫོགས་ཏེ་རང་ངོ་ལ་བཅོས་སུ་མེད་པའོ། །གཉིས་པ་ཚད་གསུམ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ཕྱི་སྣང་བའི་ཚད། ནང་ལུས་ཀྱི་ཚད། གསང་བ་རིག་པའི་ཚད་དོ། །དང་པོ་ནི། སྣང་བ་ལ་དབང་སྒྱུར་ཞིང་ཞིང་ཁམས་ འོད་གསལ་དུ་རྫོགས་པ་སྟེ། ཐལ་འགྱུར་ལས། དེ་ལྟར་ཕེབས་ནས་རྫོགས་པའི་ཚད། །ཐད་ཀའི་དངོས་སྣང་འགགས་པ་དང་། ས་རྡོའི་སྣང་བ་བཞུ་བ་དང་། །རང་ཤེས་ཅི་ལའང་ཚུད་པ་དང་། །དེ་བཙུད་བེམས་པོ་འགུལ་བ་དང་། །རླུང་གི་འགྱུ་བའི་ཚད་ཟིམ་ དང་། །ལུས་ཀྱི་རྡུལ་ཕྲན་མཐོང་བ་འབྱུང་། །ཅིར་སྣང་གཟུགས་སྐུར་རྫོགས་པ་དང་། །དེ་ལས་ཡབ་ཡུམ་འཁྲིལ་བ་དང་། །ལྔ་ལྔ་ཡབ་དང་ཡུམ་སྦྱོར་དང་། །ཀུན་ཀྱང་མུ་ཁྱུད་བཟླུམ་པོ་ལ། །རྣལ་འབྱོར་ལུས་ཀྱང་འོད་གསལ་ཞིང་། །འགྲོ་དང་འོང་ ངང་། །ལུས་ཀྱི་རྡུལ་ཕྲན་མཐོང་བ་འབྱུང་། །ཅིར་སྣང་གཟུགས་སྐུར་རྫོགས་པ་དང་། །དེ་ལས་ཡབ་ཡུམ་འཁྲིལ་བ་དང་། །ལྔ་ལྔ་ཡབ་དང་ཡུམ་སྦྱོར་དང་། །ཀུན་ཀྱང་མུ་ཁྱུད་བཟླུམ་པོ་ལ། །རྣལ་འབྱོར་ལུས་ཀྱང་འོད་གསལ་ཞིང་། །འགྲོ་དང་འོང་ ངང་། །འདུག་པར་སྣང་། །ཐམས་ཅད་རིག་པ་ཚད་ཕེབས་སོ། །ཅེས་སོ། །གཉིས་པ་ནི། ལུས་ཀྱི་བརྡོས་པ་དག་ནས་སྙིང་དབུས་སུ་ཨ་དཀར་པོ་ལས་འོད་ཟེར་ལྔ་སྒྲིལ་མཐོང་ཁུང་གི་ཉི་ཞུར་ལྟར་བར་སྣང་ལ་འོད་ཀྱི་སྐར་ཁུང་གི་ནང་ཤར་ བར་ཟུག་ཅིང་། ཐོར་ཚུགས་ན་ཡེ་ཤེས་ཀྱི་རླུང་གནས་པས་རང་བཞིན་གྱིས་འདེགས་པར་སྣང་ལ། མཛོད་སྤུ་ནས་འོད་ཟེར་སྣ་ལྔ་འདོམ་གང་དུ་གསལ་ཞིང་། ལག་པའི་སོར་མོ་ལྔ་ལ་འོད་ལྔའི་ཕྲེང་བས་འཁྲིགས་ཤིང་། ལུས་ཀྱི་བ་སྤུའི་སྒོ་ལ་སོགས་པ་ ཕྱི་ནང་གི་ཆ་རྡུལ་ཕྲན་གྱི་ཁྱོན་ལས་ཆུང་བ་རེའི་གོ་ན་ཞིང་ཁམས་གྲངས་མེད་ན་སངས་རྒྱས་རང་སེམས་ཅན་ཚད་མེད་པ་སྣང་བ་ནི་ལྷུན་གྲུབ་ཀྱི་སྒོ་བརྒྱད་ཤར་བའི་སྣང་བ་ཀུན་འདིར་ལྷ་བཆད་མེད་པ་རང་སྣང་ལ་སྣང་བ་ཡིན་ལ།

[edit]
OCR of the BDRC scans (I8LS32893), gorn05 tibocr 2026: BDRC OCR on 849 pages, Mitra OCR on 523 pages (the model with more recognisable syllables on each page).
Volume I8LS32893

[p. 885] འདིས་ནི་སྤྲུལ་པ་སྐུའི་བཞུགས་སྟངས་ལ་རྟག་ཏུ་གནས་ན་སངས་རྒྱ་

[p. 886] ༄༅། །རྐུ་དབབ་པ་ལ་གསུམ་སྟེ། གནད་གསུམ་རྡོ་རྗེའི་ཆིངས་སུ་བསྡམ་པ། མངོན་སུམ་རིག་པའི་རང་ངོ་སྤྲད་པ། དེ་ལས་སྣང་བའི་འཆར་ཚུལ་བསྟན་པའོ། །དང་པོ་ལ་ གཉིས་ཏེ། གནད་གསུམ་སྤྱིའི་ཆིངས་བསྟན་པ་དང་། བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པའོ། །དང་པོ་ནི་སྒོ་དང་ཡུལ་དང་རླུང་རིག་གི་གནད་གསུམ་སྟེ། ཐལ་འགྱུར་ལས། གནད་གསུམ་མན་ངག་ འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང་། །རླུང་དང་རིག་པའི་གནད་ཉིད་གཏམ། །ཞེས་པས། དཔེར་ན་གནད་ལ་ཟིན་པའི་མཚོན་དང་འདྲ་སྟེ། ལུས་ཀྱི་རྩ་རྒྱུས་སམ་དོན་སྙིང་ལ་སོགས་པའི་ གནད་ལ་ཕོག་ན་ཅི་བྱས་ཀྱང་མི་འཚོ་བར་འཆི་བ་དང་འདྲ་བར། གནད་གསུམ་གྱིས་ཀྱང་ཆོས་ཉིད་ལ་འགྱུར་བའི་ས་མེད་དེ། སྒོའི་གནད་ཀྱིས་མཐོང་བར་བྱེད། ཡུལ་གྱི་གནད་ཀྱིས་མི་འགྱུར་བར་ བྱེད༑ རླུང་རིག་གི་གནད་ཀྱིས་རྟགས་ཚད་ལ་འབེབས་པའོ། །དེ་ཡང་སྒོའི་གནད་སོ་བ་དང་འདྲ། ཡུལ་གྱི་གནད་འགྲོན་པོ་དང་འདྲ། རླུང་རིག་གི་གནད་ཇག་པ་དང་འདྲའོ། །སོས་ཐེབས་པས་ འདོད་པའི་མི་འགྱུར་དབང་མེད་པར་ཟིན་ལ། དགྲས་འོངས་བས་ཇག་པའི་ལག་ཏུ་མི་ཚུད་མི་སྲིད་པ་བཞིན་དུ། ཆོས་ཉིད་མངོན་སུམ་གྱི་གནད་ལ་མི་ཐེབས་མི་སྲིད་དོ། །དེ་ཡང་ཡུལ་མེད་ན་

[p. 887] ལུས་འབྱོངས་པའི་དགོས་པ་ཡོད། ལུས་འབྱོངས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། མཁའ་སྤྱོད་ཀྱི་མཁའ་འགྲོ་མ་རྣམས་ཀྱི་ཕྱིན་གྱིས་བརླབས་ནས་ལུས་སྒྱུ་མའི་སྐུར་གྲོལ་བའོ། །དེ་ནས་ བརྗོད་བྱ་བཀག་པས་ངག་འབྱོངས་ཏེ་རྟགས་སུ་མེ་མ་ཡིན་པ་རྣམས་དང་བརྡ་ཕྲད་ཅིང་གཏམ་ཟེར་བ་དག་འོང་། ངག་གི་བརྗོད་པ་བཀག་པས་ཡིད་འབྱོངས་ཏེ། དེའི་རྟགས་སུ་སྔོན་དུ་མི་མ་ཡིན་གྱི་གཟུགས་ མཐོང་བ་དང་། དེ་ནས་མངོན་པར་ཤེས་པ་དུ་མ་བུ་བ་འཆར་རོ། །དེ་ལྟར་ངག་གི་གནད་ཀྱིས་ལུས་སེམས་ཀྱི་མཚམས་ཀྱི་འབྲེལ་གཅོད་པའི་གནད་ཀྱི་གདམས་པ་སྟེ། སེམས་ཀྱི་གནད་དུ་ནམ་མཁའི་ མཐོངས་སུ་མིག་ལྟ་བ་ལས་རྟོག་པ་ཅི་ཡང་མ་བསམ་སྟེ། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་སོ། །དེ་ལྟར་གཙོ་བོ་ལུས་ངག་གཉིས་གཅུན་པས་སེམས་ནོར་ལ་འཆུན་ ནས་དབྱིངས་རིག་འཆར་ཞིང་ཁམས་གསུམ་གྱི་འཆིང་བ་གཅོད་དེ། ས་བོན་གྱི་རྒྱུད་ལས། འདི་ལྟར་ལུས་ངག་སུས་གཏུན་པ། །ཆོས་ཀྱི་དབྱིངས་ཀྱི་སྣང་བ་ལ། །འདི་ཡིས་གོམས་པར་འགྱུར་བ་ ཡིན། །ཅེས་པ་དང་། རྡོ་རྗེ་བཀོད་པ་ལས། ལུས་ནང་ངག་དང་ཡིད་ཀྱི་གནད། །ཤེས་ཤིང་བསྟུན་པས་འཁོར་ལས་གྲོལ། །ཅེས་སོ། །དོན་གཉིས་པ་གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་

[p. 888] ༄༅། །ཤེས་མི་འཆར་བས། སྐུ་གསུམ་གྱི་གཟིགས་སྟངས་གསུམ་ལ་བསླབ་སྟེ། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་ཀྱི་སྐུ་ཡི་གཟིགས་སྟངས་ཀྱིས། ། ཁམས་གསུམ་འཁོར་བ་སྤྱིའུ་གནས་འདོན། །ལོངས་སྐུས་སྲིད་པའི་གཞི་མ་འཇིག །སྤྲུལ་སྐུས་སངས་རྒྱས་ཞིང་དུ་སྒྲོལ། །ཅེས་པ་དང་། ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་ཁམས་ སུ་བརྟག །ཅེས་པ་དང་། གསང་བ་སྒྲ་རྒྱུད་ལས། ཕ་བ་དང་ཟློག་དང་ཟུར་གྱིས་ནི། །གཟིགས་སྟངས་རྣམ་པ་གསུམ་དུ་གྲགས། །ཞེས་སོ། །དེའང་སྤྲུལ་སྐུ་ཕབ་ནས་སངས་རྒྱ་བ་མི་གདུལ་བྱ་ ལ་གཟིགས་ལ། ལོངས་སྐུ་ཟུར་ལ་གཟིགས་ནས་སངས་རྒྱ་བ་ནི་ཞིང་ཁམས་ལ་གཟིགས་པ་དང་། ཆོས་སྐུ་བཟློག་ནས་སངས་རྒྱ་བ་ནི་གཞི་ལ་གཟིགས་པའོ། །རྣལ་འབྱོར་པ་མིག་ཤེས་ངན་ པས་སྤྲུལ་སྐུའི་གཟིགས་སྟངས་བསྟན་ན་མིག་མི་འགྲིབ་པའི་དགོས་པ་ཡོད། མིག་ལ་སྐྱོན་ཆགས་པས་ལོངས་སྐུ་དང་བསྟན་ན་མིག་གསལ་བའི་དགོས་པ་ཡོད། མིག་ཤེས་བཟང་བས་ཆོས་ སྐུའི་ངང་བསྟུན་ན་མྱུར་དུ་སྣང་བ་ཆེད་ལ་ཕེབས་པའི་དགོས་པ་ཡོད་དོ། །དེ་དག་ལས་མ་གཡོས་ན་སྤྱན་གསུམ་ཁོང་དུ་ཆུད་པར་ངེས་ཏེ། ཆོས་སྐུ་ལ་ཆོས་ཉིད་གྱི་སྤྱན་ཡོད་པས་གསུང་ལ། དེའི་བྱིན་རླབས་

[p. 889] རྟེན་སའི་གཞི་མེད་ལ། སྒོ་མེད་ན་འགྲོ་བའི་ལམ་སྟོར། རླུང་རིག་གི་གནད་མེད་ན་ཤེས་རིག་ནང་དུ་མི་ཆོད་པས་གནད་གསུམ་དུ་ངེས་ལ། དེ་ལས་མང་ན་མཐའ་ཡས་པས་གནད་སྟོར་ལ། ཉུང་ན་ དོན་མི་འགྲུབ་པས་གསུམ་དུ་ངེས་པའོ། །གཉིས་པ་བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པ་ལ། གནད་གསུམ་སྤྱིའི་རིམ་པ་ངེས་པ་དང་། སོ་སོའི་གནད་ལ་ཐོག་ཏུ་དབབ་པའོ། །དང་པོ་ནི་ལུས་ངག་སེམས་ གསུམ་མི་འགུལ་ཞིང་སྒོ་དང་ཡུལ་དང་རླུང་རིག་གཅུན་པ་སྟེ། མཐོང་བ་བརྒྱུད་པའི་ལུང་གིས་བྱེ་བ་ནི། རང་བྱུང་རིག་པའི་ཏནྟ་ལས། དེ་ལྟར་ལུས་ལ་སོགས་པ་ཡི། །གནད་ཀུན་རབ་ཏུ་གཟིར་བ་ཡིས། ། རིག་པ་ཉིད་དང་མངོན་སུམ་དུ། །བླ་མའི་ལུང་ལས་ཤེས་པ་ཡིན། །ཅེས་པ་དང་། ཐལ་འགྱུར་ལས། དངོས་གཞི་རང་གི་རྒྱུད་བསྟེན་ན། །ལུས་ཀྱི་གནད་དང་ངག་དང་ཡང་། །སེམས་ཀྱི་གནད་ལ་བརྟེན་ པ་ཡིས། །རླུང་ནི་ཅི་ནས་ད་ལ་བྱས་ཏེ། །རབ་ཏུ་འཕང་བ་ལས་བྱུང་བ། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང་། སྒོ་ནི་སྐུ་གསུམ་མིག་གིས་བལྟ། ། ཡུལ་ནི་སྒྲིབ་བྱེད་བྲལ་བའོ། །རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །གཉིས་པ་ལ་སྒོ་དང་། ཡུལ་དང་། རླུང་རིག་གི་གནད་གསུམ་ལས། དང་པོ་ནི། ཐ་མལ་པའི་ལྟ་ལུགས་ཀྱིས་ཡེ་

[p. 890] ༄༅། །རང་གདངས་ཏེ། ཐལ་འགྱུར་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །བག་རྡུལ་ཆར་གྱིས་དེངས་དུས་སུ། །མཁས་པས་་་ མངོན་སུམ་གནད་གཟིར་དང་། །ནང་གི་སྒྲོན་མ་ལམ་དུ་བྱའོ། །ཞེས་སོ། །དེ་ཡང་ཕྱི་རིག་པ་འཆར་བའི་ཡུལ་ཡིན་ལ། ནང་ཉམས་འཕེལ་བའི་ཡུལ་ཏེ། རིག་པ་དང་ཉམས་གཉིས་སུ་མེད་ པ་ལས་འཁོར་འདས་འདྲེས་པ་ཞེས་བྱའོ། །དེའང་ས་ཆུ་མེ་རླུང་གི་དངོས་པོ་རགས་པ་ལ་ཡུལ་དུ་གཏད་པས་མི་གྲོལ་ཏེ། དང་པོ་སྣང་བ་འཆར་དུ་མི་འདོད། ཕྱིས་ཤར་དུས་གཏད་ཀྱང་དངོས་པོ་ རགས་པ་ལྟར་ཤེས་པ་འང་དེ་དང་མཐུན་པ་སྐྱེ་བས་སྟོང་ཉིད་བསམ་དུ་མེད་པའི་ཉམས་ནང་ནས་མི་འཆར་ལ། ནམ་མཁའ་སྟོང་པ་ལ་རིག་པ་སྟོང་པ་གཏད་པས། ཡུལ་ནམ་མཁའ་དང་མཐུན་པའི་ ཉམས་སྟོང་གསལ་ལ་འཕྲོ་འདུ་དང་བྲལ་བ་ཕྱལ་ཡས་པ་ཅིག་འཆར་བས། དངོས་པོ་མཚན་མ་དང་བྲལ་བའི་དགོས་པ་ཡོད་དེ། སེམས་སྡེ་ལས། རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །ཞེས་པ་ དང་༏ སྡུད་པ་ལས། དོན་དེ་གང་ཡིན་ནམ་མཁའ་དག་ལ་བརྟག་པར་གྱིས། ཞེས་པ་དང་། ཡུམ་བར་མ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི། ནམ་མཁའ་རྣལ་འབྱོར་དུ་བྱེད་པའོ་

[p. 891] ཀྱིས་ཡེ་ཤེས་དངོས་སུ་མཐོང་བས་འདི་ཉིད་ལ་ཐག་ཆོད། ལོངས་སྐུ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་པས་སྐུ་ལ། དེའི་བྱིན་རླབས་ཀྱིས་རང་གསལ་དུ་མཐོང་བས་མཁྱེན་པ་རྒྱས། སྤྲུལ་སྐུ་ལ་ཤེས་རབ་ཀྱི་ སྤྱན་ཡོད་པས་ཐུགས་ལ། དེའི་བྱིན་རླབས་ཀྱིས་སྒྲ་ཚིག་དང་བྲལ་བར་མཐོང་བས་ཐོས་བསམ་སྒོམ་པ་ལ་རག་མ་ལུས་པར་ཆོས་ཉིད་ཀྱི་དོན་ཁོང་ནས་འཆར་རོ། །དེ་ཡང་སྤྱན་གསུམ་དུ་ལྟ་བ་ནི་ཆོས་ ཉིད་ཀྱི་སྤྱན་གྱེན་ལ་བཟློག་པས་བག་ཆགས་ཐུར་ལ་སེལ་བའི་གནད། ཡེ་ཤེས་ཀྱི་ཟུར་ལ་མཉམ་པོར་བལྟས་པས་འཁོར་འདས་རོ་མཉམ་དུ་བསྲེ་བའི་གནད། ཤེས་རབ་ཀྱིས་ཕབ་ནས་བལྟས་པས་ ཡེ་ཤེས་ཀྱི་སྣང་བ་དངོས་སུ་འབེབས་པའི་གནད་དོ། །གཟིགས་སྟངས་གསུམ་དུ་ངེས་པ་ཅི་ཡིན་ཞེ་ན། ལེ་ལོ་ཅན་ལ་ལོངས་སྐུ། བརྩོན་འགྲུས་ཅན་ལ་སྤྲུལ་སྐུ། བཏང་སྙོམས་ཅན་ལ་ཆོས་སྐུའི་ གཟིགས་སྟངས་ཤིས་པས་ན་གསུམ་དུ་ངེས་སོ། །དེས་ཚིག་ནི་གཟིགས་པ་ཆོས་ཉིད་ལ་གཟིགས་པས་རྣམ་དག་སྒྲིབ་པ་ཟད་པའོ། །སྟངས་ཀྱིས་འཁོར་བ་ལས་གྲོལ་བར་བྱེད་པའོ། །གཉིས་པ་ཡུལ་ གྱི་གནད་ནི་ཕྱིའི་དབྱིངས་ཀྱི་ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་ཡིན་ལ། ནང་གི་དབྱིངས་ཀྱི་ཡུལ་སྨིན་མཚམས་ཀྱི་མཛོད་སྤུ་ལ་གཏད་པས་དབྱིངས་སྣང་མཐིང་ག་དང་དེ་ལས་མཆེད་པ་རྣམ་ལྔའི་

[p. 892] ༄༅། །བསམ་ཁའ་ལ་བཟུང་། །ཞེས་པ་དང་། བསྟད་བ་ལས། དབྱིངས་ཀྱི་ནང་དུ་ལྷ་གཅུད། །རྣམ་པར་གཞག་ཅིང་འབྲལ་མི་བྱ། །ཞེས་སོ། །དེའང་རླུང་དལ་བ་བསྟེན་ པས་བྱ་བ་དང་བྲལ་བའི་དོན་རྒྱུད་ལ་སྐྱེ། རིག་པ་ལུ་གུ་རྒྱུད་ཨར་ལ་གཏད་པས་རྣམ་པར་རྟོག་པའི་ཁུངས་ཟད་ནས། འཁྲུལ་པ་གཞི་ལ་ལོག་སྟེ་ཡེ་ཤེས་མ་བུ་ཕྲད་པའོ། །རིག་པ་རླུང་དེང་བྲལ་ནས་ འགྲོ་ཐོང་དུ་མེད་པ་ནི་རིག་པ་ལ་རང་བྱིན་ཚུད་པའོ། །དེ་ཡང་ཁྲིད་དུ་བྱེད་ན་ལུས་ཀྱི་གནོད་བསྟན་པ་ལ་ཉི་མ་ལྟ་དྲུག་ཏུ་བྱའོ། །དེ་ནས་སྒོ་སྦྱོང་བ་ལ་དེ་ཙམ་ཅིག་ཏུ་བྱའོ། །དེ་ནས་ཡུལ་བཙལ་བ་ལ་ ཉི་མ་དྲུག་ནས་བདུན་བྱས་ལ། དེ་ནས་མངོན་སུམ་རང་ཐོག་ཏུ་ང་བ་ནས་ཉམས་སུ་ལེན་པའོ། །དེས་ནི་ཤིན་ཏུ་འབྱོངས་ཤིང་སྒོ་མ་ཤེས་པ་འབྱུང་ངོ། །གཞན་དུ་འལ་མ་འོལ་བྱས་པས་སྣང་བར་ཅི་ཅིག་ མཐོང་ནས། ཡིད་ཆེས་མེད་པར་ཁྲིད་ཐོན་དུས་ཅི་ལ་ཟེར་ཆ་མེད་པར་བྲ་ཡས་པ་དག་འབྱུང་ཉེ་བས་དེ་ལྟར་མ་སོར་བ་དག་ཏུ་བྱའོ། །དེ་ལ་སྤྱིར་གྱིས་ཁྲིད་མེ་ཆེ་འདི་འདེབས་དུས་སྔོན་འགྲོ་ཚད་ལ་ཕེབས་པ་ བརྩོན་འགྲུས་དང་བཅས་པས་སྤངས་པས་དངོས་གཞི་ལ་ཡིད་ཆེས་ཐུན་མོང་མ་ཡིན་པ་སྐྱེའོ། །དངོས་གཞི་ཐབས་པར་བཏབ་པས་མངོན་སུམ་ལ་སྤྲོ་དགའ་ཁྱད་པར་ཅན་འབྱུང་ངོ། །རྗེས་རྒྱབ་ཆོས་

[p. 893] ཞེས་པ་ལ་སོགས་པ་ལུང་(དཔག)ཏུ་མེད་དོ། །དེའང་ཡུལ་ཕྱི་ནང་འདྲེས་པ་ལས་མཉམ་པ་རིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་གཉིས་མེད་ཀྱི་ལྟ་བ་ཞེས་བྱ།དབྱིངས་རིག་འདྲེས་པས་འཁོར་འདས་རོ་མཉམ གྱི་ལྟ་བ་ཞེས་བྱའོ། །འདི་ཉིད་བསྟན་བུ་ལས་ཀྱང་། དབྱིངས་དང་རིག་པའི་ལྟ་སྟངས་ནི། །སྒྲིབ་བྱེད་བྲལ་བའི་ནམ་མཁའ་ལྟར། །ཅེས་གསུངས་སོ། །གསུམ་པ་རླུང་རིག་གི་གནད་ནི། ཡུལ་དང་སྒོ་གཉིས་ འཛོམ་དུས་རླུང་དལ་བ་བསྟེན་པས་རིག་པ་བཙོན་དུ་གཟུང་བ་ཞེས་བྱ་སྟེ། དེའང་རླུང་ཅི་ནས་ཀྱང་དལ་བ་ལ་ཕྱིར་རྒྱང་རིང་པོ་འཕོན་ཞིང་ཕྱིར་བཟུང་ལ་གཞག་པ་གནད་ཡིན་ནོ། །དེ་ཡང་རླུང་དལ་བས།ཕྱིར་རྣལ་ འབྱོར་པའི་ཚེ་རྒྱས་པའི་གྲོགས་སུ་འགྲོ་ལ། ནང་དུ་རྣམ་པར་རྟོག་པ་ནུབ་པའི་རྐྱེན་བྱེད་ཅིང་། གསང་བར་རིག་པ་མངོན་སུམ་དུ་མཐོང་བའི་ལས་བྱེད། ཁོ་ན་ཉིད་དུ་ཟག་བཅས་མི་སྣང་བར་སངས་རྒྱ་བར་བྱེད་ པའོ། །དེ་སྐད་དུའང་ཐལ་འགྱུར་ལས། རླུང་ནི་ཅི་ནས་དལ་བྱ་སྟེ། །རབ་ཏུ་འཕང་བ་ལས་བྱུང་བས། །ལུས་དང་སེམས་ཀྱི་འབྲེལ་ཚད་དོ། །ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང་། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །རིག་པའི་གནད་ལུ་གུ་རྒྱུད་དབྱིངས་ཀྱི་ར་བར་བཞག་ནས་མི་འགུལ་བར་བྱེད་པ་སྟེ། དེ་ཉིད་ལས། རང་ངོ་རིག་པ་ལུ་གུ་རྒྱུད། །འགྲོ་འོང་བྲལ

[p. 894] ༄༅། །ཐིག་ལེ་ཕྲ་མོས་འབྲེལ་བ་དང་། ཐོག་མར་དཀར་ཟང་ཟིང་སྐར་མ་འཕྲོ་བ་ལྟ་བུ་ལས། ཐིག་ལེ་ཁ་དོག་ལྔ་ལྡན་དང་། རེ་རེ་བ་དང་། སུམ་སྦྲེལ་གྱི་བར་གྱི་སྣང་བ་ཚུན་ ཆད་དེ། སྔ་མ་ལས། དེ་ནས་ཐིག་ལེ་མཐོང་བ་ཡིན། །ཅེས་སོ། །དེའང་ཕྱི་འོད་གསལ་ལ་བལྟས་པས་ནང་རྣམ་རྟོག་བྲལ་ཏེ་རིས་མེད་མཉམ་པར་གྲོལ་བ་ནི། ཀ་དག་གི་རིག་གདངས་དང་། ལྷུན་གྲུབ་ཀྱི་འོད་གདངས་གཉིས་ཕྱི་ནང་ཟུང་དུ་འབྲེལ་བས། དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་ཞེས་བྱའོ། །གསུམ་པ་སྣང་བ་བཞི་འཆར་བའི་རིམ་པ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་ པ་དང་། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། སྣང་བ་བཞི་ཀའི་དུས་སུ་ལུས་བཞུགས་སྟངས་ལ་གནས་པ། མིག་གཟིགས་སྟངས་ལ་ལྟ་བ། རླུང་རིག་ངང་གིས་དལ་བ་གསུམ་གནད་ མཐུན་ལ། ཁྱད་པར་སྣང་བ་དང་པོ་གཉིས་སུ་སྦྱངས་པས་ཕྱི་མ་གཉིས་སུ་རྩོལ་པ་ལ་མ་ལྟོས་པར་ངང་གིས་འབྱོངས་ནས། འོད་གསལ་དུ་གྲོལ་བ་ཡིན་པས་ན་དབྱིངས་རིག་གཉིས་སུ་མེད་པ་ཞེས་བྱའོ། ། འདི་དག་གི་གནད་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་མི་འབྲལ་བར་བྱ་བ་ནི་གནད་དུ་བྱུང་ལ། དེའི་དོན་བཤད་ན། རིག་པ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མི་ཕྱེད་པ་གཞི་གནས་དང་དེའི་གདངས་

[p. 895] མཐའ་ཆོད་པར་བཤད་པས་ཉམས་ལེན་བསྐྱང་ཐུབ་པ་ཤེས་ནས་ཐེ་ཚོམ་དང་རྟོག་མཐའ་ཆོད་དེ་ཆོས་གཞན་ལ་ཡིད་མི་སྟོན་པའི་དགོས་པ་ཡོད་དོ། །གཉིས་པ་མངོན་སུམ་རིག་པའི་རང་དོང་སྤྲད་པ་ནི། རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ནམ་མཁའ་ལ་ལྡིང་བ་ལྟ་བུ་དབྱིངས་འོད་གསལ་གྱི་སྣང་བ་དང་བཅས་པ་འདི་མཁའ་ཁྲུལ་བའི་སངས་རྒྱས་ཀ་དག་ལྷུན་གྲུབ་ཀྱི་རང་གདངས་ཏེ། འཛམ་བལྟས་པས་ རྟོག་བྱེད་ཐམས་ཅད་དག་ནས་སྤྲོས་བྲལ་ནམ་མཁའ་འདྲ་བའི་གདེངས་ནང་དུ་ཤར་བས། དབྱིངས་རིག་གཉིས་སུ་མེད་པའི་དགོངས་པ་ཤེས་རབ་རང་བྱུང་གི་ཡེ་ཤེས་དང་ཞལ་མཇལ། ཐོག་མའི་ཀུན་དུ་བཟང་ པོ་དང་སྐལ་བ་མཉམ། འདི་ལ་གོམས་པ་ཚད་དུ་ཕྱིན་ན་རྡོས་བཅས་འོད་དུ་འགྲོ་ལ། མ་ཕྱིན་ཡང་བར་དོའམ་རང་བཞིན་སྤྲུལ་པའི་ཞིང་བགྲོད། འགྲོ་དྲུག་འཁྲུལ་པའི་གཡང་ས་ཆོད་པའོ་ཞེས་ངོ་སྤྲད་དེ། རང་ བྱུང་བསྟན་པའི་བཙས་ལས། འདི་ལྟར་སྣ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་དུ་བཟང་པོ་དང་། །སྐལ་པ་ཉིད་མི་མཉམ་པའོ། །ཞེས་པ་དང་། ཤལ་འགྱུར་ལས། ལུ་གུ་རྒྱུད་ཀྱི་རང་བཞིན་ནོ། །རྣམ་པར་ རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ཡིས་སངས་རྒྱས་སོ། །ཞེས་སོ། །གསུམ་པ་དེ་ལས་སྣང་བའི་འཆར་ཚུལ་བསྟན་པ་ནི། དབྱིངས་འོད་ལྔའི་རང་གདངས་ལ་ང་ལ་ངེད་དུ་སྣང་བ་དང་། ལུ་གུ་རྒྱུད་ལ་

[p. 896] ༄༅། །དང་། གསང་བར་དབང་བཞིའི་ངེས་པ་སྟོན་པ་དང་། དེ་ཁོ་ན་ཉིད་དུ་སྒྲོན་མ་བཞིའི་སྣང་བ་ངེས་པ་ལ་ལྟོས་ནས་བཞིར་ངེས་སོ། །གོ་རིམས་ངེས་པ་ནི། དང་པོའི་གཞི་ཆོས་ཉིད་ མངོན་སུམ་མ་མཐོང་ན་ལྷག་མ་གསུམ་གྱི་འཆར་གཞི་མེད་པས་རྟེན་དང་བརྟེན་པའི་གཞིར་དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་འཆར་བའོ། །དེ་ཉིད་ཤར་བས་ཆོས་ཐམས་ཅད་ཀྱི་དོན་མཐོང་བས་རང་བྱུང་ གི་ཡེ་ཤེས་རང་ལས་རྙེད་པ་ཞེས་བྱའོ། །དེ་ནས་མངོན་པ་དེ་ཉམས་སུ་མ་མྱོང་ན་ཚིག་ཙམ་ལ་འབྲས་བུ་མི་འབྱུང་བ་ལས། དོན་ཉམས་སུ་མྱོང་བས་དེའི་ཉམས་གོང་འཕེལ་དུ་བྱུང་བའོ། །དེ་ལྟར་ཉམས་སྐྱེས པའི་ཚད་བརྟན་པར་བྱེད་དགོས་ཏེ། མ་བརྟན་ན་ཉམས་ལ་ཐུག་པ་མེད་པས་ཆོས་ལ་ཟིན་པ་མེད་ཅིང་། སངས་ལ་རྒྱ་རྒྱུ་མི་འབྱུང་བ་ལས། ཉམས་བརྟན་པའི་ཚད་ལ་ཕེབས་པས། རིག་པ་ཚད་ཕེབས་ཀྱི་སྣང་བ བྱུང་བའོ། །རིག་པའི་སྣང་བ་ཚད་ལ་ཕེབས་ཀྱང་དེ་ལས་གཞན་དུ་མི་འགྱུར་ན་སྐུ་གསུམ་འབྲས་བུར་འདོད་པ་དང་ཁྱད་མེད་ལ། དངོས་སྣང་མཚན་མའི་ཆོས་ལ་དོན་གྱི་འབྲས་བུ་རེ་བ་ཐུན་མོང་བ་རྣམས་དང་་་་ ཁྱད་མེད་པ་ལས། སྣང་ཉམས་གཞི་ལ་ཐིམ་སྟེ། ཕྲ་རགས་ཀྱི་སྣང་འཛིན་ནུབ་ནས། ཀ་དག་ཆོས་ཟད་ལ་སྤྱོད་པས་ཆོས་ཉིད་ཟད་པའི་སྣང་བ་བྱུང་བའོ། །དེ་དག་ཀྱང་དང་པོ་གཉིས་སྤྲུལ་སྐུ། ཚད་ཕེབས་

[p. 897] འོང་རྩ་དངས་པའི་སྣང་བ་ལས་གསེར་གྱི་སྐུད་པ་ལྟ་བུ་ཕྲེང་ཆགས་ལ་འཁྱོགས་མཚམས་ཐིག་ལེས་སྦྲེལ་བ་ལ་བྱའོ། །རྡོ་རྗེ་ནི་སངས་རྒྱས་སེམས་ཅན་ཀུན་ལ་ངོ་བོ་བཟང་ངན་མེད་པར་མཉམ་ཞིང་མི་འགྱུར་ བར་གནས་པའི་ཆ་ནས་བཞག་ལ། ལུ་ནི་དཔེར་ན་ཆུའི་ལུ་མ་བཟང་པོ་ལས་ཆུ་འཕེལ་འགྲིབ་མེད་པར་འབྱུང་བ་དང་འདྲ་བར། སྐུ་དང་ཡེ་ཤེས་ཀྱི་འཕེལ་སྒོ་སྣ་ཚོགས་སུ་ལམ་སྣང་མ་རྫོགས་ཀྱི་བར་ལ་དེ་ ལས་འཆར་བར་བྱེད་པའོ། །གུ་ནི་དེ་ཉིད་ཀྱི་ནང་དུ་ཆོས་ཉིད་ཕྱིན་ཅི་མ་ལོག་པའི་ལྟ་བ་དང་སྒོམ་པ་འགུགས་པར་བྱེད་ལ། རྒྱུད་ནི་འཁོར་འདས་ལ་ཁྱབ་ཅིང་སྣང་བ་དེའི་ཚོགས་རྣམས་ལས། སྐུ་དང་། ཐིག་ལེ་འཕྲོ་ བ་དང་། མཆེད་པ་དང་། འདུ་བ་ལ་སོགས་པ་གསལ་བར་བྱེད་པའོ། །ཐལ་འགྱུར་ལས། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །དེ་ལས་སྣང་བ་བཞིར་འགྱུར་ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་ འཛིན་པའི་ལྟ་བ་བསྣུབས། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །རིག་པ་ཚད་བབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད། །ཅེས་སོ། །དེའང་སྣང་བ་བཞིར་གྲངས་ངེས་པ་ནི་ཕྱིར་ནམ་ཟླ་དུས་བཞིའི་འཕེལ་ཟད་པ་དང་། ནང་དུ་ལུས་ངག་ཡིད་སེམས་བཞིའི་བཅིངས་པ་ལས་དགྲོལ་བ་

[p. 898] ༄༅། །སོ་སོ་ཡང་དག་པའི་རིག་པ་དང་དེའི་སྣང་ཡུལ་གཉིས་སུ་མེད་པའི་ངང་ན་གཟུང་འཛིན་དང་བྲལ་བར་མྱོང་བའི་དེས་པ་སྟེ། རྣམ་འགྲེལ་ལས། ཐམས་ཅད་ལས་ནི་ སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །གནས་ནའང་མིག་གིས་གཟུགས་དག་ནི། །མཐོང་བའི་བློ་དེ་དབང་སྐྱེས་ཡིན། །ཅེས་བཤད་པ་བཞིན་ནོ། །དོན་དམ་དབྱིངས་ལ་མཇལ་ བའི་མངོན་སུམ་ནི་རིག་པའི་ངོ་བོ་ཆོས་ཉིད་སྙིང་གི་ན་ཡོད་པས་ངེས་ཏེ། དེའི་རང་གདངས་སྙིང་ནས་མིག་ཏུ་འབྲེལ་བའི་ཕྱིར་ཉི་མ་དང་འོད་ཟེར་བཞིན་རྒྱུ་འབྲས་ངེས་པའི་གཏན་ཚིགས་ཀྱིས་ཡིད་ ཆེས་པར་མཇལ་བའོ། །དེའི་ཕྱིར་འཇིག་རྟེན་པ་དང་འདས་པ་གཉིས་ལས་འདི་ནི་འདས་པའི་མངོན་སུམ་མོ། །འདས་པ་ལ་བརྗོད་བྱ་ཤེས་པ་གཙོ་བ་སེམས་ཀྱི་རྒྱུ་མཚན་ངེས་པ་དང་། གནད་ གཏིམས་པ་མཐོང་བ་གཙོ་བ་རིག་པའི་མངོན་སུམ་གཉིས་ལས། འདི་རིག་པའི་མངོན་སུམ་ཞེས་བྱ་བ་ཡིན་ནོ། །གཉིས་པ་རང་གི་མཚན་ཉིད་ངོས་གཟུང་བ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བ་ ཞེས་པ་ལ། ཆོས་ཉིད་ཀྱི་སྒྲ་ཉེ་བར་སྦྱར་བ་ལ་བཞི་ལས། འཁོར་བ་ལ་ཆོས་ཏེ་མྱང་འདས་ལ་ཆོས་ཉིད་ཅེས་པའི་འདི་ཆོས་ཉིད་དོ། །སྣང་བ་ལ་ཆོས། སྟོང་པ་ལ་ཆོས་ཉིད་དུ་བརྗོད་པའི་འདི་ཆོས་

[p. 899] ལོངས་སྐུ། ཟབ་མོས་སྐུའི་སྣང་བ་ལས་རབ་སྤེལ། སྐུ་གསུམ་ལྷམ་སྣང་དུ་འདུ་བས་འབྲས་བུ་ཆེས་ཟད་ཀ་དག་གི་དབྱིངས་ལ་ཐུག་པའི་ཕྱིར། རང་སྣང་གི་སྐུ་སྔགས་གཅིག་པའི་དང་དུ་ཐིམ་པས། རིག་པ་གང་དག་གི་འབྲས་བུ་འཇིག་པའི་དབྱིངས་ནས་གདོད་མ་མེད་པ་རྒྱུ་འབྲས་སྡུག་བསྔལ་རང་ས་དོན་བྱེད་པ་ཞེས་བྱ་སྟེ། ཐེག་པ་གཞན་ལས་མེད་ཡང་མ་གུག་པའི་སྣང་ངོ། ཐེག་པ་རྒྱལ་བའི་དགོངས་པ་ཞེས་ བྱའོ། །གནད་འཇིགས་རེ་བ་ལ་བཅིག་ཡིན་ནོ། །མཉེས་པ་ནི་སོ་སོའི་རྒྱུད་བཞིན་རྒྱས་པར་བཤད་པ་ལ་བཞི་སྟེ། ཆོས་ཉིད་མངོན་སུམ། ཉམས་གང་ཅི་ཕྱི་ལ། རིག་པ་ཚད་ཕྱེ་བས། ཆོས་ཉིད་ཟད་པའི་སྣང་བ་ ལས་བར་བཤད་པའོ། །དང་པོ་ལ་གཉིས་ཏེ། མངོན་སུམ་སྐྱེ་བའི་ལེའུ་ལ་དགོད་པ་དང་། རང་གི་མཚན་ཉིད་ངོས་གཟུང་བའོ། །དང་པོ་ནི་སྐྱེ་མངོན་སུམ་ལ་ཀུན་རྫོབ་ཏུ་སྣང་ལ་གྲགས་པའི་མངོན་སུམ་དང་། དོན་དམ་དཔྱིད་ས་ལ་མཛའ་བའི་མངོན་སུམ་གཉིས་ལ་བྱེད་པ་དང་། ཚེ་ལ་དབང་པོའི་མངོན་སུམ་གཟུགས་སམ། ཡུལ་ལྟ་སྣང་བའི་རང་བཞིན་དང་། ཡིད་ཀྱི་མངོན་སུམ་ཡུལ་ཉེ་བར་སྤྱོད་པ་རྒྱུ་མཚན་ངེས་པའི་ རྩེ་གཡུལ་ན་སྣང་བ་དང་། རང་རིག་མངོན་སུམ་ནང་དུ་བདེ་སྡུག་ལ་སོགས་མྱོང་བ་ངེས་པའི་སྣང་བ་དང་། རྣལ་འབྱོར་གྱི་མངོན་སུམ་ཆོས་ཉིད་ཀྱི་དོན་ཉེ་བར་མཇལ་བ་དེ་ཁྱོད་ཉིད་ཀྱི་ཕྱོགས་ལ་ཞུགས་པའི་

[p. 900] ༄༅། །མཐར་ཐུག་ཟད་པའི་རིམ་པ་དང་གསུམ་གྱིས་ཚད་གཟུང་བ་དང་། བླ་ན་མེད་པར་སྣང་བའང་། སྨིན་པ་ཐིག་ལེ། རྫོགས་པ་སྐུ་དང་གསུམ་གྱིས་འབྲས་བུ་རྫོགས་པའི་ ཕྱིར། གསུམ་ཚན་བཞིར་ངེས་པས་གསུམ་ཞེས་བྱའོ། །ཡང་ན་ཆོས་ཉིད་ལ་སྐུ་གསུམ་ལྷུན་གྲུབ་ཏུ་ཡོད་པའི་རང་གདངས་སྣང་བ་གསུམ་ཕྱིར་ཤར་བའི་གྲངས། ཆོས་སྐུའི་རང་གདངས་ནང་མྱོང་ བ་རིག་སྟོང་། ལོངས་སྐུའི་རང་གདངས་འོད་ལྔ་ཕྱིར་གསལ་བ་ཡེ་ཤེས་རང་གསལ། སྤྲུལ་སྐུའི་རང་གདངས་ཤར་གྲོལ་རིས་མེད་ཤེས་རབ་ཀྱི་རྩལ་དང་བཅས་པ་གསུམ་ལ་ལྟོས་ནས་གསུམ་ ཞེས་བྱའོ། །དེ་འང་གཞི་གསུམ་གྱིས་གཞི་བཅས་པས་དངོས་པོ་ལ་ཐ་དད་མེད་པའི་གནད་དང་། ལམ་གསུམ་གྱིས་གེགས་བསལ་བས་འགྲོ་ལམ་ལ་ཉེ་རིང་མེད་པ་དང་། ཚད་གསུམ་གྱིས་ ཚད་ལ་ཕབ་པས་འདྲ་མིན་དང་ཚལ་ཆེ་ལ་མེད་པ་དང་། འབྲས་བུ་གསུམ་གྱིས་ཟད་སར་བསྐྱལ་བས་ཡིན་མིན་དང་ཐེ་ཚོམ་མེད་པས་ན་མངོན་སུམ་ཞེས་བྱ་སྟེ། ཐ་མལ་པའི་དུས་ན་དགའ་མི་དགའ་ བ་དང་སྙོམས་གསུམ་མཐོང་བས་བདེ་སྡུག་བར་མ་གསུམ་འཆར་བ། བླ་མའི་དབྱངས་པ་ཉམས་སུ་བླང་བའི་དུས་ན་དབྱིངས་རིག་ཆོས་གསུམ་མངོན་པར་མཐོང་བས་སོ། །ཆོས་ཉིད་མངོན་སུམ་ལ་

[p. 901] ཉིད་དོ། །གནད་མེད་ངེས་མི་གྲོལ་བ་ལ་ཆོས་འཁོར་ལས་གྲོལ་ཏེ་ས་པ་ལ་ཆོས་ཉིད་དུ་གྲགས་པའི་འདི་ཆོས་ཉིད་དོ། །དབྱིངས་ལ་ཆོས། རིག་པ་ལ་ཆོས་ཉིད་དུ་གྲགས་པའི་འདི་གཉིས་ཀ་ཕྱེད་ མེད་དུ་འདོད་པའོ། །མངོན་པ་ནི་དབང་པོའི་སྤྱོད་ཡུལ་ལ་དངོས་སུ་བསྒྱུར་ཡོད་པའོ། །དངོས་ཡིད་དཔྱོད་ལ་མ་ལྟོས་པས། ཡིད་དཔྱོད་ཀྱི་ཤེས་རབ་ཀྱིས་གང་དུ་བཙལ་ཡང་རྙེད་པའི་དུས་མེད་ དོ། །ཚེ་ལ་མཁན་མིག་ཅན་མ་ཡིན། འོད་གསལ་གྲགས་པ་ཡིན་པའི་ཕྱིར་ཏེ། སྡུད་པ་དང་། ཤེས་རབ་ཀྱིས་ནི་བརྟགས་ན་ཕུང་པོའི་གཏིང་མི་རྙེད། ཅེས་སོ། །འོད་གསལ་གྱི་སྣང་བ་ འཛིན་སྣང་ལ་གྲགས་པའི་གཟུགས་ཅན་མ་ཡིན་ཏེ། ཕྲི་བ་རྡུལ་ཕྲན་དང་རྫོགས་པ་དངོས་པོ་རང་མཚམ་དུ་འདི་མེད་པའི་ཕྱིར་འབྱུང་བཞིའི་གནོད་པས་གཞི་གཙང་གཞོམ་དུ་མི་རུང་བའི་ཕྱིར་རོ། ། གཟུགས་ཅན་ནི་གཞི་གཙང་སྒྲ་ཞིབ་ཏུ་དེ་ཡོད་པ་གཟུགས་ཀྱི་མཚན་ཉིད་དེ་ཡིན་པའི་ཕྱིར་རོ། །གསུམ་ནི་རྣམ་གྲངས་ཏེ་ཕྱི་མ་ལུས་པ། ཡིད་གསུམ་གྱི་གནད་གསུམ་གྱིས་གཞི་བཅའ་བ། ནང་དུ་ཆོས་ཉིད་ཡུལ་གྱི་གནད་དུ་འཆད་བྱ་བ་ནི་སྐྲ་ནག་དུ་རུ་རིག་གཅིག་མིན་ནང་ཐུམ་གྱིས་ཐོབ་ཕུང་ལ་གནད་གཞི་མང་བར་གོ་བས་སྐེམ་ཚད་ཀྱི་རིམ་པ། སྨིན་བརྟགས་ཀྱི་རིམ་པ་

[p. 902] ༄༅། །འདིས་གོལ་སྒྲིབ་མེད་པར་གྲོལ་ཏེ། དེ་ཉིད་ལས། ཆོས་ཉིད་མངོན་སུམ་གནད་མེད་ན། །མིག་མེད་གཡང་ཁར་ཕྱིན་པ་འདྲ། །ཞེས་སོ། །གནད་ནི་ཐལ་འགྱུར་ལས། རྒྱང་ ཞགས་འགུལ་བ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཅེས་པ་དང་། ཡི་གེ་མེད་པ་ལས། མིག་ནི་རབ་ཏུ་གནན་བྱ་སྟེ། །མིག་ཟུར་ཉིད་ལས་དབྱིངས་འབྱུང་བས། །མིག་ནི་ནམ་མཁའི་ ཁམས་སུ་བརྟག །ཅེས་སོ། །སྣང་བ་ནི། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ལས་ངེས་འཐོན་ཏེ། །སྤྲིན་མེད་པ་ཡི་མཁའ་ལ་གསལ། །ཅེས་པ་དང་། གཞན་ཡང་རྩ་ དང་འཁྲུལ་འཁོར་གྱིས། །རང་བཞིན་གནས་པའི་ཡེ་ཤེས་ལྔ། །ཆུ་བུར་མིག་གིས་མཐོང་བའོ། །ཞེས་པ་དང་། རང་ཤར་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འགྲོ་ དང་འོང་བ་དང་། །འགུལ་བ་དང་ནི་འཕྲིག་པའོ། །ཞེས་པ་དང་། སེང་གེ་རྩལ་རྫོགས་ལས། རང་སྣང་རིག་པའི་དངོས་པོ་དེ། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །ཞེས་པ་དང་། ནོར་བུ་འཕྲ་བཀོད་ལས། རྒྱང་ ཞགས་ཆུའི་སྒྲོན་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ཡོངས་སུ་གསལ་ལོ་ཞེས་སོ། །ཉམས་སུ་བླང་ལུགས་ནི་དང་པོ་ཐུན་ཆུང་ལ་གྲངས་མང་དུ་བྱ། གཉིས་པ་ལ་ཐུན་བསྐྱེད་

[p. 903] ཡིད་དཔྱོད་ཚིག་གིས་སྒྲོ་གདགས་སུ་མེད་པའི་གནད། གོམས་པའི་དུས་ན་འོད་(དང)ཐིག་ལེ་སྐུ་གསུམ་མཐོང་བས་འཁྲུལ་པའི་སྣང་བ་རང་འགགས་པའི་གནད། ཚད་དུ་ཕྱིན་པའི་དུས་ན་གསལ་བ སྟོང་པ་བདེ་བ་གསུམ་མངོན་པར་མཐོང་བས། ཆོས་ཉིད་རང་ཟད་པའི་གནད་དོ། །དེ་ལྟར་ན་གསུམ་ཞེས་གྲངས་ཀྱི་གནས་གཞན་ལ་བརྟེན་ནས་འབྲས་བུ་ཅིག་ཅར་དུ་གྲོལ་བར་ངེས་པའོ། །སྣང་བ་ནི་ གང་སྣང་ན་ཆོས་ཉིད་སྣང་ལ། ཡུལ་གང་ལ་སྣང་ན་དབྱིངས་ལ་སྣང་། ཚུལ་ཇི་ལྟར་སྣང་ན་འོད་དང་འོད་ཁྱིམ་རིག་པ་ལུ་གུ་རྒྱུད་དང་བཅས་པ་སྣང་། སྣང་བ་དེ་ཉམས་སུ་བླངས་པ་ལས་འབྲས་བུ་རྡོས Iས་མི་སྣང་བར་སངས་རྒྱ་བའོ། །ད་ལྟར་ཆོས་ཉིད་མངོན་སུམ་གྱི་སྣང་བའི་ངོ་བོ་དབྱིངས་རིག་འོད་གསལ་དུ་སྣང་བ་སྟེ། ཡི་གེ་མེད་པ་ལས། སྐྱེ་བ་མེད་པའི་མངོན་(སེམས)སངས་རྒྱས་ཀྱིས། །ཡུལ་མེད་རྣམ་ པར་རིག་པའི་སྣང་བ་མཐོང་། །ཞེས་པ་དང་། སྒྱུ་འཕྲུལ་ལས། ནོར་བུ་རིན་ཆེན་འོད་་་ཆགས་དཔལ། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཞེས་སོ། །ངེས་ཚིག་ནི་སྐུ་གསུམ་གྱི་སྣང་བ་མཐོང་བ་ སྟེ། རིན་པོ་ཆེ་རྣམ་པར་བརྩེགས་པའི་རྒྱུད་ལས། མངོན་ཞེས་བྱ་བ་མཐོང་བ་ལ། །གསུམ་ཞེས་བྱ་བ་སྐུ་གསུམ་གྱི། །ཞིང་ཁམས་གཏན་ལ་ཕེབས་པའོ། །ཞེས་སོ། །དགོས་པ་ནི་གནད་་་་་

[p. 904] ༄༅། O །མིང་མེད་པས། །སྲིད་གསུམ་གདར་ཤ་ཆོང་པའོ། །ཞེས་སོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ལ་གཉིས་ལས། མདོར་བསྟན་པ་ནི། དབྱིངས་རིག་ལ་གོང་ ནས་གོང་དུ་སྦྱངས་པས། ཕྱིར་དབྱིངས་སྣང་དུ་རིག་པ་ལུ་གུ་རྒྱུད་དབྱེར་མེད་དུ་གནས་པ་བཞིན། ནང་དུ་ག་དག་གི་སྟོང་དབྱིངས་ལ་རང་གདངས་ཀྱི་རིག་དབྱིངས་གཉིས་མེད་དུ་གནས་པས་འོད་གསལ་མ་ དུ་འདྲེས་ཏེ། སྣང་ཉམས་སྣ་ཚོགས་སུ་འཕེལ་བ་ནི། ཐལ་འགྱུར་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་ཕྱིར་བྱུང་ནས། །གྱེན་འགྲེང་བ་དང་རྩིབས་ཤར་དང་། །ཐིག་ལེ་སྣ་ཚོགས་ སྐུ་ཉིད་དུ། །རགས་པར་སྣང་བའི་ཡུལ་ལ་གསལ། །ཅེས་སོ། བརྒྱས་པར་བཤད་པ་ནི། ཉམས་གོང་འཕེལ་ཅེས་པའི་ཉམས་ལ་གཉིས་ཏེ་ཤེས་པའི་ཉམས་དང་། སྣང་བའི་ཉམས་སོ། །ཤེས་ཉམས་ལ་ འཇིག་རྟེན་པའི་ཤེས་ཉམས་ཏིང་ངེ་འཛིན་གྱིས་ཐོབ་པའི་དགའ་བདེ་སེམས་ཆགས་པ་གླུ་གར་ལ་སོགས་པ་བྱེད་སྙིང་འདོད་པ་རྣམས་དང་། འདས་པའི་ཤེས་ཉམས་སྟོང་གསལ་མཐའ་བྲལ་གྱི་རྟོགས་ཚད་ཤེས རབ་ཀྱི་རྩལ་དང་བཅས་པ་རྣམས་ཏེ། འདི་ཉིད་ཐོག་མ་བར་དང་མཐར་གོམས་པ་ལས། ཤེས་ཕ་དགའ་བདེའི་ཉམས་དང་། མཐར་འགྱུར་གྱི་ཉམས་དང་། སྣང་བའི་ཉི་མས་དང་གསུམ་འབྱུང་བ་ལས། །

[p. 905] ཅིང་ཡུན་བསྲིང་། གསུམ་པ་ལ་ཉིན་མཚན་མེད་པར་ཉམས་སུ་བླང་ཞིང་། དབྱིངས་ཀྱི་ར་བར་རིག་པ་བཅུག་པ་ལས་མི་འགུལ་བར་བྱེད་དེ། སྒྲོན་མ་འབར་བ་ལས། དབྱིངས་ཀྱིས་རིག་པའི་རང་ཡུལ་བྱེད། རྡོ་རྗེ་ ཉིད་ནི་ལུ་གུ་རྒྱུད། །འདི་ཉིད་ནང་དུ་གཞག་པར་བྱ། །ཞེས་སོ། །འབྲས་བུ་ནི། ཕྱིའི་དབྱིངས་སྨད་པ་མིག་མི་འགུལ་བའི་རང་དུས་ན། ནང་དུ་རིག་པ་གཞི་ལ་གནས་པས་གདངས་རང་ཐིམ་ལ་འཁོར་ ནས། གློ་བའི་རླུང་གི་རྟ་དང་བྲལ་བས། ཡེ་ཤེས་ཀྱི་ནམ་མཁའ་དབྱིངས་ཀྱི་ནམ་མཁའ་ལ་ཐིམ་ནས་ངོ་མ་ཉམ་རས་མེད་དུ་གྲོལ་བས། ག་དག་གི་རིག་པ་དབྱིངས་པས་མི་གཡོས་པར་སྙིང་ག་ནང་དུ་ གིས་འོད་གསལ་བའི་དགོངས་པ་ལ་རང་བཞིན་གྱིས་གནས་ཏེ། རྣལ་འབྱོར་བ་དེ་ཆོས་ཉིད་གདོད་མའི་འོད་གསལ་ཟིན་པ་ཞེས་བྱ་བས་འཁོར་བ་མིན་མེད་དུ་སྟོངས་ནས་སྲིད་གསུམ་གདར་ཤ་ཆོད་པ་ཡིན་ ཏེ། ཐལ་འགྱུར་ལས། དེས་ནི་ཆོས་ཉིད་མངོན་སུམ་གཞན། །མཐོང་བ་ཙམ་གྱིས་ཤེས་པ་དང་། དེ་ཞེས་པ་ཡིས་རྟོགས་པ་དང་། རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །གྲོལ་ཞེས་གྲོལ་བ་མ་ ཡིན་ཏེ། །ནམ་མཁའ་དག་ནི་ནམ་མཁའ་ལ། །ཐིམ་ནས་རང་བཞིན་དམིགས་མེད་ལག། །རིས་མེད་ཆ་ཤས་ཡོད་མ་ཡིན། །མངོན་སུམ་རྙེད་པའི་སྐལ་ལྡན་ལ། །ཁམས་གསུམ་འཁོར་བ་

[p. 906] ༄༅། །རླུང་སེམས་དག་དགོས་པའི་ཕྱིར་རོ། །སྣང་བའི་ཉམས་ནི། རིག་པའི་རང་གདངས་འོད་གསལ་ཆེན་པོ་སྟེ། (ཀུན་བརྟགས་) གནས་སྐབས་སུ་ཕྱིར་སྣང་འཕེལ་ཞིང་ཚད་ལ་ཕེབས་ནས་ རང་གདངས་གཞི་ཐིམ་ལ་ནང་དུ་བཟློག་པས་ཕྱིར་གསལ་དུ་ཟད་དགོས་ཏེ། ལྷུན་གྲུབ་ཀ་དག་གི་དབྱིངས་སུ་ཐིམ་དགོས་པའི་ཕྱིར་རོ། །ནང་གསལ་དུ་རང་འོད་ཀྱི་ཀློང་ན་རིག་པ་སྐུ་དང་ཡེ་ཤེས་ཀྱི་ཕོ་བྲང་ལ་ཡེ་ བཞུགས་ལྷུན་གྲུབ་ཆེན་པོར་འཕོ་འགྱུར་མེད་པའོ། །དེས་ན་འདིར་སྣང་བའི་ཉམས་གཙོ་བ་སྟེ། ཤེས་ཉམས་ནི་བློ་ཡིན་པས་འགྱུར་ཞིང་ཚད་མི་ཐུབ་སྟེ་ཀུན་རྫོབ་ཀྱི་རྣམ་པ་ཅན་དྲན་ཕྱེད་ཐ་དད་པ་ཚུ་རོལ་གྱི་རྟོག་ པས་བསྡུས་པའི་ཕྱིར། འདི་ལ་ཚད་བྱེད་ན་སྤྲིན་ལ་ཚོད་བཙུགས་ནས་སྤས་སྐུངས་བྱེད་པའི་བྱ་དང་འདྲ་སྟེ། དོན་རྟོགས་པའི་དུས་མེད་དེ་མཐོང་བ་རང་ཐོག་ཏུ་མི་ཕེབས་སོ། །འདི་ནི་སྣང་བའི་ཉམས་ཏེ་ཡེ་ ཤེས་ལྔའི་ཁ་དོག་གི་སྣང་བ་མཐོང་བས་འཁོར་བའི་ལས་ཀྱི་མཐའ་ཕྱེད་གཟུང་བ་ཡུལ་དུ་སྣང་བ་ལས་འདས་ལ། དབྱིངས་ཀྱི་སྣང་བ་མཐོང་བས་དེའི་སྟེང་དུ་འཛིན་པ་རྟོག་པའི་ཆའི་ཕྱེད་མེད་པ་སྟོང་ཆད་ དུ་འཛིན་པ་ལོག་པས་འཁོར་བའི་ཆའི་སུམ་གཉིས་ལས་འདས་ལ། ཀུན་རྟོག་གཞི་གྲོལ་རང་སངས་སུ་དག་པས་འཛིན་ཆའི་ཕྱེད་སྣང་བ་རང་མཚན་དུ་འཛིན་པ་ལོག་པས། གཟུང་འཛིན་གང་ཟག་དང་ཆོས་ཀྱི་

[p. 907] དང་པོ་ནི། ལུས་ངག་གནད་དུ་གཅུན་པས་རླུང་སེམས་བག་ལ་ཞ་ནས། ནང་ཏིང་ངེ་འཛིན་འོད་གསལ་སྟོང་པའི་ངང་ལ་་་་འབྱམས་པ་དང་། ཤེས་པ་བག་ཡངས་གཟུང་འཛིན་མེད་པའི་དགའ་བདེ་ཡངས་ པ་ཁྲོལ་ཆགས་སུ་སྐྱེས་ཀྱང་ཞེན་འཛིན་སྤུ་ཉག་ཙམ་ཡང་མེད་པ་ནི་རང་བཞིན་གྱི་བསམ་གཏན་གནད་དུ་ཕེབས་པ་ལས་བྱུང་བའོ། །བཅོས་མའི་བསྒོམས་པ་ལས་དགའ་བདེ་བྱུང་བ་ནི་ཉམས་འགྱུར་བ་ ཤས་ཆེ་ལ་རགས་པ་འཁྲབ་པའམ་གླུ་གར་བྱེད་འདོད་པ་འབྱུང་བས་ཆགས་ཞེན་དུ་སོང་ལ། འདི་ནི་དགའ་བདེར་ཤར་ཡང་རང་དབང་ཐོབ་པའི་དགའ་བདེ་ཞེན་མེད་དུ་ཤེས་པའི་ཁྱད་ཡོད་པ་ནི་བཅོས་ ནས་བསྒོམས་པ་དང་། རང་བཞིན་གྱིས་རླུང་དུ་ཕེབས་པའི་བསམ་གཏན་གྱི་ཁྱད་དུ་ཤེས་པར་བྱའོ། །མཐར་འགྱུར་གྱི་ཉམས་ནི་རླུང་ཉམས་ཀྱི་སྣང་ཆ་སྟེ། སྲིན་བུ་མེ་ཁྱོར་ལྟ་བུ་དང་། སྤྲིན་ལྟ་བུ་དང་། དུ་ བ་ལྟ་བུ་དང་། སྨུགཟིལ་ལྟ་བུ་དང་། ཟླ་བ་ཤར་བ་ལྟ་བུ་དང་། སྐར་མ་ཤར་བ་ལྟ་བུ་དང་། ནམ་སྲོས་པ་ལྟ་བུ་ལ་མཐིང་གའི་སྣང་བ་ཡོད་པ་ལྟ་བུ་དང་། ཉི་མ་ཤར་བ་ལྟར་ཕྱི་ནང་ཟང་ཐལ་བར་སྣང་བ་ལྟ་བུ་ དང་བརྒྱད་དེ། འཆར་ནུབ་དང་གསལ་འགྲིབ་ཏུ་བྱུང་བས། མི་བརྟན་ཚུགས་མི་ཐུབ་འགྱུར་འགྲོ་བས་མཐར་འགྱུར་གྱི་ཉམས་ཞེས་བྱ་སྟེ། རླུང་གཡོ་བའི་ཉམས་ཡིན་པའི་ཕྱིར་རོ། །འདི་དག་བྱར་ཡོད་དེ་

[p. 908]

[p. 909] བདག་མེད་རྟོགས་པ་ཞེས་བྱའོ། །མདོར་ན་སྣང་ཉམས་རྣམས་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང་། དབྱིངས་ཀྱི་སྣང་བ་གཉིས་སུ་འདུས་པའོ། །གོང་འཕེལ་ནི། སྣང་བ་དེ་དག་ཇེ་བཀྲ་ཇེ་ལེགས་ཇེ་ མང་ལ་སོང་བ་སྟེ། འདི་ལ་དག་ཚུལ་གྱིས་སྤྱིར་བསྟན་པ་དང་། སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། འཁོར་བའི་བཅིངས་པ་ལས་གྲོལ་ཚུལ་དང་སྦྱར་ན། སྣང་བ་དེ་ཡང་གྱེན་ འགྲེང་དང་། རྩིབས་ཤར་དང་། གྲུ་ཆད་དང་། དུམ་བུ་དང་། སྣམ་བུའི་སྣང་བ་དང་ལྔ་རྫོགས་པས་ཡེ་ཤེས་ལྔའི་ཁ་དོག་ལ་དབང་ཐོབ་ནས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་ དང་། ཕྲག་དོག་ལྔ་མངོན་དུ་རྒྱུ་བའི་བཅིངས་པ་ལས་གྲོལ་ཏེ། བག་ལ་ཉལ་ཙམ་ལས་མ་གཏོགས་པ་མེད་པས་འཁོར་བའི་ཕྱེད་ལས་འདས་པ་ཉིད་དོ། །དེ་ནས་དྲ་བའི་རྣམ་པ་དང་། དྲ་བ་ཕྱེད་པ་ དང་། མིག་མངས་རིས་དང་། མིག་ཚགས་ཀྱི་རྣམ་པ་ལྟ་བུ་དང་། ཟ་འོག་གུར་ཁྱིམ་ལྟ་བུ་མཐོང་བས། གཟུགས་ལ་སོགས་པ་ཕུང་པོ་ལྔའི་ཚོགས་པས་བདག་ཏུ་བྱས་པ་ལས་འདས་པས། འཇིག་རྟེན་ གྱི་བདག་སུམ་གཉིས་ལས་འདས་པས། ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་བྱིན་རླབས་སོ། །དེ་ནས་ཡེ་ཤེས་དངོས་པོ་དག་པའི་དབྱིབས་ཀྱི་སྣང་བ། ཡེ་ཤེས་མཁར་ཐབ་ཀྱི་རྣམ་པ་འདྲ་བ་དང་། ཉི་ཟླ་

[p. 910] ༄༅། །རིམ་པ་ནི། བརྩོན་འགྲུས་རབ་རྣམས་ལ་བར་དུ་ཞག་ལྔ་ལྔའོ། །འབྲིང་རྣམས་ལ་ཞག་བདུན་བདུན། ཐ་མ་རྣམས་ཞག་ཉེར་གཅིག་ཉེར་གཅིག་ན་གོང་མའི་སྣང་ བ་འགགས་ནས། ཡང་འོག་མའི་སྣང་བ་དེ་དག་ཏུ་རྣམ་པར་སྣང་བའོ། །ཁ་དོག་དང་དབྱིབས་ཀྱི་བླར་འདེར་ན་ཐང་ཅིག་ཏུ་གནས་པ་དག་འབྱུང་ངོ། །དེ་ནས་དེ་དག་ནུབ་ནས་ཀྱང་ཡེ་ཤེས་ལྔའི་དབྱིབས་ ཀྱི་རྣམ་པ་འཆར་ཏེ། མེ་ལོང་ལྟ་བུའི་དབྱིབས་མིག་ཚགས་ཀྱི་རྣམ་པ་དང་འདྲ་བར་འགྱུར་རོ། །དེ་ནི་ཁ་དོག་རབ་ཏུ་སྤེལ་ལེགས་པ་ལས་བྱུང་བའོ། །དེ་ལ་གོམས་པ་ལས་མིག་མངས་རིས་སུ་འཆར་ ཏེ། འདི་ནི་སྔོན་དུ་འགྲོ་བ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །དེ་ནས་མཉམ་པ་ཉིད་དྲ་བ་ཕྱེད་པར་འཆར་ཏེ། དེ་ནི་རླུང་གི་སྦྱངས་པ་དག་པ་ལས་བྱུང་བའོ། །དེ་ལས་དྲ་བར་སྣང་བ་ནི་སྔོན་འགྲོ་དག་ ཕྱེད་ཚར་ཆོད་པ་ལས་བྱུང་བའོ། །དེ་ནས་སོ་སོར་རྟོག་པའི་མེ་ཏོག་གི་ཚོམ་བུར་འཆར་བ་ནི། གཟིགས་སྟངས་ལ་འགྲུས་པ་ལས་བྱུང་བའོ། །དེ་ལས་པདམ་སྟེང་ལྡན་དུ་འཆར་བ་ནི་སྔོན་འགྲོ་ འབྱོངས་པ་ལས་བྱུང་བའོ། །དེ་ནས་བྱ་བ་གྲུབ་པའི་མཚོན་ཆ་ལྟ་བུར་འཆར་བ་ནི། རང་བཞིན་མ་བཅོས་པ་ལས་བྱུང་བའོ། །དེ་ལ་སེ་འཁོར་ལོ་ལ་སོགས་པའི་རྣམ་པ་སྣ་ཚོགས་སུ་སྣང་བ་ནི་སྔོན་

[p. 911]

[p. 912] ༄༅། །བ༑ བསྤྲུལ་པའི་ཡོན་ཏན་འདིས་འགྲུབ་པོ། །མཐོང་བའི་ཡུལ་ཙམ་གང་སྣང་བ། །ཚོམ་བུ་ལ་ནི་དེ་བཞིན་ནོ། །ཕྱིར་སྣང་འགགས་པ་གང་ཡིན་པ། །སྐད་ཅིག་མ་ནི་བཅུ་དྲུག་ ལ༑ ༑འདི་ཡང་དེ་ལྟར་འགྱུར་བའོ། །ཞེས་སོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ལ་སྣང་ཚུལ་སྤྱིར་བསྟན་པ་དང་། རང་བཞིན་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་ཐིག་ལེ་རེ་རེའི་ནང་ དུ་སྐུ་ཕྱེད་མ་རེ་རེ་སྣང་བ་ནི་སྤྲུལ་པ་སྐུའི་སྦྱང་བ་རྣམ་པར་དག་པ་ལས་བྱུང་བའོ། །དེ་ནས་སྐུ་རང་རྒྱང་རེ་རེ་སྣང་བ་ནི་སྤྲུལ་སྐུའི་སྣང་བ་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལས་བྱུང་བའོ། །དེ་ནས་ཀུ་དེ་དག་ ཡབ་ཡུམ་ལྔ་ལྔར་གྱུར་པ་ནི་ལོངས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པ་ཉིད་དོ། །དེ་ནས་སོ་སོའི་ཚོམ་བུའི་དཀྱིལ་འཁོར་དང་བཅས་པར་སྣང་བ་ལ། དེ་ཉིད་མུ་ཁྱུད་ཀྱི་ར་བ་དང་སོ་སོའི་གཙོ་འཁོར་དུ་སྣང་བ་ནི། ། ཆོས་སྐུའི་སྦྱང་བ་རྣམ་པར་དག པ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །འདི་ནི་རིག་པ་ཚད་ཕེབས་ཀྱི་ནང་བ་སྟེ། སྔོན་འགྲོའི་དུས་ན་ལུས་ཀྱི་བྱ་བ་དང་། བྱེད་པ་དེ་དག་གི་འབྲེལ་ཚད་དེ་ཕྱིས་མི་སྐྱེ་བའི་རྟགས་སོ། །དེའང་ དག་བྱ་དྲི་མ་རེ་སྦྱོང་བའི་གཉེན་པོ་སྔོན་འགྲོ་ལ་སོགས་པ་གནད་དུ་ཕྱིན་པ་ལས་སྣང་བ་དེ་དག་ཤར་བར་བརྟགས་ཀྱང་བྲལ་འབྲས་དང་དག་བྱ་དག་བྱེད་ཀྱི་རྒྱུ་འབྲས་བཏགས་པ་བ་ཡིན་གྱི། དེས་བསྐྱེད་ནས་བྱུང་

[p. 913] འགྲོ་མཐར་ཕྱིན་པ་ལས་བྱུང་བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཁར་ཐབ་ཏུ་འཆར་བ་ནི་། རིག་པ་མི་གནས་དྲངས་པོ་ལས་བྱུང་བའོ། །དེ་ལས་ཟ་འོག་གུར་ཁྱིམ་ལྟ་བུ་ནི་སྔོན་འགྲོ་དག་པར་བྱས་པ་ ལས་བྱུང་བའོ། །དེ་དག་ཀྱང་བརྩོན་འགྲུས་ཀྱི་ཁྱད་ཀྱིས་ཞག་གསུམ་དང་། བདུན་དང་། བཅུ་བཞི་ན་གཅིག་སྐྱེ་གཅིག་འགག་པའོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། འདི་དག་ནི་སེམས་ཀྱི་ སྔོན་འགྲོའི་དུས་ན། རྟོག་པ་ཐ་དད་པར་བསླང་བ་དེ་འགགས་པའི་རྟགས་ཡིན་ནོ། །དེ་ནས་རིག་པ་རང་གི་ངོ་བོའི་སྣང་བ་འཆར་ཏེ། འོད་དེ་དག་ཐིག་ལེར་འཆར་བ་ནི་ལུ་གུ་རྒྱུད་གཅིག་ཏུ་འདུས་པ་ལས་བྱུང་བའོ།། དེ་ནས་ཐིག་ལེ་གཉིས་འབྲེལ་དུ་སྣང་བ་ནི་ཐབས་དང་ཤེས་རབ་རྣམ་པར་དག་པ་ལས་བྱུང་བའོ། །དེ་ན་ཐིག་ལེ་ལྔ་སྦྲེལ་དུ་སྣང་བ་ནི་ཡེ་ཤེས་ལྔ་ལ་བྱེ་ན་ཚུད་པ་ལས་བྱུང་བའོ། །མངོན་སུམ་གྱི་ཐིག་ལེ་དང་འབྲེལ་ ལུགས་མི་འདྲ་སྟེ་ཆེ་ཆུང་ཡོད་པའི་ཕྱིར་རོ། །དེ་ཕན་ཆད་ནི་ཉམས་གང་འཕེལ་གྱི་སྣང་བ་སྟེ།ཐལ་འགྱུར་ལས། ཁ་དོག་ལྔ་ཡི་འོད་ཀྱིས་ཀྱང་། །རེ་ལྡེ་ཙམ་ལས་གྲུ་ཆད་སྣང་། །ཡུལ་གྲུ་ཙམ་ལས་མཐོང་ཚད་དོ། ། ཞེས་པ་དང་། རང་བྱུང་གི་རྒྱུད་ལས། རང་ངོ་མཐོང་ལས་འདི་ལྟར་རོ། །ཡར་མཚམས་ལས་ནི་སོར་བཞི་ལས། །བྲལ་བའི་སྐྱེས་བུ་སྐལ་བཟང་བ། །འཁོར་བར་འཇུག་པ་ག་ལ་སྲིད། །གྲུ་ཆད་རྣམ་པར་གང་སྣང་

[p. 914] ༄༅། །འོད་གསལ་དུ་རྫོགས་པ་སྟེ། ཤལ་འགྱུར་ལས། དེ་ལྟར་ཕེབས་ནས་རྫོགས་པའི་ཚད། གཞུང་བའི་དངོས་སྣང་འགགས་པ་དང་། ས་རྡོའི་སྣང་བ་བཞུ་བ་དང་། །རང་ཤེས་ཕོ་ ལའང་ཚུད་པ་དང་། །དེ་བཙུད་བེམས་པོ་འགུལ་བ་དང་། །རླུང་གི་འགྱུ་བའི་ཚད་ཟིན་དང་། །ལུས་ཀྱི་རྡུལ་ཕྲན་མཐོང་བ་འཁྲུལ། །ཅིར་སྣང་གཟུགས་སྐུར་རྫོགས་པ་དང་། །དེ་ལས་ཡབ་ཡུམ་འཁྲིལ་བ་ དང་། །ལྔ་ལྔ་ཡབ་དང་ཡུམ་སྦྱོར་དང་། །ཀུན་ཀྱང་མུ་ཁྱུད་ཟླུམ་པོ་ལ། །རྣལ་འབྱོར་ལུས་ཀྱང་འོད་གསལ་ཞིང་། །འགྲོ་དང་ཁྱི་དང་མ་འདུག་པར་སྣང་། །ཐམས་ཅད་རིག་པ་ཚད་ཕེབས་སོ། །ཞེས་སོ། ། གཉིས་པ་ནི། ལུས་ཀྱི་ཐོས་པ་དག་ནས་སྙིང་དབུས་སུ་ཨེ་དཀར་པོ་ལས་འོད་ཟེར་ལྔ་སྒྲིལ་མཐོངས་ཁུང་གི་ཉི་ཤུར་ལྟར་བར་སྣང་ལ་འོད་ཀྱི་སྐར་ཁུང་གི་ནང་ཤར་བར་ཟུག་ཅིང་། སྤོར་ཚུགས་ན་ཡེ་ཤེས་ཀྱི་ རླུང་གནས་པས་རང་བཞིན་གྱིས་འདེགས་པར་སྣང་ལ། མཛོད་སྤུ་ནས་འོད་ཟེར་སྣ་ལྔ་འདོམ་གང་དུ་གསལ་ཞིང་། ལག་པའི་སོར་མོ་ལྔ་ལ་འོད་ལྔའི་ཕྲེང་བས་འཁྲིགས་ཤིང་། ལུས་ཀྱི་བ་སྤུའི་སྒོ་ལ་ སོགས་པ་ཕྱི་ནང་གི་ཆ་རྡུལ་ཕྲན་གྱི་ཁྱོན་ལས་ཆུང་བ་རེའི་གོ་ན་ཞིང་ཁམས་གྲངས་མེད་ན་སངས་རྒྱས་དང་སེམས་ཅན་ཚད་མེད་པ་སྣང་བ་མི་ལྷུན་གྲུབ་ཀྱི་སྒོ་བརྒྱད་ཤར་བའི་སྣང་བ་ཀུན་འདིར་ལྷག་ཆད་

[p. 915] བ་མ་ཡིན་ཏེ། ཡེ་ཤེས་རང་ཡོད་ཀྱི་གདངས་དྲི་མའི་སྒྲིབ་པ་དག་སྟོབས་ཀྱིས་སྣང་བའི་ཕྱིར་རོ། །ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ནི། །ལོངས་སྐུའི་མཚན་དཔེ་གསལ་བར་ནི། །མ་ངེས་ ཁ་དོག་འཇའ་ཚོན་ལས། །རིགས་ལྔ་ཡབ་དང་ཡུམ་དུ་སྣང་། །ཞེས་པ་དང་། བསྟན་པ་ལས། དེ་བཞིན་སྐུ་ལ་ཐུག་གི་བར། །དྲུག་དང་བཅུ་དང་ལྔ་གསུམ་ལ། །གདོན་མི་ཟ་སྟེ་ལོངས་སྐུའོ། །ཞེས་ སོ༑ ༑གཉིས་པ་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ། ཚད་ཕེབས་ཀྱི་དེས་ཚིག་སྤྱིར་བསྟན་པ་དང་། ཚད་གསུམ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི་རིག་པ་ཚད་ཕེབས་ཞེས་པས། རིག་པ་ནི་གཞི་གནས་ ཀྱི་རིག་པ་མངོན་དུ་གྱུར་ཏེ། ལམ་སྲོལ་དུ་ཚུད་པ་ལས། གཞི་སྣང་གི་རང་གདངས་ལྷུན་གྲུབ་ཀྱི་འཆར་སྒོ་སྐུར་སྣང་བས། ལམ་སྣང་ཟད་དུ་ཉེ་བ་ལས། དཀྱིལ་འཁོར་རྫོགས་པ་རྣམས་སོ། །ཚད་ནི་དང་པོ་ཕྱེད་སྐུ་ ནས་སྐུའི་དཀྱིལ་འཁོར་རྫོགས་པའི་བར་རོ། །ཕེབས་པ་ནི་དེ་ལས་འདས་པ་མེད་པས་རྣམ་པར་སྣང་བའོ། །དེ་དག་ནི་ཟླ་བ་ཉ་གང་བའི་རྣམ་པ་དང་འདྲ་སྟེ། ཡར་གྱི་འཕེལ་ཟད་པས་དཀྱིལ་འཁོར་རྫོགས་ཏེ་རང་ངོ་ ལ་བཅོས་སུ་མེད་པའོ། །གཉིས་པ་ཚད་གསུམ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ཕྱི་སྣང་བའི་ཚད། ནང་ལུས་ཀྱི་ཚད། གསང་བ་རིག་པའི་ཚད་དོ། །དང་པོ་ནི། སྣང་བ་ལ་དབང་བསྒྱུར་ཞིང་ཞིང་ཁམས་

[p. 916] ༄༅། །སོ། །གསུམ་པ་གསང་བ་རིག་པའི་ཚད་ནི། ཕྲ་རགས་འགྱུ་བའི་སེམས་དག་ཀྱང་། །ཀུན་གཞི་རྣམ་ཤེས་ཙམ་གྱི་སེམས་ཡོད་ལ། རིག་པའི་ཡོན་ཏན་མངོན་ ཤེས་དང་སྤྱན་ཆགས་པ་མེད་པ་ཤར་བ་སྟེ། དེ་ཉིད་ལས། འདི་དུས་སེམས་ནི་གསལ་བ་དང་། །མངོན་པར་ཤེས་པ་དྲུག་རྣམས་དང་། རིང་དང་ལྐོག་ཏུ་གྱུར་པ་ཡི། །ཆོས་རྣམས་སྐད་ཅིག་ གིས་ཤེས་འགྱུར། །ཚད་མེད་སངས་རྒྱས་ཞིང་རྣམས་དང་། །དེ་བཞིན་སྐུ་ཡང་སེམས་ལ་སྣང་། །སྟོང་པའི་སེམས་ལ་དྲི་མ་ཟད། །རང་བཞིན་མི་གཡོ་སྟོང་གསལ་བརྙེས། །མ་འདྲེས་ མཉམ་རྫོགས་དབྱིངས་ལ་ཁྱབ། །སྣང་མཛད་གསལ་བས་དུ་མ་བྲལ། །ཆ་ཤས་མེད་པས་སྤྲོས་མེད་དོ། །ཞེས་སོ། །དེའང་སྣང་བ་གོང་མ་གཉིས་སུ་ཉོན་ཡིད་དང་ཡིད་ཤེས་ཀྱི་དྲི་མ་ མངོན་གྱུར་སྦྱངས་ནས། འདི་ཐོབ་པའི་ཚེ་ཚོགས་བརྒྱད་ཀྱི་དང་པོ་བདུན་དག་པས། ཕྲ་རགས་ཀྱི་དྲི་མ་ལས་གྲོལ་ཞིང་། ལུས་སེམས་ཀྱི་འབྲེལ་ཆོད་པས། །ཕྱི་སྣང་བའི་ཡུལ་རིག་པ་ལ་སྣང་ ཞིང་། དཔྱོད་བྱེད་རྣམ་ཤེས་ཀྱི་ཆ་ཀུན་གཞི་རྣམ་པར་ཤེས་པའི་དབང་པོས་བདག་རྐྱེན་བྱེད་པ་ནི། སྐར་མདའ་ནམ་མཁའ་ལ་རྒྱུག་པའི་ཚོད་ཙམ་དུ་སྐད་ཅིག་མ་ལ་དཔྱོད་བྱེད་རང་ཤར་བདེ་རང་གྲོལ་

[p. 917] མེད་པར་རང་སྣང་ལ་སྣང་བ་ཡིན་ལ།

[edit]
OCR of the BDRC scans (I0TTBBC0034_001, I0TTBBC0034_002), gorn05 tibocr 2026: BDRC OCR on 777 pages, Mitra OCR on 504 pages (the model with more recognisable syllables on each page).
Volume I0TTBBC0034_002

[p. 94] སྨྲ་བ་ཇེ་ཉུང་ཐ་མལ་གྱི་གཏམ་སྨྲ་བ་བཅད་པ་ལ་ཐུན་ཆུང་དུ་བསླབ། དེ་ནས་རིང་དུ་བསླབ། སྐབས་སུ་སྨྲ་རྒྱུ་མེད་ཀྱང་གཅིག་པུ་སྨྲའོ། །གནས་པ་ནི་སྔགས་དང་བརྗོད་པ་ལ་སོགས་ པ་དགེ་བའི་བརྗོད་པ་མི་དགག །གཞན་དང་ཚིག་འབྲུ་གཅིག་ཀྱང་མི་འདྲེའོ། །འདིའི་དུས་ན་ལུས་ཀྱི་བརྔས་དོན་གོ་བར་བྱེད་པའོ། །ལ་བཟླ་བ་ནི་སྔགས་ལ་སོགས་པ་བརྗོད་པ་ཐམས་ཅད་མི་བྱའོ། །བརྟན་པ་ནི་ཅི་ཡང་མི་བརྗོད་པའི་དང་ ལས་མི་འདའ་བར་བྱེད་པ་སྟེ། ལུས་ཀྱི་བརྔ་ཙམ་ཡང་མི་བྱ་བ་ཡིན་ནོ། །ས་བོན་གྱི་རྒྱུད་ལས། ངག་ནི་ཇི་ལྟར་ལྐུགས་པ་བཞིན། །སུ་དང་བརྔ་ཙམ་ཉིད་མི་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །སེམས་ཀྱི་འཕྲེ་འདུ་རང་ཆོད་དོ། །ཅེས་སོ། །ངག་གི་ སྨྲ་བ་བཅད་པས་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་སྟེ། འགྲོ་བ་གཞན་དང་ངག་མ་འདྲེས་པས་ལུས་འབྱོངས་པའི་དགོས་པ་ཡོད། ལུས་འབྱོངས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། མཁའ་སྤྱོད་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བྱིན་ གྱིས་བརླབས་ནས་ལུས་སྒྱུ་མའི་སྐུར་གྲོལ་བའོ། །དེ་ནས་བརྗོད་བྱ་བཀག་པས་ངག་འབྱོངས་ཏེ་རྟགས་སུ་མི་མ་ཡིན་པ་རྣམས་དང་བརྔ་ཕྲད་ཅིང་གཏམ་ཟེར་བ་དག་འོང་། ངག་གི་བརྗོད་པ་བཀག་པས་ཡིད་འབྱོངས་ཏེ། དེའི་རྟགས་སུ་སྔོན་དུ་མི་མ་ ཡིན་གྱི་གཟུགས་མཐོང་བ་དང་། དེ་ནས་མངོན་པར་ཤེས་པ་དུམ་བུ་བ་འཆར་རོ། །དེ་ལྟར་ངག་གི་གནད་ཀྱི་ལུས་སེམས་ཀྱི་འཚམ་ཀྱི་འབྲེལ་གཅོད་པའི་གནད་ཀྱི་གདམས་པའོ། །སེམས་ཀྱི་གནད་དུ་ནམ་མཁའི་མཐོངས་སུ་མིག་ལྟ་བ་ལས་རྟོག་པ་ཅི་ཡང་མི་ བསམ་སྟེ། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏང་བས་འགྲུབ། །ཅེས་སོ། །དེ་ལྟར་གཙོ་བོ་ལུས་ངག་གཉིས་བཅུན་པས་སེམས་ཞོར་ལ་འཆུན་ནས་དབྱིངས་རིག་འཆར་ཞིང་ཁམས་གསུམ་གྱི་འཆིང་བ་གཅོད་དེ། ས་བོན་གྱི་རྒྱུད་ལས། འདི་ལྟར་

[p. 95] ༄༅། །ལུས་དག་སུས་བཅུན་པ། །ཆོས་ཀྱི་དབྱིངས་ཀྱི་སྣང་བ་ལ། །འདི་ཡིས་གོམས་པར་འགྱུར་བ་ཡིན། །ཅེས་པ་དང་། རྡོ་རྗེ་བཀོད་པ་ལས། ལུས་དང་ངག་དང་ཡིད་ཀྱི་གནད། །ཤེས་ཤིང་བསྟུན་པས་འཁོར་ལས་གྲོལ། ། ཅེས་སོ།། ༈ །།དོན་གཉིས་པ་གནད་གསུམ་ལ་བརྟེན་ནས་མངོན་གསུམ་རང་ཐོག་ཏུ་དབབ་པ་ལ་གསུམ་ཏེ། གནད་གསུམ་རྡོ་རྗེའི་ཆིངས་སུ་བསྡམ་པ། མངོན་གསུམ་རིག་པའི་རང་ངོ་སྤྲད་པ། དེ་ལས་སྣང་བའི་འཆར་ཚུལ་བསྟན་པའོ།། དང་པོ་ལ་ གཉིས་ཏེ། གནད་གསུམ་སྤྱིའི་ཆིངས་བསྟན་པ་དང་། བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པའོ།། དང་པོ་ནི་སྒོ་དང་ཡུལ་དང་རླུང་རིག་གི་གནད་གསུམ་སྟེ། ཐལ་འགྱུར་ལས། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང་ རླུང་དང་རིག་པའི་གནད་ཉིད་གཏེམ།། ཅེས་པས། དཔེར་ན་གནད་ལ་ཟིན་པའི་མཚོན་དང་འདྲ་སྟེ། ལུས་ཀྱི་རྩ་རྒྱུས་སམ་དོན་སྙིང་ལ་སོགས་པའི་གནད་ལ་ཕོག་ན་ཅི་བྱས་ཀྱང་མི་འཚོ་བར་འཆི་བ་དང་འདྲ་ཞིང་། གནད་གསུམ་གྱིས་ཀྱང་ཆོས་ཉིད་ལ་འགྱུར་ བའི་ས་མེད་དེ། སྒོའི་གནད་ཀྱིས་མཐོང་བར་བྱེད། ཡུལ་གྱི་གནད་ཀྱིས་མི་འགྱུར་བར་བྱེད། རླུང་རིག་གི་གནད་ཀྱིས་རྟགས་ཚང་ལ་འབེབས་པའོ།། དེ་ཡང་སྒོའི་གནད་སོ་པ་དང་འདྲ། ཡུལ་གྱི་གནད་འགྲོན་པོ་དང་འདྲ། རླུང་རིག་གི་གནད་རྟག་པ་ དང་འདྲའོ།། སོས་ཐེབས་པས་འདོད་པའི་མི་འགྱུར་དབང་མེད་པར་ཟིན་ལ། དགྲས་འོངས་པས་ཇག་པའི་ལག་ཏུ་མི་ཚུད་མི་སྲིད་པ་བཞིན་དུ། ཆོས་ཉིད་མངོན་གསུམ་གྱི་གནད་ལ་མི་ཐེབས་མི་སྲིད་དོ།། དེ་ཡང་ཡུལ་མེད་ན་རྟེན་སའི་གཞི་མེད་ལ། སྒོ་མེད་ན་འགྲོ་བའི་ལམ་སྟོན། རླུང་རིག་གི་གནད་མེད་ན་ཤེས་རིག་ནང་དུ་མི་ཆོད་པས་གནད་གསུམ་དུ་ངེས་ལ། དེ་ལས་མངས་ན་མཐའ་ཡས་པས་གནད་སྟོར་ལ། ཉུངས་ན་དོན་མི་འགྲུབ་པས་གསུམ་དུ་ངེས་པའོ།། གཉིས་པ་བྱེ་

[p. 96] བྲག་རང་གི་གནད་ཐོག་ཏུ་དབབ་པ་ལ། གནད་གསུམ་སྤྱིའི་རིམ་པ་ངེས་པ་དང་། སོ་སོའི་གནད་ལ་ཐོག་ཏུ་དབབ་པའོ། དང་པོ་ནི་ལུས་ངག་སེམས་གསུམ་མི་འགུལ་ཞིང་སྒོ་དང་ཡུལ་དང་རླུང་རིག་བཅུན་པ་སྟེ། མཐོང་བ་རྒྱུད་པའི་ལུང་གིས་ཕྱེ་བ་ནི་ རང་བྱུང་རིག་པའི་ཏནྟྲ་ལས། །དེ་ལྟར་ལུས་ལ་སོགས་པ་ཡི། །གནད་ཀུན་རབ་ཏུ་གཟིར་བ་ཡིས། །རིག་པ་ཉིད་དང་མངོན་གསུམ་དུ། །བླ་མའི་ལུང་ལས་ཤེས་པ་ཡིན། །ཅེས་པ་དང་། ཐལ་འགྱུར་ལས། དངོས་གཞི་རང་གི་རྒྱུད་བསྟེན་ན། །ལུས་ཀྱི་གནད་ དང་ངག་དང་ཡང་། །སེམས་ཀྱི་གནད་ལ་རྟེན་པ་ཡིས། །རླུང་ནི་ཅི་ནས་དལ་བྱས་ཏེ། །རབ་ཏུ་འཕང་བ་ལས་བྱུང་བ། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་བཟློག་པ་མིན། །ཅེས་པ་དང་། སྒོ་ནི་སྐུ་གསུམ་མིག་གིས་ལྟ། །ཡུལ་ ནི་སྒྲིབ་བྱེད་བྲལ་བའོ། རླུང་རིག་ངལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །གཉིས་པ་ཁ་སྒོ་དང་། ཡུལ་དང་། རླུང་རིག་གི་གནད་གསུམ་ལས། དང་པོ་ནི། ཐ་མལ་བའི་ལྟ་ལུགས་ཀྱིས་ཡེ་ཤེས་མི་འཆར་བས། སྐུ་གསུམ་གྱི་གཟིགས་སྟངས་ གསུམ་ལ་བསླབ་སྟེ། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་ཀྱི་སྐུ་ཡི་གཟིགས་སྟངས་ཀྱིས། །ཁམས་གསུམ་འཁོར་བ་སྤྱིབས་ནས་འདོན། །ལོངས་སྐུས་སྲིད་པའི་གཞི་མ་འཇིག །སྤྲུལ་སྐུས་སངས་རྒྱས་ཞིང་དུ་བསྒྲོལ། །ཅེས་ པ་དང་། ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་ཁམས་སུ་བརྟག །ཅེས་པ་དང་། གསང་བ་སྒྲ་རྒྱུད་ལས། ཕབ་དང་ཟློག་དང་ཟུར་གྱིས་ནི། །གཟིགས་སྟངས་རྣམ་པ་གསུམ་དུ་གྲགས། །ཅེས་སོ། །དེའང་སྤྲུལ་སྐུ་ཕབ་ནས་སང་རྒྱ་བ་ནི་གདུལ་བྱ་ལ་ གཟིགས་ལ། ལོངས་སྐུ་ཟུར་ལ་གཟིགས་ནས་སང་རྒྱ་བ་ནི་ཞིང་ཁམས་ལ་གཟིགས་པ་དང་། ཆོས་སྐུ་བཟློག་ནས་སང་རྒྱ་བ་ནི་གཞི་ལ་གཟིགས་པའོ། །རྣལ་འབྱོར་པ་མིག་ཤས་ངན་པས་སྤྲུལ་སྐུའི་གཟིགས་བསྟངས་བསྟུན་ན་མིག་མི་

[p. 97] ༄༅། །འགྲིབ་པའི་དགོས་པ་ཡོད། མིག་ལ་སྐྱོན་ཆགས་པས་ལོངས་སྐུ་དང་བསྟུན་ན་མིག་གསལ་བའི་དགོས་པ་ཡོད། མིག་ཤས་བཟང་པས་ཆོས་སྐུའི་དང་བསྟུན་ན་མྱུར་དུ་སྣང་བ་ཚད་ལ་ཕེབས་པའི་དགོས་པ་ཡོད་དོ། །དེ་དག་ལས་ མ་གཡོས་ན་སྤྱན་གསུམ་ཁོང་དུ་ཆུད་པར་ངེས་ཏེ། ཆོས་སྐུ་ལ་ཆོས་ཉིད་ཀྱི་སྤྱན་ཡོད་པས་གསུང་ལ། དེའི་བྱིན་བརླབས་ཀྱིས་ཡེ་ཤེས་དངོས་སུ་མཐོང་པས་འདི་ཉིད་ལ་ཐག་ཆོད། ལོངས་སྐུ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་པས་སྐུ་ལ། དེའི་བྱིན་བརླབས་ ཀྱིས་རང་གསལ་དུ་མཐོང་པས་མཁྱེན་པ་རྒྱས། སྤྲུལ་སྐུ་ལ་ཤེས་རབ་ཀྱི་སྤྱན་ཡོད་པས་ཐུགས་ལ། དེའི་བྱིན་བརླབས་ཀྱི་སྒྲ་ཚིག་དང་བྲལ་བར་མཐོང་པས་ཐོས་བསམ་བསྒོམ་པ་ལ་རག་མ་ལུས་པར་ཆོས་ཉིད་ཀྱི་དོན་ཁོང་ནས་འཆར་རོ། །དེ་ཡང་ སྤྱན་གསུམ་དུ་ལྟ་བ་ནི་ཆོས་ཉིད་ཀྱི་སྤྱན་གྱེན་ལ་བཟློག་པས་བག་ཆགས་མཐུར་ལ་སེལ་བའི་གནད། ཡེ་ཤེས་ཀྱི་ཟུར་ལ་མཉམ་པོར་ལྟས་པས་འཁོར་འདས་རོ་མཉམ་དུ་སྲེ་བའི་གནད། ཤེས་རབ་ཀྱིས་ཕབ་ནས་ལྟས་པས་ཡེ་ཤེས་ཀྱི་སྣང་བ་ དངོས་སུ་འབེབས་པའི་གནད་དོ། །གཟིགས་སྟངས་གསུམ་དུ་ངེས་པ་ཅི་ཡིན་ཞེ་ན། ལེ་ལོ་ཅན་ལ་ལོངས་སྐུ། བརྩོན་འགྲུས་ཅན་ལ་སྤྲུལ་སྐུ། བཏང་སྙོམས་ཅན་ལ་ཆོས་སྐུའི་གཟིགས་སྟངས་ཤིས་པས་ན་གསུམ་དུ་ངེས་སོ། །ངེས་ཚིག་ནི་ གཟིགས་པ་ཆོས་ཉིད་ལ་གཟིགས་པས་རྣམ་དག་སྒྲིབ་པ་ཟད་པའོ། །སྟངས་ཀྱིས་འཁོར་བ་ལས་གྲོལ་བར་བྱང་བའོ། །གཉིས་པ་ཡུལ་གྱི་གནད་ནི་ཕྱིའི་དབྱིངས་ཀྱི་ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་ཡིན་ལ། ནང་གི་དབྱིངས་ཀྱི་ ཡུལ་སྨིན་འཚམས་ཀྱི་མཛོད་སྤུ་ལ་གཏད་པས་དབྱིངས་སྣང་མཐིང་ཁ་དང་དེ་ལས་མཆེད་པ་རྣམ་ལྔའི་རང་གདངས་ཏེ། ཐལ་འགྱུར་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །བག་རྡུལ་ཆར་གྱིས་དེངས་དུས་སུ། །མཁས་

[p. 98] པས་མངོན་གསུམ་གནད་གཟིར་དང་། །ནང་གི་སྒྲོན་མ་ལམ་དུ་བྱའོ། །ཅེས་སོ། །དེ་ཡང་ཕྱི་རིག་པ་འཆར་བའི་ཡུལ་ཡིན་ལ། ནང་ཉམས་འཕེལ་བའི་ཡུལ་ཏེ། རིག་པ་དང་ཉམས་གཉིས་སུ་མེད་པ་ལས་འཁོར་འདས་འདྲེས་པ་ཞེས་བྱའོ། །དེ་འདས་ཆུན་ རླུང་གི་དངོས་པོ་རགས་པ་ལ་ཡུལ་དུ་གཏད་པས་མི་གྲོལ་ཏེ། དང་པོ་སྣང་བ་འཆར་དུ་མི་འདོད། ཕྱིས་ཤར་དུས་གཏད་ཀྱང་དངོས་པོ་རགས་པ་ལྟར་ཤེས་པ་འང་དེ་དང་མཐུན་པ་སྐྱེ་བས་སྟོང་ཉིད་བསམ་དུ་མེད་པའི་ཉམས་ནང་ནས་མི་འཆར་ལ། ནམ་མཁའ་སྟོང་པ་ལ་རིག་པ་སྟོང་ པ་གཏད་པས། ཡུལ་ནམ་མཁའ་དང་མཐུན་པའི་ཉམས་སྟོང་གསལ་འཕྲོ་འདུ་དང་བྲལ་བ་ཕྱལ་ཡས་པ་ཅིག་འཆར་བས། དངོས་པོ་མཚན་མ་དང་བྲལ་བའི་དགོས་པ་ཡང་དེ། སེམས་སྡེ་ལས། རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །ཅེས་པ་དང་། བསྡུད་པ་ལས། དོན་དེ་གང་ཡིན་ནམ་མཁའ་དག་ལ་བརྟག་པར་གྱིས། །ཅེས་པ་དང་། ཡུམ་བར་མ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་ནམ་མཁའ་རྣལ་འབྱོར་དུ་བྱེད་པའོ། །ཅེས་པ་ལ་སོགས་པ་ལུང་དཔག་ཏུ་མེད་དོ། །དེ་འང་ཡུལ་ ཕྱི་ནང་འདྲེས་པ་ལས་མཉམ་པ་རིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་གཉིས་མེད་ཀྱི་ལྟ་བ་ཞེས་བྱ། །དབྱིངས་རིག་འདྲེས་པས་འཁོར་འདས་ངོ་མཉམ་གྱི་ལྟ་བ་ཞེས་བྱའོ། །འདི་ཉིད་བསྟན་བུ་ལས་ཀྱང་། དབྱིངས་དང་རིག་པའི་ལྟ་སྟངས་ནི། ། སྒྲིབ་བྱེད་བྲལ་བའི་ནམ་མཁར་ལྟར། །ཅེས་གསུངས་སོ། །གསུམ་པ་རླུང་རིག་གནད་ནི། ཡུལ་དང་སྒོ་གཉིས་འཛོམ་དུས་རླུང་ངལ་བ་བསྟེན་པས་རིག་པ་བཙོན་དུ་བཟུང་བ་ཞེས་བྱ་སྟེ། དེའང་རླུང་ཅི་ནས་ཀྱང་ངལ་བ་ལ་ཕྱིར་རྒྱང་རིང་པོ་འཕེན་ཞིང་ཕྱིར་ གཟུང་ལ་བཞག་པ་གནད་ཡིན་ནོ། །དེ་ཡང་རླུང་ངལ་བས། ཕྱིར་རྣལ་འབྱོར་པའི་ཚེ་རྒྱས་པའི་གྲོགས་སུ་འགྲོ་ལ། ནང་དུ་རྣམ་པར་རྟོག་པ་ནུབ་པའི་རྐྱེན་བྱེད་ཅིང་། གསང་པར་རིག་པ་མངོན་གསུམ་དུ་མཐོང་པའི་ལས་བྱེད། ཁོ་ན་ཉིད་དུ་ཟག་བཅས་

[p. 99] ༄༅། །མི་སྣང་བར་སང་རྒྱ་བར་བྱེད་པའོ། །དེ་སྐད་དུའང་ཐལ་འགྱུར་ལས། རླུང་ནི་ཅེ་ནས་དལ་བྱ་སྟེ། །རབ་ཏུ་འཕང་བ་ལས་བྱུང་བས། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་བཟློག་པ་མིན། །ཅེས་པ་དང་། རླུང་རིག་ དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །རིག་པའི་གནད་ལུ་གུ་རྒྱུད་དབྱིངས་ཀྱི་ར་བར་བཞག་ནས་མི་འགུལ་བར་བྱེད་པ་སྟེ། དེ་ཉིད་ལས། རང་ངོ་རིག་པ་ལུ་གུ་རྒྱུད། །འགྲོ་འོང་བྲལ་བས་མཁའ་ལ་བཟུང་། །ཅེས་པ་དང་། བསྟན་བུ་ལས། དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད་ རྣམ་པར་བཞག་ཅིང་འབྲལ་མི་བྱ་ཅེས་སོ། །དེའང་རླུང་དལ་བ་བསྟེན་པས་བྱ་བ་དང་བྲལ་བའི་དོན་རྒྱུད་ལ་སྐྱེ། རིག་པ་ལུ་གུ་རྒྱུད་ཨར་ལ་གཏད་པས་རྣམ་པར་རྟོག་པའི་ཁུངས་ཟད་ནས། འཁྲུལ་པ་གཞི་ལ་ལོག་སྟེ་ཡེ་ཤེས་མ་བུ་ཕྲད་པའོ། །རིག་པ་རླུང་དང་བྲལ་ནས་ འགྲོ་འོང་དུ་མེད་པ་ནི་རིག་པ་ལ་རང་བྱན་ཆུད་པའོ། །དེ་ཡང་ཁྲིད་དུ་བྱེད་ན་ལུས་ཀྱི་གནད་བསྟུན་པ་ལ་ཉི་མ་ལྔ་དྲུག་དུ་བྱའོ། །དེ་ནས་སྒོ་སྤྱད་པ་ལ་དེ་ཙམ་ཅིག་ཏུ་བྱའོ། །དེ་ནས་ཡུལ་བཙལ་བ་ལ་ཉི་མ་དྲུག་ནས་བདུན་བྱས་ལ། དེ་ནས་མངོན་གསུམ་རང་ ཐོག་ཏུ་ཕབ་ནས་ཉམས་སུ་ལེན་པའོ། །དེས་ནི་ཤིན་ཏུ་འབྱོངས་ཤིང་བསྒོམ་ཤེས་པ་འབྱུང་ངོ་། །གཞན་དུ་འལ་མ་འོལ་བྱས་པས་སྣང་བར་རི་ཅིག་མཐོང་ནས། ཡིད་ཆེས་མེད་པར་ཁྲིད་ཐོན་དུས་ཅི་ལ་ཟེར་ཆ་མེད་པར་པྲ་ཡས་པ་དག་འབྱུང་ཉེ་ བས་དེ་ལྟར་མ་སོང་བ་དག་ཏུ་བྱའོ། །དེ་ལ་སྤྱིར་གྱིས་ཁྲིད་མོ་ཆེ་འདི་འདེབས་དུས་སྔོན་འགྲོ་ཚད་ལ་ཕེབས་པ་བརྩོན་འགྲུས་དང་བཅས་པས་སྤྱངས་པས་དངོས་གཞི་ལ་ཡིད་ཆེས་ཐུན་མོང་མ་ཡིན་པ་སྐྱེའོ། །དངོས་གཞི་ཐེབས་པར་བཏབ་པས་ མངོན་གསུམ་ལ་སྤྲོ་དགའ་ཁྱད་པར་ཅན་འབྱུང་ངོ་། །རྗེས་རྒྱབ་ཆོས་མཐའ་ཆོད་པར་བཤད་པས་ཉམས་ལེན་བསྐྱང་ཐུབ་པ་ཤེས་ན་ཐེ་ཚོམ་དང་རྟོག་མཐའ་ཆོད་དེ་ཆོས་གཞན་ལ་ཡིད་མི་སྨོན་པའི་དགོས་པ་ཡོད་དོ། །གཉིས་པ་མངོན་

[p. 100] གསུམ་རིག་པའི་རང་ངོ་སྤྲད་པ་ནི། རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ནམ་མཁའ་ལ་ལྡིང་བ་ལྟ་བུ་དབྱིངས་འོད་གསལ་གྱི་སྣང་བ་དང་བཅས་པ་འདི་མ་འཁྲུལ་བའི་སངས་རྒྱས་ཀ་དག་ལྷུན་གྲུབ་ཀྱི་རང་གདངས་ཏེ། ངང་ལ་ལྟས་པས་རྟོག་བྱེད་ ཐམས་ཅད་དག་ནས་སྤྲོས་བྲལ་ནམ་མཁའ་འདྲ་བའི་གདངས་ནང་དུ་ཤར་བས། དབྱིངས་རིག་གཉིས་སུ་མེད་པའི་དགོངས་པ་ཤེས་རབ་རང་བྱུང་གི་ཡེ་ཤེས་དང་ཞལ་མཇལ། ཐོག་མའི་ཀུན་ཏུ་བཟང་པོ་དང་སྐལ་པ་མཉམ། འདི་ལ་གོམས་པ་ཚང་ དུ་ཕྱིན་ན་བརྔོས་བཅས་འོད་དུ་འགྲོ་ལ། མ་ཕྱིན་ཡང་བར་དོ་འམ་རང་བཞིན་སྤྲུལ་པའི་ཞིང་བསྒྲོད། འགྲོ་དྲུག་འཁྲུལ་པའི་གཡང་ས་ཆོད་པའོ་ཞེས་ངོ་སྤྲད་དེ། རང་བྱུང་བསྟན་པའི་བཙས་ལས། འདི་ལྟར་སུ་ཡིས་མཐོང་པའི་མི། །ཐོག་ མའི་ཀུན་དུ་བཟང་པོ་དང་། །སྐལ་བ་ཉིད་ནི་མཉམ་པའོ། །ཅེས་པ་དང་། ཐལ་འགྱུར་ལས། ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ཡི་སངས་རྒྱས་སོ། །ཅེས་སོ། །གསུམ་པ་དེ་ལས་སྣང་པའི་འཆར་ ཚུལ་བསྟན་པ་ནི། དབྱིངས་འོད་ལྔའི་རང་གདངས་ལང་ལིང་དུ་སྣང་པ་དང་། ལུ་གུ་རྒྱུད་ལ་ཐིག་ལེ་ཕྲ་མོས་འབྲེལ་བ་དང་། ཐོག་མར་དཀར་ཟང་ཟིང་སྐར་མ་འཕྲོ་བ་ལྟ་བུ་ལས། ཐིག་ལེ་ཁ་དོག་ལྔ་ལྡན་དང་། རེ་རེ་བ་དང་། སུམ་སྦྲེལ་གྱི་ བར་གྱི་སྣང་བ་ཚུན་ཆད་དེ། སྔ་མ་ལས། དེ་ནས་ཐིག་ལེ་མཐོང་བ་ཡིན། །ཅེས་སོ། །དེའང་ཕྱི་འོད་གསལ་ལ་ལྟས་པས་ནང་རྣམ་རྟོག་བྲལ་ཏེ་རིས་མེད་མཉམ་པར་གྲོལ་བ་ནི། ཀ་དག་གི་རིག་གདངས་དང་། ལྷུན་གྲུབ་ཀྱི་འོད་གདངས་གཉིས་ཕྱི་ ནང་ཟུང་དུ་འབྲེལ་བས། དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་ཞེས་བྱའོ། །གསུམ་པ་སྣང་བ་བཞི་འཆར་བའི་རིམ་པ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ་དང་། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། སྣང་བ་བཞི་

[p. 101] ༄༅། །ཀའི་དུས་སུ་ལུས་བཞུགས་སྟངས་ལ་གནས་བ། མིག་གཟིགས་སྟངས་ལ་ལྟ་བ། རླུང་རིག་དང་གིས་ངལ་བ་གསུམ་གནད་མཐུན་ལ། ཁྱད་པར་སྣང་བ་དང་པོ་གཉིས་སུ་སྦྱངས་པས་ཕྱི་མ་གཉིས་སུ་རྩོལ་བ་ལམ་ལྟོས་པར་ངང་ གིས་འབྱོངས་ནས། འོད་གསལ་དུ་གྲོལ་བ་ཡིན་པས་ན་དབྱིངས་རིག་གཉིས་སུ་མེད་པ་ཞེས་བྱའོ། འདི་དག་གི་གནད་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་མི་འབྲལ་བར་བྱ་བ་ནི་གནད་དུ་བྱུང་ལ། དེའི་དོན་བཤད་ན། རིག་པ་ནི་ངོ་བོ་རང་བཞིན་ཐུགས་ རྗེ་གསུམ་དབྱེར་མི་ཕྱེད་པ་གཞི་གནས་དང་དེའི་གདངས་འོད་རྩ་དངས་པའི་སྣང་བ་ལས་གསེར་གྱི་སྐུད་པ་ལྟ་བུ་བྲེང་ཆགས་ལ་འཁྱོག་འཚམས་ཐིག་ལེས་སྦྲེལ་བ་ལ་བྱའོ། རྡོ་རྗེ་ནི་སངས་རྒྱས་སེམས་ཅན་ཀུན་ལ་ངོ་བོ་བཟང་ངན་མེད་པར་མཉམ་ ཞིང་མི་འགྱུར་བར་གནས་པའི་ཆ་ནས་བཞག་ལ། ལུ་ནི་དཔེར་ན་ཆུའི་ལུ་མ་བཟང་པོ་ལས་ཆུ་འཕེལ་འགྲིབ་མེད་པར་འབྱུང་བ་དང་འདྲ་བར། སྐུ་དང་ཡེ་ཤེས་ཀྱི་འཕེལ་སྒོ་སྣ་ཚོགས་སུ་ལམ་སྣང་མ་རྫོགས་ཀྱི་བར་ལ་དེ་ལས་འཆར་བར་ བྱེད་པའོ། གུ་ནི་དེ་ཉིད་ཀྱི་ནང་དུ་ཆོས་ཉིད་ཕྱིན་ཅི་མ་ལོག་པའི་ལྟ་བ་དང་བསྒོམ་པ་འགུགས་པར་བྱེད་ལ། རྒྱུད་ནི་འཁོར་འདས་ལ་ཁྱབ་ཅིང་སྣང་བ་དེའི་ཚོགས་རྣམས་ལས། སྐུ་དང་། ཐིག་ལེ་འཕྲོ་བ་དང་མཆེད་པ་དང་། འདུ་བ་ ལ་སོགས་པ་གསལ་བར་བྱེད་པའོ། ཐལ་འགྱུར་ལས། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །དེ་ལས་སྣང་བ་བཞིར་འགྱུར་ཏེ། །ཆོས་ཉིད་མངོན་གསུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བསྣུབས། །ཉམས་སྣང་གོང་དུ་འཕེལ་བ་ ཡིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད། ཅེས་སོ། དེ་འང་སྣང་བ་

[p. 102] བཞིར་གྲངས་ངེས་པ་ནི་ཕྱིར་ནམ་ཟླ་དུས་བཞིའི་འཕེལ་ཟད་པ་དང་། ནང་དུ་ལུས་ངག་ཡིད་སེསཾ་བཞིའི་བཅིངས་པ་ལས་དགྲོལ་བ་དང་། གསང་པར་དབང་བཞིའི་ངེས་པ་སྟོན་པ་དང་། དེ་ཁོ་ན་ཉིད་དུ་སྒྲོན་མ་བཞིའི་སྣང་པ་ངེས་པ་ལ་ལྟོས་ ནས་བཞིར་ངེས་སོ།། གོ་རིམས་ངེས་པ་ནི། དང་པོའི་གཞི་ཆོས་ཉིད་མངོན་གསུམ་མ་མཐོང་ན་ལྷག་མ་གསུམ་གྱི་འཆར་གཞི་མེད་པས་རྟེན་དང་བརྟེན་པའི་གཞིར་དང་པོ་ཆོས་ཉིད་མངོན་གསུམ་གྱི་སྣང་བ་འཆར་བའོ།། དེ་ཉིད་ཤར་བས་ཆོས་ཐམས་ ཅད་ཀྱི་དོན་མཐོང་པས་རང་བྱུང་གི་ཡེ་ཤེས་རང་ལས་རྙེད་པ་ཞེས་བྱའོ།། དེ་ནས་མངོན་པ་དེ་ཉམས་སུ་མ་མྱོང་ན་ཚིག་ཙམ་ལ་འབྲས་བུ་མི་འབྱུང་པ་ལས། དོན་ཉམས་སུ་མྱོང་བས་དེའི་ཉམས་གོང་འཕེལ་དུ་བྱུང་པའོ།། དེ་ལྟར་ཉམས་སྐྱེས་པའི་ ཚད་བརྟན་པར་བྱེད་དོགས་ཏེ། མ་བརྟན་ན་ཉམས་ལ་ཐུག་པ་མེད་པས་ཆོས་ལ་ཟིན་པ་མེད་ཅིང་། སང་ལ་རྒྱ་རྒྱུ་མི་འབྱུང་པ་ལས། ཉམས་བརྟན་པའི་ཚད་ལ་ཕེབས་པས། རིག་པ་ཚང་ཕེབས་ཀྱི་སྣང་པ་བྱུང་པའོ།། རིག་པའི་སྣང་པ་ཚད་ལ་ ཕེབས་ཀྱང་དེ་ལས་གཞན་དུ་མི་འགྱུར་ན་སྐུ་གསུམ་འབྲས་བུར་འདོད་པ་དང་ཁྱད་མེད་ལ། དངོས་སྣང་མཚན་མའི་ཆོས་ལ་དོན་གྱི་འབྲས་བུ་རེ་བ་ཐུན་མོང་བ་རྣམས་དང་ཁྱད་མེད་པ་ལས། སྣང་ཉམས་གཞི་ལ་ཐིམ་སྟེ། ཕྲ་རགས་ཀྱི་སྣང་འཛིན་ནུབ་ ནས། ཀ་དག་ཆོས་ཟད་ལ་སྤྱོད་པས་ཆོས་ཉིད་ཟད་པའི་སྣང་བ་བྱུང་བའོ།། དེ་དག་ཀྱང་དང་པོ་གཉིས་སྤྲུལ་སྐུ། ཚད་ཕེབས་ལོངས་སྐུ། ཟད་པ་ཆོས་སྐུའི་སྣང་བ་ལམ་དུ་བྱས་པས་སྐུ་གསུམ་ལམ་སྣང་དུ་ཤར་བས་འབྲས་བུ་ཆོས་ཟད་ཀ་དག་གི་ དབྱིངས་ལ་ཐུག་པའི་ཕྱིར། རང་སྣང་གི་རྩལ་སྐུ་གསུམ་རིག་པའི་ངང་དུ་ཐིམ་པས། རིག་པ་ཀ་དག་གི་འབྲས་བུ། རིག་པའི་དབྱིངས་ནས་གདོད་ཀྱིས་རང་རྩལ་སྐུ་གསུམ་ཤར་བས་དོན་བྱེད་པ་ཞེས་བྱ་སྟེ། ཐེག་པ་གཞན་ནས་མིང་ཡང་མི་གྲག་པའི་

[p. 103] ༄༅། །སྙིང་པོ། ཐེག་པ་རྒྱལ་པོའི་དགོངས་པ་ཞེས་བྱའོ། །གནང་འདི་རྟོགས་དཀའ་བ་ཅིག་ཡིན་ནོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་བཞི་སྟེ། ཆོས་ཉིད་མངོན་གསུམ། ཉམས་གོང་འཕེལ། རིག་པ་ཆེ་ ཕེབས། ཆོས་ཉིད་ཟད་པའི་སྣང་བ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། མངོན་གསུམ་སྤྱིའི་འབྲེལ་དགོད་པ་དང་། རང་གི་མཚན་ཉིད་ངོས་བཟུང་བའོ། །དང་པོ་ནི་སྤྱིར་མངོན་གསུམ་ལ་ཀུན་རྫོབ་ཐ་སྙད་ལ་གྲགས་པའི་མངོན་གསུམ་དང་། དོན་ དམ་དབྱིངས་ལ་འཇལ་བའི་མངོན་གསུམ་གཉིས་ལས། དང་པོ་ལ་དབང་པོའི་མངོན་གསུམ་གཟུགས་སོགས་ཡུལ་ལྔ་སྣང་པའི་རང་བཞིན་དང་། རིང་ཀྱི་མངོན་གསུམ་ཡུལ་ཉེ་བར་སྤྱོད་པ་རྒྱུ་མཚན་ངེས་པའི་རྟོག་ཡུལ་ན་སྣང་བ་དང་། རང་རིག་པའི་མངོན་ གསུམ་ནང་དུ་བདེ་སྡུག་ལ་སོགས་མྱོང་པ་ངེས་པའི་སྣང་བ་དང་། རྣལ་འབྱོར་གྱི་མངོན་གསུམ་ཆོས་ཉིད་ཀྱི་དོན་ཉེ་བར་འཇལ་བ་དེ་ཁོ་ན་ཉིད་ཀྱི་ཕྱོགས་ལ་ཞུགས་པའི་སོས་ཡང་དག་པའི་རིག་པ་དང་དེའི་སྣང་ཡུལ་གཉིས་སུ་མེད་པའི་ངང་ན་གཟུང་འཛིན་ དང་བྲལ་བར་མྱོང་པའི་ངེས་པ་སྟེ། རྣམ་འགྲེལ་ལས། ཐམས་ཅད་ལས་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །གནས་ནའང་མིག་གིས་གཟུགས་དག་ནི། །མཐོང་བའི་བློའི་དབང་སྐྱེས་ཡིན། །ཅེས་བཤད་པ་བཞིན་ནོ། །དོན་དམ་ དབྱིངས་ལ་འཇལ་བའི་མངོན་གསུམ་ནི་རིག་པའི་ངོ་བོ་ཆོས་ཉིད་སྙིང་ཁ་ན་ཡོད་པར་ངེས་ཏེ། དེའི་རང་གདངས་སྙིང་ནས་མིག་དུ་འབྲེལ་བའི་ཕྱིར་ཉི་མ་དང་འོད་ཟེར་བཞིན་རྒྱུ་འབྲས་ངེས་པའི་གཏན་ཚིགས་ཀྱིས་ཡིད་ཆེས་པར་འཇལ་བའོ། །དེའི་ ཕྱིར་འཇིག་རྟེན་པ་དང་འདས་པ་གཉིས་ལས་འདི་ནི་འདས་པའི་མངོན་གསུམ་མོ། །འདས་པ་ལ་བརྗོད་བྱ་ཤེས་པ་གཙོ་བ་སེམས་ཀྱི་རྒྱུ་མཚན་ངེས་པ་དང་། གནད་གཏེམ་པ་མཐོང་བ་གཙོ་བ་རིག་པའི་མངོན་གསུམ་གཉིས་ལས། འདི་རིག་པའི་

[p. 104] མངོན་གསུམ་ཞེས་བྱ་བ་ཡིན་ནོ། །གཉིས་པ་རང་གི་མཚན་ཉིད་ངོས་བཟུང་བ་ནི་ཆོས་ཉིད་མངོན་གསུམ་གྱི་སྣང་བ་ཞེས་པ་ལ། ཆོས་ཉིད་ཀྱི་སྒྲ་ཉེ་བར་སྦྱར་བ་ལ་བཞི་ལས། འཁོར་བ་ལ་ཆོས། མྱང་འདས་ལ་ཆོས་ཉིད་ཅེས་པའི་འདི་ཆོས་ཉིད་དོ། ། སྣང་བ་ལ་ཆོས། སྟོང་པ་ལ་ཆོས་ཉིད་དུ་བརྗོད་པའི་འདི་ཆོས་ཉིད་དོ། གནད་མེད་པས་མི་གྲོལ་བ་ལ་ཆོས། ཡོད་པས་གྲོལ་ངེས་པ་ལ་ཆོས་ཉིད་དུ་གྲགས་པའི་འདི་ཆོས་ཉིད་དོ།། དབྱིངས་ལ་ཆོས། རིག་པ་ལ་ཆོས་ཉིད་དུ་གྲགས་བའི་འདི་གཉིས་ ཀ་དབྱེར་མེད་དུ་འདོད་པའོ། །མངོན་པ་ནི་དབང་པོའི་སྤྱོད་ཡུལ་ལ་དངོས་སུ་ལྟར་ཡོད་པའོ། །དེ་འང་ཡིད་དཔྱོད་ལ་མ་ལྟོས་པ་སྟེ། ཡིད་དཔྱོད་ཀྱི་ཤེས་རབ་ཀྱིས་གང་དུ་བཙལ་ཡང་རྙེད་པའི་དུས་མེད་དོ། །ཚོལ་མཁན་མིག་ཅན་མ་ཡིན། འོད་ གསལ་གཟུགས་ཅན་མ་ཡིན་པའི་ཕྱིར་ཏེ། བསྡུད་པ་ལས། ཤེས་རབ་ཀྱིས་ནི་བརྟགས་ན་ཕུང་པོའི་གཏིང་མི་རྙེད། ཅེས་སོ། །འོད་གསལ་གྱི་སྣང་བ་འདི་ཐ་སྙད་ལ་གྲགས་པའི་གཟུགས་ཅན་མ་ཡིན་ཏེ། ཕྲ་བ་རྡུལ་ཕྲན་དང་རགས་པ་དངོས་ པོ་རང་མཚན་དུ་འདི་མེད་པའི་ཕྱིར་འབྱུང་བཞིའི་གནོད་པས་གཞིག་ཅིང་གཞོམ་དུ་མི་རུང་བའི་ཕྱིར་རོ། །གཟུགས་ཅན་ནི་གཞིག་ཅིང་གཞོམ་རུང་དུ་ཡོད་དེ་གཟུགས་ཀྱི་མཚན་ཉིད་དེ་ཡིན་པའི་ཕྱིར་རོ། །གསུམ་ནི་རྣམ་གྲངས་ཏེ་ཕྱིར་ ལུས་ངག་ཡིད་གསུམ་གྱི་གནད་གསུམ་གྱིས་གཞི་བཅའ་བ། ནང་དུ་ཆོས་ཉིད་ཡུལ་གྱི་གནད། འཆར་བྱེད་སྒོའི་གནད། རླུང་རིག་གནས་པའི་གནད་གསུམ་གྱིས་ལམ་བསལ་བ་དང་། གསང་བར་གོམས་པ་ཚད་ཀྱི་རིམ་པ། སྨིན་པ་རྟགས་ ཀྱི་རིམ་པ། མཐར་ཐུག་ཟད་པའི་རིམ་པ་དང་གསུམ་གྱིས་ཚད་བཟུང་བ་དང་། བླ་ན་མེད་པར་སྣང་བ་འོད། སྨིན་པ་ཐིག་ལེ། རྫོགས་པ་སྐུ་དང་གསུམ་གྱིས་འབྲས་བུ་རྫོགས་པའི་ཕྱིར། གསུམ་ཆན་བཞིར་ངེས་པས་གསུམ་ཞེས་བྱའོ། །ཡང་ན་

[p. 105] ༄༅། །ཆོས་ཉིད་ལ་སྐུ་གསུམ་ལྷུན་གྲུབ་ཏུ་ཡོད་པའི་རང་གདངས་སྣང་བ་གསུམ་ཕྱིར་ཤར་བའི་གྲངས། ཆོས་སྐུའི་རང་གདངས་ནང་མྱོང་བ་རིག་སྟོང་། ལོངས་སྐུའི་རང་གདངས་འོད་ལྔ་ཕྱིར་གསལ་བ་ཡེ་ཤེས་རང་གསལ། སྤྲུལ་སྐུའི་རང་གདངས་ཤར་གྲོལ་རིས་མེད་ཤེས་རབ་ཀྱི་རྩལ་དང་བཅས་པ་གསུམ་ལ་ལྟོས་ནས་གསུམ་ཞེས་བྱའོ།། དེའང་གཞི་གསུམ་གྱིས་གཞི་བཅས་པས་དངོས་པོ་ལ་ཐ་དད་མེད་པའི་གནང་དང་། ལམ་གསུམ་གྱིས་གགས་བསལ་བས་འགྲོ་ ལམ་ལ་ཉེ་རིང་མེད་པ་དང་། ཚད་གསུམ་གྱིས་ཚད་ལ་ཕབ་པས་འདྲ་ཞེ་ན་དང་ཆལ་ཆོལ་མེད་པ་དང་། འབྲས་བུ་གསུམ་གྱིས་ཟང་སར་སྐྱལ་བས་ཡིན་མིན་དང་ཐེ་ཚོམ་མེད་པས་ན་མངོན་གསུམ་ཞེས་བྱ་སྟེ། ཐ་མལ་པའི་དུས་ན་དགའ་མི་དགའ་ བཏང་སྙོམས་གསུམ་མཐོང་བས་བདེ་སྡུག་བར་མ་གསུམ་འཆར་བ། བླ་མའི་གདམས་པ་ཉམས་སུ་བླང་བའི་དུས་ན་དབྱིངས་རིག་ཆོས་གསུམ་མངོན་པར་མཐོང་པས། ཆོས་ཉིད་མངོན་གསུམ་ལ་ཡིད་དཔྱོད་ཚིག་གིས་སྒྲོ་གདགས་སུ་མེད་པའི་ གནད། གོམས་པའི་དུས་ན་འོད་ཐིག་ལེ་སྐུ་གསུམ་མཐོང་བས་འཁྲུལ་པའི་སྣང་བ་རང་འགགས་པའི་གནད། ཚད་དུ་ཕྱིན་པའི་དུས་ན་གསལ་བ་སྟོང་པ་བདེ་བ་གསུམ་མངོན་པར་མཐོང་པས། ཆོས་ཉིད་རང་ཟད་པའི་གནད་དོ།། དེ་ལྟར་ན་གསུམ་ཞེས་གྲངས་ཀྱི་གནས་གཞན་ལ་རྟེན་ནས་འབྲས་བུ་གཅིག་ཆར་དུ་གྲོལ་བར་ངེས་པའོ།། སྣང་བ་ནི་གང་སྣང་ན་ཆོས་ཉིད་སྣང་ལ། ཡུལ་གང་ལ་སྣང་ན་དབྱིངས་ལ་སྣང་། ཚུལ་ཇི་ལྟར་སྣང་ན་འོད་དང་འོད་ཁྱིམ་ རིག་པ་ལུ་གུ་རྒྱུད་དང་བཅས་པ་སྣང་། སྣང་བ་དེ་ཉམས་སུ་བླངས་པ་ལས་འབྲས་བུ་བརྔོས་བཅས་མི་སྣང་བར་སངས་རྒྱ་བའོ།། དེ་ལྟར་ཆོས་ཉིད་མངོན་གསུམ་གྱི་སྣང་བའི་ངོ་བོ་དབྱིངས་རིག་འོད་གསལ་དུ་སྣང་བ་སྟེ། ཡི་གེ་མེད་པ་ལས་

[p. 106] སྐྱེ་བ་མེད་པའི་མངོན་གསུམ་སངས་རྒྱས་ཀྱིས། །ཡུལ་མེད་རྣམ་པར་དག་པའི་སྣང་བ་མཐོང་། །ཅེས་པ་དང་། སྒྱུ་འཕྲུལ་ལས། ནོར་བུ་རིན་ཆེན་འོད་ཆགས་དཔལ། །སངས་རྒྱས་ཀུན་གྱི་མངོན་གསུམ་པ། །ཅེས་སོ། །དེས་ཚིག་ནི་སྐུ་གསུམ་གྱི་སྣང་བ་མཐོང་བ་སྟེ་ རིན་པོ་ཆེ་རྣམ་པར་བརྩེགས་པའི་རྒྱུད་ལས། མངོན་ཞེས་བྱ་བ་མཐོང་བ་ལ། །གསུམ་ཞེས་བྱ་བ་སྐུ་གསུམ་གྱི། །ཞིང་ཁམས་གཏན་ལ་ཕེབས་པའོ། །ཅེས་སོ། །དགོས་པ་ནི་གནད་འདིས་གོལ་སྒྲིབ་མེད་པར་གྲོལ་ཏེ། དེ་ཉིད་ལས། ཆོས་ཉིད་མངོན་ གསུམ་གནད་མེད་ན། །མིག་མེད་གཡང་ཁར་ཕྱིན་པ་འདྲ། །ཅེས་སོ། །གནད་ནི་ཐལ་འགྱུར་ལས། རྒྱང་ཞགས་འགུལ་བ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཅེས་པ་དང་། ཡི་གེ་མེད་པ་ལས། མིག་ནི་རབ་ཏུ་མནན་བྱ་སྟེ། །མིག་ ཟུར་ཉིད་ལས་དབྱིངས་འབྱུང་བས། །མིག་ནི་ནམ་མཁའི་ཁམས་སུ་བརྟག། ཅེས་སོ། །སྣང་པ་ནི། ཐལ་འགྱུར་ལས། ཆོས་ཉིད་མངོན་གསུམ་སྣང་བ་ནི། །དབང་པོའི་སྒོ་ལས་ངེས་འཐོན་ཏེ། །སྤྲིན་མེད་པ་ཡི་མཁའ་ལ་གསལ། །ཅེས་པ་དང་། གཞན་ཡང་རྩ་དང་འཁྲུལ་འཁོར་གྱིས། །རང་བཞིན་གནས་པའི་ཡེ་ཤེས་ལྔ། །ཆུ་བུར་མིག་གིས་མཐོང་བའོ། །ཅེས་པ་དང་། རང་ཤར་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འགྲོ་དང་འོང་པ་དང་། །འགུལ་ པ་དང་ནི་འཕྲིག་པའོ། །ཅེས་པ་དང་། སེང་གེ་རྩལ་རྫོགས་ལས། རང་སྣང་རིག་པའི་དངོས་པོ་དེ། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །ཅེས་པ་དང་། ནོར་བུ་འཕྲ་བཀོད་ལས། རྒྱང་ཞགས་ཆུའི་སྒྲོན་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་ལུ་གུ་ རྒྱུད་ཀྱི་སྐུ་ཡོངས་སུ་གསལ་ལོ། །ཅེས་སོ། །ཉམས་སུ་བླང་ལུགས་ནི་དང་པོ་ཐུན་ཆུང་ལ་གྲངས་མང་དུ་བྱ། གཉིས་པ་ལ་ཐུན་བསྐྱེད་ཅིང་ཡུན་བསྲིང་། གསུམ་པ་ལ་ཉིན་མཚན་མེད་པར་ཉམས་སུ་བླང་ཞིང་། དབྱིངས་ཀྱི་ར་བར་རིག་པ་བཅུག་པ་

[p. 107] ༄༅། །ལས་མི་འགུལ་བར་བྱེད་དེ། སྒྲོན་མ་འབར་བ་ལས། དབྱིངས་ཀྱིས་རིག་པའི་རང་ཡུལ་བྱང་། །རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད། །འདི་ཉིད་ནང་དུ་བཞག་པར་བྱ། ཅེས་སོ། །འབྲས་བུ་ནི། ཕྱིའི་དབྱིངས་སྣང་ལ་མིག་མི་འགུལ་བའི་རང་ དུས་ན། ནང་དུ་རིག་པ་གཞི་ལ་གནས་པས་གདངས་རང་ཐིམ་ལ་འཁོར་ནས། གློ་བའི་རླུང་གི་རྟ་དང་བྲལ་བས། ཡེ་ཤེས་ཀྱི་ནམ་མཁའ་དབྱིངས་ཀྱི་ནམ་མཁའ་ལ་ཐིམ་ནས་ངོ་མཉམ་རིས་མེད་དུ་གྲོལ་བས། ཀ་དག་གི་རིག་པ་དབྱིངས་ལས་མ་གཡོས་ པར་སྙིང་ཁ་ན་རང་གིས་འོད་གསལ་བའི་དགོངས་པ་ལ་རང་བཞིན་གྱིས་གནས་ཏེ། རྣལ་འབྱོར་པ་དེ་ཆོས་ཉིད་གདོང་མའི་འོད་གསལ་ཟིན་པ་ཞེས་བྱ་བས་འཁོར་བ་མིང་མེད་དུ་སྟོངས་ནས་སྲིད་གསུམ་གངར་ཤ་ཆོད་པ་ཡིན་ཏེ། ཐལ་འགྱུར་ལས། དེས་ ནི་ཆོས་ཉིད་མངོན་གསུམ་གནད། །མཐོང་བ་ཙམ་གྱིས་ཤེས་པ་དང་། །དེ་ཤེས་པ་ཡིས་རྟོགས་པ་དང་། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །གྲོལ་ཞེས་དཀྲོལ་བ་མ་ཡིན་ཏེ། །ནམ་མཁའ་དག་ནི་ནམ་མཁའ་ལ། །ཐིམ་ནས་རང་བཞིན་ དམིགས་མེད་པས། །རིས་མེད་ཆ་ཤས་ཡོད་མ་ཡིན། །མངོན་གསུམ་རྙེད་པའི་སྐལ་ལྡན་ལ། །ཁམས་གསུམ་འཁོར་བ་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །ཅེས་སོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ལ་ གཉིས་ལས། མདོར་བསྟན་པ་ནི། དབྱིངས་རིག་ལ་གོང་ནས་གོང་དུ་སྦྱངས་པས། ཕྱི་རང་བྱིངས་སྣང་དུ་རིག་པ་ལུ་གུ་རྒྱུད་དབྱེར་མེད་དུ་གནས་པ་བཞིན། ནང་དུ་ཀ་དག་གི་སྟོང་དབྱིངས་ལ་རང་གདངས་ཀྱི་རིག་དབྱིངས་གཉིས་མེད་དུ་གནས་པས་འོད་ གསལ་མ་བུ་འདྲེས་ཏེ། སྣང་ཉམས་སྣ་ཚོགས་སུ་འཕེལ་བ་ནི། ཐལ་འགྱུར་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་ཕྱིར་བྱུང་ནས། །གྱེན་འགྲེང་པ་དང་རྩིབས་ཤར་དང་། །ཐིག་ལེ་སྣ་ཚོགས་སྐུ་ཉིད་དུ། །རགས་པར་སྣང་བའི་

[p. 108] ཡུལ་གསལ།། ཅེས་སོ།། རྒྱལ་པོར་བཤད་པ་ནི། ཉཾས་གོང་འཕེལ་ཅེས་པའི་ཉམས་ལ་གཉིས་ཏེ་ཤེས་པའི་ཉམས་དང། སྣང་པའི་ཉམས་སོ།། ཤེས་ཉམས་ལ་འཇིག་རྟེན་པའི་ཤེས་ཉམས་ཏིང་ངེ་འཛིན་གྱིས་ཐོབ་པའི་དགའ་བདེ་ སེམས་ཆགས་པ་གླུ་གར་ལ་སོགས་པ་བྱེད་སྙིང་འདོད་པ་རྣམས་དང། འདས་པའི་ཤེས་ཉམས་སྟོང་གསལ་མཐའ་བྲལ་གྱི་རྟོགས་ཚད་ཤེས་རབ་ཀྱི་རྩལ་དང་བཅས་པ་རྣམས་ཏེ། འདི་ཉིད་ཐོག་མ་བར་དང་མཐར་གོམས་པ་ལས། ཤེས་པ་ དགའ་བདེའི་ཉམས་དང། མཐར་འགྱུར་གྱི་ཉམས་དང། སྣང་བའི་ཉམས་དང་གསུམ་འབྱུང་པ་ལས། དང་པོ་ནི། ལུས་ངག་གནད་དུ་བཅུན་པས་རླུང་སེམས་བག་ལ་ཞནས། ནང་ཏིང་ངེ་འཛིན་འོད་གསལ་སྟོང་པའི་ངང་ལ་འབྱམས་པ་ དང། ཤེས་པ་བག་ཡངས་གཟུང་འཛིན་མེད་པའི་དགའ་བདེ་ཡངས་པ་ཁྲོལ་ཆགས་སུ་སྐྱེས་ཀྱང་ཞེན་འཛིན་སྤུ་ཉག་ཙམ་ཡང་མེད་པ་ནི་རང་བཞིན་གྱི་བསམ་གཏན་གནད་དུ་ཕེབས་པ་ལས་བྱུང་བའོ།། བཅོས་མའི་བསྒོམ་པ་ལས་དགའ་བདེ་ བྱུང་པ་ནི་ཉམས་འགྱུར་བ་ཤས་ཆེ་ལ་རགས་པ་འཁྲབ་པ་འམ་གླུ་གར་བྱེད་འདོད་པ་འབྱུང་བས་ཆགས་ཞེན་དུ་སོང་ལ། འདི་ནི་དགའ་བདེར་ཤར་ཡང་རང་དབང་ཐོབ་པའི་དགའ་བདེ་ཞེན་མེད་དུ་ཤེས་པའི་ཁྱད་ཡོད་པ་ནི་བཅོས་ནས་བསྒོམས་པ་དང། རང་བཞིན་གྱིས་རླུངས་སུ་ཕེབས་པའི་བསམ་གཏན་གྱི་ཁྱད་དུ་ཤེས་པར་བྱའོ།། མཐར་འགྱུར་གྱི་ཉམས་ནི་རླུང་ཉམས་ཀྱི་སྣང་ཆ་སྟེ་སྲིན་བུ་མེ་ཁྱེར་ལྟ་བུ་དང། སྦྲིན་ལྟ་བུ་དང། དུ་བ་ལྟ་བུ་དང། སྨུག་ཟིལ་ལྟ་བུ་དང། ཟླ་བ་ཤར་བ་ལྟ་བུ་དང། སྐར་མ་ཤཱ་ བ་ལྟ་བུ་དང། ནམ་སྲོས་པ་ལྟ་བུ་ལ་མཐིང་ཁའི་སྣང་བ་ཡོད་པ་ལྟ་བུ་དང། ཉི་མ་ཤར་བ་ལྟར་ཕྱི་ནང་ཟང་ཐལ་བར་སྣང་པ་ལྟ་བུ་དང་བརྒྱད་དེ། འཆར་ནུབ་དང་གསལ་འགྲིབ་ཏུ་བྱུང་པས། མི་བརྟན་ཚུགས་མི་ཐུབ་འགྱུར་འགྲོ་བས་མཐར་འགྱུར་

[p. 109] ༄༅། །གྱི་ཉམས་ཞེས་བྱ་སྟེ། རླུང་གཡོ་བའི་ཉམས་ཡིན་པའི་ཕྱིར་རོ། འདི་དག་བྱར་ཡོད་དེ་རླུང་སེམས་དག་དགོས་པའི་ཕྱིར་རོ།། སྣང་པའི་ཉམས་ནི། རིག་པའི་རང་གདངས་འོད་གསལ་ཆེན་པོ་སྟེ། གནས་སྐབས་ སུ་ཕྱིར་སྣང་འཕེལ་ཞིང་ཚད་ལ་ཕེབས་ནས། རང་གདངས་གཞི་ཐིམ་ལ་ནང་དུ་བཟློག་པས་ཕྱིར་གསལ་དུ་ཟད་དགོས་ཏེ། ལྷུན་གྲུབ་ཀ་དག་གི་དབྱིངས་སུ་ཐིམ་དགོས་པའི་ཕྱིར་རོ།། ནང་གསལ་དུ་རང་འོད་ཀྱི་ཀློང་ན་རིག་པ་སྐུ་དང་ཡེ་ཤེས་ཀྱི་ཕོ་བྲང་ ལ་ཡེ་བཞུགས་ལྷུན་གྲུབ་ཆེན་པོར་འཕོ་འགྱུར་མེད་པའོ།། དེས་ན་འདིར་སྣང་བའི་ཉམས་གཙོ་བ་སྟེ། ཤེས་ཉམས་ནི་བློ་ཡིན་པས་འགྱུར་ཞིང་ཚད་མི་ཐུབ་སྟེ་ཀུན་བརྟགས་ཀུན་རྫོབ་ཀྱི་རྣམ་པ་ཅན་དྲན་བྱེད་ཐ་དད་པ་ཚུ་རོལ་གྱི་རྟོག་པས་བསྡུས་ པའི་ཕྱིར། འདི་ལ་ཚད་བྱེད་ན་སྤྲིན་ལ་ཚོད་བཙུགས་ནས་སྦས་སྐུངས་བྱེད་པའི་བྱ་དང་འདྲ་སྟེ། དོན་རྟོགས་པའི་དུས་མེད་དེ་མཐོང་པ་རང་ཐོག་ཏུ་མི་ཕེབས་སོ།། འདི་ནི་སྣང་བའི་ཉམས་ཏེ་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་མཐོང་པས་འཁོར་བའི་ ལས་ཀྱི་མཐའ་ཕྱེད་གཟུང་བ་ཡུལ་དུ་སྣང་བ་ལས་འདས་ལ། དབྱིངས་ཀྱི་སྣང་བ་མཐོང་པས་དེའི་སྟེང་དུ་འཛིན་པ་རྟོག་པའི་ཆའི་ཕྱེད་མེད་པ་སྟོང་ཆད་དུ་འཛིན་པ་ལོག་པས་འཁོར་བའི་ཆའི་སུམ་གཉིས་ལས་འདས་ལ། ཀུན་རྟོག་གཞི་གྲོལ་ རང་སངས་སུ་དག་པས་འཛིན་ཆའི་ཕྱེད་སྣང་བ་རང་མཚན་དུ་འཛིན་པ་ལོག་པས། གཟུང་འཛིན་གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པ་ཞེས་བྱའོ།། མདོར་ན་སྣང་ཉམས་རྣམས་ཡེ་ཤེས་ལྔའི་ཁ་དོག་གི་སྣད་པ་དང་། དབྱིངས་ཀྱི་སྣང་བ་གཉིས་ སུ་འདུས་པའོ།། ༈ །།གོང་འཕེལ་ནི། སྣང་བ་དེ་དག་ཇེ་བཀྲ་ཇེ་ལེགས་ཇེ་མང་ལ་སོང་བ་སྟེ། འདི་ལ་དག་ཚུལ་གྱིས་སྤྱིར་བསྟན་པ་དང་། སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། འཁོར་བའི་བཅིངས་པ་ལེས་གྲོལ་ཚུལ་

[p. 110] དང་སྦྱར་ན། སྣང་བ་དེ་ཡང་གྱེན་འགྲེང་དང་། རྩིབས་ཤར་དང་། གྲུ་ཆང་དང་། དུམ་བུ་དང་། སྣམ་བུའི་སྣང་བ་དང་ལྔ་རྫོགས་པས་ཡེ་ཤེས་ལྔའི་ཁ་དོག་ལ་དབང་ཐོབ་ནས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་ ལྔ་མངོན་དུ་རྒྱུ་བའི་བཅིང་སྨྲ་བ་ལས་གྲོལ་ཏེ། བག་ལ་ཉལ་ཙམ་ལས་མ་གཏོགས་པ་མེད་པས་འཁོར་བའི་ཕྱེད་ལས་འདས་པ་ཉིད་དོ།། དེ་ནས་དྲ་བའི་རྣམ་པ་དང་། དྲ་བ་ཕྱེད་པ་དང་། མིག་མངས་རིས་དང་། དམིག་ཚགས་ཀྱི་རྣམ་པ་ལྟ་བུ་དང་ ཟ་འོག་གུར་ཁྱིམ་ལྟ་བུ་མཐོང་བས། གཟུགས་ལ་སོགས་པ་ཕུང་པོ་ལྔའི་ཚོགས་པས་བདག་ཏུ་བྱས་པ་ལས་འདས་པས། འཇིག་རྟེན་གྱི་བདག་སུམ་གཉིས་ལས་འདས་པས། ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་བྱིན་བརླབས་སོ།། དེ་ནས་ཡེ་ཤེས་དངོས་པོ་དག་པའི་དབྱིབས་ཀྱི་སྣང་བ། ཡེ་ཤེས་འཁོར་ཐབས་ཀྱི་རྣམ་པ་འདྲ་བ་དང་། ཉི་ཟླ་ཟུང་སྦྲེལ་གྱི་རྣམ་པ་འདྲ་བ་དང་། པད་མ་བརྩེགས་པའི་རྣམ་པ་འདྲ་བ་དང་། མཆོད་རྟེན་བརྩེགས་པའི་རྣམ་པ་འདྲ་བ་དང་། པད་མ་ སྟོང་ལྡན་གྱི་རྣམ་པ་དང་འདྲ་བ་མཐོང་བས། འབྱུང་བ་ལྔའི་འཆིང་བྱེད་ལས་འདས་པའོ།། དེ་དག་ཀྱང་གཅིག་སྐྱེས་གཅིག་འགགས་པས་ཉམས་ཞེས་བྱའོ།། ད་ཡང་སྔ་མ་བས་ཁྱད་པར་དུ་འགྱུར་བས་གོང་འཕེལ་ཞེས་བྱའོ། དེ་ལྟར་རིམ་ པས་བྱུང་བ་ནི་སྔར་དབང་རིམ་པས་བསྟེན་པ་ལས་བྱུང་བའོ།། གཉིས་པ་སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་ལ། ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང་། དབྱིབས་ཀྱི་སྣང་བ་གཉིས་ལས། དང་པོ་ནི། རྡོ་རྗེའི་རིགས་རྣམ་པར་དག་པས། མེ་ལོང་ ལྟ་བུའི་ཡེ་ཤེས་ཀྱི་རང་འོད་ཁ་དོག་དཀར་པོའི་རྣམ་པར་འཆར་བ་དང་། དེ་ཉིད་རྡོ་རྗེ་མི་བསྐྱོད་པའི་གདངས་དཀར་བ་ལ་འཚེར་བར་འཆར་བའོ།། དེའི་འོག་ཏུ་དེ་བཞིན་གཤེགས་པའི་རིགས་རྣམ་པར་དག་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁ་དོག་

[p. 111] ༄༅། །མཐིང་ཁའི་རྣམ་པར་འཆར་བ་དང་། རྣམ་པར་སྣང་མཛད་ཀྱི་གདངས་མཐིང་ལ་གནག་པར་འཆར་རོ།། རིན་པོ་ཆེའི་རིགས་རྣམ་པར་དག་པ་ལས། མཉམ་པ་ཉིད་ཀྱི་ཁ་དོག་སེར་པོའི་སྣམ་བུ་དང་། རིན་པོ། ཆེ་འབྱུང་ལྡན་གྱི་གདངས་རབ་ཏུ་འཆོར་བ་གསེར་ཞུན་སྦྱངས་བ་ལྟ་བུར་འཆར་རོ།། བང་མའི་རིགས་རྣམ་པར་དག་པ་བས། སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ཁ་དོག་དམར་པོའི་སྣམ་བུ་དང་། སྣང་བ་མཐའ་ཡས་ཀྱི་གདངས་དམར་བ་ལ་རབ་ཏུ་དམར་བ་ བྱེ་རུའི་མདོག་ལྟ་བུར་འཆར་རོ།། ལས་ཀྱི་རིགས་རྣམ་པར་དག་བ་ལས། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཁ་དོག་ལྗང་ཁུའི་སྣམ་བུར་འཆར་བ་དང་། དོན་ཡོད་གྲུབ་པའི་གདངས་རབ་ཏུ་ལྗང་བ་ཨིན་ཏྲ་ནཱི་ལའི་རྣམ་པ་ལྟར་འཆར་བའོ།། དེ་དག་གི་ཕྱི་རིམ་ མཐིང་ཁ་རྡོ་རྗེའི་ར་བས་ཀུན་ནས་བསྐོར་བ་ནི། ཡེ་ཤེས་དེ་དག་ཐ་དད་པ་མ་ཡིན་པར་མཚོན་པའོ།། དེ་ལས་སྣང་བའི་འཕེལ་ནི་འོད་ལྔ་སོ་སོས་གཙོ་བྱས་པའི་ཁ་དོག་ལྔ་ལྔར་གསལ་བ་ནི། རིགས་དང་རིགས་ཀྱི་ཁྱད་པར་ལས་བྱུང་བའོ། དེ་ནས་ཡེ་ ཤེས་ཀྱི་རླུང་རྣམ་པར་དག་པ་ལས་མེ་ལོང་ལྟ་བུ་གྱེན་འགྲེང་དུ་སྣང་བ་ནི། དེ་ལ་བརྟེན་ནས་ཉམས་ཀྱི་འཕེལ་འབྱུང་བའོ།། མཉམ་པ་ཉིད་ཀྱི་རྩིབས་ཤར་དུ་སྣང་བ་ནི། འཁྲུལ་བའི་སྣང་བ་ཟད་དུ་ཉེ་བ་ཉིད་དོ།། དེ་ནས་སོ་སོར་རྟོགས་པའི་གྲུ་ཆད་དུ་སྣང་བ་ ནི། འབྱུང་བའི་འཕྲ་བ་འགག་པའི་དུས་སོ།། བྱ་བ་གྲུབ་པའི་རེ་ལྡེའི་རྣམ་པ་ཙམ་དུ་སྣང་བ་ནི། ཡེ་ཤེས་ཀྱི་རང་གདངས་སོ་སོར་གསལ་བ་ལས་བྱུང་བའོ།། དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡུལ་གྲུ་ཙམ་དུ་སྣང་བ་ནི་རྟོག་པ་རགས་པ་རྣམས་ འགགས་པ་ལས་བྱུང་བའོ།། དེ་དག་གི་ལམ་སྐྱེ་བའི་རིམ་པ་ནི། བརྩོན་འགྲུས་རབ་རྣམས་ལ་བར་དུ་ཞག་ལྔ་ལྔའོ།། འབྲིང་རྣམས་ལ་ཞག་བདུན་བདུན། ཐ་མ་རྣམས་ཞག་ཉེར་གཅིག་ཉེར་གཅིག་ན་གོང་མའི་སྣང་བ་འགགས་ནས། ཡང་འོག་

[p. 112] མེའི་སྣང་བ་དང་དག་ཏུ་རྣམ་པར་སྣང་བའོ། །ཁ་དོག་དང་དབྱིབས་ཀྱི་བར་འདིར་ནི་ཐང་གཅིག་དུ་གནས་པ་དག་འབྱུང་ངོ།། དེ་ནས་དེ་དག་ནུབ་ནས་ཡང་ཡེ་ཤེས་ལྔའི་དབྱིབས་ཀྱི་རྣམ་པ་འཆར་ཏེ། མེ་ལོང་ལྟ་བུའི་དབྱིབས་མིག་ཚགས་ཀྱི་རྣམ་ པ་དང་འདྲ་བར་འགྱུར་རོ། དེ་ནི་ཁ་དོག་རབ་ཏུ་སྤེལ་ལེགས་པ་ལས་བྱུང་བའོ།། དེ་ལ་གོམས་པ་ལས་མིག་མངས་རིས་སུ་འཆར་ཏེ། འདི་ནི་སྔོན་དུ་འགྲོ་བ་ཚད་དུ་ཕྱིན་པ་ལས་བྱུང་བའོ།། དེ་ནས་མཉམ་པ་ཉིད་དྲ་བ་ཕྱེད་པར་འཆར་ཏེ། དེ་ནི་རླུང་གི་ སྦྱངས་པ་དག་པ་ལས་བྱུང་བའོ།། དེ་ལས་དྲ་བར་སྣང་བ་ནི་སྔོན་འགྲོ་དག་ཅིང་ཚར་ཆོད་པ་ལས་བྱུང་བའོ།། དེ་ནས་སོ་སོར་རྟོག་པའི་མེ་ཏོག་གི་ཚོམ་བུར་འཆར་བ་ནི། གཟིགས་སྟངས་ལ་འགྲུས་པ་ལས་བྱུང་བའོ།། དེ་ལས་པད་མ་སྟོང་ལྡན་དུ་ འཆར་བ་ནི་སྔོན་འགྲོ་འབྱོངས་པ་ལས་བྱུང་བའོ།། དེ་ནས་བྱ་བ་གྲུབ་པའི་མཚོན་ཆ་ལྟ་བུར་འཆར་བ་ནི། རང་བཞིན་མ་བཅོས་པ་ལས་བྱུང་བའོ།། དེ་ལས་འཁོར་ལོ་ལ་སོགས་པའི་རྣམ་པ་སྣ་ཚོགས་སུ་སྣང་བ་ནི་སྔོན་འགྲོ་མཐར་ཕྱིན་པ་ལས་ བྱུང་བའོ།། དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་རབ་ཐབས་སུ་འཆར་བ་ནི། རིག་པ་མིག་ནས་དྲངས་པ་ལས་བྱུང་བའོ།། དེ་ལས་ཟ་འུག་གུར་ཁྱིམ་ལྟ་བུ་ནི་སྔོན་འགྲོ་དག་པར་བྱས་པ་ལས་བྱུང་བའོ།། དེ་དག་ཀྱང་བརྩོན་འགྲུས་ཀྱི་ཁྱད་ཀྱིས་ཞག་ བསམ་དང་། བདུན་དང་། བཅུ་བཞི་ན་གཅིག་སྐྱེ་གཅིག་འགག་པའོ།། དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། འདི་དག་ནི་སེམས་ཀྱི་སྔོན་འགྲོའི་དུས་མ་རྟོག་པ་ཐ་དད་པར་བསླང་པ་དེ་འགགས་པའི་རྟགས་ཡིན་ནོ།། དེ་ནས་ རིག་པ་རང་གི་ངོ་བོའི་སྣང་བ་འཆར་ཏེ། འོད་དེ་དག་ཐིག་ལེར་འཆར་བ་ནི་ལུ་གུ་རྒྱུད་གཅིག་དུ་འདུས་པ་ལས་བྱུང་བའོ།། དེ་ནས་ཐིག་ལེ་གཉིས་འབྲེལ་དུ་སྣང་པ་ནི་ཐབས་དང་ཤེས་རབ་རྣམ་པར་དག་པ་ལས་བྱུང་བའོ།། དེ་ནས་ཐིག་ལེ་ལྔ་སྤྲེལ་དུ་

[p. 113] ༄༅༅།། །།སྣང་བ་ནི་ཡེ་ཤེས་ལྔ་ལ་བྱན་ཚུད་པ་ལས་བྱུང་བའོ།། མངོན་གསུམ་གྱི་ཐིག་ལེ་དང་འབྲེལ་ལུགས་མི་འདྲ་སྟེ་ཆེ་ཆུང་ཡོད་པའི་ཕྱིར་རོ།། དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། ཐལ་འགྱུར་ལས། ཁ་ དོག་ལྔ་ཡི་འོད་ཀྱིས་ཡང་། །རེ་ལྔ་ཙམ་ལས་གྲུ་ཆད་སྣང་། །ཡུལ་གྲུ་ཙམ་ལས་མཐོང་ཚད་དོ། །ཅེས་པ་དང་། རང་བྱུང་གི་རྒྱུད་ལས། རང་ངོ་མཐོང་ལས་འདི་ལྟར་རོ། །ཡར་འཚམས་ལས་ནི་སོར་བཞི་ལས། །བྲལ་བའི་སྐྱེས་བུ་སྐལ་བཟང་པ། །འཁོར་བར་ འཇུག་པ་ག་ལ་སྲིད། །གྲུ་ཆད་རྣམ་པར་གདེང་སྣང་བ། །སྤྲུལ་པའི་ཡོན་ཏན་འདིས་འགྲུབ་བོ། །མཐོང་བའི་ཡུལ་ཙམ་གང་སྣང་བ། །ཚོམ་བུ་ལ་ནི་དེ་བཞིན་ནོ། །ཕྱིར་སྣང་འགགས་པ་གང་ཡིན་པ། །སྐད་ཅིག་མ་ནི་བཅུ་དྲུག་ལ། །རིང་ཡང་དེ་ལྟར་འགྱུར་བའོ། ། ཅེས་སོ།། ༈ །།གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ལ། སྣང་ཚུལ་སྤྱིར་བསྟན་པ་དང་། རང་བཞིན་བྱེ་བྲག་དུ་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་ཐིག་ལེ་རེ་རེའི་ནང་དུ་སྐུ་ཕྱེད་མ་རེ་རེ་སྣང་བ་ནི་སྤྲུལ་པ་སྐུའི་སྦྱང་བ་རྣམ་པར་དག་པ་ལས་ བྱུང་བའོ།། དེ་ནས་སྐུ་རང་རྐྱང་རེ་རེ་སྣང་བ་ནི་སྤྲུལ་སྐུའི་སྣང་བ་ཆོས་ཉིད་མངོན་གསུམ་དུ་མཐོང་བ་ལས་བྱུང་བའོ།། དེ་ནས་སྐུ་དེ་དག་ཡབ་ཡུམ་ལྔ་ལྔར་གྱུར་པ་ནི་ལོངས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པ་ཉིད་དོ།། དེ་ནས་སོ་སོའི་ཚོམ་བུའི་དཀྱིལ་འཁོར་ དང་བཅས་པར་སྣང་བ་ལ། དེ་ཉིད་མུ་ཁྱུད་ཀྱི་ར་བ་དང་སོ་སོའི་གཙོ་འཁོར་དུ་སྣང་བ་ནི། ཆོས་སྐུའི་སྦྱང་བ་རྣམ་པར་དག་པ་ཚད་དུ་ཕྱིན་པ་ལས་བྱུང་བའོ།། འདི་ནི་རིག་པ་ཚད་ཕེབས་ཀྱི་སྣང་བ་སྟེ། སྔོན་འགྲོའི་དུས་ན་ལུས་ཀྱི་བྱ་བ་དང་། བྱེད་པ་དེ་དག་གི་ འབྲེལ་ཚད་དེ་ཕྱིས་མི་སྐྱེ་བའི་རྟགས་སོ།། དེའང་དག་བྱ་དྲི་མ་རེ་སྦྱོང་བའི་གཉེན་པོ་སྔོན་འགྲོ་ལ་སོགས་པ་གནད་དུ་ཕྱིན་པ་ལས་སྣང་བ་དེ་དག་ཤར་བར་བཏགས་ཀྱང་བྲལ་འབྲས་དང་དག་བྱ་དག་བྱེད་ཀྱི་རྒྱུ་འབྲས་བཏགས་པ་བ་ཡིན་གྱི། ངེས་བསྐྱེད་

[p. 114] ནས་བྱུང་པ་མ་ཡིན་ཏེ་ཡེ་ཤེས་རང་ཡོད་ཀྱི་གདངས་དྲི་མའི་སྒྲིབ་པ་དག་སྟོབས་ཀྱིས་སྣང་བའི་ཕྱིར་རོ།། ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་པ་ནི། །ལོངས་སྐུའི་མཚན་དཔེ་གསལ་བར་ནི། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ལྔ་ཡབ་ དང་ཡུམ་དུ་སྣང་།། ཅེས་པ་དང་། བསྟན་བུ་ལས། ང་བཞིན་སྐུ་ལ་ཐུག་གི་ངར། །དྲུག་དང་བཅུ་དང་ལྔ་གསུམ་ལ། །གདོན་མི་ཟ་སྟེ་ལོངས་སྐུའོ།། ཅེས་སོ།། གཉིས་པ་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ། ཚད་ཕེབས་ཀྱི་ངེས་ཚིག་སྤྱིར་བསྟན་པ་ དང་། ཚད་གསུམ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི་རིག་པ་ཚད་ཕེབས་ཅེས་པས། རིག་པ་ནི་གཞི་གནས་ཀྱི་རིག་པ་མངོན་དུ་གྱུར་ཏེ། ལམ་སྲོལ་དུ་ཚུད་པ་ལས། གཞི་སྣང་གི་རང་གདངས་ལྷུན་གྲུབ་ཀྱི་འཆར་སྒོ་སྐུར་སྣང་བས། ལམ་སྣང་ ཟད་དུ་ཉེ་བ་ལས། དཀྱིལ་འཁོར་རྫོགས་པ་རྣམས་སོ།། ཚད་ནི་དང་པོ་ཕྱེད་སྐུ་ནས་སྐུའི་དཀྱིལ་འཁོར་རྫོགས་པའི་བར་རོ།། ཕེབས་པ་ནི་དེ་ལས་འདས་པ་མེད་པས་རྣམ་པར་སྣང་བའོ།། དེ་དག་ནི་ཟླ་བ་ཉ་གང་བའི་རྣམ་པ་དང་འདྲ་སྟེ། ཡར་གྱི་ འཕེལ་ཟད་པས་དཀྱིལ་འཁོར་རྫོགས་ཏེ་རང་ངོ་ལ་བཅོས་སུ་མེད་པའོ།། གཉིས་པ་ཚད་གསུམ་བྱེ་བྲག་ཏུ་བཤང་བ་ལ་གསུམ་སྟེ། ཕྱི་སྣང་བའི་ཚད། ནང་ལུས་ཀྱི་ཚད། གསང་བ་རིག་པའི་ཚད་དོ།། དང་པོ་ནི། སྣང་བ་ལ་དབང་སྒྱུར་ཞིང་ཞིང་ཁམས་ འོད་གསལ་དུ་རྫོགས་པ་སྟེ། ཐལ་འགྱུར་ལས། དེ་ལྟར་ཕེབས་ནས་རྫོགས་པའི་ཚད། །ཐད་ཀའི་དངོས་སྣང་འགགས་པ་དང་། ས་རྡོའི་སྣང་བ་བཞུ་བ་དང་། །རང་ཤེས་ཅི་ལའང་ཚུད་པ་དང་། །དེ་བཙུད་བེམས་པོ་འགུལ་བ་དང་། །རླུང་གི་འགྱུ་བའི་ཚད་ཟིན་ དང་། །ལུས་ཀྱི་རྡུལ་ཕྲན་མཐོང་པ་འབྱུང་། །ཅིར་སྣང་གཟུགས་སྐུར་རྫོགས་པ་དང་། །དེ་ལས་ཡབ་ཡུམ་འཁྲིལ་བ་དང་། །ལྔ་ལྔ་ཡབ་དང་ཡུམ་སྦྱོར་དང་། །ཀུན་ཀྱང་མུ་ཁྱུད་བཟླུམ་པོ་ལ། །རྣལ་འབྱོར་ལུས་ཀྱང་འོད་གསལ་ཞིང་། །འགྲོ་དང་འོད་

[p. 115] ༄༅། །དང་འདུག་པར་སྣང་། །ཐམས་ཅད་རིག་པ་ཚད་ཕེབས་སོ།། ཅེས་སོ།། གཉིས་པ་ནི། ལུས་ཀྱི་བརྡོས་པ་དག་ནས་སྙིང་དབུས་སུ་ཨ་དཀར་པོ་ལས་འོད་ཟེར་ལྔ་སྒྲིལ་མཐོང་ཁུང་གི་ཉི་ཞུར་ལྟར་བར་སྣང་ལ་འོད་ཀྱི་སྐར་ཁུང་གི་ནང་ཤེར་ བར་ཟུག་ཅིང་། ཐོར་ཚུགས་ན་ཡེ་ཤེས་ཀྱི་རླུང་གནས་བས་རང་བཞིན་གྱིས་འདེགས་པར་སྣང་ལ། མཛོད་སྤུ་ནས་འོད་ཟེར་སྣ་ལྔ་འདོམ་གང་དུ་གསལ་ཞིང་། ལག་པའི་སོར་མོ་ལྔ་ལ་འོད་ལྔའི་ཕྲེང་བས་འཁྲིགས་ཤིང་། ལུས་ཀྱི་བ་སྤུའི་སྒོ་ལ་སོགས་པ་ ཕྱི་ནང་གི་ཆ་རྡུལ་ཕྲན་གྱི་ཁྱོན་ལས་ཆུང་པ་རེའི་གོ་ན་ཞིང་ཁམས་གྲངས་མེད་ན་སངས་རྒྱས་དང་སེམས་ཅན་ཚད་མེད་པ་སྣང་བ་ནི་ལྷུན་གྲུབ་ཀྱི་སྒོ་བརྒྱད་ཤར་བའི་སྣང་བ་ཀུན་འདིར་ལྷ་འཆད་མེད་པར་རང་སྣང་ལ་སྣང་བ་ཡིན་ལ།

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 3,065 typing errors, September 2026), with the variants of the other editions under each page (289 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Pe cin 2009 (dpe bsdur ma); K = Karma Lekshey Ling; D = Derge (sde dge par ma); L = Serthang Larung; O = single volume MW2PD19906; S = single volume MW8LS32770; T = two volumes MW0TTBBC0034; U = two volumes MW0TTBBC0007. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 169] སྨྲ་བ་ཇེ་ཉུང་ཐ་མལ་གྱི་གཏམ་སྨྲ་བ་བཅད་པ་ལ་ཐུན་ཆུང་ངུ་བསླབ། །དེ་ནས་རིང་དུ་བསླབ། སྐབས་སུ་སྨྲ་རྒྱུ་མེད་ཀྱང་གཅིག་པུ་སྨྲའོ། །གནས་པ་ནི་སྔགས་དང་བརྗོད་པ་ལ་སོགས་པ་དགེ་བའི་བརྗོད་པ་མི་དགག །གཞན་དང་ཚིག་འབྲུ་གཅིག་ཀྱང་མི་འདྲེའོ། །འདིའི་དུས་ན་ལུས་ཀྱི་བརྡས་དོན་གོ་བར་བྱེད་པའོ། །ལ་བཟླ་བ་ནི་སྔགས་ལ་སོགས་པ་བརྗོད་པ་ཐམས་ཅད་མི་བྱའོ། །བརྟན་པ་ནི་ཅི་ཡང་མི་བརྗོད་པའི་ངང་ལས་མི་འདའ་བར་བྱེད་པ་སྟེ། ལུས་ཀྱི་བརྡ་ཙམ་ཡང་མི་བྱ་བ་ཡིན་ནོ། །ས་བོན་གྱི་རྒྱུད་ལས། ངག་ནི་ཇི་ལྟར་ལྐུགས་པ་བཞིན། །སུ་དང་བརྡ་ཙམ་ཉིད་མི་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །སེམས་ཀྱི་འཕྲོ་འདུ་རང་ཆོད་དོ། །ཞེས་སོ། །ངག་གི་སྨྲ་བ་བཅད་པས་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་སྟེ། འགྲོ་བ་གཞན་དང་ངག་མ་འདྲེས་པས་ལུས་འབྱོངས་པའི་དགོས་པ་ཡོད། ལུས་འབྱོངས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། མཁའ་སྤྱོད་ཀྱི་མཁའ་འགྲོ་མ་རྣམས་ཀྱི་བྱིན་གྱིས་བརླབས་ནས་ལུས་སྒྱུ་མའི་སྐུར་གྲོལ་བའོ། །དེ་ནས་བརྗོད་བྱ་བཀག་པས་ངག་འབྱོངས་ཏེ་རྟགས་སུ་མི་མ་ཡིན་པ་རྣམས་དང་བརྡ་ཕྲད་ཅིང་གཏམ་ཟེར་བ་དག་འོང༌། ངག་གི་བརྗོད་པ་བཀག་པས་ཡིད་འབྱོངས་ཏེ། དེའི་རྟགས་སུ་སྔོན་དུ་མི་མ་ཡིན་གྱི་གཟུགས་

ལ་ཐུན་ཆུང་ངུ་བསླབ་དེ ] དུ A D T · ནི་ཇི་ལྟར་ལྐུགས་པ་བཞིན ] ལྐུག W K · རང་ཆོད་དོ་ཞེས་སོ་ངག ] ཅེས O T · འགྲོ་མ་རྣམས་ཀྱི་བྱིན་གྱིས ] ཀྱིས W K O T

[p. 170] མཐོང་བ་དང༌། དེ་ནས་མངོན་པར་ཤེས་པ་དུམ་བུ་པ་འཆར་རོ། །དེ་ལྟར་ངག་གི་གནད་ཀྱིས་ལུས་སེམས་ཀྱི་མཚམས་ཀྱི་འབྲེལ་གཅོད་པའི་གནད་ཀྱི་གདམས་པའོ། །སེམས་ཀྱི་གནད་དུ་ནམ་མཁའི་མཐོངས་སུ་མིག་ལྟ་བ་ལས་རྟོག་པ་ཅི་ཡང་མ་བསམ་སྟེ། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་སོ། །དེ་ལྟར་གཙོ་བོ་ལུས་ངག་གཉིས་གཅུན་པས་སེམས་ཞོར་ལ་འཆུན་ནས་དབྱིངས་རིག་འཆར་ཞིང་ཁམས་གསུམ་གྱི་འཆིང་བ་གཅོད་དེ། ས་བོན་གྱི་རྒྱུད་ལས། འདི་ལྟར་ལུས་ངག་སུས་གཅུན་པ། །ཆོས་ཀྱི་དབྱིངས་ཀྱི་སྣང་བ་ལ། །འདི་ཡིས་གོམས་པར་འགྱུར་བ་ཡིན། །ཅེས་པ་དང་རྡོ་རྗེ་བཀོད་པ་ལས༌། ལུས་དང་ངག་དང་ཡིད་ཀྱི་གནད། །ཤེས་ཤིང་བསྟུན་པས་འཁོར་ལས་གྲོལ། །ཅེས་སོ། །དོན་གཉིས་པ་གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་ལ་གསུམ་སྟེ། གནད་གསུམ་རྡོ་རྗེའི་ཆིངས་སུ་བསྡམ་པ། མངོན་སུམ་རིག་པའི་རང་ངོ་སྤྲད་པ། དེ་ལས་སྣང་བའི་འཆར་ཚུལ་བསྟན་པའོ། །དང་པོ་ལ་གཉིས་ཏེ། གནད་གསུམ་སྤྱིའི་ཆིངས་བསྟན་པ་དང༌། བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པའོ། །དང་པོ་ནི་སྒོ་དང་ཡུལ་དང་རླུང་རིག་གི་གནད་གསུམ་སྟེ། ཐལ་འགྱུར་ལས། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་

པ་དུམ་བུ་པ་འཆར་རོ ] བ A P D L O T · ངག་གི་གནད་ཀྱིས་ལུས་སེམས ] ཀྱི O T · ལུས་སེམས་ཀྱི་མཚམས་ཀྱི་འབྲེལ ] om. W K · པ་ཅི་ཡང་མ་བསམ་སྟེ ] མི O T · འཆར་ཞིང་ཁམས་གསུམ་གྱི་འཆིང ] སུ W K · ལྟར་ལུས་ངག་སུས་གཅུན་པ ] གསུམ W K · ཅེས་པ་དང་རྡོ་རྗེ་བཀོད་པ་ལས་ལུས་དང ] om. W K · བརྟེན་ནས་མངོན་སུམ་རང་ཐོག ] གསུམ O T · པ་ལ་གསུམ་སྟེ་གནད་གསུམ ] ཏེ O T · རྗེའི་ཆིངས་སུ་བསྡམ་པ་མངོན ] བསྡམས W K · བསྡམ་པ་མངོན་སུམ་རིག་པའི ] གསུམ O T · པའི་རང་ངོ་སྤྲད་པ་དེ ] སྤྲོད A P L

[p. 171] དང༌། །རླུང་དང་རིག་པའི་གནད་ཉིད་གཏེམ། །ཞེས་པས། དཔེར་ན་གནད་ལ་ཟིན་པའི་མཚོན་དང་འདྲ་སྟེ། ལུས་ཀྱི་རྩ་རྒྱུས་སམ་དོན་སྙིང་ལ་སོགས་པའི་གནད་ལ་ཕོག་ན་ཅི་བྱས་ཀྱང་མི་འཚོ་བར་འཆི་བ་དང་འདྲ་བར། གནད་གསུམ་གྱིས་ཀྱང་ཆོས་ཉིད་ལ་འགྱུར་བའི་ས་མེད་དེ། སྒོའི་གནད་ཀྱིས་མཐོང་བར་བྱེད། །ཡུལ་གྱི་གནད་ཀྱིས་མི་འགྱུར་བར་བྱེད། རླུང་རིག་གི་གནད་ཀྱིས་རྟགས་ཚད་ལ་འབེབས་པའོ། །དེ་ཡང་སྒོའི་གནད་སོ་པ་དང་འདྲ། །ཡུལ་གྱི་གནད་འགྲོན་པོ་དང་འདྲ། རླུང་རིག་གི་གནད་ཇག་པ་དང་འདྲའོ། །སོས་ཐེབས་པས་འདོད་པའི་མི་འགྱུར་དབང་མེད་པར་ཟིན་ལ། དགྲས་འོངས་པས་ཇག་པའི་ལག་ཏུ་མི་ཚུད་མི་སྲིད་པ་བཞིན་དུ། ཆོས་ཉིད་མངོན་སུམ་གྱི་གནད་ལ་མི་ཐེབས་མི་སྲིད་དོ། །དེ་ཡང་ཡུལ་མེད་ན་རྟེན་སའི་གཞི་མེད་ལ། སྒོ་མེད་ན་འགྲོ་བའི་ལམ་སྟོར། རླུང་རིག་གི་གནད་མེད་ན་ཤེས་རིག་ནང་དུ་མི་ཆོད་པས་གནད་གསུམ་དུ་ངེས་ལ། དེ་ལས་མང་ན་མཐའ་ཡས་པས་གནད་སྟོར་ལ། ཉུང་ན་དོན་མི་འགྲུབ་པས་གསུམ་དུ་ངེས་པའོ། །གཉིས་པ་བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པ་ལ། གནད་གསུམ་སྤྱིའི་རིམ་པ་ངེས་པ་དང༌། སོ་སོའི་གནད་ལ་ཐོག་ཏུ་དབབ་པའོ། །དང་པོ་ནི་ལུས་ངག་སེམས་གསུམ་མི་འགུལ་ཞིང་སྒོ་དང་ཡུལ་དང་

བྱས་ཀྱང་མི་འཚོ་བར་འཆི ] འཚོར W K · ཚད་ལ་འབེབས་པའོ་དེ་ཡང ] པ་འོ P · སྒོའི་གནད་སོ་པ་དང་འདྲ ] བ A S · རིག་གི་གནད་ཇག་པ་དང ] ཟག D O · ཆོས་ཉིད་མངོན་སུམ་གྱི་གནད ] གསུམ O T · གནད་ལ་མི་ཐེབས་མི་སྲིད ] ཐེབ W K · ལ་དེ་ལས་མང་ན་མཐའ ] མངས O T · གནད་སྟོར་ལ་ཉུང་ན་དོན ] ཉུངས O T

[p. 172] རླུང་རིག་གཅུན་པ་སྟེ། མཐོང་བ་བརྒྱུད་པའི་ལུང་གིས་ཕྱེ་བ་ནི། རང་བྱུང་རིག་པའི་ཏནྟྲ་ལས། དེ་ལྟར་ལུས་ལ་སོགས་པ་ཡི། །གནད་ཀུན་རབ་ཏུ་གཟིར་བ་ཡིས། །རིག་པ་ཉིད་དང་མངོན་སུམ་དུ། །བླ་མའི་ལུང་ལས་ཤེས་པ་ཡིན། །ཅེས་པ་དང༌། ཐལ་འགྱུར་ལས། དངོས་གཞི་རང་གི་རྒྱུད་བསྟེན་ན། །ལུས་ཀྱི་གནད་དང་ངག་དང་ཡང༌། །སེམས་ཀྱི་གནད་ལ་བརྟེན་པ་ཡིས། །རླུང་ནི་ཅི་ནས་དལ་བྱས་ཏེ། །རབ་ཏུ་འཕང་བ་ལས་བྱུང་བ། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང༌། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཡུལ་ནི་སྒྲིབ་བྱེད་བྲལ་བའོ། །རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །གཉིས་པ་ལ་སྒོ་དང༌། ཡུལ་དང༌། རླུང་རིག་གི་གནད་གསུམ་ལས། དང་པོ་ནི། ཐ་མལ་པའི་ལྟ་ལུགས་ཀྱིས་ཡེ་ཤེས་མི་འཆར་བས། སྐུ་གསུམ་གྱི་གཟིགས་སྟངས་གསུམ་ལ་བསླབ་སྟེ། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་ཀྱི་སྐུ་ཡི་གཟིགས་སྟངས་ཀྱིས། །ཁམས་གསུམ་འཁོར་བ་སྤྱིབས་ནས་འདོན། །ལོངས་སྐུས་སྲིད་པའི་གཞི་མ་འཇིག །སྤྲུལ་སྐུས་སངས་རྒྱས་ཞིང་དུ་སྒྲོལ། །ཅེས་པ་དང༌། ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་ཁམས་སུ་བརྟག །ཅེས་པ་དང༌། གསང་བ་སྒྲ་རྒྱུད་ལས། ཕབ་

སྟེ་མཐོང་བ་བརྒྱུད་པའི་ལུང ] བ་རྒྱུད P · སྟེ་མཐོང་བ་བརྒྱུད་པའི་ལུང ] རྒྱུད W K T · ཉིད་དང་མངོན་སུམ་དུ་བླ ] གསུམ O T · ཀྱི་གནད་ལ་བརྟེན་པ་ཡིས ] རྟེན O T · རབ་ཏུ་འཕང་བ་ལས་བྱུང ] པ W K · གསུམ་དུ་ཡང་ཟློག་པ་མིན ] བཟློག O T · གསུམ་མིག་གིས་བལྟ་ཡུལ་ནི ] ལྟ O T · བའོ་རླུང་རིག་དལ་བས་ཡེ ] ངལ O T · གསུམ་གྱི་གཟིགས་སྟངས་གསུམ་ལ ] སྟང W K · གསུམ་འཁོར་བ་སྤྱིབས་ནས་འདོན ] སྤྱི་བས A D · འཁོར་བ་སྤྱིབས་ནས་འདོན་ལོངས ] ན W K · གཞི་མ་འཇིག་སྤྲུལ་སྐུས་སངས ] སྤྲུ་ལ P · རྒྱས་ཞིང་དུ་སྒྲོལ་ཅེས་པ ] བསྒྲོལ O T

[p. 173] དང་ཟློག་དང་ཟུར་གྱིས་ནི། །གཟིགས་སྟངས་རྣམ་པ་གསུམ་དུ་གྲགས། །ཞེས་སོ། །དེའང་སྤྲུལ་སྐུ་ཕབ་ནས་སངས་རྒྱ་བ་ནི་གདུལ་བྱ་ལ་གཟིགས་ལ། ལོངས་སྐུ་ཟུར་ལ་གཟིགས་ནས་སངས་རྒྱ་བ་ནི་ཞིང་ཁམས་ལ་གཟིགས་པ་དང༌། ཆོས་སྐུ་བཟློག་ནས་སངས་རྒྱ་བ་ནི་གཞི་ལ་གཟིགས་པའོ། །རྣལ་འབྱོར་པ་མིག་ཤས་ངན་པས་སྤྲུལ་སྐུའི་གཟིགས་སྟངས་བསྟུན་ན་མིག་མི་འགྲིབ་པའི་དགོས་པ་ཡོད། མིག་ལ་སྐྱོན་ཆགས་པས་ལོངས་སྐུ་དང་བསྟུན་ན་མིག་གསལ་བའི་དགོས་པ་ཡོད། མིག་ཤས་བཟང་བས་ཆོས་སྐུའི་ངང་བསྟུན་ན་མྱུར་དུ་སྣང་བ་ཚད་ལ་ཕེབས་པའི་དགོས་པ་ཡོད་དོ། །དེ་དག་ལས་མ་གཡོས་ན་སྤྱན་གསུམ་ཁོང་དུ་ཆུད་པར་ངེས་ཏེ། ཆོས་སྐུ་ལ་ཆོས་ཉིད་ཀྱི་སྤྱན་ཡོད་པས་གསུང་ལ། དེའི་བྱིན་རླབས་ཀྱིས་ཡེ་ཤེས་དངོས་སུ་མཐོང་བས་འདི་ཉིད་ལ་ཐག་ཆོད། ལོངས་སྐུ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་པས་སྐུ་ལ། དེའི་བྱིན་རླབས་ཀྱིས་རང་གསལ་དུ་མཐོང་བས་མཁྱེན་པ་རྒྱས། སྤྲུལ་སྐུ་ལ་ཤེས་རབ་ཀྱི་སྤྱན་ཡོད་པས་ཐུགས་ལ། དེའི་བྱིན་རླབས་ཀྱིས་སྒྲ་ཚིག་དང་བྲལ་བར་མཐོང་བས་ཐོས་བསམ་སྒོམ་པ་ལ་རག་མ་ལུས་པར་ཆོས་ཉིད་ཀྱི་དོན་ཁོང་ནས་འཆར་རོ། །དེ་ཡང་སྤྱན་གསུམ་དུ་ལྟ་བ་ནི་ཆོས་ཉིད་ཀྱི་སྤྱན་གྱེན་ལ་བཟློག་པས་བག་ཆགས་ཐུར་ལ་སེལ་བའི་གནད། ཡེ་

གསུམ་དུ་གྲགས་ཞེས་སོ་དེའང ] ཅེས O T · སྐུ་ཕབ་ནས་སངས་རྒྱ་བ ] སང O T · ལ་ལོངས་སྐུ་⁁་ཟུར་ལ ] ལ W K · ལོངས་སྐུ་ཟུར་ལ་གཟིགས་ནས ] om. W K · ལ་གཟིགས་ནས་སངས་རྒྱ་བ ] སང O T · སྐུ་བཟློག་ནས་སངས་རྒྱ་བ ] སང O T · སྤྲུལ་སྐུའི་གཟིགས་སྟངས་བསྟུན་ན ] བསྟངས O T · མིག་ཤས་བཟང་བས་ཆོས་སྐུའི ] པས A O T · བས་ཆོས་སྐུའི་ངང་བསྟུན་ན ] དང O T · ལ་དེའི་བྱིན་རླབས་ཀྱིས་ཡེ ] བརླབས O T · ལ་དེའི་བྱིན་རླབས་ཀྱིས་རང ] བརླབས O T · བས་ཐོས་བསམ་སྒོམ་པ་ལ ] བསྒོམ O T · ལ་རག་མ་ལུས་པར་ཆོས ] ལས P L · པས་བག་ཆགས་ཐུར་ལ་སེལ ] མཐུར O T

[p. 174] ཤེས་ཀྱི་ཟུར་ལ་མཉམ་པོར་བལྟས་པས་འཁོར་འདས་རོ་མཉམ་དུ་བསྲེ་བའི་གནད། ཤེས་རབ་ཀྱིས་ཕབ་ནས་བལྟས་པས་ཡེ་ཤེས་ཀྱི་སྣང་བ་དངོས་སུ་འབེབས་པའི་གནད་དོ། །གཟིགས་སྟངས་གསུམ་དུ་ངེས་པ་ཅི་ཡིན་ཞེ་ན། ལེ་ལོ་ཅན་ལ་ལོངས་སྐུ། བརྩོན་འགྲུས་ཅན་ལ་སྤྲུལ་སྐུ། བཏང་སྙོམས་ཅན་ལ་ཆོས་སྐུའི་གཟིགས་སྟངས་ཤིས་པས་ན་གསུམ་དུ་ངེས་སོ། །ངེས་ཚིག་ནི་གཟིགས་པ་ཆོས་ཉིད་ལ་གཟིགས་པས་རྣམ་དག་སྒྲིབ་པ་ཟད་པའོ། །སྟངས་ཀྱིས་འཁོར་བ་ལས་གྲོལ་བར་བྱེད་པའོ། །གཉིས་པ་ཡུལ་གྱི་གནད་ནི་ཕྱིའི་དབྱིངས་ཀྱི་ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་ཡིན་ལ། །ནང་གི་དབྱིངས་ཀྱི་ཡུལ་སྨིན་མཚམས་ཀྱི་མཛོད་སྤུ་ལ་གཏད་པས་དབྱིངས་སྣང་མཐིང་ག་དང་དེ་ལས་མཆེད་པ་རྣམ་ལྔའི་རང་གདངས་ཏེ། ཐལ་འགྱུར་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །བག་རྡུལ་ཆར་གྱིས་དེངས་དུས་སུ། །མཁས་པས་མངོན་སུམ་གནད་གཟིར་དང༌། །ནང་གི་སྒྲོན་མ་ལམ་དུ་བྱའོ། །ཞེས་སོ། །དེ་ཡང་ཕྱི་རིག་པ་འཆར་བའི་ཡུལ་ཡིན་ལ། ནང་ཉམས་འཕེལ་བའི་ཡུལ་ཏེ། རིག་པ་དང་ཉམས་གཉིས་སུ་མེད་པ་ལས་འཁོར་འདས་འདྲེས་པ་ཞེས་བྱའོ། །དེའང་ས་ཆུ་མེ་རླུང་གི་དངོས་པོ་རགས་པ་ལ་ཡུལ་དུ་གཏད་

ལ་མཉམ་པོར་བལྟས་པས་འཁོར ] ལྟས O T · རོ་མཉམ་དུ་བསྲེ་བའི་གནད ] སྲེ O T · ཀྱིས་ཕབ་ནས་བལྟས་པས་ཡེ ] ལྟས O T · དུ་ངེས་སོ་ངེས་ཚིག་ནི ] དེས O S · ཚིག་ནི་གཟིགས་པ་ཆོས་ཉིད ] པས W K · བྲལ་བ་ཡིན་ལ་ནང་གི ] ནོ W K · ཀྱི་ཡུལ་སྨིན་མཚམས་ཀྱི་མཛོད ] འཚམས O T · དབྱིངས་སྣང་མཐིང་ག་དང་དེ ] ཁ O T · ཏེ་ཐལ་འགྱུར་ལས་དབྱིངས་ནི ] ལ་ས P · དུས་སུ་མཁས་པས་མངོན་སུམ ] པ W K · མཁས་པས་མངོན་སུམ་གནད་གཟིར ] གསུམ W K T · ལམ་དུ་བྱའོ་ཞེས་སོ་དེ ] ཅེས O T

[p. 175] པས་མི་གྲོལ་ཏེ། དང་པོ་སྣང་བ་འཆར་དུ་མི་འདོད། ཕྱིས་ཤར་དུས་གཏད་ཀྱང་དངོས་པོ་རགས་པ་ལྟར་ཤེས་པའང་དེ་དང་མཐུན་པ་སྐྱེ་བས་སྟོང་ཉིད་བསམ་དུ་མེད་པའི་ཉམས་ནང་ནས་མི་འཆར་ལ། ནམ་མཁའ་སྟོང་པ་ལ་རིག་པ་སྟོང་པ་གཏད་པས། ཡུལ་ནམ་མཁའ་དང་མཐུན་པའི་ཉམས་སྟོང་གསལ་འཕྲོ་འདུ་དང་བྲལ་བ་ཕྱལ་ཡས་པ་ཅིག་འཆར་བས། དངོས་པོ་མཚན་མ་དང་བྲལ་བའི་དགོས་པ་ཡོད་དེ། སེམས་སྡེ་ལས། རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། ཞེས་པ་དང༌། སྡུད་པ་ལས། དོན་དེ་གང་ཡིན་ནམ་མཁའ་དག་ལ་བརྟག་པར་གྱིས། །ཞེས་པ་དང༌། ཡུམ་བར་མ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི། ནམ་མཁའ་རྣལ་འབྱོར་དུ་བྱེད་པའོ་ཞེས་པ་ལ་སོགས་པ་ལུང་དཔག་ཏུ་མེད་དོ། །དེའང་ཡུལ་ཕྱི་ནང་འདྲེས་པ་ལས་མཉམ་པ་རིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་གཉིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་འདྲེས་པས་འཁོར་འདས་རོ་མཉམ་གྱི་ལྟ་བ་ཞེས་བྱའོ། །འདི་ཉིད་བསྟན་བུ་ལས་ཀྱང༌། དབྱིངས་དང་རིག་པའི་ལྟ་སྟངས་ནི། །སྒྲིབ་བྱེད་བྲལ་བའི་ནམ་མཁའ་ལྟར། །ཅེས་གསུངས་སོ། །གསུམ་པ་རླུང་རིག་གི་གནད་ནི། ཡུལ་དང་སྒོ་གཉིས་འཛོམ་དུས་རླུང་དལ་བ་བསྟེན་པས་རིག་པ་བཙོན་དུ་གཟུང་བ་ཞེས་བྱ་སྟེ། དེའང་རླུང་

ཕྱིས་ཤར་དུས་གཏད་ཀྱང་དངོས ] གཏན W K · དངོས་པོ་མཚན་མ་དང་བྲལ ] om. W K · བྱ་ལམ་གནས་ཞེས་པ་དང ] ཅེས O T · ཞེས་པ་དང་སྡུད་པ་ལས ] བསྡུད O T · དེ་གང་ཡིན་ནམ་མཁའ་དག ] མན W K · བརྟག་པར་གྱིས་ཞེས་པ་དང ] ཅེས O T · དུ་བྱེད་པའོ་ཞེས་པ་ལ ] ཅེས O T · ཏུ་མེད་དོ་དེའང་ཡུལ་ཕྱི ] དེ་འང O T · པས་འཁོར་འདས་རོ་མཉམ་གྱི ] ངོ D O T · འདས་རོ་མཉམ་གྱི་ལྟ་བ ] ཀྱི W K · ལྟ་སྟངས་ནི་སྒྲིབ་བྱེད་བྲལ ] སྒྲི་བ P · བྲལ་བའི་ནམ་མཁའ་ལྟར་ཅེས ] མཁར O T · འཛོམ་དུས་རླུང་དལ་བ་བསྟེན ] ངལ O T · པ་བཙོན་དུ་གཟུང་བ་ཞེས ] བཟུང O T

[p. 176] ཅི་ནས་ཀྱང་དལ་བ་ལ་ཕྱིར་རྒྱང་རིང་པོ་འཕེན་ཞིང་ཕྱིར་བཟུང་ལ་གཞག་པ་གནད་ཡིན་ནོ། །དེ་ཡང་རླུང་དལ་བས། ཕྱིར་རྣལ་འབྱོར་པའི་ཚེ་རྒྱས་པའི་གྲོགས་སུ་འགྲོ་ལ། ནང་དུ་རྣམ་པར་རྟོག་པ་ནུབ་པའི་རྐྱེན་བྱེད་ཅིང༌། གསང་བར་རིག་པ་མངོན་སུམ་དུ་མཐོང་བའི་ལས་བྱེད། ཁོ་ན་ཉིད་དུ་ཟག་བཅས་མི་སྣང་བར་སངས་རྒྱ་བར་བྱེད་པའོ། །དེ་སྐད་དུའང་ཐལ་འགྱུར་ལས། རླུང་ནི་ཅི་ནས་དལ་བྱ་སྟེ། །རབ་ཏུ་འཕང་བ་ལས་བྱུང་བས། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང༌། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །རིག་པའི་གནད་ལུ་གུ་རྒྱུད་དབྱིངས་ཀྱི་ར་བར་བཞག་ནས་མི་འགུལ་བར་བྱེད་པ་སྟེ། དེ་ཉིད་ལས། རང་ངོ་རིག་པ་ལུ་གུ་རྒྱུད། །འགྲོ་འོང་བྲལ་བས་མཁའ་ལ་བཟུང༌། །ཞེས་པ་དང༌། བསྟན་བུ་ལས། དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །རྣམ་པར་གཞག་ཅིང་འབྲལ་མི་བྱ། །ཞེས་སོ། །དེའང་རླུང་དལ་བ་བསྟེན་པས་བྱ་བ་དང་བྲལ་བའི་དོན་རྒྱུད་ལ་སྐྱེ། རིག་པ་ལུ་གུ་རྒྱུད་ཨར་ལ་གཏད་པས་རྣམ་པར་རྟོག་པའི་ཁུངས་ཟད་ནས།

ཅི་ནས་ཀྱང་དལ་བ་ལ ] ངལ O T · འཕེན་ཞིང་ཕྱིར་བཟུང་ལ་གཞག ] གཟུང A O T · ཕྱིར་བཟུང་ལ་གཞག་པ་གནད ] བཞག O T · དེ་ཡང་རླུང་⁁་དལ་བས ] དང W K · དེ་ཡང་རླུང་དལ་བས་ཕྱིར ] ངལ O T · དུ་རྣམ་པར་རྟོག་པ་ནུབ ] རྟོགས P L · བྱེད་ཅིང་གསང་བར་རིག་པ ] པར O T · རིག་པ་མངོན་སུམ་དུ་མཐོང ] གསུམ O T · མི་སྣང་བར་སངས་རྒྱ་བར ] སང O T · གསུམ་དུ་ཡང་ཟློག་པ་མིན ] བཟློག O T · མཁའ་ལ་བཟུང་ཞེས་པ་དང ] ཅེས O T · རྒྱུད་རྣམ་པར་གཞག་ཅིང་འབྲལ ] བཞག O T · འབྲལ་མི་བྱ་ཞེས་སོ་དེའང ] ཅེས O T

[p. 177] འཁྲུལ་པ་གཞི་ལ་ལོག་སྟེ་ཡེ་ཤེས་མ་བུ་ཕྲད་པའོ། །རིག་པ་རླུང་དང་བྲལ་ནས་འགྲོ་འོང་དུ་མེད་པ་ནི་རིག་པ་ལ་རང་བྱན་ཚུད་པའོ། །དེ་ཡང་ཁྲིད་དུ་བྱེད་ན་ལུས་ཀྱི་གནད་བསྟུན་པ་ལ་ཉི་མ་ལྔ་དྲུག་ཏུ་བྱའོ། །དེ་ནས་སྒོ་སྤྱད་པ་ལ་དེ་ཙམ་ཅིག་ཏུ་བྱའོ། །དེ་ནས་ཡུལ་བཙལ་བ་ལ་ཉི་མ་དྲུག་ནས་བདུན་བྱས་ལ། དེ་ནས་མངོན་སུམ་རང་ཐོག་ཏུ་ཕབ་ནས་ཉམས་སུ་ལེན་པའོ། །དེས་ནི་ཤིན་ཏུ་འབྱོངས་ཤིང་སྒོམ་ཤེས་པ་འབྱུང་ངོ༌། །གཞན་དུ་འལ་མ་འོལ་བྱས་པས་སྣང་བ་ར་རི་ཅིག་མཐོང་ནས། ཡིད་ཆེས་མེད་པར་ཁྲིད་ཐོན་དུས་ཅི་ལ་ཟེར་ཆ་མེད་པར་པྲ་ཡས་པ་དག་འབྱུང་ཉེ་བས་དེ་ལྟར་མ་སོང་བ་དག་ཏུ་བྱའོ། །དེ་ལ་སྤྱིར་གྱིས་ཁྲིད་མོ་ཆེ་འདི་འདེབས་དུས་སྔོན་འགྲོ་ཚད་ལ་ཕེབས་པ་བརྩོན་འགྲུས་དང་བཅས་པས་སྦྱངས་པས་དངོས་གཞི་ལ་ཡིད་ཆེས་ཐུན་མོང་མ་ཡིན་པ་སྐྱེའོ། །དངོས་གཞི་ཐེབས་པར་བཏབ་པས་མངོན་སུམ་ལ་སྤྲོ་དགའ་ཁྱད་པར་ཅན་འབྱུང་ངོ༌། །རྗེས་རྒྱབ་ཆོས་མཐའ་ཆོད་པར་བཤད་པས་ཉམས་ལེན་བསྐྱང་ཐུབ་པ་ཤེས་ནས་ཐེ་ཚོམ་དང་རྟོག་མཐའ་ཆོད་དེ་ཆོས་གཞན་ལ་ཡིད་མི་སྨོན་པའི་དགོས་པ་ཡོད་དོ། །གཉིས་པ་མངོན་སུམ་རིག་པའི་རང་ངོ་སྤྲད་པ་ནི། རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ནམ་མཁའ་ལ་ལྡིང་བ་ལྟ་བུ་དབྱིངས་འོད་གསལ་གྱི་སྣང་བ་དང་

ལ་རང་བྱན་ཚུད་པའོ་དེ ] ཆུད O T · མ་ལྔ་དྲུག་ཏུ་བྱའོ་དེ ] དུ O T · དེ་ནས་མངོན་སུམ་རང་ཐོག ] གསུམ O T · ཏུ་འབྱོངས་ཤིང་སྒོམ་ཤེས་པ ] བསྒོམ O T · ཏུ་འབྱོངས་ཤིང་སྒོམ་ཤེས་པ ] སྒཽམ P · བྱས་པས་སྣང་བ་ར་རི་ཅིག ] བར A D T · ཉེ་བས་དེ་ལྟར་མ་སོང ] ལྟ W K · བཏབ་པས་མངོན་སུམ་ལ་སྤྲོ ] གསུམ O T · འབྱུང་ངོ་རྗེས་རྒྱབ་ཆོས་མཐའ ] རྒྱ་བ P · ཐུབ་པ་ཤེས་ནས་ཐེ་ཚོམ ] ན O T · གཉིས་པ་མངོན་སུམ་རིག་པའི ] གསུམ O T · རིག་པ་རྡོ་རྗེ་ལུ་གུ ] རྗེའི W K

[p. 178] བཅས་པ་འདི་མ་འཁྲུལ་པའི་སངས་རྒྱས་ཀ་དག་ལྷུན་གྲུབ་ཀྱི་རང་གདངས་ཏེ། ངང་ལ་བལྟས་པས་རྟོག་བྱེད་ཐམས་ཅད་དག་ནས་སྤྲོས་བྲལ་ནམ་མཁའ་འདྲ་བའི་གདངས་ནང་དུ་ཤར་བས། དབྱིངས་རིག་གཉིས་སུ་མེད་པའི་དགོངས་པ་ཤེས་རབ་རང་བྱུང་གི་ཡེ་ཤེས་དང་ཞལ་མཇལ། ཐོག་མའི་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ། འདི་ལ་གོམས་པ་ཚད་དུ་ཕྱིན་ན་རྡོས་བཅས་འོད་དུ་འགྲོ་ལ། མ་ཕྱིན་ཡང་བར་དོའམ་རང་བཞིན་སྤྲུལ་པའི་ཞིང་བགྲོད། འགྲོ་དྲུག་འཁྲུལ་པའི་གཡང་ས་ཆོད་པའོ། །ཞེས་ངོ་སྤྲད་དེ། རང་བྱུང་བསྟན་པའི་བཙས་ལས། འདི་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང༌། །སྐལ་བ་ཉིད་ནི་མཉམ་པའོ། །ཞེས་པ་དང༌། ཐལ་འགྱུར་ལས། ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ཡི་སངས་རྒྱས་སོ། །ཞེས་སོ། །གསུམ་པ་དེ་ལས་སྣང་བའི་འཆར་ཚུལ་བསྟན་པ་ནི། །དབྱིངས་འོད་ལྔའི་རང་གདངས་ལང་ལིང་དུ་སྣང་བ་དང༌། ལུ་གུ་རྒྱུད་ལ་ཐིག་ལེ་ཕྲ་མོས་འབྲེལ་བ་དང༌། ཐོག་མར་དཀར་ཟང་ཟིང་སྐར་མ་འཕྲོ་བ་ལྟ་བུ་ལས། ཐིག་ལེ་ཁ་དོག་ལྔ་ལྡན་དང༌། །རེ་རེ་བ་དང༌། སུམ་སྦྲེལ་གྱི་བར་གྱི་སྣང་བ་ཚུན་ཆད་དེ། སྔ་མ་ལས། དེ་ནས་ཐིག་ལེ་མཐོང་བ་ཡིན། །ཅེས་སོ། །དེའང་ཕྱི་འོད་གསལ་

འདི་མ་འཁྲུལ་པའི་སངས་རྒྱས ] བའི D O T · ཏེ་ངང་ལ་བལྟས་པས་རྟོག ] ལྟས O T · པ་ཤེས་རབ་རང་བྱུང་གི ] om. W K · པོ་དང་སྐལ་བ་མཉམ་འདི ] པ O T · བཅས་འོད་དུ་འགྲོ་ལ་མ་ཕྱིན ] འགྲོལ་བ W K · ཕྱིན་ཡང་བར་དོའམ་རང་བཞིན ] དོ་འམ O T · སྤྲུལ་པའི་ཞིང་བགྲོད་འགྲོ་དྲུག ] བསྒྲོད O T · སུ་ཡིས་མཐོང་བའི་མི་ཐོག ] པའི O T · ཐོག་མའི་ཀུན་ཏུ་བཟང་པོ ] དུ D O T · ནི་མཉམ་པའོ་ཞེས་པ་དང ] ཅེས O T · སངས་རྒྱས་སོ་ཞེས་སོ་གསུམ ] ཅེས O T · ལིང་དུ་སྣང་བ་དང་ལུ ] པ O T · ཕྲ་མོས་འབྲེལ་བ་དང་ཐོག ] པ D O · མཐོང་བ་ཡིན་⁁་ཅེས་སོ ] ནོ W K · ཅེས་སོ་དེའང་ཕྱི་འོད་གསལ ] ཕྱིའི W K

[p. 179] ལ་བལྟས་པས་ནང་རྣམ་རྟོག་བྲལ་ཏེ་རིས་མེད་མཉམ་པར་གྲོལ་བ་ནི ཀ་དག་གི་རིག་གདངས་དང༌། ལྷུན་གྲུབ་ཀྱི་འོད་གདངས་གཉིས་ཕྱི་ནང་ཟུང་དུ་འབྲེལ་བས། དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་ཞེས་བྱའོ། །གསུམ་པ་སྣང་བ་བཞི་འཆར་བའི་རིམ་པ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ་དང༌། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། སྣང་བ་བཞི་ཀའི་དུས་སུ་ལུས་བཞུགས་སྟངས་ལ་གནས་པ། མིག་གཟིགས་སྟངས་ལ་ལྟ་བ། རླུང་རིག་ངང་གིས་དལ་བ་གསུམ་གནད་མཐུན་ལ། ཁྱད་པར་སྣང་བ་དང་པོ་གཉིས་སུ་སྦྱངས་པས་ཕྱི་མ་གཉིས་སུ་རྩོལ་བ་ལ་མ་ལྟོས་པར་ངང་གིས་འབྱོངས་ནས། འོད་གསལ་དུ་གྲོལ་བ་ཡིན་པས་ན་དབྱིངས་རིག་གཉིས་སུ་མེད་པ་ཞེས་བྱའོ། །འདི་དག་གི་གནད་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་མི་འབྲལ་བར་བྱ་བ་ནི་གནད་དུ་བྱུང་ལ། དེའི་དོན་བཤད་ན། རིག་པ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མི་ཕྱེད་པ་གཞི་གནས་དང་དེའི་གདངས་འོད་རྩ་དངས་པའི་སྣང་བ་ལས་གསེར་གྱི་སྐུད་པ་ལྟ་བུ་བྲེང་ཆགས་ལ་འཁྱོག་མཚམས་ཐིག་ལེས་སྦྲེལ་བ་ལ་བྱའོ། །རྡོ་རྗེ་ནི་སངས་རྒྱས་སེམས་ཅན་ཀུན་ལ་ངོ་བོ་བཟང་ངན་མེད་པར་མཉམ་ཞིང་མི་འགྱུར་བར་གནས་པའི་ཆ་ནས་བཞག་ལ། ལུ་ནི་དཔེར་ན་ཆུའི་ལུ་མ་བཟང་པོ་ལས་ཆུ་འཕེལ་

འོད་གསལ་ལ་བལྟས་པས་ནང ] ལྟས O T · བ་རླུང་རིག་ངང་གིས་དལ ] དང O T · གདངས་འོད་རྩ་དངས་པའི་སྣང ] དྭངས A P L · ཆགས་ལ་འཁྱོག་མཚམས་ཐིག་ལེས ] འཚམས O T · ཞིང་མི་འགྱུར་བར་གནས་པའི ] བ W K

[p. 180] འགྲིབ་མེད་པར་འབྱུང་བ་དང་འདྲ་བར། སྐུ་དང་ཡེ་ཤེས་ཀྱི་འཕེལ་སྒོ་སྣ་ཚོགས་སུ་ལམ་སྣང་མ་རྫོགས་ཀྱི་བར་ལ་དེ་ལས་འཆར་བར་བྱེད་པའོ། །གུ་ནི་དེ་ཉིད་ཀྱི་ནང་དུ་ཆོས་ཉིད་ཕྱིན་ཅི་མ་ལོག་པའི་ལྟ་བ་དང་སྒོམ་པ་འགུགས་པར་བྱེད་ལ། རྒྱུད་ནི་འཁོར་འདས་ལ་ཁྱབ་ཅིང་སྣང་བ་དེའི་ཚོགས་རྣམས་ལས། སྐུ་དང༌། ཐིག་ལེ་འཕྲོ་བ་དང༌། མཆེད་པ་དང༌། འདུ་བ་ལ་སོགས་པ་གསལ་བར་བྱེད་པའོ། །ཐལ་འགྱུར་ལས། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །དེ་ལས་སྣང་བ་བཞིར་འགྱུར་ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་བསྣུབས། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད། །ཅེས་སོ། །དེའང་སྣང་བ་བཞིར་གྲངས་ངེས་པ་ནི་ཕྱིར་ནམ་ཟླ་དུས་བཞིའི་འཕེལ་ཟད་པ་དང༌། ནང་དུ་ལུས་ངག་ཡིད་སེམས་བཞིའི་བཅིངས་པ་ལས་དགྲོལ་བ་དང༌། གསང་བར་དབང་བཞིའི་ངེས་པ་སྟོན་པ་དང༌། དེ་ཁོ་ན་ཉིད་དུ་སྒྲོན་མ་བཞིའི་སྣང་བ་ངེས་པ་ལ་ལྟོས་ནས་བཞིར་ངེས་སོ། །གོ་རིམས་ངེས་པ་ནི། དང་པོའི་གཞི་ཆོས་ཉིད་མངོན་སུམ་མ་མཐོང་ན་ལྷག་མ་

ལྟ་བ་དང་སྒོམ་པ་འགུགས ] བསྒོམ O T · ཆོས་ཉིད་མངོན་སུམ་སྣང་བ ] གསུམ O T · ངེས་སོ་གོ་རིམས་ངེས་པ ] རིམ P L · ཆོས་ཉིད་མངོན་སུམ་མ་མཐོང ] གསུམ O T

[p. 181] གསུམ་གྱི་འཆར་གཞི་མེད་པས་རྟེན་དང་བརྟེན་པའི་གཞིར་དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་འཆར་བའོ། །དེ་ཉིད་ཤར་བས་ཆོས་ཐམས་ཅད་ཀྱི་དོན་མཐོང་བས་རང་བྱུང་གི་ཡེ་ཤེས་རང་ལས་རྙེད་པ་ཞེས་བྱའོ། །དེ་ནས་མངོན་པ་དེ་ཉམས་སུ་མ་མྱོང་ན་ཚིག་ཙམ་ལ་འབྲས་བུ་མི་འབྱུང་བ་ལས། དོན་ཉམས་སུ་མྱོང་བས་དེའི་ཉམས་གོང་འཕེལ་དུ་བྱུང་བའོ། །དེ་ལྟར་ཉམས་སྐྱེས་པའི་ཚད་བརྟན་པར་བྱེད་དགོས་ཏེ། མ་བརྟན་ན་ཉམས་ལ་ཐུག་པ་མེད་པས་ཆོས་ལ་ཟིན་པ་མེད་ཅིང༌། སངས་ལ་རྒྱ་རྒྱུ་མི་འབྱུང་བ་ལས། ཉམས་བརྟན་པའི་ཚད་ལ་ཕེབས་པས། རིག་པ་ཚད་ཕེབས་ཀྱི་སྣང་བ་བྱུང་བའོ། །རིག་པའི་སྣང་བ་ཚད་ལ་ཕེབས་ཀྱང་དེ་ལས་གཞན་དུ་མི་འགྱུར་ན་སྐུ་གསུམ་འབྲས་བུར་འདོད་པ་དང་ཁྱད་མེད་ལ། དངོས་སྣང་མཚན་མའི་ཆོས་ལ་དོན་གྱི་འབྲས་བུ་རེ་བ་ཐུན་མོང་བ་རྣམས་དང་ཁྱད་མེད་པ་ལས། སྣང་ཉམས་གཞི་ལ་ཐིམ་སྟེ། ཕྲ་རགས་ཀྱི་སྣང་འཛིན་ནུབ་ནས། ཀ་དག་ཆོས་ཟད་ལ་སྤྱོད་པས་ཆོས་ཉིད་ཟད་པའི་སྣང་བ་བྱུང་བའོ། །དེ་དག་ཀྱང་དང་པོ་གཉིས་སྤྲུལ་སྐུ། ཚད་ཕེབས་ལོངས་སྐུ། ཟད་པ་ཆོས་སྐུའི་སྣང་བ་ལམ་དུ་བྱས་པས་སྐུ་གསུམ་ལམ་སྣང་དུ་ཤར་བས་འབྲས་བུ་ཆོས་ཟད་ཀ་དག་གི་དབྱིངས་ལ་ཐུག་པའི་ཕྱིར། རང་སྣང་གི་རྩལ་སྐུ་གསུམ་རིག་པའི་ངང་

ཆོས་ཉིད་མངོན་སུམ་གྱི་སྣང ] གསུམ O T · པ་མེད་ཅིང་སངས་ལ་རྒྱ ] སང O T · སྣང་བ་བྱུང་བའོ་རིག་པའི ] པའོ O T · བ་ཐུན་མོང་བ་རྣམས་དང ] པ A O

[p. 182] དུ་ཐིམ་པས། རིག་པ་ཀ་དག་གི་འབྲས་བུ། རིག་པའི་དབྱིངས་ནས་གདོད་ཀྱིས་རང་རྩལ་སྐུ་གསུམ་ཤར་བས་དོན་བྱེད་པ་ཞེས་བྱ་སྟེ། ཐེག་་པ་གཞན་ནས་མིང་ཡང་མི་གྲག་པའི་སྙིང་པོ། ཐེག་པ་རྒྱལ་པོའི་དགོངས་པ་ཞེས་བྱའོ། །གནད་འདི་རྟོགས་དཀའ་བ་ཅིག་ཡིན་ནོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་བཞི་སྟེ། ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་ཕེབས། ཆོས་ཉིད་ཟད་པའི་སྣང་བ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། མངོན་སུམ་སྤྱིའི་འབྲེལ་དགོད་པ་དང༌། རང་གི་མཚན་ཉིད་ངོས་གཟུང་བའོ། །དང་པོ་ནི་སྤྱིར་མངོན་སུམ་ལ་ཀུན་རྫོབ་ཐ་སྙད་ལ་གྲགས་པའི་མངོན་སུམ་དང༌། དོན་དམ་དབྱིངས་ལ་མཇལ་བའི་མངོན་སུམ་གཉིས་ལས། དང་པོ་ལ་དབང་པོའི་མངོན་སུམ་གཟུགས་སོགས་ཡུལ་ལྔ་སྣང་བའི་རང་བཞིན་དང༌། ཡིད་ཀྱི་མངོན་སུམ་ཡུལ་ཉེ་བར་སྤྱོད་པ་རྒྱུ་མཚན་ངེས་པའི་རྟོག་ཡུལ་ན་སྣང་བ་དང༌། རང་རིག་པའི་མངོན་སུམ་ནང་དུ་བདེ་སྡུག་ལ་སོགས་མྱོང་བ་ངེས་པའི་སྣང་བ་དང༌། རྣལ་འབྱོར་གྱི་མངོན་སུམ་ཆོས་ཉིད་ཀྱི་དོན་ཉེ་བར་མཇལ་བ་དེ་ཁོ་ན་ཉིད་ཀྱི་ཕྱོགས་ལ་ཞུགས་པའི་སོ་སོ་ཡང་དག་པའི་རིག་པ་དང་དེའི་སྣང་ཡུལ་གཉིས་སུ་མེད་པའི་ངང་ན་གཟུང་འཛིན་དང་བྲལ་བར་མྱོང་བའི་ངེས་པ་སྟེ། རྣམ་འགྲེལ་ལས།

པ་ཞེས་བྱའོ་གནད་འདི་རྟོགས ] གནང O T · ཆོས་ཉིད་མངོན་སུམ་ཉམས་གོང ] གསུམ O T · གཉིས་ཏེ་མངོན་སུམ་སྤྱིའི་འབྲེལ ] གསུམ O T · མཚན་ཉིད་ངོས་གཟུང་བའོ་དང ] བཟུང O T · ནི་སྤྱིར་མངོན་སུམ་ལ་ཀུན ] གསུམ O T · གྲགས་པའི་མངོན་སུམ་དང་དོན ] གསུམ O T · དམ་དབྱིངས་ལ་མཇལ་བའི་མངོན ] འཇལ O T · མཇལ་བའི་མངོན་སུམ་གཉིས་ལས ] གསུམ O T · དབང་པོའི་མངོན་སུམ་གཟུགས་སོགས ] གསུམ O T · ཡིད་ཀྱི་མངོན་སུམ་ཡུལ་ཉེ ] གསུམ O T · རིག་པའི་མངོན་སུམ་ནང་དུ ] གསུམ O T · ལ་སོགས་མྱོང་བ་ངེས་པའི ] པ O T · སོགས་མྱོང་བ་ངེས་པའི་སྣང ] ཅེས W K · འབྱོར་གྱི་མངོན་སུམ་ཆོས་ཉིད ] གསུམ O T · གྱི་མངོན་སུམ་ཆོས་ཉིད་ཀྱི ] om. W K · དོན་ཉེ་བར་མཇལ་བ་དེ ] འཇལ O T · ལ་ཞུགས་པའི་སོ་སོ་ཡང་དག ] སོས O T · བྲལ་བར་མྱོང་བའི་ངེས་པ ] པའི O T

[p. 183] ཐམས་ཅད་ལས་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །གནས་ནའང་མིག་གིས་གཟུགས་དག་ནི། །མཐོང་བའི་བློ་དེ་དབང་སྐྱེས་ཡིན། །ཅེས་བཤད་པ་བཞིན་ནོ། །དོན་དམ་དབྱིངས་ལ་མཇལ་བའི་མངོན་སུམ་ནི་རིག་པའི་ངོ་བོ་ཆོས་ཉིད་སྙིང་ག་ན་ཡོད་པར་ངེས་ཏེ། དེའི་རང་གདངས་སྙིང་ནས་མིག་ཏུ་འབྲེལ་བའི་ཕྱིར་ཉི་མ་དང་འོད་ཟེར་བཞིན་རྒྱུ་འབྲས་ངེས་པའི་གཏན་ཚིགས་ཀྱིས་ཡིད་ཆེས་པར་མཇལ་བའོ། །དེའི་ཕྱིར་འཇིག་རྟེན་པ་དང་འདས་པ་གཉིས་ལས་འདི་ནི་འདས་པའི་མངོན་སུམ་མོ། །འདས་པ་ལ་བརྗོད་བྱ་ཤེས་པ་གཙོ་བ་སེམས་ཀྱི་རྒྱུ་མཚན་ངེས་པ་དང༌། གནད་གཏེམས་པ་མཐོང་བ་གཙོ་བ་རིག་པའི་མངོན་སུམ་གཉིས་ལས། འདི་རིག་པའི་མངོན་སུམ་ཞེས་བྱ་བ་ཡིན་ནོ། །གཉིས་པ་རང་གི་མཚན་ཉིད་ངོས་གཟུང་བ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་པ་ལ། ཆོས་ཉིད་ཀྱི་སྒྲ་ཉེ་བར་སྦྱར་བ་ལ་བཞི་ལས། འཁོར་བ་ལ་ཆོས། མྱང་འདས་ལ་ཆོས་ཉིད་ཅེས་པའི་འདི་ཆོས་ཉིད་དོ། །སྣང་བ་ལ་ཆོས། སྟོང་པ་ལ་ཆོས་ཉིད་དུ་བརྗོད་པའི་འདི་ཆོས་ཉིད་དོ། །གནད་མེད་པས་མི་གྲོལ་བ་ལ་ཆོས། ཡོད་པས་གྲོལ་ངེས་པ་ལ་ཆོས་ཉིད་དུ་གྲགས་པའི་འདི་ཆོས་ཉིད་དོ། །དབྱིངས་ལ་ཆོས། རིག་པ་ལ་ཆོས་ཉིད་དུ་གྲགས་པའི་གཉིས་ཀ་དབྱེར་མེད་དུ་

དམ་དབྱིངས་ལ་མཇལ་བའི་མངོན ] འཇལ W K O T · མཇལ་བའི་མངོན་སུམ་ནི་རིག ] གསུམ O T · ཆོས་ཉིད་སྙིང་ག་ན་ཡོད ] ཁ O T · སྙིང་ནས་མིག་ཏུ་འབྲེལ་བའི ] དུ O T · རྒྱུ་འབྲས་ངེས་པའི་གཏན་ཚིགས ] པ W K · ཡིད་ཆེས་པར་མཇལ་བའོ་དེའི ] འཇལ O T · འདས་པའི་མངོན་སུམ་མོ་འདས ] གསུམ O T · རིག་པའི་མངོན་སུམ་གཉིས་ལས ] གསུམ O T · རིག་པའི་མངོན་སུམ་ཞེས་བྱ ] གསུམ O T · མཚན་ཉིད་ངོས་གཟུང་བ་ནི ] བཟུང O T · ཆོས་ཉིད་མངོན་སུམ་གྱི་སྣང ] གསུམ O T · ཆོས་མྱང་འདས་ལ་ཆོས་ཉིད ] om. W K · པས་གྲོལ་ངེས་པ་ལ་ཆོས་ཉིད ] པས W K · དུ་གྲགས་པའི་⁁་གཉིས་ཀ ] འདི A P D L O

[p. 184] འདོད་པའོ། །མངོན་པ་ནི་དབང་པོའི་སྤྱོད་ཡུལ་ལ་དངོས་སུ་བལྟར་ཡོད་པའོ། །དེའང་ཡིད་དཔྱོད་ལ་མ་ལྟོས་པ་སྟེ། ཡིད་དཔྱོད་ཀྱི་ཤེས་རབ་ཀྱིས་གང་དུ་བཙལ་ཡང་རྙེད་པའི་དུས་མེད་དོ། །ཚོལ་མཁན་མིག་ཅན་མ་ཡིན། འོད་གསལ་གཟུགས་ཅན་མ་ཡིན་པའི་ཕྱིར་ཏེ། སྡུད་པ་ལས། ཤེས་རབ་ཀྱིས་ནི་བརྟགས་ན་ཕུང་པོའི་གཏིང་མི་རྙེད། །ཅེས་སོ། །འོད་གསལ་གྱི་སྣང་བ་འདི་ཐ་སྙད་ལ་གྲགས་པའི་གཟུགས་ཅན་མ་ཡིན་ཏེ། ཕྲ་བ་རྡུལ་ཕྲན་དང་རགས་པ་དངོས་པོ་རང་མཚན་དུ་འདི་མེད་པའི་ཕྱིར་འབྱུང་བཞིའི་གནོད་པས་གཞིག་ཅིང་གཞོམ་དུ་མི་རུང་བའི་ཕྱིར་རོ། །གཟུགས་ཅན་ནི་གཞིག་ཅིང་གཞོམ་རུང་དུ་ཡོད་དེ་གཟུགས་ཀྱི་མཚན་ཉིད་དེ་ཡིན་པའི་ཕྱིར་རོ། །གསུམ་ནི་རྣམ་གྲངས་ཏེ་ཕྱིར་ལུས་ངག་ཡིད་གསུམ་གྱི་གནད་གསུམ་གྱིས་གཞི་བཅའ་བ། ནང་དུ་ཆོས་ཉིད་ཡུལ་གྱི་གནད། །འཆར་བྱེད་སྒོའི་གནད། རླུང་རིག་གནས་པའི་གནད་གསུམ་གྱིས་ལམ་བསལ་བ་དང༌། གསང་བར་གོམས་པ་ཚད་ཀྱི་རིམ་པ། སྨིན་པ་རྟགས་ཀྱི་རིམ་པ། མཐར་ཐུག་ཟད་པའི་རིམ་པ་དང་གསུམ་གྱིས་ཚད་གཟུང་བ་དང༌། བླ་ན་མེད་པར་སྣང་བ་འོད། །སྨིན་པ་ཐིག་ལེ། །རྫོགས་པ་སྐུ་དང་གསུམ་གྱིས་འབྲས་བུ་རྫོགས་པའི་ཕྱིར། གསུམ་ཚན་བཞིར་ངེས་པས་གསུམ་ཞེས་བྱའོ། །ཡང་ན་

པོའི་སྤྱོད་ཡུལ་ལ་དངོས་སུ ] པ A P D L · ལ་དངོས་སུ་བལྟར་ཡོད་པའོ ] ལྟར O T · བལྟར་ཡོད་པའོ་དེའང་ཡིད་དཔྱོད ] དེ་འང A T · པའི་ཕྱིར་ཏེ་སྡུད་པ་ལས ] བསྡུད O T · ཅན་མ་ཡིན་ཏེ་ཕྲ་བ ] ཏཻ P · དུ་མི་རུང་བའི་ཕྱིར་རོ ] བ་འི P · ཕྱིར་ལུས་ངག་ཡིད་གསུམ་གྱི ] ཡི W K · སྒོའི་གནད་རླུང་རིག་གནས་པའི ] གི W K · གསུམ་གྱིས་ཚད་གཟུང་བ་དང ] བཟུང O T · མེད་པར་སྣང་བ་འོད་སྨིན་པ ] བའོ W K

[p. 185] ཆོས་ཉིད་ལ་སྐུ་གསུམ་ལྷུན་གྲུབ་ཏུ་ཡོད་པའི་རང་གདངས་སྣང་བ་གསུམ་ཕྱིར་ཤར་བའི་གྲངས། ཆོས་སྐུའི་རང་གདངས་ནང་མྱོང་བ་རིག་སྟོང༌། ལོངས་སྐུའི་རང་གདངས་འོད་ལྔ་ཕྱིར་གསལ་བ་ཡེ་ཤེས་རང་གསལ། སྤྲུལ་སྐུའི་རང་གདངས་ཤར་གྲོལ་རིས་མེད་ཤེས་རབ་ཀྱི་རྩལ་དང་བཅས་པ་གསུམ་ལ་ལྟོས་ནས་གསུམ་ཞེས་བྱའོ། །དེའང་གཞི་གསུམ་གྱིས་གཞི་བཅས་པས་དངོས་པོ་ལ་ཐ་དད་མེད་པའི་གནད་དང༌། ལམ་གསུམ་གྱིས་གེགས་བསལ་བས་འགྲོ་ལམ་ལ་ཉེ་རིང་མེད་པ་དང༌། ཚད་གསུམ་གྱིས་ཚད་ལ་ཕབ་པས་འདྲ་མིན་དང་ཆལ་ཆོལ་མེད་པ་དང༌། འབྲས་བུ་གསུམ་གྱིས་ཟད་སར་བསྐྱལ་བས་ཡིན་མིན་དང་ཐེ་ཚོམ་མེད་པས་ན་མངོན་སུམ་ཞེས་བྱ་སྟེ། ཐ་མལ་པའི་དུས་ན་དགའ་མི་དགའ་བཏང་སྙོམ་གསུམ་མཐོང་བས་བདེ་སྡུག་བར་མ་གསུམ་འཆར་བ། བླ་མའི་གདམས་པ་ཉམས་སུ་བླང་བའི་དུས་ན་དབྱིངས་རིག་ཆོས་གསུམ་མངོན་པར་མཐོང་བས་སོ། །ཆོས་ཉིད་མངོན་སུམ་ལ་ཡིད་དཔྱོད་ཚིག་གིས་སྒྲོ་གདགས་སུ་མེད་པའི་གནད། གོམས་པའི་དུས་ན་འོད་ཐིག་ལེ་སྐུ་གསུམ་མཐོང་བས་འཁྲུལ་བའི་སྣང་བ་རང་འགགས་པའི་གནད། ཚད་དུ་ཕྱིན་པའི་དུས་ན་གསལ་བ་སྟོང་པ་བདེ་བ་གསུམ་མངོན་པར་མཐོང་བས། ཆོས་ཉིད་རང་ཟད་པའི་གནད་དོ། །དེ་ལྟར་

ལམ་གསུམ་གྱིས་གེགས་བསལ་བས ] གགས A D T · མིན་དང་ཆལ་ཆོལ་མེད་པ ] ཚོལ A O · གྱིས་ཟད་སར་བསྐྱལ་བས་ཡིན ] སྐྱལ O T · པས་ན་མངོན་སུམ་ཞེས་བྱ ] གསུམ O T · མི་དགའ་བཏང་སྙོམ་གསུམ་མཐོང ] སྙོམས A P D L O T · མངོན་པར་མཐོང་བས་སོ་ཆོས་ཉིད ] པས O T · ཆོས་ཉིད་མངོན་སུམ་ལ་ཡིད ] གསུམ O T · ཡིད་དཔྱོད་ཚིག་གིས་སྒྲོ་གདགས ] གི W K · མཐོང་བས་འཁྲུལ་བའི་སྣང་བ ] པའི A P D L O S T · ཚད་དུ་ཕྱིན་པའི་དུས་ན ] པས W K · མངོན་པར་མཐོང་བས་ཆོས་ཉིད ] པས O T

[p. 186] ན་གསུམ་ཞེས་གྲངས་ཀྱི་གནས་གཞན་ལ་བརྟེན་ནས་འབྲས་བུ་ཅིག་ཅར་དུ་གྲོལ་བར་ངེས་པའོ། །སྣང་བ་ནི་གང་སྣང་ན་ཆོས་ཉིད་སྣང་ལ། ཡུལ་གང་ལ་སྣང་ན་དབྱིངས་ལ་སྣང༌། ཚུལ་ཇི་ལྟར་སྣང་ན་འོད་དང་འོད་ཁྱིམ་རིག་པ་ལུ་གུ་རྒྱུད་དང་བཅས་པ་སྣང༌། །སྣང་བ་དེ་ཉམས་སུ་བླངས་པ་ལས་འབྲས་བུ་རྡོས་བཅས་མི་སྣང་བར་སངས་རྒྱ་བའོ། །དེ་ལྟར་ཆོས་ཉིད་མངོན་སུམ་གྱི་སྣང་བའི་ངོ་བོ་དབྱིངས་རིག་འོད་གསལ་དུ་སྣང་བ་སྟེ། ཡི་གེ་མེད་པ་ལས། སྐྱེ་བ་མེད་པའི་མངོན་སུམ་སངས་རྒྱས་ཀྱིས། །ཡུལ་མེད་རྣམ་པར་དག་པའི་སྣང་བ་མཐོང༌། །ཞེས་པ་དང༌། སྒྱུ་འཕྲུལ་ལས། ནོར་བུ་རིན་ཆེན་འདོད་ཆགས་དཔལ། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཞེས་སོ། །ངེས་ཚིག་ནི་སྐུ་གསུམ་གྱི་སྣང་བ་མཐོང་བ་སྟེ། རིན་པོ་ཆེ་རྣམ་པར་བརྩེགས་པའི་རྒྱུད་ལས། མངོན་ཞེས་བྱ་བ་མཐོང་བ་ལ། །གསུམ་ཞེས་བྱ་བ་སྐུ་གསུམ་གྱི། །ཞིང་ཁམས་གཏན་ལ་ཕེབས་པའོ། །ཞེས་སོ། །དགོས་པ་ནི་གནད་འདིས་གོལ་སྒྲིབ་མེད་པར་གྲོལ་ཏེ། དེ་ཉིད་ལས། ཆོས་ཉིད་མངོན་སུམ་གནད་མེད་ན། །མིག་མེད་གཡང་ཁར་ཕྱིན་པ་འདྲ། །ཞེས་སོ། །གནད་ནི་ཐལ་འགྱུར་ལས། རྒྱང་ཞགས་འགུལ་བ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཅེས་པ་དང༌། ཡི་གེ་མེད་

གནས་གཞན་ལ་བརྟེན་ནས་འབྲས ] རྟེན O T · ནས་འབྲས་བུ་ཅིག་ཅར་དུ་གྲོལ ] གཅིག་ཆར O T · ནི་གང་སྣང་ན་ཆོས་ཉིད ] om. W K · སངས་རྒྱ་བའོ་དེ་ལྟར་ཆོས ] ད D S · ཆོས་ཉིད་མངོན་སུམ་གྱི་སྣང ] གསུམ O T · རིག་འོད་གསལ་དུ་སྣང་བ ] om. W K · མེད་པའི་མངོན་སུམ་སངས་རྒྱས ] གསུམ O T · སྣང་བ་མཐོང་ཞེས་པ་དང ] ཅེས O T · བུ་རིན་ཆེན་འདོད་ཆགས་དཔལ ] འོད P L O S T · ཀུན་གྱི་མངོན་སུམ་པ་ཞེས ] གསུམ O T · མངོན་སུམ་པ་ཞེས་སོ་ངེས ] ཅེས O T · པ་ཞེས་སོ་ངེས་ཚིག་ནི ] དེས O T · ལ་ཕེབས་པའོ་ཞེས་སོ་དགོས ] ཅེས O T · ཆོས་ཉིད་མངོན་སུམ་གནད་མེད ] གསུམ O T · ཕྱིན་པ་འདྲ་ཞེས་སོ་གནད ] ཅེས O T · གནད་ནི་ཐལ་འགྱུར་ལས་རྒྱང ] གྱུར W K · གསུམ་དང་སྦྱར་ཅེས་པ་དང ] ཞེས P L

[p. 187] པ་ལས། མིག་ནི་རབ་ཏུ་གནན་བྱ་སྟེ། །མིག་ཟུར་ཉིད་ལས་དབྱིངས་འབྱུང་བས། །མིག་ནི་ནམ་མཁའི་ཁམས་སུ་བརྟག །ཅེས་སོ། །སྣང་བ་ནི། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ལས་ངེས་འཐོན་ཏེ། །སྤྲིན་མེད་པ་ཡི་མཁའ་ལ་གསལ། །ཅེས་པ་དང༌། གཞན་ཡང་རྩ་དང་འཁྲུལ་འཁོར་གྱིས། །རང་བཞིན་གནས་པའི་ཡེ་ཤེས་ལྔ། །ཆུ་བུར་མིག་གིས་མཐོང་བའོ། །ཞེས་པ་དང༌། རང་ཤར་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འགྲོ་དང་འོང་བ་དང༌། །འགུལ་བ་དང་ནི་འཕྲིག་པའོ། །ཞེས་པ་དང༌། སེང་གེ་རྩལ་རྫོགས་ལས། །རང་སྣང་རིག་པའི་དངོས་པོ་དེ། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །ཞེས་པ་དང༌། ནོར་བུ་འཕྲ་བཀོད་ལས། རྒྱང་ཞགས་ཆུའི་སྒྲོན་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ཡོངས་སུ་གསལ་ལོ་ཞེས་སོ། །ཉམས་སུ་བླང་ལུགས་ནི་དང་པོ་ཐུན་ཆུང་ལ་གྲངས་མང་དུ་བྱ། གཉིས་པ་ལ་ཐུན་བསྐྱེད་ཅིང་ཡུན་བསྲིང༌། །གསུམ་པ་ལ་ཉིན་མཚན་མེད་པར་ཉམས་སུ་བླང་ཞིང༌། དབྱིངས་ཀྱི་ར་བར་རིག་པ་བཅུག་པ་ལས་མི་འགུལ་བར་བྱེད་དེ། སྒྲོན་མ་འབར་བ་ལས། དབྱིངས་ཀྱིས་རིག་པའི་རང་ཡུལ་བྱེད། །རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད། །འདི་ཉིད་ནང་དུ་གཞག་

ནི་རབ་ཏུ་གནན་བྱ་སྟེ ] མནན O T · ཆོས་ཉིད་མངོན་སུམ་སྣང་བ ] གསུམ O T · ཡང་རྩ་དང་འཁྲུལ་འཁོར་གྱིས ] འཕྲུལ P L · གིས་མཐོང་བའོ་ཞེས་པ་དང ] ཅེས O T · ནི་འཕྲིག་པའོ་ཞེས་པ་དང ] ཅེས O T · དེ་ཡེ་ཤེས་⁁་ལུ་གུ ] གུ W K · ཡེ་ཤེས་ལུ་གུ་རྒྱུད་དུ ] om. W K · རྒྱུད་དུ་གནས་ཞེས་པ་དང ] ཅེས O T · བཀོད་ལས་རྒྱང་ཞགས་ཆུའི་སྒྲོན ] ཞག W K · སུ་གསལ་ལོ་ཞེས་སོ་ཉམས ] ཅེས O T · པར་ཉམས་སུ་བླང་ཞིང་དབྱིངས ] བླངས W K · ཉིད་ནང་དུ་གཞག་པར་བྱ ] བཞག O T

[p. 188] པར་བྱ། །ཞེས་སོ། །འབྲས་བུ་ནི། །ཕྱིའི་དབྱིངས་སྣང་ལ་མིག་མི་འགུལ་བའི་རང་དུས་ན། ནང་དུ་རིག་པ་གཞི་ལ་གནས་པས་གདངས་རང་ཐིམ་ལ་འཁོར་ནས། གློ་བའི་རླུང་གི་རྟ་དང་བྲལ་བས། ཡེ་ཤེས་ཀྱི་ནམ་མཁའ་དབྱིངས་ཀྱི་ནམ་མཁའ་ལ་ཐིམ་ནས་ངོ་མཉམ་རིས་མེད་དུ་གྲོལ་བས། ཀ་དག་གི་རིག་པ་དབྱིངས་ལས་མ་གཡོས་པར་སྙིང་ག་ན་ངང་གིས་འོད་གསལ་བའི་དགོངས་པ་ལ་རང་བཞིན་གྱིས་གནས་ཏེ། རྣལ་འབྱོར་པ་དེ་ཆོས་ཉིད་གདོད་མའི་འོད་གསལ་ཟིན་པ་ཞེས་བྱ་བས་འཁོར་བ་མིང་མེད་དུ་སྟོངས་ནས་སྲིད་གསུམ་གདར་ཤ་ཆོད་པ་ཡིན་ཏེ། ཐལ་འགྱུར་ལས། དེས་ནི་ཆོས་ཉིད་མངོན་སུམ་གནད། །མཐོང་བ་ཙམ་གྱིས་ཤེས་པ་དང༌། །དེ་ཤེས་པ་ཡིས་རྟོགས་པ་དང༌། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །གྲོལ་ཞེས་བཀྲོལ་བ་མ་ཡིན་ཏེ། །ནམ་མཁའ་དག་ནི་ནམ་མཁའ་ལ། །ཐིམ་ནས་རང་བཞིན་དམིགས་མེད་པས། །རིས་མེད་ཆ་ཤས་ཡོད་མ་ཡིན། །མངོན་སུམ་རྙེད་པའི་སྐལ་ལྡན་ལ། །ཁམས་གསུམ་འཁོར་བ་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །ཞེས་སོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ལ་གཉིས་ལས། །མདོར་བསྟན་པ་ནི། དབྱིངས་རིག་ལ་གོང་ནས་གོང་དུ་སྦྱངས་པས། ཕྱིར་དབྱིངས་སྣང་དུ་རིག་པ་ལུ་གུ་

གཞག་པར་བྱ་ཞེས་སོ་འབྲས ] ཅེས O T · རིག་པ་དབྱིངས་ལས་མ་གཡོས ] ལ W K · གཡོས་པར་སྙིང་ག་ན་ངང ] ཁ O T · སྙིང་ག་ན་ངང་གིས་འོད ] རང O T · དེ་ཆོས་ཉིད་གདོད་མའི་འོད ] གདོང O T · ཆོས་ཉིད་མངོན་སུམ་གནད་མཐོང ] གསུམ O T · མ་ཡིན་མངོན་སུམ་རྙེད་པའི ] གསུམ O T · པའི་སྐལ་ལྡན་ལ་ཁམས་གསུམ ] པ W K · ཤ་ཆོད་པའོ་ཞེས་སོ་གཉིས ] ཅེས O T

[p. 189] རྒྱུད་དབྱེར་མེད་དུ་གནས་པ་བཞིན། ནང་དུ་ཀ་དག་གི་སྟོང་དབྱིངས་ལ་རང་གདངས་ཀྱི་རིག་དབྱིངས་གཉིས་མེད་དུ་གནས་པས་འོད་གསལ་མ་བུ་འདྲེས་ཏེ། སྣང་ཉམས་སྣ་ཚོགས་སུ་འཕེལ་བ་ནི། ཐལ་འགྱུར་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་ཕྱིར་བྱུང་ནས། །གྱེན་འགྲེང་བ་དང་རྩིབས་ཤར་དང༌། །ཐིག་ལེ་སྣ་ཚོགས་སྐུ་ཉིད་དུ། །རགས་པར་སྣང་བའི་ཡུལ་ལ་གསལ། །ཅེས་སོ། །རྒྱས་པར་བཤད་པ་ནི། ཉམས་གོང་འཕེལ་ཅེས་པའི་ཉམས་ལ་གཉིས་ཏེ་ཤེས་པའི་ཉམས་དང༌། སྣང་བའི་ཉམས་སོ། །ཤེས་ཉམས་ལ་འཇིག་རྟེན་པའི་ཤེས་ཉམས་ཏིང་ངེ་འཛིན་གྱིས་ཐོབ་པའི་དགའ་བདེ་སེམས་ཆགས་པ་གླུ་གར་ལ་སོགས་པ་བྱེད་སྙིང་འདོད་པ་རྣམས་དང༌། འདས་པའི་ཤེས་ཉམས་སྟོང་གསལ་མཐའ་བྲལ་གྱི་རྟོགས་ཚད་ཤེས་རབ་ཀྱི་རྩལ་དང་བཅས་པ་རྣམས་ཏེ། འདི་ཉིད་ཐོག་མ་བར་དང་མཐར་གོམས་པ་ལས། ཤེས་པ་དགའ་བདེའི་ཉམས་དང༌། མཐར་འགྱུར་གྱི་ཉམས་དང༌། སྣང་བའི་ཉམས་དང་གསུམ་འབྱུང་བ་ལས། དང་པོ་ནི། ལུས་ངག་གནད་དུ་གཅུན་པས་རླུང་སེམས་བག་ལ་ཞ་ནས། ནང་ཏིང་ངེ་འཛིན་འོད་གསལ་སྟོང་པའི་ངང་ལ་འབྱམས་པ་དང༌། ཤེས་པ་བག་ཡངས་གཟུང་འཛིན་མེད་པའི་དགའ་བདེ་ཡངས་པ་ཁྲོལ་ཆགས་སུ་སྐྱེས་ཀྱང་ཞེན་

བཤད་པ་ནི་ཉམས་གོང་འཕེལ ] ཉཾས O T · དང་སྣང་བའི་ཉམས་དང་གསུམ ] ཉི་མས A D S

[p. 190] འཛིན་སྤུ་ཉག་ཙམ་ཡང་མེད་པ་ནི་རང་བཞིན་གྱི་བསམ་གཏན་གནད་དུ་ཕེབས་པ་ལས་བྱུང་བའོ། །བཅོས་མའི་བསྒོམས་པ་ལས་དགའ་བདེ་བྱུང་བ་ནི་ཉམས་འགྱུར་བ་ཤས་ཆེ་ལ་རགས་པ་འཁྲབ་པའམ་གླུ་གར་བྱེད་འདོད་པ་འབྱུང་བས་ཆགས་ཞེན་དུ་སོང་ལ། འདི་ནི་དགའ་བདེར་ཤར་ཡང་རང་དབང་ཐོབ་པའི་དགའ་བདེ་ཞེན་མེད་དུ་ཤེས་པའི་ཁྱད་ཡོད་པ་ནི་བཅོས་ནས་བསྒོམས་པ་དང༌། རང་བཞིན་གྱིས་རླུང་དུ་ཕེབས་པའི་བསམ་གཏན་གྱི་ཁྱད་དུ་ཤེས་པར་བྱའོ། །མཐར་འགྱུར་གྱི་ཉམས་ནི་རླུང་ཉམས་ཀྱི་སྣང་ཆ་སྟེ། སྲིན་བུ་མེ་ཁྱེར་ལྟ་བུ་དང༌། སྤྲིན་ལྟ་བུ་དང༌། དུ་བ་ལྟ་བུ་དང༌། སྨུག་ཟིལ་ལྟ་བུ་དང༌། ཟླ་བ་ཤར་བ་ལྟ་བུ་དང༌། སྐར་མ་ཤར་བ་ལྟ་བུ་དང༌། ནམ་སྲོས་པ་ལྟ་བུ་ལ་མཐིང་གའི་སྣང་བ་ཡོད་པ་ལྟ་བུ་དང༌། ཉི་མ་ཤར་བ་ལྟར་ཕྱི་ནང་ཟང་ཐལ་བར་སྣང་བ་ལྟ་བུ་དང་བརྒྱད་དེ། འཆར་ནུབ་དང་གསལ་འགྲིབ་ཏུ་བྱུང་བས། མི་བརྟན་ཚུགས་མི་ཐུབ་འགྱུར་འགྲོ་བས་མཐར་འགྱུར་གྱི་ཉམས་ཞེས་བྱ་སྟེ། རླུང་གཡོ་བའི་ཉམས་ཡིན་པའི་ཕྱིར་རོ། །འདི་དག་བྱར་ཡོད་དེ་རླུང་སེམས་དག་དགོས་པའི་ཕྱིར་རོ། །སྣང་བའི་ཉམས་ནི། རིག་པའི་རང་གདངས་འོད་གསལ་ཆེན་པོ་སྟེ། གནས་སྐབས་སུ་ཕྱིར་སྣང་འཕེལ་ཞིང་ཚད་ལ་ཕེབས་ནས། རང་གདངས་གཞི་ཐིམ་ལ་ནང་དུ་བཟློག་པས་

བའོ་བཅོས་མའི་བསྒོམས་པ་ལས ] བསྒོམ O T · རགས་པ་འཁྲབ་པའམ་གླུ་གར ] པ་འམ O T · རང་བཞིན་གྱིས་རླུང་དུ་ཕེབས་པའི ] རླུངས་སུ O T · བུ་ལ་མཐིང་གའི་སྣང་བ ] ཁའི O T

[p. 191] ཕྱིར་གསལ་དུ་ཟད་དགོས་ཏེ། ལྷུན་གྲུབ་ཀ་དག་གི་དབྱིངས་སུ་ཐིམ་དགོས་པའི་ཕྱིར་རོ། །ནང་གསལ་དུ་རང་འོད་ཀྱི་ཀློང་ན་རིག་པ་སྐུ་དང་ཡེ་ཤེས་ཀྱི་ཕོ་བྲང་ལ་ཡེ་བཞུགས་ལྷུན་གྲུབ་ཆེན་པོར་འཕོ་འགྱུར་མེད་པའོ། །དེས་ན་འདིར་སྣང་བའི་ཉམས་གཙོ་བ་སྟེ། ཤེས་ཉམས་ནི་བློ་ཡིན་པས་འགྱུར་ཞིང་ཚད་མི་ཐུབ་སྟེ་ཀུན་བརྟགས་ཀུན་རྫོབ་ཀྱི་རྣམ་པ་ཅན་དྲན་བྱེད་ཐ་དད་པ་ཚུ་རོལ་གྱི་རྟོག་པས་བསྡུས་པའི་ཕྱིར། འདི་ལ་ཚོད་བྱེད་ན་སྤྲིན་ལ་ཚོད་བཙུགས་ནས་སྦས་སྐུངས་བྱེད་པའི་བྱ་དང་འདྲ་སྟེ། དོན་རྟོགས་པའི་དུས་མེད་དེ་མཐོང་བ་རང་ཐོག་ཏུ་མི་ཕེབས་སོ། །འདི་ནི་སྣང་བའི་ཉམས་ཏེ་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་མཐོང་བས་འཁོར་བའི་ལས་ཀྱི་མཐའ་ཕྱེད་གཟུང་བ་ཡུལ་དུ་སྣང་བ་ལས་འདས་ལ། དབྱིངས་ཀྱི་སྣང་བ་མཐོང་བས་དེའི་སྟེང་དུ་འཛིན་པ་རྟོག་པའི་ཆའི་ཕྱེད་མེད་པ་སྟོང་ཆད་དུ་འཛིན་པ་ལོག་པས་འཁོར་བའི་ཆའི་སུམ་གཉིས་ལས་འདས་ལ། ཀུན་རྟོག་གཞི་གྲོལ་རང་སངས་སུ་དག་པས་འཛིན་ཆའི་ཕྱེད་སྣང་བ་རང་མཚན་དུ་འཛིན་པ་ལོག་པས། གཟུང་འཛིན་གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པ་ཞེས་བྱའོ། །མདོར་ན་སྣང་ཉམས་རྣམས་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང༌། དབྱིངས་ཀྱི་སྣང་བ་གཉིས་སུ་འདུས་པའོ། །གོང་འཕེལ་ནི། སྣང་བ་དེ་དག་ཇེ་བཀྲ་ཇེ་

རང་འོད་ཀྱི་ཀློང་ན་རིག ] སོང P · ཕྱིར་འདི་ལ་ཚོད་བྱེད་ན ] ཚད A P D L O T · འདྲ་སྟེ་དོན་རྟོགས་པའི་དུས ] རྟོག W K O · ཀུན་རྟོག་གཞི་གྲོལ་རང་སངས ] གྲོ W K · འཛིན་ཆའི་ཕྱེད་⁁་སྣང་བ ] པ W K · ཀྱི་བདག་མེད་རྟོགས་པ་ཞེས ] རྟོག W K · ཁ་དོག་གི་སྣང་བ་དང་དབྱིངས ] སྣད་པ O T

[p. 192] ལེགས་ཇེ་མང་ལ་སོང་བ་སྟེ། འདི་ལ་དག་ཚུལ་གྱིས་སྤྱིར་བསྟན་པ་དང༌། སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། འཁོར་བའི་བཅིངས་པ་ལས་གྲོལ་ཚུལ་དང་སྦྱར་ན། སྣང་བ་དེ་ཡང་གྱེན་འགྲེང་དང༌། རྩིབས་ཤར་དང༌། གྲུ་ཆད་དང༌། དུམ་བུ་དང༌། སྣམ་བུའི་སྣང་བ་དང་ལྔ་རྫོགས་པས་ཡེ་ཤེས་ལྔའི་ཁ་དོག་ལ་དབང་ཐོབ་ནས། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། ཕྲག་དོག་ལྔ་མངོན་དུ་རྒྱུ་བའི་བཅིངས་པ་ལས་གྲོལ་ཏེ། བག་ལ་ཉལ་ཙམ་ལས་མ་གཏོགས་པ་མེད་པས་འཁོར་བའི་ཕྱེད་ལས་འདས་པ་ཉིད་དོ། །དེ་ནས་དྲ་བའི་རྣམ་པ་དང༌། དྲ་བ་ཕྱེད་པ་དང༌། མིག་མངས་རིས་དང༌། མིག་ཚགས་ཀྱི་རྣམ་པ་ལྟ་བུ་དང༌། ཟ་འོག་གུར་ཁྱིམ་ལྟ་བུ་མཐོང་བས། གཟུགས་ལ་སོགས་པ་ཕུང་པོ་ལྔའི་ཚོགས་པས་བདག་ཏུ་བྱས་པ་ལས་འདས་པས། འཇིག་རྟེན་གྱི་བདག་སུམ་གཉིས་ལས་འདས་པས། ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་བྱིན་རླབས་སོ། །དེ་ནས་ཡེ་ཤེས་དངོས་པོ་དག་པའི་དབྱིབས་ཀྱི་སྣང་བ། ཡེ་ཤེས་མཁར་ཐབ་ཀྱི་རྣམ་པ་འདྲ་བ་དང༌། ཉི་ཟླ་ཟུང་སྦྲེལ་གྱི་རྣམ་པ་འདྲ་བ་དང༌། པདྨ་བརྩེགས་པའི་རྣམ་པ་འདྲ་བ་དང༌། མཆོད་རྟེན་བརྩེགས་པའི་རྣམ་པ་འདྲ་བ་དང༌། པདྨ་སྟོང་ལྡན་གྱི་རྣམ་པ་དང་འདྲ་བ་མཐོང་

ཏུ་བཤད་པ་⁁་གཉིས་ལས ] ལ W K · རྒྱལ་དང་ཕྲག་དོག་ལྔ་མངོན ] དོང W K · མངས་རིས་དང་མིག་ཚགས་ཀྱི ] དམིག O T · དག་པའི་བྱིན་རླབས་སོ་དེ ] བརླབས O T · ཉི་ཟླ་ཟུང་སྦྲེལ་གྱི་རྣམ ] སྤྲེལ A O · འདྲ་བ་དང་པདྨ་བརྩེགས་པའི ] པད་མ O T · འདྲ་བ་དང་པདྨ་སྟོང་ལྡན ] པད་མ O T

[p. 193] བས། འབྱུང་བ་ལྔའི་འཆིང་བྱེད་ལས་འདས་པའོ། །དེ་དག་ཀྱང་གཅིག་སྐྱེས་གཅིག་འགགས་པས་ཉམས་ཞེས་བྱའོ། །དེ་ཡང་སྔ་མ་བས་ཁྱད་པར་དུ་འགྱུར་བས་གོང་འཕེལ་ཞེས་བྱའོ། །དེ་ལྟར་རིམ་པས་བྱུང་བ་ནི་སྔར་དབང་རིམ་པས་བསྟེན་པ་ལས་བྱུང་བའོ། །གཉིས་པ་སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་ལ། ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང༌། དབྱིབས་ཀྱི་སྣང་བ་གཉིས་ལས། དང་པོ་ནི། རྡོ་རྗེའི་རིགས་རྣམ་པར་དག་པས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་འོད་ཁ་དོག་དཀར་པོའི་རྣམ་པར་འཆར་བ་དང༌། དེ་ཉིད་རྡོ་རྗེ་མི་བསྐྱོད་པའི་གདངས་དཀར་བ་ལ་འཚེར་བར་འཆར་བའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པའི་རིགས་རྣམ་པར་དག་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁ་དོག་མཐིང་གའི་རྣམ་པར་འཆར་བ་དང༌། རྣམ་པར་སྣང་མཛད་ཀྱི་གདངས་མཐིང་ལ་གནག་པར་འཆར་རོ། །རིན་པོ་ཆེའི་རིགས་རྣམ་པར་དག་པ་ལས། མཉམ་པ་ཉིད་ཀྱི་ཁ་དོག་སེར་པོའི་སྣམ་བུ་དང༌། རིན་པོ་ཆེ་འབྱུང་ལྡན་གྱི་གདངས་རབ་ཏུ་འཚེར་བ་གསེར་ཞུན་སྦྱངས་པ་ལྟ་བུར་འཆར་རོ། །པདྨའི་རིགས་རྣམ་པར་དག་པ་ལས། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཁ་དོག་དམར་པོའི་སྣམ་བུ་དང༌། སྣང་བ་མཐའ་ཡས་ཀྱི་གདངས་དམར་བ་ལ་རབ་ཏུ་དམར་བ་བྱི་རུའི་མདོག་ལྟ་བུར་འཆར་རོ། །ལས་ཀྱི་

བྱའོ་དེ་ལྟར་རིམ་པས་བྱུང ] རིག W K · ལས་སོ་སོར་རྟོག་པའི་ཡེ ] རྟོགས O T · དང་སྣང་བ་མཐའ་ཡས་ཀྱི ] མཐས P L · ཏུ་དམར་བ་བྱི་རུའི་མདོག ] བྱེ A P L O T

[p. 194] རིགས་རྣམ་པར་དག་པ་ལས། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཁ་དོག་ལྗང་གུའི་སྣམ་བུར་འཆར་བ་དང༌། དོན་ཡོད་གྲུབ་པའི་གདངས་རབ་་ཏུ་ལྗང་བ་ཨིནྡྲ་ནཱི་ལའི་རྣམ་པ་ལྟར་འཆར་བའོ། །དེ་དག་གི་ཕྱི་རིམ་མཐིང་ག་རྡོ་རྗེའི་ར་བས་ཀུན་ནས་བསྐོར་བ་ནི། ཡེ་ཤེས་དེ་དག་ཐ་དད་པ་མ་ཡིན་པར་མཚོན་པའོ། །དེ་ལས་སྣང་བའི་འཕེལ་ནི་འོད་ལྔ་སོ་སོས་གཙོ་བྱས་པའི་ཁ་དོག་ལྔ་ལྔར་གསལ་བ་ནི། རིགས་དང་རིགས་ཀྱི་ཁྱད་པར་ལས་བྱུང་བའོ། །དེ་ནས་ཡེ་ཤེས་ཀྱི་རླུང་རྣམ་པར་དག་པ་ལས་མེ་ལོང་ལྟ་བུའི་རྐྱེན་འགྲེང་དུ་སྣང་བ་ནི། དེ་ལ་བརྟེན་ནས་ཉམས་ཀྱི་འཕེལ་འབྱུང་བའོ། །མཉམ་པ་ཉིད་ཀྱི་རྩིབས་ཤར་དུ་སྣང་བ་ནི། འཁྲུལ་པའི་སྣང་བ་ཟད་དུ་ཉེ་བ་ཉིད་དོ། །དེ་ནས་སོ་སོར་རྟོག་པའི་གྲུ་ཆད་དུ་སྣང་བ་ནི། འབྱུང་བའི་ཕྲ་བ་འགག་པའི་དུས་སོ། །བྱ་བ་གྲུབ་པའི་རེ་ལྡེའི་རྣམ་པ་ཙམ་དུ་སྣང་བ་ནི། ཡེ་ཤེས་ཀྱི་རང་གདངས་སོ་སོར་གསལ་བ་ལས་བྱུང་བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡུལ་གྲུ་ཙམ་དུ་སྣང་བ་ནི་རྟོག་པ་རགས་པ་རྣམས་འགགས་པ་ལས་བྱུང་བའོ། །དེ་དག་གི་ལམ་སྐྱེ་བའི་རིམ་པ་ནི། །བརྩོན་འགྲུས་རབ་རྣམས་ལ་བར་དུ་ཞག་ལྔ་ལྔའོ། །འབྲིང་རྣམས་ལ་ཞག་བདུན་བདུན། ཐ་མ་རྣམས་ཞག་ཉེར་གཅིག་ཉེར་གཅིག་ན་གོང་མའི་སྣང་བ་འགགས་ནས། ཡང་འོག་

ཀྱི་ཁ་དོག་ལྗང་གུའི་སྣམ ] ཡང P · ཁ་དོག་ལྗང་གུའི་སྣམ་བུར ] ཁུའི O T · པའི་གདངས་རབ་ཏུ་ལྗང་བ ] om. W K · གདངས་རབ་ཏུ་ལྗང་བ་ཨིནྡྲ ] ཡང P · རབ་ཏུ་ལྗང་བ་ཨིནྡྲ་ནཱི ] om. W K · ཕྱི་རིམ་མཐིང་ག་རྡོ་རྗེའི ] ཁ O T · མེ་ལོང་ལྟ་བུའི་རྐྱེན་འགྲེང་དུ ] བུ་གྱེན A P D L T · ཟད་དུ་ཉེ་བ་ཉིད་དོ ] བའི W K · ནས་སོ་སོར་རྟོག་པའི་གྲུ ] རྟོགས O T · ནི་འབྱུང་བའི་ཕྲ་བ་འགག ] འཕྲ O T

[p. 195] མའི་སྣང་བ་དེ་དག་ཏུ་རྣམ་པར་སྣང་བའོ། །ཁ་དོག་དང་དབྱིབས་ཀྱི་བར་འདིར་ནི་ཐང་ཅིག་ཏུ་གནས་པ་དག་འབྱུང་ངོ༌། །དེ་ནས་དེ་དག་ནུབ་ནས་ཀྱང་ཡེ་ཤེས་ལྔའི་དབྱིབས་ཀྱི་རྣམ་པ་འཆར་ཏེ། མེ་ལོང་ལྟ་བུའི་དབྱིབས་མིག་ཚགས་ཀྱི་རྣམ་པ་དང་འདྲ་བར་འགྱུར་རོ། །དེ་ནི་ཁ་དོག་རབ་ཏུ་སྤེལ་ལེགས་པ་ལས་བྱུང་བའོ། །དེ་ལ་གོམས་པ་ལས་མིག་མངས་རིས་སུ་འཆར་ཏེ། འདི་ནི་སྔོན་དུ་འགྲོ་བ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །དེ་ནས་མཉམ་པ་ཉིད་དྲ་བ་ཕྱེད་པར་འཆར་ཏེ། དེ་ནི་རླུང་གི་སྦྱངས་པ་དག་པ་ལས་བྱུང་བའོ། །དེ་ལས་དྲ་བར་སྣང་བ་ནི་སྔོན་འགྲོ་དག་ཅིང་ཚར་ཆོད་པ་ལས་བྱུང་བའོ། །དེ་ནས་སོ་སོར་རྟོག་པའི་མེ་ཏོག་གི་ཚོམ་བུར་འཆར་བ་ནི། གཟིགས་སྟངས་ལས་འགྲུས་པ་ལས་བྱུང་བའོ། །དེ་ལས་པདྨ་སྟོང་ལྡན་དུ་འཆར་བ་ནི་སྔོན་འགྲོ་འབྱོངས་པ་ལས་བྱུང་བའོ། །དེ་ནས་བྱ་བ་གྲུབ་པའི་མཚོན་ཆ་ལྟ་བུར་འཆར་བ་ནི། རང་བཞིན་མ་བཅོས་པ་ལས་བྱུང་བའོ། །དེ་ལས་འཁོར་ལོ་ལ་སོགས་པའི་རྣམ་པ་སྣ་ཚོགས་སུ་སྣང་བ་ནི་སྔོན་འགྲོ་མཐར་ཕྱིན་པ་ལས་བྱུང་བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཁར་ཐབ་ཏུ་འཆར་བ་ནི། རིག་པ་མིག་ནས་དྲངས་པ་ལས་བྱུང་བའོ། །དེ་ལས་ཟ་འོག་གུར་ཁྱིམ་ལྟ་བུ་ནི་སྔོན་འགྲོ་དག་པར་བྱས་པ་ལས་བྱུང་བའོ། །དེ་དག་

ནས་ཡང་འོག་མའི་སྣང་བ ] པའི D O · འདིར་ནི་ཐང་ཅིག་ཏུ་གནས་པ ] གཅིག་དུ O T · དག་ནུབ་ནས་ཀྱང་ཡེ་ཤེས ] ཡང O T · བྱུང་བའོ་དེ་ནས་སོ་སོར ] ན A O · ནི་གཟིགས་སྟངས་ལས་འགྲུས་པ ] ལ D O S T · ནི་རང་བཞིན་མ་བཅོས་པ ] om. P · དེ་ལས་ཟ་འོག་གུར་ཁྱིམ ] འུག O T

[p. 196] ཀྱང་བརྩོན་འགྲུས་ཀྱི་ཁྱད་ཀྱིས་ཞག་གསུམ་དང༌། བདུན་དང༌། བཅུ་བཞི་ན་གཅིག་སྐྱེ་གཅིག་འགག་པའོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། འདི་དག་ནི་སེམས་ཀྱི་སྔོན་འགྲོའི་དུས་ན། རྟོག་པ་ཐ་དད་པར་བསླང་བ་དེ་འགགས་པའི་རྟགས་ཡིན་ནོ། །དེ་ནས་རིག་པ་རང་གི་ངོ་བོའི་སྣང་བ་འཆར་ཏེ། འོད་དེ་དག་ཐིག་ལེར་འཆར་བ་ནི་ལུ་གུ་རྒྱུད་གཅིག་ཏུ་འདུས་པ་ལས་བྱུང་བའོ། །དེ་ནས་ཐིག་ལེ་གཉིས་འབྲེལ་དུ་སྣང་བ་ནི་ཐབས་དང་ཤེས་རབ་རྣམ་པར་དག་པ་ལས་བྱུང་བའོ། །དེ་ནས་ཐིག་ལེ་ལྔ་སྦྲེལ་དུ་སྣང་བ་ནི་ཡེ་ཤེས་ལྔ་ལ་བྱན་ཚུད་པ་ལས་བྱུང་བའོ། །མངོན་སུམ་གྱི་ཐིག་ལེ་དང་འབྲེལ་ལུགས་མི་འདྲ་སྟེ་ཆེ་ཆུང་ཡོད་པའི་ཕྱིར་རོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། ཐལ་འགྱུར་བས། ཁ་དོག་ལྔ་ཡི་འོད་ཀྱིས་ཀྱང༌། །རེ་ལྡེ་ཙམ་ལས་གྲུ་ཆད་སྣང༌། །ཡུལ་གྲུ་ཙམ་ལས་མཐོང་ཚད་དོ། །ཞེས་པ་དང༌། རང་བྱུང་གི་རྒྱུད་ལས། རང་ངོ་མཐོང་ལས་འདི་ལྟར་རོ། །ཡར་མཚམས་ལས་ནི་སོར་བཞི་ལས། །བྲལ་བའི་སྐྱེས་བུ་སྐལ་བཟང་བ། །འཁོར་བར་འཇུག་པ་ག་ལ་སྲིད། །གྲུ་ཆད་རྣམ་པར་གང་སྣང་བ། །སྤྲུལ་པའི་ཡོན་ཏན་འདིས་འགྲུབ་བོ། །མཐོང་བའི་ཡུལ་ཙམ་གང་སྣང་བ། །ཚོམ་བུ་ལ་ནི་དེ་བཞིན་ནོ། །ཕྱིར་སྣང་འགགས་པ་གང་

བདུན་དང་བཅུ་བཞི་ན་གཅིག་སྐྱེ ] བཞིན A O · ཐིག་ལེ་ལྔ་སྦྲེལ་དུ་སྣང ] སྤྲེལ L T · མི་འདྲ་སྟེ་ཆེ་ཆུང་ཡོད ] om. W K · སྟེ་ཐལ་འགྱུར་བས་ཁ་དོག ] ལས A P L T · ལྔ་ཡི་འོད་ཀྱིས་ཀྱང་རེ ] ཀྱི W K · རང་ངོ་མཐོང་ལས་འདི་ལྟར ] བས W K · བུ་སྐལ་བཟང་བ་འཁོར་བར ] པ A T

[p. 197] ཡིན་པ། །སྐད་ཅིག་མ་ནི་བཅུ་དྲུག་ལ། །འདི་ཡང་དེ་ལྟར་འགྱུར་བའོ། །ཞེས་སོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ལ་སྣང་ཚུལ་སྤྱིར་བསྟན་པ་དང༌། རང་བཞིན་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་ཐིག་ལེ་རེ་རེའི་ནང་དུ་སྐུ་ཕྱེད་མ་རེ་རེ་སྣང་བ་ནི་སྤྲུལ་པ་སྐུའི་སྦྱང་བ་རྣམ་པར་དག་པ་ལས་བྱུང་བའོ། །དེ་ནས་སྐུ་རང་རྐྱང་རེ་རེ་སྣང་བ་ནི་སྤྲུལ་སྐུའི་སྣང་བ་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལས་བྱུང་བའོ། །དེ་ནས་སྐུ་དེ་དག་ཡབ་ཡུམ་ལྔ་ལྔར་གྱུར་པ་ནི་ལོངས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པ་ཉིད་དོ། །དེ་ནས་སོ་སོའི་ཚོམ་བུའི་དཀྱིལ་འཁོར་དང་བཅས་པར་སྣང་བ་ལ། དེ་ཉིད་མུ་ཁྱུད་ཀྱི་ར་བ་དང་སོ་སོའི་གཙོ་འཁོར་དུ་སྣང་བ་ནི། ཆོས་སྐུའི་སྦྱང་བ་རྣམ་པར་དག་པ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །འདི་ནི་རིག་པ་ཚད་ཕེབས་ཀྱི་སྣང་བ་སྟེ། སྔོན་འགྲོའི་དུས་ན་ལུས་ཀྱི་བྱ་བ་དང༌། བྱེད་པ་དེ་དག་གི་འབྲེལ་ཚད་དེ་ཕྱིས་མི་སྐྱེ་བའི་རྟགས་སོ། །དེའང་དག་བྱ་དྲི་མ་རེ་སྦྱོང་བའི་གཉེན་་པོ་སྔོན་འགྲོ་ལ་སོགས་པ་གནད་དུ་ཕྱིན་པ་ལས་སྣང་བ་དེ་དག་ཤར་བར་བཏགས་ཀྱང་བྲལ་འབྲས་དང་དག་བྱ་དག་བྱེད་ཀྱི་རྒྱུ་འབྲས་བཏགས་པ་པ་ཡིན་གྱི། དེས་བསྐྱེད་ནས་བྱུང་བ་མ་ཡིན་ཏེ། ཡེ་ཤེས་རང་ཡོད་ཀྱི་གདངས་དྲི་མའི་སྒྲིབ་པ་དག་སྟོབས་ཀྱིས་སྣང་བའི་ཕྱིར་རོ། །ཐལ་འགྱུར་

ལྟར་འགྱུར་བའོ་ཞེས་སོ་གསུམ ] ཅེས O T · ཆོས་ཉིད་མངོན་སུམ་དུ་མཐོང ] གསུམ O T · མངོན་སུམ་དུ་མཐོང་བ་ལས ] མ་ཐོང P · དག་གི་འབྲེལ་ཚད་དེ་ཕྱིས ] ཆད A P L · དག་ཤར་བར་བཏགས་ཀྱང་བྲལ ] བརྟགས A P L S · འབྲས་བཏགས་པ་པ་ཡིན་གྱི ] བ A P D L O S T

[p. 198] ལས། རིག་པ་ཚད་ཕེབས་སྣང་བ་ནི། །ལོངས་སྐུའི་མཚན་དཔེ་གསལ་བར་ནི། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ལྔ་ཡབ་དང་ཡུམ་དུ་སྣང༌། །ཞེས་པ་དང༌། བསྟན་བུ་ལས། དེ་བཞིན་སྐུ་ལ་ཐུག་གི་བར། །དྲུག་དང་བཅུ་དང་ལྔ་གསུམ་ལ། །གདོན་མི་ཟ་སྟེ་ལོངས་སྐུའོ། །ཞེས་སོ། །གཉིས་པ་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ ཚད་ཕེབས་ཀྱི་ངེས་ཚིག་སྤྱིར་བསྟན་པ་དང༌། ཚད་གསུམ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི་རིག་པ་ཚད་ཕེབས་ཞེས་པས། རིག་པ་ནི་གཞི་གནས་ཀྱི་རིག་པ་མངོན་དུ་གྱུར་ཏེ། ལམ་སྲོལ་དུ་ཚུད་པ་ལས། གཞི་སྣང་གི་རང་གདངས་ལྷུན་གྲུབ་ཀྱི་འཆར་སྒོ་སྐུར་སྣང་བས། ལམ་སྣང་ཟད་དུ་ཉེ་བ་ལས། དཀྱིལ་འཁོར་རྫོགས་པ་རྣམས་སོ། །ཚད་ནི་དང་པོ་ཕྱེད་སྐུ་ནས་སྐུའི་དཀྱིལ་འཁོར་རྫོགས་པའི་བར་རོ། །ཕེབས་པ་ནི་དེ་ལས་འདས་ས་མེད་པས་རྣམ་པར་སྣང་བའོ། །དེ་དག་ནི་ཟླ་བ་ཉ་གང་བའི་རྣམ་པ་དང་འདྲ་སྟེ། ཡར་གྱི་འཕེལ་ཟད་པས་དཀྱིལ་འཁོར་རྫོགས་ཏེ་རང་ངོ་ལ་བཅོས་སུ་མེད་པའོ། །གཉིས་པ་ཚད་གསུམ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ཕྱི་སྣང་བའི་ཚད། །ནང་ལུས་ཀྱི་ཚད། གསང་བ་རིག་པའི་ཚད་དོ། །དང་པོ་ནི། སྣང་བ་ལ་དབང་བསྒྱུར་ཞིང་ཞིང་ཁམས་འོད་གསལ་དུ་རྫོགས་པ་སྟེ། ཐལ་འགྱུར་ལས། དེ་ལྟར་ཕེབས་

ཡུམ་དུ་སྣང་ཞེས་པ་དང ] ཅེས O T · སྟེ་ལོངས་སྐུའོ་ཞེས་སོ་གཉིས ] ཅེས O T · པ་ཚད་ཕེབས་ཞེས་པས་རིག ] ཅེས O T · ནི་དེ་ལས་འདས་ས་མེད ] འདའ P L · དེ་ལས་འདས་ས་མེད་པས ] པ S T · སྟེ་ཕྱི་སྣང་བའི་ཚད་ནང་ལུས ] བའོ W K · བ་ལ་དབང་བསྒྱུར་ཞིང་ཞིང ] སྒྱུར O T

[p. 199] ནས་རྫོགས་པའི་ཚད། །ཐད་ཀའི་དངོས་སྣང་འགགས་པ་དང༌། །ས་རྡོའི་སྣང་བ་བཞུ་བ་དང༌། །རང་ཤེས་ཅི་ལའང་ཚུད་པ་དང༌། །དེ་བཙུད་བེམས་པོ་འགུལ་བ་དང༌། །རླུང་གི་འགྱུ་བའི་ཚད་ཟིན་དང༌། །ལུས་ཀྱི་རྡུལ་ཕྲན་མཐོང་བ་འབྱུང༌། །ཅིར་སྣང་གཟུགས་སྐུར་རྫོགས་པ་དང༌། །དེ་ལས་ཡབ་ཡུམ་འཁྲིལ་བ་དང༌། །ལྔ་ལྔ་ཡབ་དང་ཡུམ་སྦྱོར་དང༌། །ཀུན་ཀྱང་མུ་ཁྱུད་ཟླུམ་པོ་ལ། །རྣལ་འབྱོར་ལུས་ཀྱང་འོད་གསལ་ཞིང༌། །འགྲོ་དང་འོང་དང་འདུག་པར་སྣང༌། །ཐམས་ཅད་རིག་པ་ཚད་ཕེབས་སོ། །ཞེས་སོ། །གཉིས་པ་ནི། ལུས་ཀྱི་རྡོས་པ་དག་ནས་སྙིང་དབུས་སུ་ཨ་དཀར་པོ་ལས་འོད་ཟེར་ལྔ་སྒྲིལ་མཐོངས་ཁུང་གི་ཉི་ཞུར་ལྟར་བར་སྣང་ལ་འོད་ཀྱི་སྐར་ཁུང་གི་ནང་ཤར་བར་ཟུག་ཅིང༌། ཐོར་ཚུགས་ན་ཡེ་ཤེས་ཀྱི་རླུང་གནས་པས་རང་བཞིན་གྱིས་འདེགས་པར་སྣང་ལ། མཛོད་སྤུ་ནས་འོད་ཟེར་སྣ་ལྔ་འདོམ་གང་དུ་གསལ་ཞིང༌། ལག་པའི་སོར་མོ་ལྔ་ལ་འོད་ལྔའི་ཕྲེང་བས་འཁྲིགས་ཤིང༌། །ལུས་ཀྱི་བ་སྤུའི་སྒོ་ལ་སོགས་པ་ཕྱི་ནང་གི་ཆ་རྡུལ་ཕྲན་གྱི་ཁྱོན་ལས་ཆུང་བ་རེའི་གོ་ན་ཞིང་ཁམས་གྲངས་མེད་ན་སངས་རྒྱས་དང་སེམས་ཅན་ཚད་མེད་པ་སྣང་བ་ནི་ལྷུན་གྲུབ་ཀྱི་སྒོ་བརྒྱད་ཤར་བའི་སྣང་བ་ཀུན་འདིར་ལྷག་ཆད་མེད་པར་རང་སྣང་ལ་སྣང་བ་ཡིན་ལ། དུང་ཁང་

དང་དེ་བཙུད་བེམས་པོ་འགུལ ] བེམ P L · ཀྱང་མུ་ཁྱུད་ཟླུམ་པོ་ལ ] བཟླུམ O T · ཚད་ཕེབས་སོ་ཞེས་སོ་གཉིས ] ཅེས O T · ནི་ལུས་ཀྱི་རྡོས་པ་དག ] བརྡོས O T · ཟེར་ལྔ་སྒྲིལ་མཐོངས་ཁུང་གི ] མཐོང O T · ནས་འོད་ཟེར་སྣ་ལྔ་འདོམ ] སྣང W K · ལྔ་ལ་འོད་ལྔའི་ཕྲེང་བས ] ལྔ W K
[edit]
Machine translation, not yet reviewed by a translator. Six AI models translated the text independently; Claude Fable 5.1, as editor, established this version against the Tibetan (September 2026). [p. N] = pages of the base text. Notes on doubtful readings follow the translation. See the contents page for how it was made.

[p. 169]

Speaking less and less, one trains in short sessions at cutting off the speaking of ordinary talk. Then one trains for longer. In between, even when there is nothing to say, one speaks only by oneself. Abiding: one does not prohibit virtuous utterances such as mantras and recitations, but one does not mingle even a single syllable with others. At this time one conveys meaning by gestures of the body. Decisive resolution: one does not make any utterance at all, such as mantras and the like. Stability: one does not depart from the state of uttering nothing whatsoever, and one does not make even a mere bodily gesture. The Seed Tantra says:

Speech is just like that of a mute:
One makes not even a gesture to anyone.
The person who acts in this way
Cuts off of itself the mind's emanation and reabsorption.

By cutting off the speaking of speech, the inexpressible meaning arises in one's continuum (rgyud); and since one's speech is not mingled with that of other beings, there is the purpose that the body is mastered. Through the mastery of the body, one is blessed by the buddhas, the bodhisattvas (byang chub sems dpa'), and the ḍākinīs (mkha' 'gro ma) of Khecara, and the body is liberated as an illusory kāya. Then, by blocking what is to be uttered, speech is mastered, and as a sign, one comes to communicate by signs with nonhumans and to converse with them. By blocking the utterances of speech, the mind is mastered, and as a sign of that, first one sees the forms of nonhumans,

[p. 170] and then fragmentary superknowledge (mngon par shes pa) arises. Such is the instruction (gdams pa) on the key point of cutting, by means of the key point of speech, the connection at the juncture of body and mind. As the key point of mind, apart from gazing with the eyes into the vault of the sky, one thinks no thought whatsoever. The Reverberation of Sound says: "Mind is accomplished by directing it to basic space." Thus, by principally disciplining the two, body and speech, the mind is tamed along with them, basic space and awareness arise, and the bonds of the three realms are cut. The Seed Tantra says:

Whoever disciplines body and speech in this way
Will by this become familiarized
With the appearances of the basic space of phenomena.

And the Vajra Array (rdo rje bkod pa) says:

Knowing the key points of body, speech, and mind,
And conforming to them, one is freed from saṃsāra.

The second topic, bringing direct perception to bear right upon itself in reliance on the three key points, has three parts: binding the three key points into the vajra framework; introducing directly perceived awareness to its own face (rang ngo); and showing the manner in which appearances arise from that. The first has two parts: showing the general framework of the three key points, and, in particular, bringing each key point itself to bear. The first is the three key points of the door (sgo), the object (yul), and wind and awareness (rlung rig). The Reverberation of Sound says:

Do not part from the pith instructions of the three key points.
These are the door and the object itself,

[p. 171] And the very key point of wind and awareness — hold them fast.

For example, it is like a weapon that strikes a vital point (gnad). Just as, when a vital point of the body — the channels and sinews, or the heart and the like — is struck, one will die and cannot survive whatever is done, so too, through the three key points, there is no room for deviating from the nature of phenomena: by the key point of the door one is made to see; by the key point of the object it is made unchanging; by the key point of wind and awareness the signs are brought to their full measure. Further, the key point of the door is like a sentry; the key point of the object is like a traveler; the key point of wind and awareness is like a bandit. Just as, once the sentry has caught him, the one who is sought is seized without any power to escape, and once the enemy has come upon him it is impossible for him not to fall into the bandit's hands, so it is impossible not to strike the key point of the direct perception of the nature of phenomena. Moreover, if there were no object, there would be no ground to rest upon; if there were no door, the path along which to proceed would be lost; and if there were no key point of wind and awareness, knowing awareness would not be resolved within. Hence they are determined as three key points. If there were more than these, being endless, the key point would be lost; if fewer, the purpose would not be accomplished. Hence they are determined as three.

The second, in particular bringing each key point itself to bear, has two parts: determining the general sequence of the three key points, and bringing each individual key point to bear. The first is that body, speech, and mind, the three, are kept motionless, and that the door, the object, and

[p. 172] wind and awareness are held in check.

To distinguish this by means of the transmission of the lineage of seeing: the Tantra of Self-Arisen Awareness (rang byung rig pa'i tantra) says:

Thus, by pressing firmly
Upon all the key points of body and the rest,
Awareness itself is known directly
From the transmission of the guru.

And the Reverberation of Sound says:

If one applies the main practice to one's own continuum,
Then, by relying on the key point of body, and of speech,
And on the key point of mind,
The wind is by all means made slow;
Through what arises from its being fully projected,
The connection between body and mind is severed,
And there is no turning back into the three realms.

And:

The door is looked through with the eyes of the three kāyas;
The object is free of what obscures;
By the slowing of wind and awareness, primordial wisdom is accomplished.

The second consists of the three key points of the door, the object, and wind and awareness. The first: since primordial wisdom does not dawn through an ordinary way of looking, one trains in the three gazes (gzigs stangs) of the three kāyas. The Glorious Tantra Equal to Space (dpal nam mkha' dang mnyam pa'i rgyud) says:

By the gaze of the dharmakāya,
The saṃsāra of the three realms is drawn out from its depths;
By the sambhogakāya the very ground of existence is destroyed;
By the nirmāṇakāya one is liberated into the buddha field.

And the Tantra Without Letters (yi ge med pa) says:

The eyes are fixed upon the element of space.

And the Secret Tantra of Sound (gsang ba sgra rgyud) says:

Lowered,

[p. 173] Turned upward, and sideways —
These are renowned as the three kinds of gaze.

Here, the nirmāṇakāya's attaining buddhahood with the gaze lowered is gazing upon those to be tamed (gdul bya); the sambhogakāya's attaining buddhahood by gazing to the side is gazing upon the buddha fields (zhing khams); and the dharmakāya's attaining buddhahood with the gaze turned upward is gazing upon the ground. If a yogin whose eyesight is poor conforms to the gaze of the nirmāṇakāya, it has the purpose that the eyes will not grow dim. If one whose eyes have been impaired conforms to the sambhogakāya, it has the purpose that the eyes will become clear. If one whose eyesight is good conforms to the manner of the dharmakāya, it has the purpose that the visions will swiftly reach full measure (tshad la phebs pa). If one does not waver from these, it is certain that the three eyes will be realized inwardly. Since the dharmakāya possesses the eye of the nature of phenomena, this pertains to enlightened speech (gsung);

through its blessing, primordial wisdom is actually seen, and so one reaches decisive certainty about this itself. Since the sambhogakāya possesses the eye of primordial wisdom, this pertains to enlightened body; through its blessing, one sees with natural clarity, and so knowledge (mkhyen pa) expands. Since the nirmāṇakāya possesses the eye of wisdom, this pertains to enlightened mind; through its blessing, one sees free of sounds and words, and so the meaning of the nature of phenomena dawns from within without depending on hearing, reflection, and meditation. Furthermore, as for looking with the three eyes: turning the eye of the nature of phenomena upward is the key point of clearing away habitual tendencies downward;

[p. 174] looking evenly to the side with the eye of primordial wisdom is the key point of blending saṃsāra and nirvāṇa into equal taste (ro mnyam); and looking downward with the eye of wisdom is the key point of actually bringing down the visions of primordial wisdom.

If one asks why the gazes are determined as three: because the gaze of the sambhogakāya is auspicious for the lazy, that of the nirmāṇakāya for the diligent, and that of the dharmakāya for those of equanimity, they are determined as three. As for the etymology: "gazing" (gzigs pa) means that by gazing at the nature of phenomena one is utterly pure, obscurations being exhausted; "manner" (stangs) means that it brings about liberation from saṃsāra.

Second, the key point of the object. The object of the outer basic space is the empty sky free of clouds; and the object of the inner basic space, when one focuses on the ūrṇā hair (mdzod spu) between the eyebrows, is the deep blue appearance of basic space (dbyings snang) and the natural radiance of the five aspects that spread out from it. From the Reverberation of Sound:

Basic space is outer and inner.
The outer is held to the cloudless sky.
When the fine dust has been cleared by rain,
the skilled one presses the key points directly,
and makes the inner lamp the path.

So it says. Moreover, the outer is the object in which awareness arises, and the inner is the object in which experience increases; from awareness and experience being nondual, this is called "the mingling of saṃsāra and nirvāṇa." Furthermore, if one focuses as the object on the coarse entities of earth, water, fire, and wind,

[p. 175] one is not liberated: at first the appearances are unwilling to arise; and later, even if one focuses on them when they have arisen, since cognition too is born in conformity with those coarse entities, the experience of inconceivable emptiness (stong nyid) does not arise from within.

By focusing empty awareness on the empty sky, there arises an experience that conforms to its object, the sky—an empty clarity (stong gsal) free of emanation and reabsorption, boundlessly open—and so there is a purpose in being free of entities and characteristics (mtshan ma). From the Mind Class (sems sde): "The yogin dwells on the bird-path of the sky." From the Condensed Prajñāpāramitā (sdud pa): "Whatever that meaning may be, examine it in pure space." From the Middle-Length Mother (yum bar ma): "To meditate on the perfection of wisdom is to practice the yoga of space." Such scriptural citations are immeasurable. Moreover, from the mingling of the outer and inner objects, this is called "the view of impartial equality"; it is called "the view of the nonduality (gnyis med) of basic space and awareness"; and since basic space and awareness mingle, it is called "the view of the equal taste of saṃsāra and nirvāṇa." This very point is stated also in the Only Child of the Teaching:

The gaze of basic space and awareness
is like the sky free of what obscures.

Third, the key point of wind and awareness. When the object and the door come together, relying on gentle wind is called "holding awareness captive." Moreover, for the wind

[p. 176] to be gentle by all means, the key point is to send it far outward and to leave it held outside. Furthermore, through the wind being gentle: outwardly, it serves as an aid to the extension of the yogin's life; inwardly, it acts as the condition (rkyen) for conceptual thoughts to subside; secretly, it performs the function of directly seeing awareness; and in reality, it brings about buddhahood in which the defiled no longer appears. So too the Reverberation of Sound says:

The wind should by all means be made gentle;
since it arises from being cast far out,
the link between body and mind is cut,
and there is no turning back into the three realms.

And: "When wind and awareness are gentle, primordial wisdom is accomplished."

The key point of awareness is to set the chains within the enclosure of basic space and make them unmoving.

From the same: "The chains of awareness, its own face, free of going and coming, are held in the sky." And from the Only Child of the Teaching: "Within basic space the chains are set in place and are not to be parted from it." Moreover, by relying on gentle wind, the meaning free of activity is born in one's continuum; by fixing the chains of awareness firmly, the source of conceptual thoughts is exhausted, and

[p. 177] delusion reverts to the ground, and the mother and child primordial wisdoms meet. Awareness being parted from wind and having no going or coming is awareness coming into its own mastery.

Furthermore, when this is given as guidance (khrid), one should spend five or six days on aligning the key point of the body. Then, for employing the doors, about as long. Then, for seeking out the object, six to seven days; and then, bringing direct perception to bear directly upon itself, one takes it into practice. Through this one becomes thoroughly proficient and comes to know how to meditate. Otherwise, if it is done vaguely and haphazardly, one sees some indistinct appearance and, lacking confidence, when the guidance is finished one has no idea what was being spoken of, and there is a danger that some end up lost in vagueness; so one should see to it that it does not turn out that way. In this regard, in general, when this great guidance is imparted, by training with diligence in the preliminaries until they reach full measure, an uncommon confidence in the main practice arises. By imparting the main practice so that it takes effect, an exceptional joy and delight in direct perception arise. By explaining the subsequent supporting teachings so that they are settled to their conclusion, one knows that one is able to sustain the practice; doubts and speculation are settled once and for all, and there is the purpose that one's mind does not long for other teachings.

Second, directly introducing the own face of awareness: "This awareness—the vajra chains, like golden threads floating in the sky, together with the appearance of the luminosity ('od gsal) of basic space—

[p. 178] is the natural radiance of the undeluded buddha, primordial purity and spontaneous presence. By gazing into its state, all that conceptualizes is purified, and as a radiance like the sky, free of elaboration (spros bral), arises within, one meets face to face with the enlightened intent of the nonduality of basic space and awareness, the self-arisen primordial wisdom of discerning wisdom (shes rab rang byung gi ye shes).

"One's fortune is equal to that of the primordial Samantabhadra. If familiarization with this reaches full measure, the material body passes into light; and even if it does not, one proceeds either in the intermediate state (bar do) or to the buddha fields of natural emanation (rang bzhin sprul pa). The precipice of the delusion of the six classes of beings is cut off." Thus one introduces it. From the Harvest of the Self-Arisen Teaching (rang byung bstan pa'i btsas):

Whatever person sees in this way
is, with the primordial Samantabhadra,
equal indeed in fortune.

And from the Reverberation of Sound:

The nature of the chains,
since all conceptual thought is purified,
is the undeluded buddha of the ground.

Third, showing the manner in which appearances arise from that: the natural radiance of the five lights ('od lnga) of basic space appearing in a shimmering way; the chains being linked by subtle spheres; and, from what at first is a white glittering like radiating stars, up to the appearances of spheres endowed with the five colors, single ones, and those linked in threes. From the former: "Then the spheres are seen." Moreover, by gazing at the outer luminosity,

[p. 179] one is freed from inner conceptual thoughts and liberated in impartial equality; and since the two—the radiance of awareness of primordial purity and the radiance of light ('od gdangs) of spontaneous presence—are joined as an outer and inner pair, this is called the enlightened intent of basic space and awareness beyond meeting and parting ('du 'bral med pa).

Third, the stages in which the four visions arise has two parts: a brief presentation of their essence, and an extensive explanation of their nature.

First: at the time of all four visions, three key points are held in common—the body remaining in its posture, the eyes looking with their gaze, and wind and awareness being naturally gentle. In particular, by training in the first two visions, one becomes naturally proficient in the latter two without depending on effort, and since one is liberated into luminosity, this is called "the nonduality of basic space and awareness." As the key point of all these, it is not parting from awareness, the vajra chains, that has emerged as the key point. If its meaning is explained: "awareness" refers to the indivisibility of the three—essence, nature, and compassionate responsiveness (thugs rje)—abiding in the ground (gzhi gnas), and to its radiance, which, from the appearance of the limpid light channel ('od rtsa), is like golden threads strung in a continuous line, linked by spheres at the bends. "Vajra" is posited from the aspect that in all buddhas and sentient beings (sems can) its essence abides equal, without good or bad, and unchanging.

"Lu" is like, for example, the way water from a good channel of water issues forth

[p. 180] without diminishing, so likewise, until the visions of the path are complete, it causes the various doors of increase of the kāyas and primordial wisdom to arise from it. "Gu" means that within that itself it draws in the unerring view and meditation of the nature of phenomena. "Rgyud" means that it pervades saṃsāra and nirvāṇa, and that from the hosts of those appearances it makes clear the kāyas, and the radiating, spreading, gathering, and so forth of the spheres. The Reverberation of Sound says:

Through wind and awareness being gentle, primordial wisdom is accomplished;
from that, it becomes the four visions.
By the vision of direct perception of the nature of phenomena,
the view that clings to intellectual speculation is effaced.
By experiential visions increasing higher,
deluded appearances are made to subside.
By the vision of awareness reaching full measure (rig pa tshad phebs),
the visions of the path of realizing the three kāyas are transcended.
By the vision of exhaustion in the nature of phenomena (chos nyid zad pa),
the continuous cord of saṃsāra in the three realms is cut.

Moreover, that the visions are fixed in number as four is determined in dependence upon, outwardly, the waxing and waning of the four seasons of the year; inwardly, release from the bonds of the four—body, speech, mental faculty, and mind; secretly, the demonstration of the certainty of the four empowerments; and in reality (de kho na nyid), the certainty of the visions of the four lamps. Thus they are fixed as four. As for the certainty of their order: if the initial ground—direct perception of the nature of phenomena—is not seen, the remaining

[p. 181] three have no ground of arising ('char gzhi); therefore, as the ground of support and supported, the vision of direct perception of the nature of phenomena arises first. Since, through the arising of that itself, the meaning of all phenomena is seen, this is called "finding self-arisen primordial wisdom (rang byung gi ye shes) from oneself." Then, if what has thus become manifest is not experienced, no fruition arises from mere words; rather, through experiencing the meaning, the experience of it comes to increase higher (nyams gong 'phel). The measure of experience thus born must be made stable; for if it is not stable, then since experience reaches no culmination, one gains no hold on the Dharma, and no cause arises for one to be purified and expanded [into buddhahood]. Rather, by reaching the measure at which experience is stable,

the vision of awareness reaching full measure arises. Even when the vision of awareness has reached full measure, if it did not change into anything beyond that, this would be no different from asserting the three kāyas to be the fruition, and no different from the common [vehicles], which hope for the ultimate fruition in phenomena of concrete appearance and characteristics. Rather, appearances and experiences dissolve into the ground, and once the apprehension of appearances, subtle and coarse, has subsided, by engaging in primordial purity, the exhaustion of phenomena (chos zad), the vision of exhaustion in the nature of phenomena arises. Moreover, among these, the first two are the visions of the nirmāṇakāya, reaching full measure that of the sambhogakāya, and exhaustion that of the dharmakāya; by taking these as the path, the three kāyas arise as visions of the path, and since the fruition therefore reaches the basic space of primordial purity, the exhaustion of phenomena, the three kāyas, the dynamic energy of self-appearance (rang snang), dissolve into the state

[p. 182] of awareness, and so this is the fruition of primordially pure awareness. And since only then, from the basic space of awareness, do the three kāyas, its own dynamic energy, arise and accomplish the aim [of beings], this is called "accomplishing the aim." It is the heart essence whose very name is not heard in other vehicles, called "the enlightened intent of the king of vehicles." This key point is one that is difficult to realize.

Second, the extensive explanation of their individual natures, has four parts: the extensive explanation of the vision of direct perception of the nature of phenomena, of the increase of experience, of awareness reaching full measure, and of exhaustion in the nature of phenomena.

The first has two parts: setting forth the general context of direct perception, and identifying its own defining characteristic. First: in general, direct perception is of two kinds—direct perception as renowned in relative convention (tha snyad), and direct perception that meets the ultimate basic space. Of the first, there are: sense direct perception, which is the nature of the appearing of the five objects such as form; mental direct perception, which is the appearing of closely engaged objects within the domain of thought that ascertains reasons; self-aware direct perception, which is the appearance that ascertains the inner experience of pleasure, pain, and so forth; and yogic direct perception, the close meeting with the meaning of the nature of phenomena, which is the certainty of experiencing, free from apprehended and apprehender, within a state in which the individually authentic awareness (so so yang dag pa'i rig pa) that has entered the side of reality and its appearing object are nondual. It is as the Pramāṇavārttika (rnam 'grel) says:

[p. 183] Having withdrawn the mind from everything,
even though one abides with one's inner self unmoving,
the intellect that sees forms with the eye
is born of the sense faculty.

Direct perception that meets the ultimate basic space is this: it is ascertained that the essence of awareness, the nature of phenomena, is present in the heart, and because its natural radiance is connected from the heart to the eyes, like the sun and its rays, it is met with conviction through the reasoning (gtan tshigs) that ascertains cause and result. Therefore, of the two kinds—mundane and transcendent—this is transcendent direct perception. Of the transcendent, there are two: the mind's ascertainment of reasons, in which knowing what is to be expressed is primary; and the direct perception of awareness, in which seeing through the key points being brought to bear is primary. Of these, this is what is called the direct perception of awareness.

Second, identifying its own defining characteristic. As for the expression "the vision of direct perception of the nature of phenomena": of the four ways in which the term "nature of phenomena" is applied—where saṃsāra is "phenomena" and nirvāṇa is "the nature of phenomena," this is that nature of phenomena; where appearance is spoken of as "phenomena" and emptiness as "the nature of phenomena," this is that nature of phenomena; where not being liberated for lack of the key point is known as "phenomena" and being certain to be liberated through having it is known as "the nature of phenomena," this is that nature of phenomena; and where basic space is known as "phenomena" and awareness as "the nature of phenomena," both of these are held to be indivisible

[p. 184] from one another. "Direct" (mngon pa) means that it is actually present to be looked at within the domain of the sense faculties. Moreover, it does not depend on intellectual speculation: wherever one searches for it with the wisdom of intellectual speculation, there is never a time when it is found. For the searcher is not something endowed with eyes, and luminosity is not something endowed with form. As the Condensed Prajñāpāramitā says: "When examined with wisdom, no bottom to the aggregates is found." This appearance of luminosity is not something endowed with form as conventionally known, for it does not exist as subtle particles (rdul phran) or as coarse, specifically characterized (rang mtshan) entities, and so it cannot be broken down or destroyed by the harm of the four elements. What is endowed with form can be broken down and destroyed, because that is the defining characteristic of form. "Three" (gsum) is an enumeration: outwardly, the ground is laid by the three key points of body, speech, and mind;

inwardly, the path is cleared by three key points—the key point of the object, the nature of phenomena; the key point of the door that makes it arise; and the key point of the abiding of wind and awareness; secretly, the measure is taken by three—the stages of the measure of familiarization, the stages of the signs of maturation, and the stages of ultimate exhaustion; and unsurpassably, the fruition is perfected by three—appearance as light, maturation as spheres, and perfection as kāyas. Because it is thus determined as four sets of three, it is called "three." Alternatively,

[p. 185] it is the number of the three appearances of the natural radiance of the three kāyas, spontaneously present in the nature of phenomena, arising outwardly: the natural radiance of the dharmakāya, inwardly experienced as awareness-emptiness (rig stong); the natural radiance of the sambhogakāya, the five lights shining outwardly, primordial wisdom's natural clarity; and the natural radiance of the nirmāṇakāya, liberation upon arising (shar grol) without bias, together with the dynamic energy of wisdom. In relation to these three, it is called "three." Moreover, because the ground is laid by the three grounds, there is the key point that there is no difference in the actual entity; because obstacles are cleared by the three paths, there is no near or far on the path traveled; because it is brought to measure by the three measures, there is neither discrepancy nor disorder; and because it is carried to the place of exhaustion by the three fruitions, there is no "is it or is it not" and no doubt—hence it is called "direct perception." For in the ordinary state, by seeing the three—the pleasing, the displeasing, and the neutral—the three of pleasure, pain, and the intermediate arise; and at the time of practicing the guru's instruction, it is by directly seeing the three—basic space, awareness, and phenomena. There is the key point that in the direct perception of the nature of phenomena nothing can be superimposed (sgro 'dogs) by the words of intellectual speculation; at the time of familiarization, by seeing the three—lights, spheres, and kāyas—the key point that deluded appearances cease of themselves; and at the time of reaching full measure, by directly seeing the three—clarity, emptiness, and bliss—the key point that the nature of phenomena is exhausted of itself. Thus,

[p. 186] "three" rests on the other numerical bases [just enumerated], and it is certain that the fruition is liberated all at once. As for the vision: as to what appears, the nature of phenomena appears; as to the object in which it appears, it appears in basic space; and as to the manner in which it appears, it appears as lights and houses of light ('od khyim) together with the chains of awareness. From taking that vision into practice, the fruition is that one becomes a buddha, with nothing material appearing. Thus the essence of the vision of the direct perception of the nature of phenomena is basic space and awareness appearing as luminosity.

From the Tantra Without Letters:

By the buddha of unborn direct perception,
The objectless, utterly pure appearance is seen.

And from the Magical Net (sgyu 'phrul):

Precious jewel, glory of desire,
Directly perceived by all buddhas.

The etymology is the seeing of the vision of the three kāyas. From the Tantra of the Piled Jewels (rin po che rnam par brtsegs pa'i rgyud):

What is called "direct" (mngon) is seeing;
What is called "three" (gsum) is that the buddha fields
Of the three kāyas are definitively established.

The purpose is that by this key point one is liberated without deviation or obscuration. From the same:

If one lacks the key point of the direct perception of the nature of phenomena,
It is like one without eyes going to the edge of a precipice.

The key point, from the Reverberation of Sound:

The key point is that the far-reaching lasso (rgyang zhags) does not move;
At this time, join it with the three gazes.

And from the Tantra Without

[p. 187] Letters:

The eyes are to be firmly fixed;
Since basic space emerges from the very corners of the eyes,
The eyes examine the element of space.

As for the vision, from the Reverberation of Sound:

The vision of the direct perception of the nature of phenomena
Definitely emerges through the door of the sense faculties
And is clear in the cloudless sky.

And:

Moreover, through the channels and yogic exercises,
The five naturally abiding primordial wisdoms (ye shes lnga)
Are seen by the water-bubble eyes.

And from Self-Arising Awareness:

The kāya of light endowed with the five primordial wisdoms
Is vividly clear as chains;
These, moreover, go and come,
Move and quiver.

And from the Lion's Perfect Dynamic Energy (seng ge rtsal rdzogs):

That entity (dngos po) of self-appearing awareness
Abides as chains of primordial wisdom.

And from the Array of Inlaid Jewels (nor bu 'phra bkod): "In the water lamp of the far-reaching lasso (rgyang zhags chu'i sgron ma), the kāya of the chains of awareness, the perfectly complete buddha, is wholly clear."

As for the way of practice: at first, make the sessions short and many in number; second, extend the sessions and lengthen their duration; third, practice without distinction of day and night, and having placed awareness within the enclosure of basic space, make it unmoving.

From the Blazing Lamp (sgron ma 'bar ba):

Basic space serves as awareness's own object;
The vajra itself is the chains;
This very one is to be placed

[p. 188] within.

As for the fruition: at the very time when the eyes do not move upon the outer appearances of basic space, awareness inwardly abides in the ground, so that its radiance (gdangs) turns back and dissolves into itself; being separated from the horse of the wind of the lungs, the space of primordial wisdom dissolves into the space of basic space and is liberated into equal essence without partiality; and thus primordially pure awareness, without stirring from basic space, abides by its very nature in the enlightened intent of natural luminosity in the heart. That yogin is called "one who has seized the primordial luminosity of the nature of phenomena," whereby saṃsāra is emptied so that not even its name remains, and the three existences are decisively resolved. From the Reverberation of Sound:

Thereby the key point of the direct perception of the nature of phenomena
Is known by mere seeing;
By knowing it, it is realized;
By mere realization one is liberated.
"Liberated" does not mean being untied:
Since space itself dissolves into space
And the nature is without reference point,
There is no partiality and no parts.
For the fortunate one who has found direct perception,
Since the saṃsāra of the three realms has no name,
The three existences are decisively resolved.

Second, the vision of the increase of experience has two parts. The brief presentation: by training in basic space and awareness higher and ever higher, just as, outwardly, within the appearances of basic space, the chains of awareness

[p. 189] abide inseparably, so inwardly, within the empty basic space (stong dbyings) of primordial purity, the basic space of awareness that is its natural radiance abides nondually (gnyis med); thus the mother and child luminosities merge, and the experiences of appearance increase in manifold variety. From the Reverberation of Sound:

As for the vision of the increase of experience:
Once the colors of primordial wisdom have emerged outward,
Standing upright, arising as spokes,
And as various spheres, as kāyas themselves,
They appear clearly in the domain of coarse appearance.

The extensive explanation: the "experience" in "increase of experience" is of two kinds: experiences of cognition and experiences of appearance. Among experiences of cognition there are the worldly experiences of cognition—the joy and bliss obtained through samādhi, the mind's becoming attached, and the urge to sing, dance, and so forth—and the transcendent experiences of cognition—the measures of realization of empty clarity free of extremes, together with the dynamic energy of wisdom. From familiarization with this very thing at the beginning, in the middle, and at the end, three arise: the experience of joyful and blissful cognition, the experience of eventual change (mthar 'gyur gyi nyams), and the experience of appearance. The first: by pressing body and speech at their key points, wind and mind (rlung sems) subside into quiescence; inner samādhi spreads out within the state of empty luminosity; and although cognition is relaxed and open and a vast joy and bliss free of apprehended and apprehender arises vividly, there is not even a hair's tip of clinging

[p. 190] or fixation—this comes from natural meditative concentration (bsam gtan) having hit the key point. The joy and bliss that arise from contrived meditation are for the most part changeable experiences, and since coarse urges arise—to leap about or to sing and dance—they turn into attachment and clinging. Here, although it arises as joy and bliss, there is the distinction that the joy and bliss of having gained self-mastery is known to be free of clinging; this should be understood as the difference between meditation that is contrived and meditative concentration in which the winds have naturally settled. The experiences of eventual change are the appearance-aspect of the experiences of the winds. They are eight: like fireflies, like clouds, like smoke, like a purplish haze, like the rising of the moon, like the rising of the stars, like dusk with an appearance of deep blue, and like the rising of the sun with outer and inner appearing unimpededly (zang thal). Because they occur as arising and setting, brightening and dimming, they are unstable, cannot hold, and keep changing; hence they are called "experiences of eventual change," for they are experiences of the movement of the winds. These have their use, for wind and mind must be purified. The experiences of appearance are the great luminosity that is the natural radiance of awareness. For a time the outer appearances increase and reach full measure; then, as the natural radiance dissolves into the ground and reverts inward,

[p. 191] it must be exhausted as outer luminosity, for it must dissolve into the basic space of spontaneous presence and primordial purity. As inner luminosity (nang gsal), within the expanse of its own light (rang 'od), awareness abides primordially in the palace of kāyas and primordial wisdom, without transference or change, as great spontaneous presence. Therefore, here it is the experiences of appearance that are principal; experiences of cognition, being intellect, change and cannot hold their measure, since they are subsumed under the thoughts of this side—distinct acts of recollection bearing the aspect of the imputed and the relative. If one relies on these as a gauge, one is like a bird that, having placed its reliance on a cloud, tries to hide itself there: there is never a time when the meaning is realized, for seeing does not land on its own ground. This, by contrast, is the experience of appearance: by seeing the appearances of the colors of the five primordial wisdoms, one passes beyond half of the range of saṃsāric karma—the apprehended appearing as object. By seeing the appearances of basic space, on top of that, half of the apprehending, conceptual aspect—grasping at nonexistence, at an annihilated emptiness—is reversed, so that one passes beyond two-thirds of the aspects of saṃsāra. And since conceptuality is liberated in the ground and purified into its own clearing (rang sangs), the other half of the apprehending aspect—grasping at appearances as specifically characterized—is reversed; this is called realizing the selflessness of persons and of phenomena (gang zag dang chos kyi bdag med), of apprehended and apprehender. In brief, the experiences of appearance are subsumed in two: the appearances of the colors of the five primordial wisdoms and the appearances of basic space. As for "increase": those appearances become ever more vivid, ever

[p. 192] more excellent, and ever more numerous. This has two parts: a general presentation in terms of the manner of purification, and a specific explanation in terms of the manner of appearance.

First: when this is correlated with the manner of liberation from the bonds of saṃsāra, then, once those appearances, too, are complete as the five—upright forms (gyen 'greng), radiating spokes (rtsibs shar), angular sections (gru chad), fragments (dum bu), and the appearance of bands of cloth (snam bu)—one gains mastery over the colors of the five primordial wisdoms and is freed from the bondage of the manifest movement of the five: desire, anger, bewilderment, pride (nga rgyal), and envy (phrag dog). Since nothing of them remains apart from mere latent tendencies, one has indeed passed beyond half of saṃsāra. Then, by seeing the form of a lattice (dra ba), a half-lattice, a checkerboard pattern (mig mangs ris), something like the form of a mesh (mig tshags), and something like a brocade pavilion (za 'og gur khyim), one passes beyond the making of a self by the collection of the five aggregates, form and the rest; and since one has thereby passed beyond two-thirds of the worldly self, this is the blessing of the utterly pure seeing of the nature of phenomena. Then come the appearances of the shapes of the pure entities of primordial wisdom:

by seeing what resembles the form of a hearth (mkhar thab) of primordial wisdom, what resembles the form of sun and moon conjoined, what resembles the form of stacked lotuses, what resembles the form of stacked stūpas, and what resembles the form of a thousand-petaled lotus,

[p. 193] one passes beyond the binding agents of the five elements ('byung ba lnga). These, too, since one arises and one ceases, are called "experiences." And since they become superior to the preceding ones, this is called "increase" (gong 'phel). That they arise in stages like this comes from having previously relied upon the empowerments in stages.

Second, the specific explanation in terms of the manner of appearance, has two parts: the appearances of the colors of the five primordial wisdoms and the appearances of shapes. First: through the utter purity of the vajra family (rigs), the own light of mirror-like primordial wisdom (me long lta bu'i ye shes) arises in the form of the color white, and that itself arises as the radiance of Vajra Akṣobhya, white and gleaming. Below that, through the utter purity of the tathāgata family, the primordial wisdom of the basic space of phenomena (chos kyi dbyings kyi ye shes) arises in the form of the color deep blue, and the radiance of Vairocana arises as blue shading into black. From the utter purity of the jewel family, there arises a yellow band of cloth, the color of the primordial wisdom of equality (mnyam pa nyid kyi ye shes), and the radiance of Ratnasambhava arises intensely gleaming, like refined molten gold. From the utter purity of the lotus family, there arises a red band of cloth, the color of discriminating primordial wisdom (so sor rtog pa'i ye shes), and the radiance of Amitābha arises red and intensely red, like the color of coral. From the utter purity of the karma

[p. 194] family, there arises a green band of cloth, the color of all-accomplishing primordial wisdom (bya ba grub pa'i ye shes), and the radiance of Amoghasiddhi arises intensely green, like the appearance of indranīla. That their outer rim is encircled all around by a deep-blue vajra fence symbolizes that these primordial wisdoms are not separate from one another. As for the increase of appearances from that—the vivid appearance of five colors each, with each of the five lights taken in turn as principal—

this arises from the distinctions between one family and another. Then, from the utter purity of the wind of primordial wisdom, the mirror-like [primordial wisdom] appears as upright forms; in dependence upon that, the increase of experience comes about. The [primordial wisdom of] equality appearing as radiating spokes is the very point at which deluded appearances draw near to exhaustion. Then, the discriminating [primordial wisdom] appearing as angular sections is the time when the subtle aspects of the elements cease. The all-accomplishing [primordial wisdom] appearing merely in the form of a woolen mat (re lde) arises from the natural radiance of primordial wisdom appearing distinctly. Then, the primordial wisdom of the basic space of phenomena appearing merely as a tract of land (yul gru) arises from the cessation of coarse thoughts. As for the stages in which these arise on the path: for those of supreme diligence, [the interval] in between is five days each; for the middling, seven days each; for the least, at twenty-one days each the preceding appearance ceases, and then, once again, the following

[p. 195] appearances manifest fully as those [shapes]. In this interval between the colors and the shapes, there occur [appearances] that abide for only a moment. Then, when those too have subsided, the aspects of the shapes of the five primordial wisdoms arise: the shape of the mirror-like [primordial wisdom] becomes like the aspect of the mesh of a sieve. That arises from the colors having been thoroughly and excellently spread out. Through familiarization with that, it arises as a checkered pattern; this arises from the preliminaries having reached full measure. Then the [primordial wisdom of] equality arises as a half net; that arises from the training of the winds being pure. From that, its appearing as a [full] net arises from the preliminaries being pure and decisively completed. Then the discriminating [primordial wisdom] arising as clusters (tshom bu) of flowers arises from exertion in the gazes. From that, its arising as a thousand-petaled lotus arises from mastery of the preliminaries. Then the all-accomplishing [primordial wisdom] arising like weapons arises from the nature being left uncontrived. From that, its appearing in various aspects such as wheels arises from the preliminaries having been brought to completion. Then the primordial wisdom of the basic space of phenomena arising as battlements arises from awareness being drawn out through the eyes. From that, [its appearing] like a brocade pavilion arises from the preliminaries having been made pure. These too,

[p. 196] according to the difference in diligence, arise one and cease one at three, seven, or fourteen days. All of the foregoing is the vision of the increase of experience; these are the signs that the distinct thoughts deliberately roused during the time of the preliminaries of mind have ceased. Then the appearance of awareness's own essence arises: those lights arising as spheres arises from the chains gathering into one. Then two spheres appearing linked together arises from skillful means and wisdom being utterly pure. Then five spheres appearing strung together arises from having gained proficiency in the five primordial wisdoms. Their manner of linking is unlike that of the spheres of [the vision of] direct perception, because there is [a difference of] large and small. All of the foregoing is the vision of the increase of experience. The Reverberation of Sound says:

By the light of the five colors, too,
From a mere woolen mat, angular sections appear;
From a mere tract of land, the full measure of sight.

And the Self-Arisen Tantra (rang byung gi rgyud) says:

From seeing its own face, it is thus:
A fortunate person parted
By four finger-widths from the upper boundary—
How could he possibly enter saṃsāra?
Whatever appears in the aspect of angular sections,
By this the qualities of emanation are accomplished.
Whatever appears as the mere range of sight,
For the clusters it is likewise.
Whatever is the ceasing of outward

[p. 197] appearances,
In sixteen instants
This too becomes like that.

Third, the vision of awareness reaching full measure has two parts: a general presentation of the manner in which it appears, and a specific explanation of its nature. First: then, a half-kāya appearing within each sphere arises from the training of the nirmāṇakāya being utterly pure. Then each single kāya appearing alone arises from seeing the appearances of the nirmāṇakāya as the direct perception of the nature of phenomena. Then those kāyas becoming five male and five female consorts is the primordial wisdom of the sambhogakāya itself reaching full measure. Then, when they appear together with the maṇḍalas of their respective clusters, that very [appearance] appearing as enclosures of encircling rims (mu khyud) and as respective principal figures with their retinues arises from the utterly pure training of the dharmakāya having reached full measure. This is the vision of awareness reaching full measure; it is the sign that everything connected with those actions and activities of the body during the time of the preliminaries will not arise again later. Moreover, although those visions are designated as arising from the antidotes (gnyen po) that purify each stain (dri ma) to be purified—the preliminaries and so forth—having hit the key point, this is a designation [in terms of] a result of separation (bral 'bras) and a cause and result of what is to be purified and what purifies; it is not that they arise by being produced by those. For it is the radiance of primordial wisdom, present of itself, that appears through the power of the obscurations of stains being purified. The Reverberation of Sound says:

[p. 198] The vision of awareness reaching full measure:
The major and minor marks (mtshan dpe) of the sambhogakāya [appear] clearly;
From rainbows of indeterminate colors
The five families (rigs lnga) appear as male and female consorts (yab yum).

And the Only Child of the Teaching says:

Likewise, until the kāyas are reached,
In the six, the ten, and the fifteen,
It is without doubt the sambhogakāya.

Second, the specific explanation of its nature has two parts: a general presentation of the etymology of "reaching full measure," and a specific explanation of the three measures.

First, as for "awareness reaching full measure": "awareness" is that the awareness abiding in the ground has become manifest and, having entered the course of the path, the natural radiance of the ground-appearances—the doors of arising of spontaneous presence—appears as kāyas, so that, as the visions of the path draw near to exhaustion, the maṇḍalas are complete. "Measure" extends from the initial half-kāyas up to the completion of the maṇḍalas of kāyas. "Reaching" is that, since there is no going beyond that, they appear in full. These are like the aspect of the full moon: since its waxing has come to an end, its disc is complete and there is nothing to alter in its own face.

Second, the specific explanation of the three measures has three parts: the outer measure of appearances, the inner measure of the body, and the secret measure of awareness.

First: one gains mastery over appearances, and the realms are complete as luminosity. The Reverberation of Sound says:

The measure of completion once one has thus reached it:

[p. 199] The direct appearance of things before one ceases;
The appearances of earth and stone melt away;
One's own cognition enters into anything whatsoever,
And, being inserted there, inanimate matter (bems po) moves;
The measure of the movement of the winds is seized;
And seeing the subtle particles of the body arises.
Whatever appears is complete as form kāyas (gzugs sku);
From that, male and female consorts embrace;
Five and five, male and female consorts join;
And all of them within round encircling rims.
The yogin's body too is luminous,
And appears going, coming, and staying.
All this is awareness reaching full measure.

Second: the material solidity of the body having been purified, from a white A in the center of the heart five light rays, twisted together, like a sunbeam through a skylight, are planted in the intermediate space (bar snang), arising within the window of light; since the wind of primordial wisdom abides in the topknot, it appears naturally lifted up; from the hair-treasure five kinds of light rays shine clearly to a full fathom; the five fingers of the hands are thronged with garlands of the five lights; and in the space of each of the outer and inner parts—the pores of the body's hair and so forth—each smaller than the extent of a subtle particle, countless realms appear, and in them immeasurable buddhas and sentient beings. This is all the appearances of the arising of the eight doors of spontaneous presence appearing here in self-appearance, with nothing in excess and nothing lacking. In the conch chamber (dung khang)

Translation notes

  • [p. 169] གཅིག་པུ་སྨྲའོ: ambiguous; Claude Fable 5.1 "speaks only when alone", Dharmamitra "speaks to no one", others "speaks alone". I take it as speaking only by oneself, i.e. without conversing with others, which fits the graded restriction of speech.
  • [p. 169] བརྡ here denotes physical gestures/signals rather than "symbol" (glossary); rendered "gesture(s)" as the context demands, and "communicate by signs" for བརྡ་ཕྲད.
  • [p. 169] མཁའ་སྤྱོད་ཀྱི་མཁའ་འགྲོ་མ: GPT-6 Astra "ḍākinīs of Khecara" (the sky-realm, mkha' spyod = khecara) adopted; Dharmamitra, Gemini 3.1 Pro, MITRA "celestial realms" is a paraphrase.
  • [p. 170] མིག་ལྟ་བ་ལས: ལས here is "apart from / other than" (Grok 4.7, Claude Fable 5.1, Gemini 3.1 Pro), not a mere participle (GPT-6 Astra, MITRA); the mind's key point is that beyond the gaze into the sky no thought is entertained.
  • [p. 170] རང་ངོ་སྤྲད་པ: Adzom སྤྲོད་ is the same verb (present stem); no change of meaning. Adzom ཕྱེ་བྲག for བྱེ་བྲག is an evident misreading; e-text followed in both.
  • [p. 170] རང་ཐོག་ཏུ་དབབ་པ: Dharmamitra "onto oneself", Claude Fable 5.1/MITRA "upon its own ground", GPT-6 Astra "into one's own experience"; rendered "to bear right upon itself" to keep the literal sense of bringing direct perception immediately to bear.
  • [p. 171] གཏེམ (e-text) vs. Adzom གཏིམ: neither is a standard form; both are taken as an imperative in the sense "hold fast / keep in" (drafts range from "seal," "rely upon," "focus intensely" to Grok 4.7's "keep concealed"). I follow the e-text and render "hold them fast"; the sense is not materially changed by the variant.
  • [p. 171] འགྲོན་པོ: Dharmamitra and Grok 4.7 "guest," others "traveler." "Traveler" is chosen because the simile pairs sentry, traveler and bandit (the bandit waylays the traveler).
  • [p. 171] སོས་ཐེབས་པས་འདོད་པའི་མི་འགྱུར་དབང་མེད་པར་ཟིན་ལ: read as "once the sentry has caught him, the man who is sought is seized, powerless to escape" (with GPT-6 Astra, Claude Fable 5.1, Grok 4.7); Gemini 3.1 Pro's "without alteration" takes འགྱུར with མི as a separate clause, which is less natural.
  • [p. 172] རབ་ཏུ་འཕང་བ་ལས་བྱུང་བ: rendered "through what arises from its being fully projected" (the wind cast forth); Grok 4.7 "fully released," Gemini 3.1 Pro "highly elevated." The Tibetan is terse; the sense is that the projection of the wind severs the link of body and mind.
  • [p. 172] སྤྱིབས་ནས་འདོན: obscure; possibly for སྦུབས་ ("sheath"). Rendered "drawn out from its depths" (with MITRA, Dharmamitra, Claude Fable 5.1); Grok 4.7 "out from its shell."
  • [p. 173] ཟློག/བཟློག for the dharmakāya gaze: rendered "turned upward," since the text itself later glosses it as ཆོས་ཉིད་ཀྱི་སྤྱན་གྱེན་ལ་བཟློག་པ, "turning the eye of the nature of phenomena upward." MITRA, Dharmamitra, Claude Fable 5.1, Grok 4.7 have "averted / reversed / turned back," GPT-6 Astra and Gemini 3.1 Pro "raised / upward."
  • [p. 173] ཆོས་སྐུ་ལ་...གསུང་ལ / ལོངས་སྐུ་ལ་...སྐུ་ལ / སྤྲུལ་སྐུ་ལ་...ཐུགས་ལ: the correlation dharmakāya–speech, sambhogakāya–body, nirmāṇakāya–mind is as the text has it; MITRA and Dharmamitra omit or misplace this correlation, GPT-6 Astra, Gemini 3.1 Pro, Claude Fable 5.1, Grok 4.7 render it. The final sentence continues onto the next page (ཡེ་[ཤེས་ཀྱི་ཟུར་ལ...]); the translation stops after the first clause.
  • [p. 174] ཡེ་ཤེས་ཀྱི་ཟུར་ལ་: read as continuing the parallel with the preceding "eye of the nature of phenomena" (i.e., the eye of primordial wisdom looking sideways); Gemini 3.1 Pro/Dharmamitra "corners of primordial wisdom" and MITRA "corners of awareness" miss the parallel.
  • [p. 174] Adzom's extra མེ་ after ཆུ་མེ་རླུང་གི is an evident duplication; e-text followed.
  • [p. 174] བག་རྡུལ་: "fine dust"; Dharmamitra's "dust of habitual tendencies" (reading bag as bag chags) rejected.
  • [p. 174] བཏང་སྙོམས་ཅན་: "those of equanimity" (the type between lazy and diligent), with Grok 4.7/Gemini 3.1 Pro/Dharmamitra; Claude Fable 5.1 "indifferent" also possible.
  • [p. 175] དང་པོ་སྣང་བ་འཆར་དུ་མི་འདོད་: the appearances are "unwilling to arise" (Grok 4.7, Claude Fable 5.1, GPT-6 Astra, Gemini 3.1 Pro); Dharmamitra's "one does not desire" misconstrues the subject.
  • [p. 175] བསྟན་བུ་: abbreviation of བསྟན་པ་བུ་གཅིག (already introduced); GPT-6 Astra "Lesser Teaching" and MITRA "Pointing Out the Nature of Mind (Tengyur)" are wrong identifications.
  • [p. 176] ཁོ་ན་ཉིད་དུ་: "in reality" (the fourth of outer/inner/secret/real); Claude Fable 5.1's "in its very thatness" is over-literal, GPT-6 Astra/Dharmamitra/MITRA "ultimately" acceptable.
  • [p. 176] ཕྱིར་བཟུང་ལ་གཞག་པ་: "left held outside" with Grok 4.7/GPT-6 Astra/Gemini 3.1 Pro; MITRA "hold it back" reverses the sense. Adzom གཟུང for བཟུང changes nothing.
  • [p. 177] རང་བྱན་ཚུད་པ: read as byan tshud "to gain mastery/proficiency"; Claude Fable 5.1's "settled in itself" is looser. Rendered "coming into its own mastery."
  • [p. 177] མངོན་སུམ་རང་ཐོག་ཏུ་ཕབ་ནས: drafts diverge (Grok 4.7 "upon direct perception itself", Dharmamitra/MITRA "onto its own ground", Claude Fable 5.1/GPT-6 Astra "upon oneself"). Read rang thog tu phab as "brought down directly upon the thing itself"; rendered "bringing direct perception to bear directly upon itself."
  • [p. 177] པྲ་ཡས་པ་དག: obscure; drafts guess variously (Grok 4.7 "those who scatter", Claude Fable 5.1 "mere empty show", GPT-6 Astra "bewildered", MITRA "distracted and lost"). Read pra (divinatory image) + yas/yal (fade, dissipate): "some end up lost in vagueness." Tentative.
  • [p. 177] རྟོག་མཐའ་ཆོད: "speculation settled once and for all" (with Claude Fable 5.1), rather than "extremes of thought" (Grok 4.7, Gemini 3.1 Pro, MITRA); mtha' chod here means "brought to final resolution," parallel to the preceding chos mtha' chod par bshad pa.
  • [p. 178] ཤེས་རབ་རང་བྱུང་གི་ཡེ་ཤེས: "self-arisen primordial wisdom of discerning wisdom," following the glossary rule for shes rab beside ye shes; Dharmamitra's "wisdom of self-arisen discriminating awareness" misplaces the terms.
  • [p. 178] རང་བྱུང་བསྟན་པའི་བཙས: title uncertain; btsas taken as "harvest/yield" (cf. GPT-6 Astra "Offspring"; Gemini 3.1 Pro "Watchtower" and MITRA "Pillar" are unsupported). Wylie given.
  • [p. 178] བར་དོའམ་རང་བཞིན་སྤྲུལ་པའི་ཞིང་བགྲོད: read as two alternatives, liberation in the intermediate state or passage to the natural-emanation buddha fields (with Claude Fable 5.1), not "travel to the bardo" (Dharmamitra, Gemini 3.1 Pro).
  • [p. 179] The final sentence runs on into the next page; stopped at ཆུ་འཕེལ, so the next part begins with "without increase or decrease ('phel 'grib med par)."
  • [p. 180] The first sentence completes the simile begun in the previous part ("water from a good channel issues forth without diminishing"); Dharmamitra misconstrues the syntax, making "the path of appearance perfected in the doors of increase". The Tibetan has the doors of increase arise from the chain (de las) until the visions of the path are complete.
  • [p. 180] རྒྱུད་ནི་འཁོར་འདས་ལ་ཁྱབ་ཅིང་: MITRA takes "pervading and appearing"; I read སྣང་བ་དེའི་ཚོགས་རྣམས་ལས as "from the hosts of those appearances", with all other drafts.
  • [p. 180] ལུས་ངག་ཡིད་སེམས་བཞི: rendered "body, speech, mental faculty, and mind" per glossary (yid / sems); MITRA, Dharmamitra, Gemini 3.1 Pro give "mind and consciousness".
  • [p. 181] སངས་ལ་རྒྱ་རྒྱུ་མི་འབྱུང་བ: a play on the etymology of sangs rgyas ("purified and expanded"); rendered accordingly, with "buddhahood" in brackets. MITRA "no attainment of Buddhahood", Gemini 3.1 Pro "no cause to expand into awakening".
  • [p. 181] ཐུན་མོང་བ་རྣམས: read as the common (lower) vehicles, with MITRA, Gemini 3.1 Pro, Claude Fable 5.1; Grok 4.7 "ordinary people" is possible but the context of tenet comparison favors vehicles.
  • [p. 182] གདོད་ཀྱིས: all drafts take it as "primordially / from the very beginning"; I read gdod here in its common sense "only then, at that point", since the passage describes the kāyas dissolving into awareness and thereafter arising from it to accomplish the aim of beings. Claude Fable 5.1 and Grok 4.7 attach ཞེས་བྱ to "heart essence"; the syntax (…ཤར་བས་དོན་བྱེད་པ་ཞེས་བྱ་སྟེ) makes "accomplishing the aim" the name, with Gemini 3.1 Pro.
  • [p. 182] རྣམ་འགྲེལ: MITRA's draft invents a quotation ("Direct perception is free from conceptualization…"); the quotation actually begins in the next part and is not translated here.
  • [p. 182] སོ་སོ་ཡང་དག་པའི་རིག་པ (pratisaṃvid): "awareness" kept per glossary, though here it is the epistemological term for authentic individual cognition, not the Great Perfection rig pa.
  • [p. 183] གནད་གཏེམས་པ་མཐོང་བ: Claude Fable 5.1 "sealed key point," GPT-6 Astra/Gemini 3.1 Pro "putting the key points into effect," Grok 4.7 "brought to fullness." gtems pa means to fill, press in, or bring to bear; I read "the key points being brought to bear," i.e. seeing that arises when the key points of the practice are applied, as opposed to the mind's inferential ascertainment.
  • [p. 183] The Adzom reading གཙོ་བོ for གཙོ་བ changes nothing; not adopted.
  • [p. 183] The four applications of chos nyid: Dharmamitra, MITRA and Gemini 3.1 Pro read each clause as a definition; Grok 4.7, Claude Fable 5.1 and GPT-6 Astra read "this is that nature of phenomena" as specifying which sense the word bears in the term chos nyid mngon sum. I follow the latter, since the passage identifies the defining characteristic of the term; the fourth clause ends differently ("both are held indivisible"), so the sentence runs on to p. 184 (Grok 4.7, GPT-6 Astra).
  • [p. 184] Adzom reads སྤྱོད་ཡུལ་པ for སྤྱོད་ཡུལ་ལ; the e-text reading is grammatically clear and is kept.
  • [p. 184] ལམ་བསལ་བ (e-text) vs. ལམ་གསལ་བ (Adzom, "illuminating the path"). I follow the e-text "clearing the path," confirmed by ལམ་གསུམ་གྱིས་གེགས་བསལ་བས on p. 185.
  • [p. 184] གསུམ་ནི་རྣམ་གྲངས: the author etymologizes mngon sum as mngon ("direct") + sum/gsum ("three"). MITRA and Gemini 3.1 Pro take "the third" as a heading; Grok 4.7, Claude Fable 5.1, GPT-6 Astra correctly read it as the gloss of the second syllable, which the following "it is called three" confirms.
  • [p. 184] འབྱུང་བཞིའི་གནོད་པས་གཞིག་ཅིང་གཞོམ: Dharmamitra "analyzed or destroyed" misreads gzhig ("break down"); the others are followed.
  • [p. 185] ཤར་གྲོལ་རིས་མེད: MITRA "arising and liberation are simultaneous" adds; rendered per glossary "liberation upon arising without bias."
  • [p. 185] འཁྲུལ་བའི (e-text) vs. འཁྲུལ་པའི (Adzom): spelling only, no change of meaning.
  • [p. 185] The closing "Thus," (དེ་ལྟར) begins a sentence completed on the next page (ན་གསུམ་ཞེས་...); left open as in Grok 4.7, Claude Fable 5.1, GPT-6 Astra.
  • [p. 186] ན་གསུམ་ཞེས་གྲངས་ཀྱི་གནས་གཞན་ལ་བརྟེན་ནས: the ན་ completes དེས་ན ("Thus") already rendered at the end of the previous part. The sentence explains the second syllable of mngon sum as gsum "three" resting on the various triads just listed (the tantra's etymology below makes the same play). MITRA ("three times") and Gemini 3.1 Pro ("circumstances") misread; I follow Claude Fable 5.1/Grok 4.7.
  • [p. 186] སྣང་བ་ནི་གང་སྣང་ན…: Dharmamitra takes the ན as temporal ("when it appears"); it is interrogative-conditional ("as to what appears…, in what object…, in what manner…"), as Claude Fable 5.1/Gemini 3.1 Pro.
  • [p. 186] འབྲས་བུ་རྡོས་བཅས་མི་སྣང་བར་སངས་རྒྱ་བ: rdos bcas "material" per glossary; GPT-6 Astra's "corporeal burden" and MITRA's "material body" paraphrase. Read as: the fruition is buddhahood in which nothing material appears.
  • [p. 187] མིག་ནི་ནམ་མཁའི་ཁམས་སུ་བརྟག: brtag literally "examine"; GPT-6 Astra/Gemini 3.1 Pro/Dharmamitra "direct/fix", Grok 4.7/MITRA "examine". I keep the literal verb; the sense is fixing the gaze into space.
  • [p. 187] རྒྱང་ཞགས་ཆུའི་སྒྲོན་མ…རྫོགས་པའི་སངས་རྒྱས་རིག་པ་ལུ་གུ་རྒྱུད་ཀྱི་སྐུ: read the perfectly complete buddha as in apposition to the kāya of the chains of awareness (GPT-6 Astra), not as a genitive "chains of the buddha's awareness" (Claude Fable 5.1/Grok 4.7).
  • [p. 188] མི་འགུལ་བའི་རང་དུས་ན: Adzom reads ངང་དུས་ན ("in the state/at the time"); the meaning barely changes ("at the very time"); I follow the e-text.
  • [p. 188] སྙིང་ག་ན་ངང་གིས་འོད་གསལ་བའི: Adzom reads སྙིང་ག་ནང་གིས, which yields no clear construction; I follow the e-text ("in the heart, naturally luminous"), as all drafts do.
  • [p. 188] གདངས་རང་ཐིམ་ལ་འཁོར་ནས: "the radiance turns back into self-dissolution"; MITRA's "dissolves and returns" reverses the order; I follow GPT-6 Astra/Claude Fable 5.1.
  • [p. 188] ནམ་མཁའ་དག་ནི: dag taken as emphatic/plural ("space itself"), not adjectival "pure space" (Gemini 3.1 Pro/Grok 4.7); Dharmamitra's "just as space dissolves" adds a simile not in the Tibetan.
  • [p. 188] རིས་མེད་ཆ་ཤས་ཡོད་མ་ཡིན: two negations, "no partiality, no parts"; Dharmamitra's "no impartial parts" misconstrues.
  • [p. 188] Last sentence runs on into p. 189; the English is left at "the chains of awareness", with the verb ("abide inseparably") to follow in the next part.
  • [p. 189] རྒྱུད་དབྱེར་མེད་དུ་གནས་པ་བཞིན is the tail of ལུ་གུ་རྒྱུད from the previous part ("the chains of awareness abide inseparably"); MITRA, Gemini 3.1 Pro, Grok 4.7 misread རྒྱུད as "continuum". Dharmamitra partly retranslates the previous part; not followed.
  • [p. 189] མཐར་འགྱུར་གྱི་ཉམས: rendered "experiences of eventual change" (with Grok 4.7), since the text itself glosses the name by their instability and changing; Gemini 3.1 Pro "fluctuating", GPT-6 Astra "transitory", MITRA "final transformation" lose the etymology.
  • [p. 190] རང་བཞིན་གྱིས་རླུང་དུ་ཕེབས་པའི་བསམ་གཏན: read as meditative concentration "in which the winds have naturally settled" (Claude Fable 5.1, Grok 4.7), in parallel to རང་བཞིན་གྱི་བསམ་གཏན་གནད་དུ་ཕེབས་པ above.
  • [p. 190] ནམ་སྲོས་པ is dusk/evening, not "dawn" (Grok 4.7).
  • [p. 190] MITRA is corrupt (endless repetition) for the end of p. 190 and adds a term ("experience of the reversal of the ground") not in the Tibetan; not followed.
  • [p. 191] ཚོད་བྱེད (e-text) vs. ཚད་བྱེད (Adzom): both mean to take as one's gauge/measure; I follow the e-text ཚོད, which also matches ཚོད་བཙུགས in the simile. The bird simile: a bird relies on a cloud to hide in (Claude Fable 5.1, Grok 4.7), not "gauging weather by birds" (MITRA) or "measuring clouds to hide a bird" (Dharmamitra).
  • [p. 191] མེད་པ་སྟོང་ཆད་དུ་འཛིན་པ: "grasping at nonexistence, at an annihilated emptiness" (with GPT-6 Astra); MITRA, Dharmamitra attach མེད་པ to ཕྱེད ("the half is absent"), which breaks the parallel with the third stage where the other half of the apprehending aspect is reversed.
  • [p. 191] Last sentence runs into p. 192; stopped at ཇེ་ ("ever"), the next part continues with ལེགས་ཇེ་མང.
  • [p. 192] mkhar thab: literally a (brick-built) hearth or stove; Claude Fable 5.1/Grok 4.7 "hearth", GPT-6 Astra "fortress". I read it as the hearth-like square structure, following the sense of the shape-visions, and give the Wylie.
  • [p. 192] 'jig rten gyi bdag sum gnyis las 'das pas: Gemini 3.1 Pro and GPT-6 Astra make this a separate result; I take the instrumental as causal, leading to "this is the blessing…", as Claude Fable 5.1/Grok 4.7.
  • [p. 193] snga ma bas (Adzom: pas): spelling variant, no change of meaning; text kept.
  • [p. 194] me long lta bu'i rkyen 'greng (W22920: rgyen 'greng): both are corruptions of gyen 'greng "upright forms", the first of the five shapes listed on p. 192; I read gyen 'greng, as all drafts do.
  • [p. 194] re lde: a coarse woolen blanket or mat (GPT-6 Astra "small carpet", MITRA "square mat", Claude Fable 5.1 "patches"); Grok 4.7's "spear" is a misreading (confusing mde'u/lde). I render "woolen mat".
  • [p. 194] rigs dang rigs kyi khyad par: GPT-6 Astra/Dharmamitra/MITRA read "families and sub-families"; I follow Claude Fable 5.1, "the distinctions between one family and another", which fits the point that each of the five lights appears in five colors.
  • [p. 194] The last sentence runs on into the next page; the English is left open at "the following" to match the Tibetan break at yang 'og.
  • [p. 195] "thang cig tu gnas pa": Grok 4.7 reads "abide simultaneously"; thang cig means "a moment," so with Gemini 3.1 Pro, Dharmamitra, MITRA, Claude Fable 5.1 I read "abide for only a moment."
  • [p. 195] "kha dog rab tu spel legs pa": spel = to spread/multiply; Gemini 3.1 Pro "integrated," MITRA "intermingling," Grok 4.7 "increased." I read "spread out," i.e. the colors fully proliferating.
  • [p. 195] "mkhar thab": rendered variously (Gemini 3.1 Pro "castle-hearths," MITRA "turret," Grok 4.7 "palace," Claude Fable 5.1 "fortress-like enclosure," GPT-6 Astra "battlements"); the term names one of the shape-patterns of the Thal 'gyur; "battlements" adopted.
  • [p. 196] "de phan chad ni nyams gong 'phel gyi snang ba" (twice): Gemini 3.1 Pro, Dharmamitra, Grok 4.7, GPT-6 Astra read "from that point onward"; Claude Fable 5.1 "all of the foregoing." Since the second occurrence is immediately followed by the third vision, the sense must be that everything described up to this point belongs to the increase of experience; Claude Fable 5.1's reading adopted.
  • [p. 196] "gcig skye gcig 'gag pa": Adzom 'gags; no change of meaning.
  • [p. 196] "thal 'gyur bas": Adzom las; both introduce the citation, no change of meaning.
  • [p. 196] "rang byung gi rgyud": title not otherwise identified in this part (perhaps the Rdzogs pa rang byung); rendered "Self-Arisen Tantra" with Wylie.
  • [p. 196] "rtog pa tha dad par bslang ba": Gemini 3.1 Pro "stirring up of various thoughts," Grok 4.7 "raised up as separate," GPT-6 Astra "deliberately aroused"; the reference is to the deliberate arousing of distinct thoughts in the mind preliminary, rendered accordingly.
  • [p. 197] "'brel tshad de phyis mi skye ba": Adzom 'brel chad ("the connection is severed, so they do not arise later"; so Dharmamitra, GPT-6 Astra). I follow the base text tshad, "everything connected with them will not arise later"; the sense differs little.
  • [p. 197] "shar bar btags kyang": Adzom brtags ("examined"); btags "designated" fits the following "btags pa" and is kept.
  • [p. 197] "bral 'bras dang dag bya dag byed kyi rgyu 'bras btags pa pa yin gyi": Gemini 3.1 Pro reads "merely an imputed result of separation and imputed causality"; MITRA makes it "a case of a result of separation and a nominal cause-and-effect"; the point is that both are mere designations, not real production, as Grok 4.7, Claude Fable 5.1 render; adopted.
  • [p. 198] དྲུག་དང་བཅུ་དང་ལྔ་གསུམ་ལ: Dharmamitra and Claude Fable 5.1 read "five and three" as separate numbers; Grok 4.7, Gemini 3.1 Pro, MITRA read lnga gsum as "fifteen" (three fives). I follow the latter, taking it as a numerical series (six, ten, fifteen) of the kāya-appearances before the full kāyas are reached.
  • [p. 198] ལྷུན་གྲུབ་ཀྱི་འཆར་སྒོ: Gemini 3.1 Pro and Grok 4.7 read the "door of arising of spontaneous presence" as the subject appearing as kāyas; GPT-6 Astra, Claude Fable 5.1, MITRA read it in apposition to rang gdangs. I take it as appositional: the natural radiance of the ground-appearances, i.e., the doors of arising of spontaneous presence, appears as kāyas.
  • [p. 199] ཅིར་སྣང (e-text) vs. ཅེར་སྣང (Adzom): "whatever appears" vs. "nakedly appearing." I follow the e-text ཅིར་སྣང, the common idiom, with which all drafts agree.
  • [p. 199] ཐད་ཀའི་དངོས་སྣང: MITRA "horizontal objects" misreads thad ka; the sense is the concrete appearances directly before one (so Dharmamitra, GPT-6 Astra, Claude Fable 5.1).
  • [p. 199] རང་ཤེས་ཅི་ལའང་ཚུད་པ: Dharmamitra and MITRA render "awareness"; shes here is ordinary cognition (GPT-6 Astra "consciousness," Claude Fable 5.1 "cognition"), not rig pa; I use "cognition."
[edit]
Machine translation, not yet reviewed by a translator. Six AI models translated the text independently; Claude Fable 5.1, as editor, established this version against the Tibetan (September 2026). [p. N] = pages of the base text. See the contents page for how it was made.
Tibetan (critical edition) English
[p. 169]སྨྲ་བ་ཇེ་ཉུང་ཐ་མལ་གྱི་གཏམ་སྨྲ་བ་བཅད་པ་ལ་ཐུན་ཆུང་ངུ་བསླབ། །དེ་ནས་རིང་དུ་བསླབ། སྐབས་སུ་སྨྲ་རྒྱུ་མེད་ཀྱང་གཅིག་པུ་སྨྲའོ། །གནས་པ་ནི་སྔགས་དང་བརྗོད་པ་ལ་སོགས་པ་དགེ་བའི་བརྗོད་པ་མི་དགག །གཞན་དང་ཚིག་འབྲུ་གཅིག་ཀྱང་མི་འདྲེའོ། །འདིའི་དུས་ན་ལུས་ཀྱི་བརྡས་དོན་གོ་བར་བྱེད་པའོ། །ལ་བཟླ་བ་ནི་སྔགས་ལ་སོགས་པ་བརྗོད་པ་ཐམས་ཅད་མི་བྱའོ། །བརྟན་པ་ནི་ཅི་ཡང་མི་བརྗོད་པའི་ངང་ལས་མི་འདའ་བར་བྱེད་པ་སྟེ། ལུས་ཀྱི་བརྡ་ཙམ་ཡང་མི་བྱ་བ་ཡིན་ནོ། །ས་བོན་གྱི་རྒྱུད་ལས། ངག་ནི་ཇི་ལྟར་ལྐུགས་པ་བཞིན། །སུ་དང་བརྡ་ཙམ་ཉིད་མི་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །སེམས་ཀྱི་འཕྲོ་འདུ་རང་ཆོད་དོ། །ཞེས་སོ། །ངག་གི་སྨྲ་བ་བཅད་པས་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་སྟེ། འགྲོ་བ་གཞན་དང་ངག་མ་འདྲེས་པས་ལུས་འབྱོངས་པའི་དགོས་པ་ཡོད། ལུས་འབྱོངས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། མཁའ་སྤྱོད་ཀྱི་མཁའ་འགྲོ་མ་རྣམས་ཀྱི་བྱིན་གྱིས་བརླབས་ནས་ལུས་སྒྱུ་མའི་སྐུར་གྲོལ་བའོ། །དེ་ནས་བརྗོད་བྱ་བཀག་པས་ངག་འབྱོངས་ཏེ་རྟགས་སུ་མི་མ་ཡིན་པ་རྣམས་དང་བརྡ་ཕྲད་ཅིང་གཏམ་ཟེར་བ་དག་འོང༌། ངག་གི་བརྗོད་པ་བཀག་པས་ཡིད་འབྱོངས་ཏེ། དེའི་རྟགས་སུ་སྔོན་དུ་མི་མ་ཡིན་གྱི་གཟུགས་

Speaking less and less, one trains in short sessions at cutting off the speaking of ordinary talk. Then one trains for longer. In between, even when there is nothing to say, one speaks only by oneself. Abiding: one does not prohibit virtuous utterances such as mantras and recitations, but one does not mingle even a single syllable with others. At this time one conveys meaning by gestures of the body. Decisive resolution: one does not make any utterance at all, such as mantras and the like. Stability: one does not depart from the state of uttering nothing whatsoever, and one does not make even a mere bodily gesture. The Seed Tantra says:

Speech is just like that of a mute:
One makes not even a gesture to anyone.
The person who acts in this way
Cuts off of itself the mind's emanation and reabsorption.

By cutting off the speaking of speech, the inexpressible meaning arises in one's continuum (rgyud); and since one's speech is not mingled with that of other beings, there is the purpose that the body is mastered. Through the mastery of the body, one is blessed by the buddhas, the bodhisattvas (byang chub sems dpa'), and the ḍākinīs (mkha' 'gro ma) of Khecara, and the body is liberated as an illusory kāya. Then, by blocking what is to be uttered, speech is mastered, and as a sign, one comes to communicate by signs with nonhumans and to converse with them. By blocking the utterances of speech, the mind is mastered, and as a sign of that, first one sees the forms of nonhumans,

[p. 170]མཐོང་བ་དང༌། དེ་ནས་མངོན་པར་ཤེས་པ་དུམ་བུ་པ་འཆར་རོ། །དེ་ལྟར་ངག་གི་གནད་ཀྱིས་ལུས་སེམས་ཀྱི་མཚམས་ཀྱི་འབྲེལ་གཅོད་པའི་གནད་ཀྱི་གདམས་པའོ། །སེམས་ཀྱི་གནད་དུ་ནམ་མཁའི་མཐོངས་སུ་མིག་ལྟ་བ་ལས་རྟོག་པ་ཅི་ཡང་མ་བསམ་སྟེ། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་སོ། །དེ་ལྟར་གཙོ་བོ་ལུས་ངག་གཉིས་གཅུན་པས་སེམས་ཞོར་ལ་འཆུན་ནས་དབྱིངས་རིག་འཆར་ཞིང་ཁམས་གསུམ་གྱི་འཆིང་བ་གཅོད་དེ། ས་བོན་གྱི་རྒྱུད་ལས། འདི་ལྟར་ལུས་ངག་སུས་གཅུན་པ། །ཆོས་ཀྱི་དབྱིངས་ཀྱི་སྣང་བ་ལ། །འདི་ཡིས་གོམས་པར་འགྱུར་བ་ཡིན། །ཅེས་པ་དང་རྡོ་རྗེ་བཀོད་པ་ལས༌། ལུས་དང་ངག་དང་ཡིད་ཀྱི་གནད། །ཤེས་ཤིང་བསྟུན་པས་འཁོར་ལས་གྲོལ། །ཅེས་སོ། །དོན་གཉིས་པ་གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་ལ་གསུམ་སྟེ། གནད་གསུམ་རྡོ་རྗེའི་ཆིངས་སུ་བསྡམ་པ། མངོན་སུམ་རིག་པའི་རང་ངོ་སྤྲད་པ། དེ་ལས་སྣང་བའི་འཆར་ཚུལ་བསྟན་པའོ། །དང་པོ་ལ་གཉིས་ཏེ། གནད་གསུམ་སྤྱིའི་ཆིངས་བསྟན་པ་དང༌། བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པའོ། །དང་པོ་ནི་སྒོ་དང་ཡུལ་དང་རླུང་རིག་གི་གནད་གསུམ་སྟེ། ཐལ་འགྱུར་ལས། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་

and then fragmentary superknowledge (mngon par shes pa) arises. Such is the instruction (gdams pa) on the key point of cutting, by means of the key point of speech, the connection at the juncture of body and mind. As the key point of mind, apart from gazing with the eyes into the vault of the sky, one thinks no thought whatsoever. The Reverberation of Sound says: "Mind is accomplished by directing it to basic space." Thus, by principally disciplining the two, body and speech, the mind is tamed along with them, basic space and awareness arise, and the bonds of the three realms are cut. The Seed Tantra says:

Whoever disciplines body and speech in this way
Will by this become familiarized
With the appearances of the basic space of phenomena.

And the Vajra Array (rdo rje bkod pa) says:

Knowing the key points of body, speech, and mind,
And conforming to them, one is freed from saṃsāra.

The second topic, bringing direct perception to bear right upon itself in reliance on the three key points, has three parts: binding the three key points into the vajra framework; introducing directly perceived awareness to its own face (rang ngo); and showing the manner in which appearances arise from that. The first has two parts: showing the general framework of the three key points, and, in particular, bringing each key point itself to bear. The first is the three key points of the door (sgo), the object (yul), and wind and awareness (rlung rig). The Reverberation of Sound says:

Do not part from the pith instructions of the three key points.
These are the door and the object itself,

[p. 171]དང༌། །རླུང་དང་རིག་པའི་གནད་ཉིད་གཏེམ། །ཞེས་པས། དཔེར་ན་གནད་ལ་ཟིན་པའི་མཚོན་དང་འདྲ་སྟེ། ལུས་ཀྱི་རྩ་རྒྱུས་སམ་དོན་སྙིང་ལ་སོགས་པའི་གནད་ལ་ཕོག་ན་ཅི་བྱས་ཀྱང་མི་འཚོ་བར་འཆི་བ་དང་འདྲ་བར། གནད་གསུམ་གྱིས་ཀྱང་ཆོས་ཉིད་ལ་འགྱུར་བའི་ས་མེད་དེ། སྒོའི་གནད་ཀྱིས་མཐོང་བར་བྱེད། །ཡུལ་གྱི་གནད་ཀྱིས་མི་འགྱུར་བར་བྱེད། རླུང་རིག་གི་གནད་ཀྱིས་རྟགས་ཚད་ལ་འབེབས་པའོ། །དེ་ཡང་སྒོའི་གནད་སོ་པ་དང་འདྲ། །ཡུལ་གྱི་གནད་འགྲོན་པོ་དང་འདྲ། རླུང་རིག་གི་གནད་ཇག་པ་དང་འདྲའོ། །སོས་ཐེབས་པས་འདོད་པའི་མི་འགྱུར་དབང་མེད་པར་ཟིན་ལ། དགྲས་འོངས་པས་ཇག་པའི་ལག་ཏུ་མི་ཚུད་མི་སྲིད་པ་བཞིན་དུ། ཆོས་ཉིད་མངོན་སུམ་གྱི་གནད་ལ་མི་ཐེབས་མི་སྲིད་དོ། །དེ་ཡང་ཡུལ་མེད་ན་རྟེན་སའི་གཞི་མེད་ལ། སྒོ་མེད་ན་འགྲོ་བའི་ལམ་སྟོར། རླུང་རིག་གི་གནད་མེད་ན་ཤེས་རིག་ནང་དུ་མི་ཆོད་པས་གནད་གསུམ་དུ་ངེས་ལ། དེ་ལས་མང་ན་མཐའ་ཡས་པས་གནད་སྟོར་ལ། ཉུང་ན་དོན་མི་འགྲུབ་པས་གསུམ་དུ་ངེས་པའོ། །གཉིས་པ་བྱེ་བྲག་རང་གི་གནད་ཐོག་ཏུ་དབབ་པ་ལ། གནད་གསུམ་སྤྱིའི་རིམ་པ་ངེས་པ་དང༌། སོ་སོའི་གནད་ལ་ཐོག་ཏུ་དབབ་པའོ། །དང་པོ་ནི་ལུས་ངག་སེམས་གསུམ་མི་འགུལ་ཞིང་སྒོ་དང་ཡུལ་དང་

And the very key point of wind and awareness — hold them fast.

For example, it is like a weapon that strikes a vital point (gnad). Just as, when a vital point of the body — the channels and sinews, or the heart and the like — is struck, one will die and cannot survive whatever is done, so too, through the three key points, there is no room for deviating from the nature of phenomena: by the key point of the door one is made to see; by the key point of the object it is made unchanging; by the key point of wind and awareness the signs are brought to their full measure. Further, the key point of the door is like a sentry; the key point of the object is like a traveler; the key point of wind and awareness is like a bandit. Just as, once the sentry has caught him, the one who is sought is seized without any power to escape, and once the enemy has come upon him it is impossible for him not to fall into the bandit's hands, so it is impossible not to strike the key point of the direct perception of the nature of phenomena. Moreover, if there were no object, there would be no ground to rest upon; if there were no door, the path along which to proceed would be lost; and if there were no key point of wind and awareness, knowing awareness would not be resolved within. Hence they are determined as three key points. If there were more than these, being endless, the key point would be lost; if fewer, the purpose would not be accomplished. Hence they are determined as three.

The second, in particular bringing each key point itself to bear, has two parts: determining the general sequence of the three key points, and bringing each individual key point to bear. The first is that body, speech, and mind, the three, are kept motionless, and that the door, the object, and

[p. 172]རླུང་རིག་གཅུན་པ་སྟེ། མཐོང་བ་བརྒྱུད་པའི་ལུང་གིས་ཕྱེ་བ་ནི། རང་བྱུང་རིག་པའི་ཏནྟྲ་ལས། དེ་ལྟར་ལུས་ལ་སོགས་པ་ཡི། །གནད་ཀུན་རབ་ཏུ་གཟིར་བ་ཡིས། །རིག་པ་ཉིད་དང་མངོན་སུམ་དུ། །བླ་མའི་ལུང་ལས་ཤེས་པ་ཡིན། །ཅེས་པ་དང༌། ཐལ་འགྱུར་ལས། དངོས་གཞི་རང་གི་རྒྱུད་བསྟེན་ན། །ལུས་ཀྱི་གནད་དང་ངག་དང་ཡང༌། །སེམས་ཀྱི་གནད་ལ་བརྟེན་པ་ཡིས། །རླུང་ནི་ཅི་ནས་དལ་བྱས་ཏེ། །རབ་ཏུ་འཕང་བ་ལས་བྱུང་བ། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང༌། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཡུལ་ནི་སྒྲིབ་བྱེད་བྲལ་བའོ། །རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །གཉིས་པ་ལ་སྒོ་དང༌། ཡུལ་དང༌། རླུང་རིག་གི་གནད་གསུམ་ལས། དང་པོ་ནི། ཐ་མལ་པའི་ལྟ་ལུགས་ཀྱིས་ཡེ་ཤེས་མི་འཆར་བས། སྐུ་གསུམ་གྱི་གཟིགས་སྟངས་གསུམ་ལ་བསླབ་སྟེ། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་ཀྱི་སྐུ་ཡི་གཟིགས་སྟངས་ཀྱིས། །ཁམས་གསུམ་འཁོར་བ་སྤྱིབས་ནས་འདོན། །ལོངས་སྐུས་སྲིད་པའི་གཞི་མ་འཇིག །སྤྲུལ་སྐུས་སངས་རྒྱས་ཞིང་དུ་སྒྲོལ། །ཅེས་པ་དང༌། ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་ཁམས་སུ་བརྟག །ཅེས་པ་དང༌། གསང་བ་སྒྲ་རྒྱུད་ལས། ཕབ་

wind and awareness are held in check.

To distinguish this by means of the transmission of the lineage of seeing: the Tantra of Self-Arisen Awareness (rang byung rig pa'i tantra) says:

Thus, by pressing firmly
Upon all the key points of body and the rest,
Awareness itself is known directly
From the transmission of the guru.

And the Reverberation of Sound says:

If one applies the main practice to one's own continuum,
Then, by relying on the key point of body, and of speech,
And on the key point of mind,
The wind is by all means made slow;
Through what arises from its being fully projected,
The connection between body and mind is severed,
And there is no turning back into the three realms.

And:

The door is looked through with the eyes of the three kāyas;
The object is free of what obscures;
By the slowing of wind and awareness, primordial wisdom is accomplished.

The second consists of the three key points of the door, the object, and wind and awareness. The first: since primordial wisdom does not dawn through an ordinary way of looking, one trains in the three gazes (gzigs stangs) of the three kāyas. The Glorious Tantra Equal to Space (dpal nam mkha' dang mnyam pa'i rgyud) says:

By the gaze of the dharmakāya,
The saṃsāra of the three realms is drawn out from its depths;
By the sambhogakāya the very ground of existence is destroyed;
By the nirmāṇakāya one is liberated into the buddha field.

And the Tantra Without Letters (yi ge med pa) says:

The eyes are fixed upon the element of space.

And the Secret Tantra of Sound (gsang ba sgra rgyud) says:

Lowered,

[p. 173]དང་ཟློག་དང་ཟུར་གྱིས་ནི། །གཟིགས་སྟངས་རྣམ་པ་གསུམ་དུ་གྲགས། །ཞེས་སོ། །དེའང་སྤྲུལ་སྐུ་ཕབ་ནས་སངས་རྒྱ་བ་ནི་གདུལ་བྱ་ལ་གཟིགས་ལ། ལོངས་སྐུ་ཟུར་ལ་གཟིགས་ནས་སངས་རྒྱ་བ་ནི་ཞིང་ཁམས་ལ་གཟིགས་པ་དང༌། ཆོས་སྐུ་བཟློག་ནས་སངས་རྒྱ་བ་ནི་གཞི་ལ་གཟིགས་པའོ། །རྣལ་འབྱོར་པ་མིག་ཤས་ངན་པས་སྤྲུལ་སྐུའི་གཟིགས་སྟངས་བསྟུན་ན་མིག་མི་འགྲིབ་པའི་དགོས་པ་ཡོད། མིག་ལ་སྐྱོན་ཆགས་པས་ལོངས་སྐུ་དང་བསྟུན་ན་མིག་གསལ་བའི་དགོས་པ་ཡོད། མིག་ཤས་བཟང་བས་ཆོས་སྐུའི་ངང་བསྟུན་ན་མྱུར་དུ་སྣང་བ་ཚད་ལ་ཕེབས་པའི་དགོས་པ་ཡོད་དོ། །དེ་དག་ལས་མ་གཡོས་ན་སྤྱན་གསུམ་ཁོང་དུ་ཆུད་པར་ངེས་ཏེ། ཆོས་སྐུ་ལ་ཆོས་ཉིད་ཀྱི་སྤྱན་ཡོད་པས་གསུང་ལ། དེའི་བྱིན་རླབས་ཀྱིས་ཡེ་ཤེས་དངོས་སུ་མཐོང་བས་འདི་ཉིད་ལ་ཐག་ཆོད། ལོངས་སྐུ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་པས་སྐུ་ལ། དེའི་བྱིན་རླབས་ཀྱིས་རང་གསལ་དུ་མཐོང་བས་མཁྱེན་པ་རྒྱས། སྤྲུལ་སྐུ་ལ་ཤེས་རབ་ཀྱི་སྤྱན་ཡོད་པས་ཐུགས་ལ། དེའི་བྱིན་རླབས་ཀྱིས་སྒྲ་ཚིག་དང་བྲལ་བར་མཐོང་བས་ཐོས་བསམ་སྒོམ་པ་ལ་རག་མ་ལུས་པར་ཆོས་ཉིད་ཀྱི་དོན་ཁོང་ནས་འཆར་རོ། །དེ་ཡང་སྤྱན་གསུམ་དུ་ལྟ་བ་ནི་ཆོས་ཉིད་ཀྱི་སྤྱན་གྱེན་ལ་བཟློག་པས་བག་ཆགས་ཐུར་ལ་སེལ་བའི་གནད། ཡེ་

Turned upward, and sideways —
These are renowned as the three kinds of gaze.

Here, the nirmāṇakāya's attaining buddhahood with the gaze lowered is gazing upon those to be tamed (gdul bya); the sambhogakāya's attaining buddhahood by gazing to the side is gazing upon the buddha fields (zhing khams); and the dharmakāya's attaining buddhahood with the gaze turned upward is gazing upon the ground. If a yogin whose eyesight is poor conforms to the gaze of the nirmāṇakāya, it has the purpose that the eyes will not grow dim. If one whose eyes have been impaired conforms to the sambhogakāya, it has the purpose that the eyes will become clear. If one whose eyesight is good conforms to the manner of the dharmakāya, it has the purpose that the visions will swiftly reach full measure (tshad la phebs pa). If one does not waver from these, it is certain that the three eyes will be realized inwardly. Since the dharmakāya possesses the eye of the nature of phenomena, this pertains to enlightened speech (gsung);

through its blessing, primordial wisdom is actually seen, and so one reaches decisive certainty about this itself. Since the sambhogakāya possesses the eye of primordial wisdom, this pertains to enlightened body; through its blessing, one sees with natural clarity, and so knowledge (mkhyen pa) expands. Since the nirmāṇakāya possesses the eye of wisdom, this pertains to enlightened mind; through its blessing, one sees free of sounds and words, and so the meaning of the nature of phenomena dawns from within without depending on hearing, reflection, and meditation. Furthermore, as for looking with the three eyes: turning the eye of the nature of phenomena upward is the key point of clearing away habitual tendencies downward;

[p. 174]ཤེས་ཀྱི་ཟུར་ལ་མཉམ་པོར་བལྟས་པས་འཁོར་འདས་རོ་མཉམ་དུ་བསྲེ་བའི་གནད། ཤེས་རབ་ཀྱིས་ཕབ་ནས་བལྟས་པས་ཡེ་ཤེས་ཀྱི་སྣང་བ་དངོས་སུ་འབེབས་པའི་གནད་དོ། །གཟིགས་སྟངས་གསུམ་དུ་ངེས་པ་ཅི་ཡིན་ཞེ་ན། ལེ་ལོ་ཅན་ལ་ལོངས་སྐུ། བརྩོན་འགྲུས་ཅན་ལ་སྤྲུལ་སྐུ། བཏང་སྙོམས་ཅན་ལ་ཆོས་སྐུའི་གཟིགས་སྟངས་ཤིས་པས་ན་གསུམ་དུ་ངེས་སོ། །ངེས་ཚིག་ནི་གཟིགས་པ་ཆོས་ཉིད་ལ་གཟིགས་པས་རྣམ་དག་སྒྲིབ་པ་ཟད་པའོ། །སྟངས་ཀྱིས་འཁོར་བ་ལས་གྲོལ་བར་བྱེད་པའོ། །གཉིས་པ་ཡུལ་གྱི་གནད་ནི་ཕྱིའི་དབྱིངས་ཀྱི་ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་ཡིན་ལ། །ནང་གི་དབྱིངས་ཀྱི་ཡུལ་སྨིན་མཚམས་ཀྱི་མཛོད་སྤུ་ལ་གཏད་པས་དབྱིངས་སྣང་མཐིང་ག་དང་དེ་ལས་མཆེད་པ་རྣམ་ལྔའི་རང་གདངས་ཏེ། ཐལ་འགྱུར་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །བག་རྡུལ་ཆར་གྱིས་དེངས་དུས་སུ། །མཁས་པས་མངོན་སུམ་གནད་གཟིར་དང༌། །ནང་གི་སྒྲོན་མ་ལམ་དུ་བྱའོ། །ཞེས་སོ། །དེ་ཡང་ཕྱི་རིག་པ་འཆར་བའི་ཡུལ་ཡིན་ལ། ནང་ཉམས་འཕེལ་བའི་ཡུལ་ཏེ། རིག་པ་དང་ཉམས་གཉིས་སུ་མེད་པ་ལས་འཁོར་འདས་འདྲེས་པ་ཞེས་བྱའོ། །དེའང་ས་ཆུ་མེ་རླུང་གི་དངོས་པོ་རགས་པ་ལ་ཡུལ་དུ་གཏད་

looking evenly to the side with the eye of primordial wisdom is the key point of blending saṃsāra and nirvāṇa into equal taste (ro mnyam); and looking downward with the eye of wisdom is the key point of actually bringing down the visions of primordial wisdom.

If one asks why the gazes are determined as three: because the gaze of the sambhogakāya is auspicious for the lazy, that of the nirmāṇakāya for the diligent, and that of the dharmakāya for those of equanimity, they are determined as three. As for the etymology: "gazing" (gzigs pa) means that by gazing at the nature of phenomena one is utterly pure, obscurations being exhausted; "manner" (stangs) means that it brings about liberation from saṃsāra.

Second, the key point of the object. The object of the outer basic space is the empty sky free of clouds; and the object of the inner basic space, when one focuses on the ūrṇā hair (mdzod spu) between the eyebrows, is the deep blue appearance of basic space (dbyings snang) and the natural radiance of the five aspects that spread out from it. From the Reverberation of Sound:

Basic space is outer and inner.
The outer is held to the cloudless sky.
When the fine dust has been cleared by rain,
the skilled one presses the key points directly,
and makes the inner lamp the path.

So it says. Moreover, the outer is the object in which awareness arises, and the inner is the object in which experience increases; from awareness and experience being nondual, this is called "the mingling of saṃsāra and nirvāṇa." Furthermore, if one focuses as the object on the coarse entities of earth, water, fire, and wind,

[p. 175]པས་མི་གྲོལ་ཏེ། དང་པོ་སྣང་བ་འཆར་དུ་མི་འདོད། ཕྱིས་ཤར་དུས་གཏད་ཀྱང་དངོས་པོ་རགས་པ་ལྟར་ཤེས་པའང་དེ་དང་མཐུན་པ་སྐྱེ་བས་སྟོང་ཉིད་བསམ་དུ་མེད་པའི་ཉམས་ནང་ནས་མི་འཆར་ལ། ནམ་མཁའ་སྟོང་པ་ལ་རིག་པ་སྟོང་པ་གཏད་པས། ཡུལ་ནམ་མཁའ་དང་མཐུན་པའི་ཉམས་སྟོང་གསལ་འཕྲོ་འདུ་དང་བྲལ་བ་ཕྱལ་ཡས་པ་ཅིག་འཆར་བས། དངོས་པོ་མཚན་མ་དང་བྲལ་བའི་དགོས་པ་ཡོད་དེ། སེམས་སྡེ་ལས། རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། ཞེས་པ་དང༌། སྡུད་པ་ལས། དོན་དེ་གང་ཡིན་ནམ་མཁའ་དག་ལ་བརྟག་པར་གྱིས། །ཞེས་པ་དང༌། ཡུམ་བར་མ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི། ནམ་མཁའ་རྣལ་འབྱོར་དུ་བྱེད་པའོ་ཞེས་པ་ལ་སོགས་པ་ལུང་དཔག་ཏུ་མེད་དོ། །དེའང་ཡུལ་ཕྱི་ནང་འདྲེས་པ་ལས་མཉམ་པ་རིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་གཉིས་མེད་ཀྱི་ལྟ་བ་ཞེས་བྱ། དབྱིངས་རིག་འདྲེས་པས་འཁོར་འདས་རོ་མཉམ་གྱི་ལྟ་བ་ཞེས་བྱའོ། །འདི་ཉིད་བསྟན་བུ་ལས་ཀྱང༌། དབྱིངས་དང་རིག་པའི་ལྟ་སྟངས་ནི། །སྒྲིབ་བྱེད་བྲལ་བའི་ནམ་མཁའ་ལྟར། །ཅེས་གསུངས་སོ། །གསུམ་པ་རླུང་རིག་གི་གནད་ནི། ཡུལ་དང་སྒོ་གཉིས་འཛོམ་དུས་རླུང་དལ་བ་བསྟེན་པས་རིག་པ་བཙོན་དུ་གཟུང་བ་ཞེས་བྱ་སྟེ། དེའང་རླུང་

one is not liberated: at first the appearances are unwilling to arise; and later, even if one focuses on them when they have arisen, since cognition too is born in conformity with those coarse entities, the experience of inconceivable emptiness (stong nyid) does not arise from within.

By focusing empty awareness on the empty sky, there arises an experience that conforms to its object, the sky—an empty clarity (stong gsal) free of emanation and reabsorption, boundlessly open—and so there is a purpose in being free of entities and characteristics (mtshan ma). From the Mind Class (sems sde): "The yogin dwells on the bird-path of the sky." From the Condensed Prajñāpāramitā (sdud pa): "Whatever that meaning may be, examine it in pure space." From the Middle-Length Mother (yum bar ma): "To meditate on the perfection of wisdom is to practice the yoga of space." Such scriptural citations are immeasurable. Moreover, from the mingling of the outer and inner objects, this is called "the view of impartial equality"; it is called "the view of the nonduality (gnyis med) of basic space and awareness"; and since basic space and awareness mingle, it is called "the view of the equal taste of saṃsāra and nirvāṇa." This very point is stated also in the Only Child of the Teaching:

The gaze of basic space and awareness
is like the sky free of what obscures.

Third, the key point of wind and awareness. When the object and the door come together, relying on gentle wind is called "holding awareness captive." Moreover, for the wind

[p. 176]ཅི་ནས་ཀྱང་དལ་བ་ལ་ཕྱིར་རྒྱང་རིང་པོ་འཕེན་ཞིང་ཕྱིར་བཟུང་ལ་གཞག་པ་གནད་ཡིན་ནོ། །དེ་ཡང་རླུང་དལ་བས། ཕྱིར་རྣལ་འབྱོར་པའི་ཚེ་རྒྱས་པའི་གྲོགས་སུ་འགྲོ་ལ། ནང་དུ་རྣམ་པར་རྟོག་པ་ནུབ་པའི་རྐྱེན་བྱེད་ཅིང༌། གསང་བར་རིག་པ་མངོན་སུམ་དུ་མཐོང་བའི་ལས་བྱེད། ཁོ་ན་ཉིད་དུ་ཟག་བཅས་མི་སྣང་བར་སངས་རྒྱ་བར་བྱེད་པའོ། །དེ་སྐད་དུའང་ཐལ་འགྱུར་ལས། རླུང་ནི་ཅི་ནས་དལ་བྱ་སྟེ། །རབ་ཏུ་འཕང་བ་ལས་བྱུང་བས། །ལུས་དང་སེམས་ཀྱི་འབྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ཟློག་པ་མིན། །ཅེས་པ་དང༌། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །རིག་པའི་གནད་ལུ་གུ་རྒྱུད་དབྱིངས་ཀྱི་ར་བར་བཞག་ནས་མི་འགུལ་བར་བྱེད་པ་སྟེ། དེ་ཉིད་ལས། རང་ངོ་རིག་པ་ལུ་གུ་རྒྱུད། །འགྲོ་འོང་བྲལ་བས་མཁའ་ལ་བཟུང༌། །ཞེས་པ་དང༌། བསྟན་བུ་ལས། དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །རྣམ་པར་གཞག་ཅིང་འབྲལ་མི་བྱ། །ཞེས་སོ། །དེའང་རླུང་དལ་བ་བསྟེན་པས་བྱ་བ་དང་བྲལ་བའི་དོན་རྒྱུད་ལ་སྐྱེ། རིག་པ་ལུ་གུ་རྒྱུད་ཨར་ལ་གཏད་པས་རྣམ་པར་རྟོག་པའི་ཁུངས་ཟད་ནས།

to be gentle by all means, the key point is to send it far outward and to leave it held outside. Furthermore, through the wind being gentle: outwardly, it serves as an aid to the extension of the yogin's life; inwardly, it acts as the condition (rkyen) for conceptual thoughts to subside; secretly, it performs the function of directly seeing awareness; and in reality, it brings about buddhahood in which the defiled no longer appears. So too the Reverberation of Sound says:

The wind should by all means be made gentle;
since it arises from being cast far out,
the link between body and mind is cut,
and there is no turning back into the three realms.

And: "When wind and awareness are gentle, primordial wisdom is accomplished."

The key point of awareness is to set the chains within the enclosure of basic space and make them unmoving.

From the same: "The chains of awareness, its own face, free of going and coming, are held in the sky." And from the Only Child of the Teaching: "Within basic space the chains are set in place and are not to be parted from it." Moreover, by relying on gentle wind, the meaning free of activity is born in one's continuum; by fixing the chains of awareness firmly, the source of conceptual thoughts is exhausted, and

[p. 177]འཁྲུལ་པ་གཞི་ལ་ལོག་སྟེ་ཡེ་ཤེས་མ་བུ་ཕྲད་པའོ། །རིག་པ་རླུང་དང་བྲལ་ནས་འགྲོ་འོང་དུ་མེད་པ་ནི་རིག་པ་ལ་རང་བྱན་ཚུད་པའོ། །དེ་ཡང་ཁྲིད་དུ་བྱེད་ན་ལུས་ཀྱི་གནད་བསྟུན་པ་ལ་ཉི་མ་ལྔ་དྲུག་ཏུ་བྱའོ། །དེ་ནས་སྒོ་སྤྱད་པ་ལ་དེ་ཙམ་ཅིག་ཏུ་བྱའོ། །དེ་ནས་ཡུལ་བཙལ་བ་ལ་ཉི་མ་དྲུག་ནས་བདུན་བྱས་ལ། དེ་ནས་མངོན་སུམ་རང་ཐོག་ཏུ་ཕབ་ནས་ཉམས་སུ་ལེན་པའོ། །དེས་ནི་ཤིན་ཏུ་འབྱོངས་ཤིང་སྒོམ་ཤེས་པ་འབྱུང་ངོ༌། །གཞན་དུ་འལ་མ་འོལ་བྱས་པས་སྣང་བ་ར་རི་ཅིག་མཐོང་ནས། ཡིད་ཆེས་མེད་པར་ཁྲིད་ཐོན་དུས་ཅི་ལ་ཟེར་ཆ་མེད་པར་པྲ་ཡས་པ་དག་འབྱུང་ཉེ་བས་དེ་ལྟར་མ་སོང་བ་དག་ཏུ་བྱའོ། །དེ་ལ་སྤྱིར་གྱིས་ཁྲིད་མོ་ཆེ་འདི་འདེབས་དུས་སྔོན་འགྲོ་ཚད་ལ་ཕེབས་པ་བརྩོན་འགྲུས་དང་བཅས་པས་སྦྱངས་པས་དངོས་གཞི་ལ་ཡིད་ཆེས་ཐུན་མོང་མ་ཡིན་པ་སྐྱེའོ། །དངོས་གཞི་ཐེབས་པར་བཏབ་པས་མངོན་སུམ་ལ་སྤྲོ་དགའ་ཁྱད་པར་ཅན་འབྱུང་ངོ༌། །རྗེས་རྒྱབ་ཆོས་མཐའ་ཆོད་པར་བཤད་པས་ཉམས་ལེན་བསྐྱང་ཐུབ་པ་ཤེས་ནས་ཐེ་ཚོམ་དང་རྟོག་མཐའ་ཆོད་དེ་ཆོས་གཞན་ལ་ཡིད་མི་སྨོན་པའི་དགོས་པ་ཡོད་དོ། །གཉིས་པ་མངོན་སུམ་རིག་པའི་རང་ངོ་སྤྲད་པ་ནི། རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ནམ་མཁའ་ལ་ལྡིང་བ་ལྟ་བུ་དབྱིངས་འོད་གསལ་གྱི་སྣང་བ་དང་

delusion reverts to the ground, and the mother and child primordial wisdoms meet. Awareness being parted from wind and having no going or coming is awareness coming into its own mastery.

Furthermore, when this is given as guidance (khrid), one should spend five or six days on aligning the key point of the body. Then, for employing the doors, about as long. Then, for seeking out the object, six to seven days; and then, bringing direct perception to bear directly upon itself, one takes it into practice. Through this one becomes thoroughly proficient and comes to know how to meditate. Otherwise, if it is done vaguely and haphazardly, one sees some indistinct appearance and, lacking confidence, when the guidance is finished one has no idea what was being spoken of, and there is a danger that some end up lost in vagueness; so one should see to it that it does not turn out that way. In this regard, in general, when this great guidance is imparted, by training with diligence in the preliminaries until they reach full measure, an uncommon confidence in the main practice arises. By imparting the main practice so that it takes effect, an exceptional joy and delight in direct perception arise. By explaining the subsequent supporting teachings so that they are settled to their conclusion, one knows that one is able to sustain the practice; doubts and speculation are settled once and for all, and there is the purpose that one's mind does not long for other teachings.

Second, directly introducing the own face of awareness: "This awareness—the vajra chains, like golden threads floating in the sky, together with the appearance of the luminosity ('od gsal) of basic space—

[p. 178]བཅས་པ་འདི་མ་འཁྲུལ་པའི་སངས་རྒྱས་ཀ་དག་ལྷུན་གྲུབ་ཀྱི་རང་གདངས་ཏེ། ངང་ལ་བལྟས་པས་རྟོག་བྱེད་ཐམས་ཅད་དག་ནས་སྤྲོས་བྲལ་ནམ་མཁའ་འདྲ་བའི་གདངས་ནང་དུ་ཤར་བས། དབྱིངས་རིག་གཉིས་སུ་མེད་པའི་དགོངས་པ་ཤེས་རབ་རང་བྱུང་གི་ཡེ་ཤེས་དང་ཞལ་མཇལ། ཐོག་མའི་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ། འདི་ལ་གོམས་པ་ཚད་དུ་ཕྱིན་ན་རྡོས་བཅས་འོད་དུ་འགྲོ་ལ། མ་ཕྱིན་ཡང་བར་དོའམ་རང་བཞིན་སྤྲུལ་པའི་ཞིང་བགྲོད། འགྲོ་དྲུག་འཁྲུལ་པའི་གཡང་ས་ཆོད་པའོ། །ཞེས་ངོ་སྤྲད་དེ། རང་བྱུང་བསྟན་པའི་བཙས་ལས། འདི་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང༌། །སྐལ་བ་ཉིད་ནི་མཉམ་པའོ། །ཞེས་པ་དང༌། ཐལ་འགྱུར་ལས། ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ཡི་སངས་རྒྱས་སོ། །ཞེས་སོ། །གསུམ་པ་དེ་ལས་སྣང་བའི་འཆར་ཚུལ་བསྟན་པ་ནི། །དབྱིངས་འོད་ལྔའི་རང་གདངས་ལང་ལིང་དུ་སྣང་བ་དང༌། ལུ་གུ་རྒྱུད་ལ་ཐིག་ལེ་ཕྲ་མོས་འབྲེལ་བ་དང༌། ཐོག་མར་དཀར་ཟང་ཟིང་སྐར་མ་འཕྲོ་བ་ལྟ་བུ་ལས། ཐིག་ལེ་ཁ་དོག་ལྔ་ལྡན་དང༌། །རེ་རེ་བ་དང༌། སུམ་སྦྲེལ་གྱི་བར་གྱི་སྣང་བ་ཚུན་ཆད་དེ། སྔ་མ་ལས། དེ་ནས་ཐིག་ལེ་མཐོང་བ་ཡིན། །ཅེས་སོ། །དེའང་ཕྱི་འོད་གསལ་

is the natural radiance of the undeluded buddha, primordial purity and spontaneous presence. By gazing into its state, all that conceptualizes is purified, and as a radiance like the sky, free of elaboration (spros bral), arises within, one meets face to face with the enlightened intent of the nonduality of basic space and awareness, the self-arisen primordial wisdom of discerning wisdom (shes rab rang byung gi ye shes).

"One's fortune is equal to that of the primordial Samantabhadra. If familiarization with this reaches full measure, the material body passes into light; and even if it does not, one proceeds either in the intermediate state (bar do) or to the buddha fields of natural emanation (rang bzhin sprul pa). The precipice of the delusion of the six classes of beings is cut off." Thus one introduces it. From the Harvest of the Self-Arisen Teaching (rang byung bstan pa'i btsas):

Whatever person sees in this way
is, with the primordial Samantabhadra,
equal indeed in fortune.

And from the Reverberation of Sound:

The nature of the chains,
since all conceptual thought is purified,
is the undeluded buddha of the ground.

Third, showing the manner in which appearances arise from that: the natural radiance of the five lights ('od lnga) of basic space appearing in a shimmering way; the chains being linked by subtle spheres; and, from what at first is a white glittering like radiating stars, up to the appearances of spheres endowed with the five colors, single ones, and those linked in threes. From the former: "Then the spheres are seen." Moreover, by gazing at the outer luminosity,

[p. 179]ལ་བལྟས་པས་ནང་རྣམ་རྟོག་བྲལ་ཏེ་རིས་མེད་མཉམ་པར་གྲོལ་བ་ནི ཀ་དག་གི་རིག་གདངས་དང༌། ལྷུན་གྲུབ་ཀྱི་འོད་གདངས་གཉིས་ཕྱི་ནང་ཟུང་དུ་འབྲེལ་བས། དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་ཞེས་བྱའོ། །གསུམ་པ་སྣང་བ་བཞི་འཆར་བའི་རིམ་པ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ་དང༌། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། སྣང་བ་བཞི་ཀའི་དུས་སུ་ལུས་བཞུགས་སྟངས་ལ་གནས་པ། མིག་གཟིགས་སྟངས་ལ་ལྟ་བ། རླུང་རིག་ངང་གིས་དལ་བ་གསུམ་གནད་མཐུན་ལ། ཁྱད་པར་སྣང་བ་དང་པོ་གཉིས་སུ་སྦྱངས་པས་ཕྱི་མ་གཉིས་སུ་རྩོལ་བ་ལ་མ་ལྟོས་པར་ངང་གིས་འབྱོངས་ནས། འོད་གསལ་དུ་གྲོལ་བ་ཡིན་པས་ན་དབྱིངས་རིག་གཉིས་སུ་མེད་པ་ཞེས་བྱའོ། །འདི་དག་གི་གནད་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་མི་འབྲལ་བར་བྱ་བ་ནི་གནད་དུ་བྱུང་ལ། དེའི་དོན་བཤད་ན། རིག་པ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མི་ཕྱེད་པ་གཞི་གནས་དང་དེའི་གདངས་འོད་རྩ་དངས་པའི་སྣང་བ་ལས་གསེར་གྱི་སྐུད་པ་ལྟ་བུ་བྲེང་ཆགས་ལ་འཁྱོག་མཚམས་ཐིག་ལེས་སྦྲེལ་བ་ལ་བྱའོ། །རྡོ་རྗེ་ནི་སངས་རྒྱས་སེམས་ཅན་ཀུན་ལ་ངོ་བོ་བཟང་ངན་མེད་པར་མཉམ་ཞིང་མི་འགྱུར་བར་གནས་པའི་ཆ་ནས་བཞག་ལ། ལུ་ནི་དཔེར་ན་ཆུའི་ལུ་མ་བཟང་པོ་ལས་ཆུ་འཕེལ་

one is freed from inner conceptual thoughts and liberated in impartial equality; and since the two—the radiance of awareness of primordial purity and the radiance of light ('od gdangs) of spontaneous presence—are joined as an outer and inner pair, this is called the enlightened intent of basic space and awareness beyond meeting and parting ('du 'bral med pa).

Third, the stages in which the four visions arise has two parts: a brief presentation of their essence, and an extensive explanation of their nature.

First: at the time of all four visions, three key points are held in common—the body remaining in its posture, the eyes looking with their gaze, and wind and awareness being naturally gentle. In particular, by training in the first two visions, one becomes naturally proficient in the latter two without depending on effort, and since one is liberated into luminosity, this is called "the nonduality of basic space and awareness." As the key point of all these, it is not parting from awareness, the vajra chains, that has emerged as the key point. If its meaning is explained: "awareness" refers to the indivisibility of the three—essence, nature, and compassionate responsiveness (thugs rje)—abiding in the ground (gzhi gnas), and to its radiance, which, from the appearance of the limpid light channel ('od rtsa), is like golden threads strung in a continuous line, linked by spheres at the bends. "Vajra" is posited from the aspect that in all buddhas and sentient beings (sems can) its essence abides equal, without good or bad, and unchanging.

"Lu" is like, for example, the way water from a good channel of water issues forth

[p. 180]འགྲིབ་མེད་པར་འབྱུང་བ་དང་འདྲ་བར། སྐུ་དང་ཡེ་ཤེས་ཀྱི་འཕེལ་སྒོ་སྣ་ཚོགས་སུ་ལམ་སྣང་མ་རྫོགས་ཀྱི་བར་ལ་དེ་ལས་འཆར་བར་བྱེད་པའོ། །གུ་ནི་དེ་ཉིད་ཀྱི་ནང་དུ་ཆོས་ཉིད་ཕྱིན་ཅི་མ་ལོག་པའི་ལྟ་བ་དང་སྒོམ་པ་འགུགས་པར་བྱེད་ལ། རྒྱུད་ནི་འཁོར་འདས་ལ་ཁྱབ་ཅིང་སྣང་བ་དེའི་ཚོགས་རྣམས་ལས། སྐུ་དང༌། ཐིག་ལེ་འཕྲོ་བ་དང༌། མཆེད་པ་དང༌། འདུ་བ་ལ་སོགས་པ་གསལ་བར་བྱེད་པའོ། །ཐལ་འགྱུར་ལས། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །དེ་ལས་སྣང་བ་བཞིར་འགྱུར་ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་བསྣུབས། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད། །ཅེས་སོ། །དེའང་སྣང་བ་བཞིར་གྲངས་ངེས་པ་ནི་ཕྱིར་ནམ་ཟླ་དུས་བཞིའི་འཕེལ་ཟད་པ་དང༌། ནང་དུ་ལུས་ངག་ཡིད་སེམས་བཞིའི་བཅིངས་པ་ལས་དགྲོལ་བ་དང༌། གསང་བར་དབང་བཞིའི་ངེས་པ་སྟོན་པ་དང༌། དེ་ཁོ་ན་ཉིད་དུ་སྒྲོན་མ་བཞིའི་སྣང་བ་ངེས་པ་ལ་ལྟོས་ནས་བཞིར་ངེས་སོ། །གོ་རིམས་ངེས་པ་ནི། དང་པོའི་གཞི་ཆོས་ཉིད་མངོན་སུམ་མ་མཐོང་ན་ལྷག་མ་

without diminishing, so likewise, until the visions of the path are complete, it causes the various doors of increase of the kāyas and primordial wisdom to arise from it. "Gu" means that within that itself it draws in the unerring view and meditation of the nature of phenomena. "Rgyud" means that it pervades saṃsāra and nirvāṇa, and that from the hosts of those appearances it makes clear the kāyas, and the radiating, spreading, gathering, and so forth of the spheres. The Reverberation of Sound says:

Through wind and awareness being gentle, primordial wisdom is accomplished;
from that, it becomes the four visions.
By the vision of direct perception of the nature of phenomena,
the view that clings to intellectual speculation is effaced.
By experiential visions increasing higher,
deluded appearances are made to subside.
By the vision of awareness reaching full measure (rig pa tshad phebs),
the visions of the path of realizing the three kāyas are transcended.
By the vision of exhaustion in the nature of phenomena (chos nyid zad pa),
the continuous cord of saṃsāra in the three realms is cut.

Moreover, that the visions are fixed in number as four is determined in dependence upon, outwardly, the waxing and waning of the four seasons of the year; inwardly, release from the bonds of the four—body, speech, mental faculty, and mind; secretly, the demonstration of the certainty of the four empowerments; and in reality (de kho na nyid), the certainty of the visions of the four lamps. Thus they are fixed as four. As for the certainty of their order: if the initial ground—direct perception of the nature of phenomena—is not seen, the remaining

[p. 181]གསུམ་གྱི་འཆར་གཞི་མེད་པས་རྟེན་དང་བརྟེན་པའི་གཞིར་དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་འཆར་བའོ། །དེ་ཉིད་ཤར་བས་ཆོས་ཐམས་ཅད་ཀྱི་དོན་མཐོང་བས་རང་བྱུང་གི་ཡེ་ཤེས་རང་ལས་རྙེད་པ་ཞེས་བྱའོ། །དེ་ནས་མངོན་པ་དེ་ཉམས་སུ་མ་མྱོང་ན་ཚིག་ཙམ་ལ་འབྲས་བུ་མི་འབྱུང་བ་ལས། དོན་ཉམས་སུ་མྱོང་བས་དེའི་ཉམས་གོང་འཕེལ་དུ་བྱུང་བའོ། །དེ་ལྟར་ཉམས་སྐྱེས་པའི་ཚད་བརྟན་པར་བྱེད་དགོས་ཏེ། མ་བརྟན་ན་ཉམས་ལ་ཐུག་པ་མེད་པས་ཆོས་ལ་ཟིན་པ་མེད་ཅིང༌། སངས་ལ་རྒྱ་རྒྱུ་མི་འབྱུང་བ་ལས། ཉམས་བརྟན་པའི་ཚད་ལ་ཕེབས་པས། རིག་པ་ཚད་ཕེབས་ཀྱི་སྣང་བ་བྱུང་བའོ། །རིག་པའི་སྣང་བ་ཚད་ལ་ཕེབས་ཀྱང་དེ་ལས་གཞན་དུ་མི་འགྱུར་ན་སྐུ་གསུམ་འབྲས་བུར་འདོད་པ་དང་ཁྱད་མེད་ལ། དངོས་སྣང་མཚན་མའི་ཆོས་ལ་དོན་གྱི་འབྲས་བུ་རེ་བ་ཐུན་མོང་བ་རྣམས་དང་ཁྱད་མེད་པ་ལས། སྣང་ཉམས་གཞི་ལ་ཐིམ་སྟེ། ཕྲ་རགས་ཀྱི་སྣང་འཛིན་ནུབ་ནས། ཀ་དག་ཆོས་ཟད་ལ་སྤྱོད་པས་ཆོས་ཉིད་ཟད་པའི་སྣང་བ་བྱུང་བའོ། །དེ་དག་ཀྱང་དང་པོ་གཉིས་སྤྲུལ་སྐུ། ཚད་ཕེབས་ལོངས་སྐུ། ཟད་པ་ཆོས་སྐུའི་སྣང་བ་ལམ་དུ་བྱས་པས་སྐུ་གསུམ་ལམ་སྣང་དུ་ཤར་བས་འབྲས་བུ་ཆོས་ཟད་ཀ་དག་གི་དབྱིངས་ལ་ཐུག་པའི་ཕྱིར། རང་སྣང་གི་རྩལ་སྐུ་གསུམ་རིག་པའི་ངང་

three have no ground of arising ('char gzhi); therefore, as the ground of support and supported, the vision of direct perception of the nature of phenomena arises first. Since, through the arising of that itself, the meaning of all phenomena is seen, this is called "finding self-arisen primordial wisdom (rang byung gi ye shes) from oneself." Then, if what has thus become manifest is not experienced, no fruition arises from mere words; rather, through experiencing the meaning, the experience of it comes to increase higher (nyams gong 'phel). The measure of experience thus born must be made stable; for if it is not stable, then since experience reaches no culmination, one gains no hold on the Dharma, and no cause arises for one to be purified and expanded [into buddhahood]. Rather, by reaching the measure at which experience is stable,

the vision of awareness reaching full measure arises. Even when the vision of awareness has reached full measure, if it did not change into anything beyond that, this would be no different from asserting the three kāyas to be the fruition, and no different from the common [vehicles], which hope for the ultimate fruition in phenomena of concrete appearance and characteristics. Rather, appearances and experiences dissolve into the ground, and once the apprehension of appearances, subtle and coarse, has subsided, by engaging in primordial purity, the exhaustion of phenomena (chos zad), the vision of exhaustion in the nature of phenomena arises. Moreover, among these, the first two are the visions of the nirmāṇakāya, reaching full measure that of the sambhogakāya, and exhaustion that of the dharmakāya; by taking these as the path, the three kāyas arise as visions of the path, and since the fruition therefore reaches the basic space of primordial purity, the exhaustion of phenomena, the three kāyas, the dynamic energy of self-appearance (rang snang), dissolve into the state

[p. 182]དུ་ཐིམ་པས། རིག་པ་ཀ་དག་གི་འབྲས་བུ། རིག་པའི་དབྱིངས་ནས་གདོད་ཀྱིས་རང་རྩལ་སྐུ་གསུམ་ཤར་བས་དོན་བྱེད་པ་ཞེས་བྱ་སྟེ། ཐེག་་པ་གཞན་ནས་མིང་ཡང་མི་གྲག་པའི་སྙིང་པོ། ཐེག་པ་རྒྱལ་པོའི་དགོངས་པ་ཞེས་བྱའོ། །གནད་འདི་རྟོགས་དཀའ་བ་ཅིག་ཡིན་ནོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་བཞི་སྟེ། ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་ཕེབས། ཆོས་ཉིད་ཟད་པའི་སྣང་བ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། མངོན་སུམ་སྤྱིའི་འབྲེལ་དགོད་པ་དང༌། རང་གི་མཚན་ཉིད་ངོས་གཟུང་བའོ། །དང་པོ་ནི་སྤྱིར་མངོན་སུམ་ལ་ཀུན་རྫོབ་ཐ་སྙད་ལ་གྲགས་པའི་མངོན་སུམ་དང༌། དོན་དམ་དབྱིངས་ལ་མཇལ་བའི་མངོན་སུམ་གཉིས་ལས། དང་པོ་ལ་དབང་པོའི་མངོན་སུམ་གཟུགས་སོགས་ཡུལ་ལྔ་སྣང་བའི་རང་བཞིན་དང༌། ཡིད་ཀྱི་མངོན་སུམ་ཡུལ་ཉེ་བར་སྤྱོད་པ་རྒྱུ་མཚན་ངེས་པའི་རྟོག་ཡུལ་ན་སྣང་བ་དང༌། རང་རིག་པའི་མངོན་སུམ་ནང་དུ་བདེ་སྡུག་ལ་སོགས་མྱོང་བ་ངེས་པའི་སྣང་བ་དང༌། རྣལ་འབྱོར་གྱི་མངོན་སུམ་ཆོས་ཉིད་ཀྱི་དོན་ཉེ་བར་མཇལ་བ་དེ་ཁོ་ན་ཉིད་ཀྱི་ཕྱོགས་ལ་ཞུགས་པའི་སོ་སོ་ཡང་དག་པའི་རིག་པ་དང་དེའི་སྣང་ཡུལ་གཉིས་སུ་མེད་པའི་ངང་ན་གཟུང་འཛིན་དང་བྲལ་བར་མྱོང་བའི་ངེས་པ་སྟེ། རྣམ་འགྲེལ་ལས།

of awareness, and so this is the fruition of primordially pure awareness. And since only then, from the basic space of awareness, do the three kāyas, its own dynamic energy, arise and accomplish the aim [of beings], this is called "accomplishing the aim." It is the heart essence whose very name is not heard in other vehicles, called "the enlightened intent of the king of vehicles." This key point is one that is difficult to realize.

Second, the extensive explanation of their individual natures, has four parts: the extensive explanation of the vision of direct perception of the nature of phenomena, of the increase of experience, of awareness reaching full measure, and of exhaustion in the nature of phenomena.

The first has two parts: setting forth the general context of direct perception, and identifying its own defining characteristic. First: in general, direct perception is of two kinds—direct perception as renowned in relative convention (tha snyad), and direct perception that meets the ultimate basic space. Of the first, there are: sense direct perception, which is the nature of the appearing of the five objects such as form; mental direct perception, which is the appearing of closely engaged objects within the domain of thought that ascertains reasons; self-aware direct perception, which is the appearance that ascertains the inner experience of pleasure, pain, and so forth; and yogic direct perception, the close meeting with the meaning of the nature of phenomena, which is the certainty of experiencing, free from apprehended and apprehender, within a state in which the individually authentic awareness (so so yang dag pa'i rig pa) that has entered the side of reality and its appearing object are nondual. It is as the Pramāṇavārttika (rnam 'grel) says:

[p. 183]ཐམས་ཅད་ལས་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །གནས་ནའང་མིག་གིས་གཟུགས་དག་ནི། །མཐོང་བའི་བློ་དེ་དབང་སྐྱེས་ཡིན། །ཅེས་བཤད་པ་བཞིན་ནོ། །དོན་དམ་དབྱིངས་ལ་མཇལ་བའི་མངོན་སུམ་ནི་རིག་པའི་ངོ་བོ་ཆོས་ཉིད་སྙིང་ག་ན་ཡོད་པར་ངེས་ཏེ། དེའི་རང་གདངས་སྙིང་ནས་མིག་ཏུ་འབྲེལ་བའི་ཕྱིར་ཉི་མ་དང་འོད་ཟེར་བཞིན་རྒྱུ་འབྲས་ངེས་པའི་གཏན་ཚིགས་ཀྱིས་ཡིད་ཆེས་པར་མཇལ་བའོ། །དེའི་ཕྱིར་འཇིག་རྟེན་པ་དང་འདས་པ་གཉིས་ལས་འདི་ནི་འདས་པའི་མངོན་སུམ་མོ། །འདས་པ་ལ་བརྗོད་བྱ་ཤེས་པ་གཙོ་བ་སེམས་ཀྱི་རྒྱུ་མཚན་ངེས་པ་དང༌། གནད་གཏེམས་པ་མཐོང་བ་གཙོ་བ་རིག་པའི་མངོན་སུམ་གཉིས་ལས། འདི་རིག་པའི་མངོན་སུམ་ཞེས་བྱ་བ་ཡིན་ནོ། །གཉིས་པ་རང་གི་མཚན་ཉིད་ངོས་གཟུང་བ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་པ་ལ། ཆོས་ཉིད་ཀྱི་སྒྲ་ཉེ་བར་སྦྱར་བ་ལ་བཞི་ལས། འཁོར་བ་ལ་ཆོས། མྱང་འདས་ལ་ཆོས་ཉིད་ཅེས་པའི་འདི་ཆོས་ཉིད་དོ། །སྣང་བ་ལ་ཆོས། སྟོང་པ་ལ་ཆོས་ཉིད་དུ་བརྗོད་པའི་འདི་ཆོས་ཉིད་དོ། །གནད་མེད་པས་མི་གྲོལ་བ་ལ་ཆོས། ཡོད་པས་གྲོལ་ངེས་པ་ལ་ཆོས་ཉིད་དུ་གྲགས་པའི་འདི་ཆོས་ཉིད་དོ། །དབྱིངས་ལ་ཆོས། རིག་པ་ལ་ཆོས་ཉིད་དུ་གྲགས་པའི་གཉིས་ཀ་དབྱེར་མེད་དུ་

Having withdrawn the mind from everything,
even though one abides with one's inner self unmoving,
the intellect that sees forms with the eye
is born of the sense faculty.

Direct perception that meets the ultimate basic space is this: it is ascertained that the essence of awareness, the nature of phenomena, is present in the heart, and because its natural radiance is connected from the heart to the eyes, like the sun and its rays, it is met with conviction through the reasoning (gtan tshigs) that ascertains cause and result. Therefore, of the two kinds—mundane and transcendent—this is transcendent direct perception. Of the transcendent, there are two: the mind's ascertainment of reasons, in which knowing what is to be expressed is primary; and the direct perception of awareness, in which seeing through the key points being brought to bear is primary. Of these, this is what is called the direct perception of awareness.

Second, identifying its own defining characteristic. As for the expression "the vision of direct perception of the nature of phenomena": of the four ways in which the term "nature of phenomena" is applied—where saṃsāra is "phenomena" and nirvāṇa is "the nature of phenomena," this is that nature of phenomena; where appearance is spoken of as "phenomena" and emptiness as "the nature of phenomena," this is that nature of phenomena; where not being liberated for lack of the key point is known as "phenomena" and being certain to be liberated through having it is known as "the nature of phenomena," this is that nature of phenomena; and where basic space is known as "phenomena" and awareness as "the nature of phenomena," both of these are held to be indivisible

[p. 184]འདོད་པའོ། །མངོན་པ་ནི་དབང་པོའི་སྤྱོད་ཡུལ་ལ་དངོས་སུ་བལྟར་ཡོད་པའོ། །དེའང་ཡིད་དཔྱོད་ལ་མ་ལྟོས་པ་སྟེ། ཡིད་དཔྱོད་ཀྱི་ཤེས་རབ་ཀྱིས་གང་དུ་བཙལ་ཡང་རྙེད་པའི་དུས་མེད་དོ། །ཚོལ་མཁན་མིག་ཅན་མ་ཡིན། འོད་གསལ་གཟུགས་ཅན་མ་ཡིན་པའི་ཕྱིར་ཏེ། སྡུད་པ་ལས། ཤེས་རབ་ཀྱིས་ནི་བརྟགས་ན་ཕུང་པོའི་གཏིང་མི་རྙེད། །ཅེས་སོ། །འོད་གསལ་གྱི་སྣང་བ་འདི་ཐ་སྙད་ལ་གྲགས་པའི་གཟུགས་ཅན་མ་ཡིན་ཏེ། ཕྲ་བ་རྡུལ་ཕྲན་དང་རགས་པ་དངོས་པོ་རང་མཚན་དུ་འདི་མེད་པའི་ཕྱིར་འབྱུང་བཞིའི་གནོད་པས་གཞིག་ཅིང་གཞོམ་དུ་མི་རུང་བའི་ཕྱིར་རོ། །གཟུགས་ཅན་ནི་གཞིག་ཅིང་གཞོམ་རུང་དུ་ཡོད་དེ་གཟུགས་ཀྱི་མཚན་ཉིད་དེ་ཡིན་པའི་ཕྱིར་རོ། །གསུམ་ནི་རྣམ་གྲངས་ཏེ་ཕྱིར་ལུས་ངག་ཡིད་གསུམ་གྱི་གནད་གསུམ་གྱིས་གཞི་བཅའ་བ། ནང་དུ་ཆོས་ཉིད་ཡུལ་གྱི་གནད། །འཆར་བྱེད་སྒོའི་གནད། རླུང་རིག་གནས་པའི་གནད་གསུམ་གྱིས་ལམ་བསལ་བ་དང༌། གསང་བར་གོམས་པ་ཚད་ཀྱི་རིམ་པ། སྨིན་པ་རྟགས་ཀྱི་རིམ་པ། མཐར་ཐུག་ཟད་པའི་རིམ་པ་དང་གསུམ་གྱིས་ཚད་གཟུང་བ་དང༌། བླ་ན་མེད་པར་སྣང་བ་འོད། །སྨིན་པ་ཐིག་ལེ། །རྫོགས་པ་སྐུ་དང་གསུམ་གྱིས་འབྲས་བུ་རྫོགས་པའི་ཕྱིར། གསུམ་ཚན་བཞིར་ངེས་པས་གསུམ་ཞེས་བྱའོ། །ཡང་ན་

from one another. "Direct" (mngon pa) means that it is actually present to be looked at within the domain of the sense faculties. Moreover, it does not depend on intellectual speculation: wherever one searches for it with the wisdom of intellectual speculation, there is never a time when it is found. For the searcher is not something endowed with eyes, and luminosity is not something endowed with form. As the Condensed Prajñāpāramitā says: "When examined with wisdom, no bottom to the aggregates is found." This appearance of luminosity is not something endowed with form as conventionally known, for it does not exist as subtle particles (rdul phran) or as coarse, specifically characterized (rang mtshan) entities, and so it cannot be broken down or destroyed by the harm of the four elements. What is endowed with form can be broken down and destroyed, because that is the defining characteristic of form. "Three" (gsum) is an enumeration: outwardly, the ground is laid by the three key points of body, speech, and mind;

inwardly, the path is cleared by three key points—the key point of the object, the nature of phenomena; the key point of the door that makes it arise; and the key point of the abiding of wind and awareness; secretly, the measure is taken by three—the stages of the measure of familiarization, the stages of the signs of maturation, and the stages of ultimate exhaustion; and unsurpassably, the fruition is perfected by three—appearance as light, maturation as spheres, and perfection as kāyas. Because it is thus determined as four sets of three, it is called "three." Alternatively,

[p. 185]ཆོས་ཉིད་ལ་སྐུ་གསུམ་ལྷུན་གྲུབ་ཏུ་ཡོད་པའི་རང་གདངས་སྣང་བ་གསུམ་ཕྱིར་ཤར་བའི་གྲངས། ཆོས་སྐུའི་རང་གདངས་ནང་མྱོང་བ་རིག་སྟོང༌། ལོངས་སྐུའི་རང་གདངས་འོད་ལྔ་ཕྱིར་གསལ་བ་ཡེ་ཤེས་རང་གསལ། སྤྲུལ་སྐུའི་རང་གདངས་ཤར་གྲོལ་རིས་མེད་ཤེས་རབ་ཀྱི་རྩལ་དང་བཅས་པ་གསུམ་ལ་ལྟོས་ནས་གསུམ་ཞེས་བྱའོ། །དེའང་གཞི་གསུམ་གྱིས་གཞི་བཅས་པས་དངོས་པོ་ལ་ཐ་དད་མེད་པའི་གནད་དང༌། ལམ་གསུམ་གྱིས་གེགས་བསལ་བས་འགྲོ་ལམ་ལ་ཉེ་རིང་མེད་པ་དང༌། ཚད་གསུམ་གྱིས་ཚད་ལ་ཕབ་པས་འདྲ་མིན་དང་ཆལ་ཆོལ་མེད་པ་དང༌། འབྲས་བུ་གསུམ་གྱིས་ཟད་སར་བསྐྱལ་བས་ཡིན་མིན་དང་ཐེ་ཚོམ་མེད་པས་ན་མངོན་སུམ་ཞེས་བྱ་སྟེ། ཐ་མལ་པའི་དུས་ན་དགའ་མི་དགའ་བཏང་སྙོམ་གསུམ་མཐོང་བས་བདེ་སྡུག་བར་མ་གསུམ་འཆར་བ། བླ་མའི་གདམས་པ་ཉམས་སུ་བླང་བའི་དུས་ན་དབྱིངས་རིག་ཆོས་གསུམ་མངོན་པར་མཐོང་བས་སོ། །ཆོས་ཉིད་མངོན་སུམ་ལ་ཡིད་དཔྱོད་ཚིག་གིས་སྒྲོ་གདགས་སུ་མེད་པའི་གནད། གོམས་པའི་དུས་ན་འོད་ཐིག་ལེ་སྐུ་གསུམ་མཐོང་བས་འཁྲུལ་བའི་སྣང་བ་རང་འགགས་པའི་གནད། ཚད་དུ་ཕྱིན་པའི་དུས་ན་གསལ་བ་སྟོང་པ་བདེ་བ་གསུམ་མངོན་པར་མཐོང་བས། ཆོས་ཉིད་རང་ཟད་པའི་གནད་དོ། །དེ་ལྟར་

it is the number of the three appearances of the natural radiance of the three kāyas, spontaneously present in the nature of phenomena, arising outwardly: the natural radiance of the dharmakāya, inwardly experienced as awareness-emptiness (rig stong); the natural radiance of the sambhogakāya, the five lights shining outwardly, primordial wisdom's natural clarity; and the natural radiance of the nirmāṇakāya, liberation upon arising (shar grol) without bias, together with the dynamic energy of wisdom. In relation to these three, it is called "three." Moreover, because the ground is laid by the three grounds, there is the key point that there is no difference in the actual entity; because obstacles are cleared by the three paths, there is no near or far on the path traveled; because it is brought to measure by the three measures, there is neither discrepancy nor disorder; and because it is carried to the place of exhaustion by the three fruitions, there is no "is it or is it not" and no doubt—hence it is called "direct perception." For in the ordinary state, by seeing the three—the pleasing, the displeasing, and the neutral—the three of pleasure, pain, and the intermediate arise; and at the time of practicing the guru's instruction, it is by directly seeing the three—basic space, awareness, and phenomena. There is the key point that in the direct perception of the nature of phenomena nothing can be superimposed (sgro 'dogs) by the words of intellectual speculation; at the time of familiarization, by seeing the three—lights, spheres, and kāyas—the key point that deluded appearances cease of themselves; and at the time of reaching full measure, by directly seeing the three—clarity, emptiness, and bliss—the key point that the nature of phenomena is exhausted of itself. Thus,

[p. 186]ན་གསུམ་ཞེས་གྲངས་ཀྱི་གནས་གཞན་ལ་བརྟེན་ནས་འབྲས་བུ་ཅིག་ཅར་དུ་གྲོལ་བར་ངེས་པའོ། །སྣང་བ་ནི་གང་སྣང་ན་ཆོས་ཉིད་སྣང་ལ། ཡུལ་གང་ལ་སྣང་ན་དབྱིངས་ལ་སྣང༌། ཚུལ་ཇི་ལྟར་སྣང་ན་འོད་དང་འོད་ཁྱིམ་རིག་པ་ལུ་གུ་རྒྱུད་དང་བཅས་པ་སྣང༌། །སྣང་བ་དེ་ཉམས་སུ་བླངས་པ་ལས་འབྲས་བུ་རྡོས་བཅས་མི་སྣང་བར་སངས་རྒྱ་བའོ། །དེ་ལྟར་ཆོས་ཉིད་མངོན་སུམ་གྱི་སྣང་བའི་ངོ་བོ་དབྱིངས་རིག་འོད་གསལ་དུ་སྣང་བ་སྟེ། ཡི་གེ་མེད་པ་ལས། སྐྱེ་བ་མེད་པའི་མངོན་སུམ་སངས་རྒྱས་ཀྱིས། །ཡུལ་མེད་རྣམ་པར་དག་པའི་སྣང་བ་མཐོང༌། །ཞེས་པ་དང༌། སྒྱུ་འཕྲུལ་ལས། ནོར་བུ་རིན་ཆེན་འདོད་ཆགས་དཔལ། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཞེས་སོ། །ངེས་ཚིག་ནི་སྐུ་གསུམ་གྱི་སྣང་བ་མཐོང་བ་སྟེ། རིན་པོ་ཆེ་རྣམ་པར་བརྩེགས་པའི་རྒྱུད་ལས། མངོན་ཞེས་བྱ་བ་མཐོང་བ་ལ། །གསུམ་ཞེས་བྱ་བ་སྐུ་གསུམ་གྱི། །ཞིང་ཁམས་གཏན་ལ་ཕེབས་པའོ། །ཞེས་སོ། །དགོས་པ་ནི་གནད་འདིས་གོལ་སྒྲིབ་མེད་པར་གྲོལ་ཏེ། དེ་ཉིད་ལས། ཆོས་ཉིད་མངོན་སུམ་གནད་མེད་ན། །མིག་མེད་གཡང་ཁར་ཕྱིན་པ་འདྲ། །ཞེས་སོ། །གནད་ནི་ཐལ་འགྱུར་ལས། རྒྱང་ཞགས་འགུལ་བ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཅེས་པ་དང༌། ཡི་གེ་མེད་

"three" rests on the other numerical bases [just enumerated], and it is certain that the fruition is liberated all at once. As for the vision: as to what appears, the nature of phenomena appears; as to the object in which it appears, it appears in basic space; and as to the manner in which it appears, it appears as lights and houses of light ('od khyim) together with the chains of awareness. From taking that vision into practice, the fruition is that one becomes a buddha, with nothing material appearing. Thus the essence of the vision of the direct perception of the nature of phenomena is basic space and awareness appearing as luminosity.

From the Tantra Without Letters:

By the buddha of unborn direct perception,
The objectless, utterly pure appearance is seen.

And from the Magical Net (sgyu 'phrul):

Precious jewel, glory of desire,
Directly perceived by all buddhas.

The etymology is the seeing of the vision of the three kāyas. From the Tantra of the Piled Jewels (rin po che rnam par brtsegs pa'i rgyud):

What is called "direct" (mngon) is seeing;
What is called "three" (gsum) is that the buddha fields
Of the three kāyas are definitively established.

The purpose is that by this key point one is liberated without deviation or obscuration. From the same:

If one lacks the key point of the direct perception of the nature of phenomena,
It is like one without eyes going to the edge of a precipice.

The key point, from the Reverberation of Sound:

The key point is that the far-reaching lasso (rgyang zhags) does not move;
At this time, join it with the three gazes.

And from the Tantra Without

[p. 187]པ་ལས། མིག་ནི་རབ་ཏུ་གནན་བྱ་སྟེ། །མིག་ཟུར་ཉིད་ལས་དབྱིངས་འབྱུང་བས། །མིག་ནི་ནམ་མཁའི་ཁམས་སུ་བརྟག །ཅེས་སོ། །སྣང་བ་ནི། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ལས་ངེས་འཐོན་ཏེ། །སྤྲིན་མེད་པ་ཡི་མཁའ་ལ་གསལ། །ཅེས་པ་དང༌། གཞན་ཡང་རྩ་དང་འཁྲུལ་འཁོར་གྱིས། །རང་བཞིན་གནས་པའི་ཡེ་ཤེས་ལྔ། །ཆུ་བུར་མིག་གིས་མཐོང་བའོ། །ཞེས་པ་དང༌། རང་ཤར་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འགྲོ་དང་འོང་བ་དང༌། །འགུལ་བ་དང་ནི་འཕྲིག་པའོ། །ཞེས་པ་དང༌། སེང་གེ་རྩལ་རྫོགས་ལས། །རང་སྣང་རིག་པའི་དངོས་པོ་དེ། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །ཞེས་པ་དང༌། ནོར་བུ་འཕྲ་བཀོད་ལས། རྒྱང་ཞགས་ཆུའི་སྒྲོན་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ཡོངས་སུ་གསལ་ལོ་ཞེས་སོ། །ཉམས་སུ་བླང་ལུགས་ནི་དང་པོ་ཐུན་ཆུང་ལ་གྲངས་མང་དུ་བྱ། གཉིས་པ་ལ་ཐུན་བསྐྱེད་ཅིང་ཡུན་བསྲིང༌། །གསུམ་པ་ལ་ཉིན་མཚན་མེད་པར་ཉམས་སུ་བླང་ཞིང༌། དབྱིངས་ཀྱི་ར་བར་རིག་པ་བཅུག་པ་ལས་མི་འགུལ་བར་བྱེད་དེ། སྒྲོན་མ་འབར་བ་ལས། དབྱིངས་ཀྱིས་རིག་པའི་རང་ཡུལ་བྱེད། །རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད། །འདི་ཉིད་ནང་དུ་གཞག་

Letters:

The eyes are to be firmly fixed;
Since basic space emerges from the very corners of the eyes,
The eyes examine the element of space.

As for the vision, from the Reverberation of Sound:

The vision of the direct perception of the nature of phenomena
Definitely emerges through the door of the sense faculties
And is clear in the cloudless sky.

And:

Moreover, through the channels and yogic exercises,
The five naturally abiding primordial wisdoms (ye shes lnga)
Are seen by the water-bubble eyes.

And from Self-Arising Awareness:

The kāya of light endowed with the five primordial wisdoms
Is vividly clear as chains;
These, moreover, go and come,
Move and quiver.

And from the Lion's Perfect Dynamic Energy (seng ge rtsal rdzogs):

That entity (dngos po) of self-appearing awareness
Abides as chains of primordial wisdom.

And from the Array of Inlaid Jewels (nor bu 'phra bkod): "In the water lamp of the far-reaching lasso (rgyang zhags chu'i sgron ma), the kāya of the chains of awareness, the perfectly complete buddha, is wholly clear."

As for the way of practice: at first, make the sessions short and many in number; second, extend the sessions and lengthen their duration; third, practice without distinction of day and night, and having placed awareness within the enclosure of basic space, make it unmoving.

From the Blazing Lamp (sgron ma 'bar ba):

Basic space serves as awareness's own object;
The vajra itself is the chains;
This very one is to be placed

[p. 188]པར་བྱ། །ཞེས་སོ། །འབྲས་བུ་ནི། །ཕྱིའི་དབྱིངས་སྣང་ལ་མིག་མི་འགུལ་བའི་རང་དུས་ན། ནང་དུ་རིག་པ་གཞི་ལ་གནས་པས་གདངས་རང་ཐིམ་ལ་འཁོར་ནས། གློ་བའི་རླུང་གི་རྟ་དང་བྲལ་བས། ཡེ་ཤེས་ཀྱི་ནམ་མཁའ་དབྱིངས་ཀྱི་ནམ་མཁའ་ལ་ཐིམ་ནས་ངོ་མཉམ་རིས་མེད་དུ་གྲོལ་བས། ཀ་དག་གི་རིག་པ་དབྱིངས་ལས་མ་གཡོས་པར་སྙིང་ག་ན་ངང་གིས་འོད་གསལ་བའི་དགོངས་པ་ལ་རང་བཞིན་གྱིས་གནས་ཏེ། རྣལ་འབྱོར་པ་དེ་ཆོས་ཉིད་གདོད་མའི་འོད་གསལ་ཟིན་པ་ཞེས་བྱ་བས་འཁོར་བ་མིང་མེད་དུ་སྟོངས་ནས་སྲིད་གསུམ་གདར་ཤ་ཆོད་པ་ཡིན་ཏེ། ཐལ་འགྱུར་ལས། དེས་ནི་ཆོས་ཉིད་མངོན་སུམ་གནད། །མཐོང་བ་ཙམ་གྱིས་ཤེས་པ་དང༌། །དེ་ཤེས་པ་ཡིས་རྟོགས་པ་དང༌། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །གྲོལ་ཞེས་བཀྲོལ་བ་མ་ཡིན་ཏེ། །ནམ་མཁའ་དག་ནི་ནམ་མཁའ་ལ། །ཐིམ་ནས་རང་བཞིན་དམིགས་མེད་པས། །རིས་མེད་ཆ་ཤས་ཡོད་མ་ཡིན། །མངོན་སུམ་རྙེད་པའི་སྐལ་ལྡན་ལ། །ཁམས་གསུམ་འཁོར་བ་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །ཞེས་སོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ལ་གཉིས་ལས། །མདོར་བསྟན་པ་ནི། དབྱིངས་རིག་ལ་གོང་ནས་གོང་དུ་སྦྱངས་པས། ཕྱིར་དབྱིངས་སྣང་དུ་རིག་པ་ལུ་གུ་

within.

As for the fruition: at the very time when the eyes do not move upon the outer appearances of basic space, awareness inwardly abides in the ground, so that its radiance (gdangs) turns back and dissolves into itself; being separated from the horse of the wind of the lungs, the space of primordial wisdom dissolves into the space of basic space and is liberated into equal essence without partiality; and thus primordially pure awareness, without stirring from basic space, abides by its very nature in the enlightened intent of natural luminosity in the heart. That yogin is called "one who has seized the primordial luminosity of the nature of phenomena," whereby saṃsāra is emptied so that not even its name remains, and the three existences are decisively resolved. From the Reverberation of Sound:

Thereby the key point of the direct perception of the nature of phenomena
Is known by mere seeing;
By knowing it, it is realized;
By mere realization one is liberated.
"Liberated" does not mean being untied:
Since space itself dissolves into space
And the nature is without reference point,
There is no partiality and no parts.
For the fortunate one who has found direct perception,
Since the saṃsāra of the three realms has no name,
The three existences are decisively resolved.

Second, the vision of the increase of experience has two parts. The brief presentation: by training in basic space and awareness higher and ever higher, just as, outwardly, within the appearances of basic space, the chains of awareness

[p. 189]རྒྱུད་དབྱེར་མེད་དུ་གནས་པ་བཞིན། ནང་དུ་ཀ་དག་གི་སྟོང་དབྱིངས་ལ་རང་གདངས་ཀྱི་རིག་དབྱིངས་གཉིས་མེད་དུ་གནས་པས་འོད་གསལ་མ་བུ་འདྲེས་ཏེ། སྣང་ཉམས་སྣ་ཚོགས་སུ་འཕེལ་བ་ནི། ཐལ་འགྱུར་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་ཕྱིར་བྱུང་ནས། །གྱེན་འགྲེང་བ་དང་རྩིབས་ཤར་དང༌། །ཐིག་ལེ་སྣ་ཚོགས་སྐུ་ཉིད་དུ། །རགས་པར་སྣང་བའི་ཡུལ་ལ་གསལ། །ཅེས་སོ། །རྒྱས་པར་བཤད་པ་ནི། ཉམས་གོང་འཕེལ་ཅེས་པའི་ཉམས་ལ་གཉིས་ཏེ་ཤེས་པའི་ཉམས་དང༌། སྣང་བའི་ཉམས་སོ། །ཤེས་ཉམས་ལ་འཇིག་རྟེན་པའི་ཤེས་ཉམས་ཏིང་ངེ་འཛིན་གྱིས་ཐོབ་པའི་དགའ་བདེ་སེམས་ཆགས་པ་གླུ་གར་ལ་སོགས་པ་བྱེད་སྙིང་འདོད་པ་རྣམས་དང༌། འདས་པའི་ཤེས་ཉམས་སྟོང་གསལ་མཐའ་བྲལ་གྱི་རྟོགས་ཚད་ཤེས་རབ་ཀྱི་རྩལ་དང་བཅས་པ་རྣམས་ཏེ། འདི་ཉིད་ཐོག་མ་བར་དང་མཐར་གོམས་པ་ལས། ཤེས་པ་དགའ་བདེའི་ཉམས་དང༌། མཐར་འགྱུར་གྱི་ཉམས་དང༌། སྣང་བའི་ཉམས་དང་གསུམ་འབྱུང་བ་ལས། དང་པོ་ནི། ལུས་ངག་གནད་དུ་གཅུན་པས་རླུང་སེམས་བག་ལ་ཞ་ནས། ནང་ཏིང་ངེ་འཛིན་འོད་གསལ་སྟོང་པའི་ངང་ལ་འབྱམས་པ་དང༌། ཤེས་པ་བག་ཡངས་གཟུང་འཛིན་མེད་པའི་དགའ་བདེ་ཡངས་པ་ཁྲོལ་ཆགས་སུ་སྐྱེས་ཀྱང་ཞེན་

abide inseparably, so inwardly, within the empty basic space (stong dbyings) of primordial purity, the basic space of awareness that is its natural radiance abides nondually (gnyis med); thus the mother and child luminosities merge, and the experiences of appearance increase in manifold variety. From the Reverberation of Sound:

As for the vision of the increase of experience:
Once the colors of primordial wisdom have emerged outward,
Standing upright, arising as spokes,
And as various spheres, as kāyas themselves,
They appear clearly in the domain of coarse appearance.

The extensive explanation: the "experience" in "increase of experience" is of two kinds: experiences of cognition and experiences of appearance. Among experiences of cognition there are the worldly experiences of cognition—the joy and bliss obtained through samādhi, the mind's becoming attached, and the urge to sing, dance, and so forth—and the transcendent experiences of cognition—the measures of realization of empty clarity free of extremes, together with the dynamic energy of wisdom. From familiarization with this very thing at the beginning, in the middle, and at the end, three arise: the experience of joyful and blissful cognition, the experience of eventual change (mthar 'gyur gyi nyams), and the experience of appearance. The first: by pressing body and speech at their key points, wind and mind (rlung sems) subside into quiescence; inner samādhi spreads out within the state of empty luminosity; and although cognition is relaxed and open and a vast joy and bliss free of apprehended and apprehender arises vividly, there is not even a hair's tip of clinging

[p. 190]འཛིན་སྤུ་ཉག་ཙམ་ཡང་མེད་པ་ནི་རང་བཞིན་གྱི་བསམ་གཏན་གནད་དུ་ཕེབས་པ་ལས་བྱུང་བའོ། །བཅོས་མའི་བསྒོམས་པ་ལས་དགའ་བདེ་བྱུང་བ་ནི་ཉམས་འགྱུར་བ་ཤས་ཆེ་ལ་རགས་པ་འཁྲབ་པའམ་གླུ་གར་བྱེད་འདོད་པ་འབྱུང་བས་ཆགས་ཞེན་དུ་སོང་ལ། འདི་ནི་དགའ་བདེར་ཤར་ཡང་རང་དབང་ཐོབ་པའི་དགའ་བདེ་ཞེན་མེད་དུ་ཤེས་པའི་ཁྱད་ཡོད་པ་ནི་བཅོས་ནས་བསྒོམས་པ་དང༌། རང་བཞིན་གྱིས་རླུང་དུ་ཕེབས་པའི་བསམ་གཏན་གྱི་ཁྱད་དུ་ཤེས་པར་བྱའོ། །མཐར་འགྱུར་གྱི་ཉམས་ནི་རླུང་ཉམས་ཀྱི་སྣང་ཆ་སྟེ། སྲིན་བུ་མེ་ཁྱེར་ལྟ་བུ་དང༌། སྤྲིན་ལྟ་བུ་དང༌། དུ་བ་ལྟ་བུ་དང༌། སྨུག་ཟིལ་ལྟ་བུ་དང༌། ཟླ་བ་ཤར་བ་ལྟ་བུ་དང༌། སྐར་མ་ཤར་བ་ལྟ་བུ་དང༌། ནམ་སྲོས་པ་ལྟ་བུ་ལ་མཐིང་གའི་སྣང་བ་ཡོད་པ་ལྟ་བུ་དང༌། ཉི་མ་ཤར་བ་ལྟར་ཕྱི་ནང་ཟང་ཐལ་བར་སྣང་བ་ལྟ་བུ་དང་བརྒྱད་དེ། འཆར་ནུབ་དང་གསལ་འགྲིབ་ཏུ་བྱུང་བས། མི་བརྟན་ཚུགས་མི་ཐུབ་འགྱུར་འགྲོ་བས་མཐར་འགྱུར་གྱི་ཉམས་ཞེས་བྱ་སྟེ། རླུང་གཡོ་བའི་ཉམས་ཡིན་པའི་ཕྱིར་རོ། །འདི་དག་བྱར་ཡོད་དེ་རླུང་སེམས་དག་དགོས་པའི་ཕྱིར་རོ། །སྣང་བའི་ཉམས་ནི། རིག་པའི་རང་གདངས་འོད་གསལ་ཆེན་པོ་སྟེ། གནས་སྐབས་སུ་ཕྱིར་སྣང་འཕེལ་ཞིང་ཚད་ལ་ཕེབས་ནས། རང་གདངས་གཞི་ཐིམ་ལ་ནང་དུ་བཟློག་པས་

or fixation—this comes from natural meditative concentration (bsam gtan) having hit the key point. The joy and bliss that arise from contrived meditation are for the most part changeable experiences, and since coarse urges arise—to leap about or to sing and dance—they turn into attachment and clinging. Here, although it arises as joy and bliss, there is the distinction that the joy and bliss of having gained self-mastery is known to be free of clinging; this should be understood as the difference between meditation that is contrived and meditative concentration in which the winds have naturally settled. The experiences of eventual change are the appearance-aspect of the experiences of the winds. They are eight: like fireflies, like clouds, like smoke, like a purplish haze, like the rising of the moon, like the rising of the stars, like dusk with an appearance of deep blue, and like the rising of the sun with outer and inner appearing unimpededly (zang thal). Because they occur as arising and setting, brightening and dimming, they are unstable, cannot hold, and keep changing; hence they are called "experiences of eventual change," for they are experiences of the movement of the winds. These have their use, for wind and mind must be purified. The experiences of appearance are the great luminosity that is the natural radiance of awareness. For a time the outer appearances increase and reach full measure; then, as the natural radiance dissolves into the ground and reverts inward,

[p. 191]ཕྱིར་གསལ་དུ་ཟད་དགོས་ཏེ། ལྷུན་གྲུབ་ཀ་དག་གི་དབྱིངས་སུ་ཐིམ་དགོས་པའི་ཕྱིར་རོ། །ནང་གསལ་དུ་རང་འོད་ཀྱི་ཀློང་ན་རིག་པ་སྐུ་དང་ཡེ་ཤེས་ཀྱི་ཕོ་བྲང་ལ་ཡེ་བཞུགས་ལྷུན་གྲུབ་ཆེན་པོར་འཕོ་འགྱུར་མེད་པའོ། །དེས་ན་འདིར་སྣང་བའི་ཉམས་གཙོ་བ་སྟེ། ཤེས་ཉམས་ནི་བློ་ཡིན་པས་འགྱུར་ཞིང་ཚད་མི་ཐུབ་སྟེ་ཀུན་བརྟགས་ཀུན་རྫོབ་ཀྱི་རྣམ་པ་ཅན་དྲན་བྱེད་ཐ་དད་པ་ཚུ་རོལ་གྱི་རྟོག་པས་བསྡུས་པའི་ཕྱིར། འདི་ལ་ཚོད་བྱེད་ན་སྤྲིན་ལ་ཚོད་བཙུགས་ནས་སྦས་སྐུངས་བྱེད་པའི་བྱ་དང་འདྲ་སྟེ། དོན་རྟོགས་པའི་དུས་མེད་དེ་མཐོང་བ་རང་ཐོག་ཏུ་མི་ཕེབས་སོ། །འདི་ནི་སྣང་བའི་ཉམས་ཏེ་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་མཐོང་བས་འཁོར་བའི་ལས་ཀྱི་མཐའ་ཕྱེད་གཟུང་བ་ཡུལ་དུ་སྣང་བ་ལས་འདས་ལ། དབྱིངས་ཀྱི་སྣང་བ་མཐོང་བས་དེའི་སྟེང་དུ་འཛིན་པ་རྟོག་པའི་ཆའི་ཕྱེད་མེད་པ་སྟོང་ཆད་དུ་འཛིན་པ་ལོག་པས་འཁོར་བའི་ཆའི་སུམ་གཉིས་ལས་འདས་ལ། ཀུན་རྟོག་གཞི་གྲོལ་རང་སངས་སུ་དག་པས་འཛིན་ཆའི་ཕྱེད་སྣང་བ་རང་མཚན་དུ་འཛིན་པ་ལོག་པས། གཟུང་འཛིན་གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པ་ཞེས་བྱའོ། །མདོར་ན་སྣང་ཉམས་རྣམས་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང༌། དབྱིངས་ཀྱི་སྣང་བ་གཉིས་སུ་འདུས་པའོ། །གོང་འཕེལ་ནི། སྣང་བ་དེ་དག་ཇེ་བཀྲ་ཇེ་

it must be exhausted as outer luminosity, for it must dissolve into the basic space of spontaneous presence and primordial purity. As inner luminosity (nang gsal), within the expanse of its own light (rang 'od), awareness abides primordially in the palace of kāyas and primordial wisdom, without transference or change, as great spontaneous presence. Therefore, here it is the experiences of appearance that are principal; experiences of cognition, being intellect, change and cannot hold their measure, since they are subsumed under the thoughts of this side—distinct acts of recollection bearing the aspect of the imputed and the relative. If one relies on these as a gauge, one is like a bird that, having placed its reliance on a cloud, tries to hide itself there: there is never a time when the meaning is realized, for seeing does not land on its own ground. This, by contrast, is the experience of appearance: by seeing the appearances of the colors of the five primordial wisdoms, one passes beyond half of the range of saṃsāric karma—the apprehended appearing as object. By seeing the appearances of basic space, on top of that, half of the apprehending, conceptual aspect—grasping at nonexistence, at an annihilated emptiness—is reversed, so that one passes beyond two-thirds of the aspects of saṃsāra. And since conceptuality is liberated in the ground and purified into its own clearing (rang sangs), the other half of the apprehending aspect—grasping at appearances as specifically characterized—is reversed; this is called realizing the selflessness of persons and of phenomena (gang zag dang chos kyi bdag med), of apprehended and apprehender. In brief, the experiences of appearance are subsumed in two: the appearances of the colors of the five primordial wisdoms and the appearances of basic space. As for "increase": those appearances become ever more vivid, ever

[p. 192]ལེགས་ཇེ་མང་ལ་སོང་བ་སྟེ། འདི་ལ་དག་ཚུལ་གྱིས་སྤྱིར་བསྟན་པ་དང༌། སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། འཁོར་བའི་བཅིངས་པ་ལས་གྲོལ་ཚུལ་དང་སྦྱར་ན། སྣང་བ་དེ་ཡང་གྱེན་འགྲེང་དང༌། རྩིབས་ཤར་དང༌། གྲུ་ཆད་དང༌། དུམ་བུ་དང༌། སྣམ་བུའི་སྣང་བ་དང་ལྔ་རྫོགས་པས་ཡེ་ཤེས་ལྔའི་ཁ་དོག་ལ་དབང་ཐོབ་ནས། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། ཕྲག་དོག་ལྔ་མངོན་དུ་རྒྱུ་བའི་བཅིངས་པ་ལས་གྲོལ་ཏེ། བག་ལ་ཉལ་ཙམ་ལས་མ་གཏོགས་པ་མེད་པས་འཁོར་བའི་ཕྱེད་ལས་འདས་པ་ཉིད་དོ། །དེ་ནས་དྲ་བའི་རྣམ་པ་དང༌། དྲ་བ་ཕྱེད་པ་དང༌། མིག་མངས་རིས་དང༌། མིག་ཚགས་ཀྱི་རྣམ་པ་ལྟ་བུ་དང༌། ཟ་འོག་གུར་ཁྱིམ་ལྟ་བུ་མཐོང་བས། གཟུགས་ལ་སོགས་པ་ཕུང་པོ་ལྔའི་ཚོགས་པས་བདག་ཏུ་བྱས་པ་ལས་འདས་པས། འཇིག་རྟེན་གྱི་བདག་སུམ་གཉིས་ལས་འདས་པས། ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་བྱིན་རླབས་སོ། །དེ་ནས་ཡེ་ཤེས་དངོས་པོ་དག་པའི་དབྱིབས་ཀྱི་སྣང་བ། ཡེ་ཤེས་མཁར་ཐབ་ཀྱི་རྣམ་པ་འདྲ་བ་དང༌། ཉི་ཟླ་ཟུང་སྦྲེལ་གྱི་རྣམ་པ་འདྲ་བ་དང༌། པདྨ་བརྩེགས་པའི་རྣམ་པ་འདྲ་བ་དང༌། མཆོད་རྟེན་བརྩེགས་པའི་རྣམ་པ་འདྲ་བ་དང༌། པདྨ་སྟོང་ལྡན་གྱི་རྣམ་པ་དང་འདྲ་བ་མཐོང་

more excellent, and ever more numerous. This has two parts: a general presentation in terms of the manner of purification, and a specific explanation in terms of the manner of appearance.

First: when this is correlated with the manner of liberation from the bonds of saṃsāra, then, once those appearances, too, are complete as the five—upright forms (gyen 'greng), radiating spokes (rtsibs shar), angular sections (gru chad), fragments (dum bu), and the appearance of bands of cloth (snam bu)—one gains mastery over the colors of the five primordial wisdoms and is freed from the bondage of the manifest movement of the five: desire, anger, bewilderment, pride (nga rgyal), and envy (phrag dog). Since nothing of them remains apart from mere latent tendencies, one has indeed passed beyond half of saṃsāra. Then, by seeing the form of a lattice (dra ba), a half-lattice, a checkerboard pattern (mig mangs ris), something like the form of a mesh (mig tshags), and something like a brocade pavilion (za 'og gur khyim), one passes beyond the making of a self by the collection of the five aggregates, form and the rest; and since one has thereby passed beyond two-thirds of the worldly self, this is the blessing of the utterly pure seeing of the nature of phenomena. Then come the appearances of the shapes of the pure entities of primordial wisdom:

by seeing what resembles the form of a hearth (mkhar thab) of primordial wisdom, what resembles the form of sun and moon conjoined, what resembles the form of stacked lotuses, what resembles the form of stacked stūpas, and what resembles the form of a thousand-petaled lotus,

[p. 193]བས། འབྱུང་བ་ལྔའི་འཆིང་བྱེད་ལས་འདས་པའོ། །དེ་དག་ཀྱང་གཅིག་སྐྱེས་གཅིག་འགགས་པས་ཉམས་ཞེས་བྱའོ། །དེ་ཡང་སྔ་མ་བས་ཁྱད་པར་དུ་འགྱུར་བས་གོང་འཕེལ་ཞེས་བྱའོ། །དེ་ལྟར་རིམ་པས་བྱུང་བ་ནི་སྔར་དབང་རིམ་པས་བསྟེན་པ་ལས་བྱུང་བའོ། །གཉིས་པ་སྣང་ཚུལ་གྱིས་བྱེ་བྲག་ཏུ་བཤད་པ་ལ། ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང༌། དབྱིབས་ཀྱི་སྣང་བ་གཉིས་ལས། དང་པོ་ནི། རྡོ་རྗེའི་རིགས་རྣམ་པར་དག་པས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་འོད་ཁ་དོག་དཀར་པོའི་རྣམ་པར་འཆར་བ་དང༌། དེ་ཉིད་རྡོ་རྗེ་མི་བསྐྱོད་པའི་གདངས་དཀར་བ་ལ་འཚེར་བར་འཆར་བའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པའི་རིགས་རྣམ་པར་དག་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁ་དོག་མཐིང་གའི་རྣམ་པར་འཆར་བ་དང༌། རྣམ་པར་སྣང་མཛད་ཀྱི་གདངས་མཐིང་ལ་གནག་པར་འཆར་རོ། །རིན་པོ་ཆེའི་རིགས་རྣམ་པར་དག་པ་ལས། མཉམ་པ་ཉིད་ཀྱི་ཁ་དོག་སེར་པོའི་སྣམ་བུ་དང༌། རིན་པོ་ཆེ་འབྱུང་ལྡན་གྱི་གདངས་རབ་ཏུ་འཚེར་བ་གསེར་ཞུན་སྦྱངས་པ་ལྟ་བུར་འཆར་རོ། །པདྨའི་རིགས་རྣམ་པར་དག་པ་ལས། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཁ་དོག་དམར་པོའི་སྣམ་བུ་དང༌། སྣང་བ་མཐའ་ཡས་ཀྱི་གདངས་དམར་བ་ལ་རབ་ཏུ་དམར་བ་བྱི་རུའི་མདོག་ལྟ་བུར་འཆར་རོ། །ལས་ཀྱི་

one passes beyond the binding agents of the five elements ('byung ba lnga). These, too, since one arises and one ceases, are called "experiences." And since they become superior to the preceding ones, this is called "increase" (gong 'phel). That they arise in stages like this comes from having previously relied upon the empowerments in stages.

Second, the specific explanation in terms of the manner of appearance, has two parts: the appearances of the colors of the five primordial wisdoms and the appearances of shapes. First: through the utter purity of the vajra family (rigs), the own light of mirror-like primordial wisdom (me long lta bu'i ye shes) arises in the form of the color white, and that itself arises as the radiance of Vajra Akṣobhya, white and gleaming. Below that, through the utter purity of the tathāgata family, the primordial wisdom of the basic space of phenomena (chos kyi dbyings kyi ye shes) arises in the form of the color deep blue, and the radiance of Vairocana arises as blue shading into black. From the utter purity of the jewel family, there arises a yellow band of cloth, the color of the primordial wisdom of equality (mnyam pa nyid kyi ye shes), and the radiance of Ratnasambhava arises intensely gleaming, like refined molten gold. From the utter purity of the lotus family, there arises a red band of cloth, the color of discriminating primordial wisdom (so sor rtog pa'i ye shes), and the radiance of Amitābha arises red and intensely red, like the color of coral. From the utter purity of the karma

[p. 194]རིགས་རྣམ་པར་དག་པ་ལས། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཁ་དོག་ལྗང་གུའི་སྣམ་བུར་འཆར་བ་དང༌། དོན་ཡོད་གྲུབ་པའི་གདངས་རབ་་ཏུ་ལྗང་བ་ཨིནྡྲ་ནཱི་ལའི་རྣམ་པ་ལྟར་འཆར་བའོ། །དེ་དག་གི་ཕྱི་རིམ་མཐིང་ག་རྡོ་རྗེའི་ར་བས་ཀུན་ནས་བསྐོར་བ་ནི། ཡེ་ཤེས་དེ་དག་ཐ་དད་པ་མ་ཡིན་པར་མཚོན་པའོ། །དེ་ལས་སྣང་བའི་འཕེལ་ནི་འོད་ལྔ་སོ་སོས་གཙོ་བྱས་པའི་ཁ་དོག་ལྔ་ལྔར་གསལ་བ་ནི། རིགས་དང་རིགས་ཀྱི་ཁྱད་པར་ལས་བྱུང་བའོ། །དེ་ནས་ཡེ་ཤེས་ཀྱི་རླུང་རྣམ་པར་དག་པ་ལས་མེ་ལོང་ལྟ་བུའི་རྐྱེན་འགྲེང་དུ་སྣང་བ་ནི། དེ་ལ་བརྟེན་ནས་ཉམས་ཀྱི་འཕེལ་འབྱུང་བའོ། །མཉམ་པ་ཉིད་ཀྱི་རྩིབས་ཤར་དུ་སྣང་བ་ནི། འཁྲུལ་པའི་སྣང་བ་ཟད་དུ་ཉེ་བ་ཉིད་དོ། །དེ་ནས་སོ་སོར་རྟོག་པའི་གྲུ་ཆད་དུ་སྣང་བ་ནི། འབྱུང་བའི་ཕྲ་བ་འགག་པའི་དུས་སོ། །བྱ་བ་གྲུབ་པའི་རེ་ལྡེའི་རྣམ་པ་ཙམ་དུ་སྣང་བ་ནི། ཡེ་ཤེས་ཀྱི་རང་གདངས་སོ་སོར་གསལ་བ་ལས་བྱུང་བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡུལ་གྲུ་ཙམ་དུ་སྣང་བ་ནི་རྟོག་པ་རགས་པ་རྣམས་འགགས་པ་ལས་བྱུང་བའོ། །དེ་དག་གི་ལམ་སྐྱེ་བའི་རིམ་པ་ནི། །བརྩོན་འགྲུས་རབ་རྣམས་ལ་བར་དུ་ཞག་ལྔ་ལྔའོ། །འབྲིང་རྣམས་ལ་ཞག་བདུན་བདུན། ཐ་མ་རྣམས་ཞག་ཉེར་གཅིག་ཉེར་གཅིག་ན་གོང་མའི་སྣང་བ་འགགས་ནས། ཡང་འོག་

family, there arises a green band of cloth, the color of all-accomplishing primordial wisdom (bya ba grub pa'i ye shes), and the radiance of Amoghasiddhi arises intensely green, like the appearance of indranīla. That their outer rim is encircled all around by a deep-blue vajra fence symbolizes that these primordial wisdoms are not separate from one another. As for the increase of appearances from that—the vivid appearance of five colors each, with each of the five lights taken in turn as principal—

this arises from the distinctions between one family and another. Then, from the utter purity of the wind of primordial wisdom, the mirror-like [primordial wisdom] appears as upright forms; in dependence upon that, the increase of experience comes about. The [primordial wisdom of] equality appearing as radiating spokes is the very point at which deluded appearances draw near to exhaustion. Then, the discriminating [primordial wisdom] appearing as angular sections is the time when the subtle aspects of the elements cease. The all-accomplishing [primordial wisdom] appearing merely in the form of a woolen mat (re lde) arises from the natural radiance of primordial wisdom appearing distinctly. Then, the primordial wisdom of the basic space of phenomena appearing merely as a tract of land (yul gru) arises from the cessation of coarse thoughts. As for the stages in which these arise on the path: for those of supreme diligence, [the interval] in between is five days each; for the middling, seven days each; for the least, at twenty-one days each the preceding appearance ceases, and then, once again, the following

[p. 195]མའི་སྣང་བ་དེ་དག་ཏུ་རྣམ་པར་སྣང་བའོ། །ཁ་དོག་དང་དབྱིབས་ཀྱི་བར་འདིར་ནི་ཐང་ཅིག་ཏུ་གནས་པ་དག་འབྱུང་ངོ༌། །དེ་ནས་དེ་དག་ནུབ་ནས་ཀྱང་ཡེ་ཤེས་ལྔའི་དབྱིབས་ཀྱི་རྣམ་པ་འཆར་ཏེ། མེ་ལོང་ལྟ་བུའི་དབྱིབས་མིག་ཚགས་ཀྱི་རྣམ་པ་དང་འདྲ་བར་འགྱུར་རོ། །དེ་ནི་ཁ་དོག་རབ་ཏུ་སྤེལ་ལེགས་པ་ལས་བྱུང་བའོ། །དེ་ལ་གོམས་པ་ལས་མིག་མངས་རིས་སུ་འཆར་ཏེ། འདི་ནི་སྔོན་དུ་འགྲོ་བ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །དེ་ནས་མཉམ་པ་ཉིད་དྲ་བ་ཕྱེད་པར་འཆར་ཏེ། དེ་ནི་རླུང་གི་སྦྱངས་པ་དག་པ་ལས་བྱུང་བའོ། །དེ་ལས་དྲ་བར་སྣང་བ་ནི་སྔོན་འགྲོ་དག་ཅིང་ཚར་ཆོད་པ་ལས་བྱུང་བའོ། །དེ་ནས་སོ་སོར་རྟོག་པའི་མེ་ཏོག་གི་ཚོམ་བུར་འཆར་བ་ནི། གཟིགས་སྟངས་ལས་འགྲུས་པ་ལས་བྱུང་བའོ། །དེ་ལས་པདྨ་སྟོང་ལྡན་དུ་འཆར་བ་ནི་སྔོན་འགྲོ་འབྱོངས་པ་ལས་བྱུང་བའོ། །དེ་ནས་བྱ་བ་གྲུབ་པའི་མཚོན་ཆ་ལྟ་བུར་འཆར་བ་ནི། རང་བཞིན་མ་བཅོས་པ་ལས་བྱུང་བའོ། །དེ་ལས་འཁོར་ལོ་ལ་སོགས་པའི་རྣམ་པ་སྣ་ཚོགས་སུ་སྣང་བ་ནི་སྔོན་འགྲོ་མཐར་ཕྱིན་པ་ལས་བྱུང་བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཁར་ཐབ་ཏུ་འཆར་བ་ནི། རིག་པ་མིག་ནས་དྲངས་པ་ལས་བྱུང་བའོ། །དེ་ལས་ཟ་འོག་གུར་ཁྱིམ་ལྟ་བུ་ནི་སྔོན་འགྲོ་དག་པར་བྱས་པ་ལས་བྱུང་བའོ། །དེ་དག་

appearances manifest fully as those [shapes]. In this interval between the colors and the shapes, there occur [appearances] that abide for only a moment. Then, when those too have subsided, the aspects of the shapes of the five primordial wisdoms arise: the shape of the mirror-like [primordial wisdom] becomes like the aspect of the mesh of a sieve. That arises from the colors having been thoroughly and excellently spread out. Through familiarization with that, it arises as a checkered pattern; this arises from the preliminaries having reached full measure. Then the [primordial wisdom of] equality arises as a half net; that arises from the training of the winds being pure. From that, its appearing as a [full] net arises from the preliminaries being pure and decisively completed. Then the discriminating [primordial wisdom] arising as clusters (tshom bu) of flowers arises from exertion in the gazes. From that, its arising as a thousand-petaled lotus arises from mastery of the preliminaries. Then the all-accomplishing [primordial wisdom] arising like weapons arises from the nature being left uncontrived. From that, its appearing in various aspects such as wheels arises from the preliminaries having been brought to completion. Then the primordial wisdom of the basic space of phenomena arising as battlements arises from awareness being drawn out through the eyes. From that, [its appearing] like a brocade pavilion arises from the preliminaries having been made pure. These too,

[p. 196]ཀྱང་བརྩོན་འགྲུས་ཀྱི་ཁྱད་ཀྱིས་ཞག་གསུམ་དང༌། བདུན་དང༌། བཅུ་བཞི་ན་གཅིག་སྐྱེ་གཅིག་འགག་པའོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། འདི་དག་ནི་སེམས་ཀྱི་སྔོན་འགྲོའི་དུས་ན། རྟོག་པ་ཐ་དད་པར་བསླང་བ་དེ་འགགས་པའི་རྟགས་ཡིན་ནོ། །དེ་ནས་རིག་པ་རང་གི་ངོ་བོའི་སྣང་བ་འཆར་ཏེ། འོད་དེ་དག་ཐིག་ལེར་འཆར་བ་ནི་ལུ་གུ་རྒྱུད་གཅིག་ཏུ་འདུས་པ་ལས་བྱུང་བའོ། །དེ་ནས་ཐིག་ལེ་གཉིས་འབྲེལ་དུ་སྣང་བ་ནི་ཐབས་དང་ཤེས་རབ་རྣམ་པར་དག་པ་ལས་བྱུང་བའོ། །དེ་ནས་ཐིག་ལེ་ལྔ་སྦྲེལ་དུ་སྣང་བ་ནི་ཡེ་ཤེས་ལྔ་ལ་བྱན་ཚུད་པ་ལས་བྱུང་བའོ། །མངོན་སུམ་གྱི་ཐིག་ལེ་དང་འབྲེལ་ལུགས་མི་འདྲ་སྟེ་ཆེ་ཆུང་ཡོད་པའི་ཕྱིར་རོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། ཐལ་འགྱུར་བས། ཁ་དོག་ལྔ་ཡི་འོད་ཀྱིས་ཀྱང༌། །རེ་ལྡེ་ཙམ་ལས་གྲུ་ཆད་སྣང༌། །ཡུལ་གྲུ་ཙམ་ལས་མཐོང་ཚད་དོ། །ཞེས་པ་དང༌། རང་བྱུང་གི་རྒྱུད་ལས། རང་ངོ་མཐོང་ལས་འདི་ལྟར་རོ། །ཡར་མཚམས་ལས་ནི་སོར་བཞི་ལས། །བྲལ་བའི་སྐྱེས་བུ་སྐལ་བཟང་བ། །འཁོར་བར་འཇུག་པ་ག་ལ་སྲིད། །གྲུ་ཆད་རྣམ་པར་གང་སྣང་བ། །སྤྲུལ་པའི་ཡོན་ཏན་འདིས་འགྲུབ་བོ། །མཐོང་བའི་ཡུལ་ཙམ་གང་སྣང་བ། །ཚོམ་བུ་ལ་ནི་དེ་བཞིན་ནོ། །ཕྱིར་སྣང་འགགས་པ་གང་

according to the difference in diligence, arise one and cease one at three, seven, or fourteen days. All of the foregoing is the vision of the increase of experience; these are the signs that the distinct thoughts deliberately roused during the time of the preliminaries of mind have ceased. Then the appearance of awareness's own essence arises: those lights arising as spheres arises from the chains gathering into one. Then two spheres appearing linked together arises from skillful means and wisdom being utterly pure. Then five spheres appearing strung together arises from having gained proficiency in the five primordial wisdoms. Their manner of linking is unlike that of the spheres of [the vision of] direct perception, because there is [a difference of] large and small. All of the foregoing is the vision of the increase of experience. The Reverberation of Sound says:

By the light of the five colors, too,
From a mere woolen mat, angular sections appear;
From a mere tract of land, the full measure of sight.

And the Self-Arisen Tantra (rang byung gi rgyud) says:

From seeing its own face, it is thus:
A fortunate person parted
By four finger-widths from the upper boundary—
How could he possibly enter saṃsāra?
Whatever appears in the aspect of angular sections,
By this the qualities of emanation are accomplished.
Whatever appears as the mere range of sight,
For the clusters it is likewise.
Whatever is the ceasing of outward

[p. 197]ཡིན་པ། །སྐད་ཅིག་མ་ནི་བཅུ་དྲུག་ལ། །འདི་ཡང་དེ་ལྟར་འགྱུར་བའོ། །ཞེས་སོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ལ་སྣང་ཚུལ་སྤྱིར་བསྟན་པ་དང༌། རང་བཞིན་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་ཐིག་ལེ་རེ་རེའི་ནང་དུ་སྐུ་ཕྱེད་མ་རེ་རེ་སྣང་བ་ནི་སྤྲུལ་པ་སྐུའི་སྦྱང་བ་རྣམ་པར་དག་པ་ལས་བྱུང་བའོ། །དེ་ནས་སྐུ་རང་རྐྱང་རེ་རེ་སྣང་བ་ནི་སྤྲུལ་སྐུའི་སྣང་བ་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལས་བྱུང་བའོ། །དེ་ནས་སྐུ་དེ་དག་ཡབ་ཡུམ་ལྔ་ལྔར་གྱུར་པ་ནི་ལོངས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པ་ཉིད་དོ། །དེ་ནས་སོ་སོའི་ཚོམ་བུའི་དཀྱིལ་འཁོར་དང་བཅས་པར་སྣང་བ་ལ། དེ་ཉིད་མུ་ཁྱུད་ཀྱི་ར་བ་དང་སོ་སོའི་གཙོ་འཁོར་དུ་སྣང་བ་ནི། ཆོས་སྐུའི་སྦྱང་བ་རྣམ་པར་དག་པ་ཚད་དུ་ཕྱིན་པ་ལས་བྱུང་བའོ། །འདི་ནི་རིག་པ་ཚད་ཕེབས་ཀྱི་སྣང་བ་སྟེ། སྔོན་འགྲོའི་དུས་ན་ལུས་ཀྱི་བྱ་བ་དང༌། བྱེད་པ་དེ་དག་གི་འབྲེལ་ཚད་དེ་ཕྱིས་མི་སྐྱེ་བའི་རྟགས་སོ། །དེའང་དག་བྱ་དྲི་མ་རེ་སྦྱོང་བའི་གཉེན་་པོ་སྔོན་འགྲོ་ལ་སོགས་པ་གནད་དུ་ཕྱིན་པ་ལས་སྣང་བ་དེ་དག་ཤར་བར་བཏགས་ཀྱང་བྲལ་འབྲས་དང་དག་བྱ་དག་བྱེད་ཀྱི་རྒྱུ་འབྲས་བཏགས་པ་པ་ཡིན་གྱི། དེས་བསྐྱེད་ནས་བྱུང་བ་མ་ཡིན་ཏེ། ཡེ་ཤེས་རང་ཡོད་ཀྱི་གདངས་དྲི་མའི་སྒྲིབ་པ་དག་སྟོབས་ཀྱིས་སྣང་བའི་ཕྱིར་རོ། །ཐལ་འགྱུར་

appearances,
In sixteen instants
This too becomes like that.

Third, the vision of awareness reaching full measure has two parts: a general presentation of the manner in which it appears, and a specific explanation of its nature. First: then, a half-kāya appearing within each sphere arises from the training of the nirmāṇakāya being utterly pure. Then each single kāya appearing alone arises from seeing the appearances of the nirmāṇakāya as the direct perception of the nature of phenomena. Then those kāyas becoming five male and five female consorts is the primordial wisdom of the sambhogakāya itself reaching full measure. Then, when they appear together with the maṇḍalas of their respective clusters, that very [appearance] appearing as enclosures of encircling rims (mu khyud) and as respective principal figures with their retinues arises from the utterly pure training of the dharmakāya having reached full measure. This is the vision of awareness reaching full measure; it is the sign that everything connected with those actions and activities of the body during the time of the preliminaries will not arise again later. Moreover, although those visions are designated as arising from the antidotes (gnyen po) that purify each stain (dri ma) to be purified—the preliminaries and so forth—having hit the key point, this is a designation [in terms of] a result of separation (bral 'bras) and a cause and result of what is to be purified and what purifies; it is not that they arise by being produced by those. For it is the radiance of primordial wisdom, present of itself, that appears through the power of the obscurations of stains being purified. The Reverberation of Sound says:

[p. 198]ལས། རིག་པ་ཚད་ཕེབས་སྣང་བ་ནི། །ལོངས་སྐུའི་མཚན་དཔེ་གསལ་བར་ནི། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ལྔ་ཡབ་དང་ཡུམ་དུ་སྣང༌། །ཞེས་པ་དང༌། བསྟན་བུ་ལས། དེ་བཞིན་སྐུ་ལ་ཐུག་གི་བར། །དྲུག་དང་བཅུ་དང་ལྔ་གསུམ་ལ། །གདོན་མི་ཟ་སྟེ་ལོངས་སྐུའོ། །ཞེས་སོ། །གཉིས་པ་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ ཚད་ཕེབས་ཀྱི་ངེས་ཚིག་སྤྱིར་བསྟན་པ་དང༌། ཚད་གསུམ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི་རིག་པ་ཚད་ཕེབས་ཞེས་པས། རིག་པ་ནི་གཞི་གནས་ཀྱི་རིག་པ་མངོན་དུ་གྱུར་ཏེ། ལམ་སྲོལ་དུ་ཚུད་པ་ལས། གཞི་སྣང་གི་རང་གདངས་ལྷུན་གྲུབ་ཀྱི་འཆར་སྒོ་སྐུར་སྣང་བས། ལམ་སྣང་ཟད་དུ་ཉེ་བ་ལས། དཀྱིལ་འཁོར་རྫོགས་པ་རྣམས་སོ། །ཚད་ནི་དང་པོ་ཕྱེད་སྐུ་ནས་སྐུའི་དཀྱིལ་འཁོར་རྫོགས་པའི་བར་རོ། །ཕེབས་པ་ནི་དེ་ལས་འདས་ས་མེད་པས་རྣམ་པར་སྣང་བའོ། །དེ་དག་ནི་ཟླ་བ་ཉ་གང་བའི་རྣམ་པ་དང་འདྲ་སྟེ། ཡར་གྱི་འཕེལ་ཟད་པས་དཀྱིལ་འཁོར་རྫོགས་ཏེ་རང་ངོ་ལ་བཅོས་སུ་མེད་པའོ། །གཉིས་པ་ཚད་གསུམ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ཕྱི་སྣང་བའི་ཚད། །ནང་ལུས་ཀྱི་ཚད། གསང་བ་རིག་པའི་ཚད་དོ། །དང་པོ་ནི། སྣང་བ་ལ་དབང་བསྒྱུར་ཞིང་ཞིང་ཁམས་འོད་གསལ་དུ་རྫོགས་པ་སྟེ། ཐལ་འགྱུར་ལས། དེ་ལྟར་ཕེབས་

The vision of awareness reaching full measure:
The major and minor marks (mtshan dpe) of the sambhogakāya [appear] clearly;
From rainbows of indeterminate colors
The five families (rigs lnga) appear as male and female consorts (yab yum).

And the Only Child of the Teaching says:

Likewise, until the kāyas are reached,
In the six, the ten, and the fifteen,
It is without doubt the sambhogakāya.

Second, the specific explanation of its nature has two parts: a general presentation of the etymology of "reaching full measure," and a specific explanation of the three measures.

First, as for "awareness reaching full measure": "awareness" is that the awareness abiding in the ground has become manifest and, having entered the course of the path, the natural radiance of the ground-appearances—the doors of arising of spontaneous presence—appears as kāyas, so that, as the visions of the path draw near to exhaustion, the maṇḍalas are complete. "Measure" extends from the initial half-kāyas up to the completion of the maṇḍalas of kāyas. "Reaching" is that, since there is no going beyond that, they appear in full. These are like the aspect of the full moon: since its waxing has come to an end, its disc is complete and there is nothing to alter in its own face.

Second, the specific explanation of the three measures has three parts: the outer measure of appearances, the inner measure of the body, and the secret measure of awareness.

First: one gains mastery over appearances, and the realms are complete as luminosity. The Reverberation of Sound says:

The measure of completion once one has thus reached it:

[p. 199]ནས་རྫོགས་པའི་ཚད། །ཐད་ཀའི་དངོས་སྣང་འགགས་པ་དང༌། །ས་རྡོའི་སྣང་བ་བཞུ་བ་དང༌། །རང་ཤེས་ཅི་ལའང་ཚུད་པ་དང༌། །དེ་བཙུད་བེམས་པོ་འགུལ་བ་དང༌། །རླུང་གི་འགྱུ་བའི་ཚད་ཟིན་དང༌། །ལུས་ཀྱི་རྡུལ་ཕྲན་མཐོང་བ་འབྱུང༌། །ཅིར་སྣང་གཟུགས་སྐུར་རྫོགས་པ་དང༌། །དེ་ལས་ཡབ་ཡུམ་འཁྲིལ་བ་དང༌། །ལྔ་ལྔ་ཡབ་དང་ཡུམ་སྦྱོར་དང༌། །ཀུན་ཀྱང་མུ་ཁྱུད་ཟླུམ་པོ་ལ། །རྣལ་འབྱོར་ལུས་ཀྱང་འོད་གསལ་ཞིང༌། །འགྲོ་དང་འོང་དང་འདུག་པར་སྣང༌། །ཐམས་ཅད་རིག་པ་ཚད་ཕེབས་སོ། །ཞེས་སོ། །གཉིས་པ་ནི། ལུས་ཀྱི་རྡོས་པ་དག་ནས་སྙིང་དབུས་སུ་ཨ་དཀར་པོ་ལས་འོད་ཟེར་ལྔ་སྒྲིལ་མཐོངས་ཁུང་གི་ཉི་ཞུར་ལྟར་བར་སྣང་ལ་འོད་ཀྱི་སྐར་ཁུང་གི་ནང་ཤར་བར་ཟུག་ཅིང༌། ཐོར་ཚུགས་ན་ཡེ་ཤེས་ཀྱི་རླུང་གནས་པས་རང་བཞིན་གྱིས་འདེགས་པར་སྣང་ལ། མཛོད་སྤུ་ནས་འོད་ཟེར་སྣ་ལྔ་འདོམ་གང་དུ་གསལ་ཞིང༌། ལག་པའི་སོར་མོ་ལྔ་ལ་འོད་ལྔའི་ཕྲེང་བས་འཁྲིགས་ཤིང༌། །ལུས་ཀྱི་བ་སྤུའི་སྒོ་ལ་སོགས་པ་ཕྱི་ནང་གི་ཆ་རྡུལ་ཕྲན་གྱི་ཁྱོན་ལས་ཆུང་བ་རེའི་གོ་ན་ཞིང་ཁམས་གྲངས་མེད་ན་སངས་རྒྱས་དང་སེམས་ཅན་ཚད་མེད་པ་སྣང་བ་ནི་ལྷུན་གྲུབ་ཀྱི་སྒོ་བརྒྱད་ཤར་བའི་སྣང་བ་ཀུན་འདིར་ལྷག་ཆད་མེད་པར་རང་སྣང་ལ་སྣང་བ་ཡིན་ལ། དུང་ཁང་

The direct appearance of things before one ceases;